Skip to main content Skip to search
ལྷ་ཆའི་མཚམས་སྦྱོར།

ལྷ་ཆའི་མཚམས་སྦྱོར།

 

ཁྲི་ཀ ཚེ་རྡོ།

 

མཆོད་བྱད་དེར་ལྷ་ཆའམ་མཆོད་བྱད། ཡངས་པར་བརྗོད་ཚེ། དགོན་པའི་ནང་གི་ཀུན་དགའ་ར་བའམ་སྐྱབས་སྨོན། སྒྲུབ་སྦྱངས། ཆོས་ཐོག་སོགས་ལ་གོ་ཆོས་ཐོག་སོ་སོའི་མཆོད་རྫས། ཕྱག་མཚན། མཁར་བསིལ། ལྷར་མཆོད་པ་འབུལ་ཅིང་བཀུར་བསྟི་བྱེད་པ། ནང་ཆོས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་སེམས་ཅན་ཐམས་ཅད་བདེ་རུ་འགོད་པར་བརྩོན་དགོས། མཆོད་བྱད་དེ་ཕན་ནུས་ལྟར་དབྱེ་ན།  མདོ་སྔགས། མཆོད་ཆས། དཀྲོལ་ཆས། ཆོས་སྣོད།   ཕྱག་མཚན་དང་གསང་སྔགས་སོགས་དྲུག་གོ།  བོད་རྒྱུད་ནང་བསྟན་གྱི་མཆོད་རྫས་མང་ཤོས་གསེར་དངུལ་ཟངས་གསུམ་དང་གཞན་ཡང་ཤིང་བརྐོས།  རུས་བརྐོས།  གླང་ཆེན་གྱི་མཆེ་བ། རྡོ་བརྐོས། དུང་དཀར། རས་དང་དར། སྲང་བལ་སོགས་རྒྱུ་ཆ་བྱས་ཏེ་སྤུས་ཚད་མི་འདྲ་ཞིང་རྣམ་པ་ངོ་མཚར་བ་སྟེ་བོད་རྒྱུད་ནང་བསྟན་གྱི་སྒྱུ་རྩལ་གཏེར་མཛོད་ཀྱི་གྲུབ་ཆ་གཙོ་བོར་གྱུར་འདུག

Triga མཆོད་ཆས
ལྷ་ཆའི་མཚམས་སྦྱོར།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཚེ་རྡོ།
Year published 2021
Language Tibetan
Places
Terms
UID mandala-texts-63981
DOI