ལྕགས་ཟམ་རྫོང་།
[page 657]
སྨན་ཆུ་ལྷ་ཁང་གི་ལོ་རྒྱུས།
[page 658] ལྷ་ཁང་འདི་ཕྱག་འདེབས་པ་པོ་དང་དུས་ཚིགས་སོགས་གསལ་པོར་མ་ངེས། རྒན་པ་ཚོའི་ངག་རྒྱུན་ལྟར་ན་ལོ་ཆིག་སྟོང་ལྷག་ཙམ་གྱི་སྔོན་ནས་ལྷ་ཁང་འདི་ཡོད་ཟེར་འདུག་༡༩༣༠ལོར་ཡས་མས་སུ་རྒྱུན་བཞུགས་བླ་མ་གཉིས་ཡོད་པའི་མཚན་ལ་སྐལ་བཟང་བླ་མ་དང་ཀུན་བཟང་བླ་མ་ཟེར།
སྐལ་བཟང་བླ་མ་གཤེགས་རྗེས་སྐུ་གདུང་མཆོད་རྟེན་བཞེངས་པ་ཡང་རྗེས་ནས་མཇལ་རྒྱུ་ཡོད། ལོ་རེར་དར་མདོའི་རྡོ་བྲག་དགོན་པའི་བླ་གྲྭ་མངག་ནས་ད་ལྟའི་རྡོ་རྗེ་བྲག་དགོན་འདི་མ་ཡིན་སྨན་བླའི་སྒྲུབ་མཆོད་ཟབ་རྒྱས་འཚོགས་པའི་སྲོལ་ཡོད།
དེའི་སྐབས་སུ་འབུད་རྡུང་དགྲོལ་གསུམ་གྱིས་གནམ་ས་གང་བ་ལྟ་བུ་བྱེད་པ་ཡང་ད་ལྟའི་རྒན་པོ་ལོ་བདུན་ཅུ་དང་བརྒྱད་ཅུ་ལོན་པ་ཚོའི་ཡིད་ལ་ལྦ་ལེར་འཆར་གྱིན་འདུག་ཅེས་ངག་ལམ་དུ་བརྗོད་འདུག། རྟག་ཏུ་བསང་གསོལ་བྱེད་པ་དང་རིགས་གསུམ་མགོན་པོའི་བསྙེན་པ་སོགས་ཀྱིས་དར་ལྕོགས་བཙུགས།
སྨན་ཆུ་ལྷ་ཁང་གི་གཡོན་ཕྱོགས་རི་ངོས་ནས་བསང་ཁང་དང་ལ་བཙས་བཅས་ཡོད། ད་ལྟའང་བསང་འབུད་དང་ལ་བཙས་གསོ་བ་བཅས་ཀྱི་སྲོལ་ཡོད། མ་ནི་རྡོ་འབུམ། རིགས་གསུམ་མགོན་པོའི་བསྙེན་པ། བཛྲ་གུ་རུ་བཅས་བྲག་ལ་བརྐོས་པ་ཡང་མཐོང་རྒྱུ་ཡོད། དམངས་གཙོ་བཅོས་སྒྱུར་རྗེས་ཀྱི་གནས་ཚུལ་མདོ་ཙམ་བརྗོད་པ་ལ།
༡༩༥༠ལོ་ཙམ་ནས་བཟུང་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བའི་དབང་གིས་སྨན་ཆུ་ལྷ་ཁང་གི་ནང་རྟེན་ཕྱི་ཁོག་དང་བཅས་པ་རྨང་མེད་དུ་གྱུར་ནས་ལོ་བཅུ་ཕྲག་དུ་མར་ལུས།
སྨན་ཆུའི་གཡས་ཕྱོགས་ཀྱི་རི་ངོས་སུ་རྡོ་ཐལ་གྱི་གཏེར་ཁ་ཡོད་པའི་མི་རྣམས་ཀྱིས་ཐོན་སྐྱེད་སྤེལ་བའི་ཆེད་དུ་རྡོ་ཐམ་བརྐོས་ཤིང་འབར་གས་སོགས་ཀྱི་གཏོར་བས་སྨན་ཆུ་འདི་ཡང་བཀབ་ཟིན་པའི་གནོད་སྐྱོན་ཆེན་པོ་ཐེབས་ཤིང་།
སླད་ནས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཉི་གཞོན་གསར་དུ་ཤར་བའི་དམངས་རྣམ་ཀྱི་བདེ་སྐྱིད་ཀྱི་པད་མོ་བཞད་པ་དང་ལྷན་དུ་ངེད་ཅག་གིས་ཀྱང་ཆོས་དད་རང་མོས་གྱི་རྩ་དོན་ལྟར།
དད་ལྡན་སྦྱིན་པའི་བདག་པོའི་འབྱོར་བ་ལ་བརྟེན་ནས་སྔོན་གྱི་སྨན་ཆུ་ལྷ་ཁང་འདིའི་ཕྱི་ཁོག་ཆུང་བ་གཅིག་དང་ནང་རྟེན་དུ་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་བདག་ཉིད་ཅན་ཞིག་བཞེངས་བས་དད་ལྡན་རྒན་གཞོན་ཕོ་མོ་དག་གིས་མར་མེ་དང་སྤོས་སོགས་མཆོད་སའི་ལྟེ་བར་གྱུར།
༡༩༩༦ལོར་རྡོ་རྗེ་བྲག་དགོན་པའི་བླ་གྲྭ་རྣམས་གདན་འདྲེན་ཞུས་པས་སྨན་བླའི་སྒྲུབ་མཆོད་ཉིད་གསུམ་གྱི་རིང་དུ་འཚོགས། ད་དུང་ཡང་སྔོན་གྱི་ལམ་རྙིང་བ་དེ་འགྲོ་ལམ་མི་བདེ་སྟབས་ལུང་པ་དེའི་ཆུ་རྒྱུད་དུ་རྐང་ལམ་ཤར་གཏོང་བྱེད་ཐུབ་པ་ཞིག་གསར་བསྐྲུན་བྱས།
སྨན་ཆུའི་སྟེང་རྡོ་ཐལ་གྱིས་བཀབ་ཡོད་པ་དེ་རྒན་ཕོ་མོ་རེ་ཟུང་གིས་ཟླ་བ་གཉིས་ཙམ་གྱི་རིང་ས་རོ་རྡོ་རོ་རྣམས་འོད་སྐྱེལ་བྱས་ཀྱང་ད་དུང་ས་རྡོ་འབོར་ཆེན་གྱིས་བཀབ་ཡོད་པས་གཙང་ལས་གཙང་ལས་བྱེད་མ་ཐུབ་པར་ལུས་ཡོད།
[page 659] གཞན་ཡང་འདིར་ཞྲྲར་བྱུང་དུ་བརྗོད་པ་བློ་མཐུན་འགའ་ཤས་ཀྱིས་ཡུལ་དེའི་མི་ཚོ་བོད་མི་མིན་ཟེར་བ་དང་དེ་ནི་ཆའང་རིགས་ཡིན་ཕྱིར་ནང་བསྟན་དགོན་པ་ཡང་མེད་ཅེས་སྨྲ་བ་ནི་ཧ་ཅང་བླུན་པོར་གྱུར་པའི་གཏམ་ཞིག་རེད་འདུག་དེ་ནི་ཁོ་ཚོས་ཏང་གི་མི་རིགས་སྲིད་ཇུས་ཀྱི་དོན་སྙིང་མ་རྟོགས་པ་དང་ཚན་རིག་དང་མི་མཐུན་པའི་གཡོ་སྒྱུའི་ཞྭ་མོ་ཞིག་བཟོས་པ་ཡིན་ན་མ་གཏོགས།
སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ན་ཡུལ་དེའི་མི་ཚོ་བོད་མི་ཡིན་པ་ཤེས་སླ། གང་ཞིག་སྒྲུབ་བྱེད་ཀྱི་གཏམ་ཉུང་ཙམ་ཞུ་ན། དེང་སྐབས་ཡུལ་དེའི་ལོ་དྲུག་ཅུ་དང་བདུན་ཅུ་ལོན་པའི་རྒན་ཕོ་མོ་ཚོའི་ཕ་མ་རྣམས་ཀྱིས་བོད་སྐད་ཁོ་ན་བཤད་པ་ཡིན་ཟེར།
ད་ལྟའི་རྒན་ཕོ་མོ་ཚོས་བོད་སྐད་ཐར་ཐོར་བཤད་པ་དེ་ཁམས་སྐད་དག་མ་བཤད་ཀྱིན་འདུག་ཇ་འཐུང་། དུ་བ་འཐེན་སོགས་དང་།
གཞན་ཡང་གླུ་ཚིག་ལ་ཉི་མ་སེར་པོ་ཤར་ནས་ཤར་སོགས་ཞེས་པའི་གླུ་ངག་གྱེར་སྟངས་བོད་སྐད་ཀྱི་གདངས་དབྱངས་གཉིས་སུ་མ་མཆིས་པ་ཞིག་རེད་འདུག་དེར་མ་གཏོགས་ཁོ་ཚོ་བོད་མི་དང་འཕྲད་ཚེ་ཐུན་མོང་མ་ཡིན་པའི་བརྩེ་དུང་ཆེན་པོ་ཞིག་ཡོད་འདུག ཡུལ་མི་རང་ཉིད་ཀྱི་རྒན་གཞོན་ཕོ་མོ་ཚོས་ཀྱང་ངེད་ཅག་བོད་མི་ཡིན་ཞེས་ཁས་ལེན་གྱིན་འདུག དེ་ལྟར་ཨུ་ཚུགས་ཀྱིས་མི་རིགས་གཞན་ཞིག་ཏུ་བསྒྱུར་བའི་ཆེད་དུ་ཞིབ་འཇུག་བྱེད་པ་ནི་ངལ་བ་འབྲས་མེད་ཀྱི་རྒྱུ་ལས་གཞན་ཅི་ཡང་མ་མཆིས་སོ།།
དགུ་རྫབ་དགོན་གྱི་ལོ་རྒྱུས།
དགུ་རྫབ་དགོན་པ་ནི་རབ་བྱུང་བདུན་པ་ཙམ་གྱི་ནང་དུ་ཆགས། གྲུབ་མཐའ་བོན་པོ་ཡིན། དེང་སང་རྟའུ་རྫོང་ལྕགས་རྐང་ཤང་གི་ཁོངས་སུ་གཏོགས།
དེ་ཡང་གཏེར་སྟོན་ཆེན་པོ་བློ་གྲོས་ཐོག་མེད་ཀྱིས་ཕྱག་བཏབ་མཛད་པའི་རྟའུ་ལྕང་ལོ་སྣའི་བོན་པོ་དགོན་འཐོར་ཞིག་སོང་རྗེས་སུ་བླ་སེར་འགས་གངས་ལྗོངས་གནས་མཆོག་བྲག་དཀར་གནས་རིར་དགུ་རྫབ་དགོན་པ་ཕྱག་བཏབ་མཛད་དེ་གསང་ཟབ་ཀྱི་ཉམས་ལེན་སྤེལ།
ངག་རྒྱུན་གཞན་གཅིག་ཏུ་རྒྱལ་རོང་གི་བོན་ཆོས་ལས་མཆད་པའི་གྲུབ་ཆེན་ནམ་སྣང་བས་རྦ་ཞབས་བྲག་དཀར་གནས་སུ་སྒྲུབ་གནས་མཛད་དེ་གསང་ཕུག་རི་ཁྲོད་ཐོག་མར་ཕྱག་བཏབ་པ་ལས་རིམ་གྱིས་དགུ་རྫབ་དགོན་པ་བྱུང་བར་བཞེད། མདོར་ན་གང་ལྟར་ཡང་གནའ་སྔ་རབས་བོན་དགོན་ཞིག་ཆགས་ཡོད་པར་ངེས་སོ།།
སྤྲུལ་པའི་གཏེར་ཆེན་ཁོད་སྤང་བློ་གྲོས་ཐོག་མ་མེད་སློབ་རྒྱུད་དང་བཅས་པས་རྦ་ཞབས་བྲག་དཀར་གནས་སྒོ་ཕྱེ་ཞིང་གཏེར་རྫས་མང་དུ་དྲངས་ནས་དགུ་རྫབ་དགོན་པའམ་མཚན་གཞན་དུ་གསང་ཕུག་དགོན་པ་དང་རྫ་ལུང་དགོན་པར་ཐེབས་བཞག་གནང་མ་ཚད།
ཟབ་གསང་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་ཞིང་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོ་གྱི་ལམ་ལ་བཀོད། དེའི་རྗེས་སུ་འགྲོ་མགོན་ཚེ་དབང་[page 660] འགྱུར་མེད་དང་འགྲོ་མགོན་ཤེས་རབ་དགོང་རྒྱལ། འགྲོ་མགོན་གཡང་དྲུང་ཚུལ་ཁྲིམས། ནམ་མཁའ་རྒྱལ་མཚན།
ནམ་མཁའ་བསམ་གྲུབ་སོགས་བླ་མ་མང་དུ་བྱོན་ནས་དགོན་པར་བསྙེན་སྒྲུབ་དགེ་བསྐུལ་མཛད་ཅིང་འགྲོ་རྣམས་ཤེས་རྒྱུད་གྲོལ་བའི་གདམ་བཅུད་མང་དུ་བསྩལ། དེའི་སྐབས་སུ་ས་གནས་དཔོན་རིགས་དང་ཇག་པ་ངན་འབྲེལ་བྱས་ནས་དགོན་པའི་མཆོད་རྫས་རྩ་ཆེན་རྣམས་འཁྱེར།
འདུ་ཁང་མེ་བསྲེགས་བཏབ་བ་སོགས་དགོན་པའི་རྟེན་བརྟེན་པར་གཏོར་བརླགས་དང་གྱུང་གུན་ཚབས་ཆེན་ཐེབས་པ་རེད།
དེ་ནས་ལོ་རབས་ངེས་ཅན་ཞིག་སོང་རྗེས་སུ་ལུགས་གཉིས་གང་ལ་མཁྱེན་སྤྱན་རབ་དུ་ཡངས་པའི་རྫ་དགེ་སྤྲུལ་ཡིད་བཞིན་ལེགས་འགྲུབ་གནས་དེར་བྱོན་ཞིང་སྔར་གྱི་དགོན་པ་ཕྱོགས་ཡོངས་ནས་ཉམས་གསོ་ལེགས་པར་མཛད་སྒོམ་དེ་སྒྲུབ་ཉམས་བཞེས་མཐར་ཆགས་སུ་བསྲིངས་ཤིང་གཡང་དྲུང་རྒྱལ་མཚན་སོགས་སློབ་ཚོགས་མང་དུ་བསྐྱངས་ཏེ་སྐུ་ཚེ་མཐར་ཕྱིན་ནོ།། དེ་ནས་གཡང་རྒྱལ་མཚན་དང་བླ་མ་བྱམས་པ་ཕྲིན་ལས་སོགས་གདན་རབས་ལྟར་བྱོན་ཞིང་དགེ་འདུན་པ་བརྒྱད་ཅུ་ལྷག་བཞུགས་ཏེ་གདན་རབས་གོང་མའི་ཕྱག་བཞེས་རྒྱུན་འཇགས་སུ་བསྐྱངས་ཡོད་པར་ལགས་སོ།།
དགོན་པའི་ཕྱི་ཁོག་ལ་བཟོ་བཀོད་ལེགས་ལ་བརྗིད་ཆགས་ལྡན་ཞིང་བུམ་བརྩེགས་ཡོད་པའི་ཚོགས་ཁང་དང་ཇ་ཁང་། གྲྭ་ཁང་། འཁོར་ཁང་སོགས་མཆིས། ནང་རྟེན་ལ་ཁོད་སྤར་བློ་གྲོས་ཐོག་མེད་ཀྱིས་བྲག་དཀར་གནས་ནས་བརྟེན་དུ་དྲངས་པའི་ཀུན་བཟང་རྒྱལ་བ་འདུས་པའི་སྐུ་དང་།
ནམ་མཁའ་སྣང་བའི་གཏེར་རྫས་སུ་གྲགས་པའི་གཤེན་ལྷ་འོད་དཀར་གྱི་སྐུ། བདེ་གཤེགས་གཙོ་བཞི་སོགས་སྐུ་རྟེན་དང་ཁམས་བརྒྱད་འབུམ་ཆེན་དང་དྲི་མེད་གཟི་བརྗིད་མཛོད་མདོ་སོགས་གསུང་རྟེན། གཞན་ཡང་བྱིན་རླབས་ཆེ་ལ་རིན་ཐང་ལྡན་ཞིང་སྤུས་ཚད་ཡོད་པའི་སྤུག་ཆལ་ཚད་ཡོད་པའི་སྤུག་ཆལ་སིལ་སྙན་དང་རྒྱ་གླིང་རག་དུང་།
ཏིང་ཕོར་མཆོད་ཀུང་། འཕེན་གདུགས་རྒྱལ་མཚན། འཆམ་གོས་འབག་ཆས་སོགས་མང་དུ་མཆིས་སོ། དགོན་པའི་ལོ་འཁོར་མོའི་དུས་མཆོད་ལ་རྒྱབ་བ་མཉམ་མེད་གྱི་ལྔ་མཆོད་དང་སྙང་གནས་ཆ་བརྒྱད། རྒྱལ་བ་རྒྱལ་མཚོའི་སྒྲུབ་མཆོད། ཁྲོ་གར་ཞང་གསུམ་གྱི་སྒྲུབ་ཆེན་འཆམ་གཏོར་རྒྱག་དང་སྦྲགས་མ་སོགས་འཚོགས་པའི་སྲོལ་རྒྱུན་མཆིས་སོ།
དགོན་པའི་དཔལ་འབྱོར་གྱི་འོང་ཁུངས་ནི་དགོན་པའི་ལྷ་སྡེར་གཏོགས་པའི་ཡོན་བདག་རྣམས་ཀྱིས་ཤི་བོའི་དགེ་རྩ་དང་འགྱེད་ཡོན་ཁ་སོགས་མཆོད་ཐེབས་རྒྱུ་རྩ་དང་། བསྟན་བདག་རིམ་བྱོན་གྱིས་གནང་བའི་ཐེབས་བཞག་རྒྱུ་རྩ། ས་ཞིང་ཐོན་སྐྱེད་གཉེར་བའི་ཡོང་འབབ།
ཕྱུགས་ཟོག་གི་ཡོང་འབབ་སོགས་སྒོར་ཁྲི་ཚོ་འགའི་རིན་གྱི་གདན་རྒྱུ་རྩ་ཡོད་པར་སེམས། དེ་དག་ལས་ཐོག་གི་དགེ་བསྐོས་གཉེར་བས་སྤེལ་གཉེར་བྱས་ནས་དགོན་པ་འཛུགས་སྐྲུན་དང་ཚོགས་གཏོང་སྒོ་སོགས་ལ་འགྲོ་གྲོན་དུ་སྦྱར་བའི་སྲོལ་རྒྱུན་ཡོད་པར་ངེས།
དགུ་རྫབ་དགོན་པ་དང་འདྲ་ཁོག་གི་བོན་གཞན་བར་ཕན་ཚུན་འབྲེལ་འདྲིས་ངེས་ཅན་ཞིག་ཆགས་ཡོད་པ་རྩམ་ལས་མ་བུ་དགོན་གང་ཡིན་གྱི་གསལ་ཆ་མ་ངེས། ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་དུས་ཟིང་ཆེན་པོའི་ཁྲོད་དུ་རྫོང་གཅིག་གི་མཛེ་ནད་ཡོད་པའི་ནད་པ་རྣམས་[page 661] དགུ་རྫབ་དགོན་པར་བསྡད་དུ་བཅུག་པས་དགོན་པའི་ཕྱི་ཁོག་དང་རྟེན་ལ་ཕྱོགས་ཡོངས་ནས་གནོད་འཚེ་དང་ཉམས་ཆག་ཚབས་ཆེན་ཐེབས་ཡོད་པར་རེད།
ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ། རྟའུ་རྫོང་སྲིད་གཞུང་གིས་དགུ་རྫབ་དགོན་པ་ཉམས་གསོ་བྱེད་པར་ཆོག་མཆན་ཐོབ་པ་དང་།
སྔར་ཁྱུང་གཏེར་ཐུགས་རྗེ་གླིང་བའི་རྦ་ཞབས་བྲག་དཀར་དུ་སྒྲུབ་གནས་མཛད་སྐབས་མ་འོངས་ལུང་བསྟན་དུ་སླན་ནས་དགུ་རྫབ་དགོན་པ་ཉམས་གསོ་ཡོང་བའི་དུས་ཤིག་ཡོད་ཅེས་གསུངས་པ་སོགས་ཀྱི་སྔོན་འགྲོའི་མཐུན་རྐྱེན་ལ་གཞིར་བཟུང་ཐོག་ཡང་སྲིད་ཚུལ་ཁྲིམས་མཐར་ཕྱིན་དང་རིག་འཛིན་ཟླ་གྲགས།
བླ་མ་འཆི་མེད་དབང་ཕྱུག་རིག་འཛིན་ཉི་མ་སོགས་དབུ་བཞུགས་གནང་ཞིང་ཐུགས་ཁུར་ཟབ་བཞེས་མཛད་འོག རྒྱ་ཆེ་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀུན་གྱིས་ཧུར་བརྩོན་རང་བཞིན་གྱི་ནུས་ཤུགས་ལེགས་འདོན་སྤེལ་བྱས་ནས་དགུ་རྫབ་དགོན་པའི་ཕྱི་ཁོག་དང་ནང་རྟེན་སྐྱར་བཞེངས་ཕྲིན་ལས་ཀྱི་དབུ་བཙུགས་ཏེ།
འབད་འབུངས་ལྷོད་མེད་བྱེད་པར་བརྒྱུད་དེ་འདུ་ཁང་སོགས་རིམ་གྱིས་བཞེངས་པར་གྲུབ་སྟེ་དཔལ་ལྡན་དགུ་རྫབ་དགོན་གཡུང་དྲུང་གླིང་ཞེས་མཚན་གྱི་ཅོད་པན་གསོལ།
མིག་སྔར་དགེ་འདུན་པ་སུམ་ཅུ་ལྷག་གིས་ཐུགས་མཐུན་ཞིང་ཞི་དུལ་བག་ཡོད་ཀྱི་སྒོ་ནས་གདན་རབས་གོང་མའི་ཕྱག་བཞེས་ཉམས་གསོ་བྱས་པར་མཛད་ཅིང་དབང་ལུང་ཁྲིད་རྒྱུན་སྤེལ་བ་དང་དབྱར་དགུན་དུས་མཆོད་རེ་ཟུང་ཚོགས་པ་སོགས་ཀྱི་ཆོས་མཐུན་འབབ་ཞིག་གནང་མུས་སུ་མཆིས་པ་ལགས་སོ།། འཕྲིན་དགས་བྲིས།
བསམ་གྲུབ་དགོན་གྱི་ལོ་རྒྱུས།
བསམ་གྲུབ་དགོན་པ་ནི་གྲུབ་མཐའ་བོན་པོ་ཡིན། དེ་སང་རྟའུ་རྫོང་གྲོང་གཉིས་ཤང་གི་ཁོངས་སུ་གཏོགས། རིག་གནས་གསར་བརྗེའི་སྔོན་དུ་བྲག་ར་དགོན་དང་འོང་གོང་དགོན། སྨོང་སྐྱིད་དགོན་བཅས་བོན་པོའི་དགོན་པ་གསུམ་ཡོད། དགོན་པ་རེ་རེའི་ལོ་རྒྱུས་གཤམ་གསལ་དུ་འགོད་རྒྱུ་ཡིན།
ཕྱིས་སུ་བྱ་བཏང་ཚེ་དབང་འགྱུར་མེད་དང་གཏེར་ཆེན་ཐུགས་རྗེ་གླིང་བ་སོགས་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་དྲི་མེད་རྡོ་རྗེ་ལུང་གིས་ཟིན་ཚུལ་ལ་ཁུངས་བཅོལ་ནས། དགོན་པ་གསུམ་གྱི་བླ་མ་ཆེ་རིམ་པ་རྣམས་ཕན་ཚུན་ནང་མོལ་ཡང་ཡང་མཛད་མཐར།
དགོན་པ་གསུམ་དེ་སློབ་རྒྱུད་དང་གྲུབ་མཐའ་གཅིག་པའི་དབང་གིས་གཅིག་ཏུ་འདྲིལ་རྒྱུའི་ཁ་འཆམ་ནས་གོང་རིམ་འབྲེལ་ཡོད་ལས་ཁུངས་ཆོག་མཆན་བཀོད་པར་སྙན་སེང་ཞུས་བར་བརྒྱུད་དེ་ཆོག་མཆན་ཐོབ། རབ་བྱུང་ལྔ་བ་ཙམ་གྱི་ནང་དུ་བྲག་ར་དགོན་པ་ཐོག་མར་ཆགས།
དགོན་པ་ཕྱག་འདེབས་པ་པོ་ནི་སྤྲུལ་པའི་གཏེར་སྟོན་ཆེན་པོ་བློ་གྲོས་ཐོག་མེད་ཞུ། དགོན་དེ་ལ་མཚན་གཞན་དུ་ཁོད་པོ་དགོན་དང་སྔགས་སྡེ་བྱ་བ་གླིང་། བདུད་འདུལ་ཡང་རྩེ་གླིང་། པད་མ་གླིང་སོགས་ཡོད་པ་[page 662] བློ་གྲོས་ཐོག་མེད་ཀྱི་རྣམ་ཐར་དུ་གསལ།
དགོན་པའི་ཆོས་རྒྱུད་གཡང་དྲུང་བོན་ནས་མཆེད་པ་ཡིན། དགོན་པའི་གདན་རབས་བྱོན་ཚུལ་ནི་ཐོག་མར་གཏེར་ཆེན་བློ་གྲོས་ཐོག་མེད་བྱོན་ནས་གནས་སྒོ་མང་དུ་ཕྱེ་བ་དང་ཆབས་ཅིག་དགོན་པ་ཕྱག་བཏབ་པར་མཛད།
དེ་ནས་རིམ་བཞིན་བློ་གྲོས་རྒྱལ་མཚན་དང་རྣམ་དག་གཙུག་སྒྲུབ་གཤེན་སྣང་ལྡན་ཁོང་གིས་བྲག་ར་དགོན་དུ་ཨ་དཀར་བུམ་སྒྲུབ་ལོ་གསུམ་མཛད་སྒྲུབ་རྟགས་མངོན་དུ་ཐོན་པར་བྱས། དེའི་བར་དུས་ངེས་ཅན་ཞིག་སོང་ཡོད་པར་ངེས།
དེ་ནས་ཉི་མ་ལྡན་ཁོང་གིས་ཡོན་བདག་རྣམས་ཀྱིས་མཐུན་རྐྱེན་གྱ་ནོམ་པར་སྦྱར་བར་འབྲེལ་གཙུག་ལག་ཁང་ཀ་ཐག་བཅུ་གཉིས་བ་ཞིག་གསར་བཞེངས་མཛད། རྨེ་ནག་རྟོགས་ལྡན། རྟུལ་འདྲེ་རྟོགས་ལྡན། གོ་ཏོག་རྟོགས་ལྡན། དབྲ་སྟོན་རིན་ཆེན།
དེ་ནས་ཁྱུང་གཏེར་འོད་ཟེར་གླིང་བ་བྱོན་ནས་བྲག་ར་དགོན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ། དེ་ནས་གཡུང་དྲུང་ནོར་བུ་བྱོན་ནས་ལོ་གསུམ་ལ་བསྙེན་སྒྲུབ་མཛད་དེ་ནས་ཁོད་སྤུངས་དབང་ལྡན་གནད་སར་བྱོན་ནས་མི་ལོ་ཉི་ཤུ་རིང་ལ་བསྟན་བདག་གི་འགན་འཁྲི་བཞེས།
དེ་ནས་གཡང་དྲུང་དཔལ་བཟང་བྱོན་ནས་མི་ལོ་བཅོ་བརྒྱད་རིང་ལ་བསྟན་བདག་གི་འགན་བཞེས་གནང་མཐར་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་དེ་གྲུབ་པའི་དབང་ཕྱུག་ཆེན་པོའི་སར་གཤེགས་ནས་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།
དེ་ནས་གཏེར་ཆེན་ཐུགས་རྗེ་གླིང་བ་བྱོན་ནས་བསྟན་བདག་གི་འགན་བཞེས་ནས་ཆོ་ག་བཅུ་གཉིས་ཀྱི་དབང་ལུང་དང་། མ་བརྒྱུད་ཀྱི་དབང་ལུང་མན་ངག་སོགས་མང་དུ་གནང་ནས་གདུལ་བྱ་སེམས་ཅན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད།
དེ་ནས་བླ་མ་གཡུང་དྲུང་བསྟན་འཛིན་བྱོན་ནས་བསྟན་བདག་གི་འགན་བཞེས་ནས་གདན་རབས་གོང་མའི་ཕྱག་བཞེས་བསྐྱངས། དེ་ནས་དཔལ་ལྡན་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་བྱོན་ནས་བསྟན་བདག་གི་འགན་བཞེས་ནས་རིག་གནས་གསར་བརྗེ་བར་བསྟན་པ་བསྐྱངས་སོ།། དགོན་པའི་ཕྱི་ཁོག་ལ་འདུ་ཁང་དང་ཇ་ཁང་། མཆོད་རྟེན།
གྲྭ་ཤག་སོགས་མཆིསང་། ནང་རྟེན་ལ་རྫས་གཏེར་ནས་དྲངས་པའི་གཏོན་པ་གཤེན་རབ་ཁྲུ་གང་བ་གཙོས་བྱས་པའི་གསེར་སྐུ་ཆེ་ཆུང་བཅུ་གཅིག་དང་སྨན་སྐུ་ཆེ་ཆུང་མང་ཙམ་བཞུགས། ཐོག་རྩེག་གསུམ་ཅན་གྱི་ཐང་མོ་ཆེན་གཅིག་དང་དེ་མིན་ཐང་ཀ་དང་རས་གཞི་སོགས་མཆིས་སོ།
གསུང་རྟེན་སྐོར་ལ་བློ་གྲོས་ཐོག་མེད་ཀྱིས་བཞེངས་པའི་གསེར་བྲིས་ཀྱི་སྟོན་པ་གཤེན་རབ་ཀྱི་གསུང་འབུམ་ཆ་ཚང་དང་ཞི་ཁྲོ་བཅུད་དྲིལ། ཁུང་དམར་སྒྲུབ་པ། ཕུར་བའི་སྲུང་བཟློག་ ཡེ་ཤེས་སྙིང་པོའི་ཆར་འབབས། ས་བདག་ཀླུ་གཉན་གྱི་གཏད་སྦྲུགས། ཚེ་སྒྲུབ་བྱ་རི་མ་སོགས་མ་དུ་བཞུགས།
བློ་གྲོས་ཐོག་མེད་ཀྱི་སྐུ་གདུང་མཆོད་ རྟེན་དང་ནམ་གཡང་དྲུང་གི་སྐུ་གདུང་མཆོད་རྟེན་སོགས་དང་། བློ་གྲོས་ཐོག་མེད་ཀྱིས་རྫས་གཏེར་ལས་དྲངས་པའི་ཕུར་བ་མཐོ་གང་བ། གནས་མཆོག་ཐའུ་བང་ནས་གཏེར་བླངསས་པའི་མཁར་རྔ།
རྦ་ཞབས་བྲག་དཀར་ནས་གཏེར་བླངས་པའི་གཡང་དྲུག་བཀོད་ལེགས་མཆོད་རྟེན་སོགས་གཏེར་རྫས་ངོ་མཚར་ཅན་མང་དུ་བཞུགས། བཞན་ཡང་རྒྱ་ཧོར་ཤང་ཤང་གི་སྤུག་ཆལ་སིལ་སྙན་དང་གསེར་དངུལ་ཟངས་རག་གི་དུང་རྒྱ་གླིང་། གོས[page 663] ་ཆེན་དར་ཕྲུག་རྒྱ་གསེར་གྱི་འཕན་གདུགས་བླ་བྲེས་འཆམ་གོས་སོགས་དགོན་སྡེ་གཞན་དང་གཅིག་མཚུངས་སུ་ཡོད་པ་ལགས་སོ།། དགོན་པའི་ལོ་འཁོར་མོའི་དུས་མཆོད་ནི་མ་རྒྱུད་སྒྲུབ་ཆེན་ཉིན་བརྒྱད་དང་། སྙུང་གནས་ཉིན་བཅུ་དྲུག སྒྲུབ་པ་འཆམ་དང་སྦྲགས་མ་ཉིན་ལྔ། དབྱར་གནས་ཟླ་བ་ཕྱེད་གཉིས།
དགུན་གཏོ་ཉིན་གསུམ་བཅས་འཚོགས་པའི་ལུགས་སྲོལ་རྒྱུན་འཇགས་སུ་མཆིས་སོ། དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་ནི་དགོན་པའི་མཆོད་གཞི་ས་ཞིང་མོའུ་ཉེར་ལྔ་ཡོད་པ་དེ་ཐོན་སྐྱེད་བྱས་པའི་ཡོང་འབབ་དང་། ལྷ་སྡེ་དུད་གྲངས་སུམ་ལྷག་ཡོད་པ་དེས་ཡོན་ཁ་དང་ཤི་བོའི་དགེ་རྩ་སོགས་ལ་མཆོད་ཐེབས་ཕུལ་བའི་དངོས་རྫས།
དགོན་པའི་བསྟན་བདག་རིམ་བྱོན་གྱིས་གནང་བའི་ཐེབས་བཞག་སོགས་ཀྱིས་དགོན་གཞུང་ཐུན་མོང་གི་རྒྱུ་ནོར་བྱས་ཏེ་ཚོགས་པའི་གཏོང་སྒོ་དང་དགོན་པ་འཛུགས་སྐྲུན་སོགས་ཀྱི་འགྲོ་སོང་བྱེད་དགོས་པའི་སྲོལ་རྒྱུན་ཆགས་ཡོད། དགོན་གཞུང་ཐུན་མོང་གི་ནོར་རྫས་སྡོམ་འབོར་གྱི་གྲངས་ཀ་གསལ་པོ་མ་ངེས།
དགོན་པ་དེར་དམངས་གཙོ་བཅོས་བསྒྱུར་གྱི་སྔོན་དུ་དགེ་འདུན་པ་ལྔ་བཅུ་ལྷག་ཡོད།
དེ་དག་གིས་ཚོགས་པའི་གཏོང་སྒོ་དང་འགྱེད་ཡོན་ཁ་ཙམ་ལ་འཚོ་རྟེན་དུ་བྱས་ནས་བཞུགས་པའི་སྲོལ་རྒྱུན་མཆིས་སོ།། དེ་ཡང་འོང་གོང་དགོན་པ་ནི་རབ་བྱུང་ལྔ་བའི་སྨད་ཙམ་ལ་གཏེར་སྟོན་བློ་གྲོས་ཐོག་མེད་ཀྱིས་རྟའུ་ལྕང་ལོག་སྣ་ཞེས་པའི་ས་ཆ་དེར་དེང་སང་རྟའུ་རྫོང་ཁུག་ཆ་ཤང་གི་ཁོངས་སུ་གཏོགསབོན་གྱི་རི་ཁྲོད་ཅིག་ཕྱག་བཏབ་མཛད།
རྒྱུན་མཚན་དེས་ན་ས་ཆ་དེར་ད་ལྟ་ལ་བོན་གྱི་གཞི་བདག་མང་དུ་ཡོད་པ་མངོན་སུམ་ཚད་མས་གྲུབ། ཕྱིས་སུ་ལོ་རབས་དུས་རབས་ངེས་ཅན་ཞིག་སོང་རྗེས་སུ་རྟའུ་ཉ་མཚོ་དགོན་པ་དང་ཕན་ཚུན་གྲུབ་མཐའི་རྩོད་གླེང་བྱུང་ནས་དགོན་པ་དེར་ཕྱོགས་གང་ཐད་ནས་ཉམས་ཆག་ཚབས་ཆེན་ཐེབས།
དེའི་རྗེས་སུ་སྨུག་རོང་དགུ་རྫ་བྲག་དཀར་དུ་ཡང་སྐྱར་དགོན་པ་བཞེངས་ནས་ཆོས་རྒྱུད་སྤེལ། གནས་དེ་ནས་ཡུན་རིང་མ་འགོར་བར་དུས་ཟིང་འཕོ་འགྱུར་གྱི་དབང་གིས་དགོན་པ་ཁ་ཐོར་དུ་སོང་ནས་ཆོས་རྒྱུད་འཛིན་པ་སུམ་ཆ་གཉིས་དེ་རི་བོ་དགའ་ལྡན་པར་གྱུར།
དེའི་རྗེས་སུ་དགོན་པ་དེ་ཆེས་ཉམས་དམན་པའི་གནས་སུ་གྱུར་ཡོད་པའི་སྐབས་སུ་ཉི་མ་རྒྱལ་མཚན་སྨན་རི་གྲྭ་ས་ནས་འདྲ་ཁོག་ཏུ་བྱོན་ནས་སྤྱན་གཡང་དྲུང་གླིང་དུ་སྐུ་མཚམས་ལ་བཞུགས་པར་བརྟེན་སྔར་གྱི་གྲུབ་མཐས་བློ་ཁ་སྒྱུར་མ་ནུས་པའི་བླ་རྒན་རྣམས་ཁོང་གི་སྐུ་གམ་དུ་འདུས་ནས་ཁོང་བླ་སློབ་ཀྱི་གདན་རབས་གོང་མའི་ཕྱག་བཞེསཡུན་རིང་དུ་བསྐྱངས།
ཕྱིས་སུ་མཁན་པོ་ཨ་ཁུ་ཡེ་ཤེས་ཀྱིས་གདན་ས་བསྐྱངས་པའི་སྐབས་སུ་ཡོན་བདག་རྣམས་ཀྱིས་མཆོད་ཐེབས་སྦྱར་བའི་མཐུན་རྐྱེན་ལ་བརྟེན་འོང་གོང་ཞེས་པའི་ས་དེར་འདུ་ཁང་ཀ་བ་བཞི་ཅན་ཞིག་ཕྱག་བཏབ་མཛད། འོང་གོང་དགོན་པ་ཞེས་པའི་མིང་གཞི་ནས་ཆགས།
དེ་ནས་དབལ་འགུགས་སྐལ་བཟང་རྒྱལ་མཚན་དང་རྟོགས་ལྡན་ཚུལ་ཁྲིམས་རྣམ་དག དབལ་འགུགས་བསྟན་འཛིན་དབང་རྒྱལ། རྟོགས་ལྡན་སངས་རྒྱས། རྫོང་ལུ་ཡེ་ཤེས། ཨ་འབེ་ཚུལ་ཁྲིམས། ར་ཚོ་ལྕགས་ཐར་སོགས་གདན་རབས་ལྟར་བྱོན་ནས་ཆོས་རྒྱུད་མུ་མཐུད་རྒྱུན་ཆགས་སུ་བསྲིངས་ཏེ་རིག་གནས་གསར་བརྗེའི་བར་དུ་གནས་ཡོད་པ་ལགས་སོ།།
[page 664] གཞན་ཡང་གནས་དེར་སྔོན་རྗེས་སུ་བྱས་བཏང་ཚེ་དབང་འགྱུར་མེད་དང་གཏེར་ཆེན་འོད་ཟེར་གླིང་བ། གསང་སྔགས་གླིང་བ། ཐུགས་རྗེ་གླིང་བ་སོགས་གང་ཟག་དུ་མས་སྒྲུབ་གནས་མཛད་པ་དང་གཏེར་སྒོ་གནས་ཕྱེ་བ། སྒྲུབ་གྲུབ་བཙུགས་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྤེལ།
དགོན་པའི་ཕྱི་ཁོག་ལ་འདུ་ཁང་གཅིག་དང་རྒྱུ་མཛོད་ཁང་། ཇ་ཁང་། གྲྭ་ཤག་བཅུ་ཕྲག་འགའ་སོགས་མཆིས་སོ།། ནང་རྟེན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་སྟོན་པ་གཤེན་རབ་བདེ་གཤེགས་སོ་ལྔ། ཚེ་དཔག་མེད་སོགས་ཀྱི་མུ་མེད་སྐུ་དང་གསེར་སྐུ། སྨན་སྐུ་བཅས་མང་དུ་བཞུགས། གཞན་ཡང་སྤུག་ཆལ་དང་སིལ་སྙན། མཁར་རྔ། དུང་།
རྒྱ་གླིང་། རག་དུང་། ཀ་འཕེན་བླ་བྲེས། དྲ་བ་དྲ་ཕྱེད། འཆམ་གོས། རྔ། དྲིལ་བུ། བུམཔ་སོགས་མང་དུ་མཆིས་སོ།། དགོན་པའི་དུས་མཆོད་ལ་སྙུང་ནས་དང་དབྱར་ཆོས། དབྱར་གནས། དགུན་ཆོས། གསོལ་ཁ་སོགས་འཚོགས་རྒྱུ་མཆིས་སོ།། དགོན་པའི་དཔལ་འབྱོར་གྱི་ཡོང་ཁུངས་དང་དཔལ་འབྱོར་གྱི་ལམ་ལུགས་ཆགས་ཚུལ།
འགྲོ་གྲོན་བྱེད་སྟངས།
དགེ་འདུན་པའི་འཚོ་བ་བྱེད་ལུགས་སོགས་ནི་གོང་དུ་བཤད་པའི་བྲག་དགོན་པ་དང་གཅིག་མཚུངས་ཡིན་པ་ལགས་སོ།། དགོན་པ་དེར་དམངས་གཙོ་བཅོས་སྒྱུར་སྔོན་དུ་དགེ་འདུན་པ་བརྒྱད་ཅུ་ལ་ཉེ་བ་ཙམ་ཡོད་དེ་དག་བླ་གྲྭ་སུ་ཡིན་ཡང་སྨན་རིར་གྲྭ་སར་བྱོན་ནས་ལོ་གསུམ་རེར་བཞུགས་ཏེ་སྡོན་པ་གང་རུང་ཞིག་མནོས་ན།
བཟོད་དགོན་པ་དེར་གྲྭ་པ་བྱེད་ཆོག་པའི་སྲོལ་རྒྱུན་ཆགས་ཡོད་པ་ལགས་སོ།
སྨོང་སྐྱིད་དགོན་གྱི་ལོ་རྒྱུས།
དེ་ཡང་ངག་རྒྱུན་ལྟར་ན་སྨོང་སྐྱིད་དགོན་པ་ནི་བླ་མ་གློག་འོད་ཚང་གདུང་རྒྱུད་ལས་མཆེད་པའི་མཁའ་ལ་བྱ་ལྟར་འཕུར་ཞིང་ཆུ་ལ་ཉ་ལྟར་འཕྱོ་བ།
རྡོ་ཟས་ལྟར་བརྫུས་པ་སོགས་རྫུ་འཕྲུལ་ལ་ཐོགས་པ་མེད་པའི་གྲུབ་པའི་ཁྱུ་མཆོག་གཡང་དྲུང་རྒྱལ་མཚན་སྐུན་མཆེད་གསུམ་གྱིས་རབ་བྱུང་དྲུག་པ་ཙམ་གྱི་ནང་དུ་འདྲ་ཡུལ་བྲག་སེང་གེ་འགྱིང་སྟབས་འདྲ་བའི་སྟེང་དུ་དགོན་པ་ཕྱག་བཏབ་མཛད་ནས་གླང་འོད་དགོན་པ་ཞེས་མཚན་གསོལ།
དེའི་སྐབས་སུ་སྒོམ་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་ཆེ་ཙམ་བྱུང་ནས་འཇའ་ལུས་སུ་དྭངས་པའི་སྐྱེ་བུ་མང་དུ་བྱོན་པར་གྲགས། ཁོངསྤུན་མཆེད་གསུམ་གྱི་སྐུ་གདུང་མཆོད་རྟེན་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད།
ཕྱིས་སུ་དུས་ཟིང་འཕོ་འགྱུར་གྱི་དབང་གིས་དགོན་པ་སྨོང་སྐྱིད་ས་ཆར་སྤོས་ནས་རྟེན་བརྟེན་པ་ཐམས་ཅད་སྔར་ལས་ལྷག་པར་བཞེངས་པ་གྲུབ་སྟེ། སྨོང་སྐྱིད་དགོན་པ་འམ་དགོན་གསར་ཕུན་ཚོགས་གླིང་ཞེས་མཚན་གསོལ། དེ་ནས་བཟུང་སྨོན་སྐྱིད་དགོན་ཞེས་ས་མིང་དགོན་པར་ཆགས་སོ།། དེའི་སྐབས་སུ་མཁན་རབས་བཅུ་དྲུག་བྱོན་པར་གྲགས།
དེའི་རྗེས་སུ་ཡེ་ཤེས་བསྟན་འཛིན་དང་ཚུལ་ཁྲིམས། [page 665] བླ་མ་གཡང་དྲུང་ཡེ་ཤེས།
ནོར་བུ་སོགས་གདན་རབས་ཟམ་མ་ཆད་པར་བྱོན་ཞིང་ཆོས་རྒྱུད་དང་གདན་ས་བསྐྱངས་ནས་རིག་གནས་གསར་བརྗེའི་བར་དུ་གནས་སོ།། གཞན་ཡང་གདན་ས་དེར་སྔ་གཞུག་ཏུ་གཏེར་ཆེན་འོད་ཟེར་གླིང་བ་དང་རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན། གཏེར་ཆེན་གསང་སྔགས་གླིང་བ་ཡབ་ཡུམ། བྱ་བཏང་ཚེ་དབང་འགྱུར་མེད། རྣལ་འབྱོར་བ་གཡང་དྲུང་དཔལ་བཟང་།
ཨུ་རྒྱན་ཐུགས་རྗེ་གླིང་བ་སོགས་བྱོན་ནས་ཆོས་འཁོར་བསྐོར་བ་དང་སྒྲུབ་གནས་མཛད་པ། གནས་སྒོ་དང་གཏེར་སྒོ་ཕྱེ་ནས་རྫས་གཏེར་དང་དགོངས་གཏེར་སྣ་ཚོགས་བཏོན་པར་མཛད། དགོན་པའི་ཕྱི་ཁོག་ལ་འདུ་ཁང་དང་སྤྱི་ཁང་། ཇ་ཁང་།
གྲྭ་ཤག་སོགས་མཆིས་པ་དང་ནང་རྟེན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་སྟོན་པ་གཤེན་རབ་སོགས་སྐུ་རྟེན་དང་། མདོ་འབུམ་གཟུངས་འདུས་སོགས་གསུང་རྟེན། གཡང་དྲུང་རྒྱལ་མཚན་སྤུན་མཆེད་གསུམ་གྱི་སྐུ་གདུང་མཆོད་རྟེན་དང་སྐུ་གདུང་ཆ་བརྒྱད། བཀའ་གདམ་མཆོད་རྟེན་སོགས་ཐུགས་རྟེན་བཞུགས།
གཞན་ཡང་གནས་གནམ་ལྕགས་རྡོ་རྗེ་དང་ཕུར་བུ་སོགས་གཏེར་རྫས་ཁྱད་པར་ཅན་དང་། སྦུག་སིལ་དུང་སོགས་དང་འཕེན་གདུགས་རྒྱལ་མཚན་སོགས་མཆོད་པའི་ཡོ་བྱད་མང་དུ་མཆིས་པ་ལགས་སོ།། དགོན་པའི་ཚེས་དུས་མཆོད་ལ་སྙུང་གནས་དང་དབྱར་ཆོས། ཞིང་སྒྲུབ། སྨོན་ལམ། དགུ་གཏོར་བཅས་འཚོགས་རྒྱུ་ཡོད།
དགོན་པའི་དཔལ་འབྱོར་གྱི་ཡོང་ཁུངས་དང་དགེ་འདུན་པའི་སྤྱོད་ལམ་སོགས་ནི་གོང་དུ་བཤད་ཟིན་པའི་དགོན་ཁག་གཉིས་དང་གཅིག་མཚུངས་སུ་ངེས་སོ།། དམངས་གཙོ་བཅོས་སྒྱུར་སྔོན་དུ་སྨོང་སྐྱིད་དགོན་པར་བླ་སེར་བཞི་བཅུ་ལྷག་ཡོད་པར་བཤད། གདན་རབས་རིམ་བྱོན་གྱི་རྣམ་ཐར་ཡོད་ཀྱང་ཕྱིས་སུ་བརླགས་སོ།། ད་ལྟའི་གནས་ཚུལ།
ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེ་ཞེས་པའི་སྐབས་སུ་དགོན་ཁག་གསུམ་པོ་ལ་དགོན་པའི་ཕྱི་ཁོག་ཐམས་ཅད་དང་བཤིག་པ་དང་། གནའ་རྫས་རིག་གནས་རིག་དངོས་ཚང་མ་གོང་ལེན་བྱས་པ། གསུང་རབ་རྣམས་མེ་བསྲེགས་བཏང་བ་སོགས་ཀྱི་རྣམ་པ་མི་འདྲ་བའི་ཉམས་ཆག་དང་གཏོར་བརླགས་ཚབས་ཆེན་ཐེབས་ཡོད་པ་རེད།
ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ་གོང་དུ་བཤད་པ་ལྟར་དྲི་མེད་རྡོ་རྗེ་ལུང་ལ་ཁུངས་བཅོལ་ནས་དགོན་ཁག་གསུམ་དེ་གཅིག་ཏུ་བྱེད་རྒྱུརཁ་འཆམ་ཏེ་སྤྲུལ་པའི་གཏོར་ཆེན་ཉི་མ་དབང་ལྡན་གྱི་སྤྲུལ་པའི་རྣམ་རོལ་དུ་གྲགས་པ་སྤྲུལ་སྐུ་ཟླ་གྲགས་དང་།
སྙིང་བུ་ཤེས་རབ་མཆོག་ལྡན་གྱི་ཡང་སྲིད་སྤྱང་ཁྱུང་གདུང་རབ་ལས་མཆེད་པའི་མཁན་པོ་བསྟན་འཛིན་ཉི་མ། ཨུ་རྒྱན་ཐུགས་རྗེ་གླིང་བས་ལུང་གིས་ཟིན་པའི་རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་གི་སྐྱེ་མཐར་འཛིང་པ་མཁན་པོ་གཡང་དྲུང་དབང་རྒྱལ། ཁོད་སྦུངས་ཀྱི་གདུང་རབ་ལས་མཆེད་པའི་མཁན་ཟུང་འཆི་མེད། མཁན་པོ་ལོ་ཐར།
ལྦ་ལོ་མགོན་པོ། འགྱུར་མེད།
ཤར་ཕྱོགས་སྤྲུག་མ་ཐར་སོགས་དགོན་ཁག་གསུམ་གྱི་བླ་སྤྲུལ་རྣམས་དབུར་བཞུགས་གནང་འོག རབ་བྱུང་བཅུ་བདུན་པའི་ས་མོ་སྤྲུལ་གྱི་ལོར་སྔར་བྲག་ར་དགོན་པའི་ཉེ་འདབས་སུ་འདྲ་བསམ་འགྲུབ་དགོན་པའི་འདུ་ཁང་རྟེན་དང་བརྟེན་པ་བཞེངས་པར་རྨང་རྐང་རིམ་གྱིས་གཏིང་བར་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་རང་མོས་ཀྱི་སྒོ་ནས་ཧུར་[page 666] བརྩོན་རང་བཞིན་གྱི་ནུས་ཤུགས་གང་ལེགས་འདོན་སྤེལ་བྱས་མཐར་ལེགས་གྲུབ་བྱུང་།
མིག་སྔར་བླ་སེར་བདུན་ཅུ་ལྷག་ཙམ་གྱིས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་འདྲ་གཡང་དྲུང་བསམ་འགྲུབ་དགོན་པའི་བོན་བསྟན་སྒོམ་སྒྲུབ་བསྐྱངས་པའི་རྣམ་དཀར་དགེ་བའི་མཛད་འཕྲིན་བཟང་པོ་རྒྱུན་ཆགས་སུ་སྦེལ་བཞིན་ཡོད་པ་ལགས་སོ།།
ཆུ་མིག་དགོན་གྱི་ལོ་རྒྱུས།
ཆུ་མིག་དགོན་པ་ནི་རབ་བྱུང་ལྔ་བ་ཙམ་གྱི་ནང་དུ་ཆགས། གྲུབ་མཐའ་བོན་པོ་ཡིན། དེང་སང་རྟའུ་རྫོང་གྲོང་གཉིས་ཤང་གི་ཁོངས་སུ་གཏོགས།
དེ་ཡང་འདྲ་ཆུ་མིག་དགོན་པ་ཐོག་མར་ཆགས་ཚུལ་ནི་ངག་རྒྱུན་ལྟན་ན་གནའ་སྔ་མོ་ཞིག་ན་ཞང་ཞུང་གདུང་རྒྱུད་ལས་མཆེད་པའི་གྲུབ་ཐོབ་ཅིག་གིས་འདྲ་ཕྲེང་སྐོར་དུ་རི་ཁྲོད་ཅེས་ཐོག་མར་བཏབ་པར་གྲགས།
ཕྱིས་སུ་བྱང་བའི་གདུང་རྒྱུད་ལས་འཁྲུངས་པའི་བླ་མ་ཉི་མ་རྒྱལ་མཚན་སློབ་རྒྱུད་དང་བཅས་པས་སྔར་གྱི་རི་ཁྲོད་བསྐྱངས་པར་བཤད། ཡོངས་གྲགས་སུ་བྲག་ར་དགོན་པ་ཆགས་པའི་དུས་ཉམ་དུ་རབ་བྱུང་ལྔ་བ་ཙམ་གྱི་ནང་བྱང་པ་ཁྲོ་ཚང་གི་གདུང་ཏྲྱད་ལས་འཁྲུངས་པའི་བླ་མ་གཙུག་ཕུད་ཀྱིས་ཆུ་མིག་དགོན་པ་ཐོག་མར་ཕྱག་བཏབ་པར་མཛད།
ཕྱིས་སུ་བྱང་པ་བླ་མ་ཨ་གེ་བསོད་ནམས་རིན་ཆེན་དང་རྒྱ་ཕུག་ཡེས་ཤེས་བསྟན་འཛིན་སོགས་ཀྱིས་གདན་ས་སྐྱོང་བའི་སྐབས་སུ་འདུ་ཁང་རྩེག་ཅན་ཞིག་གསར་བཏབ་མཛད་དེ་ཆུ་མིག་གཡང་དྲུག་བསྟན་གླིང་ཞེས་མཚན་གསོལ་བར་མཛད། ཆུ་མིག་དགོན་པའི་ལོ་རྒྱུས་རིང་བ་དང་དགོན་པར་དཔྱད་གཞི་རྒྱུ་ཆའི་ཡེ་གེ་གང་ཡང་མེད།
མིརབས་གཉིས་གསུམ་སྔོན་གྱི་ལོ་རྒྱུས་སྨྲ་བའི་རྒྱུན་ཆད་ཟིན་པ་སོགས་ཀྱི་རྐྱེན་གྱིས་གདན་རབས་རིམ་བྱོན་ཇི་བཞིན་དང་དེ་དག་གི་རྣམ་ཐར་འགོད་མི་ནུས་སོ།
གཤམ་གསལ་དུ་མཚན་ཙམ་འགོད་པ་ནི་བླ་མ་ཉི་མ་རྒྱལ་མཚན་(ཁོང་གིས་རི་ཁྲོད་ཐོག་མར་ཕྱག་བཏབ་པར་གྲགས།)དང་བླ་མ་གཙུག་ཕུད་(དགོན་པ་ཕྱག་བཏབ་མཛད་)སྤ་ཚང་བླ་མ་(གདན་ས་ཡུན་རིང་དུ་བཞུགས།) སྤྲུལ་པའི་གཏེར་ཆེན་ཁོད་སྤུངས་བློ་གྲོས་ཐོག་མེད་(དབང་ལུང་གི་ཟབ་ཁྲིད་མང་དུ་སྤེལ་)བློ་གྲོས་རྒྱལ་མཚན་(བློ་གྲོས་ཐོག་མེད་ཀྱི་གདུངས་སྲས་ཆེ་བ་ཡིན་)གྲུབ་ཆེན་ཁྱུང་གསལ་བདུད་འཇོམས་(དགོན་པར་འགྲོ་དོན་རྒྱ་ཆེ་མཛད།)མཉམ་མེད་ཤེས་རབ་རྒྱལ་མཚན།
གཤེན་ཚང་བླ་མ་ཉི་མ་རྒྱལམཚན། གཡང་དྲུང་བསྟན་འཛིན་(འདྲ་ཁོག་བོན་གྱི་དགོན་པ་ཡོངས་ལ་དཔང་ལུང་མན་ངག་གི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར།)བྱང་པ་བླ་མ་ཨ་གེ་བསོད་ནམས་རིན་ཆེན། རྒྱ་ཕྲུག་ཡེ་ཤེས་བསྟན་འཛིན་(ཁོང་རྣ་མ་པ་གཉིས་ཀྱིས་འདུ་ཁང་གསར་བཞེངས་མཛད་)སྤྲུལ་སྐུ་སྐལ་བཟང་ཉི་མ།
ཁྱུང་པོ་གཡང་དྲུང་བདུད་འདུལ། ཨ་རྡུལ་བླ་མ་ལྷུན་འགྲུབ། རྫ་མཁན་ཨ་འབྲོང་། སྤྲུལ་སྐུ་རིག་འཛིན་ཡོནཏན་རྣམ་རྒྱལ་སོགས་ཆོས་རྒྱུད་དང་སློབ་རྒྱུད་ཟམ་མ་ཆད་པར་བྱོན་ཞིང་[page 667] དགེ་འདུནཔ་བརྒྱ་ལྷག་གི་དབུར་བཞུགས་ཏེ། ཆུ་མིག་དགོན་པའི་གདན་ས་མཐར་ཆགས་བསྐྱངས་པ་ལགས་སོ།
གཞན་ཡང་དགོན་པ་དེར་སྔ་གཞུང་ཏུ་འགྲོ་འདུལ་གསང་སྔགས་གླིང་བ་དང་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད། ཐུགས་རྗེ་གླིང་བ། འོད་ཟེར་གླིང་བ། སངས་རྒྱས་གླིང་བ་སོགས་བྱོན་ཞིང་རྒྱལ་བའི་བཀའ་འགྱུར་གྱི་བཀླག་ལུང་དང་བདེ་གཤེགས་སྟོང་དབང་སོགས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་འཛད་མེད་དུ་བསྐོར་བར་ངེས་སོ།།
རྟེན་གསུམ་དང་དུས་མཆོད་སོགས་ཀྱི་སྐོར། དགོན་པའི་ཕྱི་ཁོག་ལ་འདུ་ཁང་ཆེ་ཆུང་གཉིས་དང་སྒྲུབ་ཁང་། རྒྱུ་མཛོད་ཁང་། ཇ་ཁང་། གྲྭ་ཁང་སོགས་མཆིས་སོ།། ནང་རྟེན་ལ་གཤེན་རབ་ཀྱི་སྐུ་གཏེར་མ་སྐུ་རྟེན་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་སོགས་གསུང་རྟེན། སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན།
གཞན་ཡང་སྦུལ་ཆལ་སོགས་རོལ་མོ་ཅི་རིགས་དང་འཕེན་གདུགས་སོགས་མཆོས་ཆས་རིགས་མང་དུ་མཆིས་སོ།། དགོན་པའི་དུས་མཆོད་ནི་དབྱར་ཆོས་དང་དགུན་ཆོས། རྒྱལ་བ་རྒྱལ་མཚོའི་སྒྲུབ་མཆོད་སོགས་འཚོགས་རྒྱུ་ཡོད། དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་དང་དངུལ་རྩ་ཡོད་གྲངས། སྤེལ་གཉེར་བྱེད་སྟངས།
མཆོད་གཞིས་ཀྱིས་དགོན་པར་ཞབས་ཏོག་སྒྲུབ་ལུགས་སོགས་ནི་དགུ་རྫབ་དགོན་པ་སོགས་དང་གཅིག་མཚུངས་ཡིན་པ་ལགས་སོ།། བློ་གྲོས་ཐོག་མེད་དང་མཆོད་སྤྲུལ་ཚེ་དབང་འགྱུར་མེད་སོགས་ཀྱིས་འདྲ་ཡུལ་བོན་ཀུན་ལ་གཟིགས་སྐྱོང་གནང་སྐབས་སུ་འདྲ་བྲག་དགོན་དང་སྨོང་སྐྱིད་དགོན་སོགསདང་ཕན་ཚུན་དགོན་པ་གཅིག་ལྟ་བུའི་འབྲེལ་འདྲིས་གཏིང་ཟབ་ཏུ་ཆགས་ཡོད།
འོན་ཀྱང་མ་བུ་དགོན་གྱི་ཁྱད་པར་མེད་པར་སེམས། ་དགེ་འདུན་པ་ནི་འགྱེད་ཡོན་ཁ་དང་གྲོང་ཆོག་ཙམ་གྱི་འཚོ་རྟེན་དུ་བྱས་ནས་བཞུགས་ཡོད་པར་ངེས་སོ། ངོ་རྒོལ་བཞི་པ་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་ཕྱི་ཁོག་ནང་རྟེན་ཚང་མར་གཏོར་བརླགས་ཚབས་ཆེན་ཐེབས་ཡོད་པ་རེད།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་སུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་དང་དངོས་འབབ་བྱས་པར་བརྟེན། གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ།
རྟའུ་རྫོང་སྲིད་གཞུང་གིས་དགོན་པ་ཉམས་གསོ་བྱེད་པར་ཆོག་མཆན་བཀོད་པ་དང་གནང་སྤྱིན་ཐོབ་པ་སོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན།
སྤྲུལ་སྐུ་པད་ཚེ་ནོར་བུ་སོགས་ཀྱིས་དབུ་བཞུགས་མཛད་ཅིང་ཐུགས་ཁུར་ཟབ་བཞེས་གནང་འོག་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་རང་མོས་ཀྱི་སྒོ་ནས་མི་ཤུགས་དང་དངོས་ཤུགས་མཉམ་འདོན་བྱས་ནས་དགོན་པ་ཉམས་གསོ་བྱེད་འཕྲིན་ལས་ཀྱི་དབུ་བཙུགས་ཏེ། རིམ་གྱིས་བཞེངས་པ་ལེགས་པར་གྲུབ།
མིག་སྔར་དགེ་འདུན་པ་ལྔ་བཅུ་ལྷག་གིས་སེམས་རྒྱུད་ཆོས་དང་འདྲེས་ཞིང་གདན་རབས་གོང་མའི་ཕྱག་བཞེས་སྤེལ་ནས་དབྱར་དགུན་དུས་མཆོད་རེ་ཟུང་འཚོགས་བཞིན་བཞུགས་སོ།།
དམ་པ་རང་གྲོལ་དགོན་གྱི་ལོ་རྒྱུས།
[page 668] དམ་པ་རང་གྲོལ་དགོན་ནི་རབ་བྱུང་གསུམ་པ་ནང་དུ་ཐོག་མར་ཆགས། གྲུབ་མཐའ་བོན་པོ་ཡིན། དེང་སང་རྟའུ་རྫོང་བར་ཀྲེན་གྱི་ཁོངས་སུ་གཏོགས། དགོན་པ་ཕྱག་འདེབས་མཁན་དང་ཐོག་མར་ཕྱག་འདེབས་པའི་དུས། དགོན་པར་མཚན་གསོལ་ཚུལ་བཅས་ནི།
དེ་ཡང་ངག་རྒྱུན་ལྟར་ན་རབ་བྱུང་གསུམ་པའི་ས་སྤྲུལ་ལོར་སྐུ་འཁྲུངས་པའི་གྲུབ་ཐོབ་དམ་པ་རང་གྲོལ་གྱིས་དགོན་པ་ཐོག་མར་ཕྱག་བཏབ་ནས་བོན་གྱི་ཆོས་རྒྱུད་སྐྱོང་ཡོད་པ་ཡོངས་གྲགས་ལྟར་སྣང་།
དགོན་པའི་མཚན་འདོགས་ཚུལ་ལ་ངག་རྒྱུན་གྱི་བཤད་སྲོལ་གཉིས་མཆིས་ཏེ་གཅིག་ནི་དགོན་པ་ཐོག་མར་འདེབས་མཁན་གྱི་མིང་དགོན་པར་བཏགས་པ་དང་། གཅིག་ནི་དགོན་པའི་ནང་རྟེན་ཐོག་མར་བཞེངས་སྐབས་སྟོན་པའི་སྐུ་ཞིག་རང་གྲུབ་ཏུ་སོང་བས་སྟོན་པར་གྲུབ་དགོན་ཞེས་མཚན་གསོལ་བར་བཤད།
མདོར་ན་གང་ལྟར་ཡང་དགོན་པ་དེར་ལོ་བརྒྱ་ཕྲག་མང་བའི་ལོ་རྒྱུས་ལྡན་ཞིང་བན་བོན་གཉིས་ལས་བོན་གྱི་ཆོས་རྒྱུད་ལས་མཆེད་པ་ཞིག་ཡིན་པར་མཐའ་གཅིག་ཏུ་ངེས་སོ།། དགོན་པའི་གདན་རབས་རིམ་བྱོན་སོགས་ནི། དེ་ཡང་དགོན་པར་ཡིག་ཚགས་མེད་པའི་རྐྱེན་གྱིས་དགོནཔའི་གདནརབས་རིན་བྱོན་གྱི་འཁྲུངས་ཡུལ་དང་གྲྭ་སར་བྱོནཡུལ།
བླ་མར་བསྟེན་ཚུལ། དགོན་པ་སྐྱོང་ཚུལ་སོགས་དང་། དགོན་པ་ཉམས་ཉེས་དང་འཕེལ་རྒྱས་བྱུང་ཚུལ་སོགས་གཏན་ནས་མི་གསལ། དེར་བརྟེན་རྒན་པོ་རྣམས་ཀྱི་ངག་རྒྱུན་ཁོ་ནར་གཞིགས་ཏེ་དགོན་པའི་གདན་རབས་རིམ་བྱོན་གྱི་མཚན་གྱི་གྲངས་ཀ་ཙམ་འགོད་པ་དང་། དགོན་པ་དེའི་ཐོག་མར་བསྟན་པའི་བདག་པོར་གྲུབ་ཐོབ་དམ་པ་རང་གྲོལ་བྱོན།
དེ་ནས་ལྷ་ཆེན་དྲན་པ་ནམ་མཁའ་དང་ཚེ་དབང་རིག་འཛིན། པདྨ་འབྱུང་གནས། གཡང་དྲུང་བསྟན་འཛིན། (རྒྱལ་རོང་དུ་འཁྲུངས།) རིག་འཛིན་ཤར་པ་རྣལ་འབྱོར་ངག་རྒྱུན་ལྟར་ན་དམ་པ་རང་གྲོལ་གནས་རིའི་ཁྲུས་ཆུ་ཁོང་གིས་གཏེར་ནས་དྲངས་པར་བཤད་གྲགས་པ་རྒྱལ་མཚན། ཏོག་གི་རྒྱལ་མཚན། ཀུན་གྲོལ་གྲགས་པ། ཟི་ལ་རྒྱལ་མཚན།
ཟླ་བ་གྲགས་པ། ཚེ་དབང་མགོན་པོ། བློ་གྲོས་རྒྱལ་མཚན། རྫ་སྤྲུལ་ཡིད་བཞིན་ལེགས་གྲུབ། བསྟན་པ་ཚུལ་ཁྲིམས། བསམ་གཏན་རྡོ་རྗེ། སུ་ལ་མཁན་ཆེན་གཡང་དྲུང་དཔལ་བཟང་རྒྱལ་མཚན་འདི་རིག་འཛིན་ཞི་སྤྲུལ་བ་ཡིན་པར་ནུབ་གཟེར་བླ་མས་ངོས་བཟུང་།
སོགས་གདན་རབས་སམ་བླ་རབས་གཅིག་ལྕོགས་ལྟར་བྱོན་ཞིང་གཡང་དྲུང་བོན་གྱི་ཕྱག་བཞེས་རྒྱུན་ཆགས་སུ་བསྐྱངས་པར་མཛད་དོ།།
[page 682] དགོན་པའི་སྐུ་གསུང་ཐུགས་རྟེན་དང་ཚེས་དུས་མཆོད་ནི། རྟེན་གྱི་གཙོ་བོར་སྟོན་པ་གཙོ་འཁོར་གསུམ་ལི་མ་དང་ཚེ་དཔག་མེད། སྒྲོལ་མ་སོགས་སེར་སྐུ་དང་། སྟོན་པ་གཤེན་རབས་སོགས་ཀྱི་འཇིམ་སྐུ། མདོ་དྲི་མེད་གཟི་བྱིན་གསེར་བྲིས་དང་ཁམས་ཆེན་དུམ་པ་བཅུ་དྲུག་གསེར་བྲིས།
རྣམ་རྒྱལ་གཟུངས་ཆེན་གསེར་བྲིས། ལི་ནུབ་མཚན་མདོ་གསེར་བྲིས་སོགས་གཙོ་བོར་བྱས་པའི་གསུང་རབ་པོད་བརྒྱ་ཙམ་བཞུགས། [page 669] ཐུང་གྲུབ་མཆོད་རྟེན་སོགས་ཐུགས་རྟེན་བཞུགས།
རོལ་མོ་ནི་དངོས་གནས་ཀྱི་རིན་ཐང་གཞལ་དུ་མེད་པའི་ཤང་སྦབ་རྒྱ་མདུད་མ་ནི་མགར་ཐར་དགོན་པས་སྦབ་དེ་བཙོང་དགོན་པ་མ་གསར་བུ་གསར་ཞིག་བཞེངས་པའི་སྟེང་དུ་ཧོར་སྦབ་ཅིག་བྱེན་ཟེར་བ་དང་།
གཞན་ཡང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་པེ་ཅིན་དུ་ཕེབས་པའི་ལམ་ཞོར་མགར་ཐར་དགོན་པར་ཆིབས་སྒྱུར་གནང་བའི་སྐབས་སུ་སྦབ་ཆིལ་དེ་གཡར་སོང་བར་བརྟེན། རྒྱལ་བ་ཐམས་ཅད་མཁྱེན་པས་སྦབ་ཆིལ་གྲངས་མེད་པའི་ནང་ནས་ཤང་སྦབ་རྒྱ་མདུད་མ་ཕྱག་བཞེས་གནངསྟེ།
འདི་དྲའི་སྦབ་ཆིལ་ཡག་པོ་གསུངས་ནས་སྦབ་ཆིལ་དེར་ཚད་མཐོའི་གདེང་ཚོད་གནང་བ་ལགས། དེ་མིན་གྱི་ཧོར་སྦབ་སྟོང་གསུམ་འབྲུག་གྲག་དང་རྒྱ་སྦབ་ཆུ་ཐིག་མ་སོགས་ཆ་ཉི་ཤུ་དང་འཁར་རྔ་གཉིས། རག་དུང་། རྒྱ་གླིང་། རྐང་གླིང་། ལིའི་བུམ་པ། སྨན་རག་དུང་དཀར། མཆོད་ཀུང་། ཏིང་ཕོར། རྔ། གདུགས། འཕན། བླ་དྲེས།
དྲ་བ་དྲ་ཕྱེད། གོས་རྒྱན་བཞི་ལས་གྲུབ་པའི་འཆམ་གོས་ཞྭ་ནག་སྒྲོ་གོར་དང་ལྡན་པ་ཆ་ཚང་། འཚོགས་ཟངས། འཚོགས་གདན། ཟོ་ཁྲ། འདུ་ཁང་། ཇ་ཁང་། རྒྱུ་ཁང་། འཁོར་ཁང་། གྲྭ་ཤག་སོགས་ཚད་དང་མཐུན་པར་མཆིས་སོ།། ཚེས་དྲུག་མཆོད་ན་བོད་ཟླ་གཉིས་པའི་ནང་ཁང་ཚན་ཉིན་བདུན་འཚོགས་རྒྱུ་དང་།
བོད་ཟླ་བཞི་པའི་ནང་བསྙེན་གནས་འཚོགས་རྒྱུ། བོད་ཟླ་དྲུག་པའི་ནང་དབྱར་ཆོས་གར་འཆམ་དང་སྦྲགས་མ་འཚོགས་རྒྱུ། བོད་ཟླ་བཅུ་གཉིས་པའི་ནང་དགུན་ཆོས་གཏོར་བཟློག་དང་སྦྲགས་མ་འཚོགས་རྒྱུ་བཅས་དང་། གཞན་ཡང་རིམ་གྲོ་དང་གསོལ་ཁ་དུས་ངེས་མེད་དུ་འཚོགས་རྒྱུ་མཆིས་སོ།།
དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་དང་ཚོགས་པའི་གཏོང་སྒོ་སོགས་ཀྱི་སྐོར་ནི། དམ་པ་རང་གྲོལ་དགོན་པར་གཏན་ཁེལ་གྱི་མ་གདན་ཐེབས་རྩའི་རྒྱུ་ནོར་འབྲུ་རིགས་དང་ཚེ་ཀུང་ཁ་གསོ་བྱེད་ཀྱི་མཛོ་མོ། དེ་དག་གི་འབྱུང་ཁུངས་ནི་ཡོན་ཁ་དང་ས་ཞིང་སོགས་ཀྱི་ཡོང་འབབ་འབབ་ཞིག་གོ ས་ཞིང་མར་ཆུར། དངུལ་གོར། ཇ།
སྒྲོ་བ་སོགས་སྒོར་ཁྲི་ཚོ་ལྔ་ཙམ་གྱི་རིང་ཐང་ཡོད། དགོངགཞུང་སྤྱི་ཡི་གཉེར་བས་ཐུན་མོང་གི་རྒྱུ་རྫས་ཡོངས་ལ་ཉར་ཚགས་དངབདག་གཉེར། ཤེད་མར་གཏོང་ལེན་བྱེད་རྒྱུ་སོགས་ཀྱི་ལས་ཀ་སྒྲུབ་སྒྱུ་དང་། དབྱར་ཆོས་དགུན་ཆོས་གཉིས་ལ་ལས་ཐོག་གི་གཉེར་ཁག་གཅིག་དང་ཁང་ཚན་བསྙེན་གནས་གཉིས་ལ་ལས་ཐོག་གི་གཉེར་ཁག་གཅིག་ཡོད།
ལས་ཐོག་གཉེར་ཁག་གིས་རང་རང་གི་ས་ཞིང་(གཉེར་ཁག་རེར་ནས་སྒྲོ་བ་བཅུ་གཉིས་ཀྱི་རྒྱ་ཁྱོན་ཡོད།)རྨོ་བཀོལ་སོ་ནམ་བྱེད་པའི་ཐོག་འབབ་ཀྱིས་ཚོགས་པའི་གཏོང་སྒོ་དང་དགེ་འདུན་པའི་འཚོ་རྟེན་དུ་བྱེད་པའི་སྲོལ་རྒྱུན་ཆགས་ཡོད། ཡོན་ཁ་རྣམས་དགེ་འདུན་པར་དུས་ཐོག་ཏུ་བགོ་བར་སྙམ།
དགོན་པའི་ལྷ་སྡེ་དང་གྲྭ་རྒྱུད་ནི་ཆུ་བར་ཤོག་ཁའི་དུད་ཁྱིམ་མང་ཆེ་ཤོས་དང་རྨོ་ཉ་ཤོག་ཁའི་དུད་ཁྱིམ་ཁག་གཅིག་དགོན་པའི་མཆོད་ཞིས་སམ་ལྷ་སྡེ་རུ་གཏོགས། གྲྭ་རྒྱུན་ཡང་སྡེ་ཤོག་དེ་གཉིས་ནས་ཡོང་བའི་སྲོལ་རྒྱུན་ཡོད།
བླ་སེར་ལྔ་བཅུ་ལ་ཟིན་པ་ཙམ་ཡོད་པར་ངེས་སོ།། སྡེ་དེ་དག་གིས་དགོན་པར་མཆོད་ཐེབས་སྤེལ་བའི་སྲོལ་ཆགས་ཡོད།
[page 670] དགོནཔ་དེ་རིག་གནས་གསར་བརྗེའི་སྐབས་སུ་ཉམས་ཆག་སོང་ཚུལ་དང་དེང་གི་གནས་ཚུལནི། ལོ་རབས་ལྔ་བཅུ་ནས་དྲུག་བཅུ་བར་དུ་དམ་པ་རང་གྲོལ་དགོནཔའི་ཕྱི་གཙུག་ལག་གི་ཁང་བ་དང་ནང་དཀོན་མཆོག་གི་རྟེན། བར་དགེ་འདུན་གྱི་སྡེ་ཚང་མ་མེད་པར་གྱུར།
ཕྱིས་སུགངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ། རྟའུ་རྫོང་སྲིད་གཞུང་གིས་དམ་པ་རང་གྲོལ་དགོན་པ་ཉམས་གསོ་བྱེད་པའི་ཆོག་མཆན་ཐོབ་པར་བརྒྱུད་དེ། གཙུག་ལག་ཁང་དང་མཆོད་རྟེན། ནང་རྟེན་གཙོ་བོ་ཙམ་སྐྱར་བཞེངས་གྲུབ་སྟེ་དུས་མཆོད་རེ་ཟུང་ཙམ་ཉམས་གསོ་བྱེད་དེ་བཞུགས་ཡོད་པ་ལགས་སོ།།
ས་མཁར་དགོན་གྱི་ལོ་རྒྱུས།
ས་མཁར་དགོན་ནི་རབ་བྱུང་ལྔ་པའི་ནང་དུ་ཐོག་མར་ཆགས། གྲུབ་མཐའ་ས་སྐྱ་བ་ཡིན། དེང་སང་རྟའུ་རྫོང་བར་སྨད་ཀྲེན་གྱི་ཁོངས་སུ་གཏོགས། དགོན་འདེབས་པ་པོ་ནི།
ངག་རྒྱུན་འཚོལ་ན་རབ་བྱུང་ལྔ་བའི་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་གོང་མའི་དབུ་བླར་ཆིབས་ཁ་སྒྱུརབའི་ལམ་ཞོར་དུ་རི་ཁྲོད་ཅིག་ཐོག་མར་ཕྱག་བཏབ་པ་མ་ཚད།
ས་དེའི་ཆུ་མིག་དཀར་མོའི་འགོར་བཙུགས་རྒྱུའི་ཞིང་དྲག་གི་འཁོར་ལོ་གཉིས་གནང་སྟེ་ཡུལ་དེར་ཐན་པ་བྱུང་སྐབས་འཁོར་ལོ་གཉིས་པོ་ཆུ་འགོར་བཙུགས་ན་ཆར་འབབས་པར་བཤད།
གཞན་ཡང་དགོན་པ་དེ་ཐོག་མར་ཁ་གྱིས་ཞེས་པའི་ས་དེར་ཆགས་ཡོད་(དེང་སང་མགར་ཐར་ཤང་གི་ཁོངས་སུ་གཏོགས།) དེའི་རྗེས་པ་པོས་ནང་དུ་གནས་སྤར་བྱས་ནས་ལོ་མང་ཙམ་ལ་དགོན་གཞིས་ཆགས་ཡོད་པ་ངག་རྒྱུན་དུ་བཤད། ད་དུང་བཤད་སྲོལ་གཞན་ཞིག་ཏུ་གཞིགས་ན་དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི་རྭ་རྙེད་བླ་མ་བསམ་གཏན་ཡིན་པར་བཤད།
གང་ལྟར་ཡང་དགོན་པ་འདི་དཔལ་ལྡན་ས་སྐྱའི་ཆོས་རྒྱུད་ལས་མཆེད་ཅིང་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་ཞིག་ཏུ་ངེས་སོ།། དགོན་དེར་རྭ་རྙེད་བླ་མ་བསམ་གཏན་དང་བླ་མ་ཚངས་རིག་བླ་མ་མདོ་སྔགས། བླ་མ་ཨ་མོན། བླ་མ་གསང་སྔགས།
མ་འཛི་བླ་མ་འཇིགས་མེད་རྡོ་རྗེ་(ཁོང་གིས་འདུ་ཁང་ཞི་གསོ་མཛད།) རྭ་རྙེད་བླ་མ་ཧྲུའུ་ཀྲང་(དགུང་ལོ་དྲུག་ཅུའི་སྟེང་བཙོན་ཁང་དུ་སྐུ་གཤེགས་)དེང་གི་བླ་མ་ཁྲི་བ་རིག་འཛིན་རྒྱ་མཚོའི་བར་བླ་རབས་དང་སློབ་རྒྱུད་ཟམ་མ་ཆད་ཅིང་དཔལ་ལྡན་ས་བའི་ངོར་བའི་ལུགས་ཀྱི་སྒྲུབ་མཆོད་སོགས་ཀྱི་ཕྱག་བཞེས་སྐྱོང་བར་མཛད།
གླག་བླ་ཆོས་འགྲུབ་ས་མཁར་དགོན་པར་ཕེབས་ནས་ཆོས་འཁོར་བསྐོར་ཞིང་དགོན་གཞུང་སྦྱི་ལ་མཆོད་ཐེབས་འབོར་ཆེན་གནང་བར་མཛད། དགོན་པ་འདིར་རྒྱལ་བ་རྡོ་རྗེ་འཆང་གི་གསེར་སྐུ་ལི་མ་དང་བཀའ་གདམས་མཆོད་རྟེན་ལི་མ། ས་སྐྱ་གོང་མ་རྣམ་ལྔའི་འདྲ་སྐུ། གསེར་ཟངས་ཀྱི་འགྲོ་མགོན་འཕགས་པའི་སྐུ་མཐོ་ཚད་མ། ས་སྐྱའི་བཀའ་འབུམ།
ངོར་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་འབུམ། ཀུན་མཁྱེན་གོ་བོ་རམ་འབྱམས་པའི་གསུང་འབུམ་སྐོར་ཆ་ཤས། མཆོད་ཆ་ཆ་ཚང་། འཕན་[page 671] ་གདུགས་སོགས་རྒྱན་ཆས་ཆ་ཚང་། འཆམ་གོས་ཆ་ཚང་། འདུ་ཁང་། འཁོར་ཁང་། རྒྱུ་མཛོད་ཁང་། གྲྭ་ཤག་ནས་སྒྲོ་བ་ལྔ་བཅུ་འདེབས་སའི་རྒྱ་ཁྱོན་གྱི་ས་ཞིང་།
གནག་ཕྱུགས་འབྲི་མ་བཅུ་སོགས་མཆིས། དགོན་པར་ལོ་གཅིག་ལ་སྨོན་ལམ་དང་སྙུང་གནས། ཀུན་རིག་སྒྲུབ་མཆོད་བཅས་འཚོགས་པའི་སྲོལ་རྒྱུན་ཆགས་ཡོད། ཆོས་འཚོགས་ཆེ་ཆུང་དང་གཏོང་སྒོའི་འགྲོ་གྲོན་མང་ཉུང་ལ་གཞིར་བཟུང་སྟེ་དགོན་པའི་ས་ཞིང་ཆོས་ར་སོ་སོར་གཏན་ཁེལ་བགོ་ཡོད།
ཆོས་འཚོགས་རེར་གཉེར་ཁག་རེ་ཡོད་པ་དེས་རང་གི་ལས་འགན་ཐོག་བབས་འབྲེ་གྱི་ས་ཞིང་རྨོ་བཀོལ་སོ་ནམ་བྱེད་དེ་སྐྱེད་ཐོགས་འབྲས་བུས་ཚོགས་པའི་གཏོང་སྒོའི་རྨང་གཞིར་བྱེད་དགོས་པའི་སྲོལ་རྒྱུན་ཆགས་ཡོད། དགོན་པར་སྒོར་མོ་ཁྲི་ཕྲག་འགའི་རིན་ཐང་གི་མ་རྩའི་རྒྱུ་ནོར་ཡོད།
དགོན་འདི་གྲུབ་མཐའ་དང་ཆོས་རྒྱུད་ཀྱི་དབང་གིས་ལྷ་སྒང་དགོན་པའི་དགོན་ལག་ཏུ་གཏོགས་པ་མ་ཟད་ལྷ་སྒང་དགོན་པས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་པའི་ལུགས་སྲོལ་ཡོད། སྐུ་ནུབ་དགོན་པའི་དགེ་འདུན་པ་ཚོས་ས་མཎར་དགོན་དུ་འཆམ་རྒྱག་སར་བྱོན་པ་དང་།
ས་མཁར་དགོན་པའི་ཁྲི་བ་གཙོར་བྱས་དགེ་ཚུལ་སློང་རྣམས་སྐུ་ནུབ་དགོནདུ་དབྱར་གནས་འཚོགས་སར་ཕེབས་པ་སོགས་ཕན་ཚུན་འབྲེལ་ཟབ་ཆེབའི་དབང་གིས་མ་བུ་དགོན་གྱི་ཚུལ་སྣང་ཡོད་པ་ལགས་སོ།། དགོན་པའི་ཁ་སྡེའམ་གྲྭ་རྒྱུན་ནི་ཆུ་བར་བའི་དུད་ཁྱིམ་ཁག་གཅིག་དང་འབྲུ་སྨད་ཐང་བའི་དུད་ཁྱིམ་ཁག་གཅིག་བཅས་ནི་དགོན་པའི་ཡོན་བདག་ཡིན།
གྲྭ་རྒྱུན་ཡང་དུད་ཁྱིམ་དེ་དག་ནས་ཡོངབའི་སྲོལ་རྒྱུན་ཡོད། དམངས་བཅོས་སྒྱུར་མ་བྱས་སྔོན་དུ་གྲྭ་གྲངས་སུམ་ཅུ་ལྷག་ཡོད་པར་བཤད། གཞན་ཡང་རྒྱང་སྐྱོད་དམར་དམག་བྱེད་པའི་དཔུང་སྡེ་ཁག་ས་མཁར་དགོན་དུ་ཡུན་རིང་སྡོད་པར་བརྟེན། དགོན་གཞུང་གིས་འབྲུ་རིགས་དང་མར། ལྤགས་རིགས།
ཐ་ན་འཆམ་གོས་སོགས་རིན་ཐང་སྒོར་ཁྲི་ཕྲག་ལས་རྒལ་བའི་རྒྱུ་ནོར་གྱིས་དམར་དམག་ལ་རོགས་རམ་བྱས་ཡོད་པ་ལགས་སོ།། རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་རྟེན་བརྟེན་པ་ཐམས་ཅད་འབྱུང་བཞིར་ཐིམ་པར་གྱུར།
ཕྱིས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ་རྟའུ་རྫོང་སྲིད་གཞུང་གིས་ཆོག་མཆན་ཐོབ་པར་བརྒྱུད་དེ་ལྷ་སྒང་དགོན་པའི་བླ་མ་དོན་འགྲུབ་དང་བླ་མ་པན་ཚེ་རྣམ་གཉིས་ཀྱིས་གཞོགས་འདེགས་དང་ཐུགས་ཁུར་ཟབ་བཞེས་གནང་བར་འབྲེལ། སྨེ་བ་བླ་མ་དང་བསྟན་བདག་པུ་ལོ། ཁྲི་བ་བླ་མ་རིག་འཛིན་རྒྱ་མཚོ།
དགེ་བསྐོས་དཔལ་འབྱོར་སོགས་དང་། ནང་རྟེན་ལ་སྐུ་ཆེ་ཆུང་བཅུ་དང་རས་གཞི་འགའ། བཀའ་འགྱུར་སོགས་བཞེངས་པ་གྲུབ་ནས་བླ་སེར་ཉི་ཤུ་ཙམ་གྱིས་སྙུང་གནས་དང་གསོལ་ཁའི་དུས་མཆོད་རེ་ཟུང་འཚོགས་བཞིན་བཞུགས་སོ།།
ཀ་བཞི་དགོན་གྱི་ལོ་རྒྱུས།
ཀ་བཞི་དགོན་པ་ནི་རབ་བྱུང་བཞི་པའི་ཆུ་ཁྱི་ལོར་ཐོག་མར་ཆགས། དེའི་སྐབས་སུ་གྲུབ་མཐའ་[page 672] བཀའ་བརྒྱུད་པ་ཡིན། དེ་སང་རྟའུ་རྫོང་བར་སྨད་ཀྲེན་གྱི་ཁོངས་སུ་གཏོགས། ད་ལྟའི་དགོན་པ་ཆགས་སའི་རི་ལུང་གི་དབྱིངས་ནི།
མ་གཞི་དགོན་པ་དེར་ཆགས་གནས་འཇིག་སྟོངས་ཀྱི་བརྒྱུད་རིམ་མང་པོ་བྱུང་བས་ལོ་རྒྱུས་འབྲེལ་ཆགས་པ་ཞིག་འཚོལ་ཐབས་བྲལ།
འོན་ཀྱང་མཁས་དབང་འཇམ་དབྱངས་གྲགས་པས་དཔྱད་བསྡུར་མང་དུ་གནང་ནས་བརྩམས་པའི་《མི་ཉག་ཀ་བཞི་མི་ཕམ་གླིང་གི་ལོ་རྒྱུས་ཀྱི་བཤད་པ་འབྱུང་འགྱུར་གང་ཟག་རྣམས་ཀྱི་འདས་ཆོས་ལྟབའི་མེ་ལོང་》ལས་བཤུས་ཏེ་རྩོམ་སྒྲིག་བྱེད་པ་འདི་ལྟར་ལགས་ཏེ།
དགོན་གནས་ཐོག་མར་ཆགས་ཚུལ་སྐོར་ནི། དེ་ཡང་ཀརྨ་པ་གཉིས་པ་པཀྵིའི་སློབ་གོང་མ་རིན་ཆེན་རྒྱལ་མཚན་ནམ་བརྟན་ལོ་ཞེས་གྲགས་པ་དེས་སྲིད་པའི་ལྷ་གཉན་རི་ཟུར་དགེ་བསྙེན་རྡོ་རྗེ་ལགས་པས་བདག་ཏུ་བཟུང་བའི་གནས་གསེར་ཀ་ཁོག་ཅེས་པའི་ལྷོ་ངོས་སུ་རབ་བྱུང་བཞི་པའི་ཆུ་ཁྱི་ལོར་དགོན་མར་ཕྱག་བཏབ་སྟེ།
བརྟན་ལོ་དགོན་སར་བྱང་ཆུབ་ཕུན་སུམ་ཚོགས་གླིང་ཞེས་གྲགས། དགོན་པ་ཕྱག་འདེབས་མཁན་གྱི་མིང་དགོན་པར་ཆགས་སོ། གཞན་ཡང་ངག་རྒྱུན་མུ་མཐུད་དེ་བསྙེགས་ན་དགོན་སར་ཟེར་དོན་བོན་དགོན་ཞེས་བཀའ་བརྒྱུད་པར་བསྒྱུར་ཚུལ་དང་།
དགོན་པ་དེ་ཐོག་མར་སྨུག་རོང་ཁོག་ཏུ་ཆགས་ཡོད་ཚུལ་སོགས་རྒྱུ་མཚན་མེད་པའང་མིན་ལ་རྒྱུ་མཚན་ཁུངས་དག་ཀྱང་མིན་པའི་དམངས་ཁྲོད་དུ་ངག་རྒྱུན་སྣ་ཚོགས་འབྱམས་ཀླས་སུ་མཆིས་སོ།།
གནན་རབས་བྱོན་ཚུལ་དང་བསྟན་པ་སྐྱོང་ཚུལ་གྱི་སྐོར་ནི། ཡོངས་གྲགས་སུ་གོང་མ་རིན་ཆེན་རྒྱལ་མཚན་ནམ་བརྟན་གྱིས་དགོན་པའི་གདན་རབས་དང་པོའི་འགན་འཁྲི་ཐུགས་ཉམས་སུ་བསྟར་ཞིང་ངེས་དོན་ཕྱག་རྒྱ་ཆེན་པོ།
ཟམ་ལམ་ན་རོ་ཆོས་དྲུག་སོགས་བཀའ་བརྒྱུད་རིང་ལུགས་ཀྱི་གདམ་པ་ཟབ་མོའི་ཆོས་བརྒྱུད་སྤེལ་ནས་སྐལ་ལྡན་གྱི་ལས་ཅན་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པ་མཛད། དེའི་རྗེས་སུ་རབ་བྱུང་ལྔ་བའི་མེ་མོ་ཕག་གི་ལོར་སྐུ་གལྟམས་པའི་མཁན་ཆེན་ཀ་བཞི་བ་རིག་པའི་སེང་གེ་སློབ་རྒྱུད་བཅས་པས་ཡུན་རིང་གི་བར་དུ་གདན་ས་བསྐྱངས།
དེའི་སྐབས་སུ་གྲྭ་ཁུངས་ནི་སྨུག་རོང་བ་དང་ཤའུ་གཤིས།
འདྲ་བ་བཅས་ནས་ཡིན་དེའི་རྗེས་བོད་ས་ཁུལ་དུ་བཀའ་བརྒྱུད་པའི་སྲིད་དབང་འཛིན་པ་མཇུག་སྒྲིལ་བའི་རྐྱེན་གྱིས་མདོ་སྨད་མི་ཉག་ཕྱོགས་ཀྱི་བཀའ་བརྒྱུད་པའི་དགོན་པ་རྣམས་ལ་ཉམས་ཆག་ཚབས་ཆེན་ཐེབས་པའི་སྐབས་སུ་དགོན་པ་འདི་ཡང་སྟོངས་ནས་ཁྱིམ་པ་ཆ་ཤས་ལས་གྲྭ་པ་རྣམས་གང་སར་བྱོལ།
དེའི་རྗེས་སུ་དུས་རབས་བཅོ་ལྔ་བ་ཡས་མས་སུ་སྐྱེས་ཁུངས་མི་ཉག་ནས་ཡིན་པའི་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་བསྟན་འཕེལ་ཉི་མས་སྔར་གྱི་གྲྭ་རྒན་རྣམས་བསྡུས་ཏེ་དགོན་པ་ཉམས་གསོ་དང་བསྐྱར་འཛུགས་བྱས་ཤིང་ཆོས་ཀྱི་ཕྱག་བཞེས་མ་ལུས་དགའ་ལྡན་ཞྭ་སེར་འཆིང་བའི་རང་ལུགས་སུ་བསྒྱུར་ནས།
སྔགས་ཀྱི་གྲྭ་རྒྱུན་རྒྱུད་སྟོད་པ་དང་མཚན་ཉིད་གྱི་གྲྭ་རྒྱུན་འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་ཉང་རི། སེ་ར་སྨན་པ་རྣམས་སུ་འགྲོ་བའི་སྲོལ་བཙུགས། འདྲ་ཡུལ་ཙེ་ཐོག་དགོན་པ་དགོན་འདིའི་དགོན་ལག་ཏུ་བྱས་པ་སོགས་སྡེ་སྲིད་བྲེ་སེར་ལས་གསུངས། གྲྭ་གྲངས་བརྒྱད་ཅུ་ཡས་མས་སུ་ཡོད་པར་གྲགས། རབ་[page 673] བྱུང་དགུ་པའི་ས་མོ་ཕག་གི་ལོར་ཆོས་རྗེ་དོ་རྗེ་བཟང་པོ་འགྲོ་ཡོད་དུ་བལྟས་བཟང་དུ་མ་དང་བཅས་ཏེ་སྐུ་བལྟམས།
ཁོང་ཉིད་སྐུ་ཆུང་དུས་ནས་ལྷ་ལྡན་དུ་གྲྭ་སར་བྱོན་ནས་པན་ཆེན་བསོད་ནམས་གྲགས་པ་དང་ཁྲི་ཆེན་ཆོས་སྐྱོང་རྒྱ་མཚོ་སོགས་གསེར་ཞུན་གྱི་ལྷུན་པ་ལྟ་བུའི་དགེ་བཤེས་དུ་མའི་ཞབས་པད་སྤྱི་གཙུག་ཏུ་མཉེས་པ་གསུམ་གྱིས་སྒོ་ནས་ཡུན་རིང་བསྟེན་ནས་གཞུང་བཀའ་པོད་ལྔ་གཙོ་བོར་བྱས་པའི་རྒྱུད་སྡེ་ཕྱི་ནང་དང་མདོ་ཕྱོགས་ཀྱི་གསུང་རབ་ཕལ་ཆེ།
ཐུན་མོང་གི་རིག་གནས་མ་ལག་ཆ་ཚང་དང་བཅས་པར་བརྩོན་འགྲུས་ཆེ་ཆེར་བསྐྱེད་དེ་སྦྱང་བ་དཔྱིས་ཕྱིན་པར་མཛད་དེ་མཁས་པའི་ཡོན་ཏན་དཔག་ཏུ་མེད་པའི་ཐུགས་རྒྱུད་ཕྱུག་མཐར་སེ་ར་སྨན་ནས། ཐུབ་དབང་གངས་རིའིདབང་པོ་ལས་བབས་པའི་མདོ་སྔགས་ཀྱི་ཆུ་ཀླུང་འབུམ་ཁྲག་གཅིག་ཏུ་འཁྱིལ་པའི་ཆུ་གཏེར།
བསླབ་པ་གསུམ་དང་རིམ་པ་གཉིས་ཀྱི་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། མཁས་གྲུབ་གདེངས་ཅན་བྱེ་བའི་བསྟི་གནས་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་གསེར་ཁྲིར་ཁྲི་ཐོག་བཅུ་བདུན་པར་ཕེབས།
མི་ལོ་བཅོ་ལྔའི་རིང་ལ་དགའ་ལྡན་ཁྲི་བ་མཛད་མཐར་དགུང་ལོ་རེ་བཞི་སྟེང་དགོངས་པ་རྫོགས་ཞེས་《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་》 ཏུ་གསལ།
སྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་སྐུ་ཚེ་སྨད་ནས་མཐར་མ་ཕྱིན་པར་བརྟན་ལོ་དགོན་སར་དུ་བསྟན་བདག་དང་གདན་རབས་ཀྱི་ཚུལ་དུ་བཞུགས།
དེའི་སྐབས་སུ་རྫ་དཔལ་སྤྲུལ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སྦྲང་བོའི་ཚུལ་དུ་དགོན་པར་དེར་བྱོན་སྐབས་ཁོང་རྣམ་གཉིས་ཕན་ཚུན་མཇལ་ཏེ་ཉིན་ཞག་བདུན་གྱི་རིང་ལ་ཆོས་ཀྱི་དཀའ་གནད་མང་པོ་བགྲོ་གླེང་བྱས་པས་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་སུ་གྱུར།
ཁོང་གིས་དགོན་པ་འདིར་སློབ་མ་མང་དུ་སྐྱེས་བསྲིངས་མཛད་པ་དང་མཐར་ཞི་བའི་དབྱིངས་སུ་གཟིམ་པའི་གནས་ཀྱང་ཡིན་སྟབས་ཕྱིས་ཀྱི་སྐུ་སྐྱེ་རྣམས་ཀྱང་དགོན་པའི་གྲྭ་ཁོངས་སུ་གཏོགས་པར་ངེས་སོ།། དེ་ལྟར་གནས་དེ་རུ་དགོན་པར་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ནོ།། དེའི་རྗེས་སུ་ཤའུ་གཤིས་ཀྱི་ཡུལ་སྡེ་ལ་ཉམས་རྒུད་ཆེ་བས་རྐྱེན་གྱིས་མི་ཉག་སྐྱིད་ལེགས་དགོན་གྱིས་བརྟན་ལོ་དགོན་སར་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོང་དང་བྱམས་སྐྱོང་གནང་བར་བརྟེན་ལྕགས་ལ་རྒྱལ་པོས་བཀའ་ཕབ་ལྟར་འབྲུ་གུ་མདའ་ཞེས་པའི་ས་ཆ་དེར་དགོན་པ་གནས་སྤོས་བྱས།
དམངས་ཁྲོད་དུ་རྒྱུན་འབྱམས་ཡོད་པའི་ངག་རྒྱུན་ལྟར་ན། ཇོ་རིན་པོ་ཆེ་གདན་དྲངས་ནས་གནས་དེར་སླེབས་དུས་ངལ་གསོ་བྱས། ཕྱི་ཉིན་དར་རྩེ་མདོར་འཁྱེར་རྩིས་བྱེད་དུས་སྒུལ་མ་ཐུབ་པ་མ་ཟད་མི་འགྲོ་ཞེས་གསུང་འབྱུང་བས་ཐབས་ཟད་དེ་ཕྱོགས་བཞིར་ཀ་བ་བཞི་བཙུགས་ནས་ཇོ་ཁང་བཀབ་པར་བརྟེན་ཀ་བཞི་ཆགས་ཤིས་དགོན་མིང་བཏགས།
དེའི་སྟེང་དུ་སྔར་གྱི་དགོན་རྙིང་གི་མཚན་བསྣན་ནས་ཀ་བཞི་ཆགས་བྱང་ཆུབ་ཕུན་ཚོགས་གླིང་ཞེས་གྲགས། མཚན་གཞན་དུ་ཀ་བཞི་མི་ཕམ་གླིང་ཞེས་འདོགས་ཚུལ་ཡོད། གནས་དེར་དགོན་པ་ཆགས་ཡོད་པའི་སྐབས་སུ་རྗེ་སྐལ་བཟང་ཡོན་ཏན་འཁྲུངས་མཚན་གཞན་དུ་ལྟི་རུ་སྐུ་ཞབས་ཟེར།
སྐུ་ཆུང་དུས་ནས་ཆོས་འདུལ་བ་ཇི་བཞིན་ཉམས་སུ་བསྟར་བའི་བླ་མ་ཞིག་ཡིན་[page 674] པར་མ་ཚད། ས་འགག་རི་ཁྲོད་དུ་རྟ་མགྲིན་ཡང་གསང་གི་བསྙེན་ཆེན་ལ་བཞུགས་ཏེ་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་འཁྲུངས།
ཕྱིས་སུ་ཉག་རྐེད་དཔོན་དང་ལྕགས་ལ་དཔོན་བར་ནང་འཁྲུག་ལངས་བྱུང་བས་དགོན་པ་དེ་ལྕགས་ལའི་ཆབ་འབངས་སུགཏོགས་པའི་རྐྱེན་གྱིས་དགོན་པའི་ནང་རྟེན་རྣམས་ཕྱིར་ཕུད་བཅུག་སྟེ་ཕྱི་ཁོག་མེར་བསྲེགས། དགོན་བདག་རྗེ་སྐལ་བཟང་ཡོན་ཏན་ཉག་རོང་དུ་ཁྲིད།
བླ་མ་ཡོན་ཏན་ཆེས་ཁྱད་དུའཕགས་པས་ཉག་དཔོན་མགོན་པོ་རྣམ་རྒྱལ་ཡིད་ཆེས་བྱུང་བ་སོགས་ཀྱི་ལོ་རྒྱུས་རང་རྣམ་དུ་གསལ། བླ་མ་དེ་ཉིད་སྐུ་ཚེ་སྨད་དུ་ཕྱིར་ཡུལ་དུ་བྱོན་ནས་ཞི་བའི་དབྱིངས་སུ་གཟིམ།
དགོན་པར་མེར་བསྲེགས་རྗེས་འགྲོ་ཡོད་བླ་མ་བློ་བཟང་དངོས་གྲུབ་སོགས་དབུ་བཞུགས་མཛད་འོག་སྔར་གྱི་དོན་པ་དེ་འུ་ར་མདོ་དབུས་རི་ཡི་རྩིག་རྙིང་ཆེན་པོར་བརྟེན་ནས་སྐྱར་བཞེངས་མཛད་དེ་ལེགས་པར་གྲུབ། དེའི་དུས་སུ་དར་སྐྱིད་བླ་མ་ཚེ་དབང་ནོར་བུ་དང་ས་འགག་བླ་མ་པད་མ་རྒྱལ་མཚན་སོགས་ཀྱིས་དགོན་པ་བསྐྱངས།
རབ་བྱུང་བཅུ་དྲུག་པའི་ས་རྟ་ལོར་དགོན་པའི་གྲྭ་པ་ཞིག་གིས་མེ་བསྲོ་བའི་ཕྱིར་དུ་རྟ་ལུད་ལ་མེ་སྦར་སྐབས་མེ་རྩྭ་སོག་ལ་མཆེད་དེ་ནང་རྟེན་རྩ་ཆེན་རྣམས་སྐྱོབ་ཕུབ་པ་ཙམ་ལསགཞན་ཐམས་ཅད་མེས་འཚིག་སྟེ་དགོན་པར་དཔལ་འབྱོར་དང་རིག་དངོས་ཀྱི་གྱོང་གུད་ཉམས་ཆག་ཚབས་ཆེན་ཐེབས།
རབ་བྱུང་བཅུ་དྲུག་པའི་ས་ལུག་ལོར་མཁས་མཆོག་ཀུན་བཟང་བསོད་ནམས་ཀྱི་དངོས་སློབ་སྙུང་གནས་ཆ་སྟེང་གི་སྒྲུབ་པ་བྱས་ཟིན་པའི་བླ་མ་རིག་འཛིན་དཔལ་བཟང་དང་ལྕགས་ལའི་དབྱི་ལ་དཔལ་སྐྱིད་རྣམ་གཉིས་ཀྱིས་དཔལ་འབྱོར་གྱི་འགྲོ་གྲོན་ཚང་མ་གཏོང་བའི་ཆ་རྐྱེན་སྦྱར་བ་དང་མགར་ཐར་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་བཟང་འཇིགས་མེད་ཀྱིས་ས་འདུལ་མཛད་པའི་སྔོན་འགྲོའི་ཆ་རྐྱེན་ལ་བརྟེན་དགོན་པ་དེ་སླར་ཡང་བདེ་ལྡན་སྟེང་ད་ལྟའི་དགོན་པ་ཡོད་ས་དུ་གནས་སྤོས་ནས་འདུ་ཁང་རྟེན་དང་བརྟེན་པ་སྔར་ལས་ལྷག་པར་བཞེངས།
དེ་ནས་བཟུང་སྔ་གཞུག་ཏུ་རི་རྫོང་དཔོན་ཆོས་སྐྱོང་བློ་གསར་ལྕགས་ལའི་བློན་པོ་ཡིན་དང་གོ་མིན་ཏང་གིས་གོ་གནས་ཕྲན་ཙམ་སྤྲད་ཡོད་པའི་ཞི་གསེར་རྒྱ་དཔོན་ཚང་གིས་ཡུལ་དགོན་གཉིས་ཀྱི་འགན་དབང་གཅིག་ལྕོགས་སུ་བཞེས་པའི་སྲོལ་ཆགསང་། དེའི་སྐབས་ཀྱི་བསྟན་བདག་དང་བླ་རབས་ནི་ས་འགག་བླ་མ་པད་མ་རྒྱལ་མཚན་དང་དར་སྐྱིད་བླ་མ་སྦྱིན་པ་དོན་ལྡན།
འགྲིམ་མདའ་བ་རིན་ཆེན་རྣམ་རྒྱལ། དར་སྐྱིད་ཀུན་དགའ་ལྕགས་ཐར། ས་འགག་བརྒྱུད་པ་ངག་དབང་ལྡན། འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཡང་སྲིད་སྤྲུལ་སྐུ་ནོར་བུ་དོན་འགྲུབ། སྐུ་ཞབས་འཇིགས་མེད་རྣམ་རྒྱལ།
བླ་མ་རིག་འཛིན་དཔལ་བཟང་གི་ཡང་སྲིད་ཉན་ཤུལ་འཇམ་དབྱངས་གྲགས་པ་སོགས་མུ་ཏིག་དར་ལ་བརྒྱུས་པ་བཞིན་པ་བྱོན་ནས་གདན་རབས་གོང་མའི་ཆོ་ག་ཕྱག་བཞེས་མ་ལུས་པར་མུ་མཐུད་རྒྱུན་ཆགས་སུ་བསྲིངས་པའི་མཛད་འཕྲིན་སྤེལ་ཡོད་པ་ལགས་སོ།།
དགོན་གནས་དེར་སྐྱེས་ཆེན་དམ་པ་བྱོན་ཚུལ་སྐོར་ནི། དགོན་པ་ཐོག་མར་ཆགས་པ་ནས་ད་ལྟའི་བར་དུ་རྫོགས་ཆེན་དཔལ་སྤྲུལ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་དང་། མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེ། [page 675] ཀའུ་ཚང་རིན་པོ་ཆེ་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ། ཁྲོ་ཟི་གཏེར་ཆེན།
བེ་རི་དགེ་སྟག་སྦྲུལ་སྐུ། རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེ། མཁས་དབང་ཀུན་བཟང་བསོད་ནམས། ཉན་ཤུལ་དཀོན་མཆོག་རྣམ་རྒྱལ། སྐྱིད་ལེགས་ཆོས་ཀྱི་རྒྱལ་མཚན། སྐུ་བཅར་སྐུ་ཞབས་བློ་བཟང་རབ་རྒྱས། དགེ་བཤེས་སྐལ་བཟང་འཇིགས་མེད།
ལའུ་ཐང་སྤྲུལ་སྐུ་བློ་གྲོས་སོགས་སྐྱེ་ཆེན་དུ་མ་ཟམ་མ་ཆད་པར་གདན་ས་དེར་ཕྱག་ཕེབས་ཏེ་ཆོས་སྦྱིན་དང་རྟེན་བཞེངས་སོགས་ཀྱི་མཛད་འཕྲིན་སྤེལ་བའི་སྲོལ་རྒྱུན་དེང་གི་བར་དུ་མཆིས་སོ།། རྟེན་གསུམ་དང་མཆོད་ཛས་ཡོ་བྱད་ཀྱི་སྐོར་ནི།
དེ་ལྟར་དགོན་པ་ཆགས་ནས་བགྲང་བྱ་ཉག་མ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ནང་དུ་དགོན་བདག་རིམ་བྱོན་དང་སྐལ་ལྡན་ལས་ཅན་རྣམས་ཀྱིས་རྣམ་དཀར་བསོད་ནམས་ཀྱི་ཞིང་སར་བསགས་པའི་རྟེན་དང་བརྟེན་པ་རྩ་ཆེན་རྣམས་རགས་རམ་ཞིག་འགོད་པ་ལ་ཇོ་བོ་ཤྭཀྱ་མུ་ནི་ལི་མ་རྩེག་ཚད་མ་རྟེན་དེ་ས་སྨད་ཁམས་ལ་ཤིན་ཏུ་ངོ་མཚར་ཞིང་ཁྱད་པར་ཅན་ཞིག་ཏུ་ཡིན་ཏེ་ངག་རྒྱུན་ལ་ཇོ་བོ་མི་འགྲོ་གསུང་འབྱོན་ཞིག་རླུང་ལྟར་གྲགས།
ཕྱིས་སུ་འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གསེར་དངུལ་རྐྱང་པ་ལས་གྲུབ་ཅིང་རྡོ་རྗེ་ཕ་ལམ་གཙོར་བྱས་པའི་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་ཚོམ་བཏབ་པའི་བྲོག་ཞུ་དང་མགུལ་རྒྱན་སྙན་རྒྱན་སོགས་གསོལ་ཞིང་ལོངས་སྐུའི་ཆས་ཅན་དུ་བྱས། ཐུབ་པ་རྡོ་གདན་མ་གྲུ་གང་བ་གཅིག་བརྟན་ལོའི་ཐུགས་དམ་གྱི་རྟེན་ཡིན།
ཉི་མ་ཐང་བའི་ཇོ་བོར་གྲགས་པའི་སྐུ་ལི་མ་ལོངས་སྐུའི་ཆས་ཅན་ཁྲུ་གང་བ་གཅིག དགོན་པའི་གྲྭ་བ་ཞིག་སྐྱབས་མགོན་རིན་པོ་ཆེ་མཁས་གྲུབ་རྒྱ་མཚོའི་གསོལ་དཔོན་ཡིན་པའི་སྐབས་སུ་གནང་བའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཁྲུ་གང་ལྷག་ཙམ་པ།
འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཐུགས་ཀྱི་རྟེན་མཆོག་ཐུབ་པ་ཚུལ་ཁྲིམས་མར་གྲགས་པ། དགོན་པར་མེ་སྐྱོན་ཐེབས་སྐབས་མགར་ཐར་དགོན་པས་ལྟ་རྟོགས་ལ་གནང་བའི་རྗེ་ཙོང་ཁ་བའི་གསེར་སྐུ་ཁྲུ་གང་བ་བཞུགས་ཁྲིའི་ཕྱོགས་གསུམ་ལ་འཇིགས་བྱེད་དང་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ་བཅས་ཡོད་པ།
གོང་མ་རིན་ཆེན་རྒྱལ་མཚན་གྱི་འདྲ་སྐུ་ལི་མ་མཐོ་གང་ལྷག་ཙམ་པ་གཅིག་སོགས་དང་དེ་མིན་རྡོར་སེམས་དང་ཚེ་དཔག་མེད། སྒྲོལ་མ།
རྗེ་ཙོང་ཁ་བ་སོགས་ཁྱོན་གསེར་སྐུ་ཆེ་ཆུང་སུམ་ཅུ་ལྷག་ཡོད་པ་དང་སྤོས་འདམ་གྱིས་བཟོ་བའི་སྐུ་ལ་སྒྲོལ་མ་གསུང་འབྱོན་མར་གྲགས་པ་གཅིག་དང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་འདྲ་སྐུ་བཙའ་འགོག་མར་གྲགས་པ་གཅིག རྗེ་ཡབ་སྲས་གསུམ་སོགས་བཞུགས་གཞན་ཡང་འཇིམ་སྐུའི་སྐོར་ལ་བླ་མ་རིག་འཛིན་དཔལ་བཟང་གིས་བཞེངས་པའི་ཐུབ་སྐུ་ཐོག་ཚད་དང་ཀའུ་ཚང་རིན་པོ་ཆེས་བཞེངས་པའི་རྗེའི་སྐུ་མི་ཚད་མ་གཙོར་བྱས་པའི་ཇོ་བོ་རྗེ་དང་འཇམ་དབྱངས།
བྱམས་པ། སྒྲོལ་མ། གདུངས་དཀར་མོ། སེང་གདོང་མ། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། མགོན་དཀར། དམ་ཅན་ཆོས་རྒྱལ། དཔལ་ལྡན་དམག་ཟོར་མ། བསེ་ཁྲབ། བསྟན་སྲུང་རྡོ་རྗེ་ཤུགས་ལྡན། རྣམ་སྲས་སོགས་མི་ཚད་མ་དང་ཆུང་ངུའི་སྐོར་མང་དུ་མཆིས།
གསེར་དངུལ་འདྲེས་མས་བྲིས་པའི་བཀའ་འགྱུར་ཚར་གཅིག་དང་སྣར་ཐང་སྤར་མ་ཚར་གཅིག གཏེར་འབུམ་དུ་གྲགས་པའི་པོད་[page 676] ཆེན་མི་ཁུར་རེ་ཙམ་ཡོད་བཅུ་གཅིག་དེ་ལ་ངག་རྒྱུན་གྱི་སྤྲོས་པ་སྣ་ཚོགས་སྨྲ་རྒྱུ་ཡོད་ཀྱང་ཡི་གེ་མང་བར་དོགས་ནས་མ་བྲིས།
ཡུམ་རྒྱས་པ་ལྷ་སའི་སྤར་མ་གཅིག ཡུམ་རྒྱས་པ་སྡེ་དགེའི་སྤར་མ། སྐྱེས་རབས་དཔག་བསམ་ཁྲི་ཤིང་ཀ་ཐག་དགུ་དང་ཙོང་ཁ་བརྒྱད་བཅུ་ཀ་ཐག་གང་གཙོར་བྱས་པའི་ཚེ་དཔག་མེད་ལྷ་དགུ་དང་ཀུན་རིག སྨན་བླ། སྟུང་བཤགས། བདེ་ཆེན་ཞིང་བཀོད། ཐུགས་རྗེ་ཆེན་པོ། རྒྱལ་ཆེན་སྡེ་བཞི་སོགས་ལྡེབ་རིས་ཀ་ཐག་ཉེར་བཞི་བཀོད།
སངས་རྒྱས་སྟོང་སྐུ་དང་རྗེའི་གཟིགས་པ་ལྔ་ལྡན། གྲུབ་ཐོབ་བརྒྱད་ཅུ། འཕགས་པ་གནས་བརྟན་བཅུ་དྲུག་སོགས་ཀྱི་གཙོར་བྱས་པའི་ཐང་མོ་ཆེ་གཉིས་དང་གསེར་དངུལ་གྱིས་བྲིས་པའི་ཐང་ཁ་སྤྱི་བཏང་བའི་ཐང་ཁ་བཅས་ཉིས་བརྒྱ་ལྷག་མཆིས།
རྗེ་ཡབ་གསུམ་གྱི་གསུང་འབུམ་ཆ་ཚང་། པན་ཆེན་བསོད་གྲགས་ཀྱི་གསུང་འབུམ་ཆ་ཚང་། འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་བཀའ་འབུམ། རྗེ་སྐལ་བཟང་ཡོན་ཏན་གྱི་བཀའ་འབུམ། དགོན་པ་རང་གི་ཆོ་གའི་ཕྱག་བཞེས་དང་མཐུན་པའི་རྒྱུད་སྡེ་ཕྱི་ནང་གི་གསུང་འབུམ་སོགས་མང་དུ་མཆིས།
བཀའ་བརྒྱུད་པའི་ཆུ་མགོ་གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པའི་གདུང་རྟེན་དུ་གྲགས་པའི་བཀའ་གདམ་མཆོད་རྟེན་ཐོག་ཚད་མ་གཉིས་གཙོར་བྱས་པའི་མཆོད་རྟེན་ཆེ་བ་བཞི། དུང་འཁོར་གཅིག་འཁོར་ཆུང་བརྒྱ་དང་བརྒྱད་སོགས་ཐུགས་རྟེན་དུ་མཆིས། མཆོད་པའི་ཡོ་བྱད་གཞན་གྱི་སྐོར་ནི་སྦབ་ཆིལ་ཆ་ཉི་ཤུ་དང་སིལ་སྙན་ཆ་བཞི།
དངུལ་གྱི་དུང་ཆེན་གཙོར་བྱས་པའི་དུང་ཆེན་ཆ། རྒྱ་གླིང་ཆ་བཞི་དུང་དཀར་ཆ་གསུམ། རྐང་གླིང་ཆ་གསུམ། འཁར་རྔ་གསུམ། ལག་རྔ་གསེར་རྩི་ཅན་བཅུ། རྔ་བོ་ཆེ་སོགས་རྔ་ཆེན་བཞི། དངུལ་ཀུང་ཆེ་བ་གསུམ། ལི་ཏིང་ཆེ་ཤོས་བདུན་ཚན་ལྔ། ལོ་ཏིང་ཆུང་ཤོས་བརྒྱ། འཁར་ཏིང་བརྒྱ། རག་ཏིང་བརྒྱ། ཟངས་ཏིང་སྟོང་།
ལི་ཀུང་ཆུང་ངུ་བཞི་བརྒྱ། མནྡལ། བུམ་པ། རིལ་བ་སྤྱི་བླུག་མཚོན་ཆ་སྣ་དགུ་ཆ་ཚང་། ཀ་འཕན། གདུགས། རྒྱལ་མཚན། དྲ་བ་དྲ་ཕྱེད། བླ་བྲེ། འཇར་པན་རྒྱལ་གསེར་གྱི་ཇོ་བོའི་ན་བཟའ་ཆ་ཚང་། དཀྱིལ་འཁོར་ཡོལ་བ། བ་དན། རིགས་ལྔ་ཅོད་པན། འཁར་གསིལ། འཆམ་གོས།
དབང་རྫས་སོགས་དགོན་སྡེ་གཞན་ལས་ལྷག་པར་མཆིས་སོ།། དགོན་པའི་ཕྱི་ཁོག་དང་འཚོ་བའི་སྤྱོད་ཆས་སྐོར་ནི། གཙུག་ལག་ཁང་ཀ་ཐག་བདུན་ཅུ་རྒྱ་ཕིབས་རི་དྭགས་ཆོས་འཁོར་གསེར་ཏོག་དང་ལྡན་པ་གཅིག་དང་།
དགོན་པ་འདི་ནས་དགའ་ལྡན་ཁྲི་བ་ཤར་རྩེ་རྡོ་རྗེ་བཟང་པོ་བྱུང་བས་གསེར་ཏོག་གཅིག་བཙུགས་རྒྱུའི་ཐོབ་ཐང་ཡོད་པར་བཤད་རྒྱུ་ཁང་ཀ་ཐག་དྲུག་ཅན་གཅིག གཉེར་ཁང་ཀ་ཐག་ཉི་ཤུ། ར་སྐོར་གྲྭ་ཤག་ཀ་ཐག་དྲུག་ཅུ་རེ་བཞི། ཤག་འཐོར་ཀ་ཐག་དྲུག་ཅུ། སྤྱི་ཁང་ཀ་ཐག་ཉིས་བརྒྱ། འཁོར་ཁང་ཀ་ཐག་སུམ་ཅུ་བཅས་ཡོད།
འཚོ་བའི་ཡོ་བྱད་ལ་འཚོགས་ཟངས་ཆེ་བ་གཉིས་དང་འབྲིང་བ་ལྔ། རག་སྐྱོགས་ཆེ་ཆུང་བཅོ་ལྔ། གུར་མོ་ཆེ་གཅིག་གདན་རིང་ཕྲུག་གཡོགས་ཅན་བཅུ་དྲུག། གདན་རིང་ཁ་སུག་མ་བཅུ། ཕྲུག་གདན་ཁ་གང་མ་བཅོ་ལྔ། ས་གདན་ཁ་གང་མ་བཅུ། ལྔ་གདན་གཉིས། གོས་བེར་གསུམ། འབོལ་གདན་བཅོ་ལྔ། ཟླ་གམ་བདུན། བཀྲ་ཤིས་ཁྲ་རིང་གཅིག་[page 677] གཟིམ་ཁྲི་གཅིག ཅོག་ཙེ་བཅུ། ཅོག་རིང་བཞི། ཟོ་ཁྲ། ཀ་ཏོར་སོགས་མང་དུ་ཡོད། དགོན་པའི་མ་གདན་དཔལ་བྱོར་གྱི་སྡོམ་འབོར་དང་འབྱུངས་ཁུངས་དཔལ་འབྱོར་ལག་ལེན་འཁོར་རྒྱུག་ཇི་ལྟར་བྱེད་ནས་དགོན་པར་འཛུགས་སྐྲུན་དང་ཚོགས་པའི་གཏོང་སྒོ་བྱེད་པ་སོགས་ཀྱི་སྐོེར་ནི།
མ་གཞི་དགོན་པ་ཆགས་ཡོད་སའི་ཁོ་ར་ཁོར་ཡུགཀུན་ལ་སའི་ཁ་རྒྱ་ཡངས་ལ་སྒང་གཤོང་སྙོམས་པའི་རྐྱེན་གྱིས་ས་བོན་ནས་སྒྲོ་བ་གཉིས་བརྒྱ་དང་སུམ་ཅུ་ལྷག་འདེབས་ས་ཞིང་ཡོད། དེ་དག་གི་འབྱུང་ཁུངས་ནི་གཅིག་ནས་དགོན་པའི་གྲྭ་བ་རྣམས་ཀྱིས་རང་སྟོབས་རང་སྤེལ་གྱིས་སྒོ་ནས་སྤང་རྒོད་སློག་ནས་ས་ཞིང་དུ་བྱས་པ་དང་།
གཉིས་ནས་ཡུལ་ཁོག་དེ་དམག་གི་འགྲོ་ལམ་དུ་ཁེལ་བས་སྔར་གྱི་གྲོང་བ་རྣམས་ཉམ་ཆག་ཚབས་ཆེན་ཐེབས་པས་ས་ཞིང་དགོན་པ་གྲྭ་ཚང་གིས་བདག་ཏུ་བཟུང་བ་ཞིག་ཧ་ལམ་ཡིན་པར་སེམས་སོ།། གཞན་ཡང་དགོན་པར་མཛོ་ཉེར་གཉིས། མཛོ་མོ་བཅོ་བརྒྱད། འབྲི་ཉེར་བརྒྱད། རྟོལ་ཟོག་ཕོ་མོ་བཅུ་གཉིས། ཐོང་བཤོལ་སོགས་ཡོ་བྱད།
ར་སྨིན་ལུང་བའི་ཕུ་དམའ་ཀུན་གྱི་ནགས་ཚལ། ལྕང་སྡོང་བརྒྱད་ཅུ་སོགས་དགོན་གཞུང་ཐུན་མོང་ལ་བདག་དབང་བྱེད་རྒྱུའི་རྒྱུ་ནོར་དུ་མ་མཆིས། དངུལ་རྩ་ཡོད་གྲངས་སྒོར་མོར་གཞལ་ན་ཁྲི་ཚོ་བཅུ་ཕྲག་གཉིས་གསུམ་ཙམ་ཡོད་པར་སེམས།
དེ་དག་གཉེར་ཁ་ཁག་གིས་ལག་ལེན་དང་སྤེལ་གཉེར་བྱེད་སྟངས་ནི་དགོན་པའི་ལས་ཐོག་གི་གཉེར་བ་ཁག་གིས་དགོན་གཞུང་ནས་འབྲུ་རིགས་ཀྱི་ས་བོན་དང་རྨོ་མཛོ་སོགས་རྒྱུ་ནོར་འོས་འཚམ་ཞིག་བླངས་ནས་ཚོང་ལས་དང་ས་ཞིང་རྨོ་བཀོལ་སོ་ནམ་གྱི་ལ་ཀ་སྤེལ་པའི་ཁེ་སྤོགས་དང་ཡོང་འབབ་ཀྱིས་དགོན་པ་འཛུགས་སྐྲུན་དང་ཚོགས་དུས་མཆོད་ཀྱི་གཏོང་སྒོ།
གྲྭ་སེར་གྱི་འཚོ་བའི་རྟེན་སོ་བཅས་ཀྱི་ཐད་ལ་འགྲོ་སོང་སྦྱར་བར་འདང་ཐབས་བྱེད་དེ་རྩ་བས་རྩིས་སྤྲད་དང་ལོ་མས་གཏོང་སྒོ་ཞེས་པའི་རྩ་དོན་ལྟར་ལག་ལེན་བྱེད་དགོས་པའི་སྲོལ་ཆགས་ཡོད་པ་རེད།
དགོན་པར་སྦྱར་བའི་ཡོན་ཁའི་དངོས་རྫས་དུས་ཐོག་ཏུ་དགེ་འདུན་པར་རྩོལ་བསྟུན་ཐོབ་སྤྲོད་བྱེད་པའི་སྦྲོས་ཀ་ཙམ་ལས་གཞན་གྱི་ལུགས་སྲོལ་མ་མཆིས།
དགོན་པའི་ཚེས་དུས་མཆོད་དང་བླ་མ་ལས་སྣེའི་འགན་བཞེས་པའི་གོ་རིམ་སོགས་ཀྱི་སྐོར་ནི། ལོ་འཁོར་མོ་གཅིག་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བཅུ་དང་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་ལུགས་ཀྱི་སྙུང་གནས་ཆ་དགུ། ཀེའུ་ཚང་བསྟན་འཛིན་ཡར་རྒྱས་ཀྱི་ལུགས་ལྟར་སྦྱོར་བའི་ཆོས་དྲུག་གི་ཆོ་ག་ཉིན་གསུམ།
ཀུན་རིག་གི་ཆོ་ག་ཉིན་བཞི། ཚེ་དཔག་མེད་ལྷ་དགུའི་ཆོ་ག་ཉིན་གསུམ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ལུགས་ལྟར་འཇིགས་བྱེད་ལྷ་བཅུ་གསུམ་པའི་སྒྲུབ་མཆོད་སྦྱིན་སྲེག་དང་སྦྲགས་མ་ཉིན་གསུམ། དབྱར་གནས་ཟླ་བ་ཕྱེད་དང་གཉིས། དགའ་ལྡན་ལྔ་མཆོད་ཉིན་བཅུ་གཉིས།
བླ་མ་མཆོད་པ་ཉིན་གཅིག་དཔལ་ལྡན་དམག་ཟོར་མའིདམག་ཟོར་མའི་དུས་གཏོར་བསྐུལ་བ་རི་བ་ལྷུན་པོ་ཉིན་གསུམ། རྗེ་སྐལ་བཟང་ཡོན་ཏན་གྱིས་མཛད་པའི་སེང་གདོང་མའི་གཏོར་བཟློག་ཉིན་གསུམ། དགུན་ཆོས་ཉིན་བཅུ། དམ་ཅན་ཆོས་ཀྱི་རྒྱལ་པོའི་གློ་བུར་ལས་བཅོལ་གྱི་གཏོར་སྒྲུབ་ཉིན་གསུམ།
མདོ་ཁམས་བདག་མོའི་ཚེས་གཏོར་ཉིན་གཅིག་བཅས[page 678] དང་ཟླ་བ་རེའི་ཚེས་བཅུ་ཉེར་ལྔ་ལ་གསོ་སྦྱོང་དང་ཆོས་སྐྱོང་རྒྱུན་བཅོལ་བྱེད་པའི་ཆོ་ག་བཅས་འཚོགས་རྒྱུ་མཆིས། དགོན་བདག་ནི་དམིགས་གསལ་གྱི་སྐབས་སུ་མ་གཏོགས་ཁྲི་བས་འགན་བཞེས་པའི་ལུགས་སྲོལ་མཆིས།
དགོན་པ་འདིའི་དབུ་མཛད་ནས་ཁྲི་བ་འགན་བཞེས་པའི་ལུགས་སྲོལ་མཆིས། དགོན་པ་འདིའི་དབུ་མཛད་ནས་ཁྲི་བ་ནས་མཁན་པོ་བྱེད་པའི་བསླབ་པའི་གོ་རིམ་རྒྱུད་པའི་ལམ་ལུགས་རྒྱུན་འཇགས་སུ་གྱུར་ཡོད། དགེ་འདུན་པའི་ཞལ་གྲངས་བརྒྱ་ཅུ་ལྷག་ཡོད། གྲྭ་རྒྱུན་གྱི་འབྱུངས་ཁུངས་ནི་སྔོན་དུས་སུ་ཤའུ་གཤིས་དང་སྨུག་རོང་།
འདྲ་སྟོད་བཅས་ནས་ཡིན། དགོན་པ་གནས་སྤོས་ནས་བཟུང་ཤའུ་གཤིས་དང་སྔོ་ཉ། སོག་རག་གཡས་རི་སོགས་གནས་ངེས་ནས་གྲྭ་རྒྱུན་ཡོང་མཁན་ཡོད་པ་ལགས་སོ།། དགོན་པ་འདི་ཡུལ་དགོན་གཞན་དང་འབྲེལ་ཚུལ་གྱི་སྐོར་ནི།
ཀ་བཞི་ཆགས་བྱང་ཆུབ་ཕུན་སུམ་ཚོགས་གླིང་ཐོག་མར་ཆགས་པ་ད་ལྟའི་བར་མི་ཉག་ར་ཏི་དགོན་པ་དང་སྐྱིད་ལེགས་དགོན་པ། འདྲ་རྩེ་ཐོག་དགོན་པ། མགར་ཐར་དགོན་པ་བཅས་དང་ཕན་ཚུན་འབྲེལ་ཟབ་ཧ་ཅང་དམ་པ་ཙམ་ལས་དགོན་དང་དགོན་ལག་གི་ཁྱད་པར་ཅི་ཡོད་ལོ་རྒྱུས་འཚོལ་ཞིབ་བྱེད་པའི་གོ་སྐབས་སུ་མ་འཁྱོལ།
དགོན་པར་ཉམས་ཆག་བྱུང་ཚུལ་གྱི་སྐོར། དགོན་པ་གསེར་ཁ་ཁོག་ཏུ་ཐོག་མར་ཆགས་པ་ནས་འབྲུ་གུ་མདའ་ལ་གནས་སྤོས་བྱེད་པའི་བར་གྱི་མི་ལོ་དྲུག་བརྒྱ་ལྷག་གི་དུས་ཡུན་རིང་དུ་ཆགས་འཇིག་གི་འཕོ་འགྱུར་ངེས་ཅན་ཞིག་བྱུང་ཡོད་ཀྱང་རེ་རེ་གསལ་ཆ་ཡོད་པའི་ལོ་རྒྱུས་འཚོལ་རྒྱུ་མ་རྙེད།
རབ་བྱུང་བཅོ་ལྔ་བའི་ནང་ཙམ་ལ་ཉག་རྐེད་དཔོན་གྱི་དམག་དཔུང་གིས་དགོན་པ་ཕྱི་ཁོག་མེར་བསྲེགས་ཡོད་པ་རེད། རབ་བྱུང་བཅུ་དྲུག་པའི་ས་རྟ་ལོར་དགོན་པས་མེ་སྐྱོན་འགོག་པའི་ལས་ཀ་དམ་འཛིན་མ་བྱེད་པའི་རྐྱེན་གྱིས་དགོན་པ་ལ་སླར་ཡང་མེ་སྐྱོན་ཐེབས་ཏེ་རི་དངོས་དང་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་ཐེབས།
ངོ་རྒོལ་བཞི་པ་རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་རྟེན་རྩ་ཆེན་ཉུང་ཤས་ལ་ཤིག་མ་གཏོགས་གཞན་ཐམས་ཅད་འབྱུང་བཞིར་ཐིམ་ཏེ་དགོན་ཤུལ་རྩིག་གིས་གང་བར་གྱུར།
ད་ལྟའི་གནས་ཚུལ་ནི།
ས་སུ་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་བྱེད་ཆོག་པའི་གོ་སྐབས་ཤར་ཚེ་རྟའུ་རྫོང་མི་དམངས་སྲིད་གཞུང་གིས་དགོན་པ་ཉམས་གསོའི་དབུ་འཛུགས་པའི་སྐབས་སུ་སྔར་དགོན་བདག་དང་བླ་མ་ལས་སྣེ་ཕལ་ཆེ་མི་བཞུགས་ཀྱང་སྔོན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་པའི་བླ་མ་རིག་འཛིན་དཔལ་བཟང་གི་སྐུ་སྐྱེ་སྙིགས་དུས་མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོར་ཉན་ཤུལ་རིགས་སུ་འཁྲུངས།
དགུང་ལོ་བཞི་བར་སྐུ་ནུབ་སྟག་སྤྲུལ་སོགས་ཀྱིས་བླ་མ་རིག་འཛིན་དཔལ་བཟང་གི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་བཟུང་ཞིང་ཀ་བཞི་དགོན་པར་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ། དེ་ནས་བཟུང་སློབ་དཔོན་འཇིགས་མེད་དོན་གྲུབ་དང་རྒྱུད་པ་ངག་དབང་དཔལ་ལྡན།
སྐུ་བཅར་སྐུ་ཞབས་བློ་བཟང་རབ་རྒྱས་མཁན་པོ་སྐལ་བཟང་རྡོ་རྗེ་སོགས་ཀྱི་མདུན་ནས་ཡི་[page 679] གེ་ཕྱི་མོ་དང་བྲིས་དཀར་ནག། འདོན་ཆོག་གི་ཆོ་ག་ཀུན་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད།
དགུང་ལོ་བཅུ་གཉིས་སྟེང་དུ་འབྲས་སྤུངས་བློ་གསལ་གླིང་དུ་གྲྭ་སར་ཕེབས་ཏེ་དགེ་བཤེས་པད་མ་རྒྱལ་དང་རིན་ཆེན་བློ་བཟང་། འཇམ་དཔལ་འཕྲིན་ལས་སོགས་མཚན་ཉིད་ཀྱི་དགེ་རྒན་དུ་བསྟེན་ནས་གཞུང་བཀའ་པོད་གསན་བསམ་མཛད།
ཁུ་བོ་ཉན་ཤུལ་མཁྱེན་རབ་འོད་གསལ་དང་སྨན་རྩིས་ཁང་གི་སྨན་མོ་དབྱངས་ཅན་ལྷ་མོའི་སྒྲ་རིགས་དང་གསོ་བ་རིག་པ་སོགས་ཐུན་མོང་རིག་གནས་ལ་ཐོས་བརྩོན་སློབ་གཉེར་མཛད། དགུང་ལོ་ཉེར་གཉིས་སྟེང་དུ་ཕྱིར་རང་དགོན་དུ་ཕེབས།
གཞན་ཡང་ཁོང་གི་སྔ་གཞུང་དུ་གངས་ལྗོངས་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་དང་རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྐྱིད་ལེགས་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེ། ཉན་ཤུལ་དཀོན་མཆོག་རྣམ་རྒྱལ།
བསོད་ནམས་དབང་ཕྱུག་སོགས་དམ་པ་སུམ་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ལམ་གྱི་རིམ་པའི་མན་ངག་ཉུང་བཅུད་མ་ལུས་གཅེས་ནོར་གྱི་ཚུལ་མནོས་ཏེ་མཁས་དང་གྲུབ་པའི་ཡོན་ཏན་གྱི་ཐུགས་རྒྱུད་ཕྱུག་པར་གྱུར། དགོན་པ་སླར་གསོ་མཛད་པའི་སྐབས་སུ་ཁོང་དང་ཚེ་རིང་ནོར་བུ། ས་འགག་ཚེ་རིང་ནད་མེད།
དཔལ་ལྡན་གྲགས་པ་སྤུན་གཉིས་སོགས་ཀྱིས་དབུ་བཞུགས་མཛད་པ་མ་ཚད་དགོན་པ་ཉམས་གསོ་དང་རྟེན་བཞེངས་བྱེད་པར་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་མཉམ་དུ་ཁོང་རྣམ་པས་ཕྱག་རྫས་དང་གྲོན་དངུལ་འབོར་ཆེན་ཐེབས་བཞག་གནང་སྟེ།
ཀ་བཞི་ཆགས་བྱང་ཆུབ་ཕུན་ཚོགས་གླིང་གི་བརྟེན་བརྟེན་པ་ཧ་ལམ་སྔར་ལྟར་བཞེངས་པ་ལེགས་པར་གྲུབ་ཟིན། དེར་བརྟེན་ཡུལ་དགོན་གཉིས་ཀྱི་མགྲིན་གཅིག་ཏུ་བསྟན་པའི་བདག་པོ་ལ་ཉན་ཤུལ་འཇམ་དབྱངས་གྲགས་པ་གསོལ་བར་འབྲེལ།
ཁོངགིས་ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་ཆེད་དུ་སྔོན་རྗེས་སུ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་དར་མདོ་དགེ་འོས་སློབ་གྲྭའི་དགེ་རྒན་གྱི་འགན་བཞེས་ཏེ་བོད་ཀྱི་བཅུ་ཕྲག་རིག་གནས་སློབ་ཁྲིད་གནང་བཞིན་ཡོད་པ་མ་ཚདཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་སི་ཁྲོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཁང་གི་ཁོངས་མི།
སི་ཁྲོན་སློབ་ཨུ་མི་རིགས་ཆེད་སྦྱོང་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་པ་གཙོ་བོ་སོགས་ཀྱི་འགན་བཞེས་ཏེ་མངོན་བརྗོད་འགྲེལ་བ་ཀུ་ཤའི་ཆུན་པོ་དང་བརྡ་སྤྲོད་ཆུ་བོ་གཅིག་འདྲེས། གཤིན་རྗེ་གཤེད་གྱི་སྒོ་ནས་ཕུང་པོ་བསྲེག་ཆོག་ལོ་རྒྱུས་སྙན་ངག་སོགས་པོད་གསུམ་ལྷག་ལྗགས་རྩོམ་གནང་ཡོད་པ་དང་།
ཕྱོགས་གཞན་གཅིག་ནས་དགོན་བདག་གི་འགན་ཐུགས་ཉམས་སུ་བསྟར་ནས་ས་འགག་ཚེ་རིང་ནད་མེད་དང་རིག་འཛིན་སྟོབས་ཆེན།
ཚུལ་ཁྲིམས་རྒྱ་མཚོ་སོགས་དང་མཉམ་དུ་ཀ་བཞི་དགོན་པའི་གདན་རབས་གོང་མའི་ཆོ་གའི་ཕྱག་བཞེས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་འཕྲིན་ལས་ཀྱི་རྒྱུན་བསྲིངས་ཤིང་གྲྭ་བཙུན་སུམ་ཅུ་ལྷག་ཙམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་རྒྱུད་སྤེལ་ཏེ་སྔར་གྱི་དུས་མཆོད་རྣམས་ཕལ་ཆེ་སྐྱར་གསོ་བྱེད་ཟིན་ཏེ་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ།