གཙག་དྲུབ་ཀྱི་མཚམས་སྦྱོར།
གཙག་དྲུབ་ཀྱི་མཚམས་སྦྱོར།
(ཁྲི་ཀ)དགེ་འདུན།
གཙག་དྲུབ་ནི་ཁབ་སྐུད་ཀྱིས་རས་ཐོག་ཏུ་གཙག་པའི་རྒྱན་སྤྲས་གཟུགས་རིས་སྣ་ཚོགས་ཀྱི་སྤྱི་མིང་ལ་གོ ཁབ་ལ་བརྒྱུས་པའི་སི་སྐུད་དང་ཚི་སྣ། རས་སྐུད་ཀྱིས་རས་ཐོག་ཏུ་རི་མོ་དང་ཚོན་མདོག་གཙག་སྟེ་གཟུགས་རིས་ལྟར་རྒྱན་སྤྲས་བྱེད་པ། དེ་ནི་ཁབ་དང་སྐུད་པས་མིའི་ཇུས་འགོད་དང་བཟོ་སྐྲུན་དངོས་པོར་ལས་སྣོན་བྱས་པའི་སྒྱུ་རྩལ་ཅིག་ཡིན། གཙག་དྲུབ་ནི་ཀྲུང་གོའི་དམངས་ཁྲོད་ཀྱི་སྲོད་རྒྱུན་ལག་རྩལ་ཞིག་ཡིན་པས་ཀྲུང་གོར་ལོ་ངོ་སྟོང་ཕྲག་གཉིས་གསུམ་ལྷག་གི་ལོ་རྒྱུས་ལྡན་ཅིང་། ཀྲུང་གོའི་གཙག་དྲུབ་ལ་སོའུ་ལུགས་དང་ཞང་ལུགས། ཧྲའོ་ལུགས། ཨོའོ་ལུགས། བོད་ལུགས་བཅས་རིགས་ལྔ་ཡོད། གཙག་དྲུབ་བྱེད་ཐབས་ལ་སྡེབ་གཙག འདྲེས་མའི་གཙག་དྲུབས། དྲ་གཙག གཞན་གསེར་སྐུད་འཐེན་པའམ་གཙག་པ། སྐུད་དྲ་བྱས་ཏེ་རི་མོ་སྣ་ཚོགས་བཟོ་བ། གཙག་དྲུབས་ཀྱི་ཕན་ནུས་གཙོ་བོ་འཚོ་བ་དང་སྒྱུ་རྩལ་རྒྱན་སྤྲས་བྱེད་པ་སྟེ། དཔེར་ན་ལྭ་བ་དང་མལ་ཁྲིའི་མཁོ་ཆས། ཅོག་རས། གར་སྟེགས། སྒྱུ་རྩལ་ཐོན་རྫས་དང་རྒྱན་ཆའམ་ཐང་ག་བཅས་སོ།