ཕྱེ་དཀག་མཚམས་སྦྱོར།

ཕྱེ་དཀག་མཚམས་སྦྱོར།

 

ཁྲི་ཀདགེ་འདུན།

 

ཕྱེ་དཀག་སྟེ་གྲོ་ཕྱེ་ནང་འོས་འཚམ་གྱི་ཕྱེ་སོབ་དང་བུལ་ཕྱེ་སྡེབ་རྗེས། དྲོད་འཇམ་གྱི་ཆུ་ཁོལ་ནང་ཕྱེ་བླུགས་ནས་ཕྱེ་ཐེངས་མང་འཕུར་མཉེད་བྱས་ནས་ཕྱེ་སྲ་མོ་དང་ཕྱེ་འཇམ་པོར་བཏང་ཏེ་ཆུ་འཁྱག་བཞག་ནས་མུ་མཐུད་དུ་འཕུར་མཉེད་བྱས་ཏེ་གཙང་འཁྲུ་བྱེད་དགོས་ལ།     ཕྱེ་གཟུགས་སབ་སོབ་དང་སྦྲང་ཁུང་ལྟ་བུར་ཡིན་ཚེ་རླངས་ཚག་ཏུ་བཞག་སྟེ་རླངས་བཙོས་རྒྱག་པ་ལ"ཕྱེ་བཀྲུས་སྤྲི་དཀར་བསྲེས་མ"ཟེར་བ་དང་ ། དེ་ནས་བཙག་མར་ལུས་པའི་ཕྱེ་འབག་ཁོ་ཚག་ཏུ་བཞག་ནས་རླངས་བཙོས་བརྒྱབ་ནས་ཚོས་པ་ལ"རླངས་བཙོད་ཕྱེ་དཀག"ཟེར། འཁྱག་ཐུག་སྟེ། ཁོ་ཚག་ནང་རླངས་བཙོས་རྒྱབ་སྟེ་ཕྱིར་བླངས་ནས་འཁྱག་ཏུ་བཅུག་ཚེ། ད་གཟོད་ཕྱེ་དཀག་རིང་པོར་གཅོད་གཏུབ་བྱེད་དགོས་ལརྗེན་སྤྲི་བསྲེས་ཏེ་སྒོག་པ་དང་། སྐྱུར་ཁུ།  ཀེའུ་སོགས་དེའི་སྟེང་དུ་བླུགས་ནས་ཟོས་ན་ཁ་ལ་ཞིམ་ཞིང་བྲོ་མངར་འཛོམས་པའི་ཁྱད་ཆོས་ལྡན་པས། མཚོ་སྔོན་གྱི་ཞོར་ཟས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བཟའ་ཆས་ཀྱི་ཁོངས་སུ་གཏོགས