འདྲེ་འཐག་ཤ་དང་འབྲེལ་བའི་གེ་སར་ངག་རྒྱུན།

འདྲེ་འཐག་ཤ་དང་འབྲེལ་བའི་གེ་སར་ངག་རྒྱུན།

སྙིང་ལྕགས་རྒྱལ་གྱིས་འཚོལ་སྡུད་བྱས།

 

དེ་ཡང་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་བདུད་ཤུལ་སྡེ་བའི་ཀོ་རའི་གཡུ་མཚོའི་ནུབ་ཕྱོགས་ཀྱི་ལུང་བ་དེར་སྐྱ་བདའ་ཉག་ག་ཟེར་བའི་ཉག་ག་ཞིག་ཡོད་པ་དེར་རྒྱུན་དུ་འདྲེ་སྲིན་གཏུམ་པོ་མིང་ལ་འདྲེ་ཤ་འཐག་ཟེར་བ་ཞིག་འགྲོ་འོང་བྱེད་བཞིན་ཡོད།དེའི་དུས་སུ་འཛམ་གླིང་གེ་སར་རྒྱལ་པོས་འདྲེ་སྲིན་དེ་འདུལ་བའི་དུས་ལ་བབས་པ་མཁྱེན་ནས་ཡུལ་དེར་ཕེབས་ཏེ།རྫུ་འཕྲུལ་གྱིས་འདྲེ་སྲིན་གཏུམ་པོ་དེ་དམ་ལ་བཏགས། དེ་ནས་ཁོང་གི་ཐུགས་དགོངས་ལ་འདྲེ་སྲིན་དམ་ལ་བཏགས་པའི་ས་དེ་མི་བརྗེད་པའི་ཆེད་དུ་ས་རྟགས་ཤིག་བརྒྱག་དགོས་དགོངས་ནས་རྡོ་ཕ་བོང་ཞིག་གི་ངོས་ལ་རལ་གྲིས་ལན་གཅིག་བསྣུན་པ་ད་ལྟའང་རྗེས་ཤུལ་ཟབ་མོ་ཞིག་རྡོའི་སྟེང་དུ་ཤུར་རེར་བབས་ཡོད། རྗེས་སུ་གེ་སར་ནོར་བུ་དགྲ་འདུལ་གྱི་ཆོས་སྐྱོང་སྣང་བ་མཐའ་ཡས་ལ་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ས་དེར་གེ་སར་རྒྱལ་པོའི་མཆིལ་ལྷམ་གྱི་དབྱིབས་དང་མཚུངས་པའི་རྡོ་རང་བྱོན་ཞིག་ཀྱང་བྱུང་བ་ས་དེའི་མི་རྣམས་ཀྱིས་མཐོང་མྱོང་ཟེར།