འཆམ་འབག་མཚམས་སྦྱོར།

འཆམ་འབག་མཚམས་སྦྱོར།

 

ཁྲི་ཀརྡོ་རྗེ་འབུམ།

 

འཆམ་འཁྲབ་སྐབས་ལྷ་སྲུང་འཁྲབ་མཁན་གྱི་གང་ཟག་དེས་འཁྲབ་བྱའི་ལྷ་སྲུང་གང་རུང་གི་འཆམ་འབག་གྱོན་ནས་འཆམ་ཞིང་། འཆམ་འབག་ལ་རྣམ་པ་སྣ་ཚོགས་ཡོད། གདོང་འབག་ཡོད་པར་གྱུར་ཚེ་འཆམ་དེའི་ཆོས་ལུགས་ཀྱི་ནང་དོན་དེ་གསོན་ཉམས་ལྡན་པར་མཚོན་ནུས་པ་མ་ཟད།  གསང་བའི་མཁའ་དབུགས་ཤིག་ཀྱང་ངང་གིས་བཟོ་ནུས།   འཆམ་འབག་གི་ལས་བཟོ་བྱེད་ཚུལ་ལ་བོད་རིགས་ས་ཁུལ་དུ་བཟོ་རྩལ་རིགས་མང་པོ་ཡོད།  གདོང་འབག་ལ་ལ་ནི་ལུག་གི་པགས་པས་བཟོས་པ་དང་། ལ་ལ་ནི་ཤིང་བརྐོས་ཀྱི་རིགས་ཡིན། འཆམ་འབག་གི་རྒྱུ་ཆ་གཙོ་བོ་གསུམ་ཡོད་པ་ནི་རས་དང་།  ཟངས་དང་ཤིང་ཆ་བཅས་ཡིན། དེ་ལས་རས་ཀྱི་གདོང་འབག་ནི་རང་ངོས་ནས་ཡང་ཞིང་ལས་བཟོ་བྱེད་པར་སྟབས་བདེ་ཡིན་ཞིང་གདོང་འབག་གི་ཁྲོད་ནས་སྤྱོད་རྒྱ་ཆེ་བ་ཡིན། འཆམ་འབག་ལ་ཐུན་མོང་མ་ཡིན་པའི་བཟོ་རྩལ་གྱི་ཁྱད་ཆོས་ལྡན་པ་ཡིན་ནོ༎