ཀོ་སྒམ་མཚམས་སྦྱོར།
ཀོ་སྒམ་མཚམས་སྦྱོར།
(ཟི་ལིང)ཚེ་རྡོ།
ཀོ་སྒམ་སྟེ་ཅུང་ཆེ་བའི་ཅ་ལག་འཇོག་བྱེད་གྱི་ཤིང་སྒམ་ཞིག ཕྱི་ཀོ་བས་བཏིམས་ཡོད་དེ། སྤྱིར་སྒམ་དང་ཁ་ཁེབ་གཉིས་ལས་གྲུབ། སྒམ་གཞིའམ་ཁ་ཁེབ་ཀྱི་སྦྲེལ་སྒྲོག་དང་མདུན་ན་ལྕག་ལོང་། ཟུར་གཉིས་སུ་ལོང་བུ་ཡོད།ཆེ་ཆུང་མི་འདྲ་ཞིང་། མཚོ་སྔོན་འབྲོག་ཁུལ་གྱི་རྒྱུན་སྤྱོད་མཁོ་ཆས་ཤིག བརླན་འགོག་དང་ཅ་ལག་འཇོག་བྱའི་སྣོད་དུ་གྱུར། ཡུལ་ལ་ལར་ད་དུང་བཀོལ་སྤྱོད་བྱེད་ཀྱིན་འདུག