འབོལ་རིས་དང་ལྷམ་མགོ་ཆུང་མཚམས་སྦྱོར། འབོལ་རིས་དང་ལྷམ་མགོ་ཆུང་མཚམས་སྦྱོར།   (ཁྲི་ཀ) ཚེ་རྡོ།   ལྷམ་གྱི་གཞིས་ཁྱིམ་ཁྲོད་ལྷམ་གྱི་རིག་གནས་དང་གཙགས་དྲུབ་རིག་གནས་ཟུང་འབྲེལ་སྒོས་ཀྲུང་གོའི་དྲུབ་ལྷམ་སྟེ་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ཐུནམོང་མ་ཡིན་པའི་ལག་རྩལ་ཐོན་རྫས་ཏེ། མི་རིགས་རིག་གནས་འཚོ་བའི་རྒྱུན་སྤྱོད་དུ་གྱུར་པས།ཀུན་གྱིས་ཀྲུང་གོའི་ལྷམ་ཞེས་འབོད་དེ། ཀྲུང་ཧྭ་ནོར་འཛིན་སྒེག་མོའི་ཕང་པ་རུ་མ་རྒྱུད་སྤྱི་ཚོགས་ལས་ཕ་རྒྱུད་སྤྱི་ཚོགས་སུ་སླེབས་དུས།  ཕོས་ཞིང་རྨོ་བའམ་མས་བལ་འཐག་པའི་ལས་བགོས་བྱུང་།  ཉེ་རབས་ཀྱི་བུད་མེད་ཀྱིས་གནའ་དུས་སྲོལ་རྒྱུན་གྱི་འབོལ་རིས་ཀྱི་ལག་རྩལ་སྦྱངས་ཤིང་རས་ཁྲུ་གང་མི་ལོང་བར་ཁབ་སྐུད་རེ་རེ་བཞིན་རྒྱལ་རབས་རེ་རེའི་མཛེས་ཉམས་དང་རིག་གནས་སྲོལ་རྒྱུན། མི་ཆོས་སྤྱོད་ལམ། དུས་རབས་ཀྱི་རིན་ཐང་སོགས་མཚོན་འདུག    གཞི་གཙོ་དམངས་ཁྲོད་རིག་གནས་དང་ཡུལ་སྲོལ་གོམས་འདྲིས། འདབ་ཆགས་དང་གཅན་གཟན། བྱའམ་ལྗོན་ཤིང་། སིལ་ཏོག་དང་ལྡུམ་ཚལ། རི་གཤོང་གི་ཁྱད་མཚར།     གར་མཁན་སོགས་ཀྱི་མཛེས་རིས་ངོམ། ལྷམ་མགོ་ཆུང་ལ་ཆུ་སྐྱེས་ན་ཆུང་ཞེས་ཀྱང་འབོད་ལ།   བཅིངས་འགྲོལ་ཡར་སྔོན་ན་ཆུང་མའི་རྐང་མཛུབ་དཀྲིས་ཏེ་ཆེད་དུ་ལྷམ་མགོ་ཆུང་གོན་ཅིང་ལམ་དུ་བགྲོད་ཚེ་སྟབས་མི་བདེ་ལ། བཅིངས་གྲོལ་བྱས་ཚེ་རྐང་མཛུབ་དཀྲིས་པའི་སྲོལ་ངན་དོར་ཅིང་།    ལྷ་མགོ་ཆུང་སྟེ་ལོ་རྒྱུས་ཀྱི་གར་སྟེགས་ལས་མཐར་བསྐྲད་དེ། ད་ལྟ་མིང་ལྷག་མ་ལུས།  ད་ལྟ་ལོ་རྒྱུས་ཀྱི་སྤྱོད་ཆས་སུ་བཟུང་ནས་ཉེར་ཚགས་བྱས་ཡོད། Clothing and Accessories subjects 4619 For more information about this term, see Full Entry below.Subjects Material ObjectsFull EntryRelated Subjects (23)Related Images (958)Related Audio-video (6)Related Texts (3) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Images (192)Related Audio-video (81)Related Texts (116) ལྷམ terms 218265 Wylielham/ExpressionFor more information about this term, see Full Entry below.Terms halhan ner gnas pa/Full EntryRelated Images (26)Related Texts (1)Related Audio-video (1)