མི་རིགས་གྱོན་ཆས་ཀྱི་ལས་བཟོ་མཚམས་སྦྱོར།

མི་རིགས་གྱོན་ཆས་ཀྱི་ལས་བཟོ་མཚམས་སྦྱོར།

 

ཁྲི་ཀ རྡོ་རྗེ་འབུམ།

 

བོད་རིགས་གྱོན་ཆས་ཀྱིས་བོད་ཀྱི་རིག་གནས་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད། རོང་ཁུལ་གྱི་གསར་བུས་སྤྱིར་བཏང་དུ་སྣམ་བུ་དཀར་ནག་དང་ཐེར་མ་གྱོན་པ་ཡིན། སྨད་དུ་རྐང་སྣམ་མནབས། སྟོད་དུ་གོས་དར་གསོལ། ལྷ་ས་དང་ཁམས་ཕྱོགས་སུ་བུད་མེད་ཀྱིས་སྐེད་པའི་མདུན་དུ་བལ་གྱིས་བཟོས་ཤིང་ཚོན་མདངས་སྣ་ཚོགས་བཀྲ་བའི་པང་གདན་འདོགས་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། འབྲོག་ཁུལ་གྱི་གསར་བུས་ཆེ་ཞིང་ཕུ་ཐུང་ཡངས་པའི་སློག་པ་མང་དུ་གྱོན་ཞིང་།    ཁ་དོག་དམར་སྔོན་ལྗང་གསུམ་གྱིས་མཐའ་རྒྱན་སྤྲས་པས་མིག་ལ་མཛེས་པ་ཞིག་ཡིན་ནོ༎