སྲིད་པ་རྒད་པོའི་གཏམ་དཔེ།

 

ས་དོག་མོ་ཁ་ཞིང་ཆེ་རུང་།

མི་རྙེད་ནོ་ཕ་ས་ཡིན།

 

མགོ་ནག་རྐང་གྲངས་མང་རུང་།

མི་རྙེད་ནོ་ཕུ་ནུ་ཡིན།

 

རི་དང་ལུང་པ་འཁོར་ཕྱོགས།

བྲག་དང་ཤུག་པ་སྐྱེས་ཕྱོགས།

 

རྒྱ་སྟག་དམར་པོ་ཚ་ཡི་ཐིག་ལེ་ཅན།

རི་སྤྱང་སྔོན་མོ་དུང་གི་མཆེ་བ་ཅན།

 

ཆོས་འབྲེལ་གསེར་གྱི་ཐག་པ་མ་ཆད་ན།

དམ་ཚིག་ཤེལ་གྱི་སྒོ་ང་མ་ཆག་ན།

 

ཟླ་དྲུག་པའི་ཤྭ་བོའི་རྭ།

ཟླ་བཅུ་བའི་ཝ་མོ་གྲལ་ཁ།

 

འདོ་རིག་རྟ་བོར་འགྲམ་ལོ་དགོས།

ཕ་བཟང་བུ་ཚར་ཁ་ལ་དགོས།

རྟ་མི་ཐུབ་ནོ་བླ་མའི་ཕྱག་ལ་འཇོག

མཛོ་མི་ཐུབ་པ་ཤར་བའི་ལག་ལ་འཇོག

 

མགོ་ལ་གྱོན་གི་མོག

ལུས་ལ་གྱོན་གི་མོག

 

བྱང་སེམས་ཀྱི་གཤོག་རུ་བསྐྱང་དགོས།

ཞེ་སྡང་གི་སྡེར་མོ་བསྐུམ་དགོས།

 

མཁས་པར་ལོ་ཙྭ་དགོས།

དཔའ་བོར་སྙིང་བུར་དགོས།

 

ཕ་རྒྱུད་དཀར་པོ་གངས་ལ་དེད་ན།

གངས་སེང་དཀར་མོའི་བུ་རྒྱུད་ཡིན།

 

མ་རྒྱུད་རྒྱ་རྫོང་ནག་ལ་དེད་ན།

དམར་ཡག་སྟག་གི་བུ་རྒྱུད་ཡིན།

 

ཕུ་ཁུ་ཁྲ་ཡག་རྫ་འདྲ་འདྲ།

ཕུ་ནུ་འབྲོང་མོའི་རྭ་འདྲ་འདྲ།

 

མེ་ཏོག་ལོ་མས་གཞིབ་དགོས།

ཕ་བོང་གསག་མས་གཞིབ་དགོས།

 

གྱོད་མེད་ན་སྡེ་བ་བཙན་པོ།

དོམ་མེད་ན་ཁྱིམ་ཚང་ཕྱུག་པོ།

 

ཁ་གཞོན་དུས་ཁུ་བྱུག་སྔོན་མོ།

ལུས་གཞོན་དུས་འབྲུ་ཤུག་རྩེ་རྒྱལ།

 

མི་ལ་བཤད་ནི་དགོས།

ཤིང་ལ་འགུག་ནི་དགོས།

 

ཆོས་ཏིང་འཛིན་སྒོམ་ན་ཆོས།

གྱོད་ཁ་མཆུ་འདུམ་ན་ཆོས།

 

རྒྱུ་མི་རྟག་རྩྭ་འགོའི་བསིལ་བ།

སྐྱིད་མི་རྟག་ཕ་ཕྱུག་བུ་མོ།

 

རྩ་བའི་བླ་མ།

གཙུག་གི་ནོར་བུ།

 

སངས་རྒྱས་ལ་ཀ་ཁ་དང་།

ཨ་མྱེས་ལ་གནའ་གཏམ།

ཟས་ཞིམ་པོ་ཡོད་ན་ཕ་མ་བྱིན།

གོས་ཡག་པོ་ཡོད་ན་རང་གིས་གོན།

 

འགྱས་རྒྱག་མི་ཉན་པ་ཕུ་ནུ་ཡིན།

ལོན་རྫོག་མི་ཉན་པ་ཕ་མ་ཡིན།

 

ཡུལ་ཕ་མའི་ཡནན་དྲིན་ཆེན་མེད།

ནང་ཕུ་ནུའི་ཡན་ན་འདང་ཆེན་མེད།

 

ཡིད་སེམས་དྲང་མོ་མདའ་ཡིན།

བསམ་པ་དཀར་པོ་དུང་ཡིན།

 

གསེར་སེར་པོ་ནང་ན་ལི་མེད།

ཇ་འོ་མའི་ནང་ན་དུག་མེད།

 

དྲིན་ཆེན་ཕ་མའི་དྲིན་ལན།

ལོ་རྒས་རག་བར་དུ་མ་ཤེས་ཟིག

 

སྦྲང་དཀར་རྩམ་པའི་བྲོ་བ་འདི།

ཟས་མ་ཚར་བར་དུ་མ་ཤེས་ཐལ།

 

མཆོད་རྟེན་ལ་འགྲོག་ན་དཀར་རག

སླ་ང་ལ་འགྲོག་ན་དྲི་མག་ཡིན།

 

མི་ལ་ཆེ་ཆུང་དང་།

ས་ལ་ས་ཐུར་ཡོད།

 

གདུགས་བ་དན་ནམ་མཁའི་དབྱིངས།

མཚན་སྙན་གྲགས་འཚམ་པའི་གླིང་།

 

དཀར་པོ་ཆོས་ལ་དད་པ་ཆེ།

ནག་པོ་དགྲ་ལ་ཞེ་སྡང་ཆེ།

 

གཏམ་མི་ཁ་བརྒྱུད་ན་ཇེ་མང་།

ཟས་མི་ལག་བརྒྱུད་ན་ཇེ་ཆུང་།