ཉག་ཆུ་རྫོང་།
[page 522]
རི་ལོགས་དགོན་པའི་ལོ་རྒྱུས།
[page 523] དགོན་པའི་སྔོན་ལ་རི་འགོ་ལོགས་ལོགས་ཁྱད་པར་ཅན་ཞིག་ཡོད་པའི་གནས་རི་དེིའི་མིང་དགོན་པ་ལ་ཐོགས་པས་རི་ལོགས་དགོན་པ་ཞེས་བྱའོ། རབ་བྱུང་གསུམ་པའི་ཤིང་བྱི་ལོ་(སྤྱི་ལོ་༡༢༠༤)ལ་བླ་མ་གཏེར་སྟོན་འཆི་མེད་རྡོ་རྗེ་ཚང་གིས་དགོན་པ་བཏབ།
དགོན་པའི་ཆགས་ཡུལ་དེ་རྒྱབ་རི་གཞིག་བདག་དང་མདུན་རི་ཟླུམ་པོ་མཐའ་ཐམས་ཅད་ནགས་ཚལ་གྱི་སྐོར་ཡོད་པའི་ས་ཆ་ཞིག་ཡིན། དགོན་འདིའི་མ་དགོན་ནི་རི་ཁུག་དགོན་པ་ཡིན། གྲུབ་མཐའ་ནི་གནའ་ནས་ད་ལྟའི་བར་ས་སྐྱ་བ་ཡིན། བླ་རབས་ཉི་ཤུ་རྩ་གསུམ་ཡོད།
གཏེར་སྟོན་འཆི་མེད་རྡོ་རྗེ་(འདིའི་བར་གྱི་བླ་མ་མང་ཆེ་ཞིག་འཇང་དམག་གིས་གནོད་འཚེ་ཐེབས་པས་གསལ་ཆ་མི་འདུག)རི་ཁུག་དར་རྒྱས། བླ་མ་བསོད་ནམས་བཟང་པོ། ཤ་སྦུ་ཀ་བཅུ། ཝམ་འབྲིང་བླ་མ། བློ་བཟང་དཔལ་ལྡན། དཔལ་ལྡན་རྒྱལ་མཚན། ཁང་རྗེས་ཟླ་བ། སངས་རྒྱས་བསྟན་འཛིན། བློ་གྲོས་ཆོས་འཕེལ། ངག་དབང་སེངྒེ།
འཇམ་དབྱངས་ལེགས་བཤད། ཆོས་གྲགས། ངག་དབང་བསྟན་འཛིན། བཀྲ་ཤིས་ཀུན་དགའ། དབང་ཕྱུག་རབ་བརྟན། ཟུར་བ་རབ་བརྟན། བསོད་ནམས་རྒྱ་མཚོ། འཇམས་དབྱངས་འོད་ཟེར། ཚེ་དབང་བསྟན་འཛིན། སྤྲུལ་དམག། ཆོས་མཛད། དཔལ་ལྡན་རྡོ་རྗེ། བླ་མ་དམ་ཆོས། འགན་འཁུར་མཁན་སྐོར། བསྟན་བདག་གཅིག
ཁྲི་བ་གཅིག་(སྔོན་ཆད་རི་ཁུག་ནས་ཁྲི་པ་གཏོང་དགོས)དབུ་མཛད་གཅིག དགེ་སྐོས་གཅིག། ཕྱག་མཛོད་གཅིག མགོན་བླ་གཅིག གཉེར་པ་གཉིས། མཆོད་དཔོན་གཉིས། གྲྭ་པ་སུམ་ཅུ་ཡོད། ཁང་པའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག་དང་། གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག གྲྭ་ཤག་བཞི། མགྲོན་ཁང་གཅིག ཁང་ཚན་བཞི་ཡོད།
སྐུ་གསུང་ཐུགས་རྟེན་སྐོར་ལ་འདམ་ལས་བཟོས་པའི་གུ་རུ་གཙོ་འཁོར་གསུམ། མར་མེ་མཛད་གཅིག ཐུབ་པ་གཅིག འཇམ་དབྱངས་གཅིག སྲུང་མའི་སྐུ་ཆ་ཚང་བ་གཅིག གསེར་སྐུ་ཆེ་ཆུང་ཉི་ཤུ་རྩ་ལྔ། ཞལ་ཐང་ཆེ་ཆུང་སུམ་ཅུ་སོ་གཅིག ཐང་མོ་ཆེ་ཀ་ཐག་གསུམ་ཅན་གཅིག་བཀའ་འགྱུར་གཅིག གསེར་བྲིས་དངུལ་བྲིས་ཀྱི་བཀའ་འགྱུར་གཅིག
འབུམ་ཚར་གཅིག སྐུ་གདུང་མཆོད་རྟེན་གཅིག་བཀའ་གདམས་མཆོད་རྟན་གཅིག་བཅས་ཡོད་ཡོད།། གནའ་རྫས་རྩ་ཆེན་སྐོར། སྦུག་ཆལ་རྩ་ཆེན་གཉིས། རྒྱ་ནག་ཆུ་འཁོར་ཆར་ཕབས་ཟེར་བ་གཅིག གུ་གུ་ཤའི་སྡེར་མ་གཅིག དངུལ་ལས་གྲུབ་པའི་སྤྱན་རས་གཟིགས་གཅིག དུང་དཀར་རང་གྲགས་གཅིག རིན་ཆེན་ཟླུམ་རི་ཟེར་བ་གཅིག
མཆོད་ཆ་དང་རོལ་ཆས་སྐོར། ལི་དང་ཟངས་ལས་གྲུབ་པའི་ཏིང་ཕོེེར་ཆ་དྲུག བུམ་པ་ཆ་གཉིས། ནང་མཆོད་ཆ་གཉིས། མཎྜལ་ཆ་གཅིག གདུགས་སོགས་མཆོད་རྫས་ཆ་ཚང་བ་གཅིག དུང་ཆོས་ཆ་ཚང་བ་གཉིས། སྦུག་ཆལ་ཆ་བརྒྱད། [page 524] སིལ་སྙན་ཆ་གཅིག རྡོར་དྲིལ་ཆ་བརྒྱད། ལག་རྔ་ཆ་དྲུག མཆོད་རྔ་གཉིས།
རྒྱ་གླིང་ཆ་གཉིས། རྐང་གླིང་ཆ་གཉིས། དུང་ཆེན་ཆ་གསུམ། འཁར་རྔ་གཅིག་བཅས་ཡོད།
དུས་མཆོད་འཚོགས་རྒྱུ་ལ་དབྱར་ཆོས་དང་དགུན་ཆོས་སྐབས་སུ་འབག་འཆམ་རྒྱག་རྒྱུ་དང་བཅས་པ་ཡོད། བསང་གསོལ་སྐབས་བསང་དར་དང་མགོན་དར་ཕྱར་དགོས། དཔལ་འབྱོར་གྱི་ཡོང་ཁུངས་ནི། ཆོས་ཞིང་ཁལ་ཉིས་བརྒྱ་བཞི་བཅུ་དང་སྦྱིན་བདག་ཚོའི་འབུལ་བ་ལ་འཚོ་བ་བརྟེན་དགོས། སྦྱིན་བདག་གི་དུད་གྲངས་དྲུག་ཅུ་ཡོད།
ཐབ་ཆ་དང་དངོས་རྫས་རིགས་འགའི་སྐོར། ཚོགས་ཟངས་ཆེ་ཆུང་བདུན། སྐྱོག་ཆེ་ཆུང་བཅུ་གཉིས། སྡེར་མ་བཅུ་བཞི། ཆུ་ཟོམ་སུམ་ཅུ་སོ་གསུམ། གདན་རིང་དགུ་ཡོད་པ་དག་རྗེས་སུ་ངོ་རྒོལ་བཞིས་གཏོར་བརླག་བཏང་། དེང་སང་གི་གནས་ཚུལ། དེང་སྐབས་འདུ་ཁང་དང་། སྲུང་མ་ཁང་། གཉེར་ཁང་། ཇ་ཁང་། བླ་བྲང་ཁང་།
ཁང་ཚན་བཞི་བཅས་བཞེངས་ཡོད། ལྷ་ཁང་ནང་དུ་གུ་རུ་གཙོ་འཁོར་གསུམ་དང་། འོད་དཔག་མེད་གཅིག ཐུབ་སྐུ་གཅིག་སྲུང་མའི་སྐུ་གསུམ། ཐང་ག་བཅོ་ལྔ། ཞལ་འབག་ཉི་ཤུ་རྩ་ལྔ། བཀའ་འགྱུར་གཅིག འབུམ་ཚར་གསུམ་བཅས་འཛོམས་ཡོད། མཆོད་རོལ་ཆ་ཚང་བ་དང་དུས་མཆོད་ཀྱང་སྔར་ལྟར་ཚུགས་ཟིན།
སྦྱིན་བདག་གི་དུད་གྲངས་ནི་བརྒྱད་ཅུ་གྱ་དྲུག་ཡོད། གྲྭ་པ་སུམ་ཅུ་སོ་ལྔ་འདུག་ད་སྐབས་འགན་ཁུར་མཁན་གཙོ་བོ་ནི་ཐབས་མཁས་དང་རིན་ཆེན་བློ་གྲོས་བཅས་ཀྱིས་དགོན་པའི་གཙོ་སྐྱོང་གནང་བཞིན་པའོ།།
ཞེས་པ་འདི་ནི་རི་ལོགས་བླ་མ་མཁས་གྲུབ་ཀྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།
སྦྱར་བ་དགོན་པའི་ལོ་རྒྱུས།
སྦྱར་བ་དགོན་པ་ཟེར་བའི་རྒྱུ་མཚན་ནི་ས་ཆ་དེར་སྦྱར་བ་ཤིང་ཞེས་པ་ཞིག་སྐྱེས་ཡོད་པའི་ཤིང་སྡོང་དེ་བཅད་ནས་ཤུལ་དུ་དགོན་པ་བཞེངས་པར་སྦྱར་བ་དགོན་པ་ཞེས་མིང་ཐོགས་སོ།། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ལོ་(1720)ལ་བྱ་འོང་བླ་མ་བསྟན་པས་ས་གནས་དེར་དགོན་པ་བཏབ།
གྲུབ་མཐའ་ས་སྐྱ་བ་ཡིན། བླ་རབས་བཅུ་གཅིག་ཡོད་པ། བླ་མ་བསྟན་པ། ངག་དབང་བྱམས་པ། ཨ་འོ་བླ་མ། སྒྲོལ་མགོན་བླ་མ། འབའ་རྒྱང་བླ་མ། བསོ་རྒན་བླ་མ། མ་རེ་བླ་མ། ཨོ་རྒྱན་བླ་མ། ཐ་དག་བླ་མ་ཚེ་འཕེལ། བླ་མ་གྲགས་པ། འགན་ཁུར་སྐོར། བསྟན་བདག་གཅིག ཁྲི་བ་གཅིག་དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་གཉིས།
མགོན་བླ་གཅིག གཉེར་པ་གཅིག གྲྭ་པ་སུམ་ཅུ་ཡོད། ཁང་བའི་འཛུགས་སྐྲུན་སྐོར། འདུ་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག མགོན་ཁང་གཅིག གྲྭ་ཤག་བཅུ་གཅིག་བཅས་ཡོད།
སྐུ་གསུང་ཐུགས་རྟེན་གྱི་སྐོར་ས་སྐྱའི་གོང་རྣམ་ལྔ་དང་། རྗེ་ཡབ་སྲས་གསུམ། ཇོ་བོ་གཅིག གུ་རུ་ཞིག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། བྱམས་པ། རིགས་གསུམ་མགོན་པོ་བཅས་ནི་འདམ་སྐུ་[page 525] ལས་གྲུབ་པ་ཡིན། གསེར་སྐུ་བཅུ། ཐང་ག་ཆེ་ཆུང་བཅུ་གསུམ། བཀའ་བསྟན་ཆ་གཅིག
བརྒྱད་སྟོང་ཚར་ལྔ། འབུམ་ཚར་གསུམ། མཆོད་རྟེན་གཅིག་སོགས་མང་པོ་ཡོད་དོ།། གནའ་རྫས་རྩ་ཆེན་ཞིག་ལ་ཚོགས་ཟངས་ཡག་པོ་ཞིག་ཡོད། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆེ་ཆུང་བརྒྱད། བུམ་པ་ཆ་གཉིས། ནང་མཆོད་གཅིག མཎྜལ་ཆ་གཅིག དངུལ་ཀོང་གཅིག
ཀོང་ཆུང་བརྒྱ་མཆོག་གཅིག་གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཅིག་དུང་ཆོས་ཆ་གཅིག དུང་གཉིས། སྦུག་ཆལ་ཆ་ལྔ། སིལ་སྙན་གཅིག རྡོར་དྲིལ་ཆ་བདུན། ཌ་མ་རུ་བདུན། ལག་རྔ་ལྔ། མཆོད་རྔ་བཞི། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཅིག དུང་ཆེན་ཆ་གཅིག་བཅས་ཡོད།
དུས་མཆོད་ཆོས་འཚོགས་སྐོར། ལོ་རེར་ཟླ་བ་དང་པོའི་ནང་སྨོན་ལམ་ཉིན་བཅོ་ལྔ། ཟླ་བ་བཞི་པའི་ནང་སྒྲུབ་མཆོད་ཉིན་བཅོ་ལྔ། དབྱར་ཁ་བསྐང་གསོལ་ཉིན་བཅུ། ཟླ་བ་བཅུ་གཉིས་པའི་ནང་དགུ་གཏོར་ཉིན་གསུམ་བཅས་འཚོགས་སྲོལ་ཡོད། དགོན་པ་འདིའི་མ་དགོན་ནི་མི་འགྱུར་དགོན་ཡིན། སྦྱིན་བདག་དུད་གྲངས་སུམ་ཅུ་སོ་གསུམ་ཡོད།
ངོ་རྒོལ་བཞི་སྐབས་དགོན་པ་རྩ་མེད་དུ་བཏང་།
དེང་སང་གི་གནས་ཚུལ། བླ་མ་གྲགས་པས་གཙོ་འགན་བཞེས་ས་འདུ་ཁང་དང་། སྲུང་མ་ཁང་། ཇ་ཁང་གཉེར་ཁང་བཅས་དང་སྨན་འདམ་གྱི་སྐུ་གོང་མ་རྣམ་ལྔ། ཇོ་བོ། རིགས་གསུམ་མགོན་པོ། གུ་རུ། བྱམས་པ་བཅས་བཞེངས་ཡོད། གཞན་ཡང་བཀའ་བསྟན་གཉིས་དང་འབུམ་ཚར་གསུམ། བརྒྱད་སྟོང་དང་གཟུངས་འདུས་བཀའ་ཐང་སོགས་མང་པོ་བླུས་ཡོད།
མཆོད་རོལ་དང་ཆོས་འཚོགས་བཅས་ཆ་ཚང་བ་ཡོད། སྦྱིན་བདག་གི་དུད་གྲངས་བརྒྱད་ཅུ་གྱ་གཉིས་ཡོད། གྲྭ་པ་ཉི་ཤུ་རྩ་དགུ་ཡོད། ད་སྐབས་འགན་ཁུར་མཁན་བླ་མ་ཚེ་འཕེལ་དང་བློ་བཟང་ཚེ་རིང་བཅས་ཡིན། ཞེས་པ་འདི་ནི་ངག་དབང་དགེ་འདུན་སོགས་ཀྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།། །།
མཚོ་སྔོན་དགོན་པའི་ལོ་རྒྱུས།
མཚོ་སྔོན་དགོན་པ་ཞེས་པའི་དོན་ནི་དགོན་པའི་མདུན་ན་མཚོ་མདོག་ཧ་ཅང་སྔོན་པོ་ཞིག་ཡོད་པས་མིང་དེ་ལྟར་ཐོགས་སོ། ས་ཆ་དེར་སའི་སྲུང་བཞི་དང་ནགས་ཚལ་སོགས་ཡག་པོ་འཛོམས་ཡོད། རབ་བྱུང་བཞི་པའི་ལྕགས་སྤྲེལ་ལོ་(1260)ལ་བླ་མ་འཇམ་དབྱངས་ཕུན་ཚོགས་ཚང་གིས་དགོན་པ་བཏབ།
རྗེས་སུ་དགོན་པ་བསྐྱར་འདེབས་བྱེད་མཁན་ཆོས་རྒྱལ་བེ་ཝང་ཀ་བཅུ་ཚང་ཡིན་ཟེར མ་དགོན་ནི་མི་འགྱུར་དོན་པ་ཡིན། གྲུབ་མཐའ་ནི་ས་སྐྱ་པ་རེད། བླ་རབས་ཉི་ཤུ་རྩ་གསུམ་ཡོད་པ། བླ་མ་འཇམ་དབྱངས་ཕུན་ཚོགས། (བེ་ཝང་ཀ་བཅུ)ཡར་འཕེལ་སྤྲུལ་སྐུ། བླ་མ་བློ་བཟང་། ཀུན་དགའ་སངས་རྒྱས། ཀུན་དགའ་ཚུལ་ཁྲིམས། བླ་མ་བསྟན་འཛིན།
ཁང་གསར་དགེ་འདུན། བླ་མ་དགེ་འདུན་རྒྱ་མཚོ། བླ་མ་ཤེས་རབ་[page 526] དཔལ་ལྡན། བླ་མ་ཐུབ་བསྟན། བླ་མ་རྒྱལ་མཚན། བསྟན་འཛིན་འོད་ཟེར། ངག་དབང་ཕུན་ཚོགས། ཨ་ཉར་ཨོ་རྒྱན། ཐབས་མཁས། གཞན་ཕན། དམ་ཆོས་བཟང་པོ། བླ་མ་ཤ་རྒྱག རིན་ཆེན་དཔལ་བཟང་། བླ་མ་དྲི་མེད། བླ་མ་ཆོས་བཟང་།
ངག་དབང་དཔལ་བཟང་། མཁས་གྲུབ་རྒྱ་མཚོ་དང་ཉེར་གསུམ་མོ། འགན་ཁུར་མཁན་སྐོར། བསྟན་བདག་གཅིག་དང་། ཁྲི་བ་གཅིག དབུ་མཛད་གཉིས། དགེ་སྐོས་གཉིས། ཕྱག་མཛོད་གཉིས། མགོན་བླ་གཅིག གཉེར་པ་གཉིས། མཆོད་དཔོན་གཉིས། གྲྭ་པ་ལྔ་བཅུ་ང་བདུན་ཙམ་བཅས་ཡོད། ཁང་པའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཉིས། གཉེར་ཁང་གཅིག
ཇ་ཁང་གཅིག བླ་བྲང་ཁང་གཉིས། གྲྭ་ཤག་དགུ།
སྐུ་གསུང་ཐུགས་རྟེན་སྐོར། སྨན་འདམ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ། གུ་རུ་གཙོ་འཁོར་གསུམ། ཚེ་དཔག་མེད་གསུང་འབྱོན་མ་གཅིག སྲུང་མ་གུར་མགོན་ཆ་ཚང་བ། ས་པཎ་སྐུ་གཅིག རིགས་གསུམ་མགོན་པོ། གསེར་སྐུ་ཆེ་ཆུང་བཅོ་བརྒྱད། ཐང་ག་ཆེ་ཆུང་དྲུག་ཅུ་ལྷག་ཡོད། ཙན་དན་གྱི་དཔལ་ལྡན་ལྷ་མོའི་སྐུ་གཅིག
ཐང་མོ་ཆེ་གཅིག བཀའ་བསྟན་ཆ་གཅིག གསེར་དངུལ་གྱི་བྲིས་པའི་འབུམ་ཚར་གཉིས། སྐུ་གདུང་མཆོད་རྟེན་གསེར་དངུལ་གྱིས་རྒྱན་པ་གཅིག་ས་རྡོའི་མཆོད་རྟེན་གཉིས་བཅས་ཡོད། གནའ་རྫས་གཙོ་བོའི་གལ་ཆེན་སྐོར། སྦུག་ཆལ་གཅིག་དང་། རྡོར་དྲིལ་ཆ་གཅིག དུང་དཀར་རྩ་ཆེན་གཅིག་བཅས་ཡོད། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་ལྔ།
བུམ་པ་ཆ་གཉིས། ནང་མཆོད་ཆ་གཉིས། མཎྚལ་ཆ་གསུམ། གསེར་ཀོང་གཅིག དངུལ་ཀོང་བདུན། གདུགས་དང་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་ཡོད། དུང་ཆ་གཉིས། དུང་ཆོས་ཆ་ཚང་ཆ་གཉིས། སྦུག་ཆལ་ཆ་དགུ། སིལ་སྙན་ཆ་གཅིག རྡོར་དྲིལ་ཆ་ལྔ། ལག་རྔ་ཆ་བརྒྱད། མཆོད་རྔ་ཆ་གསུམ། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཉིས།
འཁར་རྔ་གཅིག་ཡོད། དུས་མཆོད་དང་སྒྲུབ་མཆོད་ཀྱི་ཆོས་ཚོགས་སྐོར་ལ་དབྱར་ཆོས་དང་དགུན་ཆོས། འབག་འཆམ་བཅས་ཆ་ཚང་བ་ཡོད། བསང་གསོལ་འདོན་སྐབས་མགོན་དར་དང་བསང་དར་ཕྱར་དགོས། དཔལ་འབྱོར་གྱི་འོང་ཁུངས་ནི་ཆོས་ཞིང་ཅུང་ཟད་དང་དད་འབངས་ཀྱི་སྐྱབས་འཇུག་ཞུ་རྟེན་ལ་བརྟེན་དགོས།
སྦྱིན་བདག་གི་དུད་གྲངས་དྲུག་ཅུ་ཙམ་ཡོད། ཐབ་ཆས་སོགས་ཀྱི་སྐོར། ཚོགས་ཟངས་ཆེ་ཆུང་བརྒྱད། ཆུ་ཟོམ་སོ་གཅིག སྐྱོགས་བཅུ་གཅིག གདན་རིང་དགུ། རྗེས་སུ་ངོ་རྒོལ་བཞིས་དགོན་པ་རྩ་མེད་བཏང་ངོ་།།
དེང་སང་གི་གནས་ཚུལ། ད་སྐབས་འདུ་ཁང་དང་། སྲུང་མ་ཁང་། གཉེར་ཁང་། ཟ་ཁང་། དུང་འཁོར་ཁང་གཅིག་བཅས་བཞེངས་ཡོད། ནང་དུ་སྐུ་གསུང་ཐུགས་རྟེན་སྐོར་ལ་འདམ་ལས་བཟོས་པའི་གུ་རུ་གཙོ་འཁོར་གསུམ་དང་ཐང་ག་བརྒྱད། བཀའ་འགྱུར་ཚར་གཅིག འབུམ་ཚར་གཅིག བཀའ་ཐང་དང་གཟུངས་བརྒྱད་སྟོང་བཅས་ཡོད།
མཆོད་རོལ་དང་མཆོད་རྫས་ཆ་ཚང་བ་ཡོད། ཆོས་འཚོགས་དང་འཆམ་འབག་བཅས་ཅུང་ཟད་འཛོམས་ཡོད། སྦྱིན་བདག་གི་དུད་གྲངས་བརྒྱ་དང་སུམ་ཅུ་ལྷག་ཡོད། གྲྭ་[page 527] པ་ཉི་ཤུ་རྩ་ལྔ་ཡོད། དེང་སྐབས་འགན་ཁུར་མཁན་ནི་བླ་མ་ལུང་རིགས་དང་བླ་མ་འཇིགས་མེད།
བླ་མ་འཇམ་དཔལ་སོགས་ཀྱིས་གཙོ་བོར་བྱས་ཏེ་ཡོད་དོ། ཞེས་པ་འདི་ནི་བླ་མ་བློ་བཟང་དང་གསང་སྔགས་གཉིས་ཀྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།། །།
ལས་སྨོན་དགོན་པའི་ལོ་རྒྱུས།
ལས་སྨོན་དགོན་ཞེས་པའི་རྒྱུ་མཚན་ནི་དགོན་པ་ཆགས་སའི་ས་མིང་ལ་ལས་སྨོན་ཟེར་བའི་རྐྱེན་གྱིས་ས་མིང་དེ་དགོན་པ་ལ་བཏགས་པ་ཡིན། རབ་བྱུང་གསུམ་པའི་ཤིང་ཡོས་ལོ་ལ་(1195) བླ་མ་མཐུ་སྟོབས་རྡོ་རྗེས་བཏབ། ས་དཔྱད་སྐོར་ཕུན་གསུམ་ཚོགས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་དོ།
མིང་གི་རྣམ་གྲངས་ལ་འགྲ་ལས་སྨོན་དགོན། ལས་སྨོན་ཆོས་འཁོར་གླིང་བཅས་དང་། གྲུབ་མཐའ་ནི་གནའ་ནས་ད་བར་དུ་ས་སྐྱ་བ་ཡིན། བླ་རབས་བཅུ་གཉིས་ཡོད་པ་དེ་རེ་རེ་ནས་ཤེས་འདོད་ན་འགྲ་ཡང་ལྡན་དགོན་པའི་ལོ་རྒྱུས་ན་གསལ་བས་དེར་གཟིགས་རོགས་ཞུ། དགོན་པ་འདིའི་མ་དགོན་ཡང་ལྡན་དགོན་པ་ཡིན་ནོ། འགན་ཁུར་མཁན་སྐོར།
བསྟན་བདག་ནི་མཐུ་སྟོབས་རྡོ་རྗེ་སོགས་ཡིན། ཁྲི་བ་དམ་ཆོས་རྒྱལ་མཚན་བཅས་སོ། དབུ་མཛད་གཉིས། དགེ་སྐོས་གཉིས། ཕྱག་མཛོད་གཉིས། མགོ་བླ་གཅིག གྲྭ་པ་ཉི་ཤུ་ཙམ་ཡོད། དགོན་འདིའི་སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། ས་ཁྱོན་ཆེ་ཆུང་ཁལ་ཉིས་བརྒྱ་བཞི་བཅུ་ལྷག་ཡོད། ཁང་བའི་འཛུགས་སྐྲུན་སྐོར།
འདུ་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག མགོན་ཁང་གཅིག གྲྭ་ཤག་སུམ་ཅུ། ཐབ་ཆས་སྐོར་ཚོགས་ཟངས་གཉིས། ཆུ་ཟོམ་ལྔ། ཟོ་ཁྲ་བཅུ། ཟངས་རག་གི་སྐྱོགས་ཆ་བཅུ། སྡེར་མ་ལྔ་བཅས་ཡོད། སྐུ་གསུང་ཐུགས་རྟེན་སྐོར། རྡོར་སེམས་ཀྱི་སྐུ་ཁྱད་པར་ཅན་གཅིག ཞི་ཁྲོ་དམ་པ་རིགས་བརྒྱ། སྟོན་པའི་སྐུ་གཅིག
བཀའ་བསྟན་ཆ་གཅིག མཛོད་བདུན་ཚར་གཅིག ས་རྙིང་གཉིས་ཀྱི་འདོན་ཆ་སྐོར་ཆ་ཚང་བ་གཅིག ས་རྡོའི་མཆོད་རྟེན་ཆ་བརྒྱད་གཅིག རྟེན་གཙོ་གསེར་བྲིས་ཀྱི་ཐང་མོ་ཆེ་གཅིག ས་རྡོའི་མཆོད་རྟེན་ཆ་བརྒྱད་གཅིག རྟེན་གཙོ་གསེར་བྲིས་ཀྱི་ཐང་མོ་ཆེ་གཅིག མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་བཅུ། བུམ་པ་ཆ་ལྔ། ནང་མཆོད་ཆ་ལྔ།
མཎྜལ་ཆ་གསུམ། དངུལ་ཀོང་ཆ་ལྔ། ཀོང་ཆུང་བརྒྱ་མཆོད་གཅིག གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཅིག དུང་ཆ་བཞི། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་གསུམ། སྦུག་ཆལ་ཆ་བཅུ། སིལ་སྙན་ཆ་གསུམ། རྡོར་དྲིལ་ཆ་ཉི་ཤུ། ཌ་མ་རུ་ཆ་ལྔ། ལག་རྔ་ཆ་བཅུ། མཆོད་རྔ་ཆ་བཞི། རྐང་གླིང་ཆ་གསུམ། རྒྱ་གླིང་ཆ་གཉིས།
དུང་ཆེན་ཆ་གཉིས། འཁར་རྔ་གཉིས། དུས་མཆོད་དང་འབག་འཆམ་སྐོར། སྨོན་ལམ་ཉིན་བཅོ་ལྔ་འཚོགས་དགོས། དཀོན་མཆོག་སྤྱི་འདུས་ཉིན་ལྔ། བསྙུང་གནས་ཆ་བརྒྱ། བཅའ་རྡུང་འབུད་གསུམ་སྦྱོང་བརྡར་ཟླ་བ་གཅིག་ལ་བྱེད་དགོས། བཤད་གྲྭ་མེད། སྒྲུབ་གྲྭ་ལ་མཚམས་[page 528] བསྙེན་སྒྲུབ་རྒྱ་ཆེན་མཛད་སྲོལ་ཡོད་ཟེར། དཔལ་འབྱོར་གྱི་འོང་ཁུངས་ནི། མི་སེར་དད་ལྡན་ཚོས་ཕུལ་བའི་རྒྱུ་རྫས་མ་གཏོགས་གཞན་ཅི་ཡང་མེད། ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་བཅས་ཀྱིས་གཏོར་བཤིག་ཚབས་ཆེན་ཐེབས་ནས་དགོན་པ་རྩ་མེད་དུ་བཏང་།
ད་ལྟ་གྲྭ་པ་ཉེར་ལྔ་ཙམ་ཡོད་ཀྱང་འདུ་ཁང་སོགས་ལས་མ་ཐུབ་ཅིང་ཆ་རྐྱེན་ཤིན་ཏུ་ཞན།
ཐུབ་པ་དགོན་པའི་ལོ་རྒྱུས།
ཐུབ་པ་དགོན་ཞེས་མིང་དུ་ཐོགས་པའི་རྒྱུ་མཚན་ནི་དགོན་པ་འདེབས་པ་པོའི་བླ་མའི་མིང་དགོན་པ་ལ་བཏགས་པའི་ཡིན་ནོ། རབ་བྱུང་བདུན་པའི་མེ་ཡོས་(སྤྱི་ལོ1387)ལ་བླ་མ་ཐུབ་པ་རྟོགས་ལྡན་ཚང་གིས་བཏབས། དགོན་པའི་མིང་ལ་ཐུབ་པ་དགོན་དང་། ཐུབ་དགོན་ནོར་བུ་གླིང་ཡང་ཟེར།
སྔར་གྱི་གྲུབ་མཐའ་ནི་ཇོ་ནང་བ་ཡིན་པར་གྲགས། དེང་སང་གྲུབ་མཐའ་ས་སྐྱ་ཡིན། ཁྲི་རབས་གསུམ་ཡོད་པ། ཨ་ར་རྗེས་བླ་མ་རིན་ཆེན་བཟང་པོ། མི་འགྱུར་མགོན་པོའི་བླ་མ་ངག་དབང་། ཨ་ཚང་བླ་མ་ཀུན་དགའ་ཚུལ་ཁྲིམས་གསུམ་པོ་ཡིན།
འགན་ཁུར་མཁན་སྐོར། བསྟན་བདག་གཅིག དབྱར་གནས་མཁན་པོ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་གཅིག་གཉེར་པ་གཉིས། མགོན་བླ་གཅིག མཆོད་དཔོན་གཅིག གྲྭ་པ་བཞི་བཅུ་ཙམ་ཡོད། ཕྱིའི་འཛུགས་སྐྲུན་སྐོར། འདུ་ཁང་གཅིག གཉེར་ཁང་གཉིས། ཇ་ཁང་གཅིག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཡོད་པ་གཅིག་གི་ལྷ་ཁང་།
མ་ཎི་དུང་འཁོར་གཉིས། བླ་བྲང་ཁང་གཅིག་མགོན་ཁང་གཅིག གྲྭ་ཤག་ཉེར་གཉིས་ཡོད། སྐུ་གསུང་ཐུགས་རྟེན་སྐོར། བྱམས་པ་གསེར་ཟངས་ལས་གྲུབ་པ་ཁང་བརྩེགས་གཅིག་ཅན་གཅིག ཇོ་བོ་གཅིག སྟོན་པ་གསེར་ཟངས་ལས་གྲུབ་པ་གཅིག ཐུབ་པ་རྟོགས་ལྡན་གྱི་སྐུ་གདུང་གསེར་ཟངས་ལས་གྲུབ་པ་གཅིག
སྨན་འདམ་སྐུ་ཆེ་ཆུང་བཞི་བཅུ་ཙམ་དང་གསེར་སྐུ་ཆེ་ཆུང་བཞི་བཅུ་ཡོད། ཐང་ག་ཆེ་ཆུང་དྲུག་ཅུ། མགོན་ཁང་ནང་ལ་སྲུང་མའི་སྐུ་ཆ་ཚང་བ་བཅས་བཞེངས་ཡོད། བཀའ་བསྟན་ཆ་གཅིག གསེར་དངུལ་གྱིས་བྲིས་མ་འབུམ་ཀ་ཐག་དོ་ཡོད་པ་གཅིག དེ་མིན་འབུམ་ཆ་གཅིག ས་སྐྱའི་འདོན་ཆ་ཆ་ཚང་བ་དང་དེ་མིན་དཔེ་ཆ་མང་ཙམ་ཡོད།
བཀའ་གདམས་མཆོད་རྟེན་ཆ་ལྔ་དང་། ས་རྡོའི་མཆོད་རྟེན་བཞི་ཡོད། རྟེན་རྩ་ཆེན་སྐོར། གསེར་སྐུ་གཅིག སྦུག་ཆལ་འཛམ་གླིང་གཡས་བཞག་ཟེར་བ་གཅིག ས་དེར་དགོན་པ་འདེབས་པ་པོའི་གྲུབ་ཆུ་དང་ཞབས་རྗེས་སྐུ་རྗེས་སོགས་མང་ཙམ་ཡོད། དགུན་ཁ་འཁྱགས་རོམ་མེད་པའི་ལུང་ཆུང་དང་ཁ་བ་མི་འབབ་སའི་རྡོ་བཅས་ངོ་མཚར་ཆེ་བ་དུ་མ་ཡོད།
མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ལི་དང་དངུལ་ཟངས་བཅས་ཀྱི་གྲུབ་པ་ཆ་ལྔ་བཅུ། བུམ་པ་ཆ་བཅུ། ནང་མཆོད་ཆ་བཅུ་མཎྜལ་ཆ་བདུན། དངུལ་ཀོང་ཆེ་ཆུང་བཅོ་ལྔ། ཀོང་[page 529] བུ་ཆུང་བ་བརྒྱ་མཆོད་གསུམ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཉིས། དུང་ཆ་གཉིས།
དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་ལྔ། སྦུག་ཆལ་ཆ་བཅོ་ལྔ། སིལ་སྙན་ཆ་གསུམ། རྡོར་དྲིལ་ཆ་གསུམ། ལག་རྔ་བཅུ་གཅིག མཆོད་རྔ་ཆ་གཅིག རྐང་གླིང་ཆ་བཞི། རྒྱ་གླིང་གསེར་དངུལ་ལས་གྲུབ་པ་ཆ་གསུམ། དུང་ཆེན་ཆ་གཉིས་ཡོད། ཆོས་འཚོགས་དང་འབག་འཆམ་སྐོར། དབྱར་གནས། ཀྱཻ་རྡོར་སྒྲུབ་མཆོད། རྒྱུན་ཇ།
དགུན་ཆོས་བཅས་ཀྱི་སྲོལ་ཡོད། བཤད་གྲྭ་དང་སྒྲུབ་གྲྭ་ནི་མེད། རང་དགོན་གྱི་མ་དགོན་ནི་གཙང་ངོ་རུ་དགོན་པ་ཡིན།
དཔལ་འབྱོར་གྱི་འོངས་ཁུངས་ནི་དད་ལྡན་གྱིས་རྒྱུ་རྫས་འབུལ་བ་དང་དགོན་པའི་ས་ཞིང་ལ་བརྟེན་དགོས། དགོན་པའི་འོག་གི་སྡེ་བའི་དུད་གྲངས་སུམ་བརྒྱ་ཙམ་ཡོད། སྐྱེས་ཆེན་དམ་པ་འདིར་སུ་དང་སུ་བྱོན་མྱོང་ཡོད་ཁ་གསལ་མེད། པར་ཤིང་མང་ཙམ་ཡོད་ཀྱང་སྔར་དགོན་པ་མེས་བསྲེགས་ནས་མེད་པར་སོང་།
རྗེས་སུ་ཀྱཻ་རྡོར་དཀྱིལ་འཁོར་གྱི་པར་ཤིང་དང་མ་ཎི་པར་ཤིང་སོགས་ཡོད། ངོ་རྒོལ་བཞིས་གཏོར་བཤིག་བྱས་ནས་དགོན་པ་འདི་རྩ་མེད་དུ་སོང་། དེང་སང་གི་གནས་ཚུལ། འདུ་ཁང་གཅིག ཇ་ཁང་གཅིག དུང་འཁོར་གཅིག དགོན་ཁང་གཅིག གྲྭ་ཤག་ཉི་ཤུ་ཡོད། སྨན་འདམ་སྐུ་ཆེ་ཆུང་ཉི་ཤུ། གསེར་སྐུ་ཆེ་ཆུང་བཅུ་གསུམ།
ཐང་ག་ཆེ་ཆུང་བཅོ་ལྔ། ཤིང་གི་མཆོད་རྟེན་གཉིས་དང་ས་རྡོའི་མཆོད་རྟེན་གཉིས། མཆོད་ཆ་དང་རོལ་ཆས་སྐོར་ཆ་ཚང་བ་གཅིག བཀའ་བསྟན་ཆ་གཅིག འབུམ་ཆ་གཅིག ས་སྐྱའི་བཀའ་འབུམ་ཚར་གཅིག འདོན་ཆ་དང་ཆོས་འཚོགས་སྐོར་ཡང་ཁ་ཤས་འཛོམས་ཡོད། འགན་ཁུར་ལས་འཛིན་དག་ཀྱང་འཐུས་ཚང་ཡོད་ཅིང་། གྲྭ་པ་སུམ་ཅུ་ཡོད།
དགོན་པའི་སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ཙམ་ཡོད། འཇམ་དབྱངས་གྲགས་པ་དང་བསོད་ནམས་རིག་འཛིན་ཀུན་དགའ་འོད་ཟེར་སོགས་ཀྱིས་གཙོར་བྱས་སྐྱ་སེར་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་རྟེན་བཞེངས་བྱས་དང་བྱེད་བཞིན་པ་ཡིན་ནོ།། དགོན་པའི་ལོ་རྒྱུས་ལོ་ངོ་དྲུག་བརྒྱ་དང་བརྒྱད་སོང་ཟིན།
ཞེས་པ་འདི་ནི་བླ་མ་བསོད་ནམས་རིག་འཛིན་དང་གྲྭ་པ་ཀུན་དགའ་འོད་ཟེར་གཉིས་ཀྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་སོ།། །།
རི་ཁྲོད་དགོན་པའི་ལོ་རྒྱུས།
རི་ཁྲོད་དགོན་པ་ཟེར་བའི་རྒྱུ་མཚན་ནི་སྔོན་ཆད་བསོད་ནམས་རྗེས་ས་ཆ་དེར་རི་ཁྲོད་ཅིག་བཏབ་པ། རྗེས་སུ་ཨ་ཧོ་ལྕང་ར་དཔོན་སློབ་ཚང་གིས་རི་ཁྲོད་དེ་བཤིག་ནས་ཤུལ་དུ་དགོན་པ་ཞིག་བཏབ་པ་ལ་རི་ཁྲོད་དགོན་ཞེས་ཟེར་རོ།།
རབ་བྱུང་དགུ་བའི་ཤིང་ཡོས་ལོ་(1555)ལ་དགོན་པ་གསར་དུ་བཞེངས། བེ་ཤིང་དང་སྒྲོན་མ་ཤིང་གཉིས་ཀྱི་བར་དུ་བྲག་རིའི་སྒང་ལ་དགོན་པ་དེ་ཆགས་ཡོད། གྲུབ་མཐའ་གནའ་ནས་ད་ལྟའི་བར་དུ་ས་སྐྱ་[page 530] བ་ཡིན། མ་དགོན་མི་འགྱུར་དགོན་པ་ཡིན། བླ་རབས་བདུན་ཡོད་པ།
བསོད་ནམས་རྗེ། ལྕང་ར་དཔོན་སློབ། དཔལ་ལྡན། ཉག་རོང་བསྟན་འཛིན། དམ་ཆོས། བློ་བཟང་། ཆོས་བཟང་བཅས་སོ།། འགན་ཁུར་མཁན་སྐོར། བསྟན་བདག་གཅིག དབུ་མཛད་གཅིག དགེ་སྐོས་གཅིག མཆོད་དཔོན་གཉིས། ཕྱག་མཛོད་གཅིག མགོན་བླ་གཅིག གཉེར་པ་གཅིག གྲྭ་པ་ཉི་ཤུ་རྩ་དྲུག་བཅས་ཡོད། ཁང་པའི་འཛུགས་སྐྲུན་སྐོར། འདུ་ཁང་གཅིག
གཉེར་ཁང་གཅིག ཇ་ཁ་གཅིག སྲུང་མ་ཁ་གཅིག གྲྭ་ཤག་བཅུ་བཅས་ཡོད། སྐུ་གསུང་ཐུགས་རྟེན་སྐོར། ཤིང་ལས་བཟོས་པའི་བྱམས་པའི་སྐུ་གཅིག སྨན་འདམ་ལས་གྲུབ་པ་མར་མེ་མཛད་ཀྱི་སྐུ་ཆེ་བ་གཅིག ཐུབ་སྐུ་གཅིག་གནས་བརྟན་བཅུ་དྲུག མི་ལ་རས་པ། གུ་རུའི་སྐུ་གཅིག་གསེར་སྐུ་གཅིག ཐང་ག་ཆེ་ཆུང་སྒམ་གང་། འབུམ་ཆ་གཉིས།
གཟུངས་འདུས་སོགས་དཔེ་ཆ་མང་ཙམ། རྒྱ་བ་དཔལ་ལྡན་གྱིས་ཕུལ་བའི་བཀའ་གདམས་མཆོད་རྟེན་བཅས་ཡོད་དོ།། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་ལྔ། བུམ་པ་ཆ་གསུམ། ནང་མཆོད་ཆ་གསུམ། མཎྜལ་ཆ་གཉིས། དངུལ་ཀོང་ལྔ། ཀོང་ཆུང་བརྒྱ་མཆོད་གཅིག གདུགས་རྒྱལ་མཚན་བ་དན་ཀ་ཕན་བཅས་ཆ་ཚང་བ་གཅིག དུང་ཆེ་ཆུང་བཞི།
དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་གཉིས། སྦུག་ཆལ་ཆ་བརྒྱད། སིལ་སྙན་ཆ་གཅིག རྡོར་དྲིལ་ཆ་བཅོ་ལྔ། ཌ་མ་རུ་ཆ་གཉིས། ལག་རྔ་གཉིས། མཆོད་རྔ་བཞི། འཁར་རྔ་གཅིག རྐང་གླིང་ཆ་བཞི། ཟངས་གསེར་ལས་གྲུབ་པའི་རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག ཆོས་ཚོགས་དང་དུས་མཆོད་སྐོར། དབྱར་ཆོས་དང་དགུན་ཆོས་འཆམ་དང་བཅས་པ་ཡོད།
བཤད་སྒྲུབ་ཀྱི་སློབ་གྲྭ་ནི་མེད། དཔལ་འབྱོར་གྱི་འོངས་ཁུངས་ནི་མི་སེར་ཚོས་ཕུལ་བའི་དངོས་རྫས་རྣམས་ཡིན། སྦྱིན་བདག་དུད་ཁའི་གྲངས་དྲུག་ཅུ་ལྷག་ཙམ་ཡོད། ངོ་རྒོལ་བཞིའི་སྐབས་གཏོར་བརླག་བཏང་ཟིན།
དེང་སང་གི་གནས་ཚུལ། ཕྱིའི་འཛུགས་སྐྲུན་ལ་འདུ་ཁང་དང་སྲུང་མ་ཁང་། གཉེར་ཁང་། ཇ་ཁང་བཅས་གྲུབ་ཡོད། སྐུ་གསུང་ཐུགས་རྟེན་ཁ་ཤས་དང་། མཆོད་རོལ་དང་མཆོད་རྫས་ཆ་ཚང་གཅིག་བཅས་འཛོམས་ཡོད། དུས་མཆོད་ཚོགས་རྒྱུ་ལ་དབྱར་ཆོས་དང་དགུན་ཆོས་འཆམ་བཅས་ཡོད། སྦྱིན་བདག་གི་དུད་གྲངས་ནི་བརྒྱད་ཅུ་ཡོད།
གྲྭ་པ་བཅོ་བརྒྱད་ཡོད། འགན་ཁུར་མཁན་གཙོ་བོ་བླ་རྒན་ཆོས་བཟང་དང་། གཞན་རོགས་རམ་པ་ཚེ་བརྟན་པདྨ་བཅས་ཀྱིས་འགན་བཞེས་བཞིན་ཡོད། ཅེས་པ་འདི་ནི་ཆོས་བཟང་དང་པདྨ་རྡོ་རྗེ་གཉིས་ཀྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པའོ།། །།
འགྲ་དུང་འཁོར་དགོན་པའི་ལོ་རྒྱུས།
འགྲ་དུང་འཁོར་དགོན་ཞེས་པའི་རྒྱུ་མཚན་ནི་སྔར་ས་འདི་ལ་དུང་འཁོར་ཞིག་ཡོད་པ་རྗེས་སུ་དེར་དགོན་པ་ཆགས་པ་ལ་འགྲ་དུང་འཁོར་དགོན་ཞེས་བཏགས། རབ་བྱུང་བདུན་པའི་ཤིང་ཕག་ལོ་(1395)ལ་[page 531] བླ་མ་ཨོ་རྒྱན་ཆོས་དཔལ་གྱིས་བཏབ་པ་ཡིན།
དགོན་པའི་མིང་གི་རྣམ་གྲངས་ལ་དུང་འཁོར་དགོན། དགོན་མཛོད་དགོན་བཅས་ཟེར་རོ། གྲུབ་མཐའ་ནི་ས་སྐྱ་པ་ཡིན་ཞིང་གནའ་ནས་ད་བར་དུ་གྲུབ་མཐའ་གཞན་དུ་བསྒྱུར་མ་མྱོང་། བླ་རབས་བཅུ་གཉིས་ཡོད་པ་འགྲ་ཡང་ལྡན་དགོན་དང་ཁྱད་པར་མེད་པས་དེའི་ལོ་རྒྱུས་ལ་གཟིགས་ན་གསལ།
གདན་ས་འདིར་སྐྱེས་ཆེན་དམ་པ་ལས་སྤྲུལ་སྐུ་དང་དཀོན་མཆོག་སངས་རྒྱས་སོགས་བླ་མ་མང་ཙམ་བྱོན་མྱོང་། འགན་ཁུར་མཁན་སྐོར། བསྟན་བདག་ཨོ་རྒྱན་ཆོས་དཔལ། དབུ་མཛད་གཅིག དགེ་སྐོས་གཅིག མགོན་བླ་གཅིག ཕྱག་མཛོད་གཉིས། གྲྭ་པ་ཉི་ཤུ་ཡོད། གཞན་དགོན་པའི་སྦྱིན་བདག་དུད་གྲངས་བརྒྱ་ལྷག་ཙམ་ཡོད། འཛུགས་སྐྲུན་སྐོར།
གཙུག་ལག་ཁང་གཅིག ཇ་ཁང་གཅིག གཉེར་ཁང་གཅིག མགོན་ཁང་གཅིག མགྲོན་ཁང་གཅིག གྲྭ་ཤག་བཅུ་གཅིག ཐབ་ཆས་སྐོར། ཚོགས་ཟངས་གཉིས། ཟོ་ཁྲ་ལྔ། སྡེར་མ་བརྒྱད། སྐྱོགས་ཆེ་ཆུང་བདུན། གཞན་གདན་རིང་ཆ་གཉིས། སྐུ་གསུང་ཐུགས་རྟེན་སྐོར། སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་བ་གཅིག སྟོན་པའི་སྐུ་གཅིག
གསེར་སྐུ་དང་ཐང་ཀ་ཆེ་ཆུང་འགའ་ཤས། འབུམ་ཚར་གཅིག འདོན་ཆ་སྐོར་ཉུང་ཙམ་མ་གཏོགས་མེད། མཆོད་རྟེན་གཉིས། མཆོད་ཆ་དང་རོལ་ཆའི་སྐོར། ཏིང་ཕོར་ཆ་གཉིས། བུམ་པ་ཆ་གསུམ། ནང་མཆོད་ཆ་གཉིས། མཎྜལ་ཆ་གསུམ། དངུལ་ཀོང་ཆ་གཉིས། ཀོང་བུ་ཆུང་བ་བརྒྱ་མཆོད་གཅིག གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་ཡོད་དོ།
དུང་ཆ་གསུམ། དུང་ཆོས་དང་གཟུགས་ཐག་རྡོ་རྗེ་ཆ་གཅིག སྦུག་ཆལ་ཆ་ལྔ། སིལ་སྙན་ཆ་གཉིས། རྡོར་དྲིལ་ཆ་བཅུ། ཌ་མ་རུ་ཆ་ལྔ། མཆོད་རྔ་གཉིས། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག
ཆོས་འཚོགས་དང་འཆམ་རྒྱག་རྒྱུའི་སྐོར། དགུན་ཆོས་ཉིན་བཅུ། སྒྲུབ་ཁག་གཉིས། བསྙུང་ནས་ཆ་གསུམ། བཤད་གྲྭ་དང་སྒྲུབ་གྲྭ་ནི་མེད་ཟེར། མ་དགོན་ནི་འགྲ་ཡང་ལྡན་དགོན་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི་དད་རྫས་འབུལ་བའོ། དགོན་པའི་སྦྱིན་བདག་གི་དུད་གྲངས་བརྒྱ་ལྷག་ཙམ་ཡོད། གཞན་པར་ཤིང་ནི་མ་ཎིའི་ཇོ་དར་དང་།
རྡོར་གཅོད་པར་ཤིང་གཉིས་མ་གཏོགས་མེད། རྗེས་སུ་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་ཆེན་པོས་བརླགས་ནས་མེད་པར་བྱས་ཟིན། འདུ་ཁང་གཅིག སྲུང་མ་ཁང་གཅིག ཇ་ཁང་གཅིག གྲྭ་ཤག་བཅུ། གཉེར་ཁང་གཅིག དུང་འཁོར་ཁང་གཅིག སྨན་འདམ་གྱི་ལྷ་ཆེ་ཆུང་བཅོ་ལྔ། ཆོས་འཚོགས་དང་འཆམ་རྒྱག་རྒྱུ་བཅས་ཅུང་ཟད་ཙམ་འཛོམས་ཡོད།
གསེར་སྐུ་མཐོ་བཅོ་ལྔ་ཅན་གཅིག བཀའ་བསྟན་ཆ་གཅིག མཆོད་རྟེན་གཉིས། མཆོད་ཆ་དང་རོལ་ཆ་སྐོར་ཆ་ཚང་བ་གཅིག ཚོགས་ཟངས་གཅིག གྲྭ་པ་ཉི་ཤུ་རྩ་ལྔ། དགོན་པའི་སྦྱིན་བདག་དུད་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཡོད། དགོན་པ་འདི་ལ་དུས་རྒྱུན་གཟིགས་སྐྱོང་མཛད་མཁན་གཙོ་བོ་ནི་སྤྲུལ་སྐུ་ཐུབ་བསྟན་དང་མཁྱེན་བརྩེ་ནོར་བུ།
ཨ་ཧོར་ཕུར་བ་སོགས་དང་གྲྭ་པ་རྣམས་དང་དད་ལྡན་གྱི་མི་སེར་ཕོ་མོ་ཚོས་རོགས་རམ་དང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་དོ། གནའ་ནས་ད་བར་དུ་ལོ་དྲུག་བརྒྱ་སོང་ཟིན། ཞེས་པ་འདི་ནི་ཨ་ཧོ་ཕུར་[page 532] པའི་ངག་རྒྱུན་ལྟར་བྲིས་པའོ།། །།
གཟིངས་འགུལ་དགོན་པའི་ལོ་རྒྱུས།
གཟིངས་འགུལ་དགོན་པ་ཟེར་དགོས་པའི་རྒྱུ་མཚན་ནི་དགོན་པ་ཆགས་སྟངས་དེ་གྲུ་གཟིངས་ཤིག་འགུལ་ནས་འགྲོ་བ་དང་འདྲ་བའི་སྒོ་ནས་མིང་དུ་བཏགས། རབ་བྱུང་གསུམ་པའི་ལྕགས་ཁྱི(1190)ལོ་ལ་མཉམ་མེད་དྭགས་པོ་ཚང་གིས་བཏབ། ས་ཆ་ཡང་ཕུན་སུམ་ཚོགས་པ་ཞིག་ཡིན། དགོན་པའི་མིང་གི་རྣམ་གྲངས་ནི།
གཟིངས་འགུལ་དགོན་པ། དར་ཕོ་དགོན། སྤྲུལ་རྫོང་ཤུལ་དགོན་པའང་ཟེར། དགོན་པ་འདི་ཐེངས་གསུམ་ཙམ་དུ་སྤར་མྱོང་། གྲུབ་མཐའ་ནི་སྤྱི་ལོ་(1310)ཡན་ཆད་ལ་བཀའ་བརྒྱུད་པ་ཡིན་ཡང་རྗེས་སུ་གྲུབ་མཐའ་ས་སྐྱ་བ་ལ་བསྒྱུར། གྲུབ་མཐའ་བསྒྱུར་མཁན་ནི་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས་ཡིན།
མཁན་རབས་ཉི་ཤུ་རྩ་བདུན་ཡོད། ཀུན་དགའ་ཉི་མ། བཟང་པོ། ཡེ་ཤེས་བཀྲ་ཤིས། པདྨ་བརྩོན་འགྲུས། དཔལ་ལྡན་ཡར་འཕེལ། བཟང་པོ་ཆུང་བ། ཚུལ་ཁྲིམས། ངག་དབང་ཆོས་འཕེལ། ངག་དབང་ཕུན་ཚོགས། ངག་དབང་ཆོས་འཕེལ་ཆུང་བ། ཆོས་དབྱིངས། སངས་རྒྱས་བསྟན་འཛིན། པདྨ་ཡེ་ཤེས། དགེ་འདུན་བསྟན་འཛིན། བྱ་ཉི་ཆོས་འཕེལ། ཀུན་དགའ།
ངག་དབང་ཆོས་འཕེལ། བསྟན་འཕེལ། ཡེ་ཤེས་རྒྱལ་མཚན། ཟླ་བ་རྒྱ་མཚོ་བཅས་དང་། འགན་ཁུར་མཁན་སྐོར། བསྟན་བདག་ནི་གོང་གི་བླ་རབས་རྣམས་ཡིན། དབུ་མཛད་གཅིག དགེ་སྐོས་གཉིས། ཕྱག་མཛོད་གཉིས། མགོན་བླ་གཅིག མཆོད་དབོན་གཉིས། གྲྭ་པ་དྲུག་ཅུ་ཡོད། ཁང་བའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག
བླ་བྲང་ཁང་གཅིག སྲུང་མ་ཁང་གཅིག མགྲོན་ཁང་གཅིག དུང་འཁོར་ཁང་གཅིག གྲྭ་ཤག་སུམ་ཅུ་སོ་ལྔ། སྐུ་གསུང་ཐུགས་རྟེན་སྐོར། སྨན་འདམ་སྐུ་ཆེ་ཆུང་བཞི་བཅུ་ལྷག་ཙམ། གསེར་སྐུ་ཆེ་ཆུང་ཉི་ཤུ་ལྷག ཐང་ཀ་ཆེ་ཆུང་བརྒྱ་ལྷག་ཙམ། བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བ་གཅིག འདོན་ཆ་སྐོར་ཆ་ཚང་བ་གཅིག
དེ་མིན་དཔེ་ཆ་མང་པོ་བཅས་ཡོད།
ས་རྡོའི་མཆོད་རྟེན་གཉིས། བཀའ་གདམས་མཆོད་རྟེན་ཆ་བརྒྱད་གཅིག་བཅས་ཡོད། གསེར་ཏོག་ཤིན་ཏུ་ལེགས་པོ་ཞིག བླ་མ་སྐལ་བཟང་ཆོས་གྲགས་ཀྱིས་ཕུལ་བའི་རྒྱ་གླིང་ཤིན་ཏུ་བཟང་པོ་ཞིག་དང་དུང་དཀར་དངུལ་ཤན་མ་གཉིས། མི་འགྱུར་སྤྲུལ་སྐུས་ཕུལ་པའི་སིལ་སྙན་སྐད་གྲགས་ཅན་གཅིག ཡང་ནོར་བུ་མེ་འབར་མ་གཅིག
གདུང་རུས་ཁྱད་འཕགས་གཅིག་པར་ཤིང་མི་ཉུང་བ་བཅས་ཡོད། མཆོད་ཆ་དང་རོལ་ཆའི་སྐོར། ཏིང་ཕོར་ཆ་བཅོ་ལྔ། བུམ་པ་ཆ་བཞི། ནང་མཆོད་གཉིས། མཎྜལ་ཆ་གཅིག གསེར་ཀོང་ཆེ་བ་གཅིག ཀོང་ཆུང་བརྒྱ་མཆོད་གསུམ། ཀོང་བུ་ཆེ་བ་ཆ་ལྔ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཅིག དུང་ཆ་གཉིས། སྦུག་ཆལ་ཆ་ལྔ། སིལ་སྙན་གཅིག
རྡོར་དྲིལ་ཆ་ལྔ། ཌ་[page 533] མ་རུ་ཆ་ལྔ། ལག་རྔ་བཅོ་ལྔ། མཆོད་རྔ་ཆ་གཉིས། ཏིང་ཤགས་ཆ་གཉིས། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག་བཅས་ཡོད། ཐབ་ཆས་ཚོགས་བཟང་བཞི། ཆུ་ཟོམ་ལྔ། ཆོས་གྲྭ་འཚོགས་རྒྱུ་དང་འཆམ་རྒྱག་རྒྱུའི་སྐོར།
དབྱར་གནས་ཀྱི་རྡོར་སེམས་སྒྲུབ་མཆོད་དགུན་ཆོས། རྒྱུན་ཆ་སོགས་འཆམ་དང་བཅས་པ་འཚོགས་རྒྱུ་ཡོད། བཤད་གྲྭ་དང་སྒྲུབ་གྲྭ་ནི་མེད་མ་དགོན་ནི་མི་འགྱུར་དགོན་ཡིན། མཚམས་བསྙེན་སྒྲུབ་བྱེད་མཁན་བླ་མང་ཙམ་ཡོད།
དཔལ་འབྱོར་གྱི་འོངས་ཁུངས་ནི་ཡོན་བདག་རྣམས་ཀྱིས་འབུལ་བ་དང་ས་ཞིང་ཅུང་ཟད་རྨོ་རྒྱུ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས། སྦྱིན་བདག་གི་དུད་གྲངས་ནི་སུམ་བརྒྱ་ལྷག་ཙམ་ཡོད། དམངས་གཙོ་བཅོས་བསྒྱུར་སྐབས་གནོད་ཚེ་ཚབས་ཆེན་ཐེབས་ནས་མེད་པར་བྱས་ཟིན། དེང་སང་གི་གནས་ཚུལ་ནི། འདུ་ཁང་གཅིག
ཇ་ཁང་གཅིག་གཉེར་ཁང་གཅིག སྲུང་མ་གཅིག སྣེ་ལན་ཁང་མཐོ་རིམ་འདུག་ས་གཅིག གྲྭ་ཤག་ཉི་ཤུ་རྩ་བདུན། བླ་བྲང་ཁང་གཅིག གྲྭ་པ་སུམ་ཅུ་ཐམ་པ། སྦྱིན་བདག་གི་དུད་གྲངས་ནི་བཞི་བརྒྱ་ཡོད། སྨན་འདམ་སྐུ་དང་གསེར་སྐུ་ཐང་ག་བཅས་མང་ཙམ་ཞིག་ཡོད། མཆོད་ཆ་དང་རོལ་སོགས་ཆ་ཚང་བ་ཡོད།
མཆོད་པ་དང་འབབ་འཆམ་བཅས་མི་ཉུང་བ་འཛོམས་ཡོད། བཀའ་བསྟན་ཆ་གཅིག་དང་འབུམ་གཅིག་འདོན་ཆ་ཆ་ཚང་བ་གཅིག་དང་གཞན་མཆོདརྟེན་གཉིས། དུང་འཁོར་ཁང་ཤིན་ཏུ་ཡག་པོ་གཅིག་རྒྱབ་ཡོད་དགོན་པ་བཏབ་ནས་ད་བར་ལོ་བརྒྱ་དང་ལྔ་སོང་། ད་སྐབས་ཀྱི་འགན་ཁུར་མཁན་གཙོ་བོ་ནི་ཡེ་ཤེས་རྒྱལ་མཚན་དང་ཟླ་བ་རྒྱལ་མཚན། བློ་བཟང་།
ཆོས་འཕེལ་སོགས་ཀྱིས་གཙོ་བོར་བྱས་ནས་གྲྭ་པ་དང་མི་སེར་བཅས་ཀྱི་རོགས་རམ་གང་མང་བྱས་པ་ལ་བརྟེན་ནས་བསྟན་བཞེངས་བྱས་དང་བྱེད་བཞིན་པ་ཡིན་ནོ།།
ཞེས་པ་འདི་ནི་རིག་འཛིན་གྱི་ངག་རྒྱུན་ལ་བརྟེན་ནས་རིག་བསྟན་གྱིས་བྲིས་པ་དགེའོ།། །།
མདོ་སྟོད་དགོན་པའི་ལོ་རྒྱུས།
ཉག་ཆུ་ཁའི་མདོ་སྟོད་དགོན་པ་ནི་རབ་བྱུང་གསུམ་པའི་ཤིང་ཡོས་ལོ་(1795)ལ་དགེ་སློང་ཤྰཀྱ་དར་རྒྱས་ཚང་གིས་བཏབ། ས་ཆ་དེར་སྔོན་བྱོན་གོང་མ་རྣམས་ཀྱི་གྲུབ་ཆུ་དང་གྲུབ་རྟགས་སྒྲུབ་ཕུག་བཅས་ངོ་མཚར་ཅན་མང་པོ་མཇལ་རྒྱུ་ཡོད། མ་དགོན་རི་ཁུག་དགོན་པ་ཡིན། གྲུབ་མཐའ་ནི་ས་སྐྱ་པ་རེད།
ཁྲི་པ་རི་ཁུག་དགོན་པས་བཏང་ནས་ལོ་གསུམ་རེ་བཞུགས་དགོས། འཛུགས་བསྐྲུན་སྐོར་ལ་བྱམས་ཁང་གཅིག་དང་གཉེར་ཁང་གསུམ། སྤྱི་ཁང་བཞི། མཛོད་ཁང་གཅིག འབྲུ་ཁང་ལྔ། བཤད་གྲྭ་ཁང་ལ་ཁང་པ་བརྒྱད། པར་ཤིང་ཁང་བརྒྱད་ཡོད་པ། གྲྭ་ཤག་བཞི་བཅུ་ཡོད། འགན་ཁུར་མི་སྣའི་སྐོར། བསྟན་བདག་གཅིག་དང་ཁྲི་པ་གཅིག དགེ་སྐོས་གཅིག
དབུ་མཛད་གཅིག མགོན་བླ་གཅིག གཉེར་པ་གསུམ། ཕྱག་མཛོད་གཉིས། གྲྭ་པ་བཞི་བཅུ་ཡོད། མཆོད་ཆ་དང་རོལ་མོའི་སྐོར། ནང་མཆོད་གཉིས། བུམ་པ་[page 534] ཆ་གསུམ། མན་དྲལ་ཆ་ལྔ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་དང་། རྡོར་དྲིལ་ཆ་བདུན། ཌ་མ་རུ་ལྔ། ལག་རྔ་བཅུ། མཆོད་རྔ་གཉིས།
དུང་ཆ་གཅིག རྒྱ་གླིང་ཆ་གཉིས། རྐང་གླིང་ཆ་གཉིས། སིལ་སྙན་ཆ་གཉིས། སྦུག་ཆལ་གཉིས། འཁར་རྔ་གཅིག་བཅས་ཡོད། སྐུ་གསུང་ཐུགས་རྟེན་ནི་སྤྱན་རས་གཟིགས་ཁང་བརྩེགས་གཅིག་ཅན་གཅིག་སྟོན་པ། འཇམ་དབྱངས་བྱམས་པ། གནས་བརྟན་བཅུ་དྲུག། ས་པཎ། ས་ཆེན་ཀུན་དགའ་སྙིང་པོ། འགྲོ་མགོན་ཆོས་འཕགས། མར་མེ་མཛད།
གུ་རུ་གཙོ་འཁོར་གསུམ། སྒྲོལ་མའི་སྐུ་དངཞལ་ཐང་གསེར་རྒྱབ་ཡོད་པ་བཅོ་བརྒྱད། མཐུ་རྩལ་ཆེ་བའི་སྲུང་མ་རྒྱལ་པོ་བེར་དཀར་བཅས་སྲུང་མའི་སྐོར་ཆ་ཚང་། གསེར་དངུལ་གྱི་བྲིས་པའི་བཀའ་བསྟན་སོགས་ཀ་ཐག་དོ་དང་སྣག་ཚས་བྲིས་པའི་དཔེ་ཀ་ཐག་གང་བཅས་བཞུགས།
གསེར་སྐུ་ཆེ་ཆུང་བཅུ་གཅིག་དགེ་སློང་ཤྰཀྱ་དར་རྒྱས་གྱི་སྐུ་གདུང་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། བཀའ་གདམས་མཆོད་རྟེན་བཅས་ཡོད། རྟེན་རྩ་ཆེན་གནའ་རྫས་སྐོར་ནི་སིལ་སྙན་གཏེར་མ་གཉིས། འཁར་རྔ་གསེར་རྩི་ཅན་གཅིག། སེར་བཀག་འཁོར་ལོ་གཅིག། གཞན་དངོས་རྫས་འགའ་ཤས་ནི་ཞལ་འབག་སུམ་ཅུ།
གསེར་རྒྱ་མ་བརྒྱད་དངུལ་མགོ་རྒན་སྟོང་གཅིག་བརྒྱ་ཡོད། ཟངས་གསེར་ལས་མགར་བའི་མན་དྲལ་དང་གསེར་ཏོག་ཡོད། ཚོགས་ཟངས་བདུན། འབྲུ་རིགས་རྒྱ་མ་ཁྲི་དགུ། གདན་རིང་གསུམ། སྒྲུབ་མཆོད་དང་དུས་མཆོད་ནི་དབྱར་ཆོས་དང་དགུན་ཆོས་འཆམ་རྒྱག་རྒྱུ་བཅས་ཡོད།
ཟླ་བ་ཞི་པའི་ནང་བཀའ་འགྱུར་ཞལ་ཕྱེ་དགོས་དཔལ་འབྱོར་གྱི་ཐོན་ཁུངས་ནི་ཆོས་ཞིང་ཁལ་བཅུ་བཞིའི་ས་དང་འབྲོག་ཁག་གཉིས། སྦྱིན་བདག་གི་དུད་གྲངས་བརྒྱ་དང་གྱ་ལྔའི་འབུལ་བ་བཅས་ཡིན། རྗེས་སུ་དུས་དབང་གིས་རྩ་མེད་བཏང་ངོ་།།
དེང་སང་གི་གནས་ཚུལ། འདུ་ཁང་དང་སྲུང་མ་ཁང་གཉེར་ཁང་བླ་བྲངགྲྭ་ཤག་བཅས་རྒྱབ་ཡོད། ནང་རྟེན་སྨན་འདམ་སྐུ་འདྲ་བཅུ་གཅིག གསེར་སྐུ་གཉིས། ཐང་ག་བཅུ། བཀའ་བསྟན་གཉིས། མཆོད་རྟེན་གཅིག་མཆོད་རོལ་དུས་མཆོད་སོགས་འཛོམས་བཞིན་ཡོད། སྤྱིན་བདག་གི་དུད་གྲངས་དྲུག་ཅུ་རེ་གསུམ་དང་གྲྭ་པ་བཅུ་དྲུག་ཡོད།
ད་སྐབས་འགན་ཁུར་མཁན་གཙོ་བོ་རྒྱ་མ་ཐར་དང་མགོན་པོ་འཇམ་དབྱངས་ཕུན་ཚོགས་སོགས་ཡིན། ཞེས་པ་འདི་ནི་པད་འདབ་གྲོང་ནས་བྲིས་པ་དགེའོ།།
ལྷ་འབྲི་དགོན་པའི་ལོ་རྒྱུས།
གནའ་སྔོན་མ་རྩེ་ལྷ་དགོན་ཞེས་བཤད་སྲོལ་ཡོད་ཀྱང་རྗེས་སུ་ལྷ་འབྲི་དགོན་ལ་བསྒྱུར་བ་འདྲའོ། རབ་བྱུང་ལྔ་བའི་མེ་སྟག་ལོ་(1326)ལ་འཇམ་དབྱངས་ཤེས་རབ་རྡོ་རྗེས་དགོན་པ་བཏབ། དགོན་པའི་མིང་གི་རྣམ་གྲངས་ནི། ཐུབ་བསྟན་རི་བོ་འཕེལ་གླིང་། ལྷ་འབྲི་དགོན་པ་མདོ་སྔགས་བསྟན་དར་གླིང་།
སྟོང་གསུམ་གྱི་འབྲི་རབ་འཕེལ་གླིང་། གྲུབ་མཐའ་ནི་ས་སྐྱ་བ་ཡིན། སྔོན་མ་གྲུབ་མཐའ་བཀའ་[page 535] བརྒྱུད་པ་ཡིན་ཡང་རྗེས་སུ་ས་སྐྱ་ལ་བསྒྱུར་ཟེར། བླ་རབས་དགུ་བྱོན་མྱོང་། རེ་རེ་ནས་ཤེས་མཁན་མེད། འགན་ཁུར་མཁན་སྐོར། བསྟན་བདག་གཉིས་དང་། ཁྲི་པ་གཅིགདབུ་མཛད་གཉིས། དགེ་སྐོས་གཅིག
ཕྱག་མཛོད་གཉིས། མགོན་བླ་གསུམ། གཉེར་པ་གཉིས། གྲྭ་པ་བརྒྱད་བརྒྱ་ལྷག་བཅས་ཡོད།།
ཁང་བའི་འཛུགས་བསྐྲུན་སྐོར། གཙུག་ལག་ཁང་ཀ་བ་ཉི་ཤུ་རྩ་གཉིས་ཅན་གཅིག་དང་གསེར་ཁང་གཅིག ཇ་ཁང་གཉེར་ཁང་བརྒྱད། དཔེ་མཛོད་ཁང་གཅིག མགྲོན་ཁང་གཅིག བླ་བྲང་ཁང་གཅིག ཁང་ཚན་བཅུ་གཉིས། གྲྭ་ཤག་བཞི་བཅུ་ཞེ་དྲུག་བཅས་ཡོད། སྐུ་གསུང་ཐུགས་རྟེན་སྐོར། སྟོན་སྐུ་ཁྱད་འཕགས་གཅིག་དབྱངས་གསུང་བྱོན་མ་གཅིག
ཟངས་སེར་ལས་གྲུབ་པའི་ལམ་འབྲས་བླ་རྒྱུད་ཆ་ཚང་གཅིག མི་ཉག་སྤྲུལ་པའི་ལྷ་མགར་གྱིས་མགར་གྱིས་མགར་བའི་བྱམས་པ་གསུང་བྱོན་མ་གཅིག རྗེ་ཉིད་ཀྱིས་ཕྱག་བཟོས་གཡག་རོང་རྣམ་གཉིས། དགོན་པོ་སོགས་ལྷ་སྐུ་མང་པོ་ཡོད། ཞལ་ཐང་ཆེ་ཆུང་བརྒྱ་ཅུ་ཡོད། གསེར་དངུལ་གྱི་བྲིས་པའི་བཀའ་བསྟན་གཉིས།
གསུང་འབུམ་པོད་བདུན་བརྒྱ་ལྷག་ཡོད། སྐུ་གདུང་ཆ་བརྒྱད་ཆ་གཉིས། བཀའ་གདམས་མཆོད་རྟེན་བརྒྱད་དང་ཟངས་གསེར་ལས་མཆོད་བརྟེན་བཅུ་ཕྲག་མང་པོ་ཡོད། རྟེན་གཙོ་གནའ་རྫས་རྩ་ཆེན་སྐོརལྷ་འབྲིའི་ཚོགས་དུང་ཁྱད་པར་ཅན་གཅིག ཡང་བྱམས་ཆེན་གསུང་བྱོན་མ་གཅིག མཆོད་ཆས་དང་རོས་ཆས་སྐོར། ཏིང་ཕོར་ཆ་བཅུ་བཞི།
བུམ་པ་ཆ་བཅུ་གཉིས། ནང་མཆོད་ཆ་བཅུ་དྲུག མཎྡལ་ཆ་བཞི། གསེར་ཀོང་ཆ་བརྒྱད། དངུལ་ཀོང་ཆ་བརྒྱད་དང་ཉི་ཤུ། གདུགས་རྒྱལ་མཚན་པ་དན་ཀ་འཕན་བཅས་ཆ་དྲུག་ཡོད། དུང་ཆོས་ཆ་དགུ། སྦུག་ཆལ་ཆ་བརྒྱད། དུང་ཆ་བཅུ་གཉིས། སིལ་སྙན་ཆ་བཅུ། རྡོར་དྲིལ་ཆ་བརྒྱད། ཌ་མ་ཆ་དྲུག ལག་རྔ་བདུན། མཆོད་རྔ་བཅུ་དྲུག རྐང་གླིང་ཆ་བརྒྱད།
རྒྱ་གླིང་ཆ་བཞི། དུང་ཆེན་ཆ་དྲུགཆོས་ར་འཚོགས་རྒྱུའི་སྐོར། དབྱར་ཆོས་དང་དགུན་ཆོས། དབྱར་གནས་ཟླ་གཅིག་ཕྱེད། སྒྲུབ་མཆོད་འཆམ་དང་བཅས་པ་ཡོད། མ་དགོན་ས་སྐྱ་དགོན་ཡིན། དཔལ་འབྱོར་གྱི་ཐོན་ཁུངས་ནི། འབྲོག་པ་ཞིང་ལས་སྦྱིན་བདག་གི་འབུལ་བ་བཅས་ཡིན། སྦྱིན་བདག་གི་དུད་གྲངས་ལྔ་བརྒྱ་ཡོད།
གདན་ས་འདིར་སྐྱེས་ཆེན་ཤཱཀྱ་རིན་ཆེན་དང་པཎ་ཆེན་བསོད་ནམས་དཔལ། རིན་ཆེན་བློ་གྲོས་སོགས་མང་ཙམ་བྱོན་མྱོང་བར་བཤད། རྗེས་སུ་ངོ་རྒོལ་བཞི་དང་རིག་གསར་སྐབས་སུ་དགོན་པ་གཏོར་བརླག་བཏང་ངོ་།
དེང་སང་གི་གནས་ཚུལ། འདུ་ཁང་དང་མགོན་ཁང་གཉེར་ཁང་ཇ་ཁང་བླ་བྲང་ཁང་དུང་འཁོར་ཁང་གྲྭ་ཤག་བཅུ་དྲུག་ཁང་ཚན་བཅུ་གཉིས་བཅས་ལས་ཚར་ཡོད། སྐུ་གསུངས་ཐུགས་རྟེན་ཅུང་ཟད་དང་མཆོད་རོལ་ཆོས་ར་འཚོགས་རྒྱུ་བཅས་ཕྱོགས་ཙམ་འཛོམས་ཡོད། སྦྱིན་བདག་གི་དུད་གྲངས་ལྔ་བརྒྱ་ལྷག་ཡོད།
ད་སྐབས་འགན་གཙོ་བོ་ཁུར་མཁན་ནི་མཁན་པོ་འཇིགས་མེད་ཉིད་དང་གཞན་བསོད་ནམས་དབང་ཕྱུག་དང་བཀྲ་ཤིས་དབང་འདུས་ཀརྨ། པདྨ་དབང་ཆེན། ཀུན་དགའ་ཚེ་རིང་བཅས་ཡིན་ནོ།
[page 536] ཞེས་པ་འདི་ནི་ཉག་ཆུ་བློ་བཟང་དང་རིག་བསྟན་གཉིས་ཀྱིས་གཞན་གྱི་ངག་རྒྱུན་ལྟར་བྲིས་པ་དགེའོ།
འགྲ་ཡང་ལྡན་དགོན་པའི་ལོ་རྒྱུས།
འགྲ་ཡང་ལྡན་དགོན་པ་ཞེས་པའི་མིང་བཏགས་པའི་རྒྱུ་མཚན་ནི། ས་དེའི་ཡུལ་ལུང་གི་མིང་ལ་ཡང་ལྡན་ཞེས་པའི་རྐྱེན་གྱིས་འགྲ་ཡང་ལྡན་ཞེས་པའི་མིང་དེ་དགོན་པ་ལ་སྦྱར་ནས་བཏགས་སོ། བོད་རབ་བྱུང་ལྔ་པའི་ཆུ་ལུག་ལོར་(1283)གྲུབ་ཐོབ་དགེ་འདུན་འོད་ཟེར་གྱིས་བཏབ།
གྲུབ་མཐའ་ནི་སྔོན་ཀརྨ་བཀའ་བརྒྱུད་ཀྱི་བརྒྱུད་པ་བཀའ་བརྒྱུད་པ་ཡིན་ཡང་ཕྱིས་སུ་ཧོར་ཇུན་གར་གྱི་དམག་གིས་གནོད་འཚེར་སྐྲག་ནས་ས་སྐྱ་པ་མི་ཉག་ཀ་བཞི་དགོན་པ་ལ་མགོ་བཏགས། གྲུབ་མཐའ་ས་སྐྱ་པ་ལ་བསྒྱུར། མཛད་རྗེས་ཆེ་བའི་བླ་རབས་བཅུ་གཉིས་ཡོད་པ། གྲུབ་ཐོབ་དགེ་འདུན་འོད་ཟེར། དཔལ་ལྡན་རྒྱ་མཚོ།
འཇིགས་མེད་ཐེག་མཆོག་རྡོ་རྗེ། འཇིགས་མེད་འཕྲིན་ལས་འོད་ཟེར། ཐེག་མཆོག་ཆོས་ཀྱི་ཉི་མ། དགའ་རབ་བསྟན་པའི་ཉི་མ། ཨ་བོ་ཀུན་བཟང་། བླ་བྲང་དཔལ་ལྡན་ཕུན་ཚོགས། དམ་ཆོས་རིན་ཆེན། ཀླུ་སྐྱབས་འོད་གསལ་སྙིང་པོ། འཇིགས་མེད་མཐུ་སྟོབས་རྡོ་རྗེ། ད་ལྟའི་མཁྱེན་བརྩེ་ནོར་བུ་བཅས་བཅུ་གཉིས་ཡོད།
གཞན་ཡང་མཛད་རྗེས་ཅན་གྱི་བླ་སྤྲུལ་མང་པོ་བྱོན་མྱོང་། འགན་ཁུར་སྐོར། བསྟན་བདག་ནི་གོང་གི་བླ་རབས་རྣམས་ཀྱི་རིམ་པ་བཞིན་དུ་བྱས། དབུ་མཛད་གཉིས། དགེ་སྐོས་གཉིས། ཁྲི་བ་གཉིས། ཕྱག་མཛོད་གཉིས། མཆོད་དཔོན་གཉིས། ཕྱག་མཛོད་གཅིག ཁང་ཚན་རྒན་པ་ཟེར་བ་བཅུ་ཡོད། སྔར་གྲྭ་པའི་གྲངས་ཀ་ཉིས་བརྒྱ་དང་བཅུ་ཡོད་ཅིང་།
ད་ལྟ་གྲྭ་བའི་གྲངས་ལ་སུམ་ཅུ་སོ་གསུམ་ཡོད་དོ།། འཛུགས་སྐྲུན་སྐོར། གཙུག་ལག་ཁང་ཆེ་ཆུང་བཞི་ཡོད། གསེར་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག ཕྱག་མཛོད་ཁང་གཅིག སྲུང་མ་ཁང་གཅིག བླ་བྲང་ཁང་གཅིག མགྲོན་ཁང་གཅིག ཀུན་དགའ་ར་བ་གཅིག་དང་གྲྭ་ཤག་ཉི་ཤུ་ལྷག་ཅས་ཡོད།
སྐུ་གསུང་ཐུགས་རྟེན་སྐོར། རྒྱ་གར་ནས་གདན་དྲངས་འོང་བའི་དུས་གསུམ་སངས་རྒྱས་གཅིགཀརྨ་པཀྵུའི་སྐུ་གཅིག ས་སྐྱ་གོང་མ་རྣམ་ལྔ། གནས་བརྟན་བཅུ་དྲུག ཐོག་བརྩེགས་གཅིག་ཅན་གྱི་རྒྱལ་བ་བྱམས་པ་གཅིག གསེར་ཟངས་ལས་གྲུབ་པའི་ས་སྐྱའི་གོང་མ་རྣམ་ལྔའི་སྐུ་ལྔ། ཞལ་ཐང་ཆེ་ཆུང་བརྒྱ། བཀའ་བསྟན་ཆ་གཅིག
ས་སྐྱའི་བཀའ་འབུམ། ངོར་ཆེན་བཀའ་འབུམ། ས་སྐྱའི་འདོན་ཆ་ཆ་ཚང་། གསེར་བྲིས་དངུལ་བྲིས་ཀྱི་སྒྲུབ་ཐབས་ཀུན་འདུས། རྒྱུད་སྡེ་ཀུན་འདུས་བཅས་ཡོད། བཀའ་གདམས་མཆོད་རྟེན་ཆ་བཅུ། གནའ་རྫས་རྟེན་གཙོ་སྐོར། རྫ་ཇ་ཞེས་པའི་རྟེན་ཁྱད་འཕགས་གཅིག འགྲོ་མགོན་ཆོས་འཕགས་ཀྱི་ཆིབས་སྒ། ཀརྨ་ཞྭ་དམར་ནག་གཏེར་སྒྲོམ་གཅིག
སྦུབ་ཆལ་ཤང་ཤང་ཟེར་བ་གཅིག སིལ་སྙན་མ་ཎི་མ་ཆ་གཅིག་བཅས་ཡོད། མཆོད་ཆ་དང་རོལ་ཆས་སྐོར། ལི་ཡི་ཏིང་ཕོར་ཆེ་ཆུང་ཆ་བཅུ། [page 537] བུམ་པ་ཆ་བཅོ་ལྔ། ནང་མཆོད་ཆ་དྲུག་མཎྜལ་ཆ་ལྔ། གསེར་གྱི་ཀོང་བུ་ཆ་བརྒྱད། དངུལ་ཀོང་ཆ་དྲུག གདུགས་དང་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཅིག
དུང་ཆ་དྲུག དུང་ཆོས་དང་བཟུང་ཕག་རྡོ་རྗེ་ཆ་དྲུག སྦུག་ཆལ་ཆ་བཞི་བཅུ། སིལ་སྙན་ཆ་བཞི། རྡོར་དྲིལ་ཆ་སུམ་ཅུ། ཌ་མ་རུ་ལྔ། ལག་རྔ་ཆ་བཅོ་ལྔ། མཆོད་རྔ་ཆ་བཞི། རྐང་གླིང་ཆ་དྲུག རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཉིས། འཁར་རྔ་རྩ་ཆེན་བཞི་བཅས་མཆོད་རོལ་ཆ་ཚང་བ་ཡོད།
དུས་མཆོད་གར་འཆམ་སྐོར། ཟླ་བ་ལྔ་པའི་ཆོས་ར་དབྱར་ཆོས་ཉིན་བཅོ་ལྔ། ཀྱཻ་རྡོར་སྒྲུབ་མཆོད་ཉིན་བརྒྱད། ཟླ་བ་དགུ་པའི་ནང་དགུན་ཆོས་ཉིན་བཅོ་ལྔ། དབྱར་གནས་བཅས་འཚོགས་རྒྱུ་འཆམ་དང་བཅས་པ་ཡོད། གྲྭ་ས་ནི་དགོན་གཙང་ངོ་རུ་དགོན་པ་ཡིན། དཔལ་འབྱོར་འོང་ཁུངས་ནི།
དད་རྫས་འབུལ་བ་ལ་བརྟེན་ནས་འཚོ་རྟེན་བྱེད་བཞིན་ཡོད། ས་ཁྱོན་ཆེ་ཆུང་དགོན་པར་དབང་བའི་ས་ནི་གཞི་འདོམ་ལྔ་བརྒྱ་ཙམ་ཡོད། དགོན་པའི་མངའ་འོག་གི་སྦྱིན་བདག་བྱེད་མཁན་གྱི་དུད་གྲངས་དྲུག་བརྒྱ་ཡོད། གདན་ས་འདིར་སྐྱེས་ཆེན་དམ་པ་སུ་དང་སུ་བྱོན་མྱོང་གི་སྐོར། ཕྱག་འཚལ་བླ་མ་དམ་ཆོས།
ཞིང་རྩེ་དཀོན་མཆོག་སངས་རྒྱས། པ་ལས་སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མ་བྱོན་མྱུང་། རྗེས་སུ་དམངས་གཙོ་བཅོས་སྒྱུར་དང་རིག་གནས་གསར་བརྗེས་གནོད་འཚེ་ཚབས་ཆེན་བྱས་ནས་དགོན་པ་མེད་བརླག་སོང་།
དེང་སང་གི་གནས་ཚུལ། སྤྱི་ལོ་(1984)ལོ་ལ་བསྟན་བདག་མཁྱེན་རྩེ་ནོར་བུ་དང་ཐུབ་བསྟན། ཕྱག་མཛོད་ཕུར་བ་བཅས་ཀྱིས་གཙོ་བོ་བྱས་ནས་གྲྭ་པ་ཚོ་དང་མི་སེར་བཅས་ཀྱིས་རོགས་རམ་ལ་བསྟེན་ནས་གཙུག་ལག་ཁང་གཅིག་དང་མགོན་ཁང་། ཇ་ཁང་། གསེར་ཁང་།
དུང་འཁོར་ཁང་བཅས་བཞེངས་ཚར་བར་མ་ཟད་དུས་མཆོད་ཀྱང་ཁ་ཤས་འཚོགས་རྒྱུ་འཛོམས་ཡོད། མཆོད་རྟེན་གསེར་ཟངས་ལས་གྲུབ་པ་མཐོ་བདུན་ཅན་ལྔ། རས་གཞི་ཐང་ག་ཆེ་ཆུང་ཉི་ཤུ་རྩ་ལྔ་ཙམ་ཡོད། ཐང་མོ་ཆེ་གཅིག ཀ་འཕན། གདུགས། རྒྱལ་མཚན། མཆོད་ཁེབས་བཅས་ཆ་ཚང་བ་ཡོད། རོལ་མོ་དང་། མཆོད་ཆ་ཆ་ཚང་བ་གཅིག གཞན་ཡང་གདན་རིང་ཆ་ལྔ་ཡོད།
ཚོགས་ཟངས་གཉིས། གྲྭ་པ་སུམ་བཅུ་སོ་གསུམ། དགོན་པའི་མངའ་འོག་གི་སྡེ་པའི་དུད་གྲངས་བདུན་བརྒྱ་ལྷག་ཙམ་ཡོད། དགོན་པ་བཏབ་ནས་ད་ལྟའི་བར་དུ་ལོ་བདུན་བརྒྱ་དང་བཅུ་གཉིས་སོང་ཟིན། དགོན་པ་འདིའི་བུ་དགོན་གཉིས་ཡོད་པ། འགྲ་ལས་སྨོན་དགོན་པ་དང་འགྲ་དུང་འཁོར་དགོན་གཉིས་ཡིན།
ཞེས་པ་འདི་ཨ་ཧོར་ཕུར་བའི་ངག་རྒྱུན་ལྟར་བྲིས་པ་དགེའོ།། །།
མི་ཉག་རི་སློ་དགོན་པའི་ལོ་རྒྱུས།
[page 538] རབ་བྱུང་བཅུ་བཞི་པའི་ལྕགས་སྤྲུལ་ལོ་(1821)ལ་རི་ཁུག་གི་བླ་མ་ཞིག་གིས་དགོན་པ་བཏབ། གྲུབ་མཐའ་ནི་ས་སྐྱ་བ་ཡིན། མ་དགོན་ནི་རི་ཁུག་དགོན་པ་རེད། ས་ཆ་དེའི་མིང་རྒྱུ་མཚན་ཅི་ཤེས་མཁན་མེད། བླ་རབས་དུ་བྱོན་ཡང་མི་ཤེས། ཁང་པའི་འཛུགས་བསྐྲུན་སྐོར།
འདུ་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག་བཅས་ཁང་པ་འགའ་ཞིག་ཡོད་ཟེར། འགན་ཁུར་མཁན་མི་སྣའི་སྐོར། བསྟན་བདག་གཅིག་དང་། ཁྲི་པ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་གཅིག མགོན་བླ་གཅིག གཉེར་པ་གཅིག གྲྭ་པ་ལྔ་བཅུ་ཡོད། སྐུ་གསུང་ཐུགས་རྟེན་སྐོར། སྨན་འདམ་སྐུ་འགའ་ཤས་དང་ཐང་ཆེ་ཆུང་བཅུ།
གསེར་སྐུ་བརྒྱད། བཀའ་འགྱུར་ཚར་གཅིག འབུམ་ཆ་གཅིག མཆོད་རྟེན་བརྒྱད་བཅས་ཡོད། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་གསུམ། བུམ་པ་ཆ་གཅིག ནང་མཆོད་གཅིག མཎྜལ་གཅིག དངུལ་ཀོང་གཅིག གདུགས་གཅིག བ་དན་གཅིག དུང་གསུམ། དུང་ཆོས་ཆ་གཅིག སྦུག་ཆལ་ཆ་དྲུག སིལ་སྙན་ཆ་གཅིག རྡོར་དྲིལ་ཆ་གཅིག ཌ་མ་རུ་ཆ་གཅིག ལག་རྔ་ལྔ།
མཆོད་རྔ་གཅིག རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག ཆོས་ར་འཚོགས་རྒྱུ་དགུ་པའི་ནང་ཉིན་བདུན་ཡོད། དཔལ་འབྱོར་གྱི་འོང་ཁུངས་ནི། མི་སེར་དད་ལྡན་ཚོའི་འབུལ་བ་དང་ཁྱིམ་ཚང་གི་རོགས་སྐྱོར་བཅས་ལ་བརྟེན་ནས་འཚོགས། སྦྱིན་བདག་འབྲོག་སྡེ་གསུམ་དང་ཞིང་སྡེ་གཅིག་ཡོད།
རྗེས་སུ་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་གཏོར་བརླག་གཏང་།
དེང་སང་གི་གནས་ཚུལ། འདུ་ཁང་གཅིག་དང་སྲུང་མ་ཁང་གཅིག གཉེར་ཁང་ཇ་ཁང་དུང་འཁོར་ཁང་བཅས་བཞེངས་ཡོད། སྐུ་གསུངས་ཐུགས་བརྟེན་སྐོར། གོང་མ་རྣམ་ལྔ་དང་སྟོན་སྐུ་གཅིག གུ་རུ་གཙོ་འཁོར་གསུམ། བཀའ་བསྟན། འབུམ་ཆ་གཉིས། གཞན་བཀའ་འབུམ་འགའ་དང་མཆོད་རོལ་ཆ་ཚང་བ་ཆོས་ར་འཚོགས་རྒྱུ་བཅས་ཅུང་ཟད་འཛོམས་ཡོད།
སྦྱིན་བདག་གི་དུད་གྲངས་དྲུག་ཅུ་རེ་དྲུག་ཡོད། གྲྭ་པ་བཅུ་དྲུག་ཡོད། ད་སྐབས་འགན་ཁུར་མཁན་མཁན་པོ་དཔལ་ལྡན་དབང་ཕྱུག་དང་ཀུན་དགའ་རྒྱལ་མཚན་བཅས་ཡིན།
ཞེས་པ་འདི་ནི་ཉག་ཆུ་བློ་བཟང་གི་ངག་སྒྲོས་ལྟར་རིག་བསྟན་གྱིས་བྲིས་པའོ།།
རི་རྒྱ་དགོན་པའི་ལོ་རྒྱུས།
རི་རྒྱ་དགོན་པ་ཞེས་པའི་དོན་ནི་ས་ཆའི་མིང་ལ་རི་རྒྱ་ཞེས་པ་ཞིག་གི་ཐོག་ཏུ་ཆགས་ཡོད་པའི་ཕྱིར་ན་རི་རྒྱ་དགོན་ཞེས་བྱའོ། རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ལོ་(སྤྱི་ལོ1795)ལ་དགེ་བཤེས་བྱམས་པ་ཕུན་[page 539] ཚོགས་ཚང་གིས་བཏབ།
དགོན་པའི་མིང་གི་རྣམ་གྲངས་ལ་རི་རྒྱ་དགོན་པ། སོག་ལོག་དགོན་པ་བཅས་ཟེར། གྲུབ་མཐའ་ནི་དགེ་ལུགས་པ་ཡིན། བླ་རབས་བཞི་ཡོད་པ། དགེ་བཤེས་བྱམས་པ་ཕུན་ཚོགས། སྐལ་བཟང་བྱམས་པ་ཕུན་ཚོགས། ཁྲི་དཔོན་བླ་མ། མཁན་པོ་ཞིག་གི་ཡང་སྤྲུལ་ད་དུང་འཚོལ་མ་ཐུབ། མཁན་རབས་གཉིས་ཡོད་པ། སོག་ལོག་བླ་མ།
སྤྲུལ་སྐུ་དགེ་བཤེས་བྱམས་པ་ཕུན་ཚོགས་གཉིས་སོ།། འགན་འཁུར་མཁན་སྐོར་ལ་བསྟན་བདག་སོག་ལོག་བླ་མ་ཡིན། དབུ་མཛད་གཅིག དགེ་སྐོས་གཅིག མཆོད་གཡོག་གཉིས། ཕྱག་མཛོད་གཅིག གཉེར་པ་གཅིག འགན་ཁུར་མཁན་དེ་དག་ནི་ལོ་གསུམ་རེ་སོང་མཚམས་སུ་བརྗེ་ལེན་བྱེད་དགོས། གྲྭ་པ་ལྔ་བཅུ་ང་ལྔ་ཡོད།
དགོན་པའི་ཕྱིའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག མགྲོན་ཁང་གཅིག སྲུང་མ་ཁང་གཅིག ལྷ་ཁང་གཅིག གྲྭ་ཤག་བཅུ། ནང་གི་སྐུ་གསུང་ཐུགས་རྟེན་སྐོར། སྐུ་རྟེན་ཁང་བརྩེགས་གཉིས་ཅན་གྱི་རྒྱལ་བ་བྱམས་པའི་སྐུ་གཅིག ཁང་བརྩེགས་གཅིག་གི་མཐོ་ཚད་ཅན་གྱི་ཇོ་བོ་གཅིག
ཁང་བརྩེགས་གཅིག་གི་མཐོ་ཚད་ཅན་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཅིག སྨན་འདམ་ལས་གྲུབ་པའི་རྗེའི་སྐུ་དང་ཇོ་བོ་རྗེ། ཚེ་ལྷ་རྣམ་གསུམ། བླ་སྐུ་གཉིས་བཅས་བཞེངས་ཡོད། གསེར་སྐུ་ཆེ་ཆུང་བཅོ་ལྔ། ཐང་ག་ཆེ་ཆུང་བརྒྱད་ཅུ་བཅས་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཚར་གཅིག
གསེར་དངུལ་གྱི་བྲིས་མ་འབུམ་ཆ་གཅིག ཡང་གསེར་དངུལ་གྱི་བྲིས་མ་བརྒྱད་སྟོང་ཚར་གཅིག འདོན་ཆ་ཡོངས་རྫོགས་ཚར་གཅིག ཐུགས་རྟེན་བཀའ་གདམས། མཆོད་རྟེན་ཆ་གཅིག ས་རྡོ་ལས་གྲུབ་པའི་མཆོད་རྟེན་གསུམ་བཅས་བཞུགས་སུ་གསོལ་ཡོད།
གནའ་རྫས་རྟེན་གཙོ་གལ་ཆེན་སྐོར། སྦུག་ཆལ་ཆེ་ཆུང་གཉིས། བྱམས་པའི་སྐུ་ཁྱད་འཕགས་གཅིག ཁྲི་དཔོན་གྱི་ཐུགས་དམ་གྱི་རྟེན་གསེར་སྐུ་སྤྱན་རས་གཟིགས་ཕྱག་བཞི་བ་གཅིག་བཅས་དང་། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་བཅུ་གསུམ། བུམ་པ་ཆ་གསུམ། ནང་མཆོད་ཆ་ལྔ། མཁར་རྔ་ཆ་གསུམ། དངུལ་ཀོང་ཆ་བཅོ་ལྔ།
ཀོང་བུ་ཆུང་བ་བརྒྱ་མཆོད་གསུམ། གདུགས་དང་རྒྱལ་མཚན། བ་དན། ཀ་འཕན་བཅས་ཆ་ཚང་བ་གཅིག དུང་ཆ་གསུམ། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་གཅིག སྦུག་ཆལ་ཆ་ཉི་ཤུ་རྩ་ལྔ། སིལ་སྙན་ཆ་གཉིས། རྡོར་དྲིལ་ཆ་བཅུ། ཌ་མ་རུ་ཆ་གསུམ། ལག་ལྔ་ཆ་གསུམ། མཆོད་རྔ་ཆ་གཉིས། རྐང་གླིང་ཆ་བཞི། རྒྱ་གླིང་ཆ་གཉིས།
དུང་ཆེན་ཆ་གཉིས་བཅས་ཡོད། བཤད་གྲྭ་དང་སྒྲུབ་གྲྭ་མེད། མ་དགོན་ནི་ལི་ཐང་དགོན་པ་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི། དགོན་པའི་མ་དངུལ་གཞན་ལ་བུན་བསྐྱེད་བཏང་བ་དང་དད་ལྡན་དག་གིས་འབུལ་བ་ཕུལ་བ་བཅས་ལ་རྟེན་དགོས་ཤིང་། སྦྱིན་བདག་གི་དུད་གྲངས་ཉི་ཤུ་ལྷག་ཙམ་ཡོད།
གནས་འདིར་སྐྱེས་ཆེན་དམ་པ་ཁྲི་བྱང་རིན་པོ་ཆེ་དང་ལྕང་སྐྱ་བ་རོལ་བའི་རྡོ་རྗེ་བཅས་བླ་མ་མང་ཙམ་གྱིས་ཞབས་ཀྱིས་བཅགས་མྱོང་། དེང་སང་གི་གནས་ཚུལ། འདུ་ཁང་གཅིག ཇ་ཁང་གཅིག སྲུང་མ་ཁང་གཅིག གཉེར་ཁང་གཅིག ལྷ་ཁང་གཅིག གྲྭ་ཤག་བརྒྱད། [page 540] སྨན་འདམ་ལས་གྲུབ་པའི་ཁང་བརྩེགས་གཉིས་ཅན་གྱི་བྱམས་པའི་སྐུ་གཅིག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་གཅིག སྤྱན་རས་ཟིགས་ཕྱག་བཞི་བ་གཅིག ཐང་ག་བཞི་བཅུ་ཞེ་གསུམ། གསེར་སྐུ་ཆེ་ཆུང་བཅུ། ཡང་སྨན་འདམ་སྐུ་ཆེ་ཆུང་བཅོ་ལྔ་བཅས་ཡོད།
དགོན་པ་བཏབ་ནས་ད་ལྟའི་བར་དུ་ལོ་ངོ་ཉིས་བརྒྱ་སོང་།
དེང་སྐབས་འགན་ཁུར་འཁན་གཙོ་བོ་ཨ་ཚོགས་དང་། ཚེ་འཕེལ། བློ་བཟང་། ངག་དབང་བྱམས་པ་བཅས་དང་གཞན་དགེ་འདུན་པ་རྒན་གཞོན་རྣམས་དང་། དད་ལྡན་སྐྱ་སེར་ཀུན་གྱིས་རོགས་ལྡན་དང་རྒྱབ་སྐྱོར་ལ་བརྟེན་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་བཞིན་པའོ།། །།
ཞེས་པ་འདི་ནི་བླ་མ་བློ་བཟང་གྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།། །།
བྲག་དཀར་དགོན་པའི་ལོ་རྒྱུས།
བྲག་དཀར་དགོན་ཞེས་པའི་རྒྱུ་མཚན་ནི་ས་ཆ་འདིར་རིན་ཆེན་བྲག་དཀར་ཆོས་འབྱུང་གནས་རི་ཧ་ཅང་ངོ་མཚར་དང་ལྡན་པ་ཞིག་ཡོད་པས་མིང་དེ་ལྟར་བཏགས་སོ། རབ་བྱུང་བཅུ་བཞི་པའི་ཤིང་ལུག་ལོ་(སྤྱི་ལོ1835)ལ་བྱ་བྲལ་བསམ་པ་དོན་གྲུབ་ཚང་གིས་དགོན་པ་གསར་དུ་བཏབ།
ས་ཆ་ནི་དགོན་པའི་ལྷོ་ཕྱོགས་སུ་ནགས་རི་ཆེན་པོ་གཡུ་འབྲུག་སྔོན་མོ་གནམ་ལ་མཆོང་བ་ལྟ་བུ་དང་། དཀྱིལ་དུ་བྲག་དཀར་པོ་དོམ་གྱི་སྙིང་དཀར་ཕྱེས་པ་ལྟ་བུ། གཡས་སུ་ཕུན་ཚོགས་ཆོས་ཀྱི་གླིང་བ། གཡོན་དུ་བཀྲ་ཤིས་དར་རྒྱས་གླིང་། རྒྱབ་ཏུ་དཀྱིལ་འཁོར་སྟེང་། མདུན་དུ་ཏིང་འཛིན་བྲག་རི།
རྒྱབ་རི་ཆོས་ལ་སྒང་ཞེས་བྱའོ། སྔར་དགོན་འདིའི་གྲུབ་མཐའ་བཀའ་གདམས་ཡིན་ཡང་ཕྱིས་སུ་རི་བོ་དགེ་ལྡན་པའི་གྲུབ་མཐའ་ལ་བསྒྱུར། ད་ལྟའང་གྲུབ་མཐའ་དགེ་ལུགས་པ་ཡིན། བླ་རབས་གསུམ་ཡོད། གཅིག་བྱ་བྲལ་བསམ་པ་དོན་གྲུབ་ཡིན། གཉིས་དེའི་ཡང་སྲིད་བློ་བཟང་ཕུན་ཚོགས།
གསུམ་བློ་བཟང་ཕུན་ཚོགས་ཀྱི་ཡང་སྲིད་དེང་སང་གི་མཚམས་པ་བླ་མ་ཡོན་ཏན་ཕུན་ཚོགས་ཡིན། ཁོང་གི་ལོ་རྒྱུས་ཅུང་ཙམ་ཞུས་ན་དགུང་ལོ་བཅུ་དགུ་ཐོག་རབ་ཏུ་བྱུང་། ཉེར་གསུམ་ཐོག་སྔགས་ཆོག་ཞལ་འདོན་ཡོངས་རྫོགས་ཐུགས་ཐོག་ནས་དགོན་པ་ལ་རྒྱུགས་སྤྲད་སྐུ་གོང་མའི་གདན་ས་ལ་སློབ་མ་སུམ་ཅུ་ཙམ་ཁྲིད་ནས་གདན་ས་བསྐྱངས།
ཉེར་བརྒྱད་ཐོག་སློབ་མ་སེར་སྐྱ་ཕོ་མོ་བརྒྱ་དང་ཉི་ཤུ་ཙམ་ཁྲིད་ནས་ཐམས་ཅད་ཀྱི་རྐྱང་ཕྱག་འཚལ་ནས་ལྷ་ས་ལ་ཁྲིད་ནས་སོང་བར་མ་ཚད་བོད་ཀྱི་གནས་དང་རྒྱ་གར་བལ་བོ་བཅས་ལ་གནས་མཇལ་ཕུན་སུམ་ཚོགས་པ་མཛད་ནས་ཞོར་དུ་སློབ་མ་མང་པོ་བློ་ཁ་ཆོས་ལ་བསྒྱུར་བས་ཁོང་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣའི་གྲས་སུ་ཚུད་ཡོད།
འགན་ཁུར་མཁན་སྐོར། བསྟན་བདག་གཅིག ཁྲི་བ་གཅིག དབུ་མཛད་གཅིག མགོན་བླ་གཅིག དགེ་སྐོས་གཅིག ཕྱག་མཛོད་གཅིག གཉེར་པ་གཉིས། འགན་ཁུར་མཁན་རྣམས་ནི་ལོ་གསུམ་སོང་རྗེས་[page 541] བརྗེ་རེས་བྱེད་སྲོལ་ཡོད། གྲྭ་པ་སུམ་ཅུ་ལྷག་ཙམ་ཡོད། ཁང་པའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག
གསེར་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག གྲྭ་ཤག་བཅོ་ལྔ་ཡོད། སྐུ་གསུང་ཐུགས་རྟེན་སྐོར། རྗེ་ཡབ་སྲས་གསུམ་གྱི་གསེར་སྐུ། ཇོ་སྟོན་རྗེ་གསུམ་སྨན་འདམ་སྐུ་གསུམ། ཞལ་ཐང་ཆེ་ཆུང་བཅོ་ལྔ་ཡོད། བཀའ་འགྱུར་ཆ་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་གཅིག ཤིང་ལས་བྱས་པའི་མཆོད་རྟེན་ཆ་བརྒྱད་གཅིག
ས་རྡོའི་མཆོད་རྟེན་ཆ་བརྒྱད་གཅིག་བཅས་ཡོད་དོ།།
རྟེན་གཙོ་རྩ་ཆེན་སྐོར། གསེར་དངུལ་ལས་གྲུབ་པའི་མཎྜལ་ཆ་གཅིག དངུལ་གྱི་ཆུ་གཏོར་གཏོང་ས་ཁྱད་པར་ཅན་གཅིག མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་བཅུ་གཅིག བུམ་པ་ཆ་གཉིས། ནང་མཆོད་ཆ་གཅིག མཎྜལ་ཆ་གཅིག དངུལ་ཀོང་ཆ་གཉིས། མཆོད་མེ་ཆུང་བ་བརྒྱ་མཆོད་ལྔ། གདུགས་རྒྱལ་མཚན་བ་དན་ཀ་འཕན་སོགས་མཆོད་རྫས་ཆ་ཚང་བ་ཡོད།
དུང་ཆོས་ཆ་ཚང་གཅིག དུང་ཆ་གཅིག སྦུག་ཆལ་ཆ་བརྒྱད། སིལ་སྙན་ཆ་གཅིག རྡོལ་དྲིལ་ཆ་གསུམ། ཌ་མ་རུ་ཆ་གསུམ། ལག་རྔ་ཆ་ལྔ། མཆོད་ལྔ་ཆ་གཅིག རྐང་གླིང་ཆ་གཅིག རྒྱ་གླིང་ཆ་གཅིག དུང་ཆེན་ཆ་གཅིག ཆོས་ར་འཚོགས་རྒྱུ་ནི་ཐང་དཀར་མའི་དགོན་པ་དང་འདྲ། འཆམ་རྒྱག་སྲོལ་མེད།
སློབ་གྲྭ་ནི་བཤད་གྲྭ་མེད་ཀྱང་སྒྲུབ་གྲྭ་ཞིག་ཡོད། དགོན་འདིའི་མ་དགོན་ནི་ལི་ཐང་དགོན་པ་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི་དགོན་འདིའི་སྦྱིན་བདག་ཚོའི་འབུལ་བ་ཁོ་ན་ཡིན་ནོ།། སྦྱིན་བདག་གི་དུད་གྲངས་ནི་ཉིས་བརྒྱ་དང་ལྔ་བཅུ་ཡོད། གདན་ས་འདིར་སྐྱེས་ཆེན་དམ་པ། བྱ་བྲལ་པདྨ་རིག་འཛིན་དང་དགེ་བཤེས་རྒྱ་མཚོ།
དགེ་བཤེས་བསྟན་པ་བློ་གྲོས་བཅས་སྐྱེས་ཆེན་མང་ཙམ་བྱོན་ཡོད། རྗེས་སུ་ངོ་རྒོལ་བཞིས་གཏོར་བརླག་བཏང་ནས་ཤུལ་མེད་བྱས།
དེང་སང་གི་གནས་ཚུལ། འདུ་ཁང་དང་སྲུང་མ་ཁང་གཉེར་ཁང་ཇ་ཁང་བླ་བྲང་ཁང་བཅས་བཞེངས་ཡོད། སྐུ་གསུང་ཐུགས་རྟེན་སྐོར་ལ་གསེར་སྐུ་ལྔ་བཅུ་ཙམ་དང་བཀའ་འགྱུར་ཆ་གཅིག་ཤིང་གི་མཆོད་རྟེན་བཅས་བཞུགས། མཆོད་རོལ་དང་མཆོད་རྫས་ཆ་ཚང་བ་གཅིག་འཛོམས་པར་མ་ཟད། ཆོས་ར་འཚོགས་རྒྱུའང་འགའ་ཤས་ཐོན་ཡོད།
སྦྱིན་བདག་གི་དུད་གྲངས་སུམ་བརྒྱ་ཡོད། གྲྭ་པ་ལྔ་བཅུ་ཡོད། དེང་སྐབས་འགན་འཁུར་མཁན་མཚམས་པ་བླ་མ་ཡོན་ཏན་ཕུན་ཚོགས་དང་བཀྲ་ཤིས་ཕུན་ཚོགས་བྱམས་པ་རྒྱ་མཚོ་ཚེ་རིང་ནོར་བུ་བཅས་ཡིན་ནོ།།
ཞེས་པ་འདི་ནི་ཟླ་སྤེལ་དང་རིག་བསྟན་གཉིས་ཀྱིས་གཞན་གྱི་ངག་རྒྱུན་ལྟར་ཞིབ་པར་བྲིས་པ་དགེའོ།
བཀྲ་ཤིས་འཇམ་དབྱངས་དགོན་པའི་ལོ་རྒྱུས།
བཀྲ་ཤིས་འཇམ་དབྱངས་དགོན་ཞེས་པའི་དོན་ནི་རྟེན་འབྲེལ་གྱི་མིང་ཁྱད་པར་བ་ཞིག་ཡིན་ཟེར་བ་[page 542] ལས་གཞན་འགྲེལ་བཤད་རྒྱག་རྒྱུ་མི་འདུག་གོ། དགོན་པ་འདི་རབ་བྱུང་བཅུ་གཅིག་པའི་ས་ལུག་ལོ་ལ་(སྤྱི་ལོ1679ལོ)དགེ་སློང་ངག་དབང་དཔལ་ལྡན་གྱིས་བཏབ།
ས་དེར་ནགས་ཚལ་དང་རི་དྭགས་ཀྱི་རིགས་འདྲ་མིན་སྣ་ཚོགས་ཡོད། རྒྱབ་རི་སེངྒེ་དཀར་མོ་འགྱིང་འདྲ་དང་། མདུན་རི་གླང་ཆེན་འགྱིང་འདྲ། གྲུབ་རྟགས་ཀྱི་ཞབས་རྗེས་ཕྱག་རྗེས་དང་ཕ་དམ་པའི་རྐང་གླིང་གི་རྗེས་སོགས་གྲུབ་རྟགས་ངོ་མཚར་དུ་མ་ཡོད་དོ།
གྲུབ་མཐའ་ནི་དགེ་ལུགས་པ་ཡིན། མ་དགོན་ནི་སྐྱིད་ལེགས་དགོན་པ་ཡིན། མཁན་པོ་ནི་མ་དགོན་གྱིས་གཏོང་སྲོལ་ཡོད། ཁང་པ་འཛུགས་སྐྲུན་གྱི་སྐོར། གཙུག་ལག་ཁང་གཉིས་དང་སྲུང་མ་ཁང་བསྙུང་གནས་ལྷ་ཁང་། བླ་བྲང་ཁང་བརྩེགས་གཉིས་ཅན་གཅིག ཇ་ཁང་། གཉེར་ཁང་གྲྭ་ཤག་བཅས་ཡོད། འགན་ཁུར་སྐོར། བསྟན་བདག ཁྲི་བ། དགེ་སྐོས།
ཕྱག་མཛོད་གཉེར་པ། མཆོད་དཔོན། མགོན་བླ། གྲྭ་པ་སུམ་ཅུ་ལྷག་ཙམ་ཡོད། སྐུ་གསུང་ཐུགས་རྟེན་སྐོར། སྨན་འདམ་ལས་བཟོས་པའི་བྱམས་པ། སྒྲོལ་མ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། རྗེ་སྐུ་སྟོང་ཕྲག་གཅིག གསེར་སྐུ་བཅུ། ཞལ་ཐང་བརྒྱད་ཅུ། རྗེ་སྐུ་ཐང་མོ་ཆེ་ཐོག་བརྩེགས་གཉིས་ཅན་གཅིག བཀའ་འགྱུར།
འབུམ་སོགས་གཞན་དཔེ་ཆ་པོད་བདུན་ཅུ་ཙམ་དང་རྣམ་རྒྱལ་མཆོད་རྟེན་བཞི་བཅས་ཡོད།
མཆོད་ཆ་དང་རོལ་ཆ་སྐོར། གནའ་རྫས་རྩ་ཆེན་སྦུག་ཆལ་འཛམ་གླིང་གཡས་བཞགས་ཟེར་བ་གཅིག སིལ་སྙན་ཆ་གཉིས། འཁར་རྔ་གཅིག རྒྱ་ནག་དྲིལ་བུ་གཅིག ཏིང་ཤག་དུང་ཆ་གཅིག དུང་ཆེན་ཆ་གཉིས། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། གདུགས་རྒྱལ་མཚན་བ་དན་འཕན་བཅས་ཆ་ཚང་བ་ཡོད་དོ།།
དཔལ་འབྱོར་གྱི་ཐོན་ཁུངས་ནི། ཆོས་ཞིང་ས་ཁལ་བཞི་བཅུ་ཞེ་གཉིས་ལྷག་ཙམ་དང་དེའི་སྟེང་དུ་སྦྱིན་བདག་གི་འབུལ་བ་བཅས་ཡིན། སྦྱིན་བདག་གི་དུད་གྲངས་ནི་བརྒྱ་ལྷག་ཙམ་ཡོད།
ཆོས་ར་འཚོགས་རྒྱུའི་སྐོར། དབྱར་གནས། དགུན་ཆོས། འཆམ་རྒྱག་རྒྱུ་དང་བཅས་པ་སྔོན་སྲོལ་བཞིན་ཡོད། ལོ་རེའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་མི་སྟོང་ཕྲག་ལྷག་འདུས་ནས་མཛད་སྒོ་ཤིན་ཏུ་ཆེན་པོ་ཞིག་ཡོད། རྗེས་སུ་ངོ་རྒོལ་བཞིའི་སྐབས་སུ་དགོན་པ་རྩ་མེད་དུ་བཏང་ངོ་།།
དེང་སང་གི་གནས་ཚུལ། གཙུག་ལག་ཁང་དང་གཉེར་ཁང་། ཇ་ཁང་། སྲུང་མ་ཁང་། སྐྱིད་ལེགས་སྐུ་ཞབས་གཟིམ་ཤག་བཅས་རྒྱབ་ཚར། སྐུ་གསུང་ཐུགས་རྟེན་དང་མཆོད་ཆ་རོལ་མོ་མཚོད་རྫས་ཆ་ཚང་བ་འཛོམས་ཡོད། དགེ་སློང་ངག་དབང་དཔལ་ལྡན་གྱི་སྐུ་འདྲ་ཁྱད་པར་ཅན་ཞིག་བཞེངས་ཡོད། གྲྭ་པ་དྲུག་ཡོད།
སྦྱིན་བདག་གི་དུད་གྲངས་བཞི་བཅུ་ཞེ་བཞི་ལྷག་འདུག་གོ དེང་སང་འགན་ཁུར་མཁན་གཙོ་བོ་ནི་ཐུབ་བསྟན་ཆོས་འཕེལ་སོགས་ཡིན་ནོ།
ཞེས་པ་འདི་ནི་དཔེ་འཛིན་རོང་གི་བླ་མ་ཐུབ་བསྟན་གྱི་ངག་སྒྲོས་ལྟར་རིག་བསྟན་གྱིས་བྲིས་པའོ།།[page 543]
སྤང་གདོང་དགོན་གྱི་ལོ་རྒྱུས།
སྤང་གདོང་དགོན་པ་ཞེས་པའི་དོན་ནི་སྤང་གདོང་ཞིག་གི་སྟེང་དུ་ཆགས་ཡོད་པས་ན་སྤང་གདོང་དགོན་ཞེས་བྱའོ། རབ་བྱུང་བཅུ་པའི་ཤིང་ལུག་ལོ་(1495)ལ་སྒོ་སོག་མཁན་རྒན་ཚང་གིས་དགོན་པ་བཏབ།
གྲུབ་མཐའ་ནི་སྔོན་བོན་པོ་ཡིན་ཡང་ཕྱིས་སུ་ཡུལ་དེར་དགེ་ལུགས་པ་དར་སྒང་ཅིག་ལ་བོན་དགོན་མེ་ཤོར་ནས་མེད་པར་བྱས། གྲུབ་ཐའ་དགེ་ལུགས་པ་ལ་བསྒྱུར་རོ།། བླ་རབས་ནི་སྒོ་སོག་མཁན་རྒན་སྐུ་ཕྲེང་རིམ་བྱོན་རྣམས་ཡིན། ཡུལ་དེར་བླ་མ་རྩ་ཆེན་མང་པོ་བྱོན་མྱོང་འདུག འགན་ཁུར་མཁན་སྐོར། བསྟན་བདག་གཅིག ཁྲི་པ་གཅིག
མགོན་བླ་གཅིག དབུ་མཛད་གཅིག དགེ་སྐོས་གཉིས། ཕྱག་མཛོད་གཅིག གཉེར་པ་གཉིས། མཆོད་དཔོན་གཉིས། གྲྭ་པ་སུམ་ཅུ་སོ་དགུ་ཡོད། ཁང་བའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག མགོན་ཁང་གཅིག མགྲོན་ཁང་གཅིག གྲྭ་ཤག་སུམ་ཅུ་ལྷག་ཡོད།
སྐུ་གསུང་ཐུགས་རྟེན་སྐོར། འདམ་སྐུ་བཅོ་ལྔ་ཡོད། གསེར་སྐུ་ལྔ་ཡོད། ཐང་མོ་ཆེ་གཅིག བཀའ་འགྱུར་ཆ་གཅིག འབུམ་ཚར་གཉིས། གསུང་འབུམ་སྐོར་པོད་བརྒྱ་ལྷག་ཙམ་ཡོད། ས་རྡོ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་གཅིག་དང་ཆུང་བ་བཞི་ཡོད། རྟེན་གཙོ་གནའ་རྫས་རྩ་ཆེན་སྐོར། དུང་དཀར་ཆ་གཅིག་དང་ཡ་ཞིག་ཡོད།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་གསུང་འབྱོན་མ་གཅིག མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་བཅུ། བུམ་པ་ཆ་ལྔ། ནང་མཆོད་ཆ་གསུམ། ཀོང་བུ་ཆ་ཉི་ཤུ། གདུགས་རྒྱལ་མཚན་བཅས་མཆོད་རྫས་ཆ་ཚང་བ། དུང་ཆོས་ཆ་གསུམ། དུང་ཆ་ལྔ། རྡོར་དྲིལ་ཆ་བཞི། ཌ་མ་རུ་ཆ་བཞི། སྦུག་ཆལ་ཆ་བཅུ་གཅིག སིལ་སྙན་ཆ་གཉིས། ལག་རྔ་ཆ་གཉིས།
མཆོད་རྔ་ཆ་གཅིག རྐང་གླིང་ཆ་གཅིག རྒྱ་གླིང་ཆ་གཅིག དུང་ཆེན་ཆ་གཅིག ཆོས་ར་འཚོགས་རྒྱུ་སྐོར། ཟླ་བ་བདུན་པའི་ནང་ལྷ་གསོ་འཚོགས་དགོས། ཟླ་བ་བརྒྱད་པའི་ནང་བཟང་སྤྱོད་འདོན་དགོས། གཞན་མ་དགོན་ནི་ལི་ཐང་དགོན་པ་རེད། དཔལ་འབྱོར་གྱི་ཐོན་ཁུངས་ནི་ཆོས་ཞིང་དང་ཚོང་ལས་སྦྱིན་བདག་གི་འབུལ་བ་བཅས་ཡིན།
སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། རྗེས་སུ་ངོ་རྒོལ་བཞིས་རྩ་མེད་བཏང་ངོ་།།
དེང་སང་གི་གནས་ཚུལ། འདུ་ཁང་དང་སྲུང་མ་ཁང་གཉེར་ཁང་ཇ་ཁང་བླ་བྲང་ཁང་གྲྭ་ཤག་ཉི་ཤུ་བཅས་ལས་ཚར་ཡོད། སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་མཆོད་ཆ་རོལ་ཆ་བཅས་ཅུང་ཙམ་འཛོམས་ཡོད། ཆོས་ར་འཚོགས་རྒྱུ་དབྱར་ཆོས་དང་དགུན་ཆོས་འཆམ་དང་བཅས་པ་ཐོན་ཡོད། སྦྱིན་བདག་གི་དུད་གྲངས་ལྔ་བཅུ་ཡོད། གྲྭ་པ་སུམ་ཅུ་ཙམ་ཡོད།
ཅེས་པ་འདི་ནི་བླ་མ་ཐུབ་བསྟན་གྱི་ངག་སྒྲོས་ལྟར་བྲིས་པའོ།། །།[page 544]
དགོན་གསར་དགོན་པའི་ལོ་རྒྱུས།
དགོན་གསར་དགོན་ཞེས་པའི་རྒྱུ་མཚན་ནི་གྲུབ་ཆེན་ས་རྭ་འབུམ་གྱིས་གུར་ཀུམ་སྟེང་དང་སྒོ་མཛོ་སྟེང་། གླིང་སྟེང་གསུམ་ལ་དགོན་པ་གསུམ་བཏབ་ཡོད། དེའི་རྗེས་སུ་གཙང་ཆོས་ཀུན་དགའ་རྒྱལ་མཚན་གྱིས་དགོན་པ་གསུམ་དེ་གཅིག་ཏུ་བསྡུས་ནས་དགོན་པ་གསར་པ་ཞིག་བཏབ་པ་ཡིན་པས་དགོན་གསར་དགོན་ཞེས་བྱའོ།
བོད་རབ་བྱུང་དྲུག་པའི་ས་ཁྱི་ལོར་(སྤྱི་ལོ1358)གཙང་ཆོས་ཀུན་དགའ་རྒྱལ་མཚན་གྱིས་བཏབ། མཛད་རྗེས་ཅན་གྱི་སྐྱེས་བུ་རིམ་བྱོན་ལ། བླ་རབས་བཞི་ཡོད་པ། གྲུབ་ཆེན་ས་རྭ་འབུམ། གཙང་ཆོས་ཀུན་དགའ་རྒྱལ་མཚན། པཎ་ཆེན་བསྟན་པའི་ཉི་མ། སྒོ་སོག་རིན་པོ་ཆེ་བཅས་ཡིན། འགན་ཁུར་པ།
བསྟན་བདག་གྲུབ་ཐོབ་རྭ་འབུམ་ཡིན། མཁན་པོ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་བཞི། གཉེར་པ་གསུམ། མཆོད་དཔོན་གཅིག མཆོད་གཡོག་བཞི་དང་། དགེ་འདུན་པའི་གྲངས་ཀ་ལྔ་བརྒྱ་དང་ལྔ་བཅུ་ཡོད། འཛུགས་སྐྲུན་སྐོར། ཚོགས་ཁང་ཀ་བ་བརྒྱད་ཅུ་ཅན་གཅིག ཇ་ཁང་གཅིག གཉེར་ཁང་གཅིག ཁང་ཚན་གསུམ། གྲྭ་ཤག་དྲུག་ཅུ།
མགོན་ཁང་གཅིག་བཅས་ཡོད། ཐབ་ཆས་སྐོར། ཚོགས་ཟུངས་དྲུག ཟོ་ཁྲ་སུམ་ཅུ། སྐྱོགས་བཅུ། ཆུ་ཟོམ་ལྔ། སྡེར་མ་བརྒྱད་བཅས་ཡོད། འཚོ་བའི་རྟེན་གཞི། དགོན་རང་ཉིད་ལ་ས་ཞིང་མུའུ་བརྒྱ་དང་ང་བཅུ་ལྷག་ཡོད། འབྲོག་པའི་ཐོག་ལ་ཕྱུགས་ཟོག་མུ་ཉུང་བ་ཙམ་ཡོད། ད་དུང་ཚོང་ལས་བྱས་པ་དང་དད་ལྡན་གྱི་འབུལ་བ་བཅས་ལ་བརྟེན་དགོས།
འོག་སྡེའི་དུད་གྲངས་ཆིག་སྟོང་ཉི་ཤུ་ལྷག་ཙམ་ཡོད།
སྐུ་གསུང་ཐུགས་རྟེན་སྐོར། སྨན་འདམ་སྐུ་བྱམས་པ་ཁང་ཐོག་བརྩེགས་གཉིས་ཅན་གཅིག རྗེ་རིན་པོ་ཆེའི་སྐུ་གསེར་ཟངས་ལས་གྲུབ་པའི་བྱམས་པ་བརྩེགས་གཉིས་ཅན་གཅིག སྤྱན་རས་གཟིགས། ཇོ་བོའི་སྐུ་ཁང་བརྩེགས་གཅིག་ཅན་གཅིག གོང་གི་བླ་རབས་བཞིའི་སྐུ་བརྙན་རེ་རེ། རྒྱ་ནག་ལི་མའི་ཇོ་བོ་མཐོ་བཅོ་བརྒྱད་ཅན་གཅིག
གསེར་སྐུ་རྙིང་པ་བརྒྱ། རག་གི་སྟོན་སྐུ་དྲུག་བརྒྱ། སྲུང་མ་ཁང་དུ་འཇིགས་བྱེད་དང་དམ་ཅན་གཉིས། ཞལ་ཐང་ཉིས་བརྒྱ། གོས་སྐུ་གཅིག བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག གསེར་དངུལ་ལས་བྲིས་པའི་འབུམ་ཚར་བཞི། ས་དགེའི་འདོན་ཆ་ཚང་བ་ཡོད། བཀའ་གདམས་མཆོད་རྟེན་ཆ་གསུམ།
ས་རྡོ་ལས་བཞེངས་པའི་མཆོད་རྟེན་གཅིག་བཅས་ཡོད། གནའ་རྫས་ཀྱི་རྟེན་གཙོ་གལ་ཆེན་སྐོར། སྦུག་ཆལ་འཛམ་གླིང་གཡས་བཞག་ཟེར་བ་གཅིག དམ་ཅན་གྱི་ཐང་ག་ཁྱད་འཕགས་ཅན་གཅིག དུང་དཀར་རང་གྲགས་གཅིག སིལ་སྙན་བྱ་ཤང་ཤང་གིས་ཁྱེར་ཡོང་བ་གཅིག་བཅས་བསམ་ཡུལ་ལས་འདས་པའི་རྟེན་ཁྱད་པར་ཅན་མང་ཡང་དེང་སང་ཐམས་ཅད་ཤེས་མཁན་མི་འདུག
མཆོད་ཆ་དང་རོལ་ཆའི་སྐོར། ཏིང་ཕོར་ཉིས་བརྒྱ་ལྷག གསེར་དངུལ་རག་ཟངས་ལས་གྲུབ་པའི་བུམ་པ་ཆ་བཅུ། ནང་མཆོད་བཅུ། མཎྜལ་ཆ་ལྔ། དངུལ་ལས་གྲུབ་པའི་ཐོད་པ་ལྔ། དངུལ་ཀོང་ཆ་གསུམ། རྒྱ་[page 545] ཕིབས་དང་རྒྱལ་མཚན་བ་དན་ཀ་འཕན་སོགས་དུ་མ་ཡོད། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་བཅུ་ཡོད།
དུང་ཆ་གཅིག དུང་ཆེན་ཆ་བཞི། རྒྱ་གླིང་ཆ་བརྒྱད། སྦུབ་ཆལ་བརྒྱ་དང་སུམ་ཅུ། རྐང་གླིང་ཆ་དྲུག སིལ་སྙན་ཆ་ལྔ། རྡོར་དྲིལ་ཆ་ཉིས་བརྒྱ། ཌ་མ་རུ་ཆ་ལྔ་བཅུ། གཞན་ཡང་གདན་རིང་ཆ་བརྒྱད། གདན་ཁ་གང་མ་སུམ་བརྒྱ་བཅས་ཡོད།
དུས་མཆོད་སྐོར། ཟླ་བ་དང་པོའི་ཚེས་བརྒྱད་ནས་ཚེས་བཅུ་དྲུག་བར་དུ་སྨོན་ལམ་འཚོགས་རྒྱུ་དང་། ཟླ་བ་གཉིས་པའི་ཚེས་གཅིག་ནས་ཉི་ཤུའི་བར་དུ་ཁང་ཚན་འཚོགས། ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ནས་ཉེར་དྲུག་བར་དུ་མི་འཁྲུགས་པའི་སྒྲུབ་མཆོད། ཚེས་ཉེར་བདུན་ལ་ལས་གནས་བསྐོས་བཞག་བྱེད་དགོས།
ཟླ་བ་གསུམ་པའི་ཚེས་སུམ་ཅུ་ནས་ཟླ་བ་བཞི་བའི་ཚེས་བཅུ་དྲུག་བར་དུ་བསྙུང་གནས་འདུག་དགོས། བཞི་པའི་ཚེས་བཅུ་བདུན་ལ་མགོན་པོའི་གཏོར་ཆེན། ཉི་ཤུ་བཞི་ལ་བཀའ་འགྱུར་ཞལ་ཕྱེ་དང་འཇིགས་བྱེད་ཀྱི་ཐིག་རྡུལ་ཚོན། ཟླ་བ་ལྔ་པའི་ཚེས་གཅིག་ནས་བཅུའི་བར་དུ་འཇིགས་བྱེད་སྒྲུབ་མཆོད།
ཚེས་བཅུ་གཅིག་ནས་ཉི་ཤུའི་བར་དུ་མ་ཎི་དུང་སྒུབ་དང་བདེ་མཆོག་གི་རྡུལ་ཚོན། ཚེས་ཉེར་གཅིག་ནས་ཟླ་དྲུག་པའི་ཚེས་གཉིས་བར་དུ་བདེ་མཆོག་སྒྲུབ་མཆོད། ཚེས་གསུམ་ལ་རི་བསང་རླུང་རྟ་དང་དབྱར་མཐོང་དགའ་སྟོན། ཚེས་ལྔ་ནས་བརྒྱད་བར་དུ་རབ་གནས་དགེ་ལེགས་ཆར་འབེབས་འཚོགས། ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་གཅིག་ཕྱེད།
དབྱར་ཆོས་ཀྱི་སྐབས་སུ་གསང་འདུས་སྒྲུབ་མཆོད་དང་ལྷ་མོའི་གཏོར་ཆེན་གྱི་ཆོ་ག་བཅས་དང་། ཟླ་བ་བརྒྱད་པའི་ཚེས་གཅིག་ནས་བཟུང་ཀུན་རིགས་སྒྲུབ་མཆོད་ཟླ་བ་གཅིག་འཚོགས་དགོས། ཟླ་བ་དགུ་པའི་ནང་མགོན་དཀར་བུམ་སྒྲུབ་དང་ལྷ་གསོལ། ཟླ་བ་བཅུ་པའི་ཚེས་ཉེར་གསུམ་ནས་ཉེར་བདུན་བར་དུ་དགའ་ལྡན་ལྔ་མཆོད།
ཡང་འདི་ཟླའི་ཉེར་བཞི་དང་ཉེར་ལྔ། ཉེར་དྲུག་བཅས་ལ་འབག་འཆམ་དང་ཕྱི་དྲོ་སྒྲུབ་གཏོར་གཏོང་། ཟླ་བ་བཅུ་གཅིག་པའི་ནང་ཆོས་མཚམས།
ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཅིག་ནས་ཉེར་དགུའི་བར་དུ་སྤྱི་གཏོར་འཚོགས་རྒྱུ་བཅས་ནི་སྔོན་གྱི་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཡིན་ནོ།། གདན་ས་འདིར་བྱོན་མྱོང་བའི་སྐྱེས་ཆེན་དམ་པའི་སྐོར།
ཤོག་དྲུག་སྐྱབས་མགོན་དང་ཁྲི་བྱང་རིན་པོ་ཆེ་སོགས་བླ་སྤྲུལ་སྐྱེས་ཆེན་མང་ཙམ་གྱིས་ཞབས་ཀྱིས་བཅག་བྱིན་རླབས་གནང་མྱོང་ངོ་།། རིག་གནས་དར་ཚུལ་དང་མ་དགོན་དང་བུ་དགོན་དུ་ཡོད་སྐོར། བཤད་གྲྭ་དང་སྒྲུབ་གྲྭ་ནི་མེད།
བུ་དགོན་ཀ་ར་ཤུལ་གྱི་སྔར་དུང་འཁོར་ཞིག་གི་ཤུལ་དུ་ད་ལྟ་ལྷ་ཁང་ཆུང་བ་བརྩེགས་གཉིས་ཅན་གཅིག་བཞེངས་ཡོད། མ་དགོན་ནི་ལི་ཐང་དགོན་ཡིན་ནོ།། དཔལ་འབྱོར་གྱི་ཡོངས་ཁུངས་སྐོར། གནའ་ས་ཞིང་དང་འབྲོག་ལས་ཚོང་སོགས་ལ་བསྟེན་ནས་རང་ཁ་རང་སྤེལ་བྱས། ད་ལྟ་ནི་མི་སེར་གྱི་འབུལ་བ་ཁོ་ནས་འཚོ་བ་སྐྱེལ་བཞིན་ཡོད།
གནའ་དང་ད་ལྟའི་དགེ་འདུན་པའི་གྲངས་ཀའི་སྐོར་ནི། གནའ་སྔ་མོ་གྲྭ་པ་ལྔ་བརྒྱ་དང་ལྔ་བཅུ་ཡོད། དེང་སང་གྲྭ་པ་བདུན་ཅུ་དོན་བརྒྱད་ཡོད། པར་ཤིང་ལ་གསོལ་ཀའི་པར་ཤིང་ཆ་ཚང་བ་གཅིག་ཡོད། དེ་རྗེས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེས་གཏོར་བཤིག་ཚབས་ཆེན་བྱས་ནས་དགོན་པ་གྱང་རལ་[page 546] ཞིག་ཏུ་གྱུར།
དེང་དུས་ཀྱི་གནས་ཚུལ། ཚོགས་ཁང་ཉམས་གསོ་ལེགས་པོ་བྱས་ཡོད། ཇ་ཁང་གཅིག མགོན་ཁང་གཅིག བཀའ་བསྟན་ཁང་གཅིག གྲྭ་ཤག་སུམ་ཅུ་བཅས་བཞེངས་ཡོད། སྐུ་གསུང་ཐུགས་རྟེན་སྐོར་ལ། སྨན་སྐུ་བྱམས་པ་ཐོག་བརྩེགས་གཉིས་ཅན་གཅིག རྗེ་རིན་པོ་ཆེ་དང་སྤྱན་རས་གཟིགས། ཇོ་བོ་ཐོག་བརྩེགས་ཅན་གཅིག རག་གི་སྟོན་སྐུ་དྲུག་བརྒྱ་ཡོད།
སྲུང་མ་ཁང་ན་འཇིགས་བྱེད་དང་དམ་ཅན་གྱི་སྐུ་བཞེངས་ཡོད། ཞལ་ཐང་ཉི་ཤུ། གོས་སྐུ་གཅིག བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག འབུམ་ཆ་བཞི། མཆོད་རྟེན་ཁ་ཤས་བཅས་བཞེངས་ཡོད། ཆོས་ར་འཚོགས་རྒྱུའི་སྐོར། གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་དང་བསྙུང་གནས། ལྔ་མཆོད་འབག་འཆམ་དང་བཅས་པ་ཚུགས་ཡོད།
མཆོད་ཆ་དང་རོལ་མོ་སྐོར་ཆ་ཚང་བ་གཅིག ཚོགས་ཟངས་གསུམ་ཡོད། འོག་གི་སྡེ་བ་དང་དད་ལྡན་འཚོ་བ་སྦྱོར་མཁན་སྦྱིན་བདག་ནི་ཤང་ཁག་ལྔའི་དུད་གྲགས་ཙམ་ཡོད། འགན་ཁུར་མཁན་སྐོར་ལ་མཁན་པོ་གཅིག སྤྲུལ་སྐུ་གཅིག སློབ་དཔོན་གཅིག དབུ་མཛད་གཅིག དགེ་སྐོས་གཅིག དགེ་གཡོག་གཅིག མཆོད་དཔོན་གཅིག་བཅས་ཞལ་བཞུགས།
སྤྲུལ་སྐུ་ཡོན་ཏན་ཕུན་ཚོགས་ཚང་གིས་དགེ་རྒན་མཛད་ནས་མཚན་ཉིད་དང་དག་ཡིག་བཅས་སློབ་གྲྭ་བ་རྣམས་ལ་ཁྲིད་བཞིན་ཡོད། དགོན་པ་བཏབ་ནས་ད་ལྟའི་བར་དུ་ལོ་དྲུག་བརྒྱ་དང་སུམ་ཅུ་སོ་བདུན་སོང་།
ཅེས་པ་འདི་ནི་དགོན་པའི་དགེ་འདུན་སྤྱི་དང་བྱེ་བྲག་ཏུ་འགན་ཁུར་གཞོན་པ་ཨ་དོན་བཅས་ལ་དྲིས་ནས་བོད་རབ་བྱུང་བདུན་པའི་ཤིང་ཕག་ལོར་(སྤྱི་ལོ་1995)ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་ཉག་ཆུ་ཁ་ནས་རིག་བསྟན་གྱིས་བྲིས་པ་དགེའོ།། །།
ཐང་དཀར་དགོན་པའི་ལོ་རྒྱུས།
ཐང་དཀར་དགོན་ཞེས་པའི་ཐང་དཀར་གྱི་དོན་ནི་ཤོག་དྲུག་སྐྱབས་མགོན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་ཀྱི་ཞལ་ནས་བཀྲ་ཤིས་ཐང་དཀར་པད་འདབ་རྒྱས་པའི་སྟེང་ཞེས་གསུངས་པ་ལྟར་ཐང་དཀར་ཞེས་པ་ནི་རྒྱལ་མཆོག་བདུན་པ་ཆེན་པོ་ལི་ཐང་དུ་འཁྲུངས་དུས།
མ་ཡུམ་གྱིས་རྒྱབ་ཏུ་ཁུར་ནས་ལྟོ་སློང་སར་སོང་སྟེ་ཐང་འདིར་སླེབས་པའི་ཚེ་བུ་ཆུང་ས་ཆ་འདིར་བཞག་ནས་མ་ཡུམ་ལྟོ་སློང་དུ་སོང་སྐབས་སུ།
གློ་བུར་དུ་ཆར་པ་བབས་པར་མ་ཡུམ་གྱིས་ཆར་གྱིས་བུ་ལ་གནོད་ཡོང་སྙམ་ནས་མགྱོགས་པར་བུ་རྩར་སླེབས་དུས་བྱ་ཐང་དཀར་རྒོད་པོ་ཞིག་གིས་གཤོག་པའི་ནང་དུ་བཞག་ཏེ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མཐོང་བས་ཕྱིས་སུ་མིང་དེ་ལྟར་ཐོགས་སོ།། བོད་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོ་ལ་(1674)དགའ་ལྡན་ཁྲི་ཆེན་ང་བཞི་པ་ངག་དབང་མཆོག་ལྡན་གྱིས་གུར་དཀར་པོའི་དགོན་པ་གྲྭ་ཚང་གི་མགོ་[page 547] བཙུགས་པར་མཛད། ཁོང་གིས་གུར་དཀར་པོའི་དགོན་པ་བརྒྱ་དང་བཅུ་གསུམ་བཏབ་པའི་ཡ་གྱལ་གཅིག་ཡིན།
གྲུབ་མཐའ་གནའ་ནས་ད་ལྟའི་བར་དུ་དགེ་ལུགས་པ་ཡིན། དགོན་པའི་མིང་གི་རྣམ་གྲངས་སྐོར། ཨོ་ཐོག་གྲྭ་ཚང་། གཙང་ཤུལ་དགོན། དགའ་ལྡན་བཀྲ་ཤིས་གླིང་། ཐང་དཀར་དགོན།
ཁམས་ནཱ་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་བཅས་སོ།། བླ་རབས་སྐོར་ནི་ཁྲི་ཆེན་ངག་དབང་མཆོག་ལྡན་ནི་རྭ་སྒྲེང་སྐུ་ཕྲེང་དང་པོ་དང་རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོའི་ཡོངས་འཛིན་ཡིན། གཙང་ཤུལ་སྐུ་ཕྲེང་དང་པོ་འཕྲིན་ལས་དམ་ཆོས། སྐུ་ཕྲེང་གཉིས་པ་འཕྲིན་ལས་བློ་ཆོས།
སྐུ་ཕྲེང་གསུམ་པ་ངག་དབང་སྐལ་བཟང་འཕྲིན་ལས། དགེ་བའི་བཤེས་གཉེན་ཨ་དམ་ཕུན་ཚོགས་ཀྱི་སྐུ་ཕྲེང་གཉིས་པ་རྗེ་བཙུན་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་ཡིན། དགེ་བའི་བཤེས་གཉེན་ཡེ་ཤེས་བློ་གྲོས་ཀྱི་སྐུ་ཕྲེང་གཉིས་པ་དམ་ཆོས་ཡེ་ཤེས།
དགེ་བཤེས་རབ་བརྟན་བསམ་འཕེལ་གྱི་སྐུ་ཕྲེང་གཉིས་པ་བསྟན་འཛིན་ཐེག་མཆོག དགེ་བཤེས་རབ་བརྟན་བསམ་འཕེལ་གྱི་སྐུ་ཕྲེང་གཉིས་པ་བསྟན་འཛིན་ཐེག་མཆོག དགེ་བཤེས་འཕྲིན་ལས་མཁས་བཙུན་གྱི་སྐུ་ཕྲེང་གཉིས་པ་རབ་ཆུང་མ། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན། སྐུ་ཕྲེང་བཞི་པ་དགེ་བཅུ་ཡར་འཕྲེལ།
སེར་ཤུལ་དགེ་བཤེས་ཀྱི་སྐུ་ཕྲེང་གསུམ་པ་བསྟན་འཛིན་དམ་ཆོས། ངག་དབང་བདེ་ལེགས་ཀྱི་ཡང་སྲིད་དམ་ཆོས་ཉི་མ། ཁམས་སྤྲུལ་བསྟན་པའི་ཉི་མའི་ཡང་སྲིད་བློ་བཟང་དབང་ཕྱུག ཞྭ་ཆེར་སྤེལ་བཀའ་འགྱུར་རིན་པོ་ཆེའི་སྐུ་ཕྲེང་གསུམ་པ་ཚུལ་ཁྲིམས་རྒྱ་མཚོ་བཅས་སོ།།
མཁན་རབས་ཀྱི་སྐོར། གཙང་ཤུལ་དགེ་བཤེས་འཕྲིན་ལས་དམ་ཆོས། དུར་ར་བླ་མ་བརྩོན་འགྲུས་ཕུན་ཚོགས། ཀྱ་རྒན་དགེ་བཤས་རབ་ཡངས་རྒྱ་མཚོ། ཨ་ཚབ་དགེ་བཤེས་བློ་བཟང་དམ་ཆོས། དུར་ར་བླ་མ་མཐུ་སྟོབས་ཉི་མ། དེ་ནས་ཨ་དམ་ཕུན་ཚོགས། བླ་མ་འདིས་འདུལ་བ་གཞི་གསུམ་གྱི་ཆོ་གའི་དབུས་བཙུགས་པར་མཛད།
ཁོང་ནི་མདོ་སྔགས་གཉིས་ཀྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། དགེ་བཤེས་ཡེ་ཤེས་བློ་གྲོས། གཙང་ཤུལ་སྐུ་ཕྲེང་གཉིས་པ་འཕྲིན་ལས་བློ་གྲོས། དགེ་བཤེས་ཕུན་ཚོགས་རྒྱལ་མཚན། སྤྲུལ་སྐུ་རབ་བརྟན་བསམ་འཕེལ། བློ་བཟང་འགྱུར་མེད། ཏིང་འཛིན་ཨ་བློ། སེར་ཤུལ་དགོན་མ་བསྡུས། སྐལ་བཟང་དམ་ཆོས།
སྤྲུལ་སྐུ་བློ་བཟང་བསྟན་འཛིན་བཅས་ཡིན་ནོ།། དུས་ཕྱིས་ཆོས་སྒོ་ཕྱེས་ནས་མཁན་རབས་རྣམས་ནི་ཁྲི་ཐོག་ཚེ་འཕེལ། བློ་བཟང་བྱམས་པ། དམ་ཆོས་ཚེ་འཕེལ། བླ་མ་ཨ་ཚོ། གཙང་ཤུལ་སྐུ་ཕྲེང་གསུམ་པ་ཚྭ་སྟག་དགེ་ལེགས་རྒྱ་མཚོ། སྐལ་བཟང་འཕྲིན་ལས། ཨ་ཁུ་དམ་ཆོས། དགེ་བཤེས་བློ་བཟང་མགོན་པོའི་བར་དུ་ཡིན།
ས་གནས་འདིར་སྐྱེས་ཆེན་དམ་པས་ཞབས་ཀྱིས་བཅགས་ཚུལ། རྒྱལ་པ་སྐལ་བཟང་རྒྱ་མཚོ། ཁྲི་ཆེན་ངག་དབང་མཆོག་ལྡན། ཏྲེ་ཧོར་སྐྱབས་མགོན། གདན་མ་སྟོང་ལྡན་རིན་པོ་ཆེ། ལྕང་སྐྱ་རོལ་བའི་རྡོ་རྗེ། ཤོག་དྲུག་སྐྱབས་མགོན་སྐུ་ཕྲེང་ཐོག་མ་ངག་དབང་བློ་བཟང་བསྟན་འཛིན་[page 548] འཕྲིན་ལས་བཅས་བྱོན་མྱོང་། ཏྲེ་ཧོར་སྐྱབས་མགོན་ཚང་གིས་དུས་འཁོར་དབང་ཆེན་གནང་སྐབས་རྣམ་རྒྱལ་མཆོད་རྟེན་ཞིག་ཀྱང་བཞེངས་ཡོད། འགན་ཁུར་གྱི་མི་སྣའི་སྐོར། བསྟན་བདག་མཁན་པོ་གཅིག ཁྲི་བ་གཅིག དབུ་མཛད་གཅིག དགེ་སྐེས་གཅིག མཆོད་གཡོག་གཅིག ཕྱག་མཛོད་གཅིག མགོན་བླ་གཅིག
ལོ་གཉིས་རེའི་མཚམས་ནས་གོང་གི་འགན་ཁུར་རྣམས་བརྗེ་ལེན་བྱེད་དགོས། གྲྭ་པ་ཆིག་སྟོང་ལྷག་ཙམ་ཡོད། སྦྱིན་བདག་གི་སྡེ་བའི་དུད་གྲངས་ཆིག་སྟོང་ཙམ་ཡོད། འཛུགས་སྐྲུན་སྐོར། འདུ་ཁང་ནི་གུར་ཆེན་ཞིག་དང་། གྲྭ་ཤག་གི་ཚབ་གུར་ཆུང་བརྒྱ་ལྷག་ཙམ་ཡོད། སྐུ་གསུང་ཐུགས་རྟེན་སྐོར།
གསེར་ཟངས་ལས་གྲུབ་པའི་བྱམས་པ་མགོན་པོའི་སྐུ་སྤྱི་ཁྲི་གང་ཅན་གཅིག དེ་མིན་གསེར་སྐུ་ཉིས་བརྒྱ། གསེར་ནག་གིས་བྲིས་པའི་དུས་འཁོར་གྱིོ་ཞལ་ཐང་གཅིག གསེར་དངུལ་གྱི་བྲིས་པའི་བཀའ་བསྟན་ཆ་གཉིས་བཅས་ཡོད། མཆོད་རྟེན་ཆ་བརྒྱད་གཅིག་ཡོད། རྩོད་གྲྭ་གཅིག་ཡོད་ཅིང་སྒྲུབ་པ་གྲྭ་ཚང་ནི་མེད།
གྲྭ་ས་འགྲོ་ས་ནི་གདན་ས་གསུམ་ཡིན། དཔལ་འབྱོར་གྱིོ་འོང་ཁུངས། གནའ་ནས་ད་ལྟའི་བར་དུ་དད་ལྡན་སྦྱིན་བདག་ཚོས་འབུལ་བ་ལ་བརྟེན་དགོས། ས་ཁྱོན་ནི་དགོན་པ་འདི་བཏབ་སའི་ཐང་རྒྱ་ཡོངས་ཡིན་ནོ།། མཆོད་ཆ་དང་རོལ་ཆས་སྐོར། དངུལ་བུམ་བཅུ། དངུལ་གྱི་ཐོབ་བུ་བཅུ་གསུམ། དབང་རྫས་ཆ་ཚང་བཅུ་གསུམ།
སྦུག་ཆལ་ཆ་བརྒྱ་དང་ལྔ་བཅུ། གསེར་གྱི་ར་མ་ལུག་ཅན་གྱི་རྒྱ་གླིང་ཆ་གཅིག སྤོས་ཕོར་ཆ་གཅིག རྫོང་བ་དཔོན་ཚང་གིས་བཞག་པའི་ཨ་རིའི་རྒྱ་གསེར་ལས་གྲུབ་པའི་སྤོས་གོས་ཆ་གཅིག དུང་ཆེན་ཆ་གསུམ། གསེར་ཀོང་ཆ་གཅིག དངུལ་ཀོང་ཆ་ལྔ། ནང་མཆོད་ཆ་བཞི།
རིགས་ལྔ་ཨོ་ཐོག་དཔོན་པོ་ཚང་གི་བཞག་པའི་གཞི་གསེར་དངུལ་གྱི་མཐོང་ཕྱེ་མ་ཆ་སྡེར་ལྔ། གོས་ཆེན་སྣ་ཚོགས་ལས་གྲུབ་པའི་རྒྱལ་མཚན་ཆ་བཅོ་ལྔ། བ་དན་ཉེར་གཅིག དགེ་བཤེས་རབ་བསྟན་གྱིས་ཕུལ་བའི་མཛད་བརྒྱ་དང་། དཔག་བསམ་འཁྲི་ཤིང་ཐང་ག་ལྔ་བཅུའི་གཙོའི་ཐག་ག་ཆེ་ཆུང་བཞི་བརྒྱ།
གཞན་ཚོགས་ཟངས་ཆུ་ཟོམ་བཅུ་གསུམ་ཤོང་བ་གསུམ། གདན་རིང་ཆེ་ཆུང་སུམ་ཅུ་བཅས་ཡོད་མོད་ཀྱང་། རྗེས་སུ་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་བཅས་ཀྱིས་གུར་དཀར་པོའི་དགོན་པ་མེད་པར་བཏང་།
དེང་སང་གི་གནས་ཚུལ། སྔར་མེད་གསེར་བཞེངས་སྐོར་ལ་ཚོགས་ཆེན་འདུ་ཁང་གཅིག སྲུང་མ་ཁང་གཅིག ཇོ་ཁང་གཅིག སྨན་ཁང་གཅིག དུང་འཁོར་ཁང་གཅིག གཟིམ་ཆུང་གཅིག ཚོགས་ཆེན་ཁང་གཅིག གྲྭ་ཤག་བརྒྱ་བཅས་ཀྱི་ཕྱིའི་འཛུགས་སྐྲུན་དང་། ཤོག་སྒོར་ཁྲི་ཚོ་བཞི་བཅུས་བཞེངས་པའི་ཇོ་བོའི་སྐུ་རིན་པོ་ཆེ་ཕྲ་ཅན་གཅིག
ཞལ་ཐང་ཆེ་ཆུང་དྲུག་ཅུ། སྨན་འདམ་ལས་གྲུབ་པའི་སྐུ་ཆེ་ཆུང་བརྒྱ་དང་སུམ་ཅུ། གསེར་སྐུ་ཆེ་ཆུང་བརྒྱ་དང་བཅུ། ཤིང་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་བརྒྱ་དང་སུམ་ཅུ། བཀའ་འགྱུར་ཆ་བཞི། བསྟན་འགྱུར་ཆ་གཉིས། དགེ་ཕྱོགས་ཀྱི་འདོན་ཆ་ཡོངས་རྫོགས་དང་དེ་མིན་དཔེ་ཆའི་འགྲེལ་བ་མང་ཙམ་དང་།
མཆོད་རྟེན་ཆེ་ཆུང་བཅུ་གཉིས་བཅས་ཀྱི་རྟེན་བཞེངས་གསར་དུ་གྲུབ་པོ། མཆོད་ཆ་དང་རོལ་ཆས་ཆ་ཚང་གཅིག་ཀྱང་གསར་དུ་གྲུབ་ཟིན། དུས་མཆོད་སྐོར་ལ། དབྱར་ཆོས་དང་[page 549] དགུན་ཆོས་ཀྱི་སྲོལ་ཡང་ཚུགས་ཡོད་དོ༎ རྩོད་གྲྭར་རིག་གནས་ཀྱང་སློབ་ཁྲིད་བྱེད་འགོ་ཚུགས་ཡོད།
གྲྭ་པ་བདུན་བརྒྱ་ལྷག་ཙམ་ཡོད། དགོན་པའི་མངའ་འོག་གི་སྦྱིན་བདག་གི་དུད་གྲངས་ལྔ་བརྒྱ་དང་ཉི་ཤུ་ཙམ་ཡོད་དགོན་པ་བཏབ་ནས་ད་བར་ལོ་གསུམ་བརྒྱ་ཉེར་གཅིག་སོང་ཟིན། དགོན་པ་བཞེངས་མཁན་གྱི་འགན་ཁུར་གཙོ་བོ་བྱེད་མཁན་ནི་ཨ་དམ་ཕུན་ཚོགས། མཁན་པོ་བློ་བཟང་མགོན་པོ། སྐུ་ཞབས་དགེ་བཅུ་ཡར་འཕེལ། ཚེ་རྡོ། མཁས་བསྟན།
ཚེ་རྣམས་བཅས་གཙོ་བྱས་པའི་སྐྱ་སེར་དགོན་སྡེ་ཡོངས་ཀྱི་ནུས་མཐུ་ཆིག་སྒྲིལ་གྱིས་ད་ལྟ་དགོན་པ་འདི་བཞེངས་ཟིན་པ་ཡིན།
ཞེས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ལོ་ལ་སྐུ་ཞབས་དགེ་བཅུ་ཡར་འཕེལ་དང་དགེ་བཤེས་བློ་བཟང་བཅས་ལ་ཞིབ་འདྲི་བྱས་ནས་རིག་བསྟན་གྱིས་ཉག་ཆུ་ཁའི་ཨོ་ཐོག་དགོན་ནས་བྲིས་པའོ༎ ༎
རྣམ་རྒྱལ་གླིང་དགོན་པའི་ལོ་རྒྱུས།
རྣམ་རྒྱལ་གླིང་དགོན་པ་ཞེས་པའི་མིང་བཏགས་དོན་ནི་གངས་དཀར་སྤྲུལ་སྐུས་རྟེན་འབྲེལ་གྱི་དབང་གིས་མིང་དུ་བཏགས་པ་ཡིན་ནོ༎ དགོན་པ་མ་བཏབ་པའི་སྔོན་ལ་ས་དེར་ཡིད་ལྷུང་ཤུལ་གྱི་བླ་མ་ཡོན་ཏན་རྒྱ་མཚོའི་མཚམས་ཁང་ཞིག་ཡོད། རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོ་(1943)ལ་འཇང་གི་བླ་མ་ཟླ་བ་བཟང་པོས་གངས་དཀར་སྤྲུལ་སྐུའི་བཀའ་བཞིན་ས་དེར་དགོན་པ་ཞིག་བཏབ། ཁོང་གི་མཚན་ལ་ཡུལ་མི་རྣམས་ཀྱིས་འཇང་བ་བླ་མ་ཟེར། གྲུབ་མཐའ་ནི་གནའ་ནས་ད་བར་དུ་བཀའ་བརྒྱུད་པ་རང་ལུགས་སྐྱོང་མཁན་ཁོ་ན་ཡིན། འགན་འཁུར་མཁན་ནི། བླ་རབས་གཉིས་ཡོད་པ།
བླ་མ་ཟླ་བ་བཟང་པོ་དང་ངག་དབང་ཆོས་གྲགས་གཉིས་ཡིན། དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་གཅིག གནའ་སྔ་མོ་གྲྭ་པ་སུམ་ཅུ་སོ་གསུམ་ཡོད། དེང་སང་གྲྭ་པ་བཅུ་གསུམ་མ་གཏོགས་མེད། ཁང་པའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག། གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག སྲུང་མ་ཁང་གཅིག གྲྭ་ཤག་བཅོ་ལྔ།
སྐུ་གསུང་ཐུགས་རྟེན་སྐོར། བྱམས་པ་ཁང་བརྩེགས་གཉིས་ཅན་གཅིག སྨན་འདམ་ལས་བཟོས་པའི་འོད་དཔག་མེད་གཙོ་འཁོར་གསུམ་མཐོ་ཚད་ཁང་བརྩེགས་གཅིག་ཅན་གཅིག སྨན་འདམ་ལས་གྲུབ་པའི་རྟ་མགྲིན་དང་། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། མཁན་སློབ་ཆོས་གསུམ། མགོན་པོ་ཕྱག་བཞི་པ་གཅིག ཕྱག་དྲུག་པ་གཅིག དམ་ཅན།
དཔལ་ལྡན་ལྷ་མོ། མགོན་པོ་བེར་ནག་གཅིག མགོན་དཀར། མར་མི་དྭགས་གསུམ་བཅས་ཀྱི་སྐུ་རྟེན་ཡོད། གསེར་སྐུ་གསུམ། ཞལ་ཐང་བཅུ། བཀའ་བསྟན་ཆ་གཅིག འབུམ་ཆ་གཅིག བཀའ་བརྒྱུད་པའི་བླ་མ་དག་གི་རྣམ་ཐར་ཁ་ཤས། བཀའ་བརྒྱུད་པའི་འདོན་ཆ་ཡོངས་རྫོགས། དེ་མིན་པདྨ་བཀའ་ཐང་སོགས་ཡིག་ཆ་མང་ཙམ་ཡོད།
ཟངས་གསེར་ལས་གྲུབ་པའི་[page 550] བཀའ་གདམས་མཆོད་རྟེན་ཆ་བརྒྱད་བཅས་ཡོད།
གནའ་རྫས་རྩ་ཆེན་སྐོར། རྒྱ་གླིང་ཆ་གཅིག རག་དུང་ཆ་གཅིག མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆེ་ཆུང་ཆ་བཅུ། བུམ་པ་ཆ་བདུན། ནང་མཆོད་ཆ་བཅུ། མཎྜལ་ཆ་གཉིས། མ དངུལ་ཀོང་ཆ་བཅུ། ཀོང་བུ་ཆུང་བ་བརྒྱ་དང་ལྔ་བཅུ། དུང་ཆ་གཉིས་དང་ཡ་གཅིག དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་གཅིག སྦུག་ཆལ་ཆ་གསུམ། སིལ་སྙན་ཆ་གཉིས།
རྡོར་དྲིལ་ཆ་ལྔ། ཌ་མ་རུ་ཆ་ལྔ། ལག་རྔ་ཆ་ལྔ། མཆོད་རྔ་ཆ་གཉིས། རྐང་གླིང་ཆ་དྲུག རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག་བཅས་ཡོད་དོ།། དུས་མཆོད་ཀྱི་སྐོར། ཟླ་རེ་བཞིན་དུ་ཆོས་བཅུ་དང་ལོ་རེ་ལ་བསྙུང་གནས་ཆ་བརྒྱད། སྨོན་ལམ་ཆོ་ག་ཉིན་གསུམ། ལོ་རེའི་ལོ་མཇུག་ལ་དགུ་གཏོར་འཚོགས་རྒྱུའི་སྲོལ་ཀ་བཅས་ཡོད།
འཆམ་གོས་དང་འབག་མགོ་རིགས་ལྔ། ཞྭ་ནག་བཅས་ཆ་བཅུ་རེ་ཡོད། དཔལ་འབྱོར་འོང་ཁུངས་སྐོར། མི་སེར་གྱི་དད་རྫས་ཁོ་ན་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས། དགོན་པའི་འོག་གི་སྦྱིན་བདག་གི་སྡེ་པའི་དུད་གྲངས་ལྔ་བཅུ་ཡོད། སྐྱེས་ཆེན་དམ་པ་བླ་མ་དང་གངས་དཀར་སྤྲུལ་སྐུ་སོགས་སྐྱེས་ཆེན་མང་པོ་བྱོན་མྱོང་།
བཤད་གྲྭ་དང་སྒྲུབ་གྲྭ་ནི་མེད། མ་དགོན་ནི་ཁམས་སུ་གྲགས་དགོན་པ་ཡིན། (གངས་དཀར་དགོན་)དེ་རྗེས་ངོ་རྒོལ་བཞིས་གཏོར་བཤིག་བྱས་ནས་དགོན་པ་གྱང་རལ་ཞིག་ཏུ་གྱུར། དགོན་པ་འདི་བཏབ་ནས་ད་ལྟའི་བར་དུ་ལོ་ལྔ་བཅུ་ང་གཉིས་སོང་ཟིན།
དེང་སང་གི་གནས་ཚུལ་སྐོར། འདུ་ཁང་བརྩེགས་གསུམ་ཅན་གཅིག ལྷ་ཁང་བརྩེགས་གཉིས་ཅན་གཅིག ཇ་ཁང་བརྩེགས་གཉིས་ཅན་གཅིག གྲྭ་ཤག་དྲུག བཀའ་བསྟན་གཉིས་ཚར་རེ། འབུམ་ཆ་གཅིག ས་རྡོའི་མཆོད་རྟེན་གཉིས། དུང་འཁོར་གཅིག འདོན་ཆ་དང་མཆོད་ཆ་རོལ་ཆ་བཅས་ཆ་ཚང་བ་གཅིག དུས་མཆོད་ཁ་ཤས་འཚོགས་རྒྱུ་འཛོམས་ཡོད།
དགོན་པའི་འོག་གི་སྦྱིན་བདག་གྲོང་པ་བདུན་གྱི་དུད་གྲངས་བཞི་བརྒྱ་ལྷག་ཙམ་ཡོད། གྲྭ་པ་གྲངས་བཅུ་གསུམ་ཙམ་ལས་མེད། གོང་གི་དགོན་པ་དང་རྟེན་བཞེངས་བྱེད་མཁན་གཙོ་བོ་ཆོས་ཉིད་བསམ་གཏན་དང་དོན་གྲུབ། བསམ་གྲུབ་བཅས་ཀྱི་བསྟན་བཞེངས་མཛད་དང་མཛད་བཞིན་པ་ཡིན་ནོ།
ཞེས་པ་འདི་ནི་རྒན་པ་ཡེ་ཤེས་རྒྱ་མཚོའི་ངག་རྒྱུན་ལྟར་རིག་བསྟན་བྲིས་པའོ།། །།
ཕུན་ཚོགས་གླིང་དགོན་གྱི་ལོ་རྒྱུས།
དགོན་མིང་རྟེན་འབྲེལ་གྱི་སྒོ་ནས་བླ་མ་གངས་དཀར་རིན་པོ་ཆེས་མིང་བཏགས་པ་ཞིག་ཡིན་ཟེར་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ལོ་ལ་(1941)བླ་མ་ཡོན་ཏན་རྒྱ་མཚོས་དགོན་ས་བཏབ། དགོན་མིང་རྒྱས་པ་ལ་བཤད་སྒྲུབ་ཕུན་ཚོགས་གླིང་། བསྡུས་པ་ལ་ཕུན་ཚོགས་གླིང་ཟེར་བ་ནི། གྲུབ་མཐའ་གནའ་[page 551] ནས་ད་ལྟའི་བར་དུ་བཀའ་བརྒྱུད་པ་ཡིན། བླ་རབས་གསུམ་ཡོད་དེ། ཡོན་ཏན་རྒྱ་མཚོ་དང་བསམ་གཏན་རྒྱ་མཚོ་གཉིས་ནི་བླ་རབས་གཅིག་ཏུ་བརྩི་དགོས། བླ་མ་འོད་ཟེར། བསམ་གཏན་བཟང་པོའོ། འགན་ཁུར་མཁན་སྐོར་ནི། བསྟན་བདག་ནི་ཡོན་ཏན་རྒྱ་མཚོ་དང་འོད་ཟེར་གཉིས། དབུ་མཛད་གཅིག དགེ་སྐོས་གཅིག
ཕྱག་མཛོད་གཅིག མགོན་བླ་གཅིག གཉེར་པ་གཅིག མཆོད་དཔོན་གཅིག ལྷ་གཉེར་གཅིག གྲྭ་པ་སུམ་ཅུ་སོ་ལྔ་ཙམ། གོང་གི་དབུ་མཛད་སོགས་འགན་ཁུར་མཁན་རྣམས་ནི་ལོ་གསུམ་རེའི་ནང་ནས་བརྗེ་ལེན་བྱེད་སྲོལ་ཡོད།
བླ་མ་གངས་དཀར་ཚང་གི་འཚེམ་དྲུབ་མའི་བཀྲ་ཤིས་རྟགས་བརྒྱད་དང་མཆོད་པའི་ལྷ་མོ་བཅུ་དྲུག་རྒྱལ་སྲིད་སྣ་བདུན་བཅས་གནང་སྦྱིན་ཐོབ་མྱོང་། འཛུགས་བསྐྲུན་སྐོར། འདུ་ཁན་གཅིག ཇ་ཁང་གཅིག གཉེར་ཁང་གཅིག བྱམས་པའི་ལྷ་ཁང་གཅིག བླ་བྲང་ཁང་གཅིག གྲྭ་ཤག་ཉར་ལྔ་ཡོད།
སྐུ་གསུང་ཐུགས་རྟེན་སྐོར། སྨན་འདམ་ལས་གྲུབ་པའི་བྱམས་པ་ཐོག་བརྩེགས་གསུམ་ཅན་གཅིག སྤྱན་རས་གཟིགས་ཐོག་བརྩེགས་གཅིག་ཅན་གཅིག འོད་དཔག་མེད་གཙོ་འཁོར་གསུམ་ཐོག་བརྩེགས་གཅིག་ཅན་གཅིག མར་མི་དྭགས་གསུམ་གྱི་སྐུ་ལས་ཚད་མ་གཅིག་ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ།
རྗེ་ཡབ་སྲས་གསུམ་ཉེ་བའི་སྲས་ཆེན་བརྒྱད་འདོམ་པ་གང་ཅན་རེ་རེ་བཅས་དང་དེ་བཞིན་སངས་རྒྱས་སྨན་ལྷ་དང་ཀུན་རིགས་ཀྱི་ལྷ་རྣམ་པར་སྣང་མཛད། རྒྱལ་ཆེན་སྡེ་བཞི། འཛམ་ལྷ་རིགས་ལྔ། མ་མགོན་མགར་གསུམ། མགོན་པོ་ལེགས་ལྡན་ཕྱག་བཞི་པ། མགོན་པོ་ཕྱག་དྲུག་པ། མགོན་དཀར། གུར་གྱི་མགོན་པོ། གུ་རུ་གཙོ་འཁོར་གསུམ།
རྡོ་རྗེ་གྲོ་ལོད། ཞིང་སྐྱོང་ཡབ་ཡུམ། གསེར་སྐུ་ཆེ་ཆུང་བདུན་ཙམ། ཐང་ཁ་ཆེ་ཆུང་ཉི་ཤུ་ལྷག་ཙམ། བཀའ་བསྟན་ཚར་རེ་རེ། རིན་ཆེན་གཏེར་མཛོད་ཚར་གཅིག གསེར་བྲིས་དང་དངུལ་བྲིས་ཅན་གྱི་བརྒྱད་སྟོང་དང་གཟུངས་འདུས། པད་མ་བཀའ་ཐང་། ཀླུ་འབུམ། ཉི་ཁྲི་དེ་མིན་འདོན་ཆ་ཆ་ཚང་བ་ཞིག གཞུང་ཆེན་བཅུ་གསུམ་ཆ་གཉིས།
བཀའ་འདམས་མཆོད་རྟེན་བླ་མ་ཡོན་ཏན་རྒྱ་མཚོའི་ཐུགས་ཆེན་ཁྱད་འཕགས་གཅིག་བཅས་ཡོད། མཆོད་ཆ་དང་རོལ་ཆའི་སྐོར། ཏིང་ཕོར་ཆ་བརྒྱ། བུམ་པ་ཆ་བཞི། ནང་མཆོད་ཆ་བཞི། མཎྜལ་ཆ་གཉིས། ཀོང་བུ་བརྒྱ་མཆོད་གཅིག གཞན་ཀོང་བུ་ལྔ་བཅུ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཅིག སྦུག་ཆལ་ཆ་བཞི། སིལ་སྙན་ཆ་གསུམ།
རྡོར་དྲིལ་བཅུ། ཌ་མ་རུ་ཆ་བཅུ། རིགས་ལྔ་བཅུ། ཞལ་འབག་ཆ་བཅུ། ལག་རྔ་ཆ་ལྔ། མཆོད་རྔ་གཉིས། རྐང་གླིང་ཆ་གསུམ། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག དུང་ཆ་གཅིག་དང་ཡ་སོགས་ཁྲོ་ཆེ་ཆུང་ལྔ། གདན་རིང་ཆ་གསུམ་བཅས་ཡོད། དུས་མཆོད་དང་གར་འཆམ་སྐོར། ཟླ་བ་དང་པོའི་ནང་ལ་སྨོན་ལམ་མཆོད་པ་ཉིན་ལྔ།
ཟླ་བ་བཞི་པའི་ནང་ལ་བསྙུང་གནས་ཆ་བརྒྱད། ཟླ་རེར་ཚེས་བཅུ་ཉིན་རེ། ཟླ་བ་བཅུ་གཉིས་པའི་ནང་དགུ་གཏོར་དང་འཆམ་རྒྱག་རྒྱུ་དང་བཅས་པ་ཉིན་བདུན་ཡོད། སྐྱེས་ཆེན་དམ་པ་རྫ་ཁ་བླ་མ་དང་བྱ་རོག་བླ་མ་བསྟན་པའི་ཉི་མ། བླ་མ་ཤེས་རབ། བླ་མ་ཟླ་བ་[page 552] བཟང་པོ་སོགས་སྐྱེས་ཆེན་དུ་མ་བྱོན་མྱོང་། བཤད་བསྒྲུབ་ཀྱི་སློབ་གྲྭ་ནི་མེད། དཔའ་འབྱོར་གྱི་འོང་ཁུངས་ནི། སྦྱིན་བདག་དུད་གྲངས་ལྔ་བཅུ་ལྷག་ཙམ་ཡོད། ངོ་རྒོལ་བཞིས་གནོད་འཚེ་ཚབས་ཆེན་ཐེབས་ནས་གཏོར་བརླག་བྱས་ནས་མེད་པར་བཏང་ངོ་།།
དེང་སང་གི་གནས་ཚུལ། ད་སྐབས་དགོན་པ་དེ་ས་ཕུང་རྡོ་ཕུང་ཙམ་མ་གཏོགས་མེད། དགོན་པ་བཏབ་ནས་ད་ལྟའི་བར་དུ་ལོ་ལྔ་བཅུ་ང་བཞི་སོང་ཟིན། ཅེས་པ་འདི་ནི་ཡེ་ཤེས་རྒྱ་མཚོའི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།། །།
ལྡིར་གྲགས་དགོན་པའི་ལོ་རྒྱུས།
ལྡིར་གྲགས་དགོན་ཟེར་བའི་དོན་ནི་ས་དེར་རྐང་པས་བརྡུ་ཚེ་ལྡིར་སྒྲ་ངོ་མཚར་ཞིག་གྲགས་པས་ལྡིར་གྲག་དགོན་པ་ཞེས་བྱའོ། རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོ་(1942)ལ་བརྩོན་འགྲུས་མཐར་ཕྱིན་ཚང་གིས་དགོན་པ་བཏབ།
དགོན་པ་ཡོད་སའི་རི་ནི་གནས་ཆེན་ཕོ་བྲང་ལྔ་བརྩེགས་དང་སྤྱན་རས་གཟིགས་ཀྱི་རི་རྒྱུད་དང་འབྲེལ་ཡོད། དགོན་མིང་ལ་གངས་དཀར་ཆོས་ལྡན་དར་རྒྱས་གླིང་ཡང་ཟེར། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། མ་མགོན་ནི་ཁམས་སུ་གྲགས་དགོན་པ་ཡིན། བླ་རབས་གཉིས་ཡོད། བརྩོན་འགྲུས་མཐར་ཕྱིན། ཤེས་རབ་ཕུན་ཚོགས། འགན་ཁུར་མཁན་སྐོར།
བསྟན་བདག་གཅིག ཁྲི་པ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་གཅིག མཆོད་དཔོན་གཅིག གཉེར་པ་གཅིག གྲྭ་པ་བདུན་བཅུ་ཡོད། ཁང་པའི་འཛུགས་བསྐྲུན་སྐོར། གཙུག་ལག་ཁང་གཅིག སྲུང་མ་ཁང་གཅིག གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག དུང་འཁོར་ཁང་གཅིག་བཅས་ཡོད།
སྐུ་གསུང་ཐུགས་རྟེན་སྐོར། བྱམས་པ་བརྩེགས་ཕྱེད་གསུམ་ཅན་གཅིག་དང་། སྤྱན་རས་གཟིགས། ཕྱག་རྡོར། སྟོན་པ། གུ་རུའི་སྐུ་གཅིག་བཅས་འདམ་སྐུ་ཡིན། གསེར་སྐུ་བཅུ། ཐང་ག་བཅུ་གཅིག གུ་རུའི་ཐང་མོ་ཆེ་གཅིག གསེར་དངུལ་གྱི་བྲིས་པའི་འབུམ་ཆ་གཅིག དངུལ་བྲིས་ཀྱི་བརྒྱད་སྟོང་དང་གཟུངས་འདུས་སོགས་ཡོད།
གསེར་ཟངས་ཀྱི་མཆོད་རྟེན་གཅིག ཡུལ་དེའི་དགེ་ལུགས་པའི་ཐག་འགོ་དགོན་པ་ཞེས་པ་དེ་འཐོར་སྐབས་མཆོད་ཆ་སོགས་བླ་མ་བརྩོན་འགྲུས་མཐར་ཕྱིན་ཚང་ལ་ཕུལ། མཆོད་རོལ་སྐོར། ཏིང་ཕོར་ཆ་བརྒྱད། བུམ་པ་ཆ་གཉིས། ནང་མཆོད་ཆ་གསུམ། མཎྜལ་ཆ་གཉིས། དངུལ་ཀོང་ཆ་གཉིས། ཀོང་ཆུང་བརྒྱ་མཆོད་གཉིས།
གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཅིག དུང་ཆོས་ཆ་གཉིས། ལག་རྔ་ཆ་གཅིག མཆོད་རྔ་ཆ་གཉིས། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག ཆོས་ར་འཚོགས་རྒྱུའི་སྐོར། དབྱར་ཆོས་དགུན་ཆོས་འཆམ་དང་བཅས་པ་ཡོད། [page 553] བཤད་སྒྲུབ་སློབ་གྲྭ་ནི་མེད།
དཔའ་འབྱོར་ཐོན་ཁུངས་ནི་སྦྱིན་བདག་གི་འབུལ་བ་ཁོ་ན་ཡིན། སྦྱིན་བདག་གི་དུད་གྲངས་བརྒྱ་ལྷག་ཙམ་ཡོད། རྗེས་སུ་ངོ་རྒོལ་བཞིའི་སྐབས་སུ་དགོན་པ་གཏོར་བརླག་བཏང་།
དེང་སང་གི་གནས་ཚུལ། འདུ་ཁང་གཅིག་དང་སྲུང་མ་ཁང་བཤད་གྲྭ་ཐོག་བརྩེགས་གཉིས་ཅན་གཅིག སྤྲུལ་སྐུ་ལ་གཟིམ་ཤག་བརྩེགས་གཉིས་ཅན་གཅིགགཉེར་ཁང་དུང་འཁོར་ཁང་བཅས་རྒྱབ་ཡོད། བླ་མ་བརྩོན་འགྲུབ་མཐར་ཕྱིན་གྱི་ཡང་སྲིད་སྤྱི་ལོ་1995ལོར་རང་ཁུལ་གྱིས་ཐག་བཅད་ནས་ཁྲི་སྟོན་བྱས།
སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་མཆོད་ཆ་རོལ་ཆས་འཆམ་གོས་ཆོས་ར་འཚོགས་རྒྱུ་བཅས་ཆ་ཚང་བ་ཞིག་འཛོམས་ཡོད། གྲྭ་པ་སུམ་ཅུ་ཡོད་ཅིང་སྦྱིན་བདག་གི་དུད་གྲངས་བརྒྱ་དང་བཞི་བཅུ་ཞེ་གཉིས་ཡོད། ད་སྐབས་འགན་ཁུར་མཁན་གཙོ་བོ་ནི་བླ་མ་ཤེས་རབ་ཚང་དང་མཁན་པོ་རྡོར་རྗེ་བཅས་གྱིས་འགན་ཞེས་བཞིན་ཡོད་དོ།།
ཞེས་པ་འདི་ནི་མཁན་རྡོ་རྗེའི་ངག་སྒྲོས་ལྟར་རིག་བསྟན་གྱིས་བྲིས་སོ།།
ཕག་མོ་རིའི་དགོན་པའི་ལོ་རྒྱུས།
ཕག་མོ་རི་ཞེས་པའི་རྒྱུ་མཚན་ནི། ཇི་སྐད་དུ། དེ་འོག་གྲུབ་ཆེན་རྡོ་རྗེ་ཕག་མོ་བས། གནས་ལ་མངའ་གསོལ་རྡོ་རྗེ་ཕག་མོ་བསྒྲུབས། དངོས་སུ་འགྲུབ་ཅིང་རྡོ་རྗེ་ཕག་མོ་ཡིས། རྫུ་འཕྲུལ་ལྟད་མོ་ཕག་ནག་གཡག་རྒོད་ཙམ། ཀུན་གྱི་མཐོང་ཞིང་ཕག་ནག་ལོ་རྒྱུས་བརྗོད།
དེ་ཚེ་ཕག་མོ་རི་ཞེས་མིང་དུ་བཏགས།། ཞེས་གསུངས་པ་ལྟར་བར་བྱས་སོ། རབ་བྱུང་གསུམ་པའི་ཤིང་བྱི་ལོ་(1204)ལ་གྲུབ་ཐོབ་ཞིག་པོ་ཉི་མ་རྡོ་རྗེས་དགོན་པ་འདི་གསར་དུ་བཏབ། ཁོང་ནི་ལྷ་ལུང་དཔལ་རྡོར་གྱི་རྣམ་སྤྲུལ་ཡིན། འཁྲུངས་ཡུལ་འགོ་ལོག་རྨ་ཆུ་ཁ་ཡིན་པར་གྲགས། དེ་ཡང་།
རི་བོ་རྩེ་ལྔར་བྱོན་ནས་འཇམ་དབྱངས་བསྒྲུབས། དགོན་པའི་མིན་གི་རྣམ་གྲངས་ནི་ཕག་མོ་རི་དགོན་པ་དང་། ཕག་མོ་དགོན་ཆོས་འཁོར་དར་རྒྱས་གླིང་ཟེར་བ་བཅས་ཡིན།
གྲུབ་མཐའ་བསྒྱུར་ཚུལ་དང་དགོན་ཁག་སོ་སོར་གྱེས་ཚུལ་སྐོར། སྔོན་དགོན་འདིའི་གྲུབ་མཐའ་འབྲུག་པ་བཀའ་བརྒྱུས་ཡིན་པ་ལ་རབ་བྱུང་བཅོ་ལྔའི་འགོར་བྲག་བླ་མ་ཚང་མཁན་པོ་ཡིན།
དེ་རྗེས་བླ་མ་ཚེ་རིང་གྲྭ་སར་གཙང་ངོ་རུ་དགོན་དུ་བྱོན་ནས་སླར་རང་དགོན་ལ་ལོག་རྗེས་ས་སྐྱའི་ལུགས་བཟུང་བས་བྲག་བླ་མ་དང་བླ་མ་ཚེ་རིང་གཉིས་མ་མཐུན་ནས་གྲྭ་ཚང་ཚོགས་ཁག་གཉིས་སུ་གྱེས་རྗེས་སུ་རབ་བྱུང་བཅོ་ལྔའི་དཀྱིལ་ཙམ་ལ་བྲག་མཁན་པོ་འདས་ནས་གྲུབ་མཐའ་ས་སྐྱ་པ་ལ་བསྒྱུར།
སྐབས་དེ་ལ་ལྕགས་རྒྱལ་མོ་ང་ཤུ་མ་ཞེས་པ་དེ་འདིར་གནས་མཇལ་ལ་འོང་སྐབས་བསམ་གཏན་བར་དོའི་གནས་སྒོའི་ནང་དུ་ཐོགས་ཏེ་ཞག་བདུན་བར་དུ་བཀགས། རྒྱལ་པོ་བཙན་ཤེད་ཆེ་བས་གནས་སྒོ་བྲག་རི་གཙབ་ནས་བྲག་ལ་ཁྲག་བབས་[page 554] དུས་ཕག་སྐད་ངུར་སྒྲ་བཏོན།
ཅི་བྱ་གཏོལ་མེད་དུ་གྱུར་ནས་ཕག་མོ་རི་དགོན་པ་ཡང་སྐྱར་དུ་གསར་བཞེངས་བྱེད་རྒྱུའི་ཁས་བླངས་མ་ཐག་ཏུ་གནས་སྒོའི་རྒྱལ་མོ་བུད་ཐུབ་པར་གྲགས། དེ་ནས་ལྕགས་ལས་སྦྱིན་བདག་བྱས་ནས་གཙུག་ལག་ཁང་ཀ་བ་བཅུ་དྲུག་ཅན་གཅིག་བཞེངས།
དེ་རྗེས་རིང་སྤྲུལ་སྐུ་ཞེས་པ་དེ་དཀར་མཛེས་ཕྱོགས་ནས་མར་བྱོན་ཕག་མོ་རི་དགོན་ནང་དུ་བཞུགས་སྐབས། བླ་མ་རྙིང་ཤུགས་ཤས་ཆེ་བས་བླ་མ་ཚེ་རིང་དང་ཡང་མ་མཐུན་ནས་དགོན་པ་ཁག་གཉིས་སུ་གྱེས། རྡོ་རིང་སྤྲུལ་སྐུའི་ཧོ་རྒྱ་སྒང་ཟེར་བའི་ས་གནས་དེར་རྙིང་དགོན་ཞིག་བཏབ།
ཕག་མོ་རི་དགོན་ལ་གནོད་པ་ཚབས་ཆེན་བྱས་པས་བླ་མ་ཚེ་རིང་ཐུགས་ཁྲོས་ནས་མཐུ་བྱས་ནས་རྡོ་རིང་སྤྲུལ་སྐུ་ཀུན་བཟང་གི་འཁྲུངས་ཡུལ་ནི་ཨོ་རོང་བཤིས་པ་ཡབ་རྡོ་རིང་སྤྲུལ་སྐུ་དང་ཡུམ་རྣམ་རྒྱལ་ལྷ་མི་གཉིས་ལ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ལོར་སྐུ་འཁྲུངས།
དགུང་ལོ་སུམ་ཅུའི་ཐོག་དགོན་པའི་ཁྲི་པའི་བྱེད་ཞོར་དུ་ཁམས་ཀྱི་མཁས་དབང་མི་ཉག་གངས་དཀར་སྤྲུལ་སྐུ་གདན་འདྲེན་ལན་གསུམ་ཙམ་ཞུས་ནས་རིག་པའི་གནས་སྤྱི་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད།
བླ་མ་གངས་དཀར་ཚང་གི་སློབ་ཆེན་ཞིག་ཏུ་གྱུརནས་སྐབས་སེར་གྱུར་ནས་སྐབས་དེར་གྲུབ་མཐའ་སླར་ཡང་བཀའ་བརྒྱུད་པ་ལ་བསྒྱུར་ཏེ་ད་བར་དེ་མུས་སུ་གནས། སྐབས་ཤིག་ལ་ཧོར་ཇུན་གར་གྱི་དམག་གིས་མི་ཉག་གི་དགོན་ཁག་མང་པོ་བཅོམ་ནས་གྱོང་གུན་ཚབས་ཆེན་ཐེབས་ཡོད་ཀྱང་ཅི་ཙམ་གཏོར་བརླག་སོང་ཡོད་མི་གསལ།
གཞན་ཕག་མོ་རི་དགོན་པིའ་ཉེ་གནས་འགའ་ཞིག་གི་གནས་ཚུལ་ནི། འགི་ཝང་དགོན། མགར་ཚེར་དགོན། སེར་ར་འབའ་དགོན། འགྲོ་མགོན་དགོན། མ་མགོན་དགོན། སྤྲུལ་པ་དགོན་བཅས་ནི་ཇུན་གར་དམག་གིས་གཏོར་བཤིག་བྱས་ནས་ད་ལྟ་ཡང་གྱང་རལ་མ་གཏོགས་མེད།
དགོན་པའི་འགན་ཁུར་མཁན་མི་སྣའི་སྐོར། ཁྲི་བ་གཅིག། དབུ་མཛད་གཅིག། དགེ་སྐོས་ཅིག། མཆོད་དཔོན་ཅིག། ཕྱག་མཛོད་གཅིག། དགེ་འདུན་པའི་ཞལ་གྲངས་བརྒྱ་དང་ཉི་ཤུ་ཡོད། འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག། གསེར་ཁང་གཅིག། གཉེར་ཁང་གཅིག། ཇ་ཁང་གཅིག། བླ་བྲང་ཁང་ཅིག། མགྲོན་ཁང་གཉིས།
སྐུ་གསུང་ཐུགས་རྟེན་ཅི་ཡོད་སྐོར། གྲུབ་ཐོབ་རིམ་བྱོན་གྱི་བྱིན་གྱིས་བརླབས་པའི་གསེར་ཟངས་ལས་གྲུབ་པའི་བྱམས་སྐུ་ལས་ཚད་མ་གཅིག། ལི་མའི་རྡོ་རྗེ་འཆང་དང་སྒྲོལ་དཀར་སོགས་གསེར་སྐུ་བདུན་ཅུ་ལྷག་ཙམ་ངར། རྨ་སེ་རྟོགས་ལྡན་གྱི་བཞེངས་པའི་སྨན་འདམ་སྐུ་བརྒྱ།
གསེར་ལས་བྲིས་པའ་བཀའ་འགྱུར་ཚར་གཅིག་སྐུ་རྒྱུ་ལི་མ་ལས་གྲུབ་པའ་བཀའ་གདམས་འོད་འབར་མཆོད་རྟེན་ལུས་ཚད་ཅན་གསུམ། ཞལ་ཐང་ཆེ་ཆུང་བརྒྱ་དང་ཉི་ཤུ། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཆ་བཅུ། བུམ་པ་ཆ་གཉིས། ནང་མཆོད་ཆ་གཉིས། མཎྜལ་ཆ་གཉིས། གསེར་ཀོང་དང་དངུལ་ཀོང་ཆ་གཉིས། [page 555] གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་གཅིག་དང་མི་ཉག་གངས་དཀར་སྤྲུལ་སྐུས་གནང་བའི་མཆོད་རྫས་མང་པོ་ཡོད། དུང་ཆོས་དང་གཟུགས་ཐག་རྡོ་རྗེ་ཆ་གཉིས། དུང་ཆ་གཉིས། སིལ་སྙན་ཆ་ལྔ། རྡོར་དྲིལ་ཆ་གཉིས། ཌ་མ་རུ་ཆ་གཉིས། སྦུག་ཆལ་ཆ་བཅུ། མཆོད་རྔ་ཆ་གསུམ་ལག་རྔ་ཆ་བཅུ། སྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས།
དུང་ཆེན་ཆ་གཉིས།
དུས་མཆོད་དང་འབག་འཆམ་སྐོར། དབྱར་གནས་མགོན་པོ་ཕྱག་བཞི་པའི་གཏོར་བཟླག། རྡོ་རྗེ་རྣལ་འབྱོར་མའི་ཆོ་ག། མགོན་པོ་བེར་ནག་གི་གཏོར་ཟློག། བདེ་ཆེན་ཞིང་སྒྲུབ། གངས་དཀར་བཤད་སྒྲུབ། ཆོས་ཀྱི་སེང་གེས་རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་ཞལ་ཕྱེས། ནག་པོ་ལྕམ་དྲལ་སྒྲུབ་པ་ཡང་དག་བཙུགས།
ཚོགས་གར་དང་ནི་མགོན་པོ་གར་འཆམ་བཙུགས་ཞེས་གསུངས་སོ། བཤད་སྒྲུབ་ཀྱི་སློབ་གྲྭ་ནི་མེད། མ་དགོན་ནི་གངས་དཀར་དང་དཔལ་སྤུངས་བཅས་ལ་འགྲོ་སྲོལ་ཡོད། གཞན་ཡང་སྐྱེས་ཆེན་དམ་པ་གོང་ཞུས་ལྟར་མང་པོ་བྱོན་ནས་གདན་ས་འདིར་བཞུགས་མྱོང་ངོ་། དཔལ་འབྱོར་གྱི་འོང་ཁུངས་སྐོར།
སྐུ་རིམ་ཞབས་བརྟན་གྱི་ཡོན་འབུལ་དད་ལྡན་སྦྱིན་བདག་དག་ལ་བརྟེན་དགོས་སོ། གནའ་སྔ་མོའི་སྦྱིན་བདག་གི་དུད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད།
དེ་ལྟར་གནས་ཆེན་ཕག་རི་དགོན་པ་འདིར་གྲུབ་ཐོབ་རིམ་བྱོན་གྱིས་སྐྱོང་བའི་དགོན་པ་འདི་ལ་ངོ་རྒཽལ་བཞིས་སྐབས་སུ་ཐ་ན་གཙུག་ལག་ཁང་དང་གྲྭ་ཤག་བཅས་མེད་བརླག་ཏུ་ཤོར།
མི་ཉག་གངས་དཀར་རིན་པོ་ཆེའི་དངོས་སློབ་མཁན་པོ་རོང་པ་ཕུན་ཚོགས་ནོར་བུ་ནི་དུས་དབང་གི་བར་ཆད་གང་མང་བྱས་ཀྱང་མ་ཐུབ་མ་བསྟན་པ་ཉམས་པ་སླར་གསོ་བྱེད་སྐབས་སྔོན་གྱི་ཐུགས་བསྐྱེས་བཟང་པོ་དུས་སུ་སྨིན་པས་ཁོང་ཉིད་དང་རོང་པ་ཕུན་ཚོགས་དར་རྒྱས་སོགས་ཀྱིས་འགན་འཁུར་གཙོ་བོ་བྱས་ནས་གཙུག་ལག་ཁང་རྟེན་དང་བཅས་པ་བཞེངས།
མི་ཉག་མཁན་པོ་ཆོས་གྲགས་གདན་དྲངས་ནས་འདུལ་བ་གཞི་གསུམ་གྱི་ཆོ་གའི་དབུ་བཙུགས། མཁན་པོ་ཕུན་ཚོགས་ནོར་བུ་དགུང་གྲངས་དོན་བཞིའི་ཐོག་རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོའི་ཧོར་ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་སྔ་མོར་སྐུ་གཤེགས་མ་ཐག་ཏུ་ནམ་མཁའ་ལ་འཇའ་སྤྲིན་གྱི་གུར་ཕུབ་པ་སོགས་ལྟས་བཟང་དུ་མ་བྱུང་།
དེའི་རྒྱུན་འཛིན་རོང་པ་དཔལ་ཆེན་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་སྐུ་གཤེགས་དེ་རྗེས་རོང་པ་རིག་འཛིན་དང་ངག་དབང་ཆོས་གྲགས། དམ་ཆོས། ཨོ་རྒྱན་ནོར་བུ། ཁང་གསར་མགོན་པོ།
རོང་པ་ཕུན་ཚོགས་དར་རྒྱས་བཅས་ཀྱིས་འགན་ཁུར་ནས་དགེ་འདུན་བཞི་བཅུ་ཞེ་ལྔ་ཙམ་འཚོགས་རྒྱུ་འཛོམས་ཡོད། རྟེན་བཞེངས་སྐུ་གསུང་ཐུགས་རྟེན་ཅུང་ཟད་དང་ཁང་བའི་སྐོར་བཅས་ཆ་ཚང་བ་ཞིག་དང་། མཆོད་རོལ་སྐོར་ཡང་ཆ་ཚང་གཅིག་བླུས་ཡོད། དུས་མཆོད་དང་སྒྲུབ་མཆོད་འབག་འཆམ་སྐོར་ནི་རྣལ་འབྱོར་མའི་སྒྲུབ་མཆོད།
མ་མགོན་ལྕམ་དྲལ་གྱི་གཏོར་ཟློག ཟོར་འཆམ་གཏོར་རྒྱག བསང་དགྲ་བླ། དབྱར་གནས། མགོན་པོ་བྱ་རོག་གི་གཏོར་རྒྱག་བཅས་ཡོད། དགོན་པ་བཏབ་ནས་ད་བར་དུ་ལོ་གྲངས་བདུན་བརྒྱ་དང་དགུ་བཅུ་གོ་[page 556] གཅིག་སོང་ཟིན། དེང་སྐབས་སྦྱིན་བདག་གི་དུད་གྲངས་ནི་དྲུག་བརྒྱ་ལྔ་བཅུ་ཡིན་ནོ།།
ཞེས་པ་འདི་ནི་རོང་པ་རིན་འཛིན་དང་རིག་བསྟན་གཉིས་ཀྱིས་བྲིས་པའོ།།
སྨིན་གྲོལ་དགོན་པའི་ལོ་རྒྱུས།
སྨིན་གྲོལ་དགོན་ཞེས་པའི་མིང་བཏགས་དོན་ནི། ས་འདི་གནས་རྩ་ཆེན་ཞིག་ཡིན་པས་གང་ཟག་སུས་འབྲེལ་བ་བྱས་ན་རང་རྒྱུད་སྨིན་པར་བྱེད་ནུས་པའི་རྟེན་འབྲེལ་གྱི་མིང་ཞིག་གསོལ་ཡོད་པས་ཆ་ནས་མཚན་དེ་ལྟར་ཐོགས་སོ། རབ་བྱུང་བདུན་པའི་ཆུ་སྤྲེལ་ལོར་(1392) བླ་མ་དགེ་འདུན་འོད་ཟེར་གྱིས་བཏབ།
གྲུབ་མཐའ་ནི་གནའ་ནས་ད་ལྟའི་བར་དུ་གསང་སྔགས་རྙིང་མ་དང་མཛད་རྗེས་ཅན་གྱི་བླ་རབས་བཅུ་གཅིག་ཡོད།
འགན་ཁུར་མཛད་མཁན་ལ་བསྟན་བདག་གཅིག ཁྲི་བ་གཅིག དབུ་མཛད་གཅིག དགེ་སྐོས་གཉིས། མཆོད་དཔོན་གཉིས། ཕྱག་མཛོད་གཉིས་བཅས་ཡོད་པ། འགན་ཁུར་མཁན་རྣམས་ལོ་གསུམ་རེའི་མཚམས་སུ་བརྗེ་ལེན་མཛད་སྲོལ་ཡོད། གནའ་གྲྭ་པ་བརྒྱ་དང་དྲུག་ཅུ་ཡོད། དེང་སང་གྲྭ་བ་བཞི་བཅུ་ཞེ་བརྒྱད་ཡོད་དོ།
འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཉིས་ཡོད། གཙུག་ལག་ཁང་གཅིག་གནའ་སྔོན་མའི་དགོན་ཤུལ་ལ་དེང་སང་བར་སྟོད་ཤང་གི་སློབ་གྲྭ་ཆུང་བ་ཞིག་རྒྱབ་ཡོད། གསེར་ཁང་གཅིག གཉེར་ཁང་གཅིག དཔེ་མཛོད་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཉིས། གྲྭ་ཤག་བཞི་བཅུ་ཞེ་གསུམ། དཔལ་འབྱོར་གྱི་འོང་ཁུངས་སྐོར།
གནའ་སྔ་མོ་དང་ད་ལྟའི་བར་དུ་མི་སེར་དད་ལྡན་གྱི་སྦྱིན་བདག་རྣམས་ལ་བརྟེན་ནས་འོང་དགོས། གདན་ས་འདིར་སྐྱེས་ཆེན་དམ་པ་བཱཿགནས་ཡང་སྤྲུལ་དང་གནས་ནང་སྤྲུལ་སྐུ་སོགས་མང་ཙམ་བྱོན་མྱོང་། ཐབ་ཆས་སྐོར་ལ་ཚོགས་ཟངས་དྲུག་དང་། སྐྱོགས་ཆ་བཅུ། ཟོ་ཁྲ་བཞི་བཅུ་ཞེ་ལྔ། སྡེར་མ་ཉིས་བརྒྱ། ཆུ་ཟོམ་ལྔ་བཅས་ཡོད་དོ།།
སྐུ་གསུང་ཐུགས་རྟེན་སྐོར། སྐུ་རྟེན་ནི། སྨན་འདམ་ལས་བཟོས་པའི་གུ་རུའི་སྐུ་ཁང་བརྩེགས་གཅིག་ཅན་གཉིས་ཡོད། རྒྱལ་བ་བྱམས་པ་ཁང་བརྩེགས་གཅིག་ཅན་གཉིས། མཁན་སློབ་ཆོས་གསུམ་ཆ་གཉིས་ཡོད། ཞལ་གཅིག་ཕྱག་བཞིའི་སྤྱན་གཟིགས་ཆ་གཉིས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་ཆེ་བ་གཉིས། སྒྲོལ་མའི་སྐུ་གཉིས།
དཔལ་ལྡན་ལྷ་མོའི་སྐུ་ཆ་ཚང་བ་གཉིས། མགོན་པོ་གཅིག གཤིན་རྗེ་ཚེ་བདག་གི་སྐུ་གཉིས། གསེར་སྐུ་ཆེ་ཆུང་ཚང་མ་དྲུག་ཅུ་རེ་ལྔ་དང་། ཞལ་ཐང་ཆེ་ཆུང་ཐམས་ཅད་དྲུག་ཅུ་ལྷག་ཡོད།
གནའ་རྫས་རྟེན་གཙོ་རྩ་ཆེན་སྐོར། གསེར་ཟངས་ལས་གྲུབ་པའི་གུ་རུའི་སྐུ་གསུང་འབྱོན་མ་གཅིག [page 557] གྲུབ་ཆེན་ཞིག་གིས་གནང་བའི་དུང་དཀར་ཁྱད་འཕགས་ཅན་གཅིག་ཡོད། མཆོད་ཆ་དང་རོལ་མོའི་སྐོར། ཏིང་ཕོར་ཆེ་ཆུང་བཅུ། བུམ་པ་བདུན། ནང་མཆོད་བདུན། མཎྜལ་ཆ་བཅུ། དངུལ་ཀོང་བཅུ་བཞི།
ཀོང་བུ་ཉི་ཤུ། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་ཆ་གསུམ་ཡོད། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ག་བུ་མ་བཅས་ཆ་ལྔ་ཡོད། སྦུག་ཆལ་ཆ་ལྔ་བཅུ། སིལ་སྙན་ཆ་ལྔ། རྡོར་དྲིལ་ཆ་ལྔ། ཌ་མ་རུ་ཆ་ལྔ། དུང་ཆེན་ཆ་གཉིས། འཁར་རྔ་ཆ་གཉིས། རྐང་དུང་ཆ་དྲུག རྒྱ་གླིང་ཆ་ལྔ་བཅས་ཡོད་དོ།།
ཆོས་ཚོགས་འབག་འཆམ་སྐོར། ཞི་ཁྲོ་དམ་པ་རིགས་བརྒྱའི་འབག་འཆམ་ཆ་ཚང་གཅིག དབྱར་གནས། སྒྲུབ་མཆོད་ཉིན་བཅུ། བསྙུང་གནས་ཉིན་བཅུ་དྲུག ཞིང་སྒྲུབ་ཉིན་བཅུ། གུ་དྲག་སྒྲུབ་མཆོད་ཉིན་བཅུ་འཆམ་དང་བཅས་པ་ཡོད་དོ།།
གྲྭ་ས་འགྲོ་སའི་མ་དགོན་ནི་གནས་ནང་དགོན་དང་མདོ་རྡོ་རྗེ་བྲག་གཉིས་ཡིན། བཤད་གྲྭ་དང་སྒྲུབ་གྲྭ་དགོན་འདིར་བཙུགས་ཐུབ་མ་མྱོང་། གནའ་དང་ད་ལྟའི་དགེ་འདུན་པའི་གྲངས་དུ་བཞུགས་སྐོར། སྔོན་ཆད་བླ་གྲྭ་བརྒྱ་དང་བཅུ་ཡོད། དེང་སང་འདིར་གྲྭ་པ་བཞི་བཅུ་ཞེ་བརྒྱད་ཡོད།
རིག་གསར་སྐབས་དུས་དབང་གིས་དགོན་པ་གཏོར་བརླག་ཚབས་ཆེན་ཐེབས་ནས་མེད་པར་སོང་།
དེང་སང་གི་གནས་ཚུལ། སྤྱི་ལོ་1984 ལོ་ལ་བླ་མ་ས་རྒོད་ཚང་གིས་གཙོ་བོར་བྱས་ནས་སྐྱ་སེར་ཡོངས་ཀྱི་མཐུ་ལ་བརྟེན་ནས། གཙུག་ལག་ཁང་ཀ་རིང་གཉིས་དང་ཀ་ཐུང་བཅུ་ཅན་གཅིག ཇ་ཁང་གཅིག སྲུང་མ་ཁང་། དུང་འཁོར་ཁང་། གྲྭ་ཤག་བཅུ་གཅིག་བཅས་བཞེངས་གྲུབ།
སྨན་འདམ་གྱི་སྐུ་སྟོན་པ་གཙོ་འཁོར་གསུམ་ཅན་གཅིག་གུ་རུ་གཙོ་འཁོར་གསུམ་ཅན་གཅིག སྒྲོལ་སྐུ་ཆེ་ཆུང་གསུམ། ཀུན་མཁྱེན་ཀློང་ཆེན་པ་གཅིག རྡོར་སེམས་ཀྱི་སྐུ་གཅིག སྤྱན་རས་གཟིགས་ཀྱི་སྐུ་གཅིག དཔལ་ལྡན་ལྷ་མོ་གཅིག མགོན་པོ་གཅིག ཕྱག་རྡོར་གཅིག ཞལ་ཐང་བརྒྱད། གསེར་སྐུ་བཅོ་ལྔ། བཀའ་བསྟན་གཅིག
ཟངས་རག་གི་མཆོད་རྟེན་ཆ་གཅིག མཆོད་རོལ་སྐོར་ལ་བདུན་ཚར་ཆ་ལྔ། མཚན་ཐུབ་ཀོང་བུ་ཉི་ཤུ། ཀོང་བུ་ཆུང་བ་བརྒྱ་མཆོད་གཅིག མཆོད་རོལ་ཆ་ཚང་བ་གཅིག་བཅས་དང་། ཐབ་ཆས་སྐོར་ལ་ཚོགས་ཟངས་གཉིས། སྐྱོགས་ཉི་ཤུ་བཅས་ཡོད་དོ། ད་སྐབས་དགོན་པའི་སྦྱིན་བདག་གི་དུད་གྲངས་བརྒྱ་དང་བརྒྱད་ཅུ་ཡོད།
བླ་མ་ཨ་རྒོད་ཚང་ནི་དགོན་པ་དང་ཡུལ་ལུང་ལ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཞིག་ཡིན་ནོ། གནའ་ནས་ད་ལྟའི་བར་དུ་ལོ་དྲུག་བརྒྱ་དང་གསུམ་སོང་ཟིན།
ཞེས་པ་འདི་ནི་འགྲ་པ་བླ་མ་ཨ་རྒོད་ཚང་གི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།། །།
བཱཿགནས་དགོན་པའི་ལོ་རྒྱུས།
བཱཿགནས་ཞེས་པའི་དོན་ནི་བཱཿལངས་དགོན་པ་དང་གནས་ནང་དགོན་པ་གཉིས་ཀྱི་བུ་དགོན་ཡིན་[page 558] པས་ཆ་ནས་བཱཿལངས་དགོན་པའི་བཱཿདང་། གནས་ནང་དགོན་པའི་གནས་གཉིས་ཀྱི་མིང་བསྡུས་ནས་དགོན་པ་ལ་རྟེན་འབྲེལ་གྱིས་བཱཿགནས་དགོན་པ་ཞེས་མཚན་དུ་གསོལ། རབ་བྱུང་བཅུ་གཉིས་པའི་སྤྲེལ་(སྤྱི་ལོ་1728)བཱཿགནས་རིག་འཛིན་རྒྱ་མཚོས་བཏབ། ས་དཔྱད་ནི་ཕྱོགས་བཞི་ལ་གཞི་བདག་བཞིས་སྲུང་ཞིང་། གཡས་སུ་བེ་ཟུར་ཉི་ཟླ་ཐང་གིས་རྒྱན་པ་གནམ་གྱི་དབྱིབས་ཉི་ཟླ་ལྟར་མཐོང་ས། མདུན་ལ་ཉག་ཆུ་སྔོན་མོ་གཡུ་འབྲུག་ལྟར་འཕྱོ་བ་ཡོད། དགོན་པའི་མིང་གི་རྣམ་གྲངས་ནི་བཱཿགནས་དགོན་པ།
བཱཿགནས་བསམ་གཏན་བཤད་སྒྲུབ་བསྟན་འཕེལ་གླིང་། བེ་ཤིང་མང་པོ་སྐྱེས་པའི་ཟུར་ཡིན་པའི་ཆ་ནས་བེ་ཟུར་དགོན་པ་དང་དྲི་སོ་དགོན་པའང་ཟེར། གནའ་སྔ་མོ་གདན་ས་འདིའི་གྲུབ་མཐའ་ནི་བཀའ་བརྒྱུད་པ་ཡིན་ཡང་རྗེས་སུ་བསྟན་པ་ཉམས་ཉེས་ལ་སོང་ནས་མིང་གི་ལྷག་མར་གྱུར་ལ་ཉེ།
བཱཿགནས་རིག་འཛིན་རྒྱ་མཚོས་རྒྱལ་བ་སྐུ་ཕྲེང་བདུན་པ་མི་ཉག་མགར་ཐར་དུ་བྱོན་སྐབས་ནས་གྲུབ་མཐའ་སྔགས་རྙིང་མ་བསྒྱུར་ནས་དགོན་པ་གསར་བཞེངས་མཛད། བླ་རབས་དྲུག་ཡོད་པ། བླ་མ་དཔལ་ཁོ། བླ་མ་དམ་ཆོས། བླ་མ་དཔལ་ལྡན། བླ་མ་རང་གྲོལ། བླ་མ་ཨ་མཁས། བླ་མ་རྡོ་རྗེ་བཅས་སོ།།
བཱཿགནས་སྐུ་ཕྲེང་རིམ་བྱོན་ནི་སྐུ་ཕྲེང་དྲུག་ཡོད། ༡. རིག་འཛིན་རྒྱ་མཚོ་ནི་ལྕགས་མདུད་རི་ནུབ་འབྲོག་པ་སེར་ཤུལ་ཚང་ལ་འཁྲུངས། ༢. ཐེག་མཆོག་པདྨ་བསྟན་འཛིན་བྲག་འགོའི་གནས་ནང་ཚང་ལ་འཁྲུངས། ༣. གྲུབ་ཆེན་སྐལ་བཟང་ནོར་བུ་རྟའུའི་ཆུ་མདོའི་ཤའུ་ཤིས་འབྲུ་མདའ་ཚང་ལ་འཁྲུངས། ༤.
བྱ་བྲལ་པདྨ་ཚེ་དབང་དར་མགོའི་ལྕགས་ལ་རྒྱལ་པོ་ཚང་ལ་འཁྲུངས། ༥. དཔའ་བོ་ཉི་མ་འོད་ཟེར་ཚང་དར་མདོའི་སྐྱིད་ལེགས་ཁུག་གི་ཁྱིམ་ཚང་དབུལ་པོ་ཞིག་ལ་འཁྲུངས། ༦. རིག་འཛིན་པདྨ་དབང་རྒྱལ་ལི་ཐང་གཟིམས་ཁང་ཚང་ལ་འཁྲུངས་སོ། དབོན་པོའི་སྐུ་ཕྲེང་བཞི་ཡོད་པ་གཅིག་དཔོན་པོ་འཇམ་དཔལ་རྡོ་རྗེའི་འཁྲུངས་ཡུལ་གུ་དྲག
གཉིས་པ་དཔོན་པོ་གསང་སྔགས་ཀྱི་འཁྲུངས་ཡུལ་གནས་ནང་། གསུམ་པ་དཔོན་པོ་འགྱུར་མེད་དཔལ་གྱི་དབང་ཕྱུག་ཚང་གི་འཁྲུངས་ཡུལ་འགྲ་བར་སྟོད་ཀྱི་ཉ་རྒས་ཚང་། བཞི་པ་དཔོན་པོ་རྒྱལ་དབང་ཉི་མ་བཱཿལངས་སུམ་མདོའི་བླ་བྲང་ཚང་ལ་འཁྲུངས་པ་བཅས་སོ།།
གདན་ས་དེར་ཞབས་བཅག་བྱིན་རླབས་གནང་མྱོང་བའི་གྲགས་ཅན་སྐྱེས་མཆོག་ནི་བླ་མ་ཅོག་སྟོང་ཚང་དང་། ཀརྨ་པཀྵུ། ཁང་གདུང་འགྱུར་མེད་རྡོ་རྗེ། གནས་ནང་སྤྲུལ་སྐུ་རྒྱན་ལོས་བུམ་སྒྲུབ་བཙུགས། རྡོ་གྲུབ་ཆེན། མི་ཉག་རྒྱ་སྤྲུལ་ཚང་། སྐུ་ནུབ་སྟག་སྤྲུལ། བེར་གཙང་སྐུ་ཐོག་གོང་མ།
བླ་མ་དར་རྒྱས་ཚང་གིས་མཆོད་རྟེན་བཅུ་གསུམ་བཞེངས། ལའུ་ཐང་གི་སྤྲུལ་སྐུ་སྒྲ་གཅན། རྡོ་རིང་སྤྲུལ་སྐུ། གླག་ཆོས་འགྲུབ་བྱོན་ནས་ཞིང་སྒྲུབ་བཙུགས། མོ་འགྲེ་སྤྲུལ་སྐུ། བླ་མ་བློ་གསལ་ཚང་གི་ཤོག་ཁག་རེ་ལ་དུང་འཁོར་རེ་བཙུགས་ནས་བླ་སྤྲུལ་མང་པོ་བྱོན་མྱོང་། འགན་ཁུར་མཁན་སྐོར།
བསྟན་བདག་བཱཿགནས་ཡང་སྤྲུལ་ཚང་ཡིན། ཁྲི་པ་དཔལ་ཁོ། དབུ་མཛད་གཅིག དགེ་སྐོས་གཅིག ཕྱག་མཛོད་གཉིས། མཆོད་དཔོན་གཉིས། གྲྭ་པ་བདུན་ཅུ་དོན་ལྔ་ཡོད།
[page 559] ཁང་བའི་འཛུགས་སྐྲུན་གྱི་སྐོར། གཙུག་ལག་ཁང་གསར་རྙིང་གཉིས། ཇ་ཁང་གཅིག གཉེར་ཁང་གཅིག མགྲོན་ཁང་གཅིག གྲྭ་ཤག་ཉི་ཤུ་ཡོད། མགོན་ཁང་གཅིག བླ་བྲང་ཁང་གཅིག
སྐུ་གསུང་ཐུགས་རྟེན་སྐོར། གུ་རུ་གཙོ་འཁོར་གསུམ། ཆོས་ལོངས་སྤྲུལ་གསུམ། མཁན་སློབ་ཆོས་གསུམ། རིགས་གསུམ་མགོན་པོ། ཚེ་དཔག་མེད། སྒྲོལ་མ། གདུགས་དཀར། རྡོར་སེམས། འོད་དཔག་མེད། ཡི་དམ་ཕུར་བ་གཅིག མགོན་ཁང་ནང་ལ་སྲུང་མ་ཆ་ཚང་བ་བཞེངས་ཡོད། གསེར་སྐུ་ཆེ་ཆུང་བཞི། ཞལ་ཐང་ཆེ་ཆུང་སུམ་ཅུ་སོ་བཞི།
ཡང་ཐང་ག་ཆུང་བ་བཞི། གསུང་རྟེན་ནི་བཀའ་བསྟན་ཆ་གཅིག འབུམ་གསེར་དངུལ་གྱི་བྲིས་མ་ཆ་གཉིས། གཟུངས་འདུས་དང་བརྒྱད་སྟོང་པདྨ་བཀའ་ཐང་གསེར་བྲིས་དངུལ་བྲིས་ཆ་གཅིག་རེ། རྡོར་གཅོད་གསེར་དངུལ་གྱི་བྲིས་པ་ཚར་བཅུ། བྱང་བའི་འདོན་ཆ་ཆ་ཚང་བ་བཅས་ཡོད། ས་རྡོའི་མཆོད་རྟེན་བཅུ་གསུམ་ཡོད།
གནའ་རྫས་རྩ་ཆེན་སྐོར་ལ་དུང་ཆ་གཅིག སྤྲུལ་སྐུ་རིག་འཛིན་གྱིས་གནང་བའི་འཁར་རྔ་རྩ་ཆེན་གཅིག ཁྱད་པར་ཅན་གྱི་སྦུག་ཆལ་ཆ་གཅིག རྡོར་དྲིལ་ཆ་གཅིག གུ་རུའི་གསེར་སྐུ་ཁྱད་འཕགས་གཅིག་བཅས་ཡོད་དོ།། མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་ལྔ། བུམ་པ་ཆ་གཉིས། ནང་མཆོད་ཆ་གཉིས། མཎྜལ་ཆ་གསུམ། དངུལ་ཀོང་ཆ་གཅིག
གདུགས་དང་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་གཉིས་ཡོད། དུང་ཆ་གཉིས་ཡོད། དུང་ཆོས་ད་གཟུངས་ཐག་རྡོ་རྗེ་ཆ་གཉིས། སྦུག་ཆལ་ཆ་ལྔ། མཆོད་རྔ་ཆ་གཉིས། རྐང་གླིང་ཆ་གཉིས། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག
ཆོས་འཚོགས་དང་འཆམ་གར་སྐོར། ཟླ་བ་དང་པོར་ཆོགས་འཁོར་ཉིན་གཉིས། ཟླ་བ་བཞི་པར་བསྙུང་གནས་ཆ་བཞི། ཟླ་བ་བཅུ་པ་ཞིང་སྒྲུབ་བུམ་སྒྲུབ་དགུན་ཆོས་འཆམ་དང་དགུ་གཏོར་བཅས་ཡོད། བཤད་གྲྭ་གཅིག་ཡོད་མྱོང་། སྒྲུབ་གྲྭ་མེད། མ་དགོན་ནི་བཱཿལངས་དགོན་པ་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི།
མི་སེར་གྱི་འབུལ་བ་ལ་བརྟེན་དགོས། སྦྱིན་བདག་གི་དུད་གྲངས་དྲུག་ཅུ་ལྷག་ཙམ་ཡོད། པར་ཤིང་སྐོར་ལ། རྡོར་གཅོད། ལྟུང་བཤགས། སིངྷི་པར་ཤིང་དང་། མ་ཎིའི་པར་ཤིང་བཅས་ཡོད། རྗེས་སུ་ཁང་བའི་ཕྱི་ཁོག་མ་གཏོགས་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་བཅས་ཀྱིས་མི་རྒྱུ་ཐམས་ཅད་རྩ་མེད་ལ་བཏང་ཟིན།
དེང་སང་གི་གནས་ཚུལ། བླ་མ་དཀོན་མཆོག་སྐྱབས་དང་། ཚེ་འཕེལ། བསྟན་འཕེལ་གསུམ་གྱིས་གཙོ་བོ་བྱས་ནས་གྲྭ་པ་ཚོ་དང་མི་སེར་བཅས་ཀྱིས་རོགས་རམ་ལ་བརྟེན་ནས་གཙུག་ལག་ཁང་གཅིག ཇ་ཁང་གཅིག སྲུང་མ་ཁང་། གྲྭ་ཤག་བཅོ་ལྔ། གཉེར་ཁང་གཅིག དུང་འཁོར་ཁང་ནང་ལ་འཁོར་ཆེན་གསུམ་བཙུགས་ཡོད། བཀའ་བསྟན་ཆ་གཅིག། འབུམ་ཆ་གཅིག།
དེ་མིན་བྱང་བའི་འདོན་སྐོར་ཆ་ཚང་བ་གཅིག་མ་ཚད་དགོངས་པ་ཟངས་ཐལ་དང་ཡིག་ཆ་ཁ་ཤས་བཅས་ཡོད། སྨན་འདམ་ལས་གྲུབ་པའི་གུ་རུ་གཙོ་འཁོར་གསུམ་དང་། རིགས་གསུམ་མགོན་པོ་ཆོས་ལོངས་སྤྲུལ་གསུམ། མཁན་སློབ་ཆོས་གསུམ། རྡོར་[page 560] སེམས། སྒྲོལ་མ། གདུགས་དཀར། མགོན་པོ། དམ་ཅན། གཟའ། བཙན།
ཙིའུ་དམར། སྔགས་སྲུང་མ། ཕུར་བ་བཅས་དང་། མཆོད་རྟེན་གཅིག་བས་བཞེངས་ཡོད། མཆོད་ཆ་དང་རོལ་ཆས་སྐོར་ཆ་ཚང་བ་གཅིག གདན་རིང་ཆེ་ཆུང་བདུན། ཚོགས་ཟས་གཉིས། ཐང་མོ་ཆེ་སྒོར་ཁྲི་གཅིག་དང་སྟོང་གསུམ་གྱི་རིན་ཅན་གཅིག གྲྭ་པ་སུམ་ཅུ་སོ་གཅིག་ཙམ་ཡོད།
དེང་སང་དགོན་པའི་སྦྱིན་བདག་གི་དུད་གྲངས་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་ཡོད། དགོན་པ་འདི་བཏབ་ནས་ད་བར་དུ་ལོ་ཉིས་བརྒྱ་དྲུག་བཅུ་རེ་བདུན་སོང་ཟིན། ཞེས་པ་འདི་ནི་བླ་མ་དཀོན་མཆོག་སྐྱབས་ཀྱི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།
སྤུ་པ་རོང་དགོན་པའི་ལོ་རྒྱུས།
སྤུ་པ་རོང་ཞེས་པ་ནི་ས་ཆའི་མིང་ཡིན་ལ་མིང་དེ་དགོན་པ་ལ་སྦྱར་ནས་སྤུ་པ་རོང་དགོན་པ་ཞེས་མིང་བཏགས་སོ། དགོན་པ་ཆགས་ས་ནི་ཡུལ་དེའི་ངོགས་མཐོ་སར་ཆགས་ཡོད། བོད་རབ་བྱུང་བཅུ་དྲུག་པའི་གླང་ལོ་(1949)གཟུངས་ཤུལ་བླ་མ་ཆོས་གྲགས་ཀྱིས་བཏབ། མ་མགོན་ནི་རྡོ་རྗེ་བྲག་ཡིན།
གྲུབ་མཐའ་ནི་རྙིང་མ་བ་ཡིན། དགོན་པའི་མིང་ལ་དཔའ་ཡུལ་སིདྷི་བསམ་གཏན་ཉི་མ་དགོན་ཡང་ཟེར་སྲོལ་ཡོད། སྐུ་གཟུངས་ཐུགས་རྟེན་སྐོར། སྟོན་པའི་སྐུ་གཅིག གུ་རུ་གཙོ་འཁོར་གསུམ། སྒྲོལ་མ། མཁན་སློབ་ཆོས་གསུམ། སྲུང་མ་སྐོར་འགའ་ཞིག བྱམས་པའི་སྐུ་སོགས་སྐུ་འདྲ་མང་པོ་ཡོད། གསེར་སྐུ་བཅུ། ཐང་ག་ཉི་ཤུ།
བཀའ་བསྟན་གཉིས། འབུམ་ཚར་གཉིས། གཞན་དཔེ་ཆ་པོད་བརྒྱ་ལྷག་ཙམ་དང་མཆོད་རྟེན་དྲུག་བཅས་ཡོད་དོ། མཆོད་ཆ་དང་རོལ་ཆས་སྐོར་ལ་ནང་མཆོད་དང་བུམ་པ་རྡོར་དྲིལ། ཌ་མ་རུ། ལག་རྔ། མཆོད་རྔ། དུང་ཆོས། དུང་སྦུག་ཆལ་སིལ་སྙན་རྐང་གླིང་རྒྱ་གླིང་དུང་ཆེན་མཎྜལ་གདུགས་རྒྱལ་མཚན་ཀ་འཕན་བཅས་ཆ་ཚང་བ་ཡོད།
ཁང་པའི་འཛུགས་བསྐྲུན་སྐོར། གཙུག་ལག་ཁང་དང་གཉེར་ཁང་། ཇ་ཁང་། མགོན་ཁང་། བླ་བྲང་ཁང་། གྲྭ་ཤག་འགའ་ཤས་བཅས་ཡོད། འགན་ཁུར་མཁན་སྐོར། བསྟན་བདག་དང་ཁྲི་པ་དབུ་མཛད། དགེ་སྐོས། མཆོད་དཔོན། མགོན་བླ། གཉེར་པ། གྲྭ་པ་ལྔ་བཅུ་བཅས་ཡོད། ཆོས་ར་འཚོགས་རྒྱུའི་སྐོར།
བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་གྱི་རིལ་བུ་བུམ་སྒྲུབ། ཀུན་རིག་བྱང་སྤྱོད་དབང་སྒྲུབ་མཆོད། བཀའ་བརྒྱད་རང་ཤར། རཏ་གླིང་གུར་དྲག་མེ་འཁྱིལ་བཅསའཆམ་རྒྱག་རྒྱུ་གཞན་སྒྲུབ་མཆོད་མང་པོ་ཡོད། བྱང་ལུགས་ལྟར་ཡིན། དཔལ་འབྱོར་ཐོན་ཁུངས་ནི།
ས་ཕྱོགས་དེ་སླང་མོ་བྱེད་རྒྱུར་ཤིན་ཏུ་དགའ་མོ་ཡོད་པས་སློང་མོ་བྱེད་རྒྱུའི་དངོས་རྫས་དང་མི་སེར་སྦྱིན་བདག་ཚོའི་འབུལ་བ་བཅས་ཡིན། སྦྱིན་བདག་གི་དུད་གྲངས་བརྒྱ་དང་བཞི་བཅུ་ཡོད། རྗེས་སུ་ངོ་རྒོ་ལ་བཞི་དང་རིག་གནས་གསར་བརྗེ་གནོད་སྐྱོན་ཆེན་པོ་ཐེབས་ནས་མེད་པར་བྱས་སོ།།
[page 561] དེང་སང་གི་གནས་ཚུལ། སྤྱི་ལོ་1990ལོ་ནས་བཟུང་འདུ་ཁང་དང་མགོན་ཁང་གཉེར་ཁང་ཇ་ཁང་གྲྭ་ཤག་བཅས་རྒྱབ་ཚར་ཡོད། སྐུ་གསུང་ཐུགས་རྟེན་དང་མཆོད་ཆ་དང་རོལ་མོ་མཆོད་རྫས་ཚོགས་ཟངས་ཆོས་ར་འཚོགས་རྒྱུ་བཅས་ཅུང་ཟད་མི་དམན་པ་ཞིག་འཛོམས་ཡོད།
ད་སྐབས་འགན་ཁུར་མཁན་གཙོ་བོ་ནི་བླ་མ་ཤེས་རབ་བཟང་པོས་བཅས་བླ་གྲྭ་ཡོད། སྦྱིན་བདག་གི་དུད་གྲངས་སྔོན་མ་ལས་ལྷག་ཙམ་ཡོད་པར་བཤད། གྲྭ་པ་ཉི་ཤུ་རྩ་གཉིས་ཡོད། གདན་ས་འདིར་སྐྱེས་ཆེན་དམ་པ་གཟུངས་ཤུལ་གདུང་སྲས་ཆོས་ཀྱི་རྒྱ་མཚན་བྱ་བྲལ་ཚང་གི་ཡང་སྲིད་འཆི་མེད་རིག་འཛིན་སོགས་བླ་ཆེན་མང་པོ་བྱོན་མྱོང་།
ཅེས་པ་འདི་ནི་ཁྱུང་སྨྱོན་རྡོ་རྗེས་བྲིས་མ་ལ་གཞི་བྱས་ནས་རིག་བསྟན་གྱིས་བྲིས་པ་དགེའོ།
ཐང་སྒང་དགོན་པའི་ལོ་རྒྱུས།
ཐང་སྒང་དགོན་ཞེས་པའི་དོན་ནི་རི་འབུར་སྒང་ཞིག་ཡོད། ཐང་དེའི་སྟེང་དུ་དགོན་པ་ཆགས་ཡོད་པས་ཐང་སྒང་དགོན་ཞེས་བྱའོ། ས་ཆ་དེར་ནགས་ཚལ་མང་པོ་ཡོད་པས་དགོན་པའི་མིང་ལ་ནགས་ཚལ་གཡུང་དྲུང་གླིང་ཡང་ཟེར། གྲུབ་མཐའ་ནི་བོན་པོ་ཡིན། རབ་བྱུང་བཅུ་པའི་ཤིང་ཕག་ལོ་(1575)ལ་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་དགོན་པ་ཐོག་མར་བཏབ། འགན་ཁུར་མཁན་སྐོར། བསྟན་བདག་གཅིག་ཁྲི་པ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག མགོན་བླ་གཅིག མཆོད་དཔོན་གཅིགགཉེར་པ་གཉིས་དང་ཕྱག་མཛོད་གཅིག་བཅས་ཡོད། གྲྭ་བ་བརྒྱ་ཙམ་ཡོད། ཁང་པའི་འཛུགས་སྐྲུན་སྐོར། གཙུག་ལག་ཁང་གཅིག གཉེར་ཁང་གཅིག
དཔེ་མཛོད་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག སྲུང་མ་ཁང་གཅིག་དུང་འཁོར་གཅིག་དང་གྲྭ་ཤག་བཅུ་གཅིག་ཡོད།
སྐུ་གསུང་ཐུགས་རྟེན་སྐོར། སྟོན་པའི་སྐུ་གཅིག ཨུ་རྒྱན་སྐུ་གཅིག ཚེ་དབང་རིག་འཛིན་གྱི་སྐུ་འདྲ་གཅིག དབལ་གསས་སྐུ་གཅིག ལྷ་རྒོད་ཐོབ་པའི་སྐུ་ཆེ་ཆུང་གསུམ། གཙང་མཆོག་མཁའ་འགྱིང་གི་སྐུ་གཉིས། སྲིད་པ་རྒྱལ་མོའི་སྐུ་གཉིས། དགྲ་ལྷ་རྒྱལ་མོའི་སྐུ་ཆེ་ཆུང་གསུམ། འབུམ་བབ་གཅིགདྲི་མེད་གཟི་བརྗིད་ཆ་གཉིས།
བོན་པོའི་འདོན་ཆ་ཆ་ཚང་བ་ཉི་ཤུ་ཡོད། གཟུངས་འདུས་བརྒྱད་སྟོང་ཀླུ་འབུམ་ཚར་རེ་རེ་དང་གསེར་འོད་ཚར་གསུམ། སྐལ་བཟང་བབ་གཅིག སྐུ་གདུང་མཆོད་རྟེན་གསུམ། གཞན་ས་རྡོའི་མཆོད་རྟེན་ཆེ་ཆུང་བརྒྱད་ཡོད། རྟེན་གཙོ་རྩ་ཆེན་སྐོར། གཏེར་མ་སྦུག་ཆལ་ཆ་གཅིག་འཁར་རྔ་གཅིག ཏིང་ཕོར་ཆ་གཅིག ཤངས་ཆེན་གཅིག
མཆོད་ཆ་དང་རོལ་ཆས་སྐོར། བུམ་པ་ཆ་གཉིས། ནང་མཆོད་ཆ་གཉིས། མཎྜལ་ཆ་གཉིས། དངུལ་ཀོང་ཆ་གཉིས། གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་ཆ་ཚང་བ་ཡོད། དུང་ཆ་གཉིས། དུང་ཆོས་ཆ་གཅིག སྦུག་ཆལ་ཆ་བཞི། སིལ་སྙན་ཆ་གཉིས། རྡོར་དྲིལ་ཆ་གཉིས། ཌ་མ་རུ་བཞི། ལག་རྔ་བརྒྱད། མཆོད་རྔ་བཞི། རྒྱ་གླིང་ཆ་གཉིས། དུང་ཆེན་ཆ་གཅིག
རྐང་[page 562] གླིང་ཆ་གཅིག་དང་ཤངས་ཆེ་ཆུང་ལྔ་བཅས་ཡོད།
ཆོས་ར་འཚོགས་རྒྱུ་དང་འཆམ་རྒྱག་རྒྱུའི་སྐོར། ཟླ་བ་དང་པོའི་ནང་ལ་འདས་མཆོད་ཉིན་བདུན། གསུམ་པའི་ནང་ཉིན་བདུན་འདས་མཆོད་འཚོགས་དགོས། ཟླ་བ་བཞི་པའི་ནང་ཉིན་བཅོ་ལྔ་བཟང་སྤྱོད་འདོན་དགོས། དྲུག་པའི་ནང་སྨོན་ལམ་ཟླ་བ་གཅིག བདུན་པའི་ནང་སྨན་ལྷ་ཉིན་བདུན་དང་། རྣམ་འཛོམས་ཉིན་བཅུ་འཚོགས་དགོས།
བཅུ་གཉིས་ནང་དུ་དགུ་གཏོར་ཉིན་དྲུག་ཚོགས་རྗེས་གཏོར་རྒྱག་དང་འཆམ་རྒྱག་རྒྱུ་བཅས་ཡོད་དོ། དགོན་པ་འདི་ལ་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་ཕུན་སུམ་ཚོགས་པ་རེ་སོང་ཡོད། དཔལ་འབྱོར་ཐོན་ཁུངས་ནི། སྦྱིན་བདག་གི་འབུལ་བ་དང་གྲྭ་པ་ཚོའི་རང་ཁྱིམ་གྱི་རོགས་རམ་བཅས་ལ་བསྟེན་དགོས།
སྦྱིན་བདག་གི་དུད་གྲངས་ནི་ཉི་ཤུ་རྩ་ལྔ་ཙམ་ཡོད་གདན་ས་འདིར་སྐྱེས་ཆེན་དམ་པ་མང་བོ་བྱོན་ཡོད་པ་རྣམས་ནི་བློ་གྲོས་རྒྱལ་མཚན་དང་། ནོར་བུ་དར་རྒྱས། ཤེས་རབ་བློ་གྲོས། ཨ་མགོན་དགེ་བཤེས། ཨ་སྤྲུན་བླ་མ། སྐལ་བཟང་རྒྱ་མཚོ། བླ་མ་རིག་འཛིན། བླ་མ་ཨ་གཡུང་། རྒྱ་རྗེ་གྲུབ་ཐོབ་སོགས་མང་བོ་བྱོན་མྱོང་ངོ་།
རྗེས་སུ་ངོ་རྒོལ་བཞི་དང་རིག་གསར་གྱིས་མེད་པར་བཏང་། དེང་སང་གི་གནས་ཚུལ། འདུ་ཁང་དང་སུང་མ་ཁང་ཇ་ཁང་གཉེར་ཁང་གྲྭ་ཤག་ལྔ་བཅས་རྒྱབ་ཡོད། སྐུ་གསུང་ཐུགས་རྟེན་སྐོར་ལ་བཀའ་འགྱུར་བབ་གཅིག འབུམ་བབ་གཉིས། འདོན་ཆ་སྐོར་ཆ་ཚང་གཅིག་མ་གཏོགས་མེད།
མཆོད་ཆ་དང་རོལ་ཆས་ཆོས་ར་འཚོགས་རྒྱུ་འཆམ་རྒྱག་རྒྱུ་བཅས་ཅུང་ཟད་འཛོམས་ཡོད། གྲྭ་པ་བཅུ་གསུམ་ཡོད། སྦྱིན་བདག་གི་དུད་གྲངས་ནི་ལྔ་བཅུ་ལྷག་ཡོད། ད་སྐབས་འགན་ཁུར་མཁན་གཙོ་བོ་ཚུལ་ཁྲིམས་ཏིང་འཛིན་ཡིན། དགོན་པ་བཏབ་ནས་ད་བར་དུ་ལོ་བཞི་བརྒྱ་དང་ཉི་ཤུ་སོང་ཟིན།
ཞེས་པ་འདི་ནི་བློ་བཟང་ཡེ་ཤེས་དང་ཡེ་ཤེས་རྒྱ་མཚོ་གཉིས་ཡི་ངག་སྒྲོས་ལྟར་རིག་བསྟན་གྱིས་བྲིས་པ་དགེའོ།
མི་ཉག་འདུ་ར་དགོན་པའི་ལོ་རྒྱུས།
མི་ཉག་འདུ་ར་དགོན་པ་ཞེས་པའི་མིང་ཐོགས་དོན་ནི་སེར་སྐྱ་དད་ལྡན་ཕོ་མོའི་ཚོགས་ས་ཆ་འདིར་ཧ་ཅང་འདུ་སའི་གནས་སམ་ར་བ་ལྟ་བུ་ཞིག་ཡིན་པས་ཆ་ནས་འདུ་ར་དགོན་པ་ཞེས་མཚན་གསོལ། རབ་བྱུང་མེད་པའི་སྔོན་གྱི་ཆུ་བྱི་སྤྱི་ལོ་1012ལ་བླ་མ་འགྲོ་མགོན་རྒྱལ་བ་ཚུལ་ཁྲིམས་ཚང་གིས་བཏབ།
ས་ཆ་ཕུན་སུམ་ཚོགས་པ་ཞིག་ཡིན་ཡང་ས་དཔྱད་ཆ་ཚང་ཤེས་མཁན་མི་འདུག་དགོན་པའི་མིང་གི་རྣམ་གྲངས་གཞན་མེད། གྲུབ་མཐའ་ནི་གནའ་ནས་ད་བར་དུ་བོན་པོ་ཡིན། གྲུབ་མཐའ་འགྱུར་རྒྱུ་དང་དགོན་པ་གཅིག་སོ་སོར་འཐོར་བ་སོགས་བྱུང་མ་མྱོང་། བླ་རབས་བརྒྱ་དང་བཅུ་གསུམ་ཡོད་པ།
འགྲོ་མགོན་རྒྱལ་བ་ཚུལ་ཁྲིམས་ནས་དུས་ཕྱིས་སུ་ཤེས་རབ་བློ་གྲོས་དང་གཡུང་དྲུང་རྒྱལ་མཚན་བར་དུ་ཟམ་མ་ཆད་པ་ཡོད། བླ་བརྒྱུད་རིམ་བྱོན་གྱི་མཚན་དང་རིམ་པའི་བླ་བརྒྱུད་རིམ་བྱོན་གྱི་མཚན་དང་རིམ་པའི་བླ་རྒྱུད་གསོལ་འདེབས་ན་གསལ། ལུང་བ་དེའི་དཔོན་པོ་ཉི་[page 563] མ་དཔོན་པོ་ཞེས་པ་དེས་ཁྲི་ཙི་བརྒྱད་ཅུ་ཅན་གྱི་ཐང་མོ་ཆེ་གཅིག་ཐེབས་བཞག་བྱས། འགན་ཁུར་མཁན་སྐོར། བསྟན་པའི་བདག་པོ་ནི་འདུ་ར་བླ་བྲང་ཚང་ཡིན་ཟེར། དབུ་མཛད་ཆེ་ཆུང་གཉིས་ཡོད། དགེ་སྐོས་གཅིག ཕྱག་མཛོད་གཉིས། མཆོད་དཔོན་གཅིག གཉེར་པ་གཅིག མགོན་བླ་གཉིས། གནའ་སྔ་མོ་གྲྭ་པ་བརྒྱད་ཅུ་ཙམཡོད།
ད་སྐབས་གྲྭ་བ་ཉེར་བརྒྱད་ཙམ་མ་གཏོགས་མེད།
ཁང་པའི་འཛུགས་སྐྲུན་སྐོར། འདུ་ཁང་གཅིག དཔེ་མཛོད་ཁང་དང་སྲུང་མ་ཁང་ཐོག་བརྩེགས་གཉིས་ལྡན་གཅིག སྐུ་གདུང་ཁང་གཅིག་གཉེར་ཁང་གཅིག ཇ་ཁང་གཅིག བླ་བྲང་ཁང་གཅིག གྲྭ་ཤག་ཉི་ཤུ། དུང་འཁོར་ཁང་གཅིག་བཅས་དང་། སྐུ་གསུང་ཐུགས་རྟེན་སྐོར། གསེར་བྲིས་དང་དངུལ་བྲིས་ཅན་གྱི་བཀའ་བསྟན་ཚན་གཉིས་ཡོད།
ཡིད་དམ་བཅུ་གཉིས་ཡོད། ཆོ་ག་བཅུ་གཉིས་བཅས་ཏེ་མིན་དཔེ་ཆ་མང་ཙམ་ཡོད། སྐུ་རྟེན་ནི་ཟངས་གསེར་ལས་གྲུབ་པའི་སྟོན་པ་གཤེན་རབ་སྐུ་གཙོ་འཁོར་གསུམ་ཅན་གཅིག ཟངས་གསེར་ལས་གྲུབ་པའི་རྣམ་པར་རྒྱལ་བ་གཅིག ཟངས་གསེར་ལས་བཟོས་པའི་ཚེ་དཔག་མེད་གཅིག་སྨན་འདམ་ལས་བཟོས་པའི་ལྷ་སྐུ་ཆེ་ཆུང་བཅུ་གཉིས།
གསེར་སྐུ་ཆེ་ཆུང་གསུམ། ཞལ་ཐང་ཆེ་ཆུང་ཉི་ཤུ་ཙམ་ཡོད། བཀའ་གདམས་མཆོད་རྟེན་གསུམ། ས་རྡོའི་མཆོད་རྟེན་གཉིས། སྐུ་གདུང་མཆོད་རྟེན་ཉི་ཤུ་ལྷག་ཙམ་ཡོད། རྟེན་རྩ་ཆེན་ནི། འཁར་རྔ་དང་རིས་ཞེས་ཁྱད་འཕགས་གཅིག
གཤང་ཁྲོ་ལུང་གནམ་གྲངས་ཟེར་བ་གཅིག་ཚོགས་དང་འཕར་མ་འཕར་མཆོང་ཟེར་བ་གཅིག་རྒྱ་ནག་ཆུ་འཁོར་ཆར་ཕབས་ཟེར་བ་གཅིག མཆོད་ཆ་དང་རོལ་ཆས་སྐོར། ཏིང་ཕོར་ཆ་བཅུ། བུམ་པ་ཆ་དྲུག ནང་མཆོད་ཆ་གཉིས། མཎྜལ་ཆ་བཅུ་ཡོད། གསེར་ཀོང་གཅིག དངུལ་ཀོང་ཆེ་ཆུང་ཆ་གཅིག གསེར་ཏོག་དྲུག རི་དྭགས་ཆོས་འཁོར་ཆ་གཅིག
གདུགས་དང་ཀ་འཕན་བཅས་ཆ་ཚང་བ། དུང་ཆ་གསུམ། སྦུག་ཆལ་ཆ་ཉི་ཤུ། རྡོར་དྲིལ་ཆ་གཅིག ལག་རྔ་ཆ་གཉིས། མཆོད་རྔ་གསུམ། རྐང་གླིང་ཆ་གསུམ། རྒྱགླིང་ཆ་གསུམ། དུང་ཆེན་ཆ་གསུམ། གཤང་ཆ་གསུམ། ཆོས་ཚིག་དུས་མཆོད་སྐོར། དབྱར་ཆོས་འཆམ་དང་བཅས་བ་དང་། དགུན་ཁ་དགུ་གཏོར་ཞིག་འཚོགས་རྒྱུ་ཡོད།
དེ་མིན་རྒྱུན་ཇ་ཞེས་པ་ཞིག་འཚོགས་རྒྱུ་ཡོད། བར་སྐབས་སུ་དབུར་གནས་ཀྱང་ཚོགས་མྱོང་། བཤད་གྲྭ་དང་སྒྲུབ་གྲྭ་མེད། གྲྭ་ས་འགྲོ་ས་ནི་གཙང་རྨེ་རུ་དགོན་ཡིན། དཔལ་འབྱོར་གྱི་འོང་ཁུངས་ནི་གནའ་དང་ད་ལྟ་གཉིས་ལ་དད་ལྡན་སྦྱིན་བདག་ཚོས་ཕུལ་བ་ཡིན་ནོ། གཞན་ཚོགས་ཟངས་བཞི། ཟོ་ཁྲ་བཅུ། གདན་རིང་བཅོ་ལྔ་ཡོད།
སྐྱེས་ཆེན་དམ་པ་གང་དང་སུ་བྱོན་ནི། ཉག་བླ་སི་ལ་མཁན་ཆེན་དང་བློ་གྲོས་དཔལ་ལྡན་ཚུལ་ཁྲིམས་ཡེ་ཤེས་སོགས་བྱོན་མྱོང་། རང་དགོན་ལ་གནའ་སྔ་མོ་དད་པ་བྱེད་མཁན་གྱི་སྦྱིན་བདག་གི་དུད་གྲངས་སུམ་བརྒྱ་ཙམ་ཡོད། དགོན་པ་དེའི་ལོ་རྒྱུས་ཐོག་དུས་དབང་གི་འཇིག་པ་མང་ཙམ་བྱུང་མྱོང་།
ཁྱད་པར་རྗེས་སུ་དམངས་གཙོ་བཅོས་བསྒྱུར་སྐབས་མེད་བརླག་བཏང་ནས་གཏོར་བཤིག་ཚབས་ཆེན་བྱས་ཐོག་རིག་གནས་གསར་བརྗེ་ས་སྐབས་གཏན་མེད་བྱས་སོ།
[page 564] དེང་སང་གི་གནས་ཚུལ། འདུ་ཁང་གཅིག ཇ་ཁང་གཅིག འདུ་ཁང་གི་སྟེང་མ་ལ་སྲུང་མ་ཁང་གཅིག་དང་བཀའ་འགྱུར་གཅིག་བཞག་ཡོད། གྲྭ་ཤག་དྲུག་ཡོད། སྟོན་པ་གཤེན་རབ་ཀྱི་སྐུ་བརྩེགས་གཅིག་ཅན་གཅིག་ཉམས་མེད་ཤེས་རབ་རྒྱལ་མཚན་སྐུ་གཅིག འདམ་སྐུ་ཆེ་ཆུང་སྟོང་གཅིག
སྲིད་པ་རྒྱལ་མོའི་སྐུ་གཅིག ཐང་ག་ཆེ་ཆུང་གཉིས། གསེར་སྐུ་གཅིག མཆོད་ཆ་དང་རོལ་ཆས་ཆ་ཚང་བ་གཅིག དེང་སང་དགོན་པ་ལ་སྦྱིན་བདག་བྱེད་མཁན་གྱི་དུད་གྲངས་ཉི་བརྒྱ་ལྷག་ཙམ་ཡོད།
ད་སྐབས་འགན་ཁུར་མཁན་གྱི་བྱས་རྗེས་ཅན་མི་སྣ་གཙོ་བོ་ནི་གཡུང་དྲུང་རྣམ་དག་དང་ཉི་མ་བསྟན་འཛིན་གཉིས་ཀྱི་གཙོ་བོ་བྱས་པའི་སེར་སྐྱ་ཡོངས་ཀྱི་འབད་པ་ལ་བརྟེན་ནས་བསྐྱར་བཞེངས་བྱས་དང་བྱེད་བཞིན་པ་ཡིན་ནོ།། དགོན་པ་འདི་བཏབ་ནས་ད་བརལོ་དགུ་བརྒྱ་བརྒྱད་ཅུ་གྱ་གསུམ་སོང་ཟིན།
ཞེས་པ་འདི་ནི་བླ་མ་གཡུང་དྲུང་རྣམ་དག་ཚང་གི་ངག་རྒྱུན་ལྟར་རིག་བསྟན་གྱིས་བྲིས་པའོ།།