སྲན་དཀག་གི་མཚམས་སྦྱོར།

སྲན་དཀག་གི་མཚམས་སྦྱོར།

 

ཁྲི་ཀདགེ་འདུན།

 

སྲན་དཀག་རྒྱུ་ཆ་གཙོ་བོ་བོད་སྲན་ཡིན་ལ།   ཆུར་སྦངས་ཤིང་ཞིབ་ཏུ་འཐག་བཙག་པའི་རིལ་བུ་བཙོས་ནས་འཁྱག་ཚེ་ལེབ་མ་གཤེར་ཅིང་། ངོས་སུ་རྒྱ་སྒོག་གཅིར་ནས་སྒོག་ཆུ་ལྡུག་པ་དང་།   སྣུམ་བཙོས་སུར་འདག་དཀྲིགས་ནས་ཁར་ལྡུག་པ།  སྦྱོར་རྫས་གཙོ་བོ་སྟེ། བོད་སྲན་དང་སྣུམ་དམར། ཏིལ་སྣུམ། སུར་སྣུམ། སྲན་སྣུམ། སུར་ཕྱེ། བྲོ་སྐྱུར། བྲོ་རྩིའམ་སྒོག་ཆུ། སྣུམ་བཙོས་སྲན་སེར་སོགས་འོས་མཚམས་སྤྱད་དེ་བཟོས་པའི་སྲན་དཀག་གི་མངར་ཚ་བྲོ་བ་མཚམས་ཤིང་འཁྱག་བསིལ་ཁོག་པར་བདེ་པའི་དབར་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན།