ནས་ཆང་བསིལ་མ་མཚམས་སྦྱོར།
(ཁྲི་ཀ) རྡོ་རྗེ་འབུམ།
ནས་ཆང་བསིལ་མ་ནི་མཚོ་སྔོན་རོང་འབྲོག་ས་ཁུལ་གྱི་རང་གིས་བསྙལ་བའི་ཆང་བཅུད་ཅུང་དམན་པའི་ཆང་དཀར་ཏེ། ནས་བཟང་གདམ་ནས་ཆང་དང་རྫ་ཆུ་བསིལ་མས་བཟོ་བ་སྟེ། ནས་གཙང་མར་ཕྱར་ནས་བཙོས་ནས་འཁྱག་ཚེ་ཆང་ཕབས་གཏོར་རྗེས་ཤིང་ཟོའམ་རྫ་མའི་ནང་བཞག་ཅིང་སྐྱུར་དུ་བཅུག ཕལ་ཆེར་ཟླ་གཅིག་ལྷག་འགོར་ཚེ་སྐྱུར་དེ་ཆང་རྫའང་ཟངས་ཆེན་དུ་བཞག་སྟེ་ཁ་བརྒྱབ། སྦུག་གཏེར་དེའི་ཐོག་ཏུ་ཆབ་རོམ་བཞག་ནས་འཁྱག་ནུས་ཐོན་ལ། ཟངས་ངའི་འོག་ཏུ་མེ་སྦར་དུ་བཅུག་སྟེ་ཆང་བཙོས་ཤིང་། མེའི་ཚད་ངེས་ཅན་ལ་ཐོན་ན་རླངས་པ་ཆང་རྫའི་ནང་དུ་རྒྱུ་བ་དང་ཆབ་རོམ་བཞུས་ནས་ཆང་རྫའི་ནང་བཞུར་ཚེ། ད་གཟོད་རོ་བརྒྱའི་ནས་ཆང་བསིལ་མར་གྱུར།