འཇིམ་བཟོ་མཚམས་སྦྱོར།
(ཁྲི་ཀ)རྡོ་རྗེ་འབུམ།
འཇིམ་བཟོ་ནི་ཀྲུང་གོའི་དམངས་ཁྲོད་སྲོལ་རྒྱུན་གྱི་བརྐོས་དཀྲོལ་བཟོ་རྩལ་རིགས་ཤིག་ཡིན། ལས་བཟོ་བྱེད་ཐབས་ནི་ས་ཚི་ཅན་ལ་སྲིང་བལ་གྱི་ཚི་སྣ་ཉུང་ཙམ་བསྲེས་ནས་ལེགས་པར་བརྫིས་རྗེས། མི་སྣ་གང་གི་འཇིམ་བརྙན་བཟོས་ཏེ་བསིལ་སྐམ་བྱེད་པ་དང་སྐྱ་ཕྱེ་གཏུལ་རྗེས་ཚོན་མདངས་བྱུག་པ་ཡིན།
ཚེ་འདས་ཀྱི་བེམ་པོ་སྟེ་ལྷ་སྐུ་ལྟར་མཆོད་པའམ་བཀུར་བསྟི་བྱེད་པ་ནི་དམངས་ཁྲོད་ཀྱི་གོམས་སྲོལ་ནི་ཀྲུང་གོའི་ནང་ལོགས་ཀྱི་འཇིམ་བཟོའི་སྒྱུ་རྩལ་འཕེལ་རྒྱས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཐང་སུང་དུས་སྐབས་སུ། འཇིམ་བཟོའི་སྒྱུ་རྩལ་ཆེས་ཆེར་འཕེལ་ཞིང་རྒྱས་པར་གྱུར། ཆིང་རྒྱལ་རབས་ཀྱི་དུས་སུ། འཇིམ་བཟོར་ལྷོ་བྱང་གཉིས་ཀྱི་ལུགས་གྲགས་ཆེ་བ་གཉིས་བྱུང་། བྱང་ཕྱོགས་སུ་ཐེན་ཅིན་གྱི་རུས་ཀྲང་གིས་བཏོད་པའི་འཇིམ་བཟོའི་ལུགས་དང་། ལྷོ་ཕྱོགས་སུ་ཝོ་ཤེའི་ཧྭའེ་ཧྲན་འཇིམ་བཟོའི་ལུགས་ཡོད་། དེ་ལས་གཞན་ཧྲན་ཤིའི་ཧྥིན་ཞང་དང་། ཧི་པེའི་པེ་གུག་ཧུ། སའོ་ཀྲུག་ཧོ་ཆིག་སོགས་ས་ཁུལ་ཡང་མིང་དུ་གྲགས་པའི་དམངས་ཁྲོད་ཀྱི་འཇིམ་བཟོའི་ཕ་ས་ཡིན། བོད་ཁུལ་གྱི་འཇིམ་བཟོར་མི་རིགས་རང་གི་ཁྱད་ཆོས་ལེགས་པར་ཐོན་པས་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་ནོ༎