under the THL Digital Text License.
ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་སོའོ་དང་།
ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་།
ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཆོས་ལུགས་ཅུད།
དཀར་མཛེས་ཁུལ་ཡིག་བསྒྱུར་ཅུད་བཅས་ལས་ཁུངས་བཞི་ནས་བརྩམས་སྒྲིག་བྱས།
(ནང་ཁུལ་ཡིག་ཆ་ཡིན་པས། ཉར་ཚགས་བྱེད་རྒྱུར་ཡིད་གཟབ་བྱེད་དགོས།)
1995ལོའི་ཟླ་10ཚེས་25ལ།
[page i] དེ་ཡང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཆེན་པོའི་ནང་གི་དགེ་ཚན་ཁྱད་དུ་འཕགས་པའི་རིག་གནས་ཤིག་ཡིན་པར་མ་ཟད། འཛམ་གླིང་རིག་གནས་ཀྱི་བང་མཛོད་ཆེན་པོའི་ཁྲོད་དུའང་ཆེས་སྔོན་ཐོན་གྱི་མ་ལག་ཆ་ཚང་བའི་རིག་གནས་ཤིག་ཡིན། བོད་དུ་ནང་བསྟན་ཆོས་ལུགས་དར་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ལོ་རྒྱུས་ཕལ་ཆེར་བ་ཆོས་ལུགས་དང་དགོན་པ་ཁག་གི་ལོ་རྒྱུས་དང་འབྲལ་བ་ངེས་ཅན་ཞིག་ཆགས་ཡོད་པར་བརྟེན། ང་ཚོའི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆབ་སྲིད། ཆོས་ལུགས་བཅས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལ་ཞིབ་འཇུག་བྱེད་ཚེ། ངེས་པར་དུ་བོད་ཁམས་ཡོངས་ཀྱི་དགོན་པ་སོ་སོའི་ལོ་རྒྱུས་ཤེས་དགོས་པ་དང་། བོད་ཀྱི་དགོན་པ་ནི་བོད་ཀྱི་རིག་གནས་དང་རིག་དངོས་ཀྱི་གནས་ཡུལ་ལྟེ་གནས་ལྟ་བུ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་ཆགས་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱལ་སོགས་ལའང་ཤུགས་རྐྱེན་ཟབ་མོ་ཞིག་ཡོད་པ་ཡིན།
དེར་བརྟེན་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་ཞིག་གི་ལོ་རྒྱུས་ནི་ཡིག་ཐོག་ཏུ་ཆ་ཚང་ཙམ་རེ་བཀོད་ཡོད་པ་དང་། འགའ་ཞིག་གི་ལོ་རྒྱུས་ནི་ཤོག་དྲེལ་ཙམ་མམ་ཡང་ན་མི་རབས་ནས་མི་རབས་བར་རྒན་པོ་དག་གི་ངག་རྒྱུན་ཙམ་ལ་བརྟེན་པ་ལས་ཡེ་གེར་བཀོད་ཡོད་པ་ནི་མི་སྣང་། བར་སྐབས་སུ་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཟང་ཟིང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དགོན་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཕལ་ཆེར་འཐོར་བརླག་དང་། ངག་རྒྱུན་ཤེས་པའི་རྒན་རབས་རྣམས་ཀྱང་ཕལ་ཆེ་བ་དུས་ལས་འདས་ཟིན་པར་བརྟེན། དགོན་པ་ཁག་གི་ལོ་རྒྱུས་གནས་ཚུལ་ཕལ་ཆེར་མི་མངོན་པའི་དབྱིངས་སུ་ཐིམ་ལ་ཉེ་བའི་སྐབས་འདིར། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་གྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལགས་ནས་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སོ་སོའི་ལོ་རྒྱུས་ཕྱོགས་སྒྲིག་བྱ་རྒྱུར་དངོས་སུ་ཁྲིད་གནང་བར་མ་ཟད། ད་དུང་ཉིད་ཀྱི་འཆར་གཞི་ནན་ཏན་བཟོས་ཏེ་སྤྱི་ལོ་1994ལོ་ནས་བྱ་ལས་འདི་སྒྲུབ་པའི་ལས་འགོ་བརྩམས་པ། དེ་ནས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆོས་དོན་ཁང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཁང་། བཅས་ལས་ཁུངས་བཞི་མཉམ་འབྲེལ་བྱས་ཏེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་བོད་ཀྱི་གྲུབ་མཐའ་སོ་སོའི་དགོན་པའི་ལོ་རྒྱུས་དང་དཔལ་འབྱོར་ཡོང་ཁུང་སོགས་ཀྱི་གནས་ཚུལ་ངོ་མ་རྣམས་སྒྲོ་སྐུར་དང་བྲལ་བའི་སྒོ་ནས་ཁ་གསལ་དོན་འདུས་པ་ཞིག་བྲིས་[page ii] ཡོད་པ་འདིས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་རྣམས་སླར་གསོ་དང་མ་ཉམས་པ་གོང་འཕེལ་གཏོང་བ། བོད་ཀྱི་ཤེས་རིག་ཞིབ་འཇུག་གནང་མཁན་རྣམས་ལ་དཔྱད་གཞིའི་ཡིག་ཆ་མཁོ་འདོན་དང་། རྒྱ་ཆེ་བའི་ཆོས་དད་མང་ཚོགས་རྣམས་ཀྱི་རེ་འདོད་ཀྱང་སྐོང་ཐུབ་པ་བཅས་ཀྱི་དགེ་མཚན་མང་དུ་ཐོན་ཡོད།
ལོ་རྒྱུས་འབྲི་སྟངས་ཀྱི་ཐད་ནས་ཡིག་ཚོགས་བསྐྱུང་བའི་ཕྱིར་མཆོད་བརྗོད་ཀྱི་རྒྱས་སྤྲོས་མང་པོའི་ཚོགས་བཅད་དང་། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ། སྟོན་པའི་ཆོས་འཁོར་བསྐོར་ཚུལ། ས་དཔྱད་དང་གནས་བཤད་སོགས་དོར་ཡོད་པར་མ་ཟད། ད་དུང་རང་རང་གང་ལ་དད་མོས་བྱེད་པའི་བླ་མ་དེ་ལ་སྙན་ངག་གི་ལམ་ནས་རབ་བཏགས་སོགས་ཀྱི་བསྟོད་པ་སྣ་ཚོགས་དང་། བླ་མ་དེས་གྲུབ་རྟགས་སྣ་ཚོགས་བསྟན་ཚུལ་དང་ལྷ་འདྲེ་བཏུལ་ཚུལ་སོགས་འཇིག་རྟེན་ཆོས་ཉིད་ལས་བརྒལ་བའི་ལྷ་སྒྲུང་གི་གཏམ་རྒྱུད་ལྟ་བུའི་བཤད་ཚུལ་རྣམས་དང་། དགོན་པའི་ལོ་རྒྱུས་དངོས་བརྗོད་པ་ལ་དགོས་པ་ཆེར་མེད་པའི་ཚིག་ཉོག་མང་པོའི་ལོ་འདབ་རྣམས། འདིར་དཔེ་སྒྲིག་གི་སྐབས་སུ་འདོར་ཐུབ་བྱས་ཏེ། སྐབས་དོན་གྱི་ལོ་རྒྱུས་སྙིང་པོ་རྣམས་ཁ་གསལ་ཞིང་གོ་བདེ་བར་བསྒྲིགས་ཡོད་པ་ཡིན།
འོན་ཀྱང་ཐེངས་འདིའི་ལོ་རྒྱུས་འབྲི་མཁན་གྱི་རྩོམ་པ་པོ་སོ་སོའི་ཤེས་ཡོན་ཀྱི་ཆུ་ཚད་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་འདུག་པས། ལོ་རྒྱུས་འབྲི་སྐབས་ལ་ལས་དཔྱད་གཞིའི་ཡིག་ཆའམ་ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་དགོངས་དོན་ཇི་བཞིན་མ་ལོན་པའམ། ཡང་ན་དཔྱད་གཞིའི་ཡིག་ཆ་ཚད་ལྡན་མེད་པར་རང་བཟོས་ལོག་བཤད་སྣ་ཚོགས་དང་། ཚིག་སྦྱོར་དང་ཡིག་ནོར་སོགས་ཀྱི་ཐད་ལ་ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་པས། དེ་རེ་རེ་ནས་ཞུ་དག་ཞིབ་མོ་ཞིག་བྱ་ཐབས་བྲལ་བས། རྗེས་ནས་གཟུར་གནས་བློ་ལྡན་རྣམས་ཀྱིས་དག་བཅོས་ལེགས་པོ་ཞིག་གནང་བར་དགོངས་འཇགས་ཞུ།
ཞེས་རྩོམ་སྒྲིག་པ་འཇིགས་མེད་བསམ་གྲུབ་ཀྱིས།
༡༩༩༥ལོའི་ཟླ༡༡ཚེས་༡ལ།
[page iii] ཐེངས་འདིར་དཀར་མཛེས་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་བྲི་བར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་སོ་ཡི་བློ་མཐུན་ཚེ་རིང་མཐར་དང་གདུགས་དཀར་ཚེ་རིང་། བློ་གྲོས། འཇིགས་མེད་བསམ་གྲུབ་བཅས་ཀྱིས་སྤྱི་ལོ་1994ལོའི་ཟླ་དྲུག་པ་ནས་བཅུ་པའི་བར་དཀར་མཛེས་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་། དགོན་སྡེ་སོ་སོར་དངོས་སུ་ཕྱིན་ཏེ་གནས་ཚུལ་ངོ་མ་བཅར་འདྲི་གནང་སྐབས་དཀར་མཛེས་རྫོང་གི་རིམ་པ་སོ་སོའི་འགོ་ཁྲིད་བློ་མཐུན་རྣམས་དང་། ལྷག་པར་དུ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་(ཞན་ཀྲང་གཞོན་པ་)རྒྱལ་བསྟན་བློ་ཟང་བྱམས་པ་མཆོག་དང་། རྫོང་ཆོས་ལུགས་ཅུད་ཀྱི་(ཅུད་ཀྲང་གཞོན་པ)ཚེ་དབང་དངོས་གྲུབ་རྣམ་གཉིས་ཀྱིས་ང་ཚོ་དགོན་པ་སོ་སོར་འགྲོ་སྐབས་རླངས་འཁོར་བཀོད་སྒྲིག་དང་། དཔྱད་གཞིའི་ཡིག་ཆ་མཁོ་འདོན་སོགས་ཐེངས་འདིའི་བྱ་ལས་ཐད་མགོ་ནས་མཇུག་བར་རྒྱབ་སྐྱོར་བླ་ན་མེད་པ་ཞིག་གནང་བ་ལ་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཞེས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་རྣམ་གྲངས་འདིའི་ཞིབ་འཇུག་ཚན་ཆུང་ནས།
དཀར་མཛེས་དགོན་གྱི་ལོ་རྒྱུས།དགེ་ལུགས།འཇིགས་མེད་བསམ་གྲུབ།………(3)
བེ་རི་དགོན་གྱི་ལོ་རྒྱུས།དགེ་ལུགས།བློ་གྲོས།………………(20)
བྲག་ལྕོག་དགོན་གྱི་ལོ་རྒྱུས།དགེ་ལུགས།ཚེ་རིང་ཐར།………………(36)
དར་རྒྱས་དགོན་གྱི་ལོ་རྒྱུས།དགེ་ལུགས།གདུགས་དཀར་ཚེ་རིང་།………(40)
སྟོང་འཁོར་དགོན་གྱི་ལོ་རྒྱུས།དགེ་ལུགས།བློ་གྲོས།…………………(51)
བསམ་གྲུབ་དགོན་གྱི་ལོ་རྒྱུས།དགེ་ལུགས།གདུགས་དཀར་ཚེ་རིང་།………(65)
ཡར་སྟེང་དགོན་གྱི་ལོ་རྒྱུས།དགེ་ལུགས།ཚེ་རིང་ཐར།………………(66)
ཉི་ཐང་བཀྲ་ཤིས་དར་རྒྱས་གླིང་གི་ལོ་རྒྱུས།དགེ་ལུགས།འཇིགས་མེད་བསམ་གྲུབ།…(69)
རྩིས་ཚང་དགོན་གྱི་ལོ་རྒྱུས།དགེ་ལུགས།འཇིགས་མེད་བསམ་གྲུབ།………(74)
ཉིན་མོ་ཨ་ནེ་དགོན་གྱི་ལོ་རྒྱུས།དགེ་ལུགས།གདུགས་དཀར་ཚེ་རིང་།………(78)
ཧ་དྷཻ་དགེ་ཚུལ་དགོན།དགེ་ལུགས།ཚེ་རིང་ཐར།………………(81)
རྒན་མ་བྲག་ཡུལ་ཆོས་སྒར་གྱི་ལོ་རྒྱུས།དགེ་ལུགས།ཚེ་རིང་ཐར།………………(82)
ལུ་གུ་དགོན་གྱི་ལོ་རྒྱུས།དགེ་ལུགས།ཚེ་རིང་ཐར།………………(84)
ཉ་རྒྱས་ཇོ་མོ་དགོན་གྱི་ལོ་རྒྱུས།དགེ་ལུགས།ཚེ་རིང་ཐར།………………(86)
ལམ་བྲག་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས།འཇིགས་མེད་བསམ་གྲུབ།………(87)
ནག་ཚང་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས།འཇིགས་མེད་བསམ་གྲུབ།………(90)
སྟོང་འཁོར་གནས་ནང་ཇོ་མོ་དགོན།དགེ་ལུགས།འཇིགས་མེད་བསམ་གྲུབ།………(101)
དགའ་ལྡན་ཇོ་མོ་དགོན།དགེ་ལུགས།བློ་གྲོས།…………………(102)
བྲག་དཀར་ཇོ་མོ་དགོན།དགེ་ལུགས།བློ་གྲོས།…………………(104)
འབྲས་ཚལ་བདེ་ཆེན་གླིང་གི་ལོ་རྒྱུས།ཪྙིང་མ།གདུགས་དཀར་ཚེ་རིང་།………(114)
[page ii] འབྲུ་ཤུག་དགོན་གྱི་ལོ་རྒྱུས།ཪྙིང་མ།གདུགས་དཀར་ཚེ་རིང་།………(115)
འབྲས་ཚལ་དགོན་གྱི་ལོ་རྒྱུས།ཪྙིང་མ།གདུགས་དཀར་ཚེ་རིང་།…………(117)
འབུམ་ཐང་དགོན་གྱི་ལོ་རྒྱུས།ཪྙིང་མ།གདུགས་དཀར་ཚེ་རིང་།…………(119)
གྲ་ལག་དགོན་གྱི་ལོ་རྒྱུས།ཪྙིང་མ།ཚེ་རིང་ཐར།…………………(122)
གླིང་མདའ་དགོན་གྱི་ལོ་རྒྱུས།ཪྙིང་མ།ཚེ་རིང་ཐར།…………………(131)
འབོལ་ཆེན་དགོན་གྱི་ལོ་རྒྱུས།ཪྙིང་མ།ཚེ་རིང་ཐར།…………………(132)
གུར་ལུང་དགོན་གྱི་ལོ་རྒྱུས།ཪྙིང་མ།འཇིགས་མེད་བསམ་གྲུབ།…………(135)
གཞི་ཆེན་དགོན་གྱི་ལོ་རྒྱུས།ཪྙིང་མ།འཇིགས་མེད་བསམ་གྲུབ།…………(141)
ཨ་བསེ་དགོན་གྱི་ལོ་རྒྱུས།ཪྙིང་མ།བློ་གྲོས།……………………(143)
གཡར་དགོན་པའི་ལོ་རྒྱུས།ཪྙིང་མ།བློ་གྲོས།……………………(149)
སྡེ་མགོན་ཁང་གི་ལོ་རྒྱུས།ས་སྐྱ།འཇིགས་མེད་བསམ་གྲུབ།…………(153)
གདོང་ཐོག་དགོན་གི་ལོ་རྒྱུས།ས་སྐྱ།འཇིགས་མེད་བསམ་གྲུབ།…………(163)
ཉ་བྲག་དགོན་གྱི་ལོ་རྒྱུས།ས་སྐྱ།འཇིགས་མེད་བསམ་གྲུབ།…………(168)
ཏྲེ་ཀ་བྲག་ཇོ་ཁང་གི་ལོ་རྒྱུས།ས་སྐྱ།འཇིགས་མེད་བསམ་གྲུབ།…………(172)
གླང་སྣ་དགོན་གྱི་ལོ་རྒྱུས།ས་སྐྱ།ཚེ་རིང་ཐར།…………………(173)
ཁ་ནོན་དགོན་གྱི་ལོ་རྒྱུས།ས་སྐྱ།བློ་གྲོས།……………………(177)
ཕུར་མགོ་དགོན་གྱི་ལོ་རྒྱུས།ས་སྐྱ།གདུགས་དཀར་ཚེ་རིང་།…………(181)
པཎ་རྒན་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།བསོད་རྒྱ་དང་བློ་གྲོས།…………(182)
དགོན་གསར་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།འཇིགས་མེད་བསམ་གྲུབ།………(191)
མཁར་མགོ་ཇོ་མོ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།འཇིགས་མེད་བསམ་གྲུབ།………(193)
རིག་གྲྭ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།ཚེ་རིང་ཐར།………………(194)
ཁང་དམར་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།གདུགས་དཀར་ཚེ་རིང་།………(198)
བོན་པོ་དགོན་གྱི་ལོ་རྒྱུས།བོན་པོ།བློ་གྲོས།…………………(206)
བྱམས་འབྱོར་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(211)
འབྱུང་ཁུངས་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(229)
[page iii] གྲུ་རེང་ན་བ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(238)
ཡང་དབེན་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(239)
ཀུ་ལུང་འབྲོག་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(242)
ཀུ་ལུང་རོང་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(243)
གསང་བདག་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(245)
དཔལ་རི་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(247)
རྩྭ་རྭ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(251)
ཞི་བ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(252)
བདེ་ཆེན་ཇོ་མོ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(260)
ཇ་བཟི་ཇོ་མོ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(261)
ཨ་བསེ་ཀླུ་རབ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(263)
ཨ་དཀར་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(267)
གུ་རུ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(271)
ས་སྟོད་ཞི་བ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(275)
གཟུར་ལྷ་འབུམ་གྱི་ལོ་རྒྱུས།ཪྙིང་མ།…………………………(277)
འབྲོག་ཁང་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(281)
ནོར་ཁོག་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(283)
ཉཱ་རྩེ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(268)
རག་ཤུལ་དགོན་གྱི་ལོ་རྒྱུས།ཪྙིང་མ།……………………(289)
རྨེ་བ་གསེར་གཞོང་དགོན་གྱི་ལོ་རྒྱུས།ཪྙིང་མ།……………………(293)
ར་ལུ་སྨོན་དགོན་གྱི་ལོ་རྒྱུས།ཪྙིང་མ།……………………(295)
གོ་འབྱམས་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(299)
ལྕགས་མདུད་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(302)
ཇ་བཟི་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(309)
གླག་བྲག་དགོན་པའི་ལོ་རྒྱུས།ཪྙིང་མ།…………………………(311)
ཉག་ཊཱཀྐི་དྲུག་བསྟོད་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(314)
སྒྲེ་བོ་རྔ་སྒང་དགོན་གྱི་ལོ་རྒྱུས།ཪྙིང་མ།……………………(322)
[page iv] བསྐལ་བཟང་ཆོས་གླིང་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(324)
བསམ་གཏན་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(332)
གེ་རོང་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(336)
ཨོ་རྒྱན་ཕུན་ཚོགས་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(338)
རབ་རྒྱས་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(342)
མཚོ་ཕུ་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(346)
འོད་ཕུང་དགོན་གྱི་ལོ་རྒྱུས།ཪྙིང་མ།…………………………(347)
ཏིལ་དཀར་རི་ཁྲོད་ཀྱི་ལོ་རྒྱུས།ཪྙིང་མ།…………………………(351)
ཆོས་ཁྲི་སྒར་གྱི་ལོ་རྒྱུས།ཪྙིང་མ།…………………………(353)
སྒང་ལེབ་ཆོས་ཁྲི་སྒར་གྱི་ལོ་རྒྱུས།ཪྙིང་མ།…………………………(355)
དུང་ཁྲིའི་སྟོང་ཆོས་གྲྭའི་ལོ་རྒྱུས།ཪྙིང་མ།…………………………(356)
སྟོང་ར་རི་ཁྲོད་ཀྱི་ལོ་རྒྱུས།ཪྙིང་མ།…………………………(359)
ཕྱ་ཡུལ་བསྙེན་གནས་ལྷ་ཁང་གི་ལོ་རྒྱུས།ཪྙིང་མ།…………………………(360)
རྭ་ལོ་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(361)
དབང་བཞི་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(362)
ཨེ་ཝྃ་བཀྲིས་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(363)
གཞིས་ཀ་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(366)
རྒྱ་ཤོད་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(368)
དགོན་སར་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(369)
ཤར་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།ས་སྐྱ།…………………………(372)
འབའ་ཤོད་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(373)
བྱང་དགེ་རྣམ་རྒྱལ་དགོན་གྱི་ལོ་རྒྱུས།ས་སྐྱ།…………………………(375)
མཚོ་ཁ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།………………………(377)
སྦྲེ་བོ་བྲག་འགོ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།………………………(381)
ཀླུ་འབུམ་དགོན་གྱི་ལོ་རྒྱུས།བོན་པོ།…………………………(382)
དབྲ་ཁྱུང་སྒྲུབ་སྡེ་གླིང་གི་ལོ་རྒྱུས།བོན་པོ།…………………………(385)
དཔལ་ཁྱུང་དགོན་གྱི་ལོ་རྒྱུས།བོན་པོ།………………………(388)
[page v] ལ་ཁ་དགོན་གྱི་ལོ་རྒྱུས།བོན་པོ།…………………………(391)
མི་ནུབ་དགོན་གྱི་ལོ་རྒྱུས།བོན་པོ།…………………………(393)
བྲག་དབེན་དགོན་གྱི་ལོ་རྒྱུས།བོན་པོ།…………………………(395)
གོང་རྒྱལ་དགོན་གྱི་ལོ་རྒྱུས།བོན་པོ།…………………………(396)
རྒྱལ་ཞིང་དགོན་གྱི་ལོ་རྒྱུས།བོན་པོ།…………………………(398)
ཡེ་ཤེས་དགོན་གྱི་ལོ་རྒྱུས།བོན་པོ།…………………………(400)
སྡེ་དགེ་པར་ཁང་གི་ལོ་རྒྱུས།ས་སྐྱ།………………………(405)
དགོན་ཆེན་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(420)
མཎཌལ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(445)
མཁར་མདོ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(449)
ལྕགས་ར་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(451)
དྲྭ་མ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(454)
དབོན་སྟོན་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(455)
སྒ་ལེན་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(456)
ཡེ་ན་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(458)
བཟང་ཟླ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(460)
འབར་ཆུང་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(461)
འགུ་ཟི་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(464)
འཁོར་མདོ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(464)
དཔེ་ཝར་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(466)
ས་སྐྱ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(471)
རྫོང་གསར་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(472)
ལྷ་ས་སྟེང་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(484)
མགོན་གཟིགས་རབ་བརྟན་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(485)
ལྷ་རྒྱལ་དགོན་གྱི་ལོ་རྒྱུས།ས་སྐྱ།………………………(486)
[page vi] རྗོགས་ཆེན་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(487)
བརྩེ་ཆེན་ཆོས་གླིང་གི་ལོ་རྒྱུས།ཪྙིང་མ།………………………(512)
རྫ་ལེགས་རྒན་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(512)
རྡོ་བྲག་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(517)
ཨེ་ཝྃ་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(519)
རྫསཀ་ཐོག་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(521)
རྩ་ཤུལ་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(526)
ར་སྐོར་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(526)
རྫོང་མགོ་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(530)
ཟེ་ཆེན་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(535)
གཡག་ཟེ་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(543)
རྒྱལ་རོང་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(545)
ལྷ་འབྲང་དགོན་གྱི་ལོ་རྒྱུས།ཪྙིང་མ།………………………(548)
གེ་སར་ལྷ་ཁང་གི་ལོ་རྒྱུས།title> ཪྙིང་མ།………………………(550)
ཇ་ཆུ་དགོན་གྱི་ལོ་རྒྱུས།བཀའ་ཪྙིང་འདྲེས་མ། ………………(552)
དཔལ་སྤུངས་ཆོས་འཁོར་གླིང་གི་ལོ་རྒྱུས།བཀའ་བརྒྱུད།…………………(555)
བསྟན་འཕེལ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(590)
རྫ་རི་མགུལ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(594)
པད་སྙིང་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(597)
རྟགས་འཕེལ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(603)
འབྲུག་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(604)
ཚར་ཚར་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(605)
དཔལ་འབྱོར་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(610)
ཆུ་ངོགས་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………………(613)
ཁྲོ་ཚང་དགོན་གྱི་ལོ་རྒྱུས།བོན་པོ།……………………(616)
རྫ་སྟེང་ཆེན་དགོན་གྱི་ལོ་རྒྱུས།བོན་པོ།……………………(620)
འཕེན་ཞོལ་དགོན་གྱི་ལོ་རྒྱུས།བོན་པོ།……………………(627)
[page vii] རབ་རྒྱལ་དགོན་གྱི་ལོ་རྒྱུས།བོན་པོ།……………………(629)
རྫ་སྨོན་རྒྱལ་དགོན་གྱི་ལོ་རྒྱུས།བོན་པོ།……………………(631)
རི་སྤུན་དགོན་གྱི་ལོ་རྒྱུས།བོན་པོ།……………………(631)
རྫ་འབུམ་སྨད་དགོན་གྱི་ལོ་རྒྱུས།བོན་པོ།……………………(633)
ཐར་བདེ་དགོན་གྱི་ལོ་རྒྱུས།བོན་པོ།……………………(634)
ཟེར་འཕྲོ་དགོན་གྱི་ལོ་རྒྱུས།བོན་པོ།……………………(636)
ཉ་འགེ་དགོན་གྱི་ལོ་རྒྱུས།དགེ་ལུགས།……………………(639)
དུད་གསར་དགོན་གྱི་ལོ་རྒྱུས།དགེ་ལུགས།……………………(640)
ཨོ་གུར་དགོན་གྱི་ལོ་རྒྱུས།དགེ་ལུགས།……………………(641)
རྫ་སྤང་ཐང་དགོན་གྱི་ལོ་རྒྱུས།དགེ་ལུགས།……………………(642)
དགོན་གསར་དགོན་གྱི་ལོ་རྒྱུས།དགེ་ལུགས།……………………(643)
[page 1] སྣང་སྟོང་ཟུང་འཇུག་དབུ་མའི་ལམ་བཟང་དང་། །
གཉུག་རླུང་ལྷ་སྐུར་ཤར་བའི་སྒྱུ་ལུས་ལ། །
ལེགས་བཤད་ཉི་མའི་རྩེ་དགའ་འབུམ་སྤྲོ་བའི། །
བྱེད་པོ་བློ་བཟང་གྲགས་པས་དགེ་ལེགས་སྩོལ། །
མཚན་ལྡན་བླ་མ་གཙུག་གི་ནོར་བུར་བསྟེན། །
ཤིན་ཏུ་བྱ་དཀའི་སྤྱོད་པ་ཉམས་བཞེས་པས། །
ཚེ་གཅིག་ཉིད་ལ་ཟུང་འཇུག་སར་གཤེགས་པའི། །
མར་མི་དྭགས་སོགས་དད་པའི་ཞིང་དུ་བརྗིད། །
རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །
པད་མ་ལས་གྲོལ་རྡོ་རྗེའི་སྐུ་བཪྙེས་དཔལ། །
སྣང་སྲིད་དབང་བསྒྱུར་གངས་ཅན་བསྟན་འགྲོའི་མགོན། །
རྫོགས་ཆེན་བསྟན་པའི་སློབ་དཔོན་ཕྱག་གི་ཡུལ། །
མཐའ་ཡས་འགྲོ་ལ་ཕན་བདེ་འབྱུང་བའི་གནས། །
སྤྲུལ་པའི་གཏེར་སྟོན་སོ་ཟུར་གནུབས་གསུམ་སོགས། །
མཚོ་སྐྱེས་རྒྱལ་བའི་རང་སྲོལ་སྐྱོང་མཛད་པའི། །
གྲུབ་པའི་དབང་ཕྱུག་རྣམས་ལ་གུས་པས་མཆོད། །
མདོ་རྒྱུད་དགོངས་ཟབ་ལམ་འབྲས་ཤིང་རྟའི་སྲོལ། །
བཤད་སྒྲུབ་ཟུང་དུ་འབྲེལ་བས་གངས་ཅན་འདིར། །
སྤེལ་མཁས་ས་སྐྱ་གོང་མ་རྣམ་ལྔ་སོགས། །
ཆོས་དང་སྲིད་ཀྱིས་དྲེགས་ལྡན་རྣམས་ལ་བསྔགས། །
མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །
[page 2] དཔལ་ལྡན་དུས་ཀྱི་འཁོར་ལོའི་ལེགས་བཤད་ཀྱིས། །
མཁས་རྣམས་ཀུན་དགར་བགྱིད་པའི་རོལ་རྩེད་མཁན། །
ཇོ་མོ་ནང་བའི་གྲུབ་མཆོག་རྣམས་ལ་བསྔགས། །
གྲུ་འཛིན་མེ་ཏོག་བཞད་པས་ཁ་བའི་རིར། །
རྨོངས་པའི་མུན་པ་ཐིབས་པའི་དུས་ཀྱི་ཚེ། །
ཐེག་པ་རིམ་པ་དགུ་ཡི་ཤེས་རིག་སོགས། །
སྟོན་མཛད་གཤེན་རབས་ལུགས་འདི་ཤིས་འགྱུར་ཅིག །།
ཞེས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས། འདིར་ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་རིམ་པར་འགོད་པ་ལ།
[page 3]དེ་ཡང་དཀར་མཛེས་དགོན་པའམ་རྒྱས་མིང་ལ་ཆོས་སྡེ་ཆེན་པོ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུ་གླིང་ཞེས་བྱ་བ་འདི་ནི་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་སྲིད་གཞུང་གི་གོང་དུ་ཆགས་ཡོད། སའི་ཆགས་རིམ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་བཞི་བརྒྱ(3400)ཡོད་པ་དང་། ཁུལ་སྲིད་གཞུང་གི་གནས་ཡུལ་དར་མདོ་ལས་རྒྱང་ཐག་སྤྱི་ལེ་སུམ་བརྒྱ་གྱ་ལྔ(385)ཡོད།
དགོན་པ་འདི་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྤྱི་ལོ་1662ལོར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་བའི་གྲུབ་མཐའ་དགེ་ལུགས་པའི་དགོན་པ་ཞིག་ཡིན། དཀར་མཛེས་དགོན་ཞེས་པའི་མཚན་ཐོགས་དོན་ནི། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་བཞེངས་སྐབས། བཀྲ་ཤིས་ཚེས་བཟང་ཞིག་སྐར་འཛིན་དུ་འདམས་ནས་རྨང་གཞི་འདིང་བའི་མཛད་སྒོ་སྤེལ་རྗེས་དགོན་པ་ཪྙིང་བ་བཤིག་སྟེ་དགོན་པ་གསར་བ་བཞེངས་པར། དགོན་པ་འདི་ཨང་དང་པོར་བཏབ་པས་སྐར་འཛིན་དགོན་ཞེས་མཚན་བཏགས། བཤད་སྲོལ་གཞན་ཞིག་ལ། ཁོང་གིས་རྡོ་དཀར་པོ་མང་པོ་ཡོད་པའི་སར་དགོན་པ་འདི་བཏབ་པས་དཀར་མཛེས་ཞེས་མིང་ཆགས་ཟེར། དཀར་མཛེས་ནི་ཡུལ་གྱི་ལྟེ་བ་ཡིན་པས་བྱེ་བྲག་གི་མིང་སྤྱི་ལ་ཐོགས་ནས་དེང་སང་ས་ཁུལ་ཡོངས་ལ་སྐར་འཛིན་ཡང་ཟེར། ཕྱིས་དཀར་མཛེས་ཞེས་འབོད་པ་ནི་འདོད་རྒྱལ་གྱི་ཐ་སྙད་གསར་དུ་བཏགས་པར་སྣང་། ཏྲེ་ཧོར་དང་། ཏྲེ་བོ། ཀྲེ་བོ་ཞེས་པ་རྣམས་ནི་ས་ཁུལ་སྤྱིའི་མིང་ཡིན་ནོ། འདི་ཡང་ཏྲེ་ཤོད་ཡིན་པས་ཏྲེ་དང་། ཧོར་གྱི་སྲས་རྒྱུད་སྡེ་དཔོན་རིམ་པས་སྐྱོང་བས་ཧོར་ཏེ། ཏྲེ་ཧོར་ཞེས་པའོ།
ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་ཧུ་པེ་ལིས་འགྲོ་མགོན་འཕགས་པ་མཆོད་གནས་སུ་གདན་དྲངས་པར། བར་སྐབས་ཤིག་བླ་མ་འཕགས་པས་སྔོན་ས་པཎ་གྱིས་གདན་དྲངས་པའི་ནང་བསྟན་བྱིན་ཅན་[page 4] རྣམས་སེ་ཆེན་ལས་ཕྱིར་བསླངས་ནས་སྒ་ཨ་གཉན་དམ་པ་དང་སེ་ཆེན་གྱི་སྲས་ཝང་གཉིས་ལ་གནང་སྟེ་ཁམས་ཕྱོགས་སུ་མགོན་ཁང་ཞིག་བཞེངས་པར་བཀས་མངགས། དེ་ནས་ཁོང་གཉིས་རིམ་གྱིས་མདོ་སྨད་དཀར་མཛེས་ཏྲེ་ཤོད་མནྡལ་མཐིལ་དུ་ཕེབས་ཏེ་རྟེན་ཪྙིང་བྱིན་ཅན་རྣམས་ཀྱི་ནང་བཞུགས་བྱས་པའི་སྡེ་གྲོང་པའི་ནང་དུ་མགོན་ཁང་ཞིག་བཞེངས། (སྡེ་མགོན་ཁང་གི་ལོ་རྒྱུས་རྒྱས་པར་བདག་གི་གཞན་དུ་བྲིས་ཡོད་པས་དེར་གཟིགས་པར་ཞུ)དེ་ནས་སྲས་ཝང་ས་འདིར་ཡུན་རིང་བཞུགས་ནས་སྒོམ་ཚན་གྲོང་དུ་(དེང་སང་སྒང་ལ་སྟེང་ཞེས་པ་འདི་ཡིན) བུད་མེད་ཞིག་ཆུང་མར་བླངས། སྐབས་དེར་ཡུལ་འདིའི་དཔོན་པོ་དཔྲ་བའི་བླ་མ(འདི་ནི་བོན་པོ་ཞིག་ཡིན)བྱ་བ་ཞིག་ཡོད་པ་དེ་ལ་ཧོར་སྲས་ཝང་ཆེན་ནས་གདན་ཁ་གང་མ་ཞིག་དང་ལྷམ་ཆ་བཅིག་བཅས་ཕུལ་ནས། བདག་གི་གདུང་རྒྱུད་འདི་ལ་བུ་མོ་ཞིག་བྱུང་ན་བདག་པོ་གང་ཡང་བྱེད་མི་དགོས། གལ་ཏེ་བུ་ཞིག་བྱུང་ན་ཁྱེད་ཀྱི་བདག་རྐྱེན་ལེགས་པོ་གནང་དགོས་ཞེས་གསུངས་པར། དབྲ་བའི་བླ་མས་ཀྱང་དེ་བཞིན་དུ་ཁས་བླངས། དེ་ནས་མི་རིང་བར་བུད་མེད་དེ་ལ་སྲས་ཞིག་འཁྲུངས་བར་ཧོར་སྲས་ཝང་ཆེན་ཐུགས་རབ་ཏུ་དགྱེས་ཏེ་ཁོང་གིས་བདག་ལ་མ་བསམ་བཞིན་དུ་བུ་ཞིག་བྱུང་ཞེས་བུའི་མཚན་ལ་མ་བསམ་བུ་ཞེས་གསོལ། (འདི་ལ་ཆུང་མ་གསུམ་བླང་བའི་བུ་དྲུག་བྱུང་དེ་མ་གསུམ་བུ་དྲུག་ཅེས་བཤད་སྲོལ་ཡང་ཡོད་)དེ་ནས་དབྲལ་བའི་བླ་མའི་སྔར་གྱི་ཁས་བླངས་ལྟར་མ་བསམ་བུ་ལ་སྒམ་ཚན་གྲོང་། ཀ་རྩི་འགོ། ཆའུ་རྡོ་བཅས་གྲོང་སྡེ་གསུམ་ཕུལ་བ་ཡིན། ཧོར་སྲས་ཝང་ཆེན་གྱིས་རང་གི་སྲས་མ་བསམ་བུ་ལ་ཕོ་བྲང་ཞིག་གསར་བསྐྲུན་མཛད། དེང་སང་ཧོར་ཁང་ནང་ཧོར་ཀླུ་འབུམ་ཕོ་བྲང་ངམ་ཀླུ་འབུམ་ཁང་རིང་ཟེར་བ་འདི་ཡིན། དེའི་སྐབས་དབྲལ་བའི་བླ་མས་རང་གི་ནང་མི་རྣམས་ལ་བཤད་པར། སྔོན་ཧོར་སྲས་ཝང་ཆེན་གྱིས་ཕུལ་བའི་ལྷམ་འདི་ལ་དཔྱད་ན་ཁོང་གིས་རང་ཚང་དབང་དུ་བསྡུས་པའི་སྟེན་འབྲེལ་དུ་འདུག་ཟེར་ཡང་དེ་ཡུལ་གཞན་དུ་བཙན་བྱོལ་ལ་འགྲོ་དགོས་པ་བྱུང་། (རྫ་གཏེར་ཆེན་དགོན་དུ་བྱོན)དེ་ནས་རིམ་གྱིས་ཧོར་སྲས་མ་བསམ་བུ་ཡུལ་འདིའི་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར་ཏོ། །
མ་བསམ་བུའི་སྲས་ནག་འཇའ། དེའི་སྲས་ཨ་རྒྱས། དེའི་སྲས་འབུམ་དགེ་རྒྱས། དེའི་སྲས་བླ་མ་སྐྱབས། དེའི་སྲས་ནམ་མཁའ་བློ་བཟང་། དེའི་སྲས་མ་ཟུར་ནམ་མཁའ་རྒྱལ་མཚན་ཏེ་ཁོང་གིས་ཡུལ་འདིའི་སྟོད་སྨད་བར་གསུམ་ཐམས་ཅད་དང་རྫ་ག་ཡུ་གོང་མན་ཆད་དབང་དུ་བསྡུས། དེའི་རྗེས་རྫ་བ་དང་ཏྲེ་ཤོད་ཉིན་སྲིབ་ཀྱི་དམག་རྣམས་བསྡུས་ནས་ཤིང་ཁོག་དང་བྲག་འགོ་ཡན་ཆད་དབང་དུ་བསྡུས། དེའི་རྗེས་རྫ་ཁོག་མན་ཆད་དང་བྲག་འགོ་ཡན་ཆད་ཀྱི་དམག་རྣམས་བསྡུས་ཏེ་རྟེའུ་ནང་ཕྱིན་ནས་ཚ་ཕུ་སྟག་གཡག་ཟེར་བའི་གཙོ་བྱས་ཏེ་ཡུ་ལོང་རྒྱ་སྒོ་མན་ཆད་དབང་དུ་བསྡུས། དེ་ནས་མཁར་ལོ་ཆོས་ཆེན་ཚང་གི་གཙོ་བྱས་ལུང་ཕུ་ཤོག་པ་དང་ལ་བ་ཤོག་པ་གཉིས། རྫི་ནུབ་ཕལ་བོ་ཚང་གི་གཙོ་བྱས་རྒྱ་སྲས་ལ་[page 5] ཐོག་མན་ཆད་དང་། གེ་རི་ཨ་ཏིས་ཚང་གི་གཙོ་བྱས་རེ་རི་གྲོང་བ་རྣམས་དང་། ཡུ་ལ་ཨ་བརྟན་ཚང་གི་གཙོ་བྱས་ཆོ་ལོ་སྣ་ཡན་ཆད་ཀྱི་ཧོར་ལ་མགོ་བཏགས། དེ་རྣམས་ཐམས་ཅད་ནས་དམག་བསྡུས་ཏེ་དྲངས་པས་ཁྲོད་སྲང་ཐོག་ཡན་ཆད་ཧོར་གྱིས་དབང་དུ་བསྡུས། དེའི་རྗེས་རྟེའུ་ཝ་ཞབས་ཤོག་གཉིས་དང་། ལྕགས་ཀང་ཤོག་གཉིས་བཅས་བཞི་པོ་དེ་རྒྱ་གཟི་སེང་གེའི་མངའ་འོག་ཡིན་པས་དེ་ལ་དམག་དྲངས་ཏེ་གཡུལ་འཁྲུགས་བྱས་པས་ས་བཙན་པ་སོགས་ཀྱི་དབང་གིས་རེ་ཞིག་མ་ཐུབ་སྟེ། ཧོར་ཕྱོགས་ཀྱི་མི་བསད་པ་རྣམས་ཀྱི་རོ་སྤུངས་པ་དེའུ་ཙམ་བྱུང་བས་ཕྱིས་སུ་ས་ཆ་དེ་ལ་བོད་དེའུ་ལི་ཟེར། དེ་ནས་ཧོར་དམག་གིས་རིམ་གྱིས་བློ་ཐབས་སྤྱད་དེ་ཚོང་བ་མང་པོ་བཏང་ནས་མི་རྣམས་ལ་མགོ་སྐོར་བཏང་། ཧོར་དམག་རྣམས་ཉག་རོང་ནས་སོང་སྟེ་ཝ་ཞབས་ཀྱི་བརྩིབས་བསྐོར་ནས་ཚུར་འོངས་ཏེ་གློ་བུར་དུ་དམག་རྒྱབ་ནས་རྒྱ་གཟི་སེང་གེ་བསད་དེ་ཤོག་པ་བཞི་པོ་ཡོར་གྱི་མངའ་འོག་ཏུ་བསྡུས། དེ་ནས་མགོ་ལོག་ལྕགས་མོ་ཚང་གིས་བླ་མགོན་ཚང་བཅོམ་ནས་དབང་དུ་བསྡུས་ཡོད་པ་ལ། ལྕགས་མོ་ཚང་ལ་དམག་དྲངས་ཏེ་བཅོམ་ནས་ཧོར་གྱི་དབང་དུ་བསྡུས། མདོར་ན་རྫ་ག་ཡི་གོང་མན་ཆད་དང་། ན་ཁྲད་སྲང་ཐོག་ཡན་ཆད། རྟེའུ་ཆོ་ལོ་སྣ་ཟེར་བ་ཡན་ཆད། མགོ་ལོག་ལྕགས་མོ་ཚང་ཚུན་ཆད་ཧོར་གྱི་མངའ་འབངས་སུ་བསྡུས་ཏེ་མ་ཟུར་ཧོར་དཔོན་ནམ་མཁའ་རྒྱལ་མཚན་ནི་དེ་དག་གི་འགོ་དཔོན་ཡིན་ནོ། །
དེ་ལྟར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ནི་ཡབ་མ་ཟུར་དཔོན་ནམ་མཁའ་རྒྱལ་མཚན་དང་། དེ་ལ་བཙུན་མོ་གསུམ་ཡོད་པའི་ཆེ་བ་ཡུམ་འཇམ་དབྱངས་དཔལ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་སྤྱི་ལོ་1644ལ་འཁྲུངས། དགུང་ལོ་བདུན་ལ་སོན་སྐབས་དབུས་གཙང་དུ་ཕེབས་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཞུགས་ཏེ་ཏྲེ་ཧོར་ཁམས་ཚན་དུ་བཞུགས། ལོ་དེར་རྒྱལ་དབང་ལྔ་པ་ཆེན་པོའི་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ངག་དབང་ཕུན་ཚོགས་ཞེས་གསོལ། ཧོར་གྱི་སྐུ་ངོ་སོང་བའི་རྒྱལ་དབང་མཆོག་ནས་བདག་རྐྱེན་དང་གཟིགས་སྐྱོང་ཚད་མེད་གནང་སྟེ་རྗེས་སུ་བཟུང་། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་མཁན་སྟོན་དཔལ་འབྱོར་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་ཡར་འཕེལ། གནས་བརྟན་འཇམ་དབྱངས་གྲགས་པ། མཁན་ཆེན་ཞ་ལུ་བ་སོགས་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་དང་རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་བཅས་མཚམས་ཕྲ་རགས་མཐའ་དག་ལས་ནམ་ཡང་མི་འདའ་བར་སྲུངས། གཞན་ཡང་གོང་གི་བཤེས་གཉེན་དེ་དག་དང་། ཀུན་གཟིགས་ལྔ་པ་ཆེན་པོ། པཎ་ཆེན་བློ་བཟང་ཡེ་ཤེས། རིག་འཛིན་པད་མ་འཕྲིན་ལས། གཏེར་སྟོན་གཏེར་བདག་གླིང་པ་སོགས་གསར་ཪྙིང་གི་བླ་མ་དུ་མའི་ཞལ་སྔ་ནས་མདོ་བསྔགས་ཟུང་འབྲེལ་གྱི་ཆོས་བཀའ་མཐའ་ཡས་པ་གསན། དེ་དུས་རི་བོ་དགེ་ལྡན་པའི་སྦྱིན་བདག་[page 6] ཆེན་པོ་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་སྐུ་གཤེགས་པར་དེའི་དགོངས་རྫོགས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་མདོ་བསྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་གནས་པའི་ཆེད། ཧོར་ཁོག་ཀུན་ཏུ་དགོན་སྡེ་བཅུ་གསུམ་འདེབས་པར་རྒྱལ་དབང་ལྔ་པ་ཆེན་པོའི་མདུན་དུ་དམ་བཅའ་བརྟན་པོ་ཕུལ་ཏེ་རང་ཡུལ་མདོ་སྨད་ཕྱོགས་སུ་ཕེབས་སོ།།
དེ་ནས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་པའི་མདུན་དུ་ཧོར་ཕྱོགས་སུ་དགོན་སྡེ་བཅུ་གསུམ་འདེབས་པར་དམ་བཅའ་ཕུལ་ཏེ་ཕྱིར་ཡུལ་དུ་ཕེབས། དེ་ཡང་སྔོན་བླ་མ་དགེ་ལེགས་བློ་བཟང་ཕུན་ཚོགས་བྱ་བ་ཞིག་གིས་ཤུག་རི་བྲག་ཕུག་གི་སར་དགོན་པ་ཞིག་བཏབ་ནས་མཚན་ལ་བྲག་ངོ་དགོན་ཟེར་བ་ཞིག་ཡོད་པ་དེར་ཆོས་རྗེ་ངག་དབང་ཕུན་ཚོགས་ཉིད་ཀྱི་ཁུ་བོ་བཀའ་བཅུ་ནམ་མཁའ་འོད་ཟེར་བྱ་བ་སྔོན་འབྲས་སྤུངས་སུ་སློབ་གཉེར་མཐར་ཕྱིན་ཏེ་ཕྱིར་རང་ཡུལ་དུ་ཕེབས་ནས་དགོན་པ་དེར་བདག་གཉེར་བྱས་ཏེ་བཞུགས་པའི་སྐབས་ཤིག་བླ་མ་བྱ་བྲལ་བ་ཞིག་བྱོན་ནས་བཀའ་བཅུ་ནམ་མཁའ་འོད་ཟེར་ལ། ཁྱོད་ཀྱི་དགོན་འདི་ཡ་གི་རྡོ་དཀར་སྤུངས་པའི་ས་ཕྱོགས་སུ་སྤོར་ན་མཐའ་རུ་དགོན་པ་རྒྱས་པར་འོང་ཞེས་ལུང་བསྟན། དེ་ནས་བཀའ་བཅུ་བས་བླ་མའི་བཀའ་བཞིན་བྲག་ངོ་དགོན་དེ་རྡོ་དཀར་ཡོད་པའི་ཕྱོགས་སུ་སྤོར་ཏེ་འདུ་ཁང་གི་ཤུལ་དེར་དུར་ཁྲོད་ཞིག་ཡོད་པ་རིའི་སྟེང་ཕྱོགས་སུ་སྤོར།(འོད་ཟེར་དུར་ཁྲོད་ཞེས་འབོད)དེའི་ཤུལ་དུ་འདུ་ཁང་གསར་བཞེངས་བྱས་ཏེ་དཀར་མཛེས་དགོན་པ་ཆགས་སོ།
དེ་དུས་ཆོས་རྗེ་ངག་དབང་ཕུན་ཚོགས་ཉིད་ཕུ་བོ་ནམ་མཁའ་འོད་ཟེར་གྱི་དྲུང་དུ་ཕེབས་ནས་ཁོང་གིས་རྒྱལ་དབང་ལྔ་པའི་མདུན་དུ་དགོན་སྡེ་བཅུ་གསུམ་འདེབས་པའི་དམ་བཅའ་ཕུལ་ཚུལ་རྣམས་ཞིབ་ཏུ་ཁུ་བོ་ལ་གསོལ་བར། ཁུ་བོས་ཀྱང་བླ་མ་བྱ་བྲལ་བའི་ལུང་བསྟན་ཚུལ་སྐོར་བསྙད་དེ་མཐར་ཁུ་དཔོན་རྣམ་གཉིས་ནས་བཀའ་བགྲོས་ལེགས་པར་མཛད་དེ། ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་གྱི་ཐོག་མ་དཀར་མཛེས་དགོན་འདེབས་པའི་རྟེན་འབྲེལ་གྱི་དབུ་བཙུགས་ཏེ། བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྤྱི་ལོ་1622ལ་སྔར་ཡོད་དཀར་མཛེས་དགོན་པ་རྒྱ་བསྐྱེད་བྱས་ཏེ་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཀྱི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ཏེ་མཚན་ལ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུ་གླིང་ཞེས་གསོལ། (ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆོས་ཀྱི་[page 7] རྒྱལ་མཚན་དཔལ་བཟང་པོ་ནས་“བཤད་སྒྲུབ་”ཞེས་གསར་སྣོན་ཕྱག་བྲིས་ཕྱག་ཐམ་བཅས་1985ལོར་གནང་བ་ད་ལྟ་དཀར་དགོན་དུ་བཞུགས)ཕྱིས་སུ་གཙུག་ལག་ཁང་འདི་མདོ་བསྔགས་རིག་གནས་ཀུན་ལ་སྦྱངས་པའི་མཚན་ཉིད་གྲྭ་ཚང་དུ་བྱས། དེ་ནས་རིམ་གྱིས་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་གླིང་། ལྕོག་རི་དགོན། རྩིས་ཚང་དགོན་སོགས་དགོན་སྡེ་བཅུ་གསུམ་ལེགས་པར་བཏབ་སྟེ། དགོན་སྡེ་སོ་སོར་འདུལ་བའི་བཅོས་ཁྲིམས་དང་གཞི་གསུམ་གྱི་ཕྱག་ལེན། བཅའ་ཡིག་ཆེན་མོ་སོགས་འཇོག་པར་མཛད། ལྷག་པར་དུ་དཀར་མཛེས་དགོན་པ་འདི་ལ་གོས་ཆེན་སེར་པོའི་བཅའ་ཡིག་ཞེས་པ་དེང་སང་གི་བར་དུ་ཡོད་དོ།
དེ་ནས་ཆོས་རྗེ་རང་གིས་དམ་བཅས་པའི་དགོན་སྡེ་བཅུ་གསུམ་བཏབ་ཟིན་པའི་འཕྲིན་ཡིག་རྒྱལ་དབང་ལྔ་པའི་ཕྱག་ཏུ་ཕུལ་བར། རྒྱལ་དབང་ཉིད་ཐུགས་རབ་ཏུ་དགྱེས་ཏེ་ཆོས་རྗེ་ཉིད་མདོ་སྨད་བསྟན་སྲིད་གཉིས་ལ་དབང་བསྒྱུར་ཆོག་པའི་བཀའ་རྟགས་བསྒྲགས་པ་དང་། ད་དུང་རྩེ་རྣམ་རྒྱལ་གྲྭ་ཚང་ལྟ་བུའི་རྣམ་རྒྱལ་གྲྭ་ཚང་ཞིག་དང་། དཔལ་ལྡན་སྨད་རྒྱུད་ལྟ་བུའི་སྔགས་པ་གྲྭ་ཚང་། སེ་འབྲས་དགེ་གསུམ་གང་རུང་ལྟ་བུའི་མཚན་ཉིད་གྲྭ་ཚང་བཅས་དགོས་ལུགས་ཀྱི་ཆབ་ཤོག་སྩལ་བའོ།།
དེ་ནས་ཆོས་རྗེ་ཉིད་ཀྱིས་རྒྱལ་བའི་ཐུགས་དགོངས་ལྟར་མཁར་དཀར་པོ་ཐུགས་བརྩེགས་དགུ་ཡོད་པ་ཞིག་གསར་བསྐྲུན་མཛད་དེ་རྣམ་རྒྱལ་གྲྭ་ཚང་ཞེས་མཚན་གསོལ། རྣམ་རྒྱལ་གྲྭ་ཚང་འདི་ནི་རྒྱལ་བ་རིན་པོ་ཆེའི་སྐུ་ཞབས་གྲྭ་ཚང་དང་འདྲ་བ་བྱས་ནས་དགོན་པ་གཞུང་ནས་འདོན་བཟང་སྐད་བཟང་མང་ཙམ་ཞིག་ཟུར་གྱི་སྐུ་རིམ་ཞབས་བརྟན་སོགས་སྒྲུབ་མིའི་ཞབས་ཕྱི་ལ་བཞག་པ་ཡིན། བསྐང་གསོལ་དང་ལྷ་མོའི་མདོས་ཆེན། འཆམ། གནམ་ལོ་གསར་པའི་ཚེས་གཅིག་ཉིན་དམག་ཟོར་མ་ལ་ཚེས་གཏོར་འབུལ་རྒྱུའི་སྐོར་དང་། ཟླ་རེར་ཡར་ངོ་མར་ངོའི་ཚེས་བཅུའི་སྐོར་སོགས་དུས་མཆོད་བརྒྱད་རེ་སྟེ་ཆོ་ག་ཕལ་ཆེ་བ་ཀུན་གཟིགས་ལྔ་བའི་སྐབས་ཀྱི་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས། ཕྱིས་སུ་ཚེས་གཏོར་སྐོར་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ལེན་ལྟར་བཙུགས་པའོ། །ལོ་རེ་བཞིན་ལྷ་མོའི་མདོས་ཆེན་བཙུགས་ཏེ་ཆོས་རྗེ་རང་ཉིད་ཚོགས་དབུར་མཛད་ནས་འཆམ་དང་གཏོར་རྒྱག་སོགས་གནང་བ་དང་། དེའི་ཕྱག་སྲོལ་ད་ལྟའི་བར་མ་ཉམས་པར་གནས་ཡོད།[page 8]
སྔགས་པ་གྲྭ་ཚང་ནི་ཧོར་ཆོས་རྗེ་ཉིད་ཀྱིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་བཞིན་དུ་སྔགས་ཕྱོགས་ཀྱི་བདེ་གསང་འཇིགས་གསུམ་སོགས་ཀྱི་སྒྲུབ་མཆོད་དང་བདག་འཇུག་ཆོས་སྐྱོང་སོ་སོའི་བསྐང་གསོ་གཏོང་བར་གྲྭ་བ་ཁ་ཤས་ཟུར་དུ་འཐེན་ཏེ་ཡོད་པ་ལ། ཕྱིས་སུ་ཇེ་རྒྱས་སུ་སོང་སྟེ་སྔགས་པ་གྲྭ་ཚང་འདི་བྱུང་བ་ཡིན། ཧོར་ཆོས་རྗེ་ཉིད་ཀྱིས་དཀར་དགོན་དུ་གྲྭ་ཚང་གསུམ་བཏབ་པ་ལ་བརྟེན་ནས་ཕྱིས་སུ་དགོན་པ་ཤིན་ཏུ་རྒྱས་ཏེ། བཅིངས་འགྲོལ་སྔན་གྲྭ་ས་ཧ་ཅང་དར་བའི་དུས་སུ་གྲྭ་བ་སུམ་སྟོང་བདུན་བརྒྱ་ལྷག་བྱོན་མྱོང་།
དེ་ལྟར་ཧོར་ཆོས་རྗེ་ཉིད་ནས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ཧོར་ཁོག་དུ་དགོན་སྡེ་མང་དུ་བཏབ་སྟེ་སྐུ་གསུང་ཐུགས་རྟེན་སོགས་ཀྱི་རྟེན་བཞེངས་མང་དུ་གནང་བ་དང་། མདོ་སྨད་ཀྱི་ཕྱོགས་ཀུན་ཏུ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་ཕྱོགས་མཐར་སྤེལ་ཏེ་མཛད་རྗེས་བླ་ན་མེད་པ་གནང་། ཁོང་གི་སྐུ་ཚེ་སྔོན་མར་རྭ་ལོ་ཙཱའི་སྐུ་སྐྱེ་ཡིན་ཚུལ་ཞལ་གྱིས་བཞེས་ཏེ། སྐུ་ཚེ་འདི་ཉིད་ལའང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ལ་ནུས་པ་ཐོན་ཏེ་མཆོག་ཐུན་གྱི་དངོས་གྲུབ་རྣམས་ཐོབ་པ་དང་། བསྟན་སྲུང་དམ་ཅན་རྣམས་བྲན་བཞིན་དུ་འཁོར། ལྷག་པར་དུ་དཔལ་མགོན་ཞལ་བཞི་བ། འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་གཉིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་གནས་སྐབས་ཀྱི་བྱ་བ་ཕྲ་མོ་ཙམ་གྱི་བླང་དོར་ལའང་མི་དང་མི་ལ་ལབ་པ་ལྟ་བུ་ཞིག་ཡོད། ར་ཧུ་ལ་བྲན་བཞིན་དུ་འབྲལ་མེད་སྐུ་དྲུང་དུ་བཞུགས་ནས་འཕྲིན་ལས་ཚུལ་བཞིན་སྒྲུབ་ཤིང་རྒྱུན་དུ་གཟིམས་ཁང་ཕྱི་ནང་ཀུན་ཏུ་མེའི་ཕུང་པོ་ཆེན་པོ་འབར་བ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་ཞིག་ཡོད་དོ། ཁོང་སྐུ་ཚེ་རིང་བོ་མ་བཞུགས་ཀྱང་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་དེ་བཀའ་བདྲིན་ཤིན་ཏུ་ཆེ་བ་ཡིན།
འོན་ཀྱང་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་ཡབ་ཧོར་ནམ་མཁའ་རྒྱལ་མཚན་སྙན་གྲགས་ཆེ་བ་དང་ཆོས་རྗེ་ཉིད་སྐུ་ན་གཞོན་སྟབས། དགོན་སྡེ་བཅུ་གསུམ་འདེབས་པའི་སྐབས་སུ་ཪྙིང་མ་དང་བཀའ་བརྒྱུད། བོན་པོ་སོགས་ཀྱི་དགོས་གནས་མང་པོ་གཏོར་ཏེ་གྲུབ་མཐའ་དགེ་ལུགས་པར་བསྒྱུར་ནས་བཙན་དྲག་མང་དུ་མཛད་པའི་སྟབས་ཀྱིས་དགོན་གནས་དེ་དག་གི་ཆོས་སྐྱོང་གི་གནོད་པ་ཡིན་ནམ། ཧོར་གྱི་དགོན་ཁག་འདི་རྣམས་སུ་སྐྱིད་སྡུག་གང་གི་ཐད་ལའང་ནང་མི་མཐུན་པ་དང་། ལྷག་པར་དུ་དཀར་མཛེས་དགོན་འདིའི་དང་དུ་བཀྲ་མི་ཤིས་པ་ཤིན་ཏུ་མང་ཞིང་དབང་ཤེད་ཆེ་བ་དག་གིས་འཐབ་རྩོད་དཀྲུགས་ཤིང་བྱེད་པ་ཤིན་ཏུ་མང་བ་སོགས་ཀྱི་གནས་ཚུལ་ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ་གསལ་བ་ཇི་བཞིན་[page 9] བྲིས་པ་ཡིན། དེ་ལྟར་ཧོར་ཡུལ་ཕྱོགས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་དགེ་ལྡན་བསྟན་པའི་རྩ་བ་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་དང་ཁོང་གི་ཁུ་བོ་བཀའ་བཅུ་ནམ་མཁའ་འོད་ཟེར་གཉིས་ཡིན་པ་དང་། བསྟན་པའི་སྦྱིན་བདག་གི་རྩ་བ་ཡང་ཧོར་རིགས་དཔོན་པོ་སྤྱི་དང་ལྷག་པར་དུ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་ཡབ་ནམ་མཁའ་རྒྱལ་མཚན་ཡིན་པས་བཀའ་དྲིན་ལྷག་པར་ཆེ་བ་ཡིན།
དེ་ལྟར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དཀར་མཛེས་དགོན་འདི་བཏབ་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཏེ་ཉིད་ཀྱི་གདན་རབས་དང་པོ་མཛད། ཁོང་གི་རྒྱ་ཚབ་ཏུ་ཧོར་ཀུན་འདུལ་ལ་སོགས་པ་མང་དུ་ཕེབས། དཀར་མཛེས་དགོན་འདི་ལ་སྤྲུལ་པའི་སྐུ་དགུ་ཡོད། ལམ་བྲག་གཟིགས་རྒྱབ། འཁྲུངས་གསར། རབ་ཚལ། ནག་ཚང་། བྲག་དཀར། ཁང་གསར་སྐྱབས་མགོན། འབྲུག་ལངས། བུ་རམ་སྣ་བཅས་ཡིན། ཕྱིས་སུ་ལམ་བྲག་དང་། གཟིགས་རྒྱབ། འཁྲུངས་གསར་བཅས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཆོས་སྲིད་གཉིས་ཀའི་ཐད་ལ་རེས་མོས་ཀྱིས་བསྟན་པའི་བདག་པོ་མཛད་(འདི་གསུམ་ལ་གདན་ས་གསུམ་ཞེས་གྲགས་)པའོ།
དང་པོ་མཚན་ཉིད་གྲྭ་ཚང་འདི་ལ་ལས་སྣེ་མཁན་པོ་གཅིག དབུ་མཛད་གཅིག དགེ་བསྐོས་གཅིག སྐུ་ཚབ་གཉིས། རྒན་པ་བཞི། མཆོད་དཔོན་གཅིག འཆམ་དཔོན་གཅིག་བཅས་ཡོད། མཁན་པོ་ལ་ཚང་དགོས་པའི་ཆ་རྐྱེན་ནི། དང་པོ་དབུས་གཙང་དུ་ཕེབས་ནས་སེ་འབྲས་དགེ་གསུམ་གང་རུང་གི་གྲྭ་སར་ཞུགས་ནས་ལོ་ངོ་བཅུ་ཕྲག་འགར་ཐོས་བསམ་མཛད་དེ། མཐར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་འཕགས་ཚོགས་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་ལ་གྲྭ་སྐོར་མཛད་དེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ་ཕྱིར་རང་དགོན་དུ་ཕེབས། དེ་ནས་དཀར་དགོན་མཚན་ཉིད་གྲྭ་ཚང་གི་འཛིན་གྲྭ་རྒན་རིམ་ནས་མཁན་པོར་མངའ་གསོལ། ཚོགས་ཆེན་དུ་གསོ་སྦྱོང་གི་མདོ་འཆད་པ་དང་། ཆོས་ཐོག་སྐབས་སུ་བརྩི་བཞག་གནང་བ། སྒྲུབ་མཆོད་སྐབས་སུ་རྡོ་རྗེ་སློབ་དཔོན་བྱེད་པ། སྨོན་ལམ་སྐབས་སུ་གསུང་ཆོས་གནང་བ་སོགས་བྱེད། དབུ་མཛད་ཀྱི་ཆ་རྐྱེན་ནི། ཆོས་སྤྱོད་རབ་གསལ་སོགས་དགེ་འདུན་མང་པོའི་ཚོགས་སུ་ཐུགས་ཐོག་ནས་རྒྱུགས་འབུལ་བ་དང་། འདོད་རྟ་དབྱངས། ཆོ་ག་ཕྱག་ལེན་འབུད་རྡུང་དཀྲོལ་སོགས་ལ་བྱང་ཆ་ཡོད་[page 10] ཚེ་བྱིངས་འདྲེན་དུ་བསྐོ་བ་ཡིན། དགེ་བསྐོས་གྱིས་བླ་སྤྲུལ་ཁག་དང་གྲྭ་རྒན་གཞོན་བར་གསུམ་མཐའ་དག་གིས་ཆོས་འདུལ་བའི་བཅས་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས། ཕྱི་ནང་གི་ཀུན་སྤྱོད་སོགས་སྒྲིག་ལམ་སྐོར་ལ་ལྟ་རྟོག་བྱེད་པ་ཡིན། སྐུ་ཚབ་གཉིས་ནས་ཧོར་ཆོས་རྗེས་ཡོང་སྒོ་དང་འགྲོ་སོང་ཕྱོགས་ལ་བལྟ་རྟོག་བྱེད་པ་ཡིན། མཆོད་དཔོན་གྱིས་དཀྱིལ་འཁོར་གྱི་ཐིག་ཚད་དང་མཆོད་གཏེར་གྱི་བཟོ་རྩལ་སོགས་ལ་མཁས་པར་བྱེད་པའོ། མཆོད་དཔོན་གྱི་རྩ་ཐིག་གར་སྟབས་སོགས་ལ་མཁས་པར་བྱེད།
རབ་བྱུང་བཅོ་ལྔ་ནས་བཅུ་དྲུག་བར་བྱོན་པའི་མཚན་ཉིད་གྲྭ་ཚང་གི་གདན་རབས་ཤེས་གསལ་མཚན་ཐོ་ནི། རབ་འབྱམས་པ་ཏྲེ་ཧོར་ཚང་། སངས་རྒྱས་ཐུབ་དབང་། ཡ་མ་ཐར་ལམ། སངས་རྒྱས་ཕུན་ཚོགས། དཀོན་མཆོག་དངོས་གྲུབ། དགེ་སྐྱོར་དཔོན། ཚེ་རིང་བསམ་གཏན། སྟོབས་ལྡན། རྡོ་རྗེ་གནས་སྐྱབས། བསྟན་པ། ཆོས་གྲགས། དགེ་ཡོན་ཏན། ཀླུ་ཕྱུག བདེ་ལེགས་ཉི་མ། མཐུ་སྟོབས། བློ་དགའ་རྣམས་དགེ་བཤེས་ཤ་སྟག་ཡིན་ཞིང་འདུག་ཡུན་ལོ་ངོ་གསུམ་རེ་ཡིན། མཁན་རབས་ཚང་མ་མཚན་ཐོ་མེད་པས་འགོད་མ་ནུས།
གཉིས་པ་རྣམ་རྒྱལ་གྲྭ་ཚང་གི་བླ་རབས་ནི། དགེ་བའི་བཤེས་གཉེན་བློ་བཟང་ཤེས་རབ། སྟོབས་སྡན། བློ་བཟང་བསམ་གཏན། བློ་བཟང་དབང་ཕྱུག བློ་བཟང་ཆོས་འཕེལ། བསོད་ནམས་ཆོས་རྒྱལ་རྣམས་སོ། རྣམ་རྒྱལ་གྲྭ་ཚང་གི་བླ་མ་མཚན་ཉིད་གྲྭ་ཚང་ནས་འགྲོ་དགོས། ལས་སྣེ་དགེ་བཤེས་ངེས་པར་ཡིན་མི་དགོས། ཡོན་ཏན་ངེས་ཅན་ཡོད་པའི་རྒན་ཞིག་གིས་བླ་མའི་འགན་ཁུར་ཆོག དབུ་མཛད་གཅིག རྒན་པ་གཉིས། མཆོད་གཡོག་གཅིག་བཅས་ཡོད།
གསུམ་པ་སྔགས་པ་གྲྭ་ཚང་གི་བླ་རབས་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་ཨརྒ། པད་མ་ཚེ་རིང་། རྡོ་རྗེ་ཚེ་བརྟན། བློ་བཟང་དོན་གྲུབ། ཕུན་ཚོགས་དོན་གྲུབ། ཕུན་ཚོགས་དར་རྒྱས། བློ་བཟང་དབང་ཕྱུག ཡ་མ་བདེ་ལོགས། སྐལ་བཟང་སྟོབས་ལྡན་རྣམས་སོ། མཁན་པོ་འདི་དག་དགེ་བཤེས་ཤ་སྟག་ཡིན། མཚན་ཉིད་གྲྭ་ཚང་ནས་ཡོང་དགོས།
དགོན་པའི་གྲྭ་པ་རྒན་གཞོན་སུ་ཡིན་ཡང་ཆོས་འདུལ་བའི་གཞུང་ནས་བཤད་པའི་འདུལ་ཁྲིམས་ཇི་བཞིན་ཉམས་སུ་ལེན་དགོས་པར་མ་ཟད། ད་དུང་དགོན་པའི་དམིགས་གསལ་གྱི་ནང་ཁྲིམས་འགའ་གཏན་འབེབས་བྱས་ཡོད་པ་བཅའ་ཡིག་སེར་པོ་ནང་འཁོད་པ་རྣམས་ཀྱང་སྲུང་དགོས་ཏེ། གལ་སྲིད་སྡོམ་པ་དང་འགལ་ན་དགོན་པའི་བཅའ་ཁྲིམས་ལྟར་རྒྱུ་ཐོག་དང་ལུས་ཐོག་གཉིས་ནས་ཆད་པ་གཅོད་པ་ཡིན།[page 11] གཞན་ཡང་དགོན་འདི་དང་ཡུལ་ཁམས་འདི་ལ་བཀའ་དྲིན་ལྷག་པར་ཆེ་བའི་བླ་མ་བྲག་སྐལ་བཟང་རྣམ་རྒྱལ་འཁྲུངས་ཡུལ་གཙང་རོང་ཆེན་ནས་ཡིན། ཁོང་གིས་དབུས་གཙང་དུ་སློབ་གཉེར་རྫོགས་རྗེས་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་བཀའ་བཞིན་དཀར་མཛེས་ལ་ཕེབས་ནས་ལམ་བྲག་རི་ཁྲོད་དུ་བཞུགས་ཏེ། རི་ཁྲོད་པ་རྣམས་ལ་དང་པོ་སྒྲུང་སྙན་པོ་གསུངས་ཏེ་སློབ་མ་མང་དུ་འདུས་པར། རིམ་གྱིས་ཆོས་བཤད་དབང་བསྐུར་གནང་སྟེ་དགོན་པའི་སྒྲིག་ལམ་ཡང་ཇེ་དམ་དུ་བཏང་། ཧོར་ཆུ་ཉིན་སྲིབ་ཀུན་ལ་སྨྱུང་གནས་བཙུགས་ཏེ་འགྲོ་དོན་ཆེན་པོ་བྱུང་། དེའི་སྐབས་དཀར་མཛེས་དགོན་པའི་གྲྭ་པ་རྣམས་བཅའ་ཁྲིམས་སོགས་ལ་བརྩི་འཇོག་ཆེར་མེད་པར། དཔེར་ན་དགོན་ནང་དུ་ཁྱིམ་གཞི་ཆགས་པ་སོགས་རང་མོས་ཀྱི་རྣམ་པ་མང་པོ་ཡོད་སྟབས། ལམ་བྲག་སྐལ་བཟང་རྣམ་རྒྱལ་ནས་དགོན་པའི་བཅའ་ཡིག་དང་སྒྲིག་སྲོལ་ལམ་ལུགས་རྣམས་དག་བཅོས་དང་གྲྭ་ཚང་དུ་གདུགས་དཀར་བཟློག་ཆེན་སོགས་བཙུགས་པ་དང་། སློབ་གཉེར་བ་རྣམས་ཆོས་རར་ཚོགས་ལང་དམ་བཅའ་སོགས་ལ་བསྐུལ་བ་ནན་ཏན་མཛད། རྣམ་རྒྱལ་གྲྭ་ཚང་དུ་ཕེབས་ནས་དགེ་འདུན་པ་དང་མཉམ་དུ་གཞི་གསུམ་གྱི་ཕྱག་ལེན་གནང་སྟེ་མདོ་མྱང་འདས་ལས་བཅོམ་ལྡན་འདས་ལ་བདུད་ཀྱི་སྲོག་སྙིང་ཕུལ་བའི་སྔགས་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་གཟུངས་གཉིས་ལ་འདོད་གསོལ་གསར་དུ་བརྩམས་ཏེ། གང་སེར་མ་བཅས་ཀུན་གྱི་མཐོང་ཡུལ་སྒོ་འགྲམ་དུ་སྦྱར་ཏེ་སྤྱི་སྒེར་སོ་སོའི་སྲུང་དགོས་པའི་བཀའ་གནང་།
དཀར་མཛེས་དགོན་པའི་གདན་ས་སོ་སོའི་གྲྭ་པ་རྣམས་ཀྱིས་སྤྱིར་མདོ་སྔགས་རིག་གནས་ཀྱི་གཞུང་མཐའ་དག་ལ་སློབ་གཉེར་བྱེད་པ་ཡིན་མོད། དེང་སྐབས་མདོ་སྔགས་ཟུང་འབྲེལ་དེ་ཅུང་དཀོན། སྔགས་ལ་མོས་པའི་རྒྱུ་མཚན་གྱི་མདོ་ཁྱད་གསོད། མདོ་ལ་མོས་ཁུལ་ཀྱིས་སྔགས་ཁྱད་གསོད་བྱེད་པའི་རྐྱེན་གྱིས། ས་གནས་དཔོན་གྱིས་སྔགས་པ་གྲྭ་ཚང་གི་ཆོ་ག་མཚན་ཉིད་གྲྭ་ཚང་གིས་འདོན་མི་ཆོག་པ་དང་། དེ་བཞིན་མཚན་ཉིད་ཀྱི་གཞུང་སྔགས་པ་གྲྭ་ཚང་གིས་སྦྱང་མི་ཆོག་པ་སོགས་གཏན་འབེབས་ཧ་ཅང་མང་ངོ་། སྔགས་པ་གྲྭ་ཚང་ལ་དགེ་བཤེས་ཧ་ཅང་དཀོན་པ་དང་། མཚན་ཉིད་གྲྭ་ཚང་ལ་སྔགས་རམས་པ་ཧ་ཅང་ཉུང་བས་ཀྱང་རྟོགས་ཐུབ།
མཚན་ཉིད་གྲྭ་ཚང་གི་མདོ་སྔགས་གཞུང་ལ་སློབ་གཉེར་བྱེད་པའི་ཡིག་ཆ་ནི། སེ་ར་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་སྦྱོང་བ་ཡིན། དེ་ཡང་གྲྭ་པ་མང་ཤོས་ཀྱིས་བསྡུས་གྲྭ་རིགས་ལམ་ཆུ་བ་དང་། རིགས་ལམ་འབྲིང་བ་གཉིས་ལ་སྦྱངས་པ་རྫོགས་རྗེས་དབུས་ཀྱི་གདན་ས་སེ་འབྲས་དགའ་གསུམ་གང་[page 12] རུང་ལ་ཕེབས་ཏེ་ལོ་ངོ་གསུམ་བཞི་ཙམ་ལ་དེ་གར་གཞུང་ལ་སྦྱངས་པ་བྱས་ཏེ་ཕྱིར་རང་དགོན་དུ་ཕེབས་ཏེ་བཞུགས་པ་ཡིན། གྲྭ་པ་ཉུང་ཤས་ཤིག་གིས་དབུས་གཙང་དུ་ལོ་ངོ་དུ་མའི་རིང་ལ་གཞུང་བཀའ་པོད་ལྔ་ལ་ཞིབ་ཏུ་སྦྱངས་ནས་དགེ་བཤེས་སོགས་ཀྱི་མཚན་རྟགས་ལེན་པའང་ཡོད། སྔགས་པ་གྲྭ་ཚང་གིས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་ལྟར་རྒྱུད་སྡེ་སོ་སོའི་རྩ་བཤད་ཀྱི་སྒོ་ནས་འཆད་ཉན་དང་། ཁྱད་པར་དུ་གར་ཐིག་དབྱངས་གསུམ་སོགས་ལ་སྦྱངས་ཏེ་ལམ་རིམ་གཉིས་ལ་ཉམས་ལེན་བྱེད་པ་ཡིན། རྣམ་རྒྱལ་གྲྭ་ཚང་གིས་གཙོ་བོ་སྐུ་རིམ་ཞབས་བརྟན་དང་། བསྐང་གསོ། ལྷ་མོའི་མདོས་ཆེན་སོགས་འདོན་ཆོས་སྐོར་ལ་རྦུངས་བརྩོན་བྱེད། བཤད་སྲོལ་ལ་མདོ་སྔགས་གྲྭ་ཚང་གསུམ་འབྲེལ་བར་བཤད་ཀྱང་སྔགས་པ་གྲྭ་ཚང་གི་གྲྭ་མང་གིས་གྲྭ་ཇ་སོགས་སྔགས་པ་གྲྭ་ཚང་དུ་ཕེབས་ཀྱི་ཡོད།
དང་པོ་ཚོགས་ཆེན་འདུ་ཁང་(འདུ་ཁང་སྤྱི་པའང་ཟེར་)གི་ནང་རྟེན་སྐོར་ལ། སྔོན་གཙུག་ལག་ཁང་འདི་ཉིད་བཞེངས་པ་ནས་རིམ་གྱིས་ནང་རྟེན་གྱི་སྐོར་མཐའ་ཡས་པ་ཞིག་བཞེངས་ཚུལ་ནི། ཐོག་མར་སའི་རྒྱ་ཁྱོན་གཞི་འདོམ་གྲུ་བཞི་མ་བརྒྱད་བརྒྱ་ལྷག་ཙམ་གྱི་སྟེང་དུ་གཙུག་ལག་ཁང་བཞེངས་ཡོད། དེའི་སྟེང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང་། གཉྫི་ར། ཆོས་འཁོར། གདུགས་རྒྱལ་མཚན་སོགས་ཀྱིས་བརྒྱན་ཡོད། ནང་རྟེན་གྱི་སྐོར་ལ། རྒྱ་ཕིབས་འོག་ལྷ་ཁང་དུ་འཇམ་དབྱངས་ཆོས་འཁོར་མ་རྒྱལ་བ་སྐུ་ཕྲེང་ཞིག་གིས་རྟེན་སྐལ་དུ་གནང་བ་དེ་བཞུགས། གཟིགས་རྒྱབ་བཀའ་ཆེན་གྱིས་བཞེངས་པའི་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་སྐུ་ཚད་ཁང་བརྩེགས་གཅིག་ཙམ་ཡོད་པ། བྱམས་པ། རྗེ་རིན་པོ་ཆེ། འཁྲུངས་གསར་བློ་བཟང་ཕུན་ཚོགས་བཅས་ཀྱི་སྨན་སྐུ་བརྩེགས་གསུམ་ཙམ་ཡོད་པ། ཚེ་ལྷ་རྣམ་གསུམ། སེང་གདོང་མ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་སྐུ་ཚད་བརྩེགས་གཉིས་ཙམ་ཡོད་པ། འཇམ་དབྱངས་དང་ཕྱག་རྡོར། སྨན་བླ་བདེ་བཤེགས་བརྒྱད་བཅས་མདའ་ཚད་མ། ཚོགས་གྲལ་མགོར། རྒྱལ་དབང་བཅུ་གསུམ་པ་དང་པཎ་ཆེན་ཆོས་ཀྱི་ཉི་མའི་སྐུ་འདྲ། རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཚེ་འཛིན་མའི་སྐུ་ཁང་བརྩེགས་གཉིས་ཡོད་པ། འདུ་ཁང་སྒོའི་སྟེང་དུ་ལམ་བྲག འཁྲུངས་གསར། གཟིགས་རྒྱབ་བཅས་ཀྱི་སྐུ་མདའ་ཚད་མ། སྟོན་པའི་འཁྲུངས་རབས། རྒྱན་དྲུག་མཆོག་གཉིས་ཀྱི་གྱན་ཐང་། སྲུང་མ་ཁང་དགོན་པ་སྤྱིའི་སྲུང་མ། བཀའ་སྲུང་ཡོན་ཏན་རྒྱལ་པོ། རྟ་མགྲིན་གསང་སྒྲུབ། ལྷ་མོའི་སྐུ་བཅས་མདའ་ཚད་མ། བླ་མ་གསུམ་གྱི་གཟིམས་ཆུང་ནང་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང་། རྒྱུ་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན། རྗེ་ཡབ་[page 13] སྲས་གསུམ། གནས་བརྟན་བཅུ་དྲུག རྒྱལ་ཆེན་སྡེ་བཞི། ཚེ་དཔག་མེད། རྣམ་རྒྱལ་མ་བཅས་ཀྱི་སྐུ་འདྲ། ཡང་རྗེ་ཡབ་སྲས་གསུམ་དང་རྣམ་སྲས་སོགས་ཀྱི་སྐུ་ཐང་བཅོ་ལྔ། རྒྱུ་གསེར་ཟངས་ལས་གྲུབ་པའི་གཟིགས་རྒྱབ་སྔགས་འཆང་གི་གདུང་རྟེན་ཁང་བརྩེགས་གཅིག་ཡོད་པ། བྱམས་པ་ཆོས་འཁོར་མ། རྗེ་ཡབ་སྲས་གསུམ་བཅས་ཀྱི་ལི་སྐུ་ནང་གཟུངས་ལ་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང་། གཞན་ཡང་ལི་སྐུ་ཆེ་ཆུང་སུམ་ཅུ་ལྷག ཀུན་རིག་དཀྱིལ་འཁོར། རྗེ་ཙོང་ཁ་བའི་རྣམ་ཐར་རྒྱས་པ། སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་། འཁྲུངས་གསར་འཁྲུངས་རབས་སོགས་ཞལ་ཐང་སུམ་ཅུ་ལྷག ཤར་ལི་ནུབ་ལིའི་སྐུ་བཪྙན་ཆིག་སྟོང་ལྔ་བརྒྱ་ལྷག རྒྱུ་གསེར་ཟངས་ལས་གྲུབ་པའི་གསེར་སྡོང་ཁང་བརྩེགས་གཉིས་ཡོད་པའི་ནང་གཟུངས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ། སྐུ་གསེར་ཟངས་སྒྲོལ་མ་ཉེར་གཅིག་ཉེ་སྲས་བརྒྱད་ཁང་བརྩེགས་ཕྱེད་ཙམ་ཡོད་པ། ཙོང་ཁ་བརྒྱད་ཅུའི་སྨན་སྐུ། སྒོ་ཕྱི་ནང་རྒྱལ་ཆེན་བཞིའི་སྨན་སྐུ་སོགས་ཡོད།
གསུང་གི་སྐོར་ལ། བཀའ་འགྱུར་དངུལ་བྲིས་ཆ་ཚང་གཅིག ཚལ་པར་སྣག་པར་ཚར་དགུ རྗེ་ཡབ་སྲས་གསུང་འབུམ་ཆ་ཚང་བཞི་སོགས་ཡོད། མདོན་ཁང་ནང་དུ་ཆོས་རྒྱལ་ནང་སྒྲུབ། ལྕམ་སྲིང་གཙོ་འཁོར་བཅས་མི་ཚད་མ། ཐང་སྟོང་པའི་སྐུ་བཪྙན། འཇིགས་བྱེད། གསང་འདུས། ཀུན་རིག རྒྱན་དྲུག་མཆོག་གཉིས་བཅས་ཀྱི་གྱན་ཐང་སོགས་བཞུགས།
གཉིས་པ་སྔགས་པ་གྲྭ་ཚང་གི་ནང་རྟེན་དུ་རྗེ་ཙོང་ཁ་པ། བདེ་གསང་འཇིགས་གསུམ། ཚེ་ལྷ་རྣམ་གསུམ། སྒྲོལ་མ། བྱམས་པ། རྡོ་རྗེ་སེམས་དཔའ། འཁྲུངས་གསར་བློ་བཟང་ཕུན་ཚོགས། སྟོན་པ་བཅས་སྐུ་ཚད་ཁང་བརྩེགས་གཅིག་ལྷག་ཡོད་པ། ཤུཊ་སྡན་རིགས་ལྔ། དམག་ཟོར་མ། དམ་ཅན། ནོར་བདག་བཀའ་རྒྱ་མ། རྣམ་སྲས། མགོན་དཀར། རྒྱལ་བ་སེང་གེ་ང་རོ། དུས་གསུམ་སངས་རྒྱས། གནས་བརྟན་བཅུ་དྲུག རྗེ་ཡབ་སྲས་གསུམ། སྲུང་མ་ཁང་དུ་ནག་ཚང་བསྟན་པ་དར་རྒྱས་ཕྱག་བཟོ། མགོན་པོ། ལྕམ་སྲིང་། སྨན་སྐུ་ཆེ་ཆུང་སྣ་ཚོགས། རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཤེས་རབ་སེང་གེ་སྐུ་འབུམ། བདེ་གསང་འཇིགས་གསུམ་གྱི་བློས་བསླང་། ལྷ་མོའི་སྐུ། འཇིགས་བྱེད། རྟ་མགྲིན། ཆོས་རྒྱལ། ནུབ་ལིའི་སྐུ་སྣ་ཚོགས་ཆིག་སྟོང་ལྷག་བཞུགས།
རྒྱུ་ཤིང་ལས་གྲུབ་པའི་དབྱེན་འདུམ་མཆོད་རྟེན་ཁང་བརྩེགས་གཅིག་ཅན་དང་། གཟིགས་རྒྱབ་གཤིམས་ཁང་དུ་རྗེ་ཡབ་སྲས་སྐུ། གྲུབ་ཐོབ་བརྒྱད་ཅུའི་སྨན་སྐུ། རོང་ཚའི་གཟིམས་ཆུང་ནང་བྱམས་པ། རིགས་གསུམ་མགོན་པོ། གཞན་ཡང་གསེར་ཟངས་ལི་སྐུ་སྣ་ཚོགས་ལྔ་བརྒྱ་ལྷག ཞལ་ཐང་སྐོར་ལ་གསང་བདེ་འཇིགས་གསུམ། ཙོང་ཁ་བརྒྱད་ཅུ། ལྷ་མོ། རྟ་མགྲིན། དུས་གསུམ་སངས་རྒྱས། དཔག་བསམ་ཁྲི་ཤིང་། རྒྱན་དྲུག་མཆོག་གཉིས། གྲུབ་ཐོབ་བརྒྱད་ཅུ། གནས་བརྟན་བཅུ་དྲུག་རྒྱལ་དབང་[page 14] དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་གྱན་ཐང་། གསུང་རྟེན་སྐོར་ལ་སྡེ་དགེ་པར་མའི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་བཀའ་འབུམ། ལམ་བྲག་གསུང་འབུམ། པཎ་ཆེན་ཆོས་རྒྱན་བཀའ་འབུམ། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་བཀའ་འབུམ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀའ་འབུམ། གུང་ཐང་། ཁྲི་ཆེན་ངག་དབང་ཆོས་ལྡན། ཐུབ་བསྟན་ཆོས་ཀྱི་ཉི་མ། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱི་བཀའ་འབུམ། དམིགས་བརྩེ་མའི་བེའུ་བུམ་པོད་གསུམ། རྡོ་དྲིལ་ཆ་ཚང་བརྒྱ་དང་ལྔ་བཅུ་བཅས་མཐའ་ཡས་པ་བཞུགས།
གསུམ་པ་མཚན་ཉིད་གྲྭ་ཚང་གི་རྟེན་གཙོ་རྗེ་རིན་པོ་ཆེ་སྨན་སྐུ་ཁང་བརྩེགས་གཅིག་ཙམ་ཡོད་པ། རྒྱུ་གསེར་ཟངས་ལས་གྲུབ་པའི་གདུགས་དཀར། རྒྱལ་བ་ཐུབ་བལྟན་རྒྱ་མཚོ། སྒྲོལ་མ་བཅས་སྐུ་ཚད་བརྩེགས་གཅིག་ཅན། རྒྱུ་གསེར་ཟངས་པཎ་ཆེན་ཆོས་ཀྱི་ཉི་མ། གནས་བརྟན་བཅུ་དྲུག ལོ་གྱོན་མ། སྒྲོལ་མ་ཉེར་གཅིག་བཅས་མདའ་ཚད་པ། རྗེ་སྐུ་ཁང་དུ་རྒྱུ་གསེར་ཟངས་རྗེ་ཡབ་སྲས་གསུམ་དང་རྗེ་ཚེ་འཛིན་མ་བཅས་སྐུ་བརྙན་ཐོག་ཚད་གསུམ་ཅན། རྒྱུ་གསེར་ཟངས་ཇོ་བོའི་སྐུ་ཐོག་ཚད་མ། སྨན་སྐུ་སྒྲོལ་མ་གསུང་འབྱོན་མ། མགོན་པོ། ཚེ་ལྷ་རྣམ་གསུམ་བཅས་ཐོག་ཚད་མ། ཤུགས་ལྡན་རྟེན་འདུས། བྱམས་ཁང་ནང་དུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གསུམ་ཅན། སྨན་བླའི་ཁང་དུ་སྨན་འདམ་ལས་གྲུབ་པའི་སྨད་བླའི་སྐུ་དང་། རྒྱལ་པོ་སྐུ་ལྔ་དང་། སྨན་བླའི་བློས་བླང་། སྐུ་ལྔའི་རྟེན་འདུས་དང་སྲུང་མ་རྡོ་རྗེ་ཤུགས་ལྡན་སོགས་དང་། གཞན་ཡང་སྒྲོལ་མའི་སྐུ་མདའ་ཚད་མ་ཤར་ལི་ནུབ་ལི་སྣ་ཚོགས་ཆིག་སྟོང་ལྷག
ཞལ་ཐང་སྐོར་ལ། དཔག་བསམ་འཁྲི་ཤིང་། ཙོང་ཁ་བརྒྱད་ཅུ། རྒྱལ་དབང་པཎ་ཆེན་འཁྲུངས་རབས། ལམ་བྲག གཟིགས་རྒྱབ། འཁྲུངས་གསར། གནས་བཅུ་སྒྲོལ་མ་ཉེར་གཅིག་སོགས་ཞལ་ཐང་ཉིས་སྟོང་ལྷག་ཡོད། གསུང་རབ་ཀྱི་སྐོར་ལ། བཀའ་འགྱུར་དང་བསྟན་འགྱུར་སྣར་ཐང་པར་ཚར་གསུམ། རྗེ་ཡབ་སྲས། གཟིགས་རྒྱབ་སོགས་ཀྱི་བཀའ་འབུམ། དམིགས་བརྩེ་མའི་ལས་ཚོགས། ཡིག་ཆ་སྣ་ཚོགས་སྐོར་པོད་སུམ་བརྒྱ་ལྷག དགོན་པ་སྤྱིའི་རྟེན་གྱི་གཙོ་བོ་ནི་སྨན་འདམ་ལས་གྲུབ་པའི་བྱམས་པ་མགོན་པོ་ཁང་བརྩེགས་གཉིས་ཡོད་པ་བཅས་སོ། འདི་ནི་མཁའ་ནང་བྱམས་ཁང་ཆེན་མོ་ཞེས་གྲགས། གཙུག་ཏོར་གདུགས་དཀར་ཚེམ་དྲུབ་མ་ཐོག་བརྩེགས་བཞི་ཅན་གྱི་གོས་སྐུ།
བཞི་པ་རྣམ་རྒྱལ་གྲྭ་ཚང་གི་རྟེན་གཙོ་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་བྱིན་ཅན། དུས་གསུམ་སངས་རྒྱས། རྗེ་ཡབ་སྲས། འཇིགས་བྱེད་སོགས་ཡི་དམ་སྐོར་དང་། མགོན་ཆོས་རྒྱལ་རྟ་མགྲིན་སོགས་སྲུང་མའི་སྐོར། ལྷ་མོའི་སྐུ་ཐོག་བརྩེགས་གཉིས་ཅན། ཙོང་ཁ་བརྒྱད་ཅུ། དཔག་བསམ་འཁྲི་ཤིང་། གསེར་བྲིས་སངས་རྒྱས་སྟོང་སྐུ་སོགས་ཞལ་ཐང་བརྒྱ་དང་ལྔ་བཅུ་ལྷག གཞན་ཡང་རྣམ་རྒྱལ་མཆོད་[page 15] རྟེན། མ་ཎི་དུང་འཁོར། གདུགས་དཀར་དུར་འཁོར། བླ་མ་བཤེས་གཉེན་རྣམས་ཀྱི་སྐུ་གདུང་མཆོད་རྟེན་བཅུ་གཅིག་ལྷག གསུང་རབ་སྐོར་ལ། བཀའ་འགྱུར་གཅིག རྗེ་ཡབ་སྲས་གསུང་འབུམ། ཧོར་ཆོས་རྗེའི་གསུང་འབུམ། བརྒྱད་སྟོང་གསེར་བྲིས་སོགས་ཞིབ་ཏུ་བྲི་བར་མི་ནུས་སོ།།
དེ་ཡང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་སྤྱི་ལོ་1662ལོར་དཀར་མཛེས་དགོན་འདི་བཏབ་པ་ནས་སྤྱི་ལོ་1959ལོར་དམངས་གཙོའི་བཅོས་བསྒྱུར་འགོ་ཚུགས་རེག་པར་སྟེ་མི་ལོ་ཉིས་བརྒྱ་གོ་བཞི་བར་ལ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་། 1958ལོའི་ཟླ་11པའི་ནང་དགོན་པའི་བླ་མ་དང་ལས་སྣེ་རྣམས་རྫོང་དུ་བསྡུས་ནས་སྤྱི་ཚོགས་ཐོན་སྐྱེད་ནང་ཞུགས་དགོན་པའི་སློབ་གསོ་སྒྲུབ། དེ་ནས་གྲྭ་པ་རྣམས་རང་རང་སོ་སོའི་ཁྱིམ་དུ་ཕྱིན་ནས་སྤྱི་ཚོགས་ཐོན་སྐྱེད་དུ་ཞུགས། འཁྲུངས་གསར་གཟིགས་རྒྱབ་ལམ་བྲག་རིན་པོ་ཆེ་1956ལོ་རྒྱ་གར་དུ་ཕེབས། ནག་ཚང་སྤྲུལ་སྐུ་དང་ཁང་གསར་སྐྱབས་མགོན། རབ་ཚལ། བུ་རམ། འབྲུག་ལངས་རིན་པོ་ཆེ་རྣམས་ལོ་མང་རབ་ཞིག་ལ་ཁུལ་ངལ་རྩོལ་བསྒྱུར་བཀོད་ནང་ཞུགས།
1966ལོར་རྒྱལ་ཡོངས་སུ་རིག་གནས་གསར་བརྗེ་ཆེན་པོ་ཞེས་ཟང་ཟིང་གི་གནམ་ས་གཡོ་བའི་སྐབས། དགོན་པའི་ལྷ་ཁང་སོ་སོ་དང་གྲྭ་ཤག སྐུ་གསུང་ཐུགས་རྟེན་སོགས་ཐམས་ཅད་མེ་ལ་བསྲེགས་པ་དང་ས་ལ་བརྡེབས་པ་སོགས་བྱས་ཏེ་དགོན་པ་ཡོངས་རྫོགས་ཤུལ་མེད་དུ་རྨང་ནས་འཇིག་ཟིན།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས། རང་རྒྱལ་གྱི་ཆོས་ལུགས་གནད་དོན་སྐོར་གྱི་རྩ་བའི་བལྟ་ཚུལ་དང་རྩ་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབབ་བྱས་པར། སྤྱི་ལོ་1981ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གིས་དཀར་མཛེས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་ནང་དགོན་པའི་ལྷ་ཁང་རྣམས་དང་གྲྭ་ཤག་སོ་སོ། ནང་རྟེན་སྐུ་གསུང་ཐུགས་རྟེན་སོགས་རྩ་གཏོར་ཐེབས་པ་ལ། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་དཔལ་འབྱོར་སྟེང་བསྡོམས་སྒོར་ཁྲི་བཞི་བཅུ་ཞེ་གསུམ་དང་སྟོང་ཕྲག་བདུན་གནང་། རྒྱལ་ཁབ་ཀྱིས་རོགས་སྐྱོར་གནང་བའི་དངུལ་གྱི་རྨང་གཞིའི་སྟེང་དུ་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་ཞལ་འདེབས་[page 16] རྣམས་བསྡུས་ནས་ནག་ཚང་སྤྲུལ་སྐུ་བྱམས་པ་ངག་དབང་ནས་འགན་ཁུར། རབ་ཚལ་རིན་པོ་ཆེ་བློ་བཟང་ངག་དབང་ནས་འདུ་ཁང་སྟེང་ཤོད་ཀུན་ཇུས་བཀོད་ས་ཁྲ་བཟོ་རྒྱུ་དང་སྤུས་ཚད་ལྟ་ཞིབ་ཀྱི་འགན་ཁུར། འཛུགས་སྐྲུན་བདག་གཉེར་ཨུ་ཡོན་ལྷན་ཁང་གི་གཙོ་བོ་གསེར་ཆུ་ཞང་གི་སྔགས་རམ་པ་བློ་བཟང་ཆོས་རྒྱལ་དང་། རབ་ཚལ་སངས་རྒྱས་ཉི་མ། གྲོང་བྱང་ཟླ་བ་བཀྲ་ཤིས། སུམ་ངོ་གྲ་དགའ། ལྷོ་བ་ཚེ་དབང་ཕུན་ཚོགས། ཐིང་ཁ་བསྟན་འཛིན་ཉི་མ། ཀ་རབ་པད་མ་ཚེ་སྒྲུབ། ཁོ་རྩེ་རྡོ་རྗེ་ཚེ་རིང་། མདའ་མདོ་བུ་ཕྲུག་བཅས་མི་བཅུ་རྩ་འཛུགས་བྱས་ཏེ། ཉམས་གསོའི་འགན་ཁུར། མཁན་པོ་དགེ་བའི་བཤེས་གཉེན་ཆེན་པོ་གཡང་དཀར། ཚོགས་ཆེན་དབུ་མཛད་དགེ་པདྨ་ཚེ་དབང་། སྔགས་པའི་དབུ་མཛད་སྔགས་རམས་ཆོས་རྒྱལ་གྱིས་གཅིག་ལྕོགས་བྱས། དགེ་བསྐོས་དགེ་སློང་བློ་བཟང་འཇམ་དབྱངས་བཅས་རྩ་འཛུགས་བྱས། སྤྱི་ལི་1981ལོའི་ཟླ་བརྒྱད་པར་དཀར་དགོན་གསར་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོ་བཙུགས་ཏེ་གཙུག་ལག་ཁང་བཞེངས་པའི་ས་ཕྱོགས་སུ་བཀྲ་ཤིས་གསོ་སྦྱོང་འཚོགས། འདུ་ཁང་གི་ཆ་ཚད་དང་འགྲོ་ལམ་སོགས་ཀྱི་ཐིག་བཏབ་པའོ། སྤྱི་ལོ་1983ལ་དགོན་པའི་གཙུག་ལག་ཁང་བརྩེགས་ལྔ་ཡོད་པ་གཉེར་ཁང་དང་ཇ་ཁང་བཅས་གསར་བཞེངས་གྲུབ།
དེ་ནས་རིམ་གྱིས་གྲྭ་ཚང་ཁག་དང་ལྷ་ཁང་སོ་སོ་ལེགས་པར་བཞེངས་ཏེ། ནང་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་རྣམས་དང་། ལམ་བྲག་རྡོ་རྗེ་འཆང་བྱམས་པ་མཁས་གྲུབ། ཁང་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན། གཞན་དགེ་སྟག་རིན་པོ་ཆེ། རབ་ཚལ་རིན་པོ་ཆེ་སོགས་ཀྱི་དགོངས་པ་བཞིན། ཤང་བཅུ་ལ་ཁང་ཚན་བཅུ། བདག་གཉེར་གྲྭ་ས་བཞིན་བྱ་རྒྱུ་དང་། གྲྭ་ཤག་ཁང་མིག་དྲུག་ལས་ཆེ་མི་ཆོག་པ་བྱས། གྲྭ་པ་ཚོ་གྲངས་མང་བ་མི་གཙོ། གཙང་བ་གཙོ་བོ་བྱས། ཤམ་བཅུ་མི་དམངས་ཀྱི་རེ་འདུན་ཉན་ནས་མང་ཚོགས་ཀྱི་རེ་བ་བཞིན། གྲྭ་པ་དག་སེལ་བྱས་ཏེ་བསྟན་པའི་རྨང་བརྟན་པར་བྱས། སྔོན་གྱི་ལུགས་མདོ་སྔགས་ཕྱོགས་ཞེན་སོགས་མེད་པ་དང་། འཇམ་མགོན་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་གང་ཟག་གཅིག་གི་ཉམས་ལེན་བཞིན་གྲྭ་ཚང་གཅིག་ཏུ་བྱས་ཏེ། མདོ་སྔགས་གྲྭ་ཚང་སོ་སོར་མི་དགོས་པ་བྱས། སྤྲུལ་སྐུ་རྣམས་དགོན་པར་བཞུགས་དུས་ཚོགས་ཆོས་རར་ཕེབས་པ་ལས་གུ་ཡངས་སོགས་གཏན་ནས་མེད། དགོན་པའི་གྲྭ་ཚང་སོ་སོའི་བཤད་སྒྲུབ་སློབ་གཉེར་དང་། མཛད་སྒོ་དུས་ཆེན་སོགས་སྔོན་མ་ནང་བཞིན་ཕལ་ཆེར་ཉམས་གསོ་གྲུབ་པའོ། །ད་ལྟ་དབྱར་དགུན་སྟོན་དཔྱིད་ཀྱི་ཆོས་རྭ་ཟླ་རེ་རེ་ལ་ཡོད་པ་བྱས། གྲྭ་བ་ཚང་མའི་འདོན་ཆོག་ཚང་མ་ལོ་ལྔ་ལ་བློ་འཛིན་བྱས་ཏེ་རྒྱུགས་ཕུལ་རྗེས། ཚང་མའི་མཚན་ཉིད་ལ་སྦྱང་བརྩོན་བྱ་རྒྱུའི་སྒྲིག་ལམ་བཙུགས། གྲྭ་པ་རེ་རེའི་སྐྱབས་འགྲོའི་རྒྱུ་དང་། དགག་སྒྲུབ་ཀྱི་བསླབ་བྱ་དང་། དགེ་སློང་གི་ཕམ་ལྷག་བཅུ་བདུན། དགེ་ཚུལ་བླང་གི་འདས་སོ་དྲུག་གི་རྒྱུགས་འབུལ་བའི་སྲོལ་བཙུགས། དབྱར་གནས་སྐབས་སུ། ཡི་དམ་གྱི་[page 17] ལས་རུང་གི་བསྙེན་པ་བྱ་རྒྱུ་སོགས་ཉམས་ལེན་གཙ་བོར་བྱེད། དུས་འཁོར་སྒྲུབ་མཆོད་ཙམ་ལས་རྒྱུགས་སྤྲོད་སྒྲིག་ལམ་སོགས་ཚད་ལྡན་གྲྭ་བ་ལ་དགོན་པའི་དབང་ཡིག་སྤྲོད་པ་དང་། དེ་དག་ལ་ཟླ་རེར་ཕོག་སྤྲོད་པ་དང་། སྒྲིག་ལམ་དང་འགལ་བའི་རིགས་ལ་ཉེས་ཆད་གཅོད་པ་ཡིན། གྲྭ་ཤག་ཀྱང་བཞི་བརྒྱ་བརྒྱད་ཅུ་ལྷག་གྲུབ་ཟིན། རྒྱལ་ཁབ་ཀྱིས་ཐག་བཅད་པའི་སེར་མོ་བའི་གྲངས་ཀ་བརྒྱ་ཙམ་ཡིན་ནའང་། ད་ལྟ་དགོན་པར་དངོས་སུ་སེར་མོ་བ་དྲུག་བརྒྱ་ཞེ་བརྒྱད་(648)ལྷག་བཞུགས་ཡོད། རྒྱ་གར་དུ་ཕེབས་པ་བཞི་བརྒྱ་ལྷག་ཡོད། རྒྱ་གར་དུ་དེ་འདྲ་མང་པོ་ཕེབས་པའི་རྒྱུ་མཚན་ནི། སྔོན་མ་ལྟར་ན་གྲྭ་བ་རྣམས་དགོན་པ་འདིར་ཞུགས་ནས་འདོན་ཆོག་སོགས་བློ་འཛིན་རྫོགས་རྗེས། ཕལ་ཆེར་ལོ་ན་བཅུ་བདུན་དང་བཅོ་བརྒྱད་ཡས་མས་སུ་དབུས་གཙང་གི་གྲྭ་ས་སེ་འབྲས་དགེ་གསུམ་དང་རྒྱུད་སྟོད་སྨད་གང་རུང་ལ་ཕྱིན་ནས་ལོ་ངོ་གསུམ་བཞི་སོགས་ལ་དཔེ་ཆ་སྦྱངས་དགོས་པའི་ལུགས་སྲོལ་ཡོད་པར། ད་ལྟ་དབུས་གཙང་གི་གདན་ས་གསུམ་དང་རྒྱུད་སྟོད་སྨད་བཅས་ལ་འགྲོ་མི་ཆོག་པའི་རྐྱེན་གྱིས། རྒྱ་གར་གྱི་སེ་འབྲས་དགེ་གསུམ་དང་རྒྱུད་སྟོད་སྨད་བཅས་ལ་ཕྱིན་ནས་དཔེ་ཆ་སྦྱངས་པ་ཡིན་སྟབས། རྒྱ་གར་ལ་གྲྭ་པ་མང་པོ་ཕྱིན་པའི་རྒྱུ་མཚན་དེ་འདྲ་རེད། ནག་ཚང་སྤྲུལ་སྐུ་1985ལོ་དར་མདོར་ལས་གནས་བསྒྱུར། ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་མཆོག་ནས་དགོན་པའི་འགན་བཞེས།
སྤྱི་ལོ་1987ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་དགོན་པ་འདིར་སློབ་གྲྭ་ཞིག་བཙུགས་ཡོད། དེ་ནི་ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ཀྱིས་འགོ་འདྲེན་བྱས་ཏེ་བཙུགས་པ་ཡིན། སློབ་གྲྭ་ཡོངས་ལ་སློབ་མ་བཞི་བརྒྱ་ཞེ་གཉིས་ཡོད། དེ་ཚང་མ་དགོན་པ་རང་གི་གྲྭ་པ་ཡིན། སློབ་མ་ཆེ་བ་ལོ་སོ་ལྔ་མན་ཆད་དང་ཆུང་བ་ལོ་བདུན་བརྒྱད་ཡན་ཆད་རྣམས་ཡིན། འཛིན་གྲྭ་གསུམ་ཡོད། འཛིན་གྲྭ་དང་པོའི་སློབ་དེབ་ནི་བྱིས་པ་དག་ཡིག་སོགས་ཡིན། འཛིན་གྲྭ་གཉིས་པའི་སློབ་དེབ་ནི་སུམ་ཅུ་པ་དང་། དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་སྦྱངས་པ་སོགས་ཡིན། འཛིན་གྲྭ་གསུམ་པའི་སློབ་དེབ་ནི་རྟགས་འཇུག་དང་ལོ་རྒྱུས་སྐོར་དང་། རྟོགས་བརྗོད་སྐོར་སོགས་ཡིན། སློབ་གྲྭའི་འཛིན་གྲྭ་གསུམ་ལ་དགེ་རྒན་གསུམ་ཡོད། དེ་གསུམ་གྱི་ཟླ་རེའི་ཟླ་ཕོགས་དགོན་པ་གཞུང་ནས་སྟེར་བ་ཡིན། སློབ་མ་རྣམས་ཀྱི་ཟླ་རེའི་བསླབ་འབྲས་སྐར་གྲངས་ལྟར་བྱ་དགའ་སྟེར་བ་སོགས་སློབ་གཉེར་ལ་བསྐུལ་བའི་བྱེད་ཐབས་མང་དུ་བཀོད་ཡོད།
དེང་སྐབས་གསར་དུ་བཙུགས་པའི་དགོན་པའི་བདག་གཉེར་དོ་དམ་ཚན་ཁག་ནི། དམངས་[page 18] གཙོའི་རང་བཞིན་ལྡན་པའི་རྩ་འཛུགས་ཤིག་ཡིན། བདག་གཉེར་ཨུ་ཡོན་རྣམས་འདེམ་བསྐོ་བྱ་ཚུལ་ནི། དགོན་པའི་བདག་གཉེར་བ་དང་། ཁང་ཚན། དགེ་རྒན་རྣམས་འཚོགས་ནས་གཙོ་བོ་མི་ནུས་པ་ཅན་དང་གཞུང་དྲང་པོ་ཡིན་པ་རྣམས་འདམ། དེ་རྗེས་འདེམས་ཤོག་འཕེན་པ་དང་ལག་པ་ཡར་བཀྱགས་པའི་བྱེད་ཐབས་ལ་བརྟེན་ནས་མང་ཉུང་དང་བསྟུན་ཏེ་གཏན་ཕབ་བྱེད་པ་ཡིན། གྲྭ་པའི་སྒྲིག་ལམ་གྱི་སྐོར་ཚང་མ་ཆོས་འདུལ་བ་དང་དགོན་པའི་ནང་ཁྲིམས་ཇི་བཞིན་སྲུང་དགོས་པ་ཡིན། བླ་སྤྲུལ་སུ་ཡིན་ཡང་དམིགས་བསལ་གང་ཡང་མེད། དགོན་པའི་ཆོས་ཕྱོགས་དང་གཞན་པའི་བྱ་ལས་ཚང་མ་བདག་གཉེར་ཚན་ཁག་གི་མི་རྣམས་ཚོགས་ནས་ཐག་གཅོད་པ་ཡིན། དམིགས་བསལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་རྫོང་ནང་བསྟན་མཐུན་ཚོགས་དང་རྫོང་ཆོས་ལུགས་ལས་དོན་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཐག་གཅོད་པ་ཡིན།
དགོན་པའི་དཔལ་འབྱོར་ཐད་མང་ཚོགས་ལ་ལག་མི་བརྐྱངས་བར་རང་ཁ་རང་གསོའི་ཆེད་1982ལོར་ལྕགས་པར་ཁང་ཞིག་བཙུགས་ཡོད་པ་དང་། རྫོང་ཐོག་ཏུ་མགྲོན་ཁང་ལྔ་ཙམ་ལས་ཡོད། ཚོང་ཁང་ཆེ་ཆུང་འགའ་དང་ལྷག་པར་དུ་ལྷ་སའི་བར་སྐོར་དུ་སྒོར་ཁྲི་སོ་བརྒྱད་སྤྲད་ནས་ཚོང་ཁང་ཞིག་ཉོས་ཡོད་པ་དང་། ད་དུང་རྫོང་ཐོག་ཏུ་བཟོ་ཁང་ཞིག་བཙུགས་ཏེ་སེར་སྐྱ་རྣམས་ཀྱི་གོས་ལྷམ་སོགས་བཟོ་བ་དང་། བྱིས་པ་སྐྱོང་བའི་བུ་བཅོག་ཁང་ཞིག་དང་གྲོང་པ་དང་སེར་མོ་བ་རྣམས་ཀྱི་གཟུགས་པོ་འཁྲུ་བའི་ཁྲུས་ཁང་། དགོན་པ་གཞུང་ལ་ཕྱུགས་ཟོག་འབྲི་ཉིས་བརྒྱ་ཡོད་པ་རྣམས་འབྲོག་པ་མང་ཚོགས་རྣམས་ལ་བཅོལ་ནས་ཁོ་ཚོའི་འབྲི་རེ་ནས་ལོ་རེ་ལ་མར་རྒྱ་མ་བཅུ་གཉིས་རེ་དགོན་པ་གཞུང་ལ་སྤྲོད་དགོས། བེའུ་རྣམས་འབྲོག་པ་རང་ལ་དབང་བ་དང་། མ་རྩ་ཡལ་མི་ཆོག་པ་ཡིན། དགོན་པ་གཞུང་ལ་རླངས་འཁོར་ཆེ་ཆུང་གསུམ་ཙམ་ཡོད་པ་དེ་དག་གི་ཡོང་སྒོ་དང་། དགོན་པའི་ཉེ་འདབས་སུ་ཆུ་མགོ་སྤང་སྟེང་དུ་ས་མུའུ་བཅུ་ལྷག་ལ་ཤིང་ཏོག་ར་བ་བསྐོར་ཏེ་ཤིང་འབྲས་ཅན་གྱི་སྡོང་པོ་སྟོང་ཕྲག་གསུམ་ལྷག་བཙུགས་ཡོད་པ་དང་། དགོན་པའི་གྲྭ་པ་རྣམས་གྲོང་ཁྱིམ་དུ་ཞབས་བརྟན་སོགས་ལ་ཕེབས་ཏེ་ཡོན་གང་བྱུང་དགོན་པ་གཞུང་ལ་འབུལ་དགོས་པ་དང་། ཡོན་བདག་དབུལ་ཕྱུག་གང་ཡིན་ཡང་གྲྭ་པ་སྒེར་ལ་ཟུར་དུ་འབུལ་བ་བྱེད་མི་དགོས་པ་སོགས་སྔར་མེད་པའི་སྲོལ་བཟང་ཞིག་བཙུགས་པ་དང་། ད་དུང་ས་ཞིང་མུའུ་བརྒྱ་ཕྲག་འགའ་ཡོད་པ་སོགས་གོང་གི་དེ་རྣམས་ཀྱི་ཡོང་སྒོ་ཚང་མ་དགོན་པ་གཞུང་ལ་དབང་བས། མ་དངུལ་དེ་རྣམས་དགོན་པའི་འཛུགས་བསྐྲུན་དང་གྲྭ་པ་རྣམས་ཀྱི་འཚོ་བརྟེན་བྱེད་པ་ཡིན་ནོ། །ཞེས་[page 19] དཀར་མཛེས་དགོན་པའི་ལོ་རྒྱུས་འདི་ནི་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་རྣམས་ཕན་ཚུན་བསྡུར་ཏེ་སྐྱེས་ཡུལ་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་སྤྱི་ལོ་གོ་ལྔ་ལོའི་ཟླ་གཉིས་པའི་ཚེས་བརྒྱད་ལ་པེ་ཅིན་དུ་རྫོགས་པར་སྦྱར་བ་དགེའོ། །
༡. 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།
༢. ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་《ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ》ཞེས་པ་ལག་བྲིས་མ།
༣. སྐྱབས་རྗེ་ཚེ་བརྟན་ཞབས་དྲུང་རིན་པོ་ཆེས་མཛད་པའི་《བསྟན་རྩིས་ཀུན་ལས་བཏུས་པ》1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།
༤. 《དཀར་མཛེས་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས》ཞེས་པའི་ལག་བྲིས་མ།
༥. ཁང་དམར་པས་བསྒྲིགས་པ་《ཧོར་གྱི་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས》ཞེས་པའི་ལག་བྲིས་མ།
༦. ༡༩༦༢ལོར་འཕགས་ཡུལ་ནས་བསྒྲིགས་པའི་《དཀར་མཛེས་དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་ཐོ་བཀོད》བྱ་བའི་ལག་བྲིས་མ།
༧. འཕགས་ཡུལ་ནས་ཐོན་པའི་དཀར་མཛེས་དགོན་པའི་ལོ་རྒྱུས་ཤོག་དྲིལ་མ།
༨. 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས》ཞེས་པ། ༡༩༨༦ལོར་ཡ་ཨན་པར་འདེབས་བཟོ་གྲྭ་ནས་བཏོན།
༩. 《དཀར་མཛེས་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག》བྱ་བ་༡༩༨༨ལོར་དཀར་མཛེས་ཚགས་པར་བཟོ་གྲྭ་ནས་བཏོན།
༡༠. ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་རྣམ་ཐར་ལག་བྲིས་མ་པོབ་གཅིག
༡༡. དགའ་ལྡན་གསེར་ཁྲི་དགུ་བཅུ་པ་ཤཱཀྱའི་དགེ་སྦྱོང་བྱམས་པ་ཆོས་གྲགས་ཀྱིས་མཛད་པའི་《ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་》ཤིང་པར་མ།
༡༢. དཀར་མཛེས་རྫོང་དང་ཁུལ། སི་ཁྲོན་ཞིང་ཆེན་གྱི་ཡིག་ཚགས་ཁང་བཅས་ནས་འབྲེལ་ཡོད་ཀྱི་ཡིག་ག་ཇི་སྙེད་དང་། དཀར་མཛེས་དགོན་པའི་བླ་རྒན་རྣམས་དང་ཁང་གསར་སྐྱབས་མགོན་དང་ནག་ཚང་སྤྲུག་སྐུ་བྱམས་པ་ངག་དབང་སོགས་ངག་ཐོག་ནས་རྩད་གཅོད་ཞིབ་དྲི་ཞུས་པ་རྣམས་སོ།།[page 20]
བེ་རི་དགོན་པའམ་བེ་རི་དཔལ་ལྡན་འགྲོ་ཕན་གླིང་ནི། དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་གཉིས་ཀྱི་ས་མཚམས་གསེར་མཁར་ཆུས་གསེར་མཁར་ཞང་གི་མངའ་འོག་ཏུ་ཆགས་ཡོད། བོད་ཀྱི་རབ་བྱུང་བཅུ་པའི་ས་བྱི་སྤྱི་ལོ་༡༦༤༨ལོར་སངས་རྒྱས་སྨན་བླའི་རྣམ་འཕྲུལ་ཨེམ་ཆི་ངག་དབང་ཡེ་ཤེས་ཀྱིས་བཏབ་པའི་གྲུབ་མཐའ་དགེ་ལུགས་པ་ཡིན།
དེ་ནས་སྔར་གྱི་དུས་ངེས་མེད་ཞིག་ལ་བླ་རྒན་ཞིག་གཙང་ཆུའི་སྲིབ་འགྲམ་ནས་བརྒྱུད་པའི་སྐབས་སུ། ཁོང་གིས་ཉིན་ངོས་ཀྱི་བྲག་རི་མཐོང་ཙ་ན། ཐུགས་སུ་གནས་འདི་ཡ་མཚན་ཆེན་པོ་འདུག རྒྱབ་རི་བྱ་ཁྱུང་ཆེན་གྱི་གཤོག་སྒྲོ་བརྐྱངས་འདྲའི་སྙིང་དབུས་སུ་ནོར་བུའི་ཐིག་ལེ་བཤམས་པ་ལྟ་བུ་ལ་དགོན་པ་ཞིག་བཏབ་ན་ཅི་མ་རུང་སྙམ་སྟེ། རི་བོ་དེའི་གཡོན་གྱི་གོང་རོལ་ན་དགེ་ལེགས་རྟག་བརྟན་ཟེར་བའི་རི་ཁྲོད་ཆུང་ངུ་ཞིག་ཡོད་པ་དེར་མཚམས་ལ་བཞུགས་པར་མ་ཟད། དེར་བཞུགས་སྨྱུང་གནས་པ་དེ་ལ་སྐུལ་སློང་གིས་རི་བོ་ཁྱུང་གི་གཙུག་ཏོར་ལ་ལབ་རྩེ་དང་ནོར་བུའི་ཐིག་ལེ་ལ་དགོན་པ་བཞེངས་སུ་བཅུག དེ་ནས་ད་བར་དུ་དགོན་པ་འདིར་ས་གཡོ་རྒྱུགས་ཐེངས་དུ་མའི་གཏོར་བཤིག་ཐེབས་པས་བཤད་སྲོལ་ལྟར་ན། དེ་ནི་དགེ་རྟག་སྨྱུང་གནས་པས་བླ་རྒན་གྱི་བཀའ་བཞིན་དགོན་པའི་ཆགས་གནས་ནོར་བུ་ཐིག་ལེའི་ཐོག་ཏུ་མ་འཁེལ་བར་ཁྱུང་ཆེན་གཤོག་སྒྲོ་གཡས་འདབ་ལ་བཏབ། གཤོག་སྒྲོ་ནི་རྟག་པར་གཡོ་བཞིན་ཡོད་པས་ས་གཡོ་མང་བ་ནི་དེའི་རྒྱུ་མཚན་ཡིན་པར་སྐད། སྐབས་དེར་ཤིང་ཆ་སོགས་ཀྱི་སྦྱིན་བདག་ལ་ཡུལ་ལུང་ལྷ་རི་བྱ་རྒོད་ཚང་ཕེབས་ནས་ལྷ་ཁང་དཔེ་མི་སྲིད་པ་ཞིག་བཞེངས་ཐུབ་པ་བྱུང་བས་དེ་ནི་ད་ལྟའི་འདུ་ཁང་གི་གཞི་ཡིན།
བེ་རི་ཞེས་པ་ནི་སྔོན་ཆབ་མདོའི་ཕྱོགས་ཀྱི་ཉེ་སྐོར་ཞིག་ན། མཐོ་བེ་རི་ཟེར་བའི་ས་ཆ་ན་བེ་རི་ཟེར་བའི་དཔོན་རྒྱུད་ཅུང་ཟད་ཆེན་པོ་ཞིག་ཡོད། སྐབས་དེའི་དཔོན་པོ་ས་འགོ་དོན་གྲུབ་རྡོ་རྗེ་﹙ལ་ལས་བེ་རི་རྒྱལ་པོ་དོན་ཡོད་ཀྱང་ཟེར﹚ནི་བོན་པོ་ཁོ་ན་ལ་དགའ་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གནག་ཕྱིར། གོ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱིས་ས་ཡོས་སྤྱི་ལོ་1639ལོའི་ཧོར་ཟླ་ལྔ་པའི་ནང་དུ། དཔུང་ཚོགས་[page 21] དང་བཅས་པ་བེ་རིའི་སྟེང་དུ་བྱོན་ནས་མངའ་འབངས་ཕལ་ཆེར་བླངས། བེ་རི་རྒྱལ་པོ་ཕྱོགས་གཞན་དུ་བྲོས། ལྕགས་འབྲུག་སྤྱི་ལོ་1640ལོའི་ཧོར་ཟླ་བཅུ་པའི་ཉེར་ལྔ་ལ་བཟུང་སྟེ་ཁྲི་མོན་དུ་བཅུག དཔོན་རྒྱུད་དེ་རུ་ས་མ་ཚུགས་པས་ཁྱིམ་མི་ཁ་ཤས་དང་གྲྭ་པ་ཁ་ཤས་ཐོར་ནས་འདིའི་ཕྱོགས་སུ་﹙དཀར་མཛེས་ལ་གོ་དགོས﹚དུམ་བུ་གཅིག་བྱུང་ཙ་ན། མཚོ་ཁའི་རྒྱལ་པོ་ལུང་གིས་བེ་རི་སྡེ་བ་ཆགས། དེ་དུས་བེ་རིའི་དཔོན་དོན་འགྲུབ་ནོར་བུ་ཟེར་བ་ཞིག་ཡོད་པས་དེའང་བོན་ཆོས་ལ་སེམས་པ་ཞིག་ཡིན་ཕྱིར། སྔར་དགེ་རྟག་སྨྱུང་གནས་པས་བཏབ་མཛད་པའི་ལྷ་ཁང་དེ་སྦྱིན་བདག་ཆེན་པོས་བདག་པོ་བྱས་ཏེ་བོན་ལུགས་ཀྱི་ཚུལ་དུ་བཅོས། བེ་རི་ཞེས་དགོན་མིང་དེ་དུས་བྱུང་། དེའི་ཉེ་སྐོར་ན་ཀུན་འགྲོ་འཇའ་ཚོན་སྙིང་པོས་གདན་ས་སྤོས་ནས་བཏབ་མ་ཐག་ཡིན་པའི་གཡུང་དྲུང་གླིང་དུ་བོན་གྱི་རིང་ལུགས་ཁོ་ན་མཆོད་པའི་རྒྱུ་མཚན་གསན་ཏེ། འཇའ་ཚོན་སྙིང་པོས་ལྷ་མོའི་ཕུག་ནས་བླངས་པའི་རྩ་གསུམ་གཏེར་ཆོས་རྒྱལ་པོའི་ཆོས་སྐལ་ཡིན་ཟེར་ནས་ཕུལ། དེ་ནས་བཟུང་བེ་རི་ཚང་གིས་གཡུང་དྲུང་དགོན་དུ་ལོ་རེ་བཞིན་རྩ་གསུམ་གྱི་ཆོ་ག་དུས་མཆོད་ལྟར་ཉིན་བདུན་བར་ཚོགས་པ་མ་ཟད། རྒྱུན་དུ་སྒྲུབ་མཆོད་ཀྱང་བོན་ལུགས་ཤ་སྟག་ཡིན། དེའི་སྐབས་སུ་བེ་རི་རང་གི་གདུང་རྒྱུད། སངས་རྒྱས་སྨན་བླའི་རྣམ་སྤྲུལ། ཨེམ་ཆིའམ་ལྷ་རྗེ་ངག་དབང་ཡེ་ཤེས་ཟེར་བ་སངས་རྒྱས་ཆོས་ལ་སྙིང་རུས་ཆེ་བ་ཞིག་ཕེབས་ནས་དཀར་མཛེས་དགོན་གྱི་གྲྭ་སར་ཞུགས། དེ་ནས་ཁོང་རྒྱ་རིགས་ས་ཁུལ་སོགས་སེར་པོའི་ལག་རྩལ་མཛད། གནམ་བསྐོས་གོང་མ་ཆེན་པོའི་གསེར་ཡིག་ཕྱག་ཏུ་ཕུལ་ནས་རྒྱལ་སྲིད་དང་ཆོས་སྲིད་གཉིས་ཀྱི་བདག་པོ་བྱེད་ཆོག་པར་མཛད། སྔར་དགེ་རྟག་སྨྱུང་གནས་པས་བཏབ་པའི་ལྷ་ཁང་དེའི་འགྲམ་ན་གསེར་མཁར་གནམ་ར་ནང་ཟེར་བའི་དུད་ཚང་ཞིག་གི་གྲོ་ཞིང་ཡོད། ཁོང་གིས་དེ་ན་བྱམས་ཁང་ཞིག་བཞེངས་དགོས་དགོངས་ནས་ཞིང་བདག་ཚེ་རིང་མགོན་པོ་ལ་ཁྱོད་ཀྱི་ཞིང་ནང་དུ་ངས་བྱམས་ཁང་ཞིག་བཞེངས་དགོས་ཞེས་གྲོས་བསྡུར་བྱེད་སྐབས། ཁོ་ན་རེ། ཁྱེད་ཀྱིས་གསུངས་པ་དེ་ངའི་བློ་ལ་མི་བབ་པ་གང་ཡང་མེད་ཟེར་ནས་ས་ཞིང་ཁོང་ལ་ཕུལ་བར་མ་ཟད། སྦྱིན་བདག་ཀྱང་བྱེད་ཟེར་ནས་གསེར་གཞོང་པ་གང་ཕུལ། བས་དེ་ནས་ཏུ་བྱམས་ཁང་བཞེངས་པ་ད་ལྟའི་བྱམས་ཁང་འདི་ཡིན་ནོ། ཤིང་ཆ་ཚང་མ་ནི་གཙང་ཆུ་ཕར་རོལ་གྱི་ནགས་བརྒྱ་ཁུག་ནས་འདྲེན་པ་ཡིན་པས་ད་ལྟ་ནགས་མང་པོ་མེད། དེ་ནས་ཁོང་གིས་ཞྭ་སེར་བསྟན་པའི་ཆོས་སྡེ་བཙུགས་ནས་སྐྱོང་བ་ལ། དགོན་མིང་ནི་སྔར་བཞིན་རང་རུས་སྦྱར་ཏེ་འབོད། དེའི་དུས་ཚོད་ནི་ཁོང་གི་མཛད་སྤྱོད་སོགས་ལ་བརྟག་ན། ཕལ་ཆེར་སྤྱི་ལོ་1649ཙམ་ཡིན་པར་སྙམ་ཏེ། དཀར་མཛེས་རྫོང་གི་མངའ་འོག་ཏུ་ཡོད་པའི་ཞྭ་སེར་བསྟན་པའི་ཆོས་སྡེ་དག་ལས་སྟོང་འཁོར་དགོན་པའི་འཕྲོས་ཡིན་པར་འདོད། ཡིན་ནའང་བེ་རི་རྒྱལ་པོ་བཙན་ཤེད་ཆེ་བའི་དབང་གིས་ཁྱིམ་རྒྱུད་ནང་གི་བར་གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་གླེང་བྱུང་སྟབས་ཆོས་སྡེ་འདི་འཕེལ་རྒྱས་ཆེར་འགྲོ་མི་ཐུབ་པའི་སྐབས་[page 22] དེར། རི་བོ་དགེ་ལུགས་པའི་སྦྱིན་བདག་ཆེན་པོ་གོ་ཤྲཱི་བསྟན་འཛིན་ཆོསར་རྒྱལ་སྐུ་གཤེགས། ཁོང་གི་དགོངས་རྫོགས་སུ་ཀུན་མཁྱེན་ལྔ་པའི་དངོས་སློབ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་པའི་སྤྱན་སྔར་དམ་བཅའ་ཕུལ་ཏེ། བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་སྤྱི་ལོ་1662ལོར་ཧོར་དགོན་སྡེ་བཅུ་གསུམ་བཏབ་པའི་གྲལ་དུ་བེ་རི་དགོན་པ་སླར་ཡང་ཉམས་གསོ་མཛད་དེ་བཅའ་ཁྲིམས་གཏན་ལ་ཕབ་པ་དང་ཁོང་གིས་བདག་པོ་བྱས་ཏེ། མཚན་ལའང་བེ་རི་དཔལ་ལྡན་འགྲོ་ཕན་གླིང་ཞེས་བཏགས་པ་མ་ཟད། དགོན་པ་འདི་དགེ་ལུགས་པའི་དགོན་པའི་སྦྱིན་བདག་ཡིན་ཞེས་གསུངས་བ་ལ། ལ་ལས་སྦྱིན་བདག་དགོན་པ་ཞེས་ཀྱང་འབོད་སྲོལ་མཆིས་ཟེར། ལྷག་པར་དུ་བེ་རི་རྒྱལ་པོ་ནི་ཀུན་མཁྱེན་བླ་མའི་ཐུགས་རྗེ་ལས་ཆོས་ཀྱི་སྙིང་པོ་རྟོགས་པའི་ནང་བསྟན་གྱི་ཆོས་སྒོ་ལ་ཡང་དག་ཞུགས་པར་མ་ཟད། བེ་རི་དགོན་པའི་སྦྱིན་བདག་མཛད་དེ་ཀུན་གྱིས་བསྔགས་འོས་དང་བཀུར་འོས་ཀྱི་གནས་སུ་གྱུར། སྟོབས་འབྱོར་མངའ་ཐང་ཡང་ཤིན་ཏུ་རྒྱས་སྟབས་མཚན་སྙན་རླུང་གིས་གཡོ་བ་ལྟར་ཕྱོགས་ཀུན་ཁྱབ་པར་གྱུར་ཏོ། དེ་ནས་བཟུང་བེ་རི་རྒྱལ་དགོན་པ་འདི་དགེ་རྟག་སྐུ་ཕྲེང་རྣམས་ཀྱིས་སྐྱོང་བ་ཡིན་ནོ།
དེའང་ལ་ལས་བེ་རི་དགོན་པ་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བཏབ་པ་ཡིན་ཟེར་བ་དེ་ཅུང་མི་འགྲིག་པར་སྙམ། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་བེ་རུ་ལྷ་རྗེ་ཟེར་བ་དེ་ནི་དགོན་གནས་འདི་གའི་﹙དཀར་མཛེས་ལ་ཟེར།﹚ གྲྭ་རྒྱུན་ཡིན་འདུག བེ་རུ་དགོན་པ་དགེ་ལུགས་པའི་སྦྱིན་བདག་ཡིན་ཞིང་། ཧོར་ཆོས་རྗེ་ཉིད་ཀྱིས་ཞལ་གསོ་མཛད་པ་ཡིན་འདུག ཅེས་གསུངས་པ་འདི་ལས་གསལ་བས་ཧོར་དགོན་སྡེ་བཅུ་གསུམ་གྱི་ནང་ཚན་བཅུ་གཅིག་པ་བོན་རི་འགྲོ་ཕན་གླིང་ཟེར་བ་ནི་སྐབས་དེར་ཞལ་གསོའི་སླད་དུ་གྲངས་ཀ་ཙམ་བགྲང་བ་ཡིན་ཏེ། བཏབ་མཁན་དངོས་ནི་ཁོ་བོས་གོང་དུ་བཤད་པ་ལྟར་ལྷ་རྗེ་ངག་དབང་ཡེ་ཤེས་འདི་པ་ཡིན། ཁང་དམར་གྱིས་བེ་རི་ལྷ་རྗེ་བྱ་བ་བྱུང་། དེ་ཡང་དཀར་མཛེས་དགོན་གྱི་གྲྭ་རྒྱུན་ཡིན་པར་འདུག དེའི་བེ་རི་དགོན་པ་འགྲོ་ཕན་གླིང་འདི་བཏབ་སྟེ་དགེ་ལྡན་བསྟན་པའི་སྦྱིན་བདག་ཏུ་གྱུར་པ་ཡིན་ཞེས་བཤད་འདུག དེ་ལྟར་ན་བེ་རི་དགོན་པ་འདི་དགོན་སྡེ་བཅུ་གསུམ་གྱི་གྲལ་དུ་མ་བརྩིས་པ་འདྲ་ཞེས་གསུངས་པ་འདི་ལ་བདེན་ཚིག་ཅུང་འདུག་སྙམ། ལྷག་ཏུ་དེང་དགོན་པ་འདིས་ཉར་ཚགས་བྱས་ཡོད་པའི་གོས་ཆེན་དམར་ནོ་མཐའ་རྒྱན་གྱི་དར་གོས་ཆེན་སེར་པོ་གྲུ་བཞི་ཞིག་ལ་འདི་ལྟར་བཀོད་ཡོད་དེ། གནམ་བསྐོས་འཇམ་པའི་དབྱངས་གོང་མ་བདག་པོ་ཆེན་པོའི་ལུང་གི་མཁན་པོ་པཎྚི་ཏར་འབོད་པའི་ཡི་གེ་སྐྱེ་དགུ་སྤྱི་དང་། མདོ་ཁམས་སྨད་གི་﹙ཀྱི་﹚མཆོག་དམན་མཐའ་དག་གི་﹙གིས་﹚ངེས་དགོས། བེ་རི་དགོན་འདི་ཐོག་མར་བེ་རི་ཨེམ་ཆིའི་﹙ཆིས་﹚བཏབ་པ་ནས་བཟུང་། ད་ལྟ་མཁན་པོ་བླ་མ་དགེ་ཤེས་བཤེས་ཚོགས་སྤུན་འབྲེལ་གྱི་བར། ཐོག་མར་ནས་གོང་མ་ཆེན་པོའི་བཀའ་བསྩལ་དང་མཐུན་པའི་ཞྭ་སེར་གྱི་སྟོན་﹙བསྟན﹚པ་དྲི་མ་མེད་པའི་སྲོལ་བཟུང་ནས་[page 23] གོང་མ་ཆེན་པོའི་ཞབས་བརྟན་﹙རྟེན་﹚སྒྲུབ་མཁན་ཡིན་པར་བརྟེན། ཁོ་པ་སྤུན་ཚ་བོ་﹙བུ་﹚རྒྱུད་བཅས་ཀྱི་﹙ཀྱིས﹚འཛིན་ཅིང་བདག་པས་གཞི། ས་ཆ། མི་སེར། གྲྭ་རྒྱུན་ཡོང་འབབ་སོགས་ལ་སུའི་ཐད་ནས་གནོད་འཚེ་བྱེད་མི་ཆོག པའི་ཏ་﹙ཏཱ﹚ལའི་བླ་མ་གོང་མ་ཇི་མ་བཞིན་གྱི་བཀའ་གདམས་རིམ་པ་འདུག་པས་དེ་དོན་བཞིན། བེ་རི་དགོན་འདི་རང་གི་མངའ་འོག་གི་དཀོར་ས་གྲྭ་རྒྱུན་ཡོད་རིག་﹙རིགས﹚སོགས་སྔ་སོར་གྱི་སྲོལ་གང་ཡོད་ལ། སུས་ཀྱང་གནོད་འགལ་བྱེད་མི་ཉན་པས། དེ་དོན་ལ་འདི་ག་ནས་བཀའ་ཤོག་རྒྱབ་གནོན་སྟེར་བ་ཡིན། ཁྱེན་﹙ཆན﹚ལུང་ཁྲིར་བཞུགས་དགོངས་ལོ་ཞེ་གསུམ་པ་ས་ཁྱི་ཟླ་བ་བཞི་པའི་ཚེས་བཅུ་ལ་ཀྭང་ཧྭ་ནས་བྲིས། ཅེས་ཐམ་ཀ་ཆེན་པོ་དང་བཅས་པ་བཞུགས་ཡོད་པ་འདི་ལས་ལོ་རྒྱུས་ཀྱི་ཁུངས་མཚོན་ཐུབ་པར་གྱུར།
དགོན་པ་འདི་ཉིད་དགོན་ཁག་གཞན་དང་མི་འདྲ་བ་མཚན་གྱི་ཐོག་ནས་འབོད་ཚུལ་དུ་མ་ལྡན་ཏེ། ལ་ལས་དགོན་པ་འདི་པད་མའི་འདམ་མ་རྒྱས་པ་ལྟ་བུའི་རི་བོའི་ཕང་པར་ཆགས་ཡོད་པས་པད་རི་དགོན་ཞེས་བརྗོད་པ་དང་། ལ་ལས་དགོན་པ་འདི་ཐོག་མར་གཡུང་དྲུང་བོན་གྱི་རུ་ཞིག་ཡིན་ཕྱིར། བོན་རུ་ཞེས་བརྗོད་པ་ཡིན་ཟེར་སྐད། འབོད་ཚུལ་འདི་གཉིས་བརྗོད་བྱ་དོན་གྱི་སྒོ་ནས་བརྡ་དཀྲོལ་ཏེ་བརྗོད་པས། ལྷག་ཏུ་བོན་རུ་ཞེས་སྔར་དགོན་པ་འདིར་དངོས་བྱུང་ཚུལ་དུ་ཚུལ་དུ་ཧ་ཅང་འདྲ་ཆགས་པོའི་སྒོ་ནས་བཏགས་པ་འདི་ནི་འདྲ་བཟོས་ཙམ་ལས། མཚན་དངོས་ནི་ཐུན་མོང་དུ་འདོད་པའི་བེ་རི་ཞེས་པ་འདི་ཡིན། དེ་ནི་གོང་དུ་བཤད་པ་བཞིན་བར་ཁམས་སུ་ཡོད་པའི་དཔོན་རྒྱུད་ཅུང་ཆེ་བ་ཞིག་གི་རུས་མིང་ཡིན་ཏེ། ཕྱིས་སུ་ཕྱོགས་འདིར་འཁྱར་ནས་དཔོན་ཚང་དེ་དང་དེའི་གདུང་རྒྱུད་ཀྱིས་དགོན་པ་སྔ་ཕྱིར་བདག་ཅིང་བཏབ་པ་ཚང་མར་རང་རུས་སྦྱར་བས་དེ་སྐད་བྱུང་བ་ནི་མ་ནོར་ཚིག་གི་བདེན་དཔང་ཐུབ་བོ། གཞན་ཡང་པད་རུ་དང་བོན་རི། བེ་རུ་ཞེས་འབྲི་སྲོལ་མང་པོ་དེ་དག་ཀྱང་ནོར་བ་ཡིན། རྒྱ་ཡིག་ལ་སྒྲ་སྒྱུར་གྱིས་白利ཞེས་པ་དང་白日ཞེས་འབྲི་སྲོལ་གཉིས་ཡོད་ཀྱང་། མང་བས་白利ཞེས་འབྲི་བཞིན་ཡོད་པས་དེ་བཞིན་དུ་ཕྱིས་སུ་ཀུན་གྱིས་བོད་རྒྱ་ཡི་གེ་གཉིས་ཀར་འབྲི་སྲོལ་འདི་ལྟར་བྱ་དགོས་སོ།
སྤྱིར་དགོན་པ་འདི་ལ་སྤྲུལ་སྐུ་གཅིག ཁྲི་པ། དགེ་བསྐོས། དབུ་མཛད། སྤྱི་པ། སྤྱི་སོ་སོགས་ཀྱི་ལས་སྣེ་ཡོད་དེ། [page 24] སྤྲུལ་སྐུ་ནི་དགོན་པའི་བསྟན་པའི་བདག་པོ་ཡིན། སྤྲུལ་མིང་ནི་རི་ཁྲོད་ཀྱི་མིང་ལས་བྱུང་སྟེ་ད་བར་དུ་སྐུ་ཕྲེང་དྲུག་ཙམ་བྱོན། སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་དང་། གཉིས་པ་ཀུན་དགའ་ཡེ་ཤེས། གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། བཞི་པ་བློ་བཟང་དྲི་མེད་བསྟན་འཛིན། ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས། དྲུག་པ་བློ་བཟང་རྣམ་རྒྱལ་ཆོས་ཀྱི་ཉི་མ་﹙ད་ལྟ་བཞུགས་ཡོད﹚སོགས་སྐུ་ཕྲེང་རིམ་བྱོན་གྱིས་གཙུག་ལག་ཁང་ཞིག་གསོ་དང་ནང་གི་སྐུ་གསུང་ཐུགས་རྟེན་གསར་བཞེངས་རྒྱ་ཆེར་མཛད་ཅིང་། འདུལ་ཁྲིམས་དག་གཙང་བྱས་ཏེ་དགོན་པའི་བཅའ་ཡིག་དང་སྒྲིག་སྲོལ་ལམ་ལུགས་ཆ་ཚང་མཛད་ནས་མདོ་སྔགས་ཟུང་འབྲེལ་གྱི་དགོན་པ་ཇེ་རྒྱས་སུ་བཏང་། དེ་ལས་ལྷག་ཏུ་ཐུན་མོང་མ་ཡིན་པ་ནི་དགེ་རྟག་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས་ཀྱིས་ཐུགས་སྐྱོང་མཛད་འོག དགོན་པ་འདིས་དམར་དམག་རྒྱང་སྐྱོད་སྐབས་སུ་དམར་དམག་གི་དམག་ཕྱོགས་ཨང་གཉིས་པ་དང་ཨང་བཞི་པ་སྔོན་རྗེས་དཀར་མཛེས་ས་ཁུལ་ནས་བརྒྱུད་སྐབས་རྒྱབ་སྐྱོར་ཆེན་པོ་མཛད། ལྷག་པར་དུ་དགེ་རྟག་སྤྲུལ་སྐུ་ཁོང་ཀྲུའུ་ཏེ་ཙུང་སི་ལིང་དང་མཇལ་འཕྲད་གནང་ནས་གླེང་མོལ་རྒྱ་ཆེར་མཛད། བེ་རི་དགོན་དང་བླ་གྲྭ་སྦྱིན་བདག་ཕྱོགས་གསུམ་ཁོ་ནས་ཁྱོན་བསྡོམས་རྟ་དྲེལ་སུམ་ཅུ་ལྷག གཡག་ཉིས་བརྒྱ་ལྷག བོང་བུ་སུམ་ཅུ་ལྷག སྦྲ་གུར་སུམ་ཅུ་ལྷག མེ་ཆ་ལྔ་བཅུ་ལྷག སྒྲོ་བ་བཞི་བརྒྱ་ལྷག ཁོལ་མོ་ཆིག་བརྒྱ་ལྷག འབྲུ་རིགས་རྒྱ་མ་ཆིག་ཁྲི་ལྷག མར་རྒྱ་མ་ཆིག་སྟོང་ལྷག་བཅས་དངོས་ཐོ་བཀོད་དེ་དམར་དམག་གི་སི་ལིང་པུའུ་ལ་ཕུལ་བ་མ་ཟད། སྐབས་དེའི་རྨས་མ་ཚབས་ཆེན་རྣམས་དགོན་པ་ལ་ཉར་ནས་སྨན་བཅོས་མཛད་པ་དང་། ལ་ལ་དུད་ཚང་ཁག་ཏུ་སྦས་སྐུང་བྱས། མིང་ཡང་བོད་མིང་དུ་བསྒྱུར་ཏེ་གསོས་པས། དམར་དམག་རྒྱང་སྐྱོད་རི་འགོག་ཆེད་དུ་རྒྱལ་ཁའི་ངང་ལམ་དུ་ཆས་པར་རོགས་སྐྱོར་བསམ་གྱིས་མི་ཁྱབ་པ་དང་དུས་དང་རྣམ་པ་ཀུན་ལ་ཕན་པའི་མཛད་པ་རླབས་ཆེན་བསྐྱངས་སོ། །
2 དེ་ནས་ཁྲི་པ་ཕེབས་ཚུལ་ལ་ཐོག་མར་ཕར་ཀ་དགེ་བཤེས། དངོས་གྲུབ། དགེ་བཤེས་ཆོས་དབང་། དགེ་བཤེས་རྣམ་རྒྱལ། དགེ་བཤེས་གཉེར་གཙང་། དགེ་བཤེས་རིན་ཆེན་ལྷུན་གྲུབ། དགེ་བཤེས་སྐལ་བཟང་དར་རྒྱས། དགེ་བཤེས་བློ་བཟང་ཡེ་ཤེས། ཁྲི་ཟུར་ཚེ་རིང་། ཁྲི་ཟུར་བློ་བཟང་རིན་ཆེན། སངས་རྒྱས་དོན་གྲུབ། ཕུན་ཚོགས་འཆི་མེད། དབང་ཕྱུག་ཕུན་ཚོགས། བློ་བཟང་ཐབས་མཁས་﹙ད་ལྟ་འདི་པ་ཡིན﹚སོགས་ཡིན།
3 དེ་ནས་བྱང་འདྲེན་ཕེབས་ཚུལ་ལ་ཐོག་མར་པད་མ་དོན་གྲུབ་དང་། དེ་ནས་ཚེ་རིང་། པད་མ་སངས་རྒྱས། བློ་བཟང་ཆོས་འཕེལ། ཡེ་ཤེས་ཚེ་རིང་། བློ་བཟང་རིན་ཆེན། ཚངས་དབྱངས་དོན་གྲུབ། [page 25] སངས་རྒྱས་དོན་གྲུབ། འགྱུར་མེད། ཚུལ་ལི། བློ་བཟང་ཆོས་དར། ཚེ་རིང་ཆོས་འཕེལ། ཐབས་མཁས། འཆི་མེད་རྡོ་རྗེ། བྱམས་པ་མཁས་གྲུབ། བློ་བཟང་ཚུལ་ཁྲིམས་སོགས་ལོ་རྒྱུས་བཤད་པ་པོ་རྣམས་ཀྱི་དྲན་ཚད་ཙམ་བཀོད་པ་ཡིན་ཏེ། ད་དུང་འབྲི་མ་ཐུབ་པ་མང་པོ་ལྷག་ཡོད། དེ་དག་ལས་བཀའ་དྲིན་ཡངས་ཤིང་མཚན་སྙན་གྱི་བ་དན་གཡོ་བ་ནི་ལྷ་རམས་པའི་དགེ་བཤེས་ཨང་དང་པོ་དངོས་གྲུབ་ཟེར་བ་དེ་ཉིད་ཡིན་ནོ། དེ་ཡང་གསལ་དགོས་པ་ནི་འདིའི་ཁྲི་པ་དང་མཁན་པོ་དོན་གཅིག་ཡིན། བྱིངས་འདྲེན་ནི་ང་ཚོས་རྟག་པར་ཟེར་བའི་དབུ་མཛད་ཡིན། གཞན་ཡང་དགེ་བསྐོས་དང་སྤྱི་པ། སྤྱི་སོ་སོགས་ཡོད་པ་དེ་དག་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཞིང་དགོན་པ་ལ་ཞབས་ཕྱི་སྒྲུབ་མཁན་ཤ་སྟག་ཡིན།
དེ་དག་གི་ཐོབ་ཐང་དང་འགན་བཞེས་ཚུལ་ནི། སྤྲུལ་སྐུ་ནི་དགོན་པའི་བསྟན་པའི་བདག་པོ་ཡིན་ཏེ་འདུ་ཁང་ནང་གི་བཞུགས་ཁྲི་མཐོ་ཤོས་ནི་ཁོང་གི་ཡིན། དེ་འོག་ཁྲི་པའི་བཞུགས་ཁྲི། དེ་ནས་བྱང་འདྲེན་གྱི་བཞུགས་ཁྲི། དེ་ནས་ཁྲི་ཟུར་གྱི་བཞུགས་ཁྲི། དེ་ནས་ཁྲི་པ་དགེ་བསྐོས་དབུ་མཛད་རྒན་པ་རྣམས་ཀྱི་བཞུགས་ཁྲི་སོགས་ཡོད། དེའང་ཁྲི་པ་ནི་ཅིས་ཀྱང་གྲྭ་ས་ནས་དགེ་བཤེས་ཀྱི་ཐོབ་ཐང་བླངས་པ་ཞིག་ཡིན་དགོས་པར་མ་ཟད། དགོན་པ་འདི་ལས་མཁས་པའི་རྩེ་མོར་སོན་ཞིང་འདུལ་ཁྲིམས་ཀྱི་ལུགས་ལ་ཧ་ཅང་མཁས་པའི་ཚུལ་ལྡན་གྱི་གྲྭ་བཙུན་ཞིག་ཡིན་དགོས། ཁྲིར་འཁོད་རྗེས་དགོན་པའི་བྱ་བ་ཐམས་ཅད་ཀྱི་གཙོ་འགན་བཞེས་ནས་ཁྲི་ཐོག་ལོ་གསུམ་རེ་བཞུགས་དགོས། བྱང་འདྲེན་ནི་དེ་བཞིན་ཚུལ་དང་ལྡན་པའི་གྲྭ་བཙུན་ཞིག་ཡིན་དགོས་པ་མ་ཟད། གྲྭ་ས་ནས་ཚུར་ཕེབས་སྐབས། དགོས་པའི་ཆོས་ཐོག་ནས་རྒྱུགས་སྤྲོད་དགོས་ལ། ཕེབས་པའི་དུས་ཚོད་སྔ་གཞུག་ལྟར་འདེམས་བསྐོ་བྱ་དགོས། འདི་པའི་གཙོ་བོ་འདོན་ཆོག་བྱང་ཞིང་དབྱངས་རྟ་མཛེས་དགོས་པར་མ་ཟད། རྒྱུན་ཚོགས་དང་ལྷག་པར་དུ་དུས་མཆོད་ཀྱི་འདོན་ཆོག་སྐུལ་མཁན་ཡིན། མདོར་ན་ཆོས་ཚོགས་ཀྱི་དཔོན་པོ་ཡིན། དགེ་བསྐོས་ནི་དགུང་ལོ་སོན་ཞིང་འདུལ་ཁྲིམས་ལ་མཁས་པའི་གྲྭ་བཙུན་དྲུག་ཙམ་གྱི་མིང་ཐོ་བཀོད་རྗེས། བེ་རི་ཚང་གིས་ཐག་གཅོད་དགོས། འདི་བ་ལས་འགན་ལྗིད་པས་དགོན་པའི་བཅའ་ཁྲིམས་མཐིལ་ཕྱིན་སྒོས་ཕྱག་ལེན་ལྷོད་མེད་མཛད་དེ་ལོ་གཅིག་ཙམ་བཞུགས་དགོས། ལོ་རེའི་དགའ་ལྡན་ལྔ་མཆོད་ཚེས་ཉི་ཤུ་ལྔ་ཉིན་དགེ་བསྐོས་གསར་པ་ལ་ལས་འགན་སྤྲད་ནས་དགོངས་ཞུ་ཐོབ། དེ་ནས་སྤྱི་པ་ཟེར་བ་ནི་དགོན་པ་ལ་སྤྱི་སེམས་ཆེ་བའི་གྲྭ་བཙུན་ཞིག་ཡིན་དགོས་པས་བདག་གཉེར་མཁན་ཡིན། ལོ་རེའི་དགའ་ལྡན་ལྔ་མཆོད་དང་དགུ་གཏོར། ལྕགས་མཁར། སྒོ་གཡེང་སོགས་ཀྱི་འགྲོ་སོང་གཏོང་དགོས། གྲྭ་པ་གཉིས་ཙམ་ཡོད་པས་ལོ་གཉིས་ལ་འགན་བཞེས་དགོས། དེ་ནས་སྤྱི་སོ་ནི་ཚན་ཁག་གཅིག་ཡིན་ཏེ། དགོན་པའི་དོན་ལ་རྒྱུད་དྲང་བ་དང་སྤྱི་ཚོགས་འགྲོ་ལུགས། ཚོང་གཉེར་གྱི་སྐབས་བབ་སོགས་ལ་མཁས་པའི་གྲྭ་པ་དྲུག་གམ་[page 26] བདུན་ཙམ་ཡོད་དགོས། གོང་གསལ་གྱི་དུས་ཆེན་བཞི་ཕར་ཕུད། གཞན་དུས་ཆེན་དང་དགོངས་རྫོགས་སོགས་དུས་མཆོད་ཀྱི་འགྲོ་སོང་ཚང་མ་གཏོང་དགོས། མི་རེ་ཕལ་ཆེར་ལོ་གསུམ་ཙམ་བཞུགས་དགོས། ཡང་ན་ལ་ལ་དགོན་པའི་དམིགས་བསལ་ཆེད་དུ་དེ་ལས་ལོ་མང་ཙམ་བཞུགས་མཁན་མང་པོ་ཡོད།
དགོན་པ་འདི་སྤྱིར་བཏང་གྲྭ་པ་སུམ་བརྒྱ་ལྷག་བཞུགས། གྲྭ་ཚོགས་རྒྱས་པའི་སྐབས་ལྔ་བརྒྱ་ཙམ་བཞུགས་ཤིང་། ཡང་ན་འཐབ་འཁྲུག་དང་རང་བྱུང་གནོད་འཚེ་བྱུང་རྐྱེན་ཉིས་བརྒྱ་ཙམ་བཞུགས་པའང་ཡོད་སྲིད། གྲྭ་པ་དེ་དག་ཡོང་ཁུངས་ནི་དེང་གོང་ལུང་ཞང་གི་མང་བཟང་དང་སྨད་རི་མདའ། གསེར་མཁར་ཞང་གི་གསེར་མཁར་གྲོང་། གཙང་འགྲམ། བེ་རརི་སོགས་དང་། ཞི་སེར་ཞང་གི་ཞི་སེར་དང་། ཡབ་ར་ལུང་། དཀར་མདའ་སོགས་ཡོད་པ་མ་ཟད། ས་གནས་གཞན་གྱི་གྲྭ་རྒྱུན་ཡང་མང་ཙམ་བཞུགས།
དགོན་པ་འདིའི་འདོན་ཆ་འགྲོ་ལུགས་གཙོ་བོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དང་རྒྱུད་སྨད་གྲྭ་ཚང་སོགས་ལ་ཁུངས་གཏུགས་པ་སྟེ། མདོར་ན་སྒྲུབ་པ་ཉམས་ལེན་ཚང་མ་དགའ་ལྡན་དགོན་པའི་ལུགས་ལྟར་ཡིན་ནོ། བོད་ཟླ་དང་པོའི་ཚེས་གསུམ་ནས་བཅུ་བདུན་བར་སྨོན་ལམ་ཆོ་འཕྲུལ་ཆེན་མོ་དང་། བོད་ཟླ་གསུམ་པའི་ཚེས་དགུ་ནས་བཅོ་ལྔའི་བར་གནས་བཅུ་དང་། བོད་ཟླ་བཞི་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་འཇིགས་བྱེད་ཀྱི་བདག་འཇུག་དང་། བོད་ཟླ་ལྔ་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་གསང་འདུས་བདག་འཇུག་དང་། བོད་ཟླ་དྲུག་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་བདེ་མཆོག་གི་བདག་འཇུག་དང་། བོད་ཟླ་བདུན་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཀུན་རིག་བདག་འཇུག བརྒྱད་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་རབ་གནས། དགུ་པའི་ཚེས་ཉེར་གཅིག་ནས་ཉེར་དགུའི་བར་ལྕགས་མཁར། བཅུ་པའི་ཚེས་ཉེར་བཞི་དང་ཉེར་ལྔ་གཉིས་ནི་དགའ་ལྡན་ལྔ་མཆོད། བཅུ་གཅིག་པའི་ཚེས་བཅུ་བདུན་ནས་བཅུ་དགུའི་བར་དུས་གཏོར། བཅུ་གཉིས་པའི་ཚེས་ཉེར་བདུན་ནས་ཉེར་དགུའི་བར་དགུ་གཏོར། གཞན་ཡང་དབྱར་ཟླ་བརྒྱད་པའི་ཚེས་གཅིག་ནས་བཞིའི་བར་སྒོ་གཡེང་། ད་དུང་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་སུམ་ཅུའི་བར་དབྱར་གནས་དང་། དགོངས་རྫོགས་ཀྱི་སྐོར་ལ་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ལ་དགེ་རྟག་སྐུ་ཕྲེང་གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་[page 27] པའི་རྒྱལ་མཚན་གྱི་དགོངས་རྫོགས་དང་། ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཉིན་དགེ་རྟག་མཆོག་སྤྲུལ་བཞི་བ་བློ་བཟང་དྲི་མེད་བསྟན་འཛིན་གྱི་དགོངས་རྫོགས་དང་གཞན་རྒྱལ་པཎ་ཁག་གི་དགོངས་རྫོགས་ཁ་ཤས་ཡོད།
ཀེང་རུས་ཏེ་དུད་བདག་གཉིས་དང་། ལྷ་མོ་གཙོ་འཁོར་གསུམ། ཨ་ཙ་ར། མགོན་པོ་བྲམ་གཟིགས། མགོན་པོའི་འཁོར་ལ་ཞྭ་སེར་གཉིས། ཞྭ་ནག་གཉིས། སྒོ་མ་བཞི། བཙུན་མོ་གཉིས། ཤྭ་བ་གཅིག བྱ་གཅིག ཆོས་རྒྱལ་དཀར་དམར་སེར་ལྗང་ཐིང་ནག་སོགས་དང་འཇིགས་བྱེད། མགོན་པོ་ཕྱག་དྲུག མགོན་པོ་གུར། ལྷ་མོ། ཆུ་སྲིན། སེང་གེ ལྕམ་སྲིང་སོགས་ཡིན་ནོ། གཞན་ཡང་དགོན་པ་འདིར་ཐུན་མོང་མ་ཡིན་པའི་འབའ་ར་ཟེར་བ་ཞིག་ཐོག་མར་འཁྲབ་སྲོལ་ཡོད། དེ་ལ་དཔོན་གཡོག་ཁྱོན་བཞི་ཡོད་དེ་ཆེ་བ་གཉིས་དང་ཆུང་བ་གཉིས་ཟེར། ནང་དོན་ནི་གཙོ་བོ་སྲིད་པ་ཆགས་ཚུལ་དང་བོད་གངས་ཅན་ལྗོངས་དང་རང་དགོན་གྱི་གནས་བཤད་ཡིན་པས་ཀུན་གྱིས་ཉན་སྤྲོ་བ་ཞིག་ཡིན་ནོ།
བཅའ་ཡིག་གི་སྐོར་ལ། དགོན་པ་འདིར་སྟག་ཕུ་པདྨ་བ་ཛྲ་དང་། དགེ་རྟག་ལྔ་བ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས། ལམ་བྲག་སྐལ་བཟང་རྣམ་རྒྱལ། ཁང་དམར་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ད་བར་དུ་བཞུགས་ཡོད། དགོན་པས་དངོས་སུ་ཕྱག་ཏུ་བསྟར་བའི་བཅའ་ཡིག་ནི་གཙོ་བོ་གོང་གསལ་བཅའ་ཡིག་དེ་དག་ལ་བརྟེན་ནས་རང་དགོན་གྱི་སྤྲུལ་སྐུའམ་མཁན་པོ་དགེ་བསྐོས་གང་རུང་ཞིག་གིས་གཏན་ལ་ཕབ་པ་དེ་ཡིན། ལྷག་ཏུ་བེ་རི་ཆོས་མཛད་ཟེར་བ་པཎ་ཆེན་དྲུག་པའི་དུས་ཡིནདེས་གཏན་ལ་ཕབ་པའི་བཅའ་ཡིག་དེ་དུས་ཡུན་རིང་ཙམ་ལ་ལག་ལེན་མཛད་པའི་ལོ་རྒྱུས་ཡོད། བཅའ་ཡིག་ནི་ལོ་རེའི་དགའ་ལྡན་ལྔ་མཆོད་དུས་དགེ་བསྐོས་གསར་རྙིང་བརྗེ་སྐབས་སུ་ཐེངས་རེ་ཀློག་དགོས་ཤིང་། དེ་དང་འགལ་མཁན་ཡོད་ན་ཁྲིམས་ཐག་ནན་གྱིས་བཅད་ཕྱིར། དགོན་པ་འདིའི་འདུལ་ཁྲིམས་གཙང་བ་པད་མའི་ཟླ་རུ་གྱུར་ཏོ།
དགོན་པ་འདིའི་སྐུ་ཡི་གཙོ་རྟེན་ལ་ལྷ་རྗེ་ངག་དབང་ཡེ་ཤེས་ཀྱིས་བཞེངས་པའི་རྗེ་བཙུན་བྱམས་པའི་སྐུ། གཞན་ཡང་བེ་རིའི་ས་འདི་སངས་རྒྱས་སྨན་བླའི་དཀྱིལ་འཁོར་སྟེང་དུ་ཆགས་ཡོད་སྐད། དམ་རྫས་དང་བྱིན་རྟེན་ནི་སྨན་བླའི་རྫས་མཆོག་ཡིན་ཟེར་ནས་སངས་རྒྱས་སྨན་བླའི་སྐུའང་རྟེན་གཙོའི་ནང་[page 28] གི་གཙོ་བོ་ལ་བརྩི་བཞིན་ཡོད། གཞན་འོད་དཔག་མེད་དང་ཐུབ་པའི་སྐུ་མ་གཏོགས་ཚང་མ་བརླགས་ཟིན་ཀྱང་དེང་ཕལ་ཆེར་སྔར་ལྟར་གསར་དུ་བཞེངས་ཡོད། ལྷག་པར་དུ་དགོན་པ་འདིར་བསམ་འཕེལ་མཐོང་བ་དོན་ལྡན་ཟེར་བའི་གོས་སྐུ་ཆེན་པོ་ཞིག་ཡོད་པ་ངོ་མཚར་ཤིན་ཏུ་ཆེའོ། གོས་སྐུ་འདི་ལ་ནང་བཞུགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་འཁྲུལ་མེད་རྡོག་གཅིག བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཐུགས། ཉན་ཐོས་ཆེན་པོ་ཤ་རིལ་བུའི་མཁར་བསིལ་གྱི་བར་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྤྲུལ་པའི་སྟག་པགས། བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཤ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡར་ལུང་ཐང་པོ་ཆེ་ནས་འབྲོམ་དང་ལྷན་དུ་གསང་སྟབས་སུ་བྱོན་སྐབས་དགེ་བཤེས་ཁུ་སྟོན་ནས་གདན་ཞུས་སྙེགས་པར་འོན་གྱི་གྲུབ་ཁ་ནས་ཁུ་སྟོན་ལ་རྟེན་སྐལ་དུ་གནང་བའི་དབུ་ཞྭ། བསྟན་པ་ཕྱི་དར་གྱི་དུས་སུ་རྒྱ་གར་ནས་བོད་དུ་བསྙེན་རྫོགས་ཀྱི་སྡོམ་རྒྱུན་གསར་དུ་སྤེལ་བའི་མེས་པོ་ཁ་ཆེན་པཎ་ཆེན་ཤཱཀྱ་ཤྲཱིའི་རིའི་སྣམ་སྦྱར། རྗེ་བཙུན་ས་སྐྱ་བ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་སྐུ་བེར། ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་གྱི་སྒོམ་ཐག ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབུ་ཞྭ། རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་སྒོམ་ཐག ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་དབུ་ཀླད། མར་པའི་སྲས་དར་མ་མདོ་སྡེ་རྟས་བརྟབས་ནས་འདས་སྐབས་ཀྱི་སྐུ་བེར་དབུ་ཀླད་འབྱར་བ། མཉམ་མེད་དྭགས་པོ་ལྷ་རྗེའམ་སྒམ་པོའམ་སྒམ་པོ་ཟླ་འོད་གཞོན་ནུའི་ཞབས་ཆགས། བླ་མ་ཞང་འགྲོ་མགོན་གཡུ་བྲག་པའི་ན་བཟའ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཌ་མ་རའི་འཛར། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་རྔ་ལྤགས། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་ལ་ཡུན་རིང་མནབས་པའི་སྣམ་སྦྱར། རྗེ་བླ་མའི་དབུ་ཞྭ་རྗེ་ཉིད་ཀྱིས་རྒྱལ་ཚབ་ཆོས་རྗེར་གནང་། དེས་མཁས་གྲུབ་རྗེ་ལ་སྩལ་ཏེ་ཡབ་སྲས་གསུམ་ནས་རིམ་གྱིས་བཞེས་པའི་དབུ་ཞྭ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་དངོས་ཀྱིས་པད་མ་འོད་དུ་སློབ་དཔོན་ཆེན་པོའི་སྤྱན་སྔར་ལན་གསུམ་བྱོན་སྟབས་སྐུ་ལ་མནབས་ཤིང་། རྗེ་གྲུབ་ཐོབ་ཉིད་ཀྱིས་སླེ་བེར་འདི་དང་མ་བྲལ་ན་རྣམ་འབྱོར་གྱི་བསམ་པ་འགྲུབ་པ་ཡིན་ཞེས་གསུངས་པའི་ན་བཟའ་སླེ་བེར། ཡང་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཞབས་ཆགས། རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་སྐུ་ཆོས། གཉིས་པ་དགེ་འདུན་རྒྱ་མཚོའི་དབུ་ཞྭ། གསུམ་པ་བསོད་ནམས་རྒྱ་མཚོའི་ན་བཟའ། བཞི་པ་ཡོན་ཏན་རྒྱ་མཚོའི་དབུ་སྐྲ། ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྣམ་སྦྱར། དྲུག་པ་ཚངས་དབྱངས་རྒྱ་མཚོའི་དབུ་ལོ། བདུན་པ་སྐལ་བཟང་རྒྱ་མཚོའི་སྐུ་བེར། བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དབུ་ལོ། བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་དབུ་ལོ། བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་དབུ་ལོ། བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་དབུ་ལོ། ན་བཟའ། གསུང་ཚྭ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་[page 29] མཚན་གྱི་སྣམ་སྦྱར། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་ཞྭ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་ཆོས། པཎ་ཆེན་བསྟན་པའི་ཉི་མའི་གདུང་ཚྭ། པཎ་ཆེན་བསྟན་པའི་དབང་ཕྱུག་གི་ན་བཟའ། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའ་བཅས་གཞུང་དགའ་ལྡན་ཕོ་བྲང་པའི་རྟེན་སྒམ་ཆེན་མོ་ནས་བྱུང་བ་སྲིད་ཞིའི་གསུང་བ་སེལ་བ་ས་གསུམ་སྙེད་དཀའ་བ་ཤ་སྟག་གི་ཆ་ཤས་རེ་དགའ་ལྡན་ཁྲི་ཆེན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོས་ཕུལ་བ་དང་། དགའ་ལྡན་ཁྲི་ཟུར་ཆེན་པོ་བྱམས་པ་ཆོས་གྲགས་དང་། ཕུར་ལྕོགས་བྱམས་མགོན་རིན་པོ་ཆེ་རྣམ་གཉིས་ནས་སྩལ་བའི་བྱིན་རྟེན་སྣེ་འཛོམས་རིལ་བུ་ཕྱག་པ་རེ་བཅས་རྫས་སྣ་བྱིན་རླབས་ཅན་དེ་དག་འཛོམས་པའི་གིས་སྐུ་ཆེན་མོ་འདི་གནམ་འོག་ལས་མཐོང་དཀའ་བ་དང་། གཞན་གོས་ཆེན་གྱི་རིགས་ནི་བཤད་མ་དགོས་པ་ཞིག་རེད། གོས་སྐུ་བཞེངས་སྐབས་ཐོག་མཐའ་བར་གསུམ་གྱི་ལས་ཀའི་ཁུར་འཛིན་བྱེད་པོ་སྐུ་འབུམ་གླིང་ཆོས་མཛད་སྒྲོལ་མ་ཚེ་བརྟན་ཡིན་པས་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྤྱི་ལོ་1935ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ཡོངས་སུ་གྲུབ་ནས་སྟོན་མོ་རྒྱ་ཆེར་བཤམས། དེའང་ཁོང་གིས་གོས་སྐུ་ཆེན་པོ་བསམ་འཕེལ་མཐོང་བ་དོན་ལྡན་གསར་དུ་བཞེངས་པའི་དཀར་ཆག་འདི་འདྲ་ཞིག་བསྐུལ་བའི་ངོར། དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་སྐྱེ་བར་སྒྲོ་བཏགས་པའི་འདུ་ཤེས་གསུམ་པ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོས་མཛད་པའི་དཀར་ཆག་དེ་ད་བར་དུ་བཞུགས་ཡོད། འདིའི་སྐོར་ཞིབ་པར་འདོད་ན་དེ་རུ་གཟིགས་ཆོག་གོས་སྐུ་ཆེན་མོ་འདི་ད་ལྟ་འཇིག་ཟིན་པས་ཤིན་ཏུ་ཕངས་ཆེའོ།
སྔར་དགོན་པ་འདིར་སྤྲུལ་མིང་འཛིན་པ་གཅིག་ཏེ་དགེ་རྟག་སྤྲུལ་སྐུ་རིམ་བྱོན་དང་། མཁན་པོ་བླ་གྲྭ་ཕལ་ཆེར་སུམ་བརྒྱ་ལྷག་བཞུགས། དེའང་དགོན་པ་ཆགས་ཚུལ་ཐོག་ནས་བཤད་ན། ཕྱི་ལ་ཡོད་པའི་གནས་རི་སྟེ། དགེ་རྟག་གླིང་སྲས་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས་དཔལ་བཟང་པོ་མཆོག་ནས་བཏབ་པའི་གནས་རི་ཀུན་འདུས་པད་མ་ལྷ་རྩེ་ལ་ལས་ཟངས་མདོག་དཔལ་རི་ཕོ་བྲང་ཡང་ཟེར་བས་ཁོང་གིས་དེ་དང་ཁྱད་པར་མེད་ཅེས་གསུངས་པའི་ཕྱིར་དུའོ། རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ་སྤྱི་ལོ་1944ལོའི་རྒྱལ་གྱི་ཟླ་བའི་ཚེས་བཅུ་གཉིས་ཉིན་ལ་བཏབ་པའི་རི་ཕུག་བྲག་རི་གཡུ་མཁར་དང་དེའི་ཕྱི་ལོ་ཤིང་བྱ་ཟླ་བཞི་ཚེས་བཅུའི་ཉིན་སྐུ་འབུམ་མཆོད་རྟེན་མཐོང་གྲོལ་ཆེན་མོ་སོགས་བཏབ་ནས་གནས་སྒོ་ཕྱེ་བ་མ་ཟད། གནས་ཡིག་སོགས་ད་ལྟ་བཞུགས་ཡོད། གཞན་ཡང་དགེ་རྟག་བསྙུང་གནས་བས་བཏབ་པའི་དགེ་ལེགས་རྟག་བརྟན་རི་ཁྲོད་སོགས་ཡོད། [page 30] དེའང་བྱམས་ཁང་གཙོས་པའི་ལྷ་ཁང་བརྩེགས་བཞི་ཅན་ཡིན་ཏེ། འོག་བརྩེགས་ལ་བྱམས་ཁང་དང་འདུ་ཁང་། དམ་ཅན་ཁང་སོགས་དང་། གཉིས་བརྩེགས་ལ་བཀའ་འགྱུར་ཁང་དང་མགོན་ཁང་། སྲུང་མ་ཁང་། དེའི་ལོགས་སུ་དགེ་རྟག་གཟིམ་ཆུང་། དེ་ནས་ལྕམ་སྲིང་ཁང་སོགས་ཡོད་པ་དང་། སུམ་བརྩེགས་ལ་རྒྱལ་བའི་གཟིམ་ཆུང་དང་པཎ་ཆེན་གཟིམ་ཆུང་། བཞི་བརྩེགས་ལ་ལྷ་ཁང་ཆུང་ཆུང་ཞིག་ཡོད་པས་ཁྱོན་ལྷ་ཁང་བཅུ་གཉིས་ཙམ་ཡོད།
དམངས་གཙོའི་བཅོས་བསྒྱུར་སྐབས་ཀྱི་བཞི་རྒོལ་ལས་འགུལ་ཁྲོད་དུ་བེ་རི་དགོན་པ་འདི་དགེ་རྟག་ལྔ་པའི་མཛད་འཕྲིན་ཐུགས་རྗེ་ལས་དཀར་མཛེས་རྫོང་གི་སྲུང་སྐྱོབ་དགོན་པ་ཁག་གསུམ་ལས་གཅིག་ཡིན་པར་མ་ཟད། ཞིང་ཆེན་གྱི་ཁོངས་གཏོགས་གནའ་རྫས་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་སྡེ་ཚན་ཁག་ཀྱང་ཡིན། དེ་དུས་གྲྭ་པ་བཅུ་གཉིས་ཙམ་ལ་དགོན་པ་བདག་གཉེར་བྱེད་དུ་བཅུག་པས་དགོན་པར་གཏོར་བཤིག་གི་གནོད་འཚེ་ཆེར་མ་ཐེབས། གཞན་གྲྭ་པ་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་ཐོན་སྐྱེད་ངལ་རྩོལ་དུ་ཞུགས། རིག་གནས་གསར་བརྗེའི་སྐབས་སུ་གྲྭ་པ་ཁ་ཤས་དེའང་ཐོན་སྐྱེད་རུ་ཁག་ཏུ་བཏང་། བྱམས་ཁང་ནང་གི་བྱམས་སྐུ་དང་འོད་དཔག་མེད་ཀྱི་སྐུ། ཐུབ་སྐུ་གསུམ་དང་གྱང་རིས་གནས་བརྟན་བཅུ་དྲུག་མ་གཏོགས་གཞན་པའི་ལྷ་ཁང་གི་རྟེན་ཅིག་ཅར་བརླགས། གཙུག་ལག་ཁང་ནི་ཐུན་མོང་གི་བདག་གཉེར་ཁང་དུ་གྱུར། གྲྭ་ཤག་དང་ཆོས་ར། ཇ་ཁང་སོགས་རིམ་གྱིས་ཤུལ་མེད་དུ་འཇིག དེའང་ལྷ་ཁང་ཕལ་མོ་ཆེ་ད་བར་ལྷག་ཡོད་པ་འདི་བསོད་ནམས་ཀྱི་དབང་ཐང་ཆེ་བ་སྨོས་ཅི།
བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ་༡༩༨༢ལོའི་ཟླ་༡༡པའི་ཚེས་༢༧ཉིན་ཁུལ་ཨུ་ནས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་བརྟེན་དགོན་པའི་འགོ་ཁྲིད་ཚན་ཆུང་མི་བདུན་བསྐོས་ཏེ་རྒན་བློ་བཟང་ཐབས་མཁས་ནས་གཙོ་འགན་བཞེས། དགོན་པ་འདི་ཉམས་གསོ་﹙གཙོ་བོ་ནང་རྟེན་ཡིན་﹚བྱེད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒོར་ཁྲི་བཅོ་ལྔ་དང་། ཞིང་ཆེན་རིག་གནས་གནའ་རྫས་སྲུང་སྐྱོབ་ཁང་གིས་སྒོར་ཁྲི་བཅུ། ཞིང་ཆེན་ཆོས་ལུགས་ཅུད་ཡིནས་སྒོར་ཁྲི་གཉིས་ཏེ་སྔོན་རྗེས་ཁྱོན་སྒོར་ཁྲི་ཉེར་བདུན་ཙམ་གནངས། དེ་ནས་དགེ་རྟག་མཆོག་སྤྲུལ་དྲུག་པ་བློ་བཟང་རྣམ་རྒྱལ་ཆོས་ཀྱི་ཉི་མའམ་བཀྲ་ཤིས་བཟང་པོ་མཆོག་ནས་དབུ་ཁྲིད་དང་འབད་འབུངས་ཆེར་བསྐྱེད་མཛད་མཐར་རིམ་གྱིས་དགོན་པའི་ཞིག་རལ་དང་ནང་རྟེན་རྣམས་ཕལ་ཆེར་སྔར་ལྟར་བཞེངས་ཐུབ་པ་བྱུང་།
[page 31] ཐོག་མར་བྱམས་ཁང་དུ་སྔར་ལྷག་ཡོད་པའི་བྱམས་སྐུ་དང་འོད་དཔག་མེད། ཐུབ་སྐུ་བཅས་ལ་ཞལ་གསེར་དང་ཚོན་རྩི། དབང་པོ་ཡན་ལག་བཅས་གསར་གསོ་མཛད། གཙོ་སྐུའི་མཐོ་ཚད་ཁང་བརྩེགས་གཉིས་ཙམ་དང་། གཞན་ཡང་གསང་བདེ་འཇིགས་གསུམ་གྱི་སྐུ། དཔལ་ལྡན་ལྷ་མོ། མགོན་པོ་ཕྱག་དྲུག དམ་ཅན་ཆོས་རྒྱལ། རྣམ་ཐོས་སྲས། མགོན་པོ་གུར། མགོན་པོ་ཞལ་བཞི། ལྕམ་སྲིང་དང་བཅས་ཚང་མ་ཁང་བརྩེགས་རེ་དང་སྨན་འདམ་ལས་གྲུབ་པ་ཤ་སྟག་ཡིན། དེའང་གེ་སར་གྱི་སྐུ་གཅིག་མ་གཏོགས་ཚང་མ་སྔར་གྱི་ལུགས་བཞིན་ཡིན་ནོ། དེ་ནས་གཙུག་ལག་ཁང་དུ། གཙོ་བོའི་རྟེན་ལ་སྟོན་པའི་སྐུ། རྗེ་རིན་པོ་ཆེའི་སྐུ། རྡོ་རྗེ་སེམས་དཔའི་སྐུ། ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་སྐུ། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཅས་མཐོ་ཚད་ཁང་བརྩེགས་རེ་དང་འཇིམ་སྐུ་ཤ་སྟག་ཡིན། དཔལ་ལྡན་ལྷ་མོའི་སྐུ་གྲུ་གང་ཙམ་དང་། གནས་བརྟན་བཅུ་དྲུག་གི་སྐུ་ཚད་མི་ལུས་ཚད་ལྡན་ཙམ་བཅས་ཚང་མའམ་འཇིམ་སྐུ་ཡིན། འདི་གཞན་དང་མི་འདྲ་བ་ནི་དབུ་ཚང་མ་གཟན་གྱིས་གཏུམ་ཞིང་ཕྱག་མཉམ་བཞག་ལ་ནེ་ལེ་འཛིན་པ་བཅས་དགེ་རྟག་ལྔ་པས་བཞེངས། བླ་གྲྭ་རྣམས་ཀྱིས་དགོད་བྲོ་བའི་ཚུལ་དུ་ངེད་ཀྱི་གནས་བརྟན་རྣམས་ནས་བླ་གྲང་ནས་དབུ་གཏུམ་པར་མཛད་འདུག་ཅེས་གསུངས་པའི་ལན་དུ་སྤྲུལ་སྐུས་དེ་འདྲ་གཏན་ནས་མིན། དབུ་གཏུམ་པ་ནི་ཏིང་ངེ་འཛིན་མཉམ་པར་བཞུགས་པའི་ཚུལ་དང་། ཕྱག་ན་ནེ་ལེ་བཞུགས་པ་འདི་ནད་དང་མུག་གེ་སྐྱོབ་པའི་ཆེད་དུ་ཡིན། མདོར་ན་ཆོས་ཀྱི་ལོངས་སྤྱོད་དང་རྒྱུའི་ལོངས་སྤྱོད་གཉིས་འཛོམས་ཀྱི་རྟེན་འབྲེལ་ཡིན་ཞེས་གསུངས། དེང་སང་དེ་ལུགས་བསྐྱར་བཞེངས་མཛད་ཡོད། དེ་ནས་དམ་ཅན་ཁང་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་ཚད་ཁང་བརྩེགས་གཅིག་ཙམ་བཞུགས་པ་འདམ་སྐུ་ཡིན། གཞན་སྐུ་རྟེན་ཁ་ཤས། དེ་ནས་བཀའ་འགྱུར་ཁང་ལ་བཀའ་འགྱུར་ཚར་བཞི། བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཕ་བོང་ཁའི་གསུང་འབུམ། གཞན་གསུང་འབུམ་མ་ཚང་བ་མང་པོ་བཞུགས། དེ་དག་ལ་བཞུགས་ཁྲི་དང་བཅས་པ་ཡོད་པས་མཐོ་ཚད་ཁང་བརྩེགས་གཉིས་ཙམ་ཡོད། གཞན་ཡང་རྗེ་སྐུ་སྟོང་གཅིག་བཞུགས་ཁྲི་དང་བཅས་པ་འཇིམ་སྐུ་ཡིན། མཐོ་ཚད་ལ་གྲུ་ཕྱེད་དོ། ད་དུང་འདམ་སྐུ་འདྲ་མིན་བརྒྱ་ལྷག་བཞུགས་ཡོད་པས་དེ་དག་མང་ཤོས་རྙིང་པ་ཡིན། ལ་ལ་ནི་གི་གུ་ཤ་ལས་གྲུབ་པ་ཡིན་ནོ། དེ་ནས་མགོན་པོ་ཁང་དུ་མགོན་པོ་བྲམ་གཟིགས་གཙོས་པའི་འདམ་སྐུ་འགའ། དེའི་མཐོ་ཚད་གྲུ་གང་ཙམ། དེ་ནས་ཤར་ངོས་གཟིམ་ཆུང་ཁང་དུ་མཆོད་ཁྲི་དང་བཅས་པ་འདམ་སྐུ་ཆུང་ཆུང་འགའ། དེ་ནས་སྲུང་མ་ཁང་དུ་འཇིགས་[page 32] བྱེད་དཔལ་གཅིག མགོན་པོ་ཕྱག་དྲུག དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ། རྣམ་སྲས་བཅས་ཚང་མའི་མཐོ་ཚད་ལ་མི་ལུས་ཚད་ལྡན་ཙམ་དང་འདམ་སྐུ་ཡིན། དེ་ནས་ལྕམ་སྲིང་ཁང་དུ་གཙོ་སྐུ་འདམ་ལས་གྲུབ་པའི་ལྕམ་སྲིང་གི་སྐུ་མི་ལུས་ཙམ། འདི་ནི་མགོན་པའི་གཙོ་རྟེན་གྱི་ལྷ་སྟེ་ཆོས་སྐྱོང་ཡིན། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་ཉི་མས་སེ་ར་ཏྲེ་བོ་ཁམས་ཚན་ནས་དགེ་བཤེས་སྐལ་བཟང་ཆོས་འཕེལ་གྱིས་མདོ་སྨད་བེ་རི་འགྲོ་ཕན་གླིང་སྨོན་པའི་ཚོགས་མངོན་དུ་བཙུགས་ཆོག་པའི་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱིས་སྐུ་དངོས་སུ་མདུན་གྱི་མཁའ་འགྲོ་མ་ཞེས་ཕྱག་བྲིས་མཛད་ནས་ཕུལ། དེ་ནས་བཟུང་གསོལ་ཁ་འདི་ཆད་མེད་ཆུ་རྒྱུན་ལྟ་བུར་མཛད་དོ། གཞན་ཡང་ལྷ་ཁང་འདེའི་ནང་དུ་ཐུབ་པའི་སྐུ་མཐོ་ཚད་ཁང་བརྩེགས་ཕྱེད་གཉིས་ཙམ་དང་། རྗེ་རིན་པོ་ཆེ་དང་ཀུན་རིག་གི་སྐུ་ཁང་བརྩེགས་རེ་དང་། ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་དེ་ཙམ་དང་བཅས་པ་ཚང་མ་འདམ་སྐུ་ཡིན། གཞན་ཡང་ཇ་ཁང་དང་ཆོས་ར། གྲྭ་ཤག་བརྒྱ་ཡན་མན་བཅས་སྔར་ལས་མཛེས་པར་བཞེངས་ཡོད།
ད་ལྟ་སྤྲུལ་སྐུ་ཁོང་བཞུགས་པ་མ་ཟད། མཁན་པོ་དང་དགེ་འདུན་པ་དགུང་ལོ་བཅོ་བརྒྱད་ཡན་ཆད་བརྒྱ་དང་ཉེར་བཞི་ཙམ་ཡོད་བས་དགོན་ནང་རྒྱུན་དུ་བཞུགས་མཁན་བླ་གྲྭ་བཞི་བཅུ་ཞེ་དྲུག་ཡོད། དེ་ལས་དཔེ་ཆ་བ་ཉེར་དྲུག་ཙམ་ཡོད་པས་དེ་དག་འཛིན་གྲྭ་རིམ་པ་བཞིན་ཀ་འབྲུ་སུམ་ཅུ། ཞལ་འདོན་ཕྱོགས་བསྒྲིགས། སུམ་རྟགས་དག་གསུམ། སྙན་ངག་སོགས་ཆེད་གཉེར་ལས། གཞུང་བཀའ་པོད་སོགསལ་སྦྱང་བསམ་ཀྱང་། དགེ་རྒན་དང་ཡང་ན་གྲ་ས་མེད་པའི་རྐྱེན་གྱིས་སྤྱིར་བཏང་དགེ་འདུན་པ་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམའ། འཚོ་བའི་ཆ་རྐྱེན་ཡང་དེ་ལྟ་བུ་ཡིན་ཏེ། གཙོ་བོ་དགོན་པ་ཐུན་མོང་ལ་ཡོང་སྒོ་ཆེན་པོ་མེད་པས་དགེ་འདུན་པ་སོ་སོས་རང་ཉིད་ཀྱི་ཞིང་མུ་ཁ་ཤས་དེ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ལ་ལ་ལྷ་བཟོ་དང་ཚོན་བཟོ། ཤིང་བཟོ་སོགས་ཀྱི་ལག་རྩལ་སྦྱངས་ནས་ཞོར་ལས་སྒྲུབ་བཞིན་ཡོད་པ་དང་། ལ་ལ་འདོན་ཆོས་ལ་ཕེབས་ནས་འཚོ་བ་ཁ་གསབ་ཐུབ་པ་དང་། གཞན་ཡང་དགོན་པའི་དུས་ཆེན་སྐབས་སུ་དབང་ལུང་ཞུ་བ་དང་ཡང་ན་འཆམ་འཇལ་སོགས་ཀྱི་སྐབས་སུ། དད་ལྡན་ཕོ་མོ་རྣམས་ཀྱི་འབུལ་ཡོན་ཇ་དང་ནས། གཞན་རྒྱུ་རྫས་སོགས་སྒོར་མོ་ལ་ལོ་རེར་སྟོང་ཙམ་དང་སྐབས་འགར་ཤི་ཆོས་ལའང་ཡོང་སྒོ་ཅུང་ཙམ་ཡོད་པས། དགོན་པའི་སྒྲུབ་མཆོད་མི་ཉམས་པ་དང་སེར་མོ་བའི་འཚོ་བའང་སྤྱི་སྒེར་གཉིས་ཀྱིས་ཁག་ཐེག་ཐུབ་པར་བྱུང་། དེའང་དགོན་པའི་སྒྲུབ་མཆོད་ཀྱི་ལུགས་དང་འཆམ་སོགས་སྔར་ལྟར་ཉམས་གསོ་བྱས་ནས་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། དགོན་པའི་སྒྲིག་ཁྲིམས་ནི་འདུལ་བའི་ལུགས་དང་རྒྱལ་ཁབ་ཀྱི་ཆོས་སྲིད་ཇུས་ཟུང་དུ་སྤྲེལ་ནས་འགོ་ཁྲིད་ཚན་ཆུང་གིས་དངོས་སུ་གཏན་ལ་ཕབ་པ་ནང་བཞིན་ལག་ལེན་གནང་[page 33] བཞིན་མཆིས། འགོ་ཁྲིད་ཚན་ཆུང་ནི་སྤྱི་ལོ་1982ལོར་ཆོས་སྒོ་ཕྱེ་པའི་སྐབས་སུ་འདེམས་བསྐོ་བྱས་པས་གོང་དུ་གསལ། དེ་ནས་གསེར་གདུང་ཕུན་ཚོགས་རབ་བརྟན་ཁང་ལ་དགེ་བསྙེན་འཇིམ་སྐུ་ཁྲི་ཕྱེད་ཙམ་བདེ་མཆོག་ལི་སྐུ་ཁྲི་གང་། གུ་རུའི་ལི་སྐུ། ཐུབ་པའི་གསེར་སྐུ་བསམ་འཕེལ་ནོར་རྗ་ཟེར་བ་རྟེན་འགངས་ཆེན་ཞིག་བཞུགས་ཡོད་དེ་ནི་སྔར་རྒྱལ་བ་ལུང་རྟོགས་རྒྱ་མཚོའི་གཟིམས་ཆུང་ནང་དུ་བཞུགས། སྐབས་དེར་དགེ་རྟག་སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་ལ་གནང་ནས་དགོན་པར་གདན་དྲངས། ཕྱིས་སུ་དགེ་རྟག་ལྔ་པས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ལ་ཕུལ་བས་ཁོང་གིས་སྐུ་འདི་བླ་བྲང་ལ་བཞུགས་དགོས་པའི་ལས་སྐལ་ཡོད་གསུངས་ནས་སླར་ཡང་བླ་བྲང་དུ་བཞུགས་དགོས་པ་བྱུང་། ད་དུང་སྒྲོལ་མའི་གསེར་སྐུ་ཆེ་ཆུང་བཞི་བཅུ་ལྷག་དང་། ལྷག་པར་དུ་གཟི་དང་། བྱུ་རུ། སྤོས་ཤེལ། པད་མ་ར་ག མཆོང་། མ་ཧོ་སོགས་རིན་ཐང་སྒོར་མོ་ཁྲི་རྒྱ་ཙམ་གནས་པའི་དགེ་རྟག་སྐུ་ཕྲེང་ལྔ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས་ཀྱི་སྐུ་གདུང་ཚད་དང་ལྡན་པ་བཞུགས། དེར་སྦྱིན་བདག་རྒྱལ་དཔོན་ཚང་དང་ཨ་རི་ཡར་ཁོ་ཚང་གཉིས་ནས་ཕུལ་བའི་སྤོས་ཤེལ་རྒྱ་མ་གང་རེ་ཙམ་ཡོད་པ་ཕྲ་ཚོམ་བཀོད་པས་ལྷག་ཏུ་ངོ་མཚར་ཆེ། གཞན་གསེར་སྐུ་མང་ཙམ་བཞུགས། ཞལ་ཐང་གི་སྐོར་ལ། སྐྱེས་རབ་སོ་བཞི་དང་སྟག་ཕུ་འཁྲུངས་རབས་གཙོས་པའི་ཐང་ག་ཆེ་ཆུང་བརྒྱ་ཕྲག་ཁྲག་ཤས་བཞུགས། གསུང་གི་རྟེན་ལ་བཀའ་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསང་འབུམ་སོགས་པོ་ཏི་དུ་མ་བཞུགས། ཁང་བརྩེགས་ལྔ་བ་ལ། ཨོ་རྒྱན་གསང་མཛད་ལྷ་ཁང་དུ་ཐུབ་སྐུ་དང་རྗེ་སྐུ་གཙོས་པའི་གསེར་སྐུ་མང་ཙམ་བཞུགས་པ་མ་ཟད། ལྷ་ཁང་གི་ཕྱོགས་བཞིར་ཐང་གས་བསྐོར་ནས་ཡོད། དེ་ནས་པར་ཁང་དུ་ཐལ་ཆེར་བོད་ཀྱི་བསྟན་བཅོས་ཀྱི་པར་ཤིང་མི་འཛོམས་པ་མེད་ཟེར་སྐད། དཔེ་ཆ་གསར་པ་ཐོན་ཚེ་དེ་འཕྲལ་པར་དུ་བརྐོ་བ་ཡིན། གཞན་ལྷ་རིས་འདྲ་མིན་དང་དར་ཅོག་གི་སྐོར། རླུང་རྟ་འཁོར་ལོ་དང་གཟུངས་གཞུག ཚ་ཚ། མ་དང་སྒྲོལ་མ་གཙོས་པའི་འདོན་ཆོས་ཀྱི་སྐོར་སོགས་ཀྱི་པར་ཤིང་དང་། ཁང་ཐོག་ལ་རྒྱ་ཕིབས་དང་། རི་དྭགསས་ཆོས་འཁོར་བཅས་ཡོད། ལོགས་སུ་ལྷ་ཁང་གཅིག་ཡོད་པ་མཐོ་ལ་ཁང་བརྩེགས་གཉིས་ཀྱི་ཚད་ཡོད། ལྷ་ཁང་གི་མིང་ལ་དགའ་ལྡན་གནས་མཆོག་ཞིང་བཀོད་ཟེར་ཏེ་ཐུན་མོང་གི་ལྷ་ཁང་སེར་པོ་ཟེར། ནང་གི་སྐུ་རྟེན་ལ། ཕྱག་ན་རྗེ། འཇམ་དབྱངས་ན་གཱ་རཱ་ཛ། དཀྱིལ་དུ་གཙོ་སྐུ་རྗེ་ཙོང་ཁ་བ། དེའི་གཡས་གཡོན་གཉིས་སུ་ཉེ་སྲས་ཞི་རེ། མདུན་གྱི་གཡས་གཡོན་ན་རྗེ་སེམས་དཔའ་དང་ཚེ་དཔག་མེད་བཅས་བཞུགས། དེ་དག་གི་གཙོ་སྐུ་ལ་སྐུ་ཚད་ཁང་བརྩེགས་ཕྱེད་གཉིས་ཙམ་དང་གཞན་ཚང་མ་ལ་ཁང་བརྩེགས་རེ་ཡོད་པས་འཇིམ་སྐུ་ཤ་སྟག་ཡིན། དེའང་བལ་བྲང་རྒྱུ་རྫས་ཀྱི་སྐོར་ལ། འབྲི་ཟོག་སུམ་བརྒྱ་དྲུག་བཅུ་རེ་དྲུག་དང་། རྟ་དྲེལ་སུམ་ཅུ། བོང་བུ་བཅུ། ཞིང་མུ་གཅིག་བརྒྱ་ལྷག མ་དངུལ་ཆིག་ཁྲི་ཙམ་ཡོད།[page 34] དེ་ནས་བཞི་རྒོལ་དང་རིག་གསར་ལས་འགུལ་གཉིས་ཀྱིས་བླ་བྲང་ཁང་སྟོང་དུ་བཟོས་ནས་ཐུན་མོང་གི་ཚོགས་འདུ་ཁང་དུ་གྱུར། རིག་གནས་གསར་བརྗེའི་ལས་འགུལ་ཁྲོད་དུ་ཏང་གི་དོན་ཚན་ཉེར་གསུམ་སློབ་བཞིན་པའི་སྐབས་དེར། ཉིན་ཞིག་མི་རྣམས་ཚོགས་འདུར་མི་འཛོམས་པའི་གོང་དུ་བྱིས་པ་གཉིས་ཀྱིས་ལྷ་ཁང་ཞིག་གི་ནང་དུ་སྤོས་ཆག་མེ་ལ་བསྒྲོན་ནས་རྩེད་མོར་རོལ་བཞིན་པའི་སྐབས་དེར། ཚོགས་འདུ་ལ་ཡོང་བའི་མི་རྣམས་ཀྱི་ག་སྒྲ་ཐོས་ཙ་ན། དངངས་སྐྲག་སྐྱེས་ཏེ་སྤོས་མེ་དང་བཅས་པ་གཟུངས་གཞུག་ལས་བཏོན་པའི་ཤོག་ཉག་གི་གསེབ་ཏུ་སྦས་པས་མེ་བསྐྱེད་ནས་བླ་བྲང་མེ་ལ་ཤོར།
དེང་སང་དགེ་རྟག་དྲུག་པ་བློ་བཟང་རྣམ་རྒྱལ་ཆོས་ཀྱི་ཉི་མས་སྔར་བླ་བྲང་གི་ཤུལ་དུ་དགེ་རྟག་བཤམ་སྟོན་ཁང་ཞེས་སྤུས་ཀ་དང་མཛེས་བཀོད་སྔར་ལས་སྡུག་པའི་ཁང་བརྩེགས་གཉིས་ཅན་བཞེངས་དང་། བརྩེགས་དང་པོ་ལ་གཟིམ་ཆུང་། སྣེ་ལེན་ཁང་། མཛོད་སོགས་ཡོད། བརྩེཊ་གཉིས་པ་ལ།
༡·གསེར་སྐུ་ཁང་དུ་ཕྱག་སྟོང་སྤྱན་སྟོང་གི་སྐུ་ལི་མ་གྲུ་ཕྱེད་ཀ་ཙམ། རྗེ་སྐུ་ལི་མ་དང་། ཐུབ་པའི་གསེར་སྐུ་བཅས་ཁྱོན་གསེར་སྐུ་ཉི་ཤུ་ལྷག་བཞིགས། དེ་དག་ཚང་མ་སྔར་བླ་བྲང་གི་ཡིན་པས་མང་ཚོགས་ཀྱི་ལག་ནས་བླུས། ༢·སྲུང་མའི་ཁང་དུ་སྲུང་མ་དགེ་བསྙེན་གྱི་འདམ་སྐུ་མཐོ་གང་ཙམ། གཞན་ཡང་གསང་བདེ་འཇིགས་གསུམ། མཁར་སྤྱོད་མ། དཔལ་ལྡན་ལྷ་མོ། དགའ་ལྡན་ལྷ་བརྒྱ་མ། བླ་མཆོད་ཚོགས་ཞིང་བཅས་ཀྱི་ཞལ་ཐང་བཞུགས་པ་ཪྙིང་བ་ཤ་སྟག་ཡིན། ད་དུང་ལམ་རིམ་ཚོགས་ཞིང་རྒྱན་དྲུག་མཆོག་གཉིས་གཙོས་པའི་ཞལ་ཐང་འགའ་ཡོད་པ་གསར་བཞེངས་ཡིན། ༣·གསེར་གདུང་ཁང་དུ་དགེ་རྟག་སྐུ་ཕྲེང་ལྔ་པའི་སྐུ་གདུང་། ༤·བཤམས་སྟོན་ཁང་དུ་གཙོ་བོ་ཏེ་ཙུང་སི་ལིང་དང་དགེ་རྟག་ལྔ་བ་རྣམ་གཉིས་གླེང་མོལ་མཛད་བཞིན་པའི་འདམ་སྐུ་མི་ལུས་ཚད་ལྡན་དང་། དམར་དམག་དཀར་མཛེས་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་ལྡེབས་རིས་སོགས་ཡོད་པས་མདོན་ན་དམར་དམག་དྲན་རྟེན་ཁང་ཡིན།
གཞན་ཡང་རྫོང་སྲིད་གཞུང་གིས་དཀར་མཛེས་མཐིལ་ཤུག་རིང་གླིང་ལ་དགེ་རྟག་བཤམས་སྟོན་ཁང་ཆེན་པོ་སྤུས་དང་ལྡན་པ་ཞིག་བཞེངས་ཡོད། དེའི་རྒྱ་ཕིབས་ལ་གྱོ་མོ་སེར་པོ་བཀོད་ཡོད་པས་རྒྱང་ནས་བལྟས་ན་ལྷག་ཏུ་མཛེས་ཤིང་། ནང་དུ་གཙོ་བོ་ཏེ་ཙུང་སི་ལིང་དང་དགེ་རྟག་ལྔ་བ་རྣམ་གཉིས་གླེང་མོལ་མཛད་བཞིན་པའི་རག་སྐུ་བཞུགས་ཁྲི་དང་བཅས་པ་ཁང་བརྩེགས་ཕྱེད་གཉིས་ཙམ་དང་གྱང་ངོར་ཕྱོགས་བཞི་ལ་དམར་དམག་དཀར་མཛེས་བརྒྱུད་པའི་ལོ་རྒྱུས་ལྡེབས་རིས་ཡོད་པས་མཛེས་རྩལ་རབ་ཏུ་ལྡན།
མདོར་ན་བེ་རི་དགོན་པ་འདིས་རང་གི་ལོ་རྒྱུས་ཐོག་ཆོས་སྲིད་གཉིས་ཀྱི་ཐད་ལ་བསུབ་མེད་ཀྱི་ཞབས་རྗེས་ཆེན་པོ་བཞག་ཡོད་པས་ཀློག་པ་པོ་རྣམས་ཀྱིས་ཞིབ་མོར་འདོད་ན། དཀར་མཛེས་རིག་[page 35] གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག་ཅེས་པའི་དེབ་གཉིས་པ་ལས་དགེ་རྟག་སྤྲུལ་སྐུ་ཕྲེང་ལྔ་བ་གྲགས་པ་མཐའ་ཡས་ཞེས་པར་གསལ་བས་དེར་གཟིགས་པར་འཚལ་ཞེས་ཡུས་ཧྲུ་སྒ་ཁོག་པ་ལབ་འཕན་འདུམ་བློ་བཟང་བློ་གྲོས་ནས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་1995ལོའི་ཟླ་4བར་པེ་ཅིང་ནས་བྲིས་ས་དགེ་ལེགས་འཕེལ།།
(1)ཕུན་ཚོགས་ཚེ་རིང་ནས་གཙོ་སྒྲིག་རྗས་པའི་《བོད་ཀྱི་ལོ་རྒྱུས་དོན་ཆེན་རི་མིག》ཞེས་པའི་ཤོག་ལྷེ44ཐོག་ལ་གསལ། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།
(2)འཇིགས་མེད་རིག་པའི་རྗེས་མཛད་པའི་《ཧོར་ཆོས་འབྱུང་》ཞེས་པའི་ཤོག་ལྷེ197ཐོག་ལ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྐྲུན།
(3)(4)ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་《ཧོར་གྱི་དཔོན་པོའི་གདུང་རྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང》ཞེས་པར་གསལ། ཤིང་པར་ཡིན།
(5)ཁང་དམར་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོས་མཛད་པའི་《ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཀུན་གསལ་མེ་ལོང》ཞེས་པར་གསལ། ཤིང་དཔར་ཡིན།
(6)གུག་རྟགས་ནང་གི་ཡི་གེ་ནི་ཁོ་བོས་མ་བཅོས་གོང་གི་ཡི་གེ་ཡིན།
1. 《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག》དེབ་དང་པོ་དང་གཉིས་པ།
2. 《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས》
3. 《བེ་རི་དགོན་པའི་ཆེད་བསྒྲིགས》 བྲིས་མ་ཡིན།
4. གོང་གི་མཆན་འགྲེལ་དུ་གསལ་བའི་དཔེ་ཆ་དག་དང་ལོ་རྒྱུས་དྲི་བ་བྱེད་ས་སྔར་བེ་རི་དགོན་གྱི་གྲྭ་བ་ཀརྨ་རང་གྲུ་ཚུགས་ས་དང་ད་ལྟའི་མཁན་པོ་བློ་བཟང་ཐབས་མཁས། དགེ་རྟག་དྲུག་པ་གཙོས་པའི་འགོ་ཁྲིད་ཚན་ཆུང་སོགས་ཡིན།
[page 36] བྲག་ལྕོགས་དགོན་ནམ་དཀར་མཛེས་རྫ་ཁོག་ཏུ་ཆགས་ཡོད་པས་རྫ་བྲག་ལྕོགས་དགོན་ཡང་ཟེར་བ་དེའི་རྒྱས་མིང་ལ་བྲག་ལྕོགས་དགའ་ལྡན་བྱམས་པ་གླིང་ཟེར། བྲག་ལྕོགས་ནི་དགོན་པ་དེ་བྲག་སྣ་ཞིག་ཏུ་ཆགས་ཡོད་པ་ལ་བྲག་གིས་ལྕོགས་པའམ་ཐེག་པ་དང་། དགེ་ལྡན་ནི་རི་བོ་དགེ་ལྡན་པ་དང་། བྱམས་པ་ནི་དགོན་པ་དེ་ཕྱག་འདེབས་པ་པོ་རྗེ་དགེ་འདུན་ཆོས་འཕེལ་གྱིས་བང་མི་གཉིས་ཁོང་ཀྱི་གི་མ་སྟེ་རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱི་མདུན་དུ་མངགས་ཏེ་བྲག་ལྕོགས་དགོན་གསར་དུ་བཏབ་པར་རྟེན་བྱིན་ཅན་ཞིག་ཞུས་པ་ལ་བྱམས་པའི་སྣང་བཪྙན་ལི་མ་བཞེངས་སྟབས་ཅན་ཞིག་གནང་པས་བྱམས་པའོ། ལམ་བྲག་སྐལ་བཟང་རྣམ་རྒྱལ་དང་ཁང་དམར་སྤྲུལ་སྐུ་གཉིས་ཀྱི་ཏྲེ་ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་གཉིས་ལས་དགོན་པ་འདིའི་མིང་ལ་རྫ་བྲག་ལྕོགས་དགའ་ལྡན་འཕེལ་རྒྱས་གླིང་ཟེར། དགོན་པ་འདི་ཁམས་དཀར་མཛེས་ཀྱི་རྫ་ཁོག་དུ་རྫ་ཆུ་ཤར་དུ་འབབ་པའི་ཀྱོག་ཐིག་ཅིག་གི་ཕྱིའི་བྲག་སྣ་ཚོགས་ཞིག་ཏུ་ཆགས་ཡོད་ལ། དེའི་ཤར་ཕྱོགས་ཀྱི་རྫ་ཆུའི་སྨད་རྒྱུད་དུ་རྫ་དགའ་ལྡན་བསམ་གྲུབ་གླིང་ཡོད། དགོན་པ་འདིའི་ལོ་རྒྱུས་ཀྱི་ཡིག་ཆ་ཪྙིང་བ་ན་མེད་མོད། ཕྱིས་སུ་བྲིས་པའི་ཤོག་དྲིལ་གཅིག་དང་ངག་རྒྱུན་ལྟར་ན། ཕྱག་འདེབས་མཁན་རྗེ་དགེ་འདུན་ཆོས་འཕེལ་ནི་སྤྱི་ལོ་1410ལོ་ཙམ་ལ་དབུས་གཙང་གི་ཡུལ་སྡེ་ཞིག་ཏུ་འཁྲུངས་ཤིང་ཕྱིས་སུ་རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་དངོས་སློབ་སུ་གྱུར། རྗེ་དགེ་འདུན་གྲུབ་ཀྱིས་ཁོང་ལ་སོང་ནས་ཞྭ་སེར་གྱི་བསྟན་པ་སྤེལ་གང་ཐུབ་གྱིས་དང་ཞེས་གདམས་པ་ལྟར་ཁམས་སུ་ཞྭ་སེར་གྱི་བསྟན་པ་སྤེལ་བས་མཚན་ལ་སེར་རུང་བླ་མ་ཐོགས་ཤིང་ཁམས་ཕྱོགས་སུ་དགའ་ལྡན་ལྔ་མཆོད་ཐེངས་དང་པོར་འཛུགས་མཁན་ཡིན་པས་ལྔ་མཆོད་བླ་མ་ཡང་ཟེར། རྗེ་དགེ་འདུན་ཆོས་འཕེལ་ནས་ད་སྐབས་ཀྱི་སེར་རུང་སྐུ་ཆེན་བྱམས་པ་ཐུབ་བསྟན་བར་ལ་སྐུ་ཕྲེང་བཅུ་ཕྲག་གཅིག་ལྷག་བརྒལ་ཡོད་མོད་ཞིབ་ཆ་མི་གསལ། ངག་རྒྱུན་ལྟར་ན། རྗེ་དགེ་འདུན་ཆོས་འཕེལ་ནས་བཟུང་ཡང་སྲིད་བཙལ་ནས་རྒྱལ་དབང་ལྔ་བའི་བར་དུ་སླེབས་སྐད། རྒྱལ་དབང་ལྔ་བའི་དུས་ཀྱི་སེར་རུང་བླ་མ་འདས་ཤིང་དེའི་ཡང་སྲིད་ལ་རྗ་ཆུང་འགའི་ཚེམ་ཡིག་ལྔ་བ་ཆེན་པོར་ཕུལ་བ་ལ་ཡང་སྲིད་གཉིས་ཡོད་པར་ཐག་བཅད། དགོན་པ་འདི་འདྲ་ཆུང་ཆུང་ཞིག་གི་བླ་མ་གཅིག་ལ་ཡང་སྲིད་གཉིས་མི་དགོས་ཟེར་བ་ལ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཡང་སྲིད་གཉིས་ཡོད་ན་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཡོད། ཁོང་གཉིས་གསེར་ཁྲིར་མངའ་གསོལ་གྱིས་གསུངས་པས་སེར་རུང་སྐུ་ཆེན་དང་སྐུ་ཆུང་བྱ་བའི་བླ་རབས་གཉིས་ཀྱི་རྒྱུན་བསྐྱངས། དེ་ནས་བཟུང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་[page 37] བྲག་ལྕོགས་དགོན་འདིའང་ཧོར་གྱི་དགོན་སྡེ་བཅུ་གསུམ་གྱི་གྲས་སུ་བརྩིས་ནས་གཟིགས་སྐྱོང་གནང་བར་བཤད་མོད། དགོན་པ་འདི་ཧོར་ཆོས་ལས་མི་རབས་འགས་སྔ་བ་གོང་སྨྲས་ཀྱི་ལོ་རྒྱུས་ལས་གསལ།
ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ལས་བྲག་ལྕོགས་དགོན་འདི་ཧོར་ཆོས་རྗེས་བཏབ་པ་གཞི་བཞག་ཏུ་བྱས་པ་དང་། ཁང་དམར་སྤྲུལ་སྐུའི་ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ལས། རྫ་བྲག་ལྕོགས་དགོན་དགའ་ལྡན་འཕེལ་རྒྱས་གླིང་འདི་ཡང(ཧོར་ཆོས་རྗེས་བཏབ་པ་)ཡིན་མིན་གྱི་གླེང་མོ་འདུག་སྟེ་དགོན་པ་གསར་རྒྱབ་ཀྱི་ཕྱོགས་སུ་བཞག་དགོས་པ་འདྲ་འདུག་ཅེས་གསུངས་ནས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བཏབ་པར་བཞེད་མོད་ཁོང་གིས་ཕྱག་བཏབ་པའི་ལོ་རྒྱུས་ཚིག་གཅིག་ཀྱང་འབྲི་རྒྱུ་ཪྙེད་མེད། སེར་རུང་སྐུ་ཆེ་ཆུང་རིམ་བྱོན་ཚང་མའི་ལོ་རྒྱུས་མི་གསལ། སྐུ་ཕྲེང་རིམ་བྱོན་ལས་མཁས་ཆེ་ཤོས་འཇམ་དབྱངས་དབང་ཕྱུག་རབ་བརྟན་ཟེར་བ་འཁྲུངས་མྱོང་བ་སེ་ར་བྱེས་ཀྱི་དགེ་བཤེས་ཡིན། གསུམ་འབུམ་པོ་ཏི་གསུམ་བཞུགས་པ་དམངས་བཅོས་སྐབས་ཞང་ནང་དུ་ཁྱེར་ཏེ་མེར་བསྲེགས། དེའི་ཡང་སྲིད་བྱམས་པ་ཐུབ་བསྟན་རབ་རྒྱས་1937ལོར་འཁྲུངས། སེར་རུང་སྤྲུལ་སྐུ་རྒྱལ་དབང་གི་ཐུགས་ཐག་གཅོད་པའི་ཕྱག་སྲོལ་ཡོད་མོད་སྐབས་དེར་རྒྱལ་དབང་སྐུ་ན་ཆུང་བས་ཡོངས་འཛིན་ཕུར་ལྕོགས་བྱམས་པ་རིན་པོ་ཆེས་ཐུགས་ཐག་བཅད། མཚན་གྱི་བྱམས་པ་ཟེར་བ་དེ་ཡིན་ཟེར། དགུང་ལོ་ཉེར་ཤུའི་སྟེང་ལ་སེ་ར་བྱེས་སུ་བཞུགས། ལོགགཉིས་ཀྱི་རྗེས་1959བཙོན་དུ་བཅུག 1962ལོ་བཙོན་ནས་གྲོལ་ཏེ་ཁམས་བྲག་མགོ་དགོན་དུ་ལོ་བཞིར་བསྡད། 1966ལོའི་རིག་གནས་གསར་བརྗེ་སྐབས་སུ་སླར་ཡང་དགོན་པ་ནས་ཕྱིར་ཕུད་དེ་ཞིང་ལས་ཐོན་སྐྱེད་ལ་ཞུགས། 1985ལོ་ཕྱིར་བྲག་ལྕོགས་དགོན་པར་བཞུགས་ཆོག་པའི་ཆོག་མཆན་ཐོབ། 1990ལོ་དཀར་མཛེས་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ནང་བསྟན་ཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བཅས་ལ་བསྐོས་ཏེ་གཙོ་བོ་རྫོང་ཐོག་གི་སྲིད་གྲོས་ནང་དུ་བཞུགས། ཁོང་བྲག་མགོ་དགོན་ན་བཞུགས་དུས་རིག་གནས་གསར་བརྗེ་ཡོང་རྒྱུ་དང་དེས་ཪྙིང་བ་ཐམས་ཅད་གཏོར་རྒྱུ་ཡིན་པའི་ཡིག་ཆ་ཞིག་མཐོང་བས་དེ་མ་ཐག་ཏུ་དཔལ་ལྡན་དངོས་གྲུབ་(ད་ལྟ་བྲག་མགོ་དགོན་གྱི་དབུ་མཛད་ཡིན་)ཟེར་བའི་བྲག་མགོ་དགོན་པའི་གྲྭ་བ་ཞིག་དང་མཉམ་དུ་དགོན་པའི་ཐང་ག་རྩ་ཆེན་དྲུག་བཅུ་ལྷག་དང་རྣམ་སྲས་ཀྱི་གསེར་སྐུ་ཆེན་པོ་གཅིག་སྦུབ་བདུན། སིལ་སྙན་གཅིག དུང་དཀར་གཉིས། མཆོད་ཕོར་བཅུ་དྲུག་བཅས་གསང་ཐབས་ཀྱི་ཕྱིར་ཁྱེར་ནས་མི་སེར་ཞིག་གི་ནང་དུ་བསྐུངས་ནས་ཕྱིས་སྲིད་ཇུས་ལྷོད་རྗེས་བྲག་མགོ་དགོན་པར་ཕུལ་བ་ད་རེག་བར་དུ་ལུས། དེས་རིག་གནས་དངོས་རྫས་སྲུང་སྐྱོབ་ལ་མཛད་རྗེས་བླ་ན་མེད་པ་བཞག སེར་རུང་སྐུ་ཆུང་རིམ་བྱོན་ལས་བྱམས་པ་རྣམ་གྲོལ་ཟེར་བ་རྒྱལ་དབང་བཅུ་གསུམ་པས་ཐུགས་ཐག་བཅད། ཁོང་གསེར་ཁྲིར་མངའ་གསོལ་ནས་ལོ་བཅོ་ལྔའི་བར་དུ་བྲག་ལྕོགས་དགོན་དུ་འདོན་ཆོས་རོལ་དབྱངས་དང་བཅས་པར་[page 38] སྦྱངས། དེ་ནས་ལྷ་ལྡན་དུ་ཕེབས་ནས་སེ་ར་བྱེས་སུ་ཞུགས། དགེ་བའི་བཤེས་གཉེན་དུ་མ་བསྟེན་ཞིང་མཐར་ལྷ་རམས་པའི་དམ་བཅའ་བཞག། དགུང་ལོ་45ལ་དཀར་མཛེས་སུ་སྐུ་གཤེགས། དེ་སྔོན་ཚོགས་ཆེན་འདུ་ཁང་ཀ་བ་སུམ་ཅུ་ཅན་ཞིག་དང་། སྐུ་གསུངས་ཐུགས་རྟེན་དང་ལྷག་པར་དུ་གསེར་སྐུ་མང་པོ་བསྟེན་ཡོད་པའི་གསེར་ཁང་ཟེར་བའི་ལྷ་ཁང་ཀ་བ་བཞི་ཅན་ཞིག་མགོན་ཁང་ཀ་བཞི་ཅན་ནང་དུ་སྲུང་མ་བེར་རྩེ་ལྕམ་སྲས་བསྟེན་ཡོད་པ། སྤྱི་ཁང་གཅིག་བླ་མ་གཉིས་ཀ་ལ་བླ་བྲང་གཅིག གྲྭ་བ་བཞི་རྒྱ་ལྷག་ཙམ། གྲྭ་ཤག་བཅུ་ལྷག་བཅས་ཡོད་པ་ཕྱིས་སུ་འཇིག། 1979ལོ་སླར་ཡང་ཆོས་སྒོ་ཕྱེ། 1986ལོར་འདུ་ཁང་ཆེ་མོ་བཞེངས་པ་ཕྱི་ལོ་ཆར་ཆུས་འཇིག། 1988ལོ་ཡང་བསྐྱར་བཞེངས་པ་ཕྱི་ལོ་ཡང་སྐྱར་ཆར་ཆུས་འཇིག། 1989ལོ་ཐེངས་གསུམ་པར་བཞེངས་འགོ་བརྩམས་པའི་ཚོགས་ཆེན་འདུ་ཁང་ཀ་བ་སོ་ལྔ་ཅན་དེ། 1994ཁོ་བོ་ཞིབ་དཔྱོད་དུ་ཕྱིན་དུས་ཁེར་ཐོག་གི་ཚོགས་ཆེན་འདུ་ཁང་རྟེན་བཞེངས་དང་བཅས་པ་གྲུབ་ཅིང་ཉིས་ཐོག་ཏུ་རྟེན་བཞེངས་པའི་སྒང་ཡིན། རྟེན་གལ་ཆེན་ནི་རྗེ་དགེ་འདུན་གྲུབ་ཀྱིས་གནང་པའི་བྱམས་སྐུ་ལི་མ་དེ་ཡིན། དེ་རིགས་གནས་གསར་བརྗེ་ལ་སོགས་པའི་དུས་འགྱུར་སྐབས་སུ་མི་སེར་གྱི་ལག་བརྒྱུད་ནས་བསྐུངས་ཏེ་མཐར་ཆོས་སྒོ་ཕྱེ་དུས་མི་སེར་ཚེ་དགའ་ཟེར་བས་དགོན་པར་ཕུལ། དེ་མ་གཏོགས་འཇིག་བྱེད་དང་དཔལ་ལྡན་ལྷ་མོ། སྲུང་མ་ལྕམ་སྲིང་དང་བཅས་པའི་ཐང་ག་ཪྙིང་བ་རྩ་ཆེན་གསུམ་ལུས་ཡོད་པ་དང་། བཀའ་ལྡན་སྡེ་དགེ་པར་མ་ཚར་གཅིག་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྐུ་འབུམ་པར་མ་ཚར་གཅིག་བཅས་སོ། རྒྱལ་ཁབ་ཀྱི་ཐག་བཅད་པའི་གྲྭ་བའི་གྲངས་ཀ་ནི་ལྔ་བཅུ་དང་ཐོར་བཀོད་པ་དོན་ལྔ། རྒྱུན་སྡོད་སོ་གསུམ་མོ། གྲྭ་བའི་ཡོངས་ཁུངས་གཙོ་བོ་ནི་སྤྱི་ཚོགས་གསར་ཪྙིང་གཉིས་ཀ་ལ་སྔར་དགོན་པ་འདིའི་ལྷ་སྡེ་ཡིན་པའི་ཚོ་བ་བདུན་ཡོད་ཏེ། ཡར་པོ་དང་། ཆུ་གཉིས། སེར་མདའ། འོད་དྲོ། ཧེ་ན། ཤར་བ། རི་རིང་བཅས་སོ།
དགོན་པ་འདིར་སློབ་གཉེར་གྱི་འཛིན་གྲྭ་བཞི་ཡོད་དེ། དང་པོ་ལྷ་ལྡན་སྨོན་ལམ་ཆེན་མོར་ཐེངས་གསུམ་ཞུགས་པ་སྟེ་སེ་འབྲས་དགེ་གསུམ་གང་རུང་དུ་སློབ་གཉེར་ལོ་གསུམ་ཡན་ཆད་གནང་མྱོང་བའི་བཀའ་རམ་ཟེར་སྐོར་གཅིག་དང་། དགེ་སློང་བསྒྲུབས་རུང་གྲྭ་ས་གསུམ་ལ་ཞུགས་མྱོང་བའི་སྐོར་གཅིག་དང་། གྲྭ་ས་གསུམ་ལ་ཞུགས་མ་མྱོང་བའི་དགེ་ཚུལ་སྐོར་གཅིག་དང་། ད་རུང་རབ་བྱུང་བསྒྲུབས་མེད་པའི་སྐོར་གཅིག་དང་བཅས་བཞིའོ། དུས་ཆོད་རྣམས་དགེ་ལུགས་པ་ཀུན་དང་མཐུན། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་དགོན་པ་ཆ་ཚང་སླར་གསོ་བྱེད་ཐུབ་མེད།
དགོན་པའི་ལས་སྣེ་ཕྱོགས་ལ་དགེ་བསྐོས་གཅིག་ལ་འགན་ཡུན་ལོ་གསུམ་དང་། ཁྲི་བ་གཅིག་ལ་འགན་ཡུན་ངེས་མེད། དབུ་མཛད་གཅིག་ལ་འགན་ཡུན་ལོ་ལྔ། གཉེར་བ་དང་མཆོད་གཡོག་མི་གཅིག་རེར་འགན་ཡུན་ལོ་གཅིག་རེ་བཅས་ཡིན་ལ། དེ་ལས་གཉེར་བ་ལ་དམངས་བཅོས་སྔོན་དུ་གཉེར་ཆེན་དང་གཉེར་ཆུང་[page 39] དང་སྤྱི་བ་(མཛོད་བདག་)གསུམ་ཡོད་པ་མ་གཏོགས་གཞན་པ་ཐམས་ཅད་སྤྱི་ཚོགས་གསར་ཪྙིང་ལ་ཁྱད་པར་མེད། དམངས་བཅོས་སྔོན་ལ་དགེ་བསྐོས་དང་ཁྲི་བ་དང་དབུ་མཛད་གསུམ་སེར་རུང་སྐུ་ཆེན་གྱིས་ཐག་གཅོད་དགོས་ཤིང་གཉེར་བ་གསུམ་དང་མཆོད་གཡོག་ནི་དགེ་བསྐོས་ཀྱི་ཐག་གཅོད་དགོས། ད་སྐབས་དེ་ཐམས་ཅད་དགོན་པའི་བདག་གཉེར་ཚན་ཆུང་གི་ཐག་གཅོད། བདག་གཉེར་ཚན་ཆུང་གི་གཙོ་འཛིན་དགེ་བཤེས་བློ་བཟང་ནོར་བུ་ནི་དགུང་ལོ་དོན་བདུན་དང་གཙོ་འཛིན་གཞོན་པ་ཡེ་ཤེས་ཚེ་རིང་ནི་སོ་གཅིག་ཡིན། བཅའ་ཡིག་ཪྙིང་བ་མིང་ལ་དགེ་བཅུའི་དཔལ་གྱིས་མཛེས་པ་རྫ་རྒྱུད་འཛིན་མའི་རྒྱན་གྱུར་ཆོས་སྡེ་བྲག་ལྕོགས་དགའ་ལྡན་བྱམས་པ་གླིང་གི་དགེ་འདུན་པ་རྣམས་ཀྱི་སྤངས་བླང་ཀུན་སྤྱོད་མཛད་རྒྱུའི་རིམ་པ་ཁྲིམས་སུ་བཅའ་བ་བེཌཱུ ་དཀར་པོའི་ཐེམ་སྐས་ཟེར་བ་བྱམས་པ་བཟང་བོས་བྲིས་པ་ཞིག་ཡོད།
དགོན་པའི་དཔལ་འབྱོར་ཕྱོགས་ནས། དམངས་བཅོས་སྔོན་ལ་དགོན་པ་ལ་ཞིང་ས་མུ་སུམ་བརྒྱ་ཙམ་ཡོད། ཐེབས་རྩའི་མ་དངུལ་ཡོད་མོད་ཅི་ཡོད་ཀྱང་ཇི་ལྟར་སྤེལ་གཉེར་བྱས་པ་མི་ཤེས། ཞིང་ས་དེ་དགོན་པས་འདེབས་མོད་ལས་ཀ་གྲྭ་པ་ཚོར་བགོས་པ་ན་རང་རང་གི་ཁྱིམ་གྱིས་རོགས་རམ་བྱས་ཏེ་འབྲུ་རིགས་བླངས་ནས་ཐམས་ཅད་དགོན་པ་གཞུང་ལ་སྤྲོད་དགོས། ལས་ཀའི་གླ་ཆ་ཅི་ཡང་མེད། ད་སྐབས་འབྲི་བཞི་བཅུ་དང་གཡག་ཉི་ཤུ་ཡོད། དེ་ཐམས་ཅད་འབྲོག་ཁྱིམ་དུ་བཅོལ་ཏེ་འབྲི་རེ་ལ་ལོ་རེར་མར་རྒྱ་མ་བཅུ་གཉིས་རེ་དགོན་པ་ལ་སྤྲོད་དགོས། འབྲི་དེ་རྣམས་ནམ་ཡང་འཆི་མེད་རྒས་མེད་དུ་བརྩི་དགོས་ཤིང་འཕེལ་ཏོག་ལྷག་མ་འབྲོག་ཁྱིམ་རང་ལ་དབང་། དགོན་པ་ལྟ་ཅི་རྫོང་ཐོག་ནས་ཞང་ནང་ལའང་གཞུང་ལམ་མི་ཐར་བས་གཡག་དེ་རྣམས་ཁལ་མ་བྱེད་དགོས། གྲྭ་བ་རྣམས་ཀྱི་འཚོ་བ་རང་རང་གི་ཁྱིམ་ལ་བརྟེན་དགོས། དགོན་པའི་ཡོང་སྒོ་ནི་1990ལོ་སྲིད་གཞུང་ནས་སྒོར་མོ་ཆིག་ཁྲི་ཉིས་སྟོང་གནང་པ་མ་གཏོགས་བླ་གྲྭ་རྣམས་དང་དད་ལྡན་གྱི་ཡོན་བདག་རྣམས་ཀྱི་འབུལ་བ་དང་མར་བཙོང་བའི་རིན་གྱིས་དགོན་པའི་གཙུག་ལག་ཁང་གི་འཛུགས་སྐྲུན་དང་རྟེན་བཞེངས་ལ་གྲོན་དགོས། གྲྭ་བ་རྣམས་ཀྱི་འཚོ་བ་རང་ཁྱིམ་ལ་བརྟེན་དགོས། ཞེས་མདོ་སྨད་ཁྲི་ཀའི་སྐྱེས་མིང་བ་ཚེ་ཐར་གྱིས་1995ལོའི་ཟླ་4ཚེས་3ལ་སྦྱར་རོ།།
དཔྱད་གཞིའི་ཡིག་ཆ། ཁང་དམར་བློ་བཟང་ཐུབ་བསྟན་རིན་པོ་ཆེས་བརྩམས་པའི་ཧོར་གྱི་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཀུན་གསལ་མེ་ལོང་དང་། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་བརྩམས་པའི་ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆཊ་ཚུལ་ཀུན་གསལ་མེ་ལོང་དང་། །སྤྱི་ལོ་གཅིག་དགུ་གོ་བཞི་ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ལ་དགེ་བཤེས་བློ་བཟང་ནོར་བུ་དང་ཡེ་ཤེས་ཚེ་རིང་དང་། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ལ་དཀར་མཛེས་རྫོང་ནས་སེར་རུང་སྐུ་ཆེན་བྱམས་པ་[page 40] ཐུབ་བསྟན་རབ་རྒྱས་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་བཅས་སོ།།
དེ་ཡང་མདོ་ཁམས་སྨད་ཀྱི་ལྟེ་བ་ཏྲེ་ཤོད་དམ་ཏྲེ་བོ་ཧོར་དུ་གྲགས་པའི་སའི་ཆ་རུ་གཏོགས་པའི་མཁར་སྒང་རིན་ཆེན་ས་ལེ་སྦྲམ་གྱི་ནོར་བུའི་བུམ་བཟང་ཐོག་བརྗིད་ཀྱིས་ཆགས་པའི་མདོ་སྨད་བསྟན་པའི་མཛེས་རྒྱན་བཀྲ་ཤིས་དར་རྒྱས་དགོན་ནི་བོད་རབ་བྱུང་བཅུ་གཅིག་པ་ཆུ་སྟག་སྟེ་སྤྱི་ལོ་1662ལོའི་ཡས་མས་སུ་རྒྱལ་དབང་ལྔ་པ་ཆེན་པོའི་དངོས་སློབ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་ཅིང་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་རོང་པ་ཚའི་འདམ་མ་ཤང་དང་བྱེ་གསེར་ཤང་། མཁར་སྒང་ཤང་། རི་མགོ་ཤང་བཅས་ཀྱི་ཕྱོགས་སུ་གཏོགས། ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་ཁ་ཤས་སུ་བོད་རབ་བྱུང་དགུ་པའི་ས་སྤྲེལ་ཏེ་སྤྱི་ལོ་1548ལོར་རྗེ་དྲུང་ཤེས་རབ་དབང་པོས་ཁམས་དར་རྒྱས་དགོན་ཕྱག་འདེབས་མཛད་ཅེས་བཀོད་པ་དགོན་པ་འདིའི་བཏབ་ལོ་རུ་ངོས་འཛིན་པ་ནི་མ་དག་པ་སྟེ་རྗེ་དྲུང་ཞེས་པ་ནི་ཆབ་མདོ་དགོན་ཆེན་གྱི་མཁན་པོ་མཛད་མྱོང་བའི་ཤེས་རབ་དབང་པོའི་གོ་སའི་མིང་ལས་བྱུང་བ་དང་ཁོང་གིས་མཁན་པོའི་འགན་རྫོགས་རྗེས་ཡུལ་དེའི་ཁོང་གཏོགས་སུ་དར་རྒྱས་དགོན་བྱ་བ་ཞིག་བཏབ་ཀྱང་དགོན་དེའི་གཞི་རྒྱ་དང་གྲྭ་གྲངས་གང་གི་ཆ་ནས་བཀྲ་ཤིས་དར་རྒྱས་དགོན་ལས་ཞན་པ་ཡིག་ཆ་སྣ་ཚོགས་སུ་གསལ་ཞིང་། དེ་གཉིས་འཁྲུལ་རྐྱེན་ནི་བོད་ཀྱི་སྲོལ་རྒྱུན་དང་ད་ལྟའི་ས་རྒྱུས་རིག་པའི་ཁྲོད་ཡུལ་ཁམས་སྤྱིའི་དབྱེ་ཕྱོགས་སུ་མདོ་དབུས་ཁམས་གསུམ་དང་ལྷག་པར་དུ་མདོ་སྟོད་མདོ་སྨད། མདོ་ཁམས་སྟོད་སྨད། ཁམས་སྟོད་ཁམས་སྨད་སོགས་ལ་གཅིག་གྱུར་གྱི་འབྱེད་སྟངས་གསལ་ལ་ཞིབ་པ་ས་ཁྲའི་རི་མོ་དང་བཅས་པ་ཞིག་མ་མཆིས་པས་ལན་པར་འདོད། ལོ་རྒྱུས་ཡིག་ཆ་ཁ་ཤས་ནང་དར་རྒྱས་དགོན་འདི་ཐོགས་མར་ཆགས་ས་ནི་རོང་པ་ཚའི་ཉེ་འདབས་ཀྱི་ས་གཞན་ཞིག་ཡིན་ཀྱང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ས་དེའི་དཔྱད་མ་ལེགས་པ་མཐོང་ནས་སྤྱི་ལོ་1662ལོར་ད་ལྟའི་གནས་འདི་རུ་སྤོས་པར་བཞེད་ཀྱང་དགོན་པ་རང་སྟེང་ནས་འཆད་རྒྱུན་དེ་ཁས་མི་ལེན་པས་འདིར་ཁ་མཚོན་གཅོད་དཀའ་ཡང་དགོན་པ་འདི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རང་གི་རྩ་བའི་བླ་མ་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་དབུས་གཙང་གི་ས་ཆ་ཁག་ཏུ་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་གསར་དུ་ཕྱག་བཏབ་པར་བཏབ་གླིང་བཅུ་གསུམ་དུ་གྲགས་པའི་མཛད་རྗེས་རྣམ་པར་ཐར་བའི་རྗེས་འབྲངས་ཏེ་གོ་ཤྲཱི་ཁོང་དགོངས་པ་རྫོགས་པའི་དགེ་རྩ་དང་ཁམས་སུ་དགེ་ལུགས་པའི་གྲུབ་མཐའ་[page 41] སྤེལ་བར་ལྔ་བ་ཆེན་པོའི་ངག་བཀོད་ལྟར་ཧོར་དགོན་སྡེ་བཅུ་གསུམ་ཕྱག་བཏབ་པའི་གྲས་སུ་གཏོགས་པ་ཚང་མ་ཁ་མཐུན་ནོ།
དར་རྒྱས་དགོན་པར་སྔོན་ལ་མཁན་པོ་མེད་ཀྱང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་མཁན་པོའི་རབས་བྱུང་སྟེ་དང་པོ་བརྩོན་འགྲུས། གཉིས་པ་དགེ་བྱམས་པ་མཁས་གྲུབ། གསུམ་པ་ཡ་མ་དར་རྒྱས། བཞི་པ་བློ་གཅེས། ལྔ་པ་ཨ་འཚོགས། དྲུག་པ་ཤེས་རབ། བདུན་པ་ཚངས་ལི། ད་ལྟའི་མཁན་པོ་བློ་བཟང་བསྟན་པ་བཅས་སོ། དར་རྒྱས་དགོན་པར་སྤྲུལ་སྐུ་བདུན་ཡོད་པ་ནི་ཧ་དྷི་བློ་བཟང་དཔལ་ལྡན། སྐུ་ཞབས་འཛིན་ནང་། ཉ་རྒྱས་སྐུ་ཆེན། ཉ་རྒྱས་སྐུ་ཆུང་། རྒྱལ་བསྟན་བློ་བཟང་བྱམས་པ། སྤྲུལ་སྐུ་རྡོ་འབུམ། སྐུ་ཞབས་ཁྲི་པ། དགོན་བདག་བྱམས་པ་མཁས་གྲུབ་བཅས་སོ།
དགོན་པ་ལ་ཚོགས་འདུ་རིམ་པ་གསུམ་ཡོད་དེ་མཐོ་བ་ནི་རྒན་པ་ལྷ་རིམ་གྱི་ཚོགས་འདུ། དེ་ལ་ཞུགས་མཁན་རྒན་པ་ལྷ་རིམ་གྱི་མི་སྣ་གསུམ་དང་ལས་སྣེ་བརྒྱད་པོ་ཡིན། འབྲིང་བ་ནི་ལས་སྣེ་བརྒྱད་འཛོམས་ཀྱི་ཚོགས་འདུ། དེ་ལ་ཞུགས་མཁན་ལས་སྣེ་བརྒྱད་དང་རྒན་པ་དྲུག་ཡིན། ལས་སྣེ་བརྒྱད་ཐོག་དགོན་པ་ཡོངས་ཀྱི་རྒན་པ་ཞུགས་པའི་ཚོགས་འདུ་ལ་རྒན་པའི་ཚོགས་ཆེན་ཟེར་ཞིང་རྒན་པ་བྱ་བ་ནི་ལོ་བགྲེས་པ་ཁོ་ནའི་མིང་ཐོགས་པ་མ་ཡིན་པར་མཁན་པོ་དང་དགེ་བསྐོས། དབུ་མཛད་སོགས་ཀྱི་འགན་ཁུར་མྱོང་ལ་བྱའོ། དེས་ན་ལས་གནས་རིགས་ཀྱི་བསྐོ་བཞག་བྱེད་སྟངས་ལ་གནས་བླ་མ་བྱ་བ་ནི་སྤྲུལ་སྐུ་མིན་པའི་དགེ་བཤེས་ཡོན་ཏན་ལེགས་པ་ཞིག་གིས་ཁུར་དགོས། སྔོན་ལ་དགེ་བཤེས་སུ་ཡིན་ཀྱང་གནས་བླ་མ་བྱེད་མ་ཐུབ་ན་མཁན་པོ་ཁུར་མི་ཆོག།
གནས་བླ་མ་གསོལ་གནས་དྲུག་དང་ཞལ་ངོ་གཉིས་ཏེ་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས། ཞལ་ངོ་གཉིས་ནི་གསོལ་གནས་དྲུག་དང་ཞལ་ངོ་ཪྙིང་པ་གཉིས་པ་གཉིས་གྲོས་བྱས་ཏེ་འགན་འོས་ཀྱི་མི་གསུམ་གྱི་མིང་རྩམ་རིལ་ནང་བཅག་ནས་བུམ་པ་དཀྲིགས་ཏེ་སྔོན་ལ་ཐོན་པ་གཉིས་ཀྱི་མཚན་ལྟར་བསྐོ་བཞག་བྱེད། དབུ་མཛད་ནི་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས། ཇ་མའང་གོང་དང་མཚུངས། གསོལ་གནས་དྲུག་པོ་གསོལ་གནས་ཪྙིང་པ་དྲུག་དང་ཞལ་ངོ་ཪྙིང་པ་དྲུག་གྲོས་བྱས་ཏེ་བསྐོ་བཞག་བྱེད་དགོས། གཉེར་པའི་རིགས་ཚང་མ་ལས་སྣེ་བརྒྱད་འཛོམས་གྲོས་ཚོགས་ཐོག་ཐག་གཅོད་དགོས། གོང་གི་དོན་འདི་རིགས་སྤྲུལ་སྐུ་ལ་ཞུ་མི་དགོས། རྒན་པ་ལྷ་རིམ་གྱི་གྲོས་ཚོགས་རྒྱས་པ་ནས་གཅོད་མ་ཐུབ་པའི་དོན་གལ་ཆེན་རིགས་བྱུང་ན་མཁན་པོ་བརྒྱུད་དེ་སྤྲུལ་སྐུ་[page 42] དགུང་ལོ་བགྲེས་པའམ་ཡོན་ཏན་ལེགས་ཤིང་མཚན་སྙན་གྲགས་ཆེ་བ་གང་ལ་ཞུས་ནས་མོ་བཏབ་སྟེ་ཐག་གཅོད། དེ་ལས་གཞན་སྤྲུལ་སྐུ་ལ་ཁྱད་པར་ཅན་གྱི་དབང་ཆ་མེད། སེར་འབྲས་སོགས་གྲྭ་ས་འགྲིམ་དུས་ད་གཟོད་དམིགས་བསལ་ཅན་གྱི་མཚན་སྙན་གོ་གནས་སྟེར་སྲོལ་ཡོད་པར་འཆད། དར་རྒྱས་དགོན་པའི་སྤྲུལ་སྐུར་འབྱོར་བ་ཆེན་པོ་མེད་ལ་གཙོ་བོ་རང་རང་གི་རི་ཁྲོད་དུ་བཞུགས་པས་ཁྱིམ་ཡོངས་སུ་དབུལ་པོ་ཡིན། ཁྲི་བ་དགོན་པ་རང་གི་གྲྭ་པ་ཡིན་དགོས་པའི་ངེས་པ་མེད། དཀར་མཛེས་སོགས་དགོན་པ་གཞན་གྱི་སྤྲུལ་སྐུ་ཡོན་ཏན་བཟང་ལ་མཚན་སྙན་གྲགས་མཐོ་བ་རྣམས་གདན་དྲངས་ཏེ་ཆོས་གསུང་མཁན་ལ་ཁྲི་པ་ཟེར་པ་ལས་རྒྱུན་སྡོད་དུ་མེད་ཀྱང་ད་ལྟ་དགོན་པ་གཞན་དང་འདྲ་བར་ཁྲི་པ་ཡོད་ཅིང་དེའི་མཚན་ལ་བློ་བཟང་ཐོགས་མེད་དམ་བུ་དགའ་ཟེར། དགོན་ཚབ་ཀྱི་འགན་གསོལ་གནས་གཅིག་གིས་ཁུར་དགོས། ཁོང་གིས་གཙོ་བོ་དགོན་པ་དང་ཕྱིའི་འབྲེལ་བའི་རིགས་ཐག་གཅོད་དགོས། གལ་སྲིད་ཕྱི་དང་གྱོད་དོན་ཆེན་འདྲ་བྱུང་ན་ལས་སྣེ་བརྒྱད་འཛོམས་དང་རྒན་ལྷ་རིམ་ནས་དགོན་སྤྱིའི་དབང་ཆ་ཡོད་པའི་དགོན་ཚབ་གཅིག་འདེམས་ཤིང་དེའི་མིང་ལ་དགོན་ཚབ་ཆེན་མོ་ཟེར། སྤྱི་སོ་ནི་རྒན་པ་ལྷ་རིམ་གྱིས་གྲྭ་ཚང་རེ་ནས་མི་གཉིས་འདེམས་ནས་མི་དྲུག་ཡོད་པའི་ཚོང་གཉེར་གྱི་ཆེས་མཐོའི་འགོ་ཁྲིད་ཡིན། དེ་ཚོ་ལོ་གསུམ་རེ་ནང་ཐེངས་གཅིག་བརྗེ་དགོས་ཤིང་སྤྱི་སོ་གཅིག་གིས་འགྲིམ་འགྲུལ་དང་འབྲེལ་གཏུགས་ཀྱི་བྱ་བའི་སྤྱི་འགན་འཁུར་བ་ལས་གཞན་པ་རིགས་ལྷ་ས་དང་ཆབ་མདོ། སྐྱེ་རྒུ་མདོ། དར་རྩེ་མདོ། ཁྲིན་ཏུའུ་སོགས་སུ་བཅའ་སྡོད་བྱ་དགོས།
དགོན་པའི་བཅའ་ཡིག་སྔ་རྗེས་སུ་བཞི་ཙམ་ཡོད་པར་འཆད་དེ། དང་པོ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་གཏན་ལ་ཕབ་པ་མེ་འཇིག་གིས་མེད་པར་བཏང་ཞིང་དེ་རྗེས་རྒྱལ་དབང་སྐལ་བཟང་རྒྱ་མཚོས་གཏན་ལ་ཕབ་པ་དར་བེ་དོན་རྐྱེན་ནང་དམག་འཇིག་གིས་མེད་པར་བྱས། ཕྱིས་སུ་དགོན་པའི་ལག་བསྟར་བྱ་བ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་གཏན་ལ་ཕབ་པའི་བཅའ་ཡིག་དང་ཕུར་བུ་མཆོག་བྱམས་པ་རིན་པོ་ཆེ་ནས་གཏན་ཕབ་གནང་བའི་ཆོས་རའི་ཁྲིམས་གཉིས་ཡིན་ཀྱང་དེ་གཉིས་ཀའང་བཅིངས་འགྲོལ་རྗེས་སུ་མེད་པར་སོང་། དེ་ལྟ་ནའང་ནང་དོན་གཙོ་བོ་གཞི་གསུམ་གྱི་ཉམས་ལེན་དང་སྡོམ་གསུམ་གྱི་གཅོད་མཚམས་རྨང་གཞི་བྱས་ཐོག་དགོན་པའི་སྒྲུབ་མཆོད་ཀྱི་དུས་དང་ནང་དོན་གཏན་ལ་ཕབ་པ་དང་འདུལ་བའི་གཞུང་བཞིན་ཁྲིམས་གཙང་ཞིང་དག་དགོས་པ། གྲྭ་པས་གནང་ཞུ་མ་བྱས་པར་ཕྱི་ལ་འགྲོ་མི་ཆོག་པ། སེར་མོ་བས་སྐྱ་ལྭ་མནབས་མི་ཆོག་པ། དགོན་ནང་བུད་མེད་ཡོང་མི་ཆོག་པ་སོགས་དང་། ཁྲིམས་དེ་དག་ལ་འགལ་ན་ཕྱག་འཚལ་པ་དང་ལྕག་གཞུས་པ། ནོར་གྱིས་ཆད་པ་གཅོད་པ། དགོན་པ་ནས་ཕྱིར་ཕུད་པ་སོགས་གནད་དོན་གྱི་ལྕི་ཡང་ལྟར་གང་འབབ་ཀྱི་ཁྲིམས་ཡོད་དོ།
[page 43] དར་རྒྱས་དགོན་ལ་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལངས་པ་ཡོད་ནའང་ས་དང་མེ། དམག་སོགས་ཀྱི་འཇིགས་པ་ཐེངས་མང་བྱུང་ནས་མེད་པར་སོང་བས་ཐུགས་རྟེན་རིན་པོ་ཆེ་གང་མང་ཐོར་བརླག་དུ་སོང་སྟེ་གྲངས་འདྲེན་ཐབས་མེད་ཀྱང་འདིར་མདོ་ཙམ་བཀོད་ན། གསེར་ཟངས་ལས་གྲུབ་པའི་བྱམས་སྐུ་ཐོག་ཚད་གསུམ་ཅན་གཅིག། གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་ཐོག་ཚད་གཉིས་ཅན་གསུམ། རྒྱུ་དེ་མཚུངས་ཀྱི་ཚེ་ལྷ་རྣམ་གསུམ་སྐུ་ཐོག་ཚད་གཉིས་ཅན་གསུམ། གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་པ། པཎ་ཆེན་བསོད་གྲགས། ཕུར་ཅོག་སྐྱབས་དགོན་རིན་པོ་ཆེ། སྒྲོལ་དཀར། བྱམས་པའི་སྲས་གཉིས་སོགས་ཐོག་ཚད་གཅིག་ཅན་བདུན། གསེར་སྐུ་ལི་མ་ཇོ་བོ་མཐོང་བ་དོན་ལྡན་སོགས་མི་ཚད་མ་གཉིས། ལི་མ་མིན་པའི་གསེར་སྐུ་མི་ཚད་མ་བཅུ་གཉིས། གསེར་སྐུ་ལི་མ་མདའ་ཚད་མ་ང་དྲུག། གསེར་སྐུ་ལི་མ་མིན་པ་མདའ་ཚད་མ་བཞི་བཅུ་ཞེ་གསུམ། གསེར་སྐུ་མདའ་ཚད་གཅིག་དང་ཕྱེད་ཙམ་ཆིག་སྟོང་སུམ་བརྒྱ། གསེར་སྐུ་ལི་མ་མིན་པ་མདའ་ཚད་ཕྱེད་ཙམ་དྲུག་བརྒྱ། སྐུ་ཐང་སྤུས་ལེགས་མ་སུམ་བརྒྱ་བཅུ་བཞི། མཆོད་རྟེན་རྒྱུ་གསེར་ལས་གྲུབ་པ་རིན་པོ་ཆེའི་རྒྱན་ཆས་བརྒྱན་པ་ཐོག་ཚད་མ་གཉིས། གསེར་གྱི་མཆོད་རྟེན་མདའ་ཚད་མ་གཅིག བཀའ་གདམས་མཆོད་རྟེན་ཤིན་ཏུ་སྤུས་ལེགས་པ་དྲུག་རྒྱ་སོ་དྲུག འབག་སྐུ་ཐོག་ཚད་གཉིས་ཅན་དྲུག ཐོག་གཅིག་དང་ཕྱེད་ཙམ་བཅུ་གཅིག། འཇིམ་སྐུ་མི་ཚད་མ་བརྒྱ། གསུང་གི་ཕྱོགས་སུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་བཅོ་ལྔ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན། བྱམས་མགོན། རྭ་སྒྲེང་། སྒྲུབ་ཁང་བ། ཆོས་བཟང་། རྟག་ཕུར། གླིང་སྤྲུལ་རིན་པོ་ཆེ། གུང་ཐང་། འཇམ་དབྱངས་བཞད་པ། དངུལ་ཆུ་ཡབ་སྲས། ལྕང་སྐྱ་བཅས་ཀྱི་གསུང་འབུམ་ཆ་རེ་རེ། སེ་ར་རྗེ་བཙུན་དང་པཎ་ཆེན་བསོད་གྲགས་རྣམ་གཉིས་ཀྱི་ཡིག་ཆ་ཆ་ཚང་ལྔ་བཅུ་རེ། བཀའ་འགྱུར་ཆ་ཚང་བཅུ། བསྟན་འགྱུར་ཆ་ཚང་ལྔ། ཡུམ་རྒྱས་འབྲིང་བསྡུས་གསུམ་ཆ་བཅོ་ལྔ། བརྒྱད་སྟོང་པ་ཚར་ཉི་ཤུ་བཅས་སོ།།
མཆོད་ཆས་ལ་གསེར་ནག་གི་ཀོང་བུ་ཉིན་མཚན་གསུམ་རེ་ཐུབ་པ་གསུམ། ཉིན་མཚན་གཉིས་ཐུབ་པ་གསུམ། ཉིན་མཚན་གཅིག་ཐུབ་པ་གཉིས། གསེར་ཟངས་ལས་གྲུབ་པ་ཉིན་མཚན་གསུམ་ཐུབ་པ་བཞི། ཉིན་མཚན་གཉིས་ཐུབ་པ་ལྔ། ཉིན་མཚན་གཅིག་ཐུབ་པ་དྲུག། གསེར་ནག་གི་ཏིང་ཕོར་གཉིས། མར་ཁུ་ཐོམ་གང་ཤོང་བའི་དངུལ་ཀོང་དགུ། དངུལ་གྱི་ཀོང་བུ་ཉིན་མཚན་གསུམ་ཐུབ་པ་བཅོ་ལྔ། ཉིན་མཚན་གཉིས་ཐུབ་པ་བཅོ་བརྒྱད། དངུལ་གྱི་ཏིང་ཕོར་ཆུ་ཟོམ་གང་ཤོང་པ་སོ་ལྔ། ཆུ་ཟོའུ་གང་ཤོང་པ་བཞི་བརྒྱ་སོ་བཞི། རོལ་ཆས་ཕྱོགས་སུ་བཀའ་རྒྱ་སྒོ་ཕྱི་ལ་ཁྱེར་མི་ཆོག་པ་ཨང་དང་པོ་ཉེར་[page 44] ལྔ། ཨང་གཉིས་པ་སུམ་ཅུ། སིལ་སྙན་བཀའ་རྒྱ་མ་སྒོ་ཕྱི་ལ་ཁྱེར་མི་ཆོག་པ་ཨང་དང་པོ་དྲུག། ཨང་གཉིས་པ་ལྔ། རོལ་མོ་གཞན་དུ་ཁྱེར་ཆོག་པ་གྱ་དྲུག། སིལ་སྙན་བཅུ། དུང་དཀར་གཡས་འཁྱིལ་གསེར་ཤན་མ་ཕྲ་ཚོམ་དུ་མས་རྒྱན་པ་གཅིག། གཡོན་འཁྱིལ་ཆ་བཞི། དངུལ་གྱི་ར་གདུང་ཆ་དྲུག། རྒྱུ་གསེར་ལས་གྲུབ་པའི་རག་དུང་ཆ་གཅིག། ཚ་གསེར་ལས་གྲུབ་པ་ཆ་གཅིག། ཐང་དུང་ཆ་བཞི། ཟངས་དུང་ཆ་ལྔ། རག་དུང་ཆ་བཞི། ཁ་རྒྱ་ལ་འབྲུག་རིས་བྱུ་རུས་ཐང་ཤིང་གིས་རྒྱན་པའི་རག་དུང་གྲགས་ཅན་ཆ་གཅིག། གསེར་གྱི་རྒྱ་གླིང་རིན་པོ་ཆེ་ཕྲ་དུ་མས་བརྒྱན་པ་ཆ་གསུམ། ཚ་གསེར་ལས་གྲུབ་པའི་རྒྱ་གླིང་ཆ་གསུམ། དངུལ་གྱི་རྒྱ་གླིང་ཆ་ལྔ་བཅས་སོ། དེ་ལས་དགོན་པ་སྤྱི་ལ་ཚོགས་ཆེན་འདུ་ཁང་གཅིག། ཆོས་ར་གཅིག དགྲ་ལྷ་ཁང་གཅིག བཀའ་གདམས་ལྷ་ཁང་། རྒྱལ་བ་པཎ་ཆེན་གཉིས་ལ་གཟིམ་ཁང་རེ། གསེར་སྐུ་ལི་མ་ཁང་། བྱམས་ཁང་གཉིས། ཚེ་དཔག་མེད་ལྷ་ཁང་། ཤུགས་ལྡན་ལྷ་ཁང་། ནོར་སྲས་ལྷ་ཁང་། འབག་ཁང་། གསོལ་གནས་ཁང་། ཞལ་ངོ་རྒན་གཞོན་གྱི་ཁང་པ་གཉིས། གདན་ཁང་། དཀོན་གཉེར་ཁང་། ཇ་ཁང་། སྨོན་ལམ་བླ་མ་བཞུགས་ཁང་གཉིས། སྨོན་ལམ་བླ་མའི་ཕྱག་མཛོད་བཞུགས་ཁང་དང་ཇ་ཁང་། སྤྱི་སོ་གསར་ཪྙིང་ལ་ཁང་པ་གཉིས། འབྲུ་གཉེར་ཁང་། ཁང་གཉེར་ཁང་། མཁན་པོ་གཟིམ་ཤག་ཕྱི་ནང་གསུམ། འབྲུ་ཁང་གཅིག། དགོན་གཏོགས་སྡེ་བའི་འབྲུ་མཛོད་ཁང་བདུན། སྔགས་པ་གྲྭ་ཚང་གི་འདུ་ཁང་། མཚན་ཉིད་གྲྭ་ཚང་གི་འདུ་ཁང་། གྲྭ་ཤག་བདུན་བརྒྱ་བཅུ་གསུམ་བཅས་སུ་སེར་མོ་བ་སུམ་སྟོང་བདུན་བརྒྱ་ལྔ་བཅུ་ང་བརྒྱད་བཞུགས་སོ།།
དར་རྒྱས་དགོན་པའི་སྲོལ་རྒྱུན་ཐོག་གྲྭ་ས་འགྲིམ་ཡུལ་སེར་འབྲས་དགའ་གསུམ་ཡིན་ཡང་གཙོ་བོ་སེར་འབྲས་ཡིན་པ་ལས་དགའ་ལྡན་དང་བཀྲ་ཤིས་ལྷུན་དུ་གྲྭ་པ་ཉུང་ཤས་མེད། འབྲས་སྤུངས་སུ་ལོ་བཞི་དང་སེར་རར་ལོ་གསུམ། གྲྭ་པ་ཁ་ཤས་ཡུན་རིང་བཞུགས་ཏེ་དགེ་བཤེས་ཀྱི་གོ་གནས་བླངས་རྗེས་ཕྱིར་ཕེབས་པ་དང་མི་ཕེབས་པ་གང་མང་ཡོད། དགོན་པ་རང་ལ་སྔགས་པ་གྲ་ཚང་དང་མཚན་ཉིད་གྲྭ་ཚང་། མདོ་ཆོག་གྲྭ་ཚང་བཅས་གསུམ་ཡོད་པའི་ནང་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་ལ་ཞུགས་པའི་གྲྭ་པ་བརྒྱད་བརྒྱ་བརྒྱད་ཅུ་ཙམ་ཡོད་ཅིང་མཚན་ཉིད་གྲྭ་ཚང་དུ་བསྡུས་གྲྭའི་འཛིན་གྲྭ་གསུམ། གཞུང་གསར་ཪྙིང་གཉིས། ཕར་ཕྱིན་འཛིན་གྲྭ་གཉིས། དབུ་མ་འཛིན་གྲྭ་གཅིག་བཅས་ཡོད་པར་བསྡུས་གྲྭ་ལ་ལོ་གཉིས་དང་ཕྱེད། གཞུང་གསར་ཪྙིང་གཉིས་ལ་ལོ་གཅིག་རེ། ཕར་ཕྱིན་ལ་ལོ་[page 45] ཕྱེད་གཉིས། དབུ་མ་ལོ་བཞི། འདུལ་བ་ལོ་བཞི། མཛོད་ལ་ལོ་བཞི་བཅས་གཏན་ལ་ཕབ་ཡོད་ཀྱང་། རྗེས་སུ་རྩོད་པ་དབུ་མའི་ཡན་དུ་འགྲོ་མ་ཐུབ་པར་འཆད། སྔགས་པ་གྲྭ་ཚང་དང་མདོ་ཆོག་གྲྭ་ཚང་ལ་མཚན་ཉིད་གྲྭ་ཚང་བཞིན་འཛིན་གྲྭ་གསལ་པོ་བྱེད་ལོང་མ་བྱུང་བར་གྲལ་གཅིག་ཏུ་གྲྭ་ཚང་ཞུགས་པའི་སྔ་གཞུག་དང་ཡོན་ཏན་བཟང་ངན་ལ་བལྟས་ནས་རིམ་པ་འགར་དགོས། གྲྭ་ཚང་གསུམ་དུ་སྡོད་པའི་ལོ་ཚད་ངེས་ཅན་མེད། སྔགས་པ་གྲྭ་ཚང་དུ་རང་ལོ་ལྔ་བཅུར་ཐོན་པ་བུད་ཆོག་པ་ཡིན། མདོ་ཆོག་པས་རྒྱུགས་འཕྲོད་མ་ཐུབ་པར་མཚན་ཉིད་དང་སྔགས་པ་གྲྭ་ཚང་གང་ཡང་སྒྲིག་གཉིས་འཛིན་བྱེད་མི་ཆོག་ལ་སྔགས་པ་གྲྭ་ཚང་ཡང་དེ་ནང་བཞིན་ཡིན། སྔོན་གྲྭ་ཚང་གསུམ་བཙུགས་མེད་པའི་དུས་སུ་དགོན་པ་སྤྱི་ལ་ཆོས་གྲྭ་གཉིས་ཡོད་པའི་ནང་གྲྭ་ཆུང་ཉིས་བརྒྱ་ལྷག་ཞུགས། འཛིན་གྲྭ་གཅིག་ལ་མི་བཅོ་ལྔ་ཙམ་དང་། དེ་ཚང་མ་ཆོས་ཐོག་སྐབས་སུ་ཡང་ཉིན་གུང་དཔེ་ཁྲིད་ལ་འགྲོ་དགོས། དང་པོར་རིག་གནས་རྨང་གཞི་འཇོག་པ་ལས་གཞན་གཙོ་བོ་ཆོས་སྤྱོད་རབ་གསལ། འཇམ་དཔལ་མཚན་བརྗོད། རྒྱན་འཇུག་གཉིས་དང་བཅས་པ་ཚགས་སུ་ཆུད་པར་བྱེད་དགོས། སྔགས་པ་གྲྭ་ཚང་གིས་བློར་འཛིན་བྱེད་པའི་ཆོ་ག་ཡང་བདེ་གསང་འཇིགས་གསུམ་སོགས་ཀྱི་བདག་མདུན་བུམ་གསུམ་གྱི་སྟེང་དུ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་ནང་གསུམ། དམག་ཟོར་མ། ཚེས་གཏོར་དང་བཅས་པ་གུར་མགོན་ཞལ་བཞི་པ། རྣམ་སྲས། ལྕམ་སྲིང་། ཤུགས་ལྡན། བསྐང་གསོ་རྒྱས་པ། བདེ་གསང་འཇིགས་གསུམ་གྱི་སྦྱིན་སྲེག་ཞི་རྒྱས་དབང་དྲག་བཞི་དང་། ལྕགས་མཁར་གཏོར་སྒྲུབ་ལ་སོགས་པ་བློ་ལ་ཆུད་པ་བྱས་ཐོག་སྒྲིག་གཉིས་འཛིན་གྲྭ་རྣམས་ལ་ཀུན་རིགས་བདག་མདུན་བུམ་གསུམ། ཆོས་སྤྱོད་རབ་གསལ་པོ་ཏི་སོགས་རྒྱུགས་སྤྲོད་པའི་འགན་འཁུར་འཕྲོས་པ་ཡིན། དེའི་ནང་ནས་རྡུལ་ཚོན་པ་གྲྭ་པ་བཅུ་དྲུག་ལ་བདེ་གསང་འཇིགས་གསུམ་ཀུན་རིགས་ལྕགས་མཁར་གྱི་ཐིག་ཞི་རྒྱས་དབང་དྲག་གི་ཟབ་ཐིག་རྡུལ་ཚོན་ས་ཆོ་ག་དང་བཅས་པ་ཐུགས་སུ་ཆུད་དགོས། མདོ་ཆོག་གྲྭ་ཚང་གི་རྒྱུགས་སྤྲོད་འགན་ལ་འཇམ་དཔལ་མཚན་བརྗོད་དང་རྒྱན་འཇུག་གཉིས་གཞི་བྱས་པའི་ཐོག་གང་འཚམས་ཀྱི་རྩོད་རྒྱུགས་བྱང་རྒྱུ་དེ་ཡིན། མཚན་ཉིད་གྲྭ་ཚང་གིས་འཇམ་དཔལ་མཚན་བརྗོད་དང་རྒྱན་འཇུག་གཉིས། ལམ་སྒྲོན་ལམ་གཙོ་གཉིས། སྒྲོལ་དཀར་སྟོད་པ་དང་གདུགས་ཤེར་སེང་གསུམ་པོ་ཏི་ལྔའི་སྨོན་ལམ། འཇམ་དབྱངས་བསྟོད་པ་གང་བློ་མ། རྒྱལ་བ་མ་ལུས། བསྟོད་འབུལ་ཆ་ཚང་། བསྟན་འབར་མ་སོགས་ཀྱི་ཐོག་མཚན་ཉིད་ཀྱི་དཔེ་ཆ་ཤོག་གྲངས་བཅུ་ལས་མི་ཉུང་བ་རྒྱུགས་སྤྲོད་དགོས། དེ་ལས་ལྷག་ཤོག་གྲངས་བརྒྱ་ཚོ་ཁ་གྲངས་ལ་བྱ་དགའ་ཡོད་ཀྱང་དཔེ་ཆ་རྩོད་རྒྱུ་ནི་རྒྱུགས་གཙོ་བོ་ཡིན་པར་འཆད། མཚན་ཉིད་ཀྱི་ཡིག་ཆ་གཙོ་བོ་སེ་ར་རྗེ་བཙུན་དང་པཎ་ཆེན་བསོད་གྲགས་རྣམ་གཉིས་ཀྱི་ཡིན།
དགེ་བྱམས་པ་མཁས་གྲུབ་ཀྱི་སྐུ་དྲིན་གྱིས་དར་དགོན་དུ་འཆད་ཉན་གྱི་འཛིན་གྲྭ་བཙུགས་ཏེ་རང་[page 46] གིས་དགེ་བཤེས་ཀྱི་ཐོབ་ཐང་སྤྲོད་ཆོག་པའི་ཆ་རྐྱེན་འཛོམས་པའི་སྐབས་སུ་དུས་འགྱུར་གྱི་དབང་གིས་བར་ཆད་བྱུང་མོད། ཡོན་ཏན་བཟང་བའི་གྲྭ་པ་ན་གཞོན་མང་པོ་གསོ་སྐྱོང་བྱས་པ་དང་གྲྭ་ས་འགྲིམ་པའི་སྲོལ་རྒྱུན་མ་བཏང་བས་དུས་རབས་ཐུང་ངུ་ཞིག་གི་ནང་དུ་མཁས་པ་སྐད་གྲགས་ཅན་མང་པོ་བྱུང་བ་སྟེ། དཔེར་ན། དགའ་ལྡན་ཁྲི་པ་དྲུག་ཅུ་རེ་བཞི་པ་ཁྲི་ཆེན་བློ་བཟང་བཀྲ་ཤིས་དང་དགའ་ལྡན་ཁྲི་པ་ལྕང་རྒྱལ་རིན་པོ་ཆེ་མདོ་སྔགས་གཉིས་ལ་མཁས་པའི་བྱམས་པ་མཁས་གྲུབ། དགེ་བཤེས་སྲིན་ཐར། དགེ་བཤེས་ཡ་མ་ཚེ་རིང་། ཡ་མ་དར་རྒྱས། བློ་སྐྱིད། ཚངས་བུ། འཕྲིན་ལས་དོན་འགྲུབ། རིན་ཆེན་དོན་འགྲུབ་སོགས་དགེ་བཤེས་གྲགས་ཅན་མང་པོ་བྱུང་བའི་གཟི་བརྗིད་ཀྱི་ལོ་རྒྱུས་ཡོད།
དར་རྒྱས་དགོན་པའི་མཛད་སྒོའི་ནང་དོན་གཙོ་བོ་སྒྲུབ་མཆོད་དང་དུས་མཆོད་གཉིས་སུ་འདུས་ཤིང་སྒྲུབ་མཆོད་ལ་མདོ་ཆོག་གྲྭ་ཚང་གཙོ་བྱས་པའི་སྐོར་དང་སྔགས་པ་གྲྭ་ཚང་གཅོ་བྱས་པའི་སྐོར་གཉིས་དང་དུས་མཆོད་ནི་མཚན་ཉིད་གྲྭ་ཚང་གཙོ་བོའི་ཚུལ་དུ་ཞུགས་དགོས།
མདོ་ཆོག་གྲྭ་ཚང་གཙོ་བྱས་པའི་སྒྲུབ་མཆོད་སྐོར་ལ་བོད་ཟླ་དང་པོའི་ཚེས་ཉེར་གཉིས་ནས་བཟུང་ཀུན་རིགས་ཀྱི་སྒྲུབ་མཆོད་རས་བྲིས་ལ་རྟེན་པའི་ལོ་གཅིག་གི་རིང་ལ་ཚེ་འདས་མང་པོའི་བསྔོ་རྟེན་གྱི་ཆེད་དུ་ཁྲུས་ཀྱི་ཆོ་ག་ལ་བརྟེན་ནས་ཉིན་བཅུ་དྲུག་ལ་སྒྲུབ་དགོས། བོད་ཟླ་བདུན་པའི་ནང་རྡུལ་ཚོན་ལ་བརྟེན་པའི་ཀུན་རིགས་སྒྲུབ་མཆོད་ཉིན་བཅུ་གསུམ། བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དགོངས་རྫོགས་རས་བྲིས་ལ་བརྟེན་ནས་ཀུན་རིགས་སྒྲུབ་མཆོད་ཉིན་གཉིས། བོད་ཟླ་བདུན་པའི་ནང་རྡུལ་ཚོན་ལ་བརྟེན་ནས་ཀུན་རིགས་སྒྲུབ་མཆོད་ཉིན་བཅུ་གསུམ་ལ་ཚོགས་དགོས། སྔགས་པ་གྲྭ་ཚང་གི་གཙོ་བོའི་སྐོར་ལ། བོད་ཟླ་བཅུ་གཅིག་པའི་ནང་རྡུལ་ཚོན་ལ་བརྟེན་ནས་གསང་འདས་སྒྲུབ་མཆོད་ཉིན་བཅོ་ལྔ། བོད་ཟླ་བཅུ་གཉིས་ནང་རྡུལ་ཚོན་ལ་བརྟེན་པའི་བདེ་མཆོག་སྒྲུབ་མཆོད་ཉིན་བཅོ་ལྔ། བོད་ཟླ་ལྔ་པའི་ནང་རྡུལ་ཚོན་ལ་བརྟེན་ནས་འཇིགས་བྱེད་བཅུ་གསུམ་གྱི་སྒྲུབ་མཆོད་ཉིན་བཅུ། རབ་གནས་དགེ་ལེགས་ཆར་འབེབས་ཁ་སྐོངས་སྦྱིན་བསྲེགས་དང་བཅས་ཉིན་གསུམ། བླ་མ་དགེ་བཤེས་སྐྱེ་བུ་དམ་པའི་དགོངས་རྫོགས་སུ་རས་བྲིས་ལ་བརྟེན་ནས་འཇིགས་བྱེད་བཅུ་གསུམ་གྱི་སྒྲུབ་མཆོད་ལོ་གཅིག་གི་རིང་ཉིན་བཅུ་གསུམ་ཡོད། འདི་ནི་སྔགས་པ་གྲྭ་ཚང་གིས་དཀྱིལ་འཁོར་བསྒྲུབ་བཞག་བྱེད་པའི་སྒྲུབ་མཆོད་ཀྱི་སྐོར་རོ། མཚན་ཉིད་གྲྭ་ཚང་གིས་གཙོ་བྱས་པའི་གྲྭ་ཚང་གསུམ་འདུས་ཀྱི་དུས་མཆོད་སྐོར་ལ། ལོ་གསར་ཚེས་གཅིག་ལ་དམག་ཟོར་མའི་སྒོ་ནས་ཚེ་གཏོར་ཕུལ་པ་དང་དགོང་[page 47] མོ་མཚན་ཚོགས་ཡོད། བོད་ཟླ་དང་པོའི་ཚེས་དགུ་ནས་ཉེར་དགུ་བར་སྨོན་ལམ་ཆེན་མོ་ཚོགས་ཤིང་འཇམ་མགོན་རྒྱལ་བ་གཉིས་པའི་གདུང་ཚབ་ཀྱིས་སྐྱེ་རབས་དང་འབྲེལ་བའི་གསུང་ཆོས་གནང་དགོས། དགོང་མོ་ཁྲི་པ་དབུ་བཞུགས་མཛད་དེ་སྨོན་ལམ་ཚོགས་ནས་ལེགས་བྲིས་མ། ཐེག་བྱ་མ། གསང་བའི་རྣམ་ཐར། བློ་བཟང་རྒྱལ་བ་མ། བྱམས་སྨོན། སྐབས་གསུམ་པ། སྤྱན་འདྲེན་ཁྲུས་གསོལ། ཐོས་པ་རྒྱ་མཚོ། བཀྲ་ཤིས་སྨོན་ལམ། ལྟུང་བཤགས། གཞི་བདག་གཏོར་མ། ཡོན་ཏན་གཞི་འགྱུར་མ་སོགས་གོ་རིམ་ལྟར་འདོན་དགོས་ལ་ཡོན་ཏན་གཞི་འགྱུར་མའི་མཇུག་ཏུ་ཁྲི་པ་ནས་བསྔོ་བའི་མཐུན་འགྱུར་དང་བསྟན་འབར་མ་གསུང་། དེ་ནས་ཚོགས་ཆེན་དབུ་མཛད་ཀྱིས་བདེ་སྨོན་དབུ་བཙུགས་ཏེ་ཚིག་བཅད་ཐོག་གཏམ་གསུང་ལ་ཁྲི་པས་ཀྱང་དེར་བསྟུན་ནས་ཚིག་ལྷུག་གི་གསུང་གཏམ་གནང་ཚར་རྗེས་ཚོགས་ཆེན་གྲྭ་མང་མཉམ་གྱིས་ཇི་སྲིད་ཐུབ་མཆོག་མ་དང་ཤིས་བརྗོད་སོགས་ལེགས་པར་གསུངས་ཤིང་མེ་ཏོག་གཏོར་ནས་སྨོན་ལམ་གྲོལ། སྨོན་ལམ་ཆེན་མོའི་སྐབས་སུ་ཆོས་གྲྭ་ཉིན་བཅོ་ལྔ་ཡོད། དེ་དུས་དཔེ་ཆ་པ་ཚང་མས་རྣམ་འགྲེལ་སོགས་རྩོད། བོད་ཟླ་གཉིས་པའི་ནང་ཟླ་ཆོས་གཅིག། བོད་ཟླ་གསུམ་པའི་ཚེས་ཉེར་བཞི་ནས་བཞི་པའི་ཚེས་གསུམ་བར་དབུས་ཀྱི་ཕྱག་སྲོལ་ལྟར་ཁྲི་པ་རིན་པོ་ཆེ་ནས་འཇམ་དཔལ་ཞལ་ལུང་གི་སྟེང་ནས་མྱོང་ཁྲིད་ཉིན་དགུ་ལ་གནང་། མཐར་སེམས་སྐྱེད་སོགས་ལེགས་པར་འགྲུབ་རྗེས་ཚོགས་མཆོད་ཀྱི་དབུ་ཚུགས་ཤིང་གསུང་ཆོས་གཙོ་བོ་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཡིན། སྐབས་འདི་ནའང་ཆོས་གྲྭ་ཉིན་བཅོ་ལྔ་ཡོད། དེ་ནས་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་རྒྱལ་བ་སྲས་བཅས་པ་གཉེས་པར་བྱེད་པའི་མཆོད་སྤྲིན་རྣམས་གུང་བསྒྲིགས་ཏེ་ཁྲི་པ་གདན་དྲངས་ནས་དགོན་པའི་སེར་མོ་ཡོངས་གླིང་བསྐོར་དུ་ཕེབས་དགོས། ལྷ་ལྡན་ནས་ཇོ་ཁང་བསྐོར་ཚར་རྗེས་རྩེ་པོ་ཏ་ལར་ཕྱག་འཚལ་ བའི་དཔེ་བཞིན། དགོན་པའི་མདུན་དུ་ཁྲི་པ་བཞུགས་ཤིང་དགེ་འདུན་པ་བཅུ་དྲུག་གིས་དབུས་ཕྱོགས་སུ་ཕྱག་འཚལ་དགོས།
དགོན་པ་འདིའི་སྤྱིའི་ཆོས་སྐྱོང་དཔལ་ལྡན་ལྷ་མོ་དང་མགོན་པོ་ཕྱག་དྲུག། གུར་མགོན། མགོན་པོ་ཞལ་བཞི་པ། ཇོ་སྲས། ཆོས་རྒྱལ། རྒྱལ་པོ་སྐུ་ལྔ། རྒྱལ་ཆེན་ཤུགས་ལྡན་སོགས་ཡིན་ལ་དགོན་པ་རང་གི་ཆོས་སྐྱོང་གཙོ་བོ་དགྲ་ལྷ་ཡིན་ཞིང་ཁོང་ནི་སྲིད་པ་ལྷ་དགུའི་ནང་གི་ཇོ་བོ་གཡུལ་རྒྱལ་ཆེན་མོ་ཡིན་པར་གསུངས། དེ་ལས་གཞན་འཇིམ་སྐུ་བཟོ་བའི་སྲོལ་རིང་ཞིང་ཐང་ག་འབྲི་བའི་ཐད་དཀྱིལ་འཁོར་བཞེངས་པ་ནི་དགོན་པ་འདིའི་ལྷ་བཟོའི་གཞན་ལས་འཕགས་པའི་ཁྱད་ཆོས་ཤིག་ཡིན།
[page 48] དར་རྒྱས་དགོན་པའི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་ནི་དགོན་པའི་མཚན་སྙན་གྲགས་བོད་ཡོངས་ལ་ཁྱབ་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཡིན་ལ་དགོན་སྡེ་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ཡང་ཡིན། དེ་ལྟ་བུའི་སྟོབས་ཀྱི་འབྱོར་བ་ཆེན་པོ་དེའི་འབྱུང་ཁུངས་གཙོ་བོ་ཚོང་ལས་དང་ཞིང་ལས་འབུལ་བ་བཅས་གསུམ་ཡིན། སྤྱི་ཁག་ཞེས་དགོན་པ་ཡོངས་ཀྱི་དཔལ་འབྱོར་དོ་དམ་བྱེད་མཁན་ལས་ཁུངས་ཤིག་ཡོད་ཅིང་དེའི་གཏོགས་སུ་སྤྱི་སོ་ཁང་དང་ཆོས་ར་གཉེར་ཁང་། མགོན་གཉེར་ཁང་། འབྲུ་གཉེར་ཁང་། དཀོན་གཉེར་ཁང་བཅས་བྱེ་བྲག་གི་ལས་ཁུངས་བདུན་ཡོད་པས་དར་དགོན་གྱི་དཔལ་འབྱོར་སྒྲིག་གཞི་གསལ་པོར་རྟོགས་ནུས།
གཅིག། སྤྱི་སོ་ནི་དར་དགོན་གྱི་ཚོང་ལས་ཆེད་གཉེར་གྱི་ལས་ཁུངས་ཡིན་ཞིང་ཁོངས་མི་གཙོ་བོ་དྲུག་ཡོད་དེ། རྒན་པ་གཅིག་དགོན་ནང་དུ་བཞུགས་ཏེ་སྤྱིའི་བཀོད་འདོམས་བྱེད་ལས། གཅིག་ལྷ་ས་དང་གཅིག་ཆབ་མདོ། གཅིག་སྐྱེ་རྒུ་མདོ། གཅིག་དར་རྩེ་མདོ་བཞི་རུ་བཅའ་སྡོད་བྱས་ཤིང་། གཅིག་གིས་ཕན་ཚུན་བར་འབྲེལ་བ་དང་འགྲིམ་འགྲུལ་གྱི་འགན་འཁུར་ཡོད་ལ། དེ་ཚང་མ་རྒན་པ་ལྷ་རིམ་གྱིས་བསྐོ་བཞག་བྱེད་དགོས་ལ་ལོ་གསུམ་ནང་ཐེངས་གཅིག་བརྗེ་བའི་སྲོལ་ཡོད། སྤྱི་སོ་གསར་ཁུར་རེ་ལ་དགོན་པ་སྤྱི་ཁག་གིས་ཚོང་རྟེན་མ་རྩ་སྒོར་ཁྲི་བརྒྱ་སྤྲོད་ཅིང་ལོ་གསུམ་ལོངས་རྗེས་མ་དངུལ་དང་འཕར་དངུལ་མཉམ་དུ་སྤྱི་ཁག་ལ་སྤྲོད་དགོས། འཕར་དངུལ་མང་ན་རང་ལ་ཁ་ཤས་དབང་ཡང་ཕལ་ཆེ་བས་བདག་གིར་མ་འཛིན་པར་ཚོགས་འགྱེད་གཏོང་ཐེངས་གཅིག་ལ་གྲྭ་པ་རེར་དངུལ་སྒོར་བརྒྱ་ལྷག་ཙམ་སྟེར་བའམ་ཇ་སྒམ་རེ་སྟེར་བའང་ཡོད་ཟེར། ཚོང་རྒྱུགས་མ་བཟང་བར་མ་རྩ་བརླག་ན་རང་གིས་འཇལ་དགོས་ཀྱང་དོན་དེ་འདྲ་བྱུང་བ་ཧ་ཅང་ཉུང་ཙམ་རེད། བོད་སྡེ་པ་གཞུང་ལ་ཚོང་ཁྲལ་འཇལ་མི་དགོས་པ་མ་ཟད་ཚོང་དབུས་ཕྱོགས་སུ་འདྲེན་དུས་ལམ་བརྒྱུད་ཀྱི་ས་གནས་ནས་གཞུང་ལྟར་འུ་ལག་སྒྲུབ་དགོས་པས། དར་དགོན་སྤྱི་སོས་གཉེར་པ་ནི་ཚོང་ཆེན་གཙོ་བོ་ཡིན་ལ་འཕར་དངུལ་ཀྱང་བརྒྱ་ཆའི་བཅུ་ཕྲག་མ་ཡིན་པར་བརྒྱ་ཆའི་བརྒྱ་ཕྲག་དུ་མ་ཡིན་པ་དཔེར་ན་1952ལོར་དར་དགོན་གྱིས་དར་རྩེ་མདོ་ནས་ཇ་སྒམ་གཅིག་ལ་དངུལ་སྒོར་བཅུ་ཡི་གོང་གིས་སྒམ་ཁྲི་བཞི་ལྷ་སར་དྲངས་ཏེ་ཇ་སྒམ་རེ་ལ་དངུལ་སྒོར་བརྒྱ་བྱས་ནས་བཙོང་བས་ཚོང་ཐེངས་གཅིག་ལ་མ་དངུལ་སྒོར་ཁྲི་བཞི་བརྒྱ་རུ་འཕར་བས་མཚོན་ཐུབ་བོ།
གཉིས། མགོན་གཉེར་ཁང་ལ་ཁོངས་མི་གཙོ་བོ་གསུམ་ཡོད་པ་དེ་སྣེ་བརྒྱད་འཛོམས་ཀྱིས་བསྐོ་[page 49] བཞག་བྱེད་དགོས་ཤིང་ཁུར་ཡུན་ལོ་གཅིག་ཡིན་ལ། འགན་འཁུར་གཙོ་བོ་མགོན་པའི་འབུལ་བར་དོ་དམ་དང་འབུལ་བའི་དངོས་པོ་བཙོང་པ་སོགས་ལས་སྤྱི་སོ་ལ་རམ་གདམས་ཀྱིས་ཚོང་ཆུང་བ་ཁ་ཤས་གཉེར་ཞིང་དངོས་པོ་གཙོ་བོ་མར་དང་སྣོད་ཅ་ལག་གི་རིགས་ཡིན། ཁོ་ཚོའི་ལག་ཏུ་མ་རྩའི་དངུལ་ཁྲི་ཉི་ཤུ་ལྷག་ཡོད་ཅིང་དེའི་འཕར་དངུལ་དང་དགོན་པའི་གཏན་འཇགས་ཀྱི་མ་དངུལ་སྒོར་ཁྲི་བརྒྱ་ཙམ་ཡོད་པ་སྤྱད་དེ་ཟླ་སྐྱེད་ལྔ་འཕར་གྱི་སྐྱེད་ལྕིའི་བུ་ལོན་བཏང་ནས་ལོ་གཅིག་རིང་གི་ཡོང་སྒོ་འཕར་དངུལ་སྤྱི་སོ་ལ་སྤྲད་དེ་དགོན་པའི་མཆོད་ཚོགས་ཀྱི་འགྲོ་དངུལ་བྱེད།
གསུམ། འབྲུ་གཉེར་ཁང་ལ་མཚོན་ན་འབྲུ་གཉེར་གཙོ་བོ་མི་གསུམ་ཡོད་ལ། དེའང་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས་ཤིང་ལོ་ལྔའི་ནང་ཐེངས་གཅིག་བརྗེ་དགོས། འགན་འཁུར་གཙོ་བོ་ཞིང་ལས་དོ་དམ་གྱི་བྱ་བ་ཡིན། དར་རྒྱས་དགོན་པ་ལ་ཞིང་ས་མུའུ་སྟོང་གཅིག་དང་བརྒྱ་ལྷག་ཡོད་པ་དེ་མཐོ་རིམ་དབང་བསྒྱུར་སྲིད་གཞུང་གིས་སྤྲད་པ་དང་ཡུལ་དེའི་ས་འཛིན་སོགས་ཀྱིས་ཕུལ་བ། དགོན་གཏོགས་སྡེ་བ་ལས་ཁྱིམ་རྒྱུད་ཆད་པའི་ཞིང་ས་བཅས་ཀྱིས་གྲུབ་ཅིང་བདག་གཉེར་བྱེད་མཁན་ནི་དགོན་པའི་འཁོར་པ་ཁྱིམ་ཚང་སུམ་ཅུ་ལྷག་ཡོད་པ་དེ་ཡིན། འབྲུ་གཉེར་གྱིས་ཞིང་ལས་དོ་དམ་ལས་ཚོང་གི་ལས་ཀ་མི་བྱེད་ཀྱང་དགོན་པའི་རྒྱུན་མཁོའི་འབྲུ་རིགས་དང་སྔགས་པ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་གི་གླ་ཕོགས་མང་ཤོས་འབྲུ་གཉེར་ནས་མཁོ་འདོན་བྱེད་དགོས། དེ་བས་དགོན་ནང་དུ་མདོ་ཆོག་གྲྭ་ཚང་གི་ཁ་ཕྱི་ལས་སྔགས་པ་དང་མཚན་ཉིད་གྲྭ་ཚང་གི་ཁ་ནང་ལ་བརྟེན་དགོས་ཞེས་བཤད་སྲོལ་ཡོད།
བཞི། ཆོས་ར་གཉེར་ཁང་གི་ཆོས་ར་གཉེར་མཁན་ཡང་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས་ཤིང་མི་སྣ་གཙོ་བོ་ལྔ་ཡོད་ལ་ཁུར་ཐེངས་ལོ་གསུམ་ཡིན། ལས་འགན་གཙོ་བོ་ནི་དགོན་སྤྲད་མ་དངུལ་གཞི་བྱས་ཏེ་ཚོང་ལས་གཉེར་ནས་དགོན་པའི་ཆོས་ཕྱོགས་ཀྱི་འགྲོ་དངུལ་མཁོ་འདོན་བྱེད་དགོས།
ལྔ། ཁང་གཉེར་ནི་གཏན་འཇགས་ཀྱི་ལས་ཁུངས་ཤིག་མ་ཡིན་ལ། དགོན་པ་སྤྱིའི་ལྷ་ཁང་སོགས་བཞེངས་དུས་ད་གཟོད་རྩ་འཛུགས་ཀྱི་འགན་འཁུར་བ་ཡིན། གཙོ་བོ་མི་གསུམ་ཡོད་པའི་རྒན་པའི་འགན་སྤྱི་དང་གཞོན་པ་གཅིག་གིས་ཤིང་ཆ། གཅིག་གིས་བཟོ་པ་དང་ཁོ་ཚོའི་གླ་ཕོགས་སོགས་ཀྱི་འགན་འཁུར་དགོས། དགོན་པས་ཁང་པ་གསར་རྒྱག་གི་འཆར་གཞི་འགོད་དུས་ཁང་གཉེར་ལ་སྒོར་ཁྲི་ཉི་ཤུ་ཙམ་གྱི་མ་དངུལ་སྤྲོད་ཅིང་ཁོ་ཚོས་མ་དངུལ་སྟེང་ཚོང་བྱས་ཏེ་འཕར་དངུལ་འོས་འཚམས་ཤིག་ཆགས་རྗེས་དེ་ལ་རྟེན་ནས་ཁང་པ་བསྐྲུན་དགོས།
དྲུག། ཕྱོགས་གཉེར་ཁང་ནི་དར་རྒྱས་དགོན་པར་གཏོགས་པའི་ཉེ་འདབས་ཀྱི་སྡེ་བའི་ནང་གི་གྲྭ་ཚན་རང་གི་རྩ་འཛུགས་བྱས་པ་ཡིན་ལ། བསྡོམས་པས་ཕྱོགས་གཉེར་ཁང་བདུན་ཡོད་པར་འགོ་བ་མི་[page 50] བཅོ་ལྔ་ཙམ་ཡོད། ཁོ་ཚོས་རང་གི་གྲྭ་ཚན་དང་སྡེ་བས་ཕུལ་བའི་འབུལ་བར་དོ་དམ་བྱེད་པ་ལས་ཚོང་དང་སྐྱེད་བུན་བཏང་ནས་འཕར་དངུལ་ལོན་པ་རང་ཚན་གྱི་འགྲོ་སོང་ལ་གཏོང་བ་དང་ད་དུང་ལྷག་མ་ཡོད་ན་སྤྱི་སོ་ལ་སྤྲོད་མི་དགོས་པར་རང་ཚན་གྱི་མི་ལ་བགོས་ཆོག། འདི་ནི་དར་དགོན་གྱི་ཆོས་སྲིད་འདྲེས་མའི་ཕྱི་རིམ་གྱི་རྩ་འཛུགས་ཤིག་ཡིན།
བདུན། དཀོན་གཉེར་ལ་གཙོ་བོ་མི་དགུ་ཡོད་ཅིང་དེ་དག་རྒན་པ་ལྷ་རིམ་ནས་བསྐོ་བཞག་བྱེད་དགོས། འགན་འཁུར་ནི་དགོན་པའི་རྒྱུ་ནོར་དང་གཏན་འཇགས་མ་དངུལ་ལ་དོ་དམ་བྱེད་དགོས་པ་སྟེ། རྒན་པ་གཅིག་གིས་སྤྱིའི་བྱ་བར་འགན་འཁུར་བ་ལས་གཞོན་པ་ཚོས་དགོན་པའི་རྩིས་ཐོ། གསུང་རྟེན། ཐུགས་རྟེན། མཆོད་ཆས། འཆམ་ཆས། གསེར་དངུལ་ཡོ་ཆས་སོགས་སོ་སོར་འགན་འཁུར་དགོས། ལྷ་ཁང་སོགས་གཙང་སྦྲ་བྱེད་དུས་དཀོན་གཉེར་གསུམ་འདུས་ཡན་ཆད་ལས་མི་གཅིག་པུ་སོང་མི་ཆོག། དེ་ནི་རིན་ཆེན་གྱི་རྟེན་དང་མཆོད་ཆས་སོགས་སྲུང་སྐྱོབ་བྱེད་པའི་ཐབས་ཤིག་ཡིན།
གོང་གསལ་གྱི་ལས་ཁུངས་བདུན་པོ་ནི་དར་རྒྱས་དགོན་པའི་དཔལ་འབྱོར་སྤྱིའི་སྒྲིག་གཞི་ཡིན་ཞིང་། དེ་ལས་གཞན་དར་རྒྱས་དགོན་པའི་དཔལ་འབྱོར་གྱི་ཚད་མཐོ་བ་དང་དགོན་སྡེ་གཞན་ལས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མཚོན་བྱེད་ནི་རང་གིས་ཤོག་སྒོར་པར་ནས་འགྲེམ་སྤེལ་བྱས་པ་སྟེ། མདོ་སྨད་བསྟན་པའི་མཛེས་རྒྱན་བཀྲ་ཤིས་དར་རྒྱས་དགོན་གྱི་ཆོས་རའི་ཕོགས་དངུལ་བྱ་བར་སྒོར་གཅིག་དང་ཕྱེད་ཅན་སྣ་གཉིས་ཡོད་ཅིང་། དེ་ནི་དགོན་པ་སྤྱིའི་མ་དངུལ་གཅིག་བསྡུས་ཀྱིས་ཕྱི་ལ་ཚོང་བྱེད་པ་དང་ནང་མི་ལ་ཕོགས་དངུལ་སྟེར་བདེ་བའི་ཆེད་དུ་དགོན་ནང་ལས་ཕྱི་ལ་སྤྱད་མི་ཆོག་མོད། ཉེ་འཁོར་ས་ཆ་རུ་རང་བཞིན་གྱིས་ཁྱབ་ནས་སྤྱོད་རྒྱ་ཅུང་ཆེ་བར་བཤད། ཤོག་དངུལ་དེ་རིགས་ཆོས་རའི་གཉེར་པས་པར་འདེབས་དང་དོ་དམ་བྱེད་དགོས་ཤིང་དངུལ་ཐོག་ཏུ་ཆོས་རའི་གཉེར་པ་དང་དགོན་པའི་མཁན་པོ་གཉིས་ཀྱི་ཐམ་ག་མ་བཀོད་ན་སྤྱད་མི་ཆོག།
བཅིངས་འགྲོལ་ཐོབ་ཚུན་དང་ལྷག་པར་དུ་1980ལོ་ནས་བཟུང་ཏང་གི་ཆོས་ལུགས་སྲིད་ཇུས་ཁག་ལག་ལེན་དོན་འཁྱོལ་བྱུང་ཞིང་། དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་བཙུགས་པ་དང་རྒྱལ་ཁབ་ཀྱི་རིམ་པ་ཁག་གི་སྡེ་ཚན་ནས་དགོན་པ་ཉམས་གསོར་གྲོན་དངུལ་མང་པོ་གནང་། དེང་སྐབས་ཚོགས་ཆེན་འདུ་ཁང་དང་གསོལ་གནས་ཁང་། ལི་མ་ཁང་། བཀའ་གདམས་ཁང་། རྒྱལ་བ་པཎ་ཆེན་གཟིམས་ཁང་། དགྲ་ལྷ་ཁང་། རྣམ་སྲས་ཁང་། གཉེར་ཁང་། དཔེ་མཛོད་ཁང་། ཞལ་ངོ་རྒན་[page 51] གཞོན་ཁང་། ཆོས་ར། གྲྭ་ཤག་སུམ་བརྒྱ་ང་གསུམ་བཅས་བཞེངས་ཐུབ་པ་བྱུང་། སྐུའི་རྟེན་གསེར་སྐུ་ཪྙིང་པ་རྗེ་ཡབ་སྲས་གསུམ་དང་སྒྲོལ་མ་སོགས་ཉེར་ལྔ། རྡོ་རྗེ་གསུམ། རྟ་མགྲིན། སྟོན་པའི་ཉེ་སྲས་བརྒྱད། བྱམས་པ། རྣམ་སྣང་། སྟོན་པ། ཇོ་བོ་རྗེ། སེང་གེ་ང་རོ། ཕྱག་རྡོར་སོགས་དང་། ཐང་ག་གསར་ཪྙིང་མང་པོ། ལྡེབས་བྲིས་སྣ་ཚོགས་བཞུགས་ཤིང་། གསུང་གི་རྟེན་ལ་བཀའ་འགྱུར་ཆ་ཚང་བཞི། བསྟན་འགྱུར་ཆ་གཅིག། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ལྔ། ཐུབ་བཀྭན་གསུང་འབུམ། གུང་ཐང་གསུང་འབུམ། རྒྱུད་ཆ་ཚང་དྲུག། བྱམས་མཁས་གྲུབ་ཀྱི་རྣམ་ཐར་བཅས་བླུས། དར་རྒྱས་དགོན་པའི་སེར་མོ་བའི་གྲངས་རྒྱལ་ཁབ་ཀྱིས་ཐག་བཅད་པ་བདུན་བརྒྱ་དང་དངོས་སུ་བཞུགས་པ་གསུམ་བརྒྱ་བརྒྱད་ཅུ་ལས་ཕྱི་ལ་གསར་དུ་ཕེབས་པ་དོན་དྲུག་ཙམ་དང་དགོན་པ་མ་བརྒྱུད་པར་རང་སྒེར་གྱིས་ཕྱི་ལ་བྱོན་པ་བདུན་བརྒྱ་ལྷག་ཡོད་པར་འཆད།
མདོར་ན། དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཞིང་ལས་དང་ཚོང་ལས། འབུལ་བ་གསུམ་ཡིན། དགོན་པ་རང་ལ་ཞིང་ས་མེད་ཀྱང་ས་མུའུ་སྟོང་ཙམ་གཡར་ནས་ལོ་གཅིག་ལ་མུའུ་རེར་སྒོར་བཅོ་ལྔ་སྤྲོད་རྒྱུ་བྱས་ཏེ་ཞིང་ལས་ཚོ་ཆུང་བཙུགས་ཡོད། དེར་ད་ལྟ་འདྲུད་འཐེན་འཁོར་ལོ་གཉིས། རྨོ་འདེབས་འཁོར་ལོ་གཉིས། འབྲུ་ལེན་འཁོར་ལོ་གཅིག། གློག་བསྐྱེད་འཁོར་ལོ་གཅིག་བཅས་ཡོད། དགོན་པར་ཕྱུགས་ཟོག་སུམ་བརྒྱ་དང་མོ་ཏྲ་ཆེ་ཆུང་གསུམ། དགོན་པའི་ཚོང་ཁང་ཆབ་མདོ་ན་གཅིག་དང་མཁར་སྒང་ན་གཅིག། དཀར་མཛེས་ན་གཅིག། དར་རྩེ་མདོ་ན་གཅིག་བཅས་བཞི་ཡོད་ལ། མགྲོན་ཁང་དཀར་མཛེས་ན་གཅིག་དང་རྟ་བོ་ན་གཅིག་བཅས་གཉིས་ཡོད། དེ་ལས་གཞན་པར་ཁང་གཅིག་དང་ཉེ་འཁོར་མི་སེར་ལ་དོན་བཟང་སྒྲུབ་ཆེད་བོད་སྨན་ཁང་གཅིག་བཙུགས་ཡོད།
གྲྭ་པ་རྣམས་རང་ཁ་རང་གསོ་དང་། གྲྭ་པའི་དགེ་རྒན་རྣམས་ལ་ཟླ་རེར་སྒོར་བཅོ་ལྔ་རེ་དགོན་གཞུང་ནས་སྟེར་ཞིང་སྦྱིན་བདག་མེད་པའི་གྲྭ་རྒན་ཁ་ཤས་དང་ཉེ་འདབས་སྡེ་བའི་ནང་གི་བདག་མེད་བགྲེས་པོ་རྣམས་ལ་དགོན་པས་འཚོ་རྟེན་སྒྲུབ་བཞིན་ཡོད།
ཁམས་སྟོང་འཁོར་དགོན་པའམ་གསང་ཆེན་མི་འགྱུར་རྗེ་གླིང་ནི། དཀར་མཛེས་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་དྲུག་ཅུ་ཙམ་ཡོད་པའི་སྟོང་འཁོར་ཤང་གི་མངའ་ཁོངས་བསོ་ཐང་འདབས་སུ་ཆགས་ཡོད། རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་1474ལོར་སྟོང་འཁོར་ཆོས་རྗེ་ཟླ་བ་རྒྱལ་མཚན་གྱིས་བཏབ་པའི་གྲུབ་མཐའ་དགེ་ལུགས་པ་ཡིན།
[page 52] དེའང་དང་པོའི་སྐབས་སུ། གནས་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞབས་ཀྱིས་བཅགས་པའི་གནས་ཆེན་ཉི་ཤུ་རྩ་བཞིའི་ཡ་གྱལ། སྐུའི་གནས་བརྒྱད་ཀྱི་ནང་ཚན་བསོ་བཱ་ཥྟ་ཞེས་ཟུར་ཆག་པའི་སྐུ་བསོ་ཐོག་གི་གནས། རྒྱབ་རི་རྩེ་གསུམ་བཞུགས་པ་རྗེ་ཡབ་སྲས་གསུམ་གྱི་རང་བྱོན། ལོགས་རི་རྔམ་བརྗིད་བདེ་མཆོག་ཡབ་ཡུམ་གྱི་རང་བྱོན། མདུན་རི་ངོ་མཚར་ཆེ་བ་བཀྲ་ཤིས་རྟགས་བརྒྱད་བཤམ་འདྲ། གཡས་རི་བྱིན་རླབས་ཆེ་བ་ཆུ་རྩེ་དགེ་བསྙེན་གནས་རི། དབོ་མདའི་འབྲུག་གི་ཁ་ཆུ་གདན་སའི་ཐུགས་དཀར་བབས་འདྲ་བཅས་རི་བོ་པདྨ་འདབ་བཟང་རྒྱས་འདྲའི་དཀྱིལ་དབུས་ནས་དལ་གྱིས་འབབ་པའི་ཆུ་ཀླུང་གི་གཡོན་འགྲམ། དགོན་པའི་ཉེ་འདབས་སུ་ཤྭ་དང་རི་དགས་སྟོང་འཁོར་བའི་ཞིང་ཁམས་སུ། (ད་ལྟའང་ཤྭ་ཞིང་ཟེར་)སྔོན་ཆད་འཇམ་མགོན་བླ་མའི་བསྟན་པའི་རིང་ལུགས་ཆེར་མ་དར་བར་བོན་གྱི་ལུགས་སོགས་འཕེལ་ནས་ཡོད་པ་ལ། དགེ་སློང་ཟླ་བ་རྒྱལ་མཚན་ནས་སྔོན་གྱི་ཐུགས་བསྐྱེད་དང་འཕྲིན་ལས་རྨད་དུ་བྱུང་བའི་འཇམ་མགོན་བླ་མའི་བཤད་སྒྲུབ་ཀྱི་བསྟན་པའི་ཉི་མ་ཕྱོགས་ཀུན་དུ་གསལ་བ་ཞིག་མཛད་པར་དགོངས་ནས་ཉེ་འཁོར་ན་ཡོད་པའི་སྒང་བཞི་གཤོང་བརྒྱད་ཀྱི་བོན་དགོན་རྣམས་ཀྱི་སྤྱི་བོན་ལྟ་བུའི་བོན་ཁང་སྒང་གི་དགོན་པའི་སློབ་དཔོན་ལ་བདག་ལ་ས་ཆ་ཞིག་ཨེ་གཡར་ཞུས་ནས་ཕྱག་རྟེན། ཞབས་ཆ། རྟ་རྒ་སོགས་ཕུལ། དེ་ནས་སློབ་དཔོན་གྱིས་ཀྱང་བཞུགས་གདན་ཞིག་གནང་ནས་ད་ལྟའི་གཡར་ཁང་ཟེར་བའི་ས་ཆ་དེ་གཡར་ནས་རྟེན་འབྲེལ་འགྲིགས་པ་ལགས། དེ་ནས་ས་ཆ་དེ་ལ་རི་ཁྲོད་ཅིག་བཞེངས་ནས་རི་ཁྲོད་དེའི་ནང་དུ་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ནས་བཞུགས་པའི་སྐབས་སུ། སྒང་བཞི་གཤོང་བརྒྱད་ཀྱི་དགོན་པ་བཅུ་གཉིས་རྗེ་ཟླ་བ་རྒྱལ་མཚན་ལ་འཁོར། དེ་ནས་ཡུལ་མི་ཐམས་ཅད་ཀྱི་དད་འདུན་རྩེ་གཅིག་ཏུ་གྱུར་ནས་འཇམ་མགོན་བླ་མའི་ལུགས་བཟང་ལ་བཞུགས། དེ་ནས་ད་ལྟ་དགོན་པ་ཆགས་པའི་ས་ཆ་དེར་ས་འབུར་གོང་འོག་གཉིས་ཡོད་པས་ས་འབུར་གོང་མའི་སྟེང་དུ་གཙུག་ལག་ཁང་བཞེངས་ཏེ་མཚན་ལ་གསེར་ཁང་དང་། དགོན་པའི་མཚན་ལ་བཀྲ་ཤིས་ལྷུན་པོ་ཞེས་མཚན་གསོལ་བ་དང་དགོན་པའི་གྲྭ་ཤག་རྣམས་གསར་དུ་ཕྱག་འདེབས་མཛད། དེ་ནས་ཡུལ་ཕྱོགས་དེའི་འགྲོ་བ་མཐའ་དག་དགའ་མགུ་ཡི་རང་གིས་རྗེ་ཟླ་བ་རྒྱལ་མཚན་གྱི་མངའ་འོག་ཏུ་འདུས་ནས་སྔར་ནི་རི་དྭགས་སྟོང་གིས་འཁོར་ས། ད་ནི་སྐྱེ་འགྲོ་སྟོང་གིས་འཁོར་ས་ཞེས་དམ་པའི་མཚན་ལ་སྟོང་འཁོར་བླ་མ། ཡུལ་གྱི་མིང་ལ་སྟོང་འཁོར་བ། དགོན་པའི་མཚན་ལ་དེ་བཞིན་རང་ཆགས་སུ་སོང་ངོ་། དགེ་འདུན་པ་རྣམས་ལ་གཞི་གསུམ་གྱི་གོ་ཆ་སོགས་རྗེ་བླ་མའི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་ཉམས་ལེན་མཐའ་དག་འཛུགས་པར་མཛད།
ཁོང་གི་སྐབས་སུ་གྲྭ་ཚང་གཅིག། ཁང་ཚན་བརྒྱད། གྲྭ་ཤག་བརྒྱ་ཙམ་ཡོད་པར་མ་ཟད། སེར་མོ་བའི་གྲངས་སུམ་བརྒྱ་ལ་སླེབས་ཟིན། སྐབས་དེར་གཙུག་ལག་ཁང་དུ། རྒྱུ་ཙན་དན་ལས་གྲུབ་པའི་[page 53] གསང་འདུས་དཀྱིལ་འཁོར་ཆ་ཚང་། ཐུབ་དབང་། བྱམས་པ། འཇམ་དབྱངས། རྡོ་རྗེ་འཆང་སོགས་བཞེངས། དེ་ནས་འདུ་ཁང་དུ་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཐུབ་དབང་། བླ་མ་ཆོས་སྐྱོང་རྣམས་ཀྱི་སྐུ་གཟུགས་ལེགས་པར་བཞེངས། ཡང་གསེར་ཁང་ནང་དུ། ཐུབ་པའི་དབང་པོ། གནས་བརྟན་བཅུ་དྲུག། མགོན་པོ་འོད་དཔག་མེད་ཀྱི་དཀྱིལ་འཁོར། འཇམ་དབྱངས། རྒྱལ་བ་སེང་གེའི་ང་རོ། རྒྱན་དྲུག་མཆོག་གཉིས། བོད་ཀྱི་བླ་མ་མང་པོ། ཡང་གྱང་ལོགས་སུ་རྗེ་ཙོང་ཁ་བའི་རྣམ་ཐར། ཐུབ་པའི་དབང་པོའི་ཆོས་འཁོར་བསྐོར་ཚུལ། རྡོ་རྗེ་འཆང་། རྒྱལ་བ་སེང་གེའི་ང་རོ། འོད་དཔག་མེད། འཇམ་དབྱངས། བྱམས་པ། སྤྱན་རས་གཟིགས། སྒྲོལ་མ་སོགས་ཀྱི་ཞིང་ཁམས། མགོན་དཀར། རྣམ་སྲས་སོགས་རི་མོའི་ཚུལ་གྱི་ལེགས་པར་བཞེངས། སླར་ཡང་ཐུབ་དབང་། རྗེ་ཙོང་ཁ་བ། ཀླུ་སྒྲུབ། ཇོ་འབྲོམ། རྒྱལ་ཚབ། མཁས་གྲུབ། ཡི་དམ་ཆོས་སྐྱོང་མང་དུ་བཞེངས། གསུང་གི་རྟེན་ལ་བཀའ་འགྱུར་གསེར་དངུལ་ལས་བྲིས་པ་དང་མདོ་མང་གླེགས་བམ་བཞི་བཅུ། གསང་སྔགས་རྒྱུད་འབུམ་གླེགས་བམ་བཅུ་དྲུག། འདུལ་བ་གླེག་བམ་དྲུག། སངས་རྒྱས་ཕལ་བོ་ཆེ་གླེགས་བམ་དྲུག། དམ་ཆོས་དཀོན་མཆོག་བརྩེགས་པ་ གླེགས་བམ་དྲུག། ཤེར་ཕྱིན་འབུམ་གླེགས་བམ་བཅུ་བཞི། སྟོང་ཕྲག་ཉི་ཤུ་ལྔ་པ་གླེགས་བམ་བཞི། ཁྲི་བརྒྱད་སྟོང་བ་གླེགས་བམ་གཉིས། ཤེས་རབ་ཁྲི་བ་གླེགས་བམ་གཅིག་སྟེ་ཁྱོན་གླེགས་བམ་བརྒྱ་དང་གསུམ་ཟླ་བ་གསུམ་གྱི་ནང་དུ་ལེགས་པར་འཛོམས། སྐབས་འདིར་རྗེ་འདི་ཉིད་ཀྱིས་མདོ་སྔགས་ཀྱི་བསྟན་པ་སྟོང་འཁོར་གྱི་ཡུལ་ཁོ་ནར་དར་བར་མཛད་པ་མ་ཡིན་ཏེ། ཧོར་ཁོག་སྐོར་དང་། མི་ཉག་རབ་སྒང་གི་ཕྱོགས། མཚོ་སྔོན་ཛམ་ཐང་། དམུ་དགེ། ཅོ་ནེ། ཟི་ལིང་། སོག་པོའི་ཡུལ་ཚུན་ཆད་དུ་བསྟན་པ་ཆེས་ཆེར་སྤེལ་བར་མཛད་དོ།
དེ་ནས་ཁོང་གི་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ། གསུམ་པ་རྒྱལ་བ་རྒྱ་མཚོ། བཞི་པ་མདོ་རྒྱུད་རྒྱ་མཚོ། ལྔ་པ་བསོད་ནམས་རྒྱ་མཚོ། དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ། བདུན་པ་བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན། བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས། དགུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ། བཅུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་བྱམས་པ་རྒྱ་མཚོ། བཅུ་གཅིག་པ་བློ་བཟང་བསྟན་འཛིན་ཐུབ་བསྟན་འཇིགས་མེད་དཔལ་བཟང་པོ་སོགས་ད་ལྟའི་བར་སྐུ་ཕྲེང་བཅུ་གཅིག་ཕེབས་པ་དེ་དག་དང་བླ་གྲྭ་རྣམས་ཀྱི་ཐུགས་རྗེ་ལས་སྐུ་གསུང་ཐུགས་རྟེན་གྲངས་ཀྱིས་མི་ལང་བ་བཞེངས་པར་མཛད་ཀྱང་། སྔར་གྱི་རྟེན་ཐོ་སོགས་མེད་པའི་རྐྱེན་གྱིས་ཞིབ་པར་འབྲི་མི་སྤོབས་ཀྱང་རགས་ཙམ་བཀོད་ན།
ཐོག་མར་གསེར་ཁང་ཐོག་ཞབས་འོག་གསུམ་ལ་རྟེན་གྱི་བཞུགས་གྲངས། གསེར་ཁང་འོག་མ། འདི་ཞབས་དྲུང་སྐུ་སྐྱེ་དང་པོ་ཟླ་བ་རྒྱལ་མཚན་གྱིས་བཞེངས་པར་མཛད། དེའི་ནང་དུ་གཏེར་སེར་རིལ་[page 54] མ་ཞེས་བཞུགས་ཡོད་པ་དེ་ཟླ་བ་རྒྱལ་མཚན་ཡུམ་སྲས་གཉིས་གཏེར་ལེན་དུ་ཕེབས་དུས། ས་འོག་ཏུ་ཡོད་པ་ཡུམ་གྱིས་འཇོར་གཡུག་པ་ལ་ཁོང་གིས་མ་གཡུག་གསུངས་ཀྱང་ལག་ཉེས་ཤོར་ནས་ཏོག་རིག་ལྔའི་དཀྱིལ་དེ་ད་ལྟའང་མེད། སྐབས་དེར་ས་འགུལ་ཆེན་པོ་ཞིག་བྱུང་བས། རྟེན་གཙོ་ཁ་ཤས་ཙམ་ལས་ཅིག་ཅར་ས་འོག་ཏུ་ཐིམ་སོང་། གསེར་ཁང་ཞབས་མ་ནི་ཞབས་དྲུང་གསུམ་པ་རྒྱལ་བ་རྒྱ་མཚོས་རྟེན་དང་བཅས་པ་བཞེངས། རྟེན་གཙོ་ནི། ལྷ་སའི་ཇོ་བོ་དབྱེར་མེད་པའི་བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཇོ་བོ་རིན་པོ་ཆེའི་གསེར་སྐུ་དང་། རྗེ་བླ་མ་ཟླ་བ་རྒྱལ་མཚན་རང་ཉིད་ལ་ཀླུས་ཕུལ་བའི་སློབ་དཔོན་གྱི་འཇིམ་སྐུ་མཐོ་ཚད་གྲུ་གང་ཙམ། གཞན་ཡང་རྒྱ་གར་ཤར་ལི་དང་ནུབ་ལི། དབུས་ལི། བོད་ཀྱི་ཆོས་ལི་ཪྙིང་བ་སོགས། སྐུ་རྟེན་ཉིས་རྒྱ་ཙམ་དང་གཞན་གྱིས་བསླུས་པ་སོགས་ཁྱོན་གསེར་སྐུ་སུམ་བརྒྱ་ལྷག་བཞུགས། དཔག་བསམ་འཁྲི་ཤིང་གཙོས་ཐང་ག་ང་གཉིས་ཙམ། གསུང་གི་རྟེན་ལ་གསེར་བྲིས་བཀའ་འགྱུར་པོ་ཏི་བརྒྱ་དང་བརྒྱད། དངུལ་བྲིས་བཀའ་འགྱུར་བརྒྱ་དང་བརྒྱད། གསེར་བྲིས་འབུམ་པོ་ཏི་བཅུ་གཉིས། གསེར་བྲིས་མ་ཎི་བཀའ་འབུམ་པོ་ཏི་གཉིས། གསེར་དཀར་གྱིས་བྲིས་པའི་བཀའ་གྱུར་པོ་ཏི་བརྒྱ་དང་བརྒྱད། གསེར་དངུལ་ཕྱེད་མའི་བཀའ་འགྱུར་དང་བསྟན་འགྱུར་ཆ་གཉིས། ཁྱོན་གསེར་དངུལ་གྱིས་བྲིས་པའི་གསུང་རྟེན་པོ་ཏི་ཆིག་སྟོང་བཞི་བརྒྱ་ཞེ་དྲུག་བཞུགས། ཐུགས་ཀྱི་རྟེན་ལ་མཆོད་རྟེན་གསེར་གདུང་བདུན། དངུལ་གདུང་གཅིག་ཏེ་ཁྱོན་བརྒྱད་བཞུགས། གཞན་ཡང་མདུན་བཤམས་སྒྲོམ་སྟེགས་ཀྱི་རྣམ་གྲངས་ལ་ཁྱུང་གི་སྒོ་ང་གཅིག། བསེ་རུའི་རྭ། གཡག་རྒོད་རྭ། མེ་ལོང་རྒྱ་ནག་མ་མཐའ་བསྐོར་ཐོ་བཞི་ཅན་གསུམ། བལ་བོའི་ལི་ཏིང་། ཐོད་བདུན་ཚར་ལྔ། མན་ཌལ་རྒྱ་ནག་པ་ལྔ། གླང་ཆེན་མཆེ་བ་བཞི། ཆ་ཀ་ཨལ་ཐན་རྒྱལ་པོའི་ལྕགས་སྒྱེད། སྤོས་ཕོར་རྒྱ་ནག་མ་ཆ་གསུམ་སོགས་གྲངས་མང་བཞུགས། གསེར་ཁང་ཐོག་མ་ནི་ཞབས་དྲུང་དགུ་པ་ཚུལ་ཁྲིམས་རྒྱ་མཚོས་རྟེན་དང་བཅས་པ་བཞེངས་མཛད་དེ། གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ། རྗེ་སྟོང་སྐུ། བྱམས་མགོན་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག། ཉེ་བའི་སྲས་ཆེན་བརྒྱད། ཀླུ་དབང་རྒྱལ་པོའི་སྐུ། ཆོས་རྒྱལ་སོགས་གསེར་སྐུ་ཁྱོན་བརྒྱ་ཙམ་བཞུགས། གསུང་རྟེན་དུ་བཀའ་འགྱུར། བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། དེ་མིན་གསུང་རྟེན་སྣ་ཚོགས་བཞུགས།
ཀུན་གཟིགས་ལྷ་ཁང་དུ་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་རྒྱ་ནག་ནས་ཆེད་མངགས་ཀྱིས་བཟོ་བོ་བཀུགས་ཏེ་རྒྱ་ནག་གོང་མའི་ཕོ་བྲང་གི་དབྱིབས་དང་ཆགས་ཚུལ་འདྲ་བ་ཞིག་བཟོ་བསྐྲུན་མཛད། ད་ལྟ་ལྷ་ཁང་འདི་མེད། ནང་རྟེན་གཙོ་བོ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཞབས་དྲུང་རང་ཉིད་ལ་གནང་བའི་རྟེན་བདུད་རྩི་འབབ་མ་ཞེས་ཐུབ་པའི་ཞལ་ངོ་ན་བདུད་རྩི་དངོས་སུ་འབབ་པ་མཐོང་རྒྱུ་ཡོད་པ་ཞིག་བཞུགས་པས་མཚན་ལའང་དེ་བཞིན་གྲགས་སོ། བདེ་མཆོག་ཡབ་ཡུམ་གྱི་[page 55] གསེར་སྐུ། ཐུགས་ལ་དྲོད་རྟ་རྔ་ཙམ་བཞུགས་པའི་མཚན་ལ་བདེ་མཆོག་རྔ་དྲོད་མ་ཞེས་པ་དང་། རྒྱ་ནག་གོང་མ་ཆན་ལུང་གིས་གནང་བའི་གཡང་ཊིའི་ཇོ་བོ། དེར་ཙན་དན་གྱི་བཞུགས་ཁང་དང་མུ་ཏིག་གི་གདུགས། མུ་ཏིག་གི་ཕྲེང་བ་སོགས། བྱམས་དགོན་མདའ་ཚད་མ། སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་ཁམས། བཀའ་འགྱུར་དང་བསྟན་འགྱུར་སོགས་བཞུགས། མགོན་ནང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་ཆོས་སྐྱོང་ཞལ་ཚང་གི་སྐོར་བ་སོགས་བཞུགས།
ཆོས་གྲྭ་གོང་འོག་གཉིས་ལས་འོག་མ་ནི་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་བཞེངས་པར་མཛད། ཆོས་གྲྭ་གོང་མ་ནི་ཞབས་དྲུང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་རྒྱན་མཚན་གྱིས་བཞེངས་པར་མཛད་དེ་ཆོས་གྲྭ་གོང་འོག་གཉིས་ཀྱི་ཕྱོགས་བཞི་ལ་ལྷ་ཁང་རེ་བཏབ། ཚེ་འཛིན་ཁང་དུ་རྗེ་ཡབ་སྲས་གསུམ་དང་རྗེ་དགེ་ལེགས་མ་སྟོང་སྐུ། རྟ་མགྲིན་ལྷ་ཁང་དུ་གསང་བདེ་འཇིགས་གསུམ་གཙོས་པའི་གདམ་སྐུ་འགའ། འཇམ་དབྱངས་ཁང་དུ་འཇམ་དཀར་དང་རིག་བྱེད་མ་སོགས་ཀྱི་སྨན་སྐུ། ལྷ་མོ་ཁང་དུ་དཔལ་ལྡན་ལྷ་མོ་དང་གདུགས་དཀར་སོགས་བཞེངས།
གཙུག་ལག་ཁང་ནི་ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ། ཕྱིས་སུ་ཞབས་དྲུང་དང་བླ་གྲྭ་རྣམས་ཀྱིས་རིམ་གྱིས་བརྒྱུད་སྤེལ་མཛད་དེ་བཞེངས་ཐོག། བྱམས་པ་གཙོ་འཁོར་གསུམ། ཇོ་བོ། རྗེ་རིན་པོ་ཆེ། ཚེ་དཔག་མེད་སོགས་ལ་ཐོག་བརྩེགས་གསུམ་ཡོད་པ་སྨན་འདམ་གྱི་སྐུ། སངས་རྒྱས་སྨན་ལྷ། འཇིགས་བྱེད། སྒྲོལ་མ་ཉེར་གཅིག། གནས་བརྟན་བཅུ་དྲུག། ཟླ་བ་རྒྱལ་མཚན་གྱི་འདྲ་སྐུ། འཇམ་དཔལ་དགེ་འདུན་རྒྱ་མཚོའི་འདྲ་སྐུ། རྒྱལ་བ་རྡོ་རྗེ་འཆང་གི་གསེར་སྐུ་ཁྱད་འཕགས་ཅན། སྨན་བླ་བློས་བསླངས་སོགས་གྲངས་ལས་འདས་པ་བཞུགས།
ཆོས་སྲིད་འཛིན་པའི་སྐོར་ལ་གཙོ་བོ་ཞབས་དྲུང་ཉིད་ཡིན། དེ་ནས་རྒྱལ་ཚབ་ཀྱིས་འགན་བཞེས་པ་ཡིན་ཏེ་ཞབས་དྲུང་མ་བཞུགས་ཚེ་ཁོང་ལ་སྲིད་འཛིན་གྱི་ཐོབ་ཐང་ཡོད། འདི་བ་ཞབས་དྲུང་གིས་བསྐོ་བཞག་དགོས། བླ་དཔོན་ཡང་ཟེར་ཆོག། དགེ་བསྐོས་དང་དབུ་མཛད། གཞན་ལས་སྣེ་བསྐོ་བཞག་སོགས་འདི་བར་དབང་ཆ་ཡོད་དེ་མདོར་ན་དགོན་པའི་ལས་སྣེ་ནི་བླ་བྲང་གི་འདེམ་བཞག་བྱེད་དགོས་པས། དགོན་པའི་ཆོས་སྲིད་འཛིན་མཁན་གྱི་སྐོར་ལ་སྤྲུལ་སྐུ་གཅིག། བླ་དཔོན་གཅིག། རྒྱལ་ཚབ་ཀྱང་ཟེར། མཁན་པོ་གཅིག། དགེ་བཤེས་བརྒྱད། དགེ་བསྐོས་གསུམ། དབུ་མཛད་གསུམ། མཆོད་དཔོན་གཅིག མཆོད་གཡོག་གཅིག་སོགས་དེ་དག་གིས་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་སྐྱོང་བ་ཡིན། “བཞི་རྒོལ་”མ་བྱས་བར་དུ་ཞབས་དྲུང་སྐུ་རབས་བཅུ། མཁན་པོ་དྲུག་ཅུ་རེ་དྲུག་ཙམ། དགེ་བཤེས་རྒྱ་དང་ལྔ་བཅུ། དགེ་བསྐོས་ཉིས་རྒྱ་དྲུག་ཅུ་ལྷག དབུ་མཛད་ཀྱང་ཕལ་ཆེར་དེ་ཙམ་ཕེབས། སེར་མོ་བའི་གྲངས་ནི་རེ་འགར་སྟོང་ཕྲག་ཙམ་དང་རེ་འགར་བརྒྱད་བརྒྱ་ཙམ་བཞུགས། གྲངས་མང་[page 56] ཤོས་ནི་ཞབས་དྲུང་དགུ་བ་བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོའི་སྐབས་སུ་ཡིན་ཏེ་དེ་དུས་སེར་མོ་བའི་གྲངས་གཅིག་སྟོང་ཉིས་བརྒྱ་ཙམ་ལ་བསླེབས། དེ་ལས་དཔེ་ཆ་བལྟ་ཀློག་མཁན་བདུན་བརྒྱ་ལྷག་ཡོད། དེ་དག་འཛིན་གྲྭར་བཞུགས་ཚུལ་ནི། བསྡུས་གྲྭ་ལ་འཛིན་གྲྭ་བརྒྱད་ཡོད་དེ། ཁ་དོག་དཀར་དམར་ལ་འཛིན་གྲྭ་གཉིས། གཞི་གྲུབ་ལ་འཛིན་གྲྭ་གཉིས། བསྡུས་འབྲིང་ལ་འཛིན་གྲྭ་གཉིས། བསྡུས་ཆེན་ལ་འཛིན་གྲྭ་གཅིག། རྣམ་འགྲེལ་ལ་འཛིན་གྲྭ་གཅིག་བཅས་ཏེ། འཛིན་གྲྭ་རེ་ལ་ཕལ་ཆེར་ལོ་གཉིས་རེ་ཙམ་དགོས་པ་དང་། འཛིན་གྲྭ་རེ་ལ་ཆ་སྙོམས་མི་བཞི་བཅུ་ཙམ་ཡོད། དེ་ནས་ཕར་ཕྱིན་ལ་འཛིན་གྲྭ་དྲུག་ཡོད་དེ། གཞུང་གསར། སྐབས་དང་པོ། སྐབས་གཉིས་པ། སྐབས་གསུམ་པ། སྐབས་བཞི་པ། སྐབས་བརྒྱད་པ་བཅས་འཛིན་གྲྭ་རེ་རེ་ལ་སློབ་གཉེར་བྱེད་མཁན་ཆ་སྙོམས་ཉི་ཤུ་ལྷག་དང་སྦྱངས་བརྩོན་ལོ་གཉིས་རེ་དགོས། དེ་ནས་དབུ་མ་ལ་འཛིན་གྲྭ་གཅིག སློབ་ཡུན་ལོ་གཉིས། སློབ་གཉེར་མཁན་བཅུ་ལྷག དེ་ནས་མངོན་པ་མཛོད་ཀྱི་འཛིན་གྲྭ་ལ་སློབ་ཡུན་གཏན་འཁེལ་མེད། དགེ་བཤེས་སོགས་འཛིན་གྲྭ་འདི་ལས་ཐོན་ཏེ་སྦྱངས་མཁན་མི་གྲངས་ལྔ་བཅུ་ཙམ་ཡོད། ལ་ལ་འདི་རུ་ཚེ་གང་བོར་བཞུགས།
དགོན་པ་འདི་མདོ་སྔགས་ཟུང་འབྲེལ་ཡིན་ཏེ། མདོ་ཕྱོགས་ཀྱི་སྐོར་ལ་ཆོས་གྲྭ་ཆེན་མོའི་རྩ་བ་གཞུང་པོ་ཏི་ལྔ་རྩ་འགྲེལ་བཅས་ལ་དུས་རྒྱུན་སྦྱངས་པ་དང་། སྔགས་ཕྱོགས་ཀྱི་སྐོར་ལ་གསང་འདུས། བདེ་མཆོག། འཇིགས་བྱེད། ཀུན་རིགས་སོགས། རབ་ཡིན་ན་ཚང་མ་བློ་རུ་སྐྱོར་ཐུབ་དགོས། དེ་དག་རྒྱུག་སྤྲོད་ཚུལ་ལ་སྔགས་རྒྱུག རྩོད་རྒྱུག འདོན་རྒྱུག་སོགས་ཡིན་ཏེ། སྔགས་རྒྱུག་ལ་སྨོན་ལམ་ཆ་ཚང་། ས་ལམ་སྐབས་གསུམ། བསྐང་གསོ་ཆ་ཚང་། གསང་བདེ་འཇིགས་གསུམ། འདོན་རྒྱུག་ནི་འདི་དག་གི་ཁར། ལམ་རིམ་ཆེན་མོ། རྗེའི་དྲང་ངེས་ལེགས་བཤད་སྙིང་པོ། རྟེན་འབྲེལ་བསྟོད་པ་སོགས། རྒྱུགས་སྤྲོད་ཨང་དང་པོ་རྣམས་ཀྱིས་ལྡེབ་མ་ཆིག་སྟོང་ལྷག་བློ་རུ་ངེས་ཐུབ། རྩོད་རྒྱུག་ནི་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད་བཅས་མཁན་པོ་དང་གྲྭ་ཚང་དགེ་བསྐོས་ཀྱི་དྲུང་དུ་སྤྲོད་དགོས། དུས་ཚོད་ནི་ལོ་རེའི་ཧོར་ཟླ་བཞི་པའི་ཚེས་གཅིག་ནས་འགོ་བཙུགས་ཏེ། ཟླ་དེའི་ཚེས་བཅོ་ལྔ་ཉིན་དགའ་རྟགས་སྤྲོད་པ་ཡིན། དགའ་རྟགས་ཨང་དང་པོ་ལ་ཏཱ་ཡུང་སུམ་ཅུའམ་བཞི་བཅུ་ཙམ་དང་དར་དཀར་སོགས་ཡོད། དེ་ནས་རིམ་པ་ལྟར་སྒོར་མོ་ཇ་སོགས་སྤྲོད། ཆོས་ཐོག་གི་སྐོར་ལ། ཧོར་ཟླ་དང་པོའི་ཚེས་གཅིག་ས་ལམ་སྐབས་གསུམ་ཆོས་ཐོག་ཉིན་གཅིག། ཧོར་ཟླ་དང་པོའི་ཚེས་དྲུག་ལ་ཇ་བཏབ་ནས་བདུན་ལ་ཚོགས། བཅུ་བཞི་ལ་སྨོན་ལམ་མཆོད་པ། བཅོ་ལྔ་ལ་བྱམས་པ་གདན་འདྲེན། དེའི་བཅུ་བདུན་ནས་བསྙེན་གནས་ཆ་བརྒྱད། དེའི་ཉེར་བརྒྱད་ལ་དཔལ་འཁོར་ལོ་སྡོམ་པའི་ས་ཆོག་ཉིན་དྲུག ཧོར་ཟླ་གཉིས་པའི་ཚེས་བཞི་ནས་རྡུལ་ཚོན་ལ་བརྟེན་པའི་དཔལ་འཁོར་ལོ་བདེ་མཆོག་གི་བདག་བསྐྱེད། མདུན་བསྐྱེད། [page 57] བུམ་བསྐྱེད་གསུམ་དང་། དབང་མཆོག། སྦྱིན་སྲེག ཀླུ་ཆོག་བཅས་ཉིན་བདུན་ལ་ཚོགས། དེའི་བཅུ་གཅིག་ལ་དཔྱིད་ཆོས་ཟླ་བ་གཅིག། ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་གྲོལ། དེའི་བཅུ་བཞི་ལ་དྲུག་ཅུ་བ་ལྕགས་མཁར་ཟུར་བཅུ་དྲུག་པའི་འཁྲུལ་བརྩེགས་ཀྱི་བསྙེན་སྒྲུབ་གཏོར་གསུམ། གར་འཆམ་བཅས་ཉིན་བཅུ་བདུན་ཚོགས། དེའི་གནམ་གང་ལ་མདོ་ཕྱོགས་ནས་གཞུང་པོ་ཏི་ལྔའི་རྩ་འགྲེལ་སོགས་རྒྱུག་སྤྲོད། ཧོར་ཟླ་བཞི་པའི་ཚེས་བདུན་ནས་དབྱར་ཆོས་ཟླ་བ་གཅིག། དེའི་རིང་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཉིན་བཅུ་དགུར་ཚོགས། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མཁན་པོ་ནས་རྒྱུག་སྤྲོད་ཀྱི་གཏང་རག་བཏང་། ཧོར་ཟླ་ལྔ་བའི་ཚེས་བཅུ་བདུན་ལ་བཅུ་ཆོས་ཉིན་བཅུར་ཚོགས། དེའི་ཆོས་མཚམས་སུ་ཕར་ཕྱིན་འཛིན་གྲྭའི་ཕར་ཕྱིན་བཏང་། ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་ཀུན་རིགས་ཆོས་ཐོག་ཉིན་བཞི་ཚོགས། དེའི་བཅོ་ལྔ་ལ་གསོ་སྦྱོང་། ཚེས་བཅུ་དྲུག་ལ་དབྱར་གནས་ཟླ་བ་ཕྱེད་གཉིས། དེའི་རིང་ལ་གླིང་བསྲེའི་དམ་བཅའ་ལ་མཛོད། ཕར་ཕྱིན། དབུ་མ། འདུལ་བ་བཞིར་བླ་མ་བཞི་བསྐོ། དེའི་དམ་བཅའ་གཏོང་ཚུལ་ནི། གྲྭ་སའི་དགེ་བཤེས་ལྷ་རམས་པ་ནང་ལྟར་དེའི་རྗེས་སུ་རིག་ཆུང་ཚོགས་ལམ། ཕར་ཕྱིན་སྐོར་ནས་བྱམས་གཞུང་། ཡང་དག་མཐའ། ཆོས་འཁོར། སྐབས་གསུམ། སེམས་བསྐྱེད། བཀའ་བསྟན་འགྱུར། རིག་སྦྱོར་བཅས་ཉིན་བཞིར་གཏོང་། ཧོར་ཟླ་བདུན་པའི་གནམ་གང་ལ་རྩ་ཆོག ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནས་ཚེས་གསུམ་བར་དགག་དབྱེ། དེའི་ཆོས་མཚམས་སུ་བླ་བྲང་ནས་ཞབས་བརྟན་བསྐང་གསོ་ཉིན་བརྒྱད། ཧོར་ཟླ་དགུ་པའི་ཚེས་བཅུ་བདུན་ནས་སྟོན་ཆོས་ཟླ་བ་གཅིག། དེའི་ཉེར་གཉིས་ལ་དམིགས་བརྩེ་མའི་བུམ་སྒྲུབ། ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ལ་སྟོན་ཆོས་གྲོལ། དེའི་བཅོ་བརྒྱད་ལ་སྨན་བླའི་ཆོས་ཐོག་ཉིན་བདུན། དེའི་ཉེར་ལྔ་དགའ་ལྡན་ལྔ་མཆོད་ཆེན་མོ། ཉིན་བདུན་ལ་སེང་གདོང་སྒྲུབ་མཆོད། དེའི་ཆོས་མཚམས་སུ་དགེ་འདུན་རྣམས་དཔེ་མཚམས་ལ་བཞུགས། ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཅོ་ལྔ་བར་དབྱངས་དར་ཕྱར། དེའི་བཅོ་རྒྱད་ནས་དགུ་གཏོར། བསྙེན་སྒྲུབ་གཏོར་གསུམ་གར་འཆམ་བཅས་ཉིན་བཅུ་གཉིས་ཚོགས། དེ་ནས་ལོ་གསར་ཚེས་གཅིག་ལ་ཞབས་དྲུང་གིས་རྒྱ་ནག་གོང་མས་གནང་བའི་སྐུ་ཆས་བཞེས་ཏེ། ལྷ་ཁང་སོ་སོའི་ནང་དུ་རྟེན་མཇལ་དང་ཐུགས་སྨོན་གནང་བར་མཛད། དེ་ནས་དུས་ཆེན་འགའ་ཞིག་ལ་འཆམ་ཡོད་པས་དེ་དག་ནི། དགུ་གཏོར་གྱི་སྐབས་སུ་ལྷ་མོ་དང་འཇིགས་བྱེད། བེག་རྩེ། ཆོས་རྒྱལ་བཞི། ཆུ་སྲིན་རྡོ་རྗེ། སེང་གེ་རྡོ་རྗེ། ཀེང་རུས་ཏེ་དུད་བདག་དྲུག་བོན་པོ་གཉིས། དབྱུག་པ་ཁྲ་རིལ་གཉིས། རྒྱལ་ཆེན་སྡེ་བཞི། གནས་བརྟན་བཅུ་དྲུག་ནང་གི་རྒྱ་ནག་ཧྭ་ཤང་། ཤྭ་གཅིག་སོགས་ཡོད། སྨོན་ལམ་སྐབས་སུ་གསེར་ཁང་ལྷ་མི་གཅིག་(དགོན་པ་རང་གི་ལྷ་ཡིན་)། མགོན་པོ་བྲམ་གཟིགས། ལྷ་ཚངས་པ། རྣམ་སྲས། རྡོ་རྗེ་ལེགས་པ། བྱ་ཁྱུང་། བྱ་ཤང་ཤང་[page 58] གཉིས། གླང་ཆེན་གཉིས་སོགས་དང་། ལྕགས་མཁར་དུས་སུ་ལྕགས་མཁར་དང་ཆོས་རྒྱལ་བཞི། ལྷ་མོ། བ་བེག་ཙེ། ཤྭ་གཉིས། གཡག་གཉིས། ཀེང་རུས་གཉིས། སྔགས་པ་གཉིས། ཞྭ་ནག་བརྒྱད། ཆོས་རྒྱལ་ཡབ་ཡུམ་གཉིས་སོགས་ཆོས་སྡེ་འདི་སྟོན་པའི་སྲོལ་བཟང་རྒྱུན་ཆགས་པ་མ་ཟད། ལྷག་པར་དུ་དགོན་པ་འདིར་ངོ་མཚར་ཅན་གྱི་གྲོང་འཇུག་①གི་མཛད་པ་བྱུང་ཚུལ་ནི་ཡུལ་གྲུ་ཀུན་དུ་ཧ་ལས་དགོས་པ་ཞིག་རེད། ཞབས་དྲུང་གསུམ་པ་རྒྱལ་བ་རྒྱ་མཚོ་རྒྱ་ནག་ཤུ་གྲུ་(苏州:སུའུ་ཀྲུའུ་)ཞེས་པའི་ཡུལ་ཕྱོགས་སུ་ཕེབས་སྐབས། སྐུ་འབྲུམ་ལྟ་བུ་ཞིག་གི་ཚུལ་བསྟན་ཏེ་སྐུ་གཤེགས། དེར་སུག་ཆུ་ཞེས་པའི་ཆུ་འགྲམ་དུ་གྲོང་པ་ཞིག་གི་ནང་ན་བོད་ཀྱི་རིས་སུ་གྱུར་བའི་རྒྱ་ཕྲུག་ལོ་ཉི་ཤུ་ལོན་པ་ཞིག་འཆི་ནས་དུར་ཁྲོད་དུ་བཞག་པའི་ཚེ། རོ་ནི་རོ་སྒམ་གྱི་སྟེང་དུ་སྐྱིལ་ཀྲུང་བཅས་ཏེ་བཞུགས་ཙ་ན། ཐམས་ཅད་འཇིགས་སྐྲག་བྱུང་བའི་དབང་གིས་རྒྱ་ནག་གི་མི་དཔོན་ཅང་ཇུན་དང་། ཐེ་ཇུ་སོགས་ལ་ཞུས་ཏེ་དམག་བསྡུས། ཐམས་ཅད་ཀྱི་འབྱུང་པོ། འབྱུང་པོ་ཟེར་ནས་དང་དབྱུག་པ། མཚོན་ཆ་སོགས་ལག་ལ་གང་ཡོད་ཀྱིས་གསོད་པའི་སྦྱོར་བ་བརྩམས་ཀྱང་། ཅི་ཡང་མ་ནུས་པར་བྱ་ཐབས་ཟད་པའི་སྐབས་སུ། སྐད་ཆ་དྲིས་པའི་ལན་དུ། ང་ནི་སྟོང་འཁོར་ཞབས་དྲུང་ཡིན། འདི་ལྟར་གྲོངས་འཇུག་མཛད་པ་ཡིན། ཁྱེད་རྣམས་སྐྲག་མི་དགོས་སོགས་ཀྱི་གསུང་འཕྲིན་གནང་སྐབས། ཐམས་ཅད་ཀྱིས་དད་གུས་བྱས་སོ། འདི་ལྟ་བུ་སངས་རྒྱས་སྟོན་པའི་རྒྱུ་ལས་སྨིན་པའི་ཡོན་ཏན་ནི། དགོན་པ་རང་ལ་ཡོད་པའི་དམིགས་བསལ་གྱི་མཛད་འཕྲིན་ཡིན། འདིའི་སྐོར་ཞིབ་པར་སྟོང་འཁོར་ཞབས་དྲུང་རྣམ་ཐར་དང་། མདོ་སྨད་ཆོས་འབྱུང་། སྐུ་འབུམ་གདན་རབས། དེབ་ཐེར་དམར་པོ་སོགས་སུ་གསལ།
དེའང་དགོན་པ་འདི་ལ་མཆོད་སྡེ་མང་ཙམ་ཡོད་པས་སེར་མོ་བ་ཡོང་ཁུངས་ཀྱང་དེ་དག་ཡིན། དེང་སྟོང་འཁོར་ཆུས་ཀྱི་བསོ་ཐང་མདའ་ཤང་དང་རྡོ་ཐོག་ཤང་གཉིས་སུ་ཁྱབ་ཡོད། བསོ་ཐང་མདའ་ཤང་ལ་བསོ་ཐང་མདའ། འབྲུ་ཡུལ། མདའ་མཐང་། འབུམ་སྡུད། མཁར་སྲུང་། རི་གདོང་། ཝ་ལ་མདའ། བཙན་ར། ཉ་ཁྲི་སོགས་གྲོང་པ་ཁག་བཅུ་ཡོད། རྡོ་ཐོག་ཤང་ལ་སྒོ་མང་། འོག་ཟླ། མཉམ་རི། ལ་ཐོག། དབོ་ཟླ་སོགས་གྲོང་པ་ཁག་ལྔ་སྟེ་ཁྱོན་བཅོ་ལྔའོ། དེའང་མདོ་སྟོད་སྨད་ཀུན་ནས་གྲྭ་སར་ཞུགས་པ་མང་ལ། ལྷག་པར་དུ་མདོ་སྨད་ཟི་ལིང་སྟོང་འཁོར་ཕྱོགས་ཀྱི་མང་ལ། གཞན་ཡང་བུ་དགོན་སོགས་སུ་ཡོང་བའི་སེར་མོའང་ཡོད། སྔར་དགོན་པ་འདི་ལ་བུ་དགོན་བཞི་ཡོད་དེ། ཞི་ཆེན་དགོན་དང་། འབུམ་ཆོས་དགོན། ཉི་དར་རྒྱས་དགོན། ལུ་གུ་དགོན་བཅས་ཡིན། དེ་དག་ཕན་ཚུན་གྱི་འབྲེལ་བ་ནི། ཉི་དར་རྒྱས་དགོན་དུ་བླ་མའི་སྐུ་ཚབ་བཏང་ནས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མཛད་དགོས་པ་དང་། འབུམ་ཆོས་དགོན་དང་ཞི་ཆེན་དགོན་གཉིས་ལའང་བླ་མ་གཏོང་དགོས་པ་དང་། དུད་ཁག་མང་པོའི་ཕྲུ་གུ་དགོན་པ་འདིར་ཞུགས་ནས་རབ་དུ་བྱུང་དགོས་པའི་བཀའ་སློབ་ཡོད་པ་མ་ཟད། [page 59] ཞི་ཆེན་དགོན་གྱིས་བླ་བྲང་ལ་རྟ་ཁྲལ་སོགས་འཇལ་དགོས། ལུ་གུ་དགོན་གྱི་དགེ་བསྐོས་དང་དབུ་མཛད་ཚང་མ་སྟོང་འཁོར་དགོན་པས་བསྐོ་བཞག་བྱེད་དགོས། ཕྱིས་སུ་ལུ་གུ་དགོན་དང་ཉི་དར་རྒྱས་དགོན་པ་མ་གཏོགས་གཞན་གཉིས་རང་གིར་བདག་ནས་བརྩི་རྒྱུ་མེད་པར་སྙམ།
སྤྱི་ལོ་1959ལོའི་སྔོན་དུ། དགོན་པ་འདིར་ཞིང་མུའུ་བརྒྱ་དང་ཉི་ཤུ། ཕྱུགས་ཟོག་བརྒྱ་དང་ལྔ་བཅུ་ཙམ། མ་དངུལ་སྒོར་མོ་(ཏཱ་ཡང་)ཁྲི་སུམ་ཅུ་ཙམ། དགོན་པས་གསང་བདེ་འཇིགས་གསུམ་གྱི་ཚོགས་པ་སོགས་ལ་འགྲོ་སོང་གཏོང་བར་མ་ཟད། ཆོས་གྲྭ་དང་གྲྭ་པ་སོགས་ལ་ཕོག་སྤྲོད་དགོས། གྲྭ་པ་རེ་ལ་ལོ་རེར་སྒོར་མོ་ཉིས་བརྒྱ་ཙམ་དང་། ནས་རྒྱ་མ་སུམ་བརྒྱ་རེ་ཡོད། བླ་བྲང་ལ་ཞིང་མུའུ་བརྒྱ་ཙམ་དང་། ཕྱུགས་ཟོག་སུམ་ཅུ། རྟ་དྲེལ་སོགས་ཉི་ཤུ་ཙམ་ཡོད། མ་དངུལ་སྒོར་མོ་ཁྲི་བཅོ་ལྔ་ཙམ་ཡོད། སྤྲུལ་སྐུ་དང་འཁོར་གཡོག་ཚང་མའི་འགྲོ་སོང་བླ་བྲང་རང་གིས་གཏོང་དགོས། དེའང་དགོན་པ་འདིར་འཛམ་བུ་གླིང་དུ་གནས་ཆེན་ཉེར་བཞི་ཡོད་པའི་ནང་ཚན། རིགས་གསུམ་མགོན་པོའི་གནས་རི་ཡོད་པས། ལོ་རེའི་དྲུག་པའི་ཚེས་བཞི་ལ་སྟོད་ཟླ་ཆུ་ཁ་ཚུན་ཆད་དང་། སྨད་དར་རྩེ་མདོའི་ཡན་ཆད། བྱང་མཚོ་སྔོན་ཟི་ལིང་དང་མགོ་ལོག། སི་ཁྲོན་རྔ་བ། ཀན་སུའུ་ཡི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་སོགས་ནས་དད་ལྡན་སེར་སྐྱ་ཕོ་མོ་འདུས་པ་རྒྱུན་མི་ཆད་ཅིང་། བསང་གི་དུ་སྤྲིན་དང་རླུང་རྟ། དར་ཚོན་བཅས་བར་སྣང་གཡོ་བ་དང་སྦྲ་གུར་གྱིས་ལུང་བར་གང་། གནས་རི་འདི་ལ་སྟོང་འཁོར་གནས་རི་ཟེར་བའི་གནས་ཡིག་ཞིག་ཡོད་པར་མ་ཟད། ཨོ་རྒྱན་རིན་པོ་ཆེས་མཛད་པའི་གནས་ཡིག་ཀྱང་ད་ལྟའི་བར་དུ་བཞུགས་ཡོད།
རིག་གནས་གསར་བརྗེའི་སྐབས་སུ། བླ་བྲང་གི་ཁང་བ་དང་དགོན་པའི་པར་ཁང་། བཀའ་འགྱུར་ཁང་སོགས་རྟེན་དང་བཅས་པ་མེ་ལ་བསྲེགས། སྤྱི་ལོ་1973ལོའི་ཧོར་ཟླ་དང་པོའི་ཚེས་བཞི་ཉིན་ས་འགུལ་ཆེན་པོ་བྱུང་བས། ཀུང་སིའི་ཚོང་ཁང་དུ་གྱུར་བའི་འདུ་ཁང་ཆེན་མོ་དང་། ཞང་སྲིད་གཞུང་སྡོད་གནས་སུ་གྱུར་བའི་བླ་བྲང་གི་གསེར་ཁང་བཅས་ཚང་མ་འཇིག་ཏེ་དགོན་པ་ཤུལ་མེད་དུ་སོང་།
དེ་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྐལ་བཟང་གི་ཉི་མ་ཤར་བས། ཀུན་གྱི་སྟོང་འཁོར་མང་ཚོགས་ཀྱིས་དགོན་པའི་ནང་རྟེན་མང་ཙམ་ཉར་ཡོད་པ་རྟོགས་རྗེས། སྲིད་གཞུང་གིས་ཐོག་མར་རིག་གནས་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་བཀོད་དེ། སི་ཁྲོན་ནང་བསྟན་སློབ་གྲྭའི་ཉག་རོང་སྤྲུལ་སྐུ་ཤེས་རབ་འོད་ཟེར་དང་། དཔལ་ལྷ་དགོན་གྱི་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན། ཁུལ་གྱི་ལས་བྱེད་པ་བཀྲ་ཤིས་དང་སྟོང་འཁོར་དགོན་པའི་རྡོ་རྗེ་ཚེ་རིང་གཙོས་མཆོད་སྡེའི་དུད་ཚང་རེ་རེ་བཞིན་ཕེབས་ཕྱིར། བསླུ་ཡོན་དགོས་མིན་གཉིས་ཀྱིས་སྔར་རྟེན་གསེར་སྐུ་བསྡོམས་པས་བཞི་བརྒྱ་བཅུ་གཉིས་དང་ཐང་ག་དང་གཞན་སྐུ་གསུང་ཐུགས་ཀྱི་རྟེན། མཆོད་རྫས་སོགས་དུས་འདི་ལ་ཪྙེད་དཀའ་ཞིང་གྲངས་ཀྱི་ཐད་[page 60] ལའང་སྦས་རྟེན་འདི་ལྟ་བུ་བོད་གངས་ཅན་ལྗོངས་ཙམ་དུ་མ་ཟད། འཛམ་བུ་གླིང་ནའང་ཧ་ཅང་དཀོན། ལྷག་པར་དུ་རྒན་རྡོ་རྗེ་ཚེ་རིང་ལགས་ཀྱིས། མ་འོངས་པ་བསྟན་པའི་ཆོས་ཀྱི་ཆེད་དུ་རང་གི་ཉེན་ཁ་ལ་མ་འཛེམ་པར་ཁོང་གཅིག་པུས་སྐུ་ཡི་རྟེན་ལ་ཇོ་བོའི་གཏེར་སེར་རིལ་མ་གཙོས་པའི་གསེར་སྐུ་ཉིས་བརྒྱ་སོ་ལྔ་དང་། དཔག་བསམ་འཁྲི་ཤིང་དང་སངས་རྒྱས་འཁྲུངས་རབས། ཙོང་ཁ་བརྒྱད་ཅུ། གནས་བརྟན་བཅུ་དྲུག། རྗེ་བཙུན་བྱམས་པའི་གོས་སྐུ་གསེར་བྲིས་མ་ཁང་བརྩེགས་གཉིས་ཙམ་ཅན་བཅས་ཁྱོན་ཐང་ག་ང་གཉིས་ཙམ། ལ་ལ་ཆ་ཚང་མེད། གསུང་གི་རྟེན་ལ་སྟོང་འཁོར་ཞབས་དྲུང་གི་རྣམ་ཐར་གཙོས་པོ་ཏི་ཁ་ཤས། གཞན་ཞབས་དྲུང་དགུ་པ་ཚུལ་ཁྲིམས་རྒྱ་མཚོའི་གདུང་རུས་ཙན་དན་སྒམ་ཅན། མཆོད་རྫས་ཀྱི་སྐོར་ལ་རྡོར་དྲིལ་ཆ་གཅིག། སྦུབ་ཆས་ཆེན་པོ་སྤུས་ལྡན་ཆ་གསུམ། ད་དུང་ཆོས་གོས་སྣམ་སྦྱར་བཅས་ཚང་མ་དགོན་པ་ལ་ཕུལ་བ་དང་ཕྱིས་སུ་དགོན་པ་གསར་འཛུགས་ཐད་ལའང་དབུ་ཁྲིད་མཛད་དེ་བཀའ་དྲིན་ཤིན་ཏུ་ཆེའོ། གཞན་ཡང་བླ་མ་ངང་ལི་དགའ་ཟེར་བ་ཞིག་ཡོད་པ་སྐབས་དེར་སྲིད་གཞུང་གི་བདག་གཉེར་མཁན་ལ་བསྐོས། དེ་བས་གནས་ཚུལ་མི་ལེགས་པ་དགོངས་ནས་རྟེན་གྱི་གཙོ་བོ་རྣམས་ཁོང་གིས་ཡིད་རྟེན་རུང་བ་རྣམས་ལ་བགོས་པར་མ་ཟད། དེ་དག་རེ་རེ་བཞིན་ཐོ་བཀོད་ནས་སྦས་སུ་བཅུག། ཁོང་འདའ་ཁར། ཐོ་ཡིག་གི་མཁན་པོ་བློ་བཟང་ལུང་རྟོགས་ལ་སྤྲད། ཡང་ཁོང་འདའ་ཁར་མི་གཞན་ཞིག་གི་ལག་ཏུ་བརྒྱུད་པས་ཐོ་ཡིག་དེ་ཁྱོན་མི་གསུམ་གྱི་ལག་ཐོག་ཏུ་བརྒྱུད་མཐར། ཆོས་སྒོ་ཕྱེ་བའི་སྐབས་སུ་ཐོ་ཡིག་ལ་བརྟེན་ནས་ནང་རྟེན་ཕལ་ཆེར་བསྡུ་རུབ་ཐུབ་པ་བྱུང་།
དེ་ནས་སྤྱི་ལོ་1981ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་དུས་བཟང་ཉིན་དེར། རིག་གནས་ཁང་འཛུགས་མགོ་བརྩམས་ནས་སྤྱི་ལོ་གྱ་བཞིའི་ལོ་ལ་ཡོངས་སུ་གྲུབ། དེར་ཁང་བ་ཀ་བ་བཅུ་བཞི་ཙམ་དང་བརྩེགས་གསུམ་ཡོད། སྤྱི་ལོ་1982ལོར་ཆོས་གྲྭ་གོང་འོག་གཉིས་བཞེངས་ཐུབ་པ་བྱུང་། སྤྱི་ལོ་1983ལོའི་ཟླ་བ་བདུན་པའི་ཚེས་སུམ་ཅུའི་ཉིན་ལ། རྗོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། དཀར་མཛེས་དགོན་གྱི་སྤྲུལ་སྐུ་ནག་ཚང་རིན་པོ་ཆེ་བྱམས་པ་ངག་དབང་དང་རྗོང་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་བསོད་ནམས་རྣམ་རྒྱལ་གཙོས་པའི་འགོ་ཁྲིད་དུ་མ་ཆོས་སྒོ་ཕྱེ་བའི་མཛད་སྒོ་ལ་ཕེབས། གྲྭ་བ་ཪྙིང་པ་ཉིས་བརྒྱ་བརྒྱད་བཅུ་ཙམ་འདུས་ཞིང་། མང་ཚོགས་སྟོང་ཕྲག་ཁ་ཤས་འཁོར་བས། སྔར་བཞིན་མཚན་དང་དོན་གཉིས་མཐུན་པའི་རྟེན་འབྲེལ་ལིགས་པོ་བྱུང་། རྒྱལ་ཁབ་ཀྱིས་སྤྱི་ལོ་གྱ་གཉིས་ལོར་སྒོར་མོ་ཉིས་སྟོང་བདུན་བརྒྱ་དང་། གྱ་དྲུག་ལོ་ལ་ཡང་རྫོང་ཆོས་ལུགས་ཅུ་ཡིས་གནང་བའི་སྒོར་མོ་ཁྲི་གཅིག་དང་། གོ་གཅིག་ལོར་སི་ཁྲོན་ཞིང་ཆེན་ཆོས་ལུགས་ཅུའུ་ཡིས་གནང་བའི་སྒོར་མོ་ཆིག་ཁྲི་ཉིས་སྟོང་དང་། སི་ཁྲོན་རིག་གནས་ཅུའུ་ཡིས་སྒོར་མོ་དྲུག་བརྒྱ་བཅས་གནང་། མང་ཚོགས་ཀྱི་འབུལ་ཡོན་ཆ་སྙོམས་ལོ་རེར་སྒོར་མོ་ཆིག་ཁྲི་ལྷག་ཡོད། འགོ་ཁྲིད་ཚན་ཆུང་ལ་ཐོག་[page 61] མར་མི་དགུ་བསྐོས་ཡོད་པ་དེ་ལས་རྒན་ཡོན་ཏན་མཐར་ཕྱིན་གྱིས་གཙོ་འགན་བཞེས། སྐབས་དེར་རྒན་རྡོ་རྗེ་ཚེ་རིང་། ཁོང་ཏང་གི་རྩ་འཛུགས་ནང་དུ་ཡོད་པས་གནས་སྐབས་འགན་བཞེས་སུ་མ་བཅུག་རུང་། འགོ་ཁྲིད་ཚན་ཆུང་དང་མཉམ་དུ་དགེ་འདུན་མང་བ་དང་མི་སེར་དབུ་ཁྲིད་མཛད་པར་བརྟེན། རིག་གནས་ཁང་དང་ཆོས་གྲྭ་གོང་འོག་མི་ཚད། སྤྱི་ལོ་1984ལོའི་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔ་ནས་སྟོང་འཁོར་གནང་གི་སྒྲུབ་ཕུག་ཏུ་ལྷ་ཁང་བཞེངས་འགོ་བརྩམས་ཏེ་གྱ་བཞི་ལོའི་ཟླ་བཞི་པར་རྟེན་དང་བཅས་པ་ཡོངས་སུ་གྲུབ། སྤྱི་ལོ་1988ལོའི་ཧོར་ཟླ་དགུ་པ་ནས་སྟོང་འཁོར་ཞབས་དྲུང་བཅུ་གཅིག་པའི་གཟིམ་ཆུང་གཙོས་པའི་བླ་བྲང་དང་འཆམ་ར་བཞེངས་འགོ་བརྩམས། དེའི་ཕྱི་ལོ་ཧོར་ཟླ་དགུ་བར་ནང་རྟེན་དང་བཅས་པ་ཡོངས་སུ་གྲུབ། སྤྱི་ལོ་དགུ་བཅུ་ཐམ་པའི་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གཙུག་ལག་ཁང་བཞེངས་འགོ་བརྩམས་ཏེ་གོ་བཞི་པའི་སྤྱི་ཟླ་བརྒྱད་པ་ལ་ལྷ་རིས་འགའ་མ་གཏོགས། ནང་རྟེན་དང་ལྡེབས་རིས་སོགས་ཕུན་སུམ་ཚོགས་པར་གྲུབ། གཞི་ཁྱོན་ཀ་བ་ཉི་ཤུ་ཅན་ལ་བརྩེགས་བཞི། དེའི་རྒྱ་ཕིབས་གསེར་འོད་ལྡན་པས་རྔམ་བརྗིད་ཤིན་ཏུ་ཆེའི། གཞན་ཡང་ཆུ་བོ་ཕ་རོལ་གྱི་ཡ་ཁོག་རི་ཁྲོད་རྟེན་དང་བཅས་པ་བཞེངས། དགོན་པའི་ལྕགས་རིའི་ནང་དུ་ཨ་ར་པ་ཙའི་དུང་འཁོར་དང་དབྱེན་ཟླུམ་མཆོད་རྟེན་ཁང་བརྩེགས་ཕྱེད་གཉིས་ཙམ་ཞིག་བཞེངས། ལྕགས་རིའི་ཕྱོགས་བཞི་ལ་ལྷ་ཁང་རེ། དེའི་ནང་རྟེན་བཞེངས་ཐུབ་མེད་ལ་ལྕགས་ར་ཡང་སྤུས་ལེགས་ཞིག་རྡུང་ཐུབ་མེད། དགོན་པའི་འོག་རོལ་ན་མཐོ་ཚད་སྤྱི་ཁྲི་ཉེར་གཅིག་ཙམཡོད་པའི་རྣམ་རྒྱལ་མཆོད་རྟེན་གཟུངས་གཞུག་སྤུས་དང་ལྡན་པ་བཅས་བཞེངས་པར་མ་ཟད། ད་བར་གྲྭ་ཤག་བརྒྱ་དང་ལྔ་བཅུ་ཙམ་བཞེངས་ཐུབ་པ་བྱུང་། དགོན་འདིའི་གཞི་ཁྱོན་ལ་སྨེའུ་གྲུ་བཞི་མ་ལྔ་ཁྲི་ལྷག་ཡོད། ལྷ་ཁང་དེ་དག་ལ་ནང་རྟེན་བཞུགས་ཚུལ་ནི།
དང་པོ། ཐོག་མར་རིག་གནས་ཁང་ལ་བརྩེགས་གསུམ་ཡོད་དེ། 1.འོག་བརྩེགས་རིག་གནས་ཁང་གི་དཀྱིལ་དུ་གཙོ་སྐུ་རྗེ་ཡབ་སྲས་གསུམ། རྗེ་སྐུ་ལ་མཐོ་ཚད་བརྩེགས་གཉིས། སྲས་གཉིས་ལ་མི་ལུས་ཚད་ལྡན་ཙམ། དེའི་གཡས་གྲལ་དུ་རིམ་གྱིས་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། འཇམ་པའི་དབྱངས། སྟོང་འཁོར་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་གྱི་སྐུ་དམར་གདུང་། དེ་ནས་ཚེ་ལྷ་རྣམ་གསུམ་གྱི་ལྡེབས་རིས་དང་དེའི་གྱང་འགྲམ་ན་ཇོ་བོ་ཨ་ཏི་ཤའི་ལྡེབས་རིས་བཅས་བཞུགས། རྗེ་ཡབ་སྲས་གསུམ་གྱི་གཡོན་གྲལ་དུ་རིམ་བཞིན་གུ་རུ། ཕྱག་ན་རྡོ་རྗེ། སེང་གེའི་སྒྲ་བཅས་སོ། དེ་དག་ཚང་མ་སྨན་འདམ་ལས་གྲུབ་ཅིང་མཐོ་ཚད་ལ་ཁང་བརྩེགས་རེ་ཡོད། དེ་དག་གི་མདུན་ན་ཤེལ་གྱི་མཆོད་སྒམ་སྣ་རིང་པོ་ཞིག་བཞུགས་ཡོད་པས་དེའི་ནང་དུ་བསོ་ཐང་གྲོང་གི་བཀྲ་ཤིས་ཚེ་རིང་གིས་ཉར་ནས་ཕུལ་བའི་དགོན་པའི་སྐུ་རྟེན་རྩ་ཆེན་བདེ་མཆོག་རྔ་དྲོད་མ་དང་། རྒན་རྡོ་རྗེ་ཚེ་རིང་ནས་ཕུལ་བའི་སྐུ་རྟེན་སོགས་བསྡོམས་གསེར་སྐུ་བཞི་བརྒྱ་ཉེར་གཉིས་ཙམ་བཞུགས། གཞན་རིན་པོ་ཆེའི་རིགས་ལ་ཁྱུང་གི་སྒོ་ང་། [page 62] གླང་ཆེན་མཆེ་བ། བ་སོའི་གནས་བརྟན་བཅུ་དྲུག་(མཐེ་མོ་ཙམ་རེ་ཡོད་)ད་དུང་གནམ་ལྕགས་ཕུར་བུ་གཉིས་སོགས་དེ་དག་ཪྙིང་བ་ཤ་སྟག་ཡིན། 2.བརྩེགས་གཉིས་པ་ལ་ལྷ་མོའི་ཁང་ཡོད་པས་ལྡེབས་རིས་དཔལ་ལྡན་ལྷ་མོ་དང་། མཐའ་རིས་སུ་ཆོས་སྐོང་སྲུང་མ་ཆ་ཚང་གི་ལྡེབས་རིས། གཞན་ལྷ་གཉེར་ཁང་སོགས་ཁང་མིག་འགའ་ཡོད། 3.བརྩེགས་གསུམ་པ་བཀའ་འགྱུར་ཁང་དུ་སྨན་འདམ་ལས་གྲུབ་པའི་བྱམས་དགོན་གྱི་སྐུ་ཐོག་བརྩེགས་ཕྱེད་གཉིས་ཙམ་དང་། དེའི་གཡས་དང་གཡོན་འགྲམ་དུ་བཀའ་བསྟན་བསྡོམས་པོ་ཏི་བདུན་བརྒྱ་ཞེ་བདུན་ཡོད་པ་དེ་དག་ལས་གསེར་བྲིས་དང་དངུལ་བྲིས་ཀྱི་བཀའ་འགྱུར་དང་འབུམ་སོགས་བཞུགས། ཆོ་གའི་པར་ཤིང་དང་ལྷ་རིས་ཀྱི་པར་ཤིང་སོགས་པར་ཤིང་ཆིག་སྟོང་ཆིག་བརྒྱ་གྱ་བརྒྱད་ཙམ་བཞུགས།
གཉིས་པ། ཆོས་གྲྭར་རྟེན་བཞུགས་སྐོར། ཆོས་གྲྭ་གོང་འོག་གཉིས་དབྱེ་སྟེ། 1.དེའང་ཆོས་གྲྭ་གོང་མ་ལ་ལྷ་མོའི་ཁང་དང་འཇམ་དབྱངས་ཁང་གཉིས། ཐོག་མར་ལྷ་མོའི་ཁང་དུ་རྟེན་བཞུགས་ཚུལ་ནི་གཙོ་སྐུ་དཔལ་ལྡན་ལྷ་མོ་དང་། དེ་ནས་སྒྲོལ་མ་སྔོན་མོ། ཤེས་རབ་སྙིང་པོ། གདུགས་དཀར་སོགས་གྱང་རིས་དཔེ་མེད་དང་གཞན་ཡང་ལྷ་མོའི་ཞལ་ཐང་དང་མཆོད་རྫས་ཆ་ཚང་། འཇམ་དབྱངས་ཁང་དུ་འཇམ་དབྱངས་དཀར་པོ། འཇམ་དབྱངས་དམར་པོ། དབྱངས་ཅན་ལྷ་མོ། ལྷ་མོ་རིག་བྱེད་མ། ཀླུ་སྒྲུབ་སོགས་སྨན་སྐུ་ལས་གྲུབ་པའི་མཐོ་ཚད་ཁང་བརྩེགས་ཅན་བཞུགས། 2.ཆོས་གྲྭ་འོག་མ་ལ། རྟ་མགྲིན་ལྷ་ཁང་དུ་རྟ་མགྲིན་གྱི་སྐུ་སྨན་འདམ་ལས་གྲུབ་པ་ཁང་བརྩེགས་གཅིག་ཙམ། གུ་རུའི་སྐུ་སོགས། དེའི་ཕྱིའི་གྱང་ངོར་ལམ་རིམ་གྱི་ཚོགས་ཞིང་དང་མཆོད་རྟེན་སྤྱི་ཁྲི་ལྔ་ཙམ་ཅན་དང་ཕྱིའི་རྒྱ་སྒོའི་ནང་འགྲམ་ན་ལྷ་ཀུན་དུ་བཟང་པོ་དང་། དབྱངས་ཅན་མ། མགོན་དཀར་སོགས་དང་སྒོའི་ཕྱི་འགྲམ་དུ་རྒྱ་ཆེན་སྡེ་བཞི་དང་སོག་པོ་སྟག་ཁྲིད་སོགས་ཡོད།
གསུམ། གཙུག་ལག་ཁང་དུ་རྟེན་བཞུགས་གྲངས། གཙུག་ལག་ཁང་ལ་བརྩེགས་བཞི་ཡོད། གཞི་ཁྱོན་ས་ཀ་བ་བརྒྱད་དང་ཉེར་ལྔ་ཡོད་ལ། འོག་གི་འདུ་ཁང་ཁོ་ན་ལ་མཐོ་ཚད་སྤྱི་ཁྲི་ཉི་ཤུ་ཡོད་པས་ལྷ་ཁང་ཀུན་ལས་རྔམ་བརྗིད་ཆེ། 1.བརྩེགས་དང་པོའི་གཙུག་ལག་ཁང་དུ་རྟེན་བཞུགས་ཚུལ། ནང་གི་བཞུགས་ཁྲི་ཆེན་པོའི་དཀྱིལ་དུ་གཙོ་སྐུ་བྱམས་པ་གཙོ་འཁོར་གསུམ། གཙོ་སྐུ་ལ་མཐོ་བརྩེགས་ཕྱེད་གསུམ། དེའི་གཡས་གྲལ་དུ་རིམ་བཞིན་རྗེ་ཡབ་སྲས་གསུམ། རྡོ་རྗེ་འཆང་། ཇོ་བོ་ཨ་ཏི་ཤ། གུ་རུ་གཙོ་འཁོར་གསུམ་སོགས་དང་། གཙོ་སྐུའི་གཡོན་གྲལ་དུ་རིམ་བཞིན་སྟོན་པ་གཙོ་འཁོར་གསུམ། སངས་རྒྱས་འོད་དཔག་མེད་སོགས་སྨན་འདམ་ལས་གྲུབ་ཅིང་། མཐོ་ཚད་ཁང་བརྩེགས་ཕྱེད་གཉིས་ཙམ་རེ་ཡོད། དེ་དག་སྐུ་སྟོད་ཀྱི་བར་མཚམས་ན་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་བར་གྱི་ལྡེབས་རིས། འདུ་ཁང་གི་ཤར་ངོས་སུ་གནས་བརྟན་བཅུ་དྲུག་གི་ལྡེབས་རིས་དང་ནུབ་ངོས་བཞུགས་ཁྲི་[page 63] སྟེང་དུ། རིགས་གསུམ་མགོན་པོའི་སྐུ་མཐོ་ཚད་གོང་དང་མཉམ། སངས་རྒྱས་སྨན་བླ་མཆེད་བརྒྱད་དང་། ལྟུང་བཤགས་ལྷ་སོ་ལྔའི་ལྡེབས་རིས་བཅས་བཞུགས། བྱང་ངོས་སུ་སྒོ་འགྲམ་གྱི་ནང་སྟེ་གཡས་སུ་ཆོས་སྐྱོང་ཆ་ཚང་གི་ལྡེབས་རིས་དང་། གཡོན་འགྲམ་དུ་བཀའ་འགྱུར་དང་བསྟན་འགྱུར་ཆ་རེ་བཞུགས་ཡོད། 2.ཁང་བརྩེགས་གཉིས་པ་རྒྱ་མཐོངས་གི་མདུན་ཤག་ན་སྦུབ་ཆས་ཁང་། རབ་གསལ་ཁང་། ཚོགས་འདུ་ཁང་། འགྲུལ་ཁང་། རྒྱ་མཐོངས་གི་ནུབ་ཕྱོགས་ན་ཤ་ཁང་དང་མཛོད་ཁང་། ཤར་ངོས་ན་མགོན་ཁང་། རྟེན་གཙོ་དམ་ཅན་སོགས་བཞུགས། དེ་ནས་ལྷ་གཉེར་ཁང་། རྒྱ་མཐོངས་ནང་ངོས་ཀྱི་ལྡེབས་རིས་ལ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་རྒྱབ་ངོས་ཀྱི་ལྡེབས་རིས་ལ། གངས་རིན་པོ་ཆེ། ཙ་རི། སྟོང་འཁོར་བསོ་ཥ་ཊི་གནས། རྒྱ་གར་གྱི་གནས་ཆེན་གཙོ་བོ་རྣམས། རྒྱ་ནག་རི་བོ་རྩེ་ལྔ། གླང་ཆེན་འགྱིང་རི། ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གནས་སོགས་བཞུགས། 3.ཁང་བརྩེགས་གསུམ་པ་གནས་བརྟན་ཁང་དུ། དཀྱིལ་ན་སྟོན་པ་གཙོ་འཁོར་གསུམ། མགོན་པོ་སོགས་བཞུགས། ནང་སྒོའི་ཀླད་དུ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་གྱི་སྐུ་རིས་ཤིང་ངོས་སུ་བསྟར་ནས་བཞུགས་ཡོད། 4.ཐོག་བརྩེགས་བཞི་བ་རྒྱལ་པཎ་གཟིམ་ཆུང་། དེའི་གཡོན་དུ་སྟོང་འཁོར་ཞབས་དྲུང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་ཐུབ་བསྟན་འཇིགས་མེད་ཀྱི་འདྲ་སྐུ་བཅས་མི་ལུས་ཚད་ལྡན་ཙམ་སྤུས་དང་ལྡན་པར་བཞུགས། ལྷག་པར་ཐོག་གི་རྒྱ་ཕིབས་ནི་རྫ་ལས་གྲུབ་པའི་གྱོ་མོག་སེར་པོ་ཤ་སྟག་ཡིན་པས་སྟོང་ལྡན་གྱི་གསེར་འོད་འཕྲོ་བར་བྱེད།
བཞི་པ། བླ་བྲང་དུ་རྟེན་བཞུགས་ཚུལ། བླ་བྲང་ལ་ཁང་བརྩེགས་གཉིས་ཡོད་དེ། འོག་བརྩེགས་གི་སྒོ་ནི་འཆམ་རར་གཏད་པས་གཙོ་བོ་འཆམ་གྲ་སྒྲིག་དང་འཆམ་གོས་བརྗེ་ས་ཡིན། ཐོག་ཁང་དུ་མཁན་པོའི་ཁང་དང་མགོན་ཁང་(ནང་རྟེན་མེད་)དང་བླ་བྲང་ཚོགས་ཁང་། རྟེན་ལ་དཔལ་ལྡན་ལྷ་མོའི་འདམ་སྐུ་མི་ལུས་ཙམ་བཞུགས། གཟིམ་ཆུང་ཀུན་དགའ་ཤེས་རབ་གླིང་ལ་འོད་གསལ་ཕུག་དང་ཞིང་མཆོག་ཁང་གཉིས་ཡོད་པ་ལས། ཞིང་མཆོག་ཁང་དུ་ཙན་དན་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་མདའ་ཚད་ཙམ་བར་སོའི་གོར་ཅན་དུ་བཞུགས། གནས་བརྟན་བཅུ་དྲུག་གི་གསེར་སྐུ་མཛུབ་གང་ཙམ། རྗེ་ཙོང་ཁ་བའི་གསེར་སྐུ་མཐོ་གང་ཙམ་བཅུ། གཞན་ཡང་སངས་རྒྱས་འཁྲུངས་རབ་ཀྱི་ཐང་ག་ཉེར་དགུ གནས་བརྟན་བཅུ་དྲུག ཇོ་བོ་ཨ་ཏི་ཤའི་རྟོགས་བརྗོད་ཐང་ག་བཞི། གྲུབ་ཐོབ་བརྒྱད་ཅུའི་ཐང་ག་ལྔ་བཅས་ཁྱོན་ཐང་ག་བཞི་དགུ་བཞུགས།
རྣམ་འདྲེན་ཁང་དུ་རྟེན་བཞུགས་ཚུལ། རྣམ་འདྲེན་ཁང་དུ་གཙོ་སྐུ་དཔལ་ལྡན་ལྷ་མོ། ལྷ་ཚངས་པ་དང་བེག་ཙེ་སོགས་ཀྱི་སྨན་སྐུ་བཞུགས། ཤིང་ལེབ་གྲུ་བཞི་གི་ངོས་སུ་ཞབས་དྲུང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་རི་མོ་བྲིས་ཡོད། བྲག་མགོ་སྦུབ་ཆས་སོགས་སྦུབ་[page 64] ཆས་ཆ་བཅུ། སིལ་སྙན་མ་ཎི་མ་གསུམ། གཞན་སིལ་སྙན་དྲུག་བཅས་བཞུགས།
དེང་སང་དགོན་པའི་འགོ་ཁྲིད་ཚན་ཆུང་གི་གཙོ་འཛིན་ནི་བསོ་ཐང་མདའི་རྒན་རྡོ་རྗེ་ཚེ་རིང་ཡིན། དགོན་པ་ཐོག་མར་བཞེངས་དུས་ཁོང་དབུ་འཛིན་ལ་འདེམས་བསྐོ་བྱས་ཀྱང་། ཏང་གི་རྩ་འཛུགས་ན་ཡོད་པས་སྐབས་དེར་མཁའ་སྲུང་ནོར་བུ་བཀྲ་ཤིས་ཀྱིས་གཙོ་འགན་ལོ་གསུམ་བཞེས། ཁོང་གི་འགན་བརྗེ་བའི་དུས་ལ་སླེབས་དུས། སེར་སྐྱ་ཕོ་མོ་ཚང་མའི་རེ་ཞུས་ལྟར། རྡོ་རྗེ་ཚེ་རིང་རྩ་འཛུགས་ལས་རང་ཤུགས་ཀྱིས་བཤོལ་རྒྱུ་གོང་རིམ་གྱི་ཆོག་མཆན་ཐོབ་སྟེ་གཙོ་འཛིན་གྱི་འགན་ད་བར་དུ་བཞེས། འགན་གཙོ་གཞོན་པ་མདའ་ཐང་མགོན་པོ་ཆོས་ལྡན་སོགས་གྲྭ་པ་བཙུན་ལྡན་ལྔ་ཙམ་གྱིས་དགོན་པ་སྐྱོང་བཞིན་ཡོད། དེའང་ཀུན་གྱི་ཐུགས་འདུན་ལྟར་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་བྱུང་སྟེ་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྤྱི་ལོ་1986ལོའི་ཟླ་10པའི་ཚེས་བཅུ་ཉིན་གདན་ས་སྟོང་འཁོར་དུ་ཁྲིར་འཁོད། ད་ལྟ་དགུང་ལོ་ཆུང་བས་ཆོས་སྲིད་གནས་སྐབས་མ་བསྐྱང་ནའང་། མདོ་སྔགས་ཕྱོགས་ལ་སྡུག་རུས་གཉེར་བཞིན་བཞུགས།
ད་ལྟ་དགོན་པ་འདིས་རང་ཁ་རང་གསོ་བྱེད་པའི་ཆེད་དུ་འབྲི་བཞི་བཅུ་ཙམ་ཡོད་པ་དེའི་ཡོང་འབབ་ལོ་རེར་མར་རྒྱ་མ་བཞི་བརྒྱ་ལྷག་དང་ཚོང་ཁང་གཅིག་ཡོད་པ་དེའི་ཡོང་འབབ་སྒོར་མོ་དྲུག་སྟོང་ཙམ་དང་བཟོ་གྲའི་ཡོང་འབབ་སྒོར་མོ་ཉིས་བརྒྱ་བཞི་བཅུ་ཙམ་དང་། གཞན་འབུལ་ཡོན་སོགས་ཀྱིས་དགོན་པ་རང་གི་ཚོགས་པ་རང་གིས་འགྲོ་སོང་གཏོང་ཐུབ་པའི་ཁར་གྲྭ་བ་སོ་སོར་ཞིང་མུའུ་གསུམ་རེ་ཙམ་དང་ཕྱུགས་ཟོག་རེ་གཉིས་ཙམ་བདག་གཉེར་མཛད་བས་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་བཏང་། ད་ལྟ་བླ་བྲང་གི་གསེར་ཁང་སྔར་ཤུལ་དུ་གཞི་ཁྱོན་ཀ་བ་བཞི་བཅུ་ཙམ་ལ་བརྩེགས་གསུམ་ཅན་ཞིག་བཞེངས་གྲབས་ཡོད། རྒྱུ་རྐྱེན་ཚང་མ་གྲ་སྒྲིག་བཟོས་ཟིན་ཏེ། སྤྱི་ལོ་1995ལོའི་ཧོར་ཟླ་གཉིས་ཚེས་བཅོ་ལྔ་ནས་བཞེངས་འགོ་བརྩམས་རྒྱུ་ཐག་བཅད། ཅེས་སྐྱེ་ཡུལ་ཡུས་ཧྲུའུ་སྒ་ཁོག་པ་ལབ་ཕན་འདུམ་བློ་བཟང་བློ་གྲོས་ནས་བོད་ཀྱི་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་1995ལོའི་ཟླ་བ་བཞི་པར་པེ་ཅིང་ནས་བྲིས་པ་དགེ་ལེགས་འཕེལ།
ཞབས་དྲུང་གྲོང་འཇུག་གི་སྐོར་《མདོ་སྨད་ཆོས་འབྱུང་》ཤོག་ལྷེ་181ཐོག་དང་། 《སྐུ་འབུམ་གདན་རབས་》ཤོག་ངོས་8《དེབ་ཐེར་དམར་པོ་》ཤོག་ངོས་389《ཞབས་དྲུང་རིམ་བྱོན་རྣམ་ཐར་(བཻཌཱུརྱའི་མེ་ལོང་》སོགས་སུ་གསལ།
[page 65] 1.《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག་》དེབ་དང་པོ།
2.《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས་》།
3.《ཞབས་དྲུང་རྣམ་ཐར་》ཤིང་པར།
4.《སྟོང་འཁོར་དགོན་གྱི་ལོ་རྒྱུས་རགས་བསྡུས་ཀྱི་དཔེ་མཚོན་》བྲིས་མ་སོགས།
གཞན་ཡང་སྟོང་འཁོར་དགོན་པའི་འགོ་ཁྲིད་ཚན་ཆུང་གི་གཙོ་བོ་རྡོ་རྗེ་ཚེ་རིང་ལགས་དང་།
དགོན་པའི་དྲུང་ཡིག་ཨོ་རྒྱན་ཆོས་འཕེལ་རྣམ་གཉིས་ཀྱི་ཐུགས་རྗེ་ལ་བཀའ་དྲིན་ཆེ་ཞུའོ།
བཀྲ་ཤིས་བསམ་གྲུབ་དགོན་ནམ་དགའ་ལྡན་བསམ་གྲུབ་གླིང་དུ་འབོད་པ་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་རྫ་ཁོག་བསམ་གྲུབ་དགོན་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་ཕ་ཡུལ་རྫ་ཁོག་གངས་ཆབ་དལ་འགྲོའི་འགྲམ་དུ་པ་བརྩེའི་ཀུན་དགའ་རྒྱལ་མཚན་དང་ཁྱུང་རྩེ་ཀུན་དགའ་འོད་ཟེར། ཨ་སངས་འཇམ་དབྱངས་ཀུན་དགའ་སྨོན་ལམ་གསུམ་ནས་ས་ཁུལ་དེའི་ས་སྐྱ་པ་དང་བཀའ་བརྒྱུད་པ། བོན་པོ་བཅས་ཀྱི་དགོན་པ་ཆུང་བ་ཁ་ཤས་ཡོད་པ་བཙན་གྱིས་དགེ་ལུགས་པར་བསྒྱུར་ཞིང་མཉམ་གཅིག་ཏུ་བསྡུས་ཏེ་བསམ་གྲུབ་དགོན་པའི་རྨང་བཙུགས། སྤྱི་ལོ་1662ལོ་ཧོར་ཆོས་རྗེ་དང་རྫ་ཆོས་རྗེ་ཁུ་དབོན་གཉིས་ནས་རྒྱས་པར་བཏང་པ་བསམ་གྲུབ་དགོན་བདག་བླ་མའི་གསོལ་འདེབས་ནང་ལྷ་ཆེན་ཉམས་གསོ་འདུ་ཁང་། གྲྭ་གྲངས་གསར་དུ་བསྐྲུན། གྲོང་ཁྱེར་ཤུལ་དུ་གྲོང་ཁང་གསར་རྒྱབ་མཛད། ཉེ་སྐོར་ས་དཀར་དགོན་ཆུང་གང་ཡོད་རྣམས། དགོན་གནས་འདི་རུ་བསྡུས་ནས་དར་རྒྱས་མཛད། ཅེས་བསྟན་པས་གསལ་བོར་རྟོགས་ཐུབ་ཀྱང་དེ་རྗེས་ཀྱི་ལོ་རྒྱུས་ཡིག་ཆ་མེད་པ་དང་དགོན་པའི་སྤྲུལ་སྐུ་བཞི་ཡོད་པ་ཚང་མ་ད་ལྟ་ཕྱི་རྒྱལ་ན་བཞུགས་ཤིང་དགོན་ནང་དུ་གྲྭ་ཆུང་འགའ་ལས་སྔོན་གྱི་ལོ་རྒྱུས་ཤེས་མཁན་ཞིག་མི་བཞུགས་པས་མིང་གྲངས་ཅན་གྱི་ཆོས་སྡེ་ཆེན་པོ་འདིའི་ལོ་རྒྱུས་སྟོང་བར་གྱུར་པ་སེམས་འཕངས་པའི་གཞི་རུ་གྱུར་ནའང་འདིར་ཐོས་གཏམ་ཕྲན་བུ་ཙམ་བརྗོད་ན། སྔོན་ཆད་དགོན་པ་འདི་འཕེལ་རྒྱས་ཆེན་པོ་བྱུང་ཏེ་སྐུ་བསུངས་ཐུགས་ཀྱི་རྟེན་རིན་པོ་ཆེས་བརྒྱན་པ་བགྲང་ལས་འདས་ཤིང་མཁས་ཆེན་བླ་མ་སྟོབས་རྒྱལ་སོགས་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅག་མྱོང་བ། གྲྭ་གྲངས་བརྒྱད་[page 66] བརྒྱ་དང་སྤྲུལ་སྐུ་བཞི། མཁན་པོ་གཅིག་དགེ་བསྐོས་གཉིས། དབུ་མཛད་གཉིས་བཅས་དང་བརྗིད་ཆགས་ཉམས་དགའ་བའི་ཚོགས་ཁང་ཆེན་མོ་དང་ལྷ་ཁང་སུམ་ཐོག་ཅན། བླ་བྲང་ཡ་བཟང་མ་བཟང་(སྟེང་མ་དང་ཞབས་མ་)བཅས་ཡོད་པའི་ཧོར་དགོན་སྡེ་བཅུ་གསུམ་གྱི་ཁྲོད་ཆེ་བའི་གྲས་སུ་གཏོགས་ཤིང་། དམངས་གཙོ་བཅོས་བསྒྱུར་ནང་དགོན་པའི་རྒྱུ་ནོར་དང་རྟེན་འགངས་ཆེན་ཡོད་ཚད་གཞུང་བཞེས་བརྒྱབ་ནས་གྲྭ་པ་བཙན་གྱིས་སྐྱ་སར་ཕབ་ནའང་དགོན་པའི་ཁང་པ་རྒྱལ་ཁབ་ལ་མཁོ་བས་གཏོར་སྐྱོན་མ་བཏང་བར་ད་རག་བར་ལུས་རྐྱེན་ཁང་པའི་རྒྱུ་ཆ་དང་སྤུས་ལེགས་ཚད། སྲོལ་རྒྱུན་གྱི་བཟོ་བཀོད་བཅས་ཀྱི་ཐད་དཀར་མཛེས་རྫོང་གི་ཆོས་སྒོ་ཕྱེ་ཞིང་གསར་དུ་བཞེངས་པའི་དགོན་སྡེ་སོ་ལྔའི་ནང་ཆེས་ཁྱད་དུ་འཕགས་པ་ཡིན་པར་འདོད་ཀྱང་གོང་བརྗོད་རྒྱུ་རྐྱེན་གྱིས་སྤྱི་ལོ་༡༩༨༣ལོ་ནས་ཆོས་སྒོ་ཕྱེ་པའི་ཆོག་མཆན་ཐོབ་ཀྱང་དགོན་པ་སླར་གསོ་དང་རྟེན་བཞེངས་ལེགས་པོ་ཞིག་བྱེད་མ་ཐུབ་པར་ལུས་ཡོད། ད་ལྟ་ཁང་ཪྙིང་ཚོགས་ཆེན་འདུ་ཁང་དང་ལྷ་ཆེན་འདུ་ཁང་། བླ་བྲང་ཡ་བཟང་མ་བཟང་(དེ་ཚང་མ་ཞིག་གསོ་བྱས་ཚར་མེད་)དང་གྲྭ་ཤག་བདུན་བཅུ་ལྷག་མཆིས་པའི་ནང་གྲྭ་པ་བརྒྱ་དང་བཞི་བཅུ་བཞུགས་ཟེར་ཡང་རྒྱུན་སྡོད་པ་ཉུང་ཤས་ཙམ་ལས་མེད་ཅིང་དགོན་པ་སྤྱིའི་དཔལ་འབྱོར་ཐད་ཀྱི་ཡོང་སྒོ་གཙོ་བོ་ལོ་རེར་འབུལ་བ་ནས་རྒྱ་མ་སྟོང་གཉིས་དང་སྒོར་དྲུག་བརྒྱ་བར། ཕྱུགས་ཟོག་ཉིས་བརྒྱ་ལྷག་ཡོད་པ་དེ་དག་ཡིན་ཞིང་དགོན་པའི་འགྲོ་ཡོང་ཕལ་ཆེར་དོ་སྙོམས་པ་ཡིན་ཞེས་འཆད་པ་ལྟར་མདོ་ཁྲི་གདུགས་དཀར་ཚེ་རིང་གིས་སྤྱི་ལོ་༡༩༩༤ལོའི་ཟླ་༧པའི་ནང་བྲིས་པ་དགེའོ།
ཡར་སྟེང་དགོན་ནམ་ཡར་སྟེང་ཆོས་སྒར་ཡང་ཟེར་བའི་བཙུན་མའི་དགོན་པ་ཆུང་ཆུང་འདི་ཁམས་དཀར་མཛེས་རྫོང་གི་ལྷོ་ཕྱོགས་ཀྱི་བཤུས་ལམ་ཟེར་བའི་ལུང་པ་ཞིག་ཡོད་པའི་ལྷོ་ངོས་སུ་ཆགས། དགོན་པ་འདིའི་ལོ་རྒྱུས་སྐོར་ལ་ཡིག་ཆ་མེད་མོད་ངག་རྒྱུན་ལྟར་ན། ཕལ་ཆེར་རབ་བྱུང་བཅོ་ལྔ་པའི་མཇུག་ཙམ་སྟེ་དུས་རབས་འདི་འགོ་ཚུགས་པ་ཙམ་ལ། དགོན་པ་འདིའི་བྱང་ཕྱོགས་སུ་སྤྱི་ལེ་བཞི་ཙམ་དུ་ཆགས་པའི་བྲག་དཀར་དགོན་ཟེར་བའི་བཙུན་མའི་དགོན་པ་ཆེན་པོ་ཞིག་ཡོད་པའི་གོང་གི་རི་མགོར་ཆོས་དགའ་རི་ཁྲོད་ཟེར་བ་བྲག་དཀར་བླ་བྲང་གིས་བདག་གཉེར་བྱེད་པའི་རི་ཁྲོད་ཅིག་ཡོད་པ་ན། བྲག་དཀར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་སློབ་མ་སྟེ་བླ་མ་འཇམ་དབྱངས་ཟེར་བའི་ཪྙིང་མ་བ་ཞིག་བཞུགས་ཡོད་པར་བཙུན་མ་ལྔ་བཅུ་ཙམ་དང་སྐྱ་བོ་རྒན་རྒོན་དྲུག་ཅུ་ཙམ་འདུས་སྟེ་བཀའ་ཆོས་ཉན་ཞིང་ཉམས་ལེན་བྱས་ནས་བསྡད། སྐབས་ཤིག་ལ་བྲག་དཀར་བླ་མ་ལྷ་སར་ཕེབས་པའི་[page 67] ཤུལ་དུ་བླ་མ་འཇམ་དབྱངས་དེ་བྲག་དཀར་བླ་མའི་ཕྱག་མཛོད་དང་གཉེར་བ་གཉིས་དང་མ་མཐུན་པས་ཕལ་ཆེར་ཁོང་དགུང་ལོ་རེ་གཅིག་གི་སྟེང་ལ་ཆོས་དགའ་རི་ཁྲོད་ཀྱི་ནུབ་བྱང་མཚམས་སུ་མི་ལ་རི་ཟེར་བ་བདེ་རྣ་ཆཨག་གི་གནས་རི་ཡིན་པར་གྲགས་པ་ཞིག་ན་སྔར་ཁོ་རང་ལོ་མང་པོར་ཉམས་ལེན་བྱས་མྱོང་བའི་རི་ཁྲོད་ཅིག་ཡོད་པར་ཕེབས་ནས་བཞུགས་པ་ན། ཆོས་དགའ་རི་ཁྲོད་ཀྱི་སེར་སྐྱའི་སློབ་མ་རྣམས་ཕྱེད་ཀ་ཙམ་ཁོང་གི་རྗེས་སུ་འབྲངས་པ་དང་ཕྱེད་ཀ་ཙམ་ལུས། ལོ་གཅིག་གི་རྗེས་སུ་བླ་མ་འཇམ་དབྱངས་ཀྱིས་ཁོ་རང་གི་ཉམས་སྣང་ལ་རྩ་བའི་བླ་མ་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་ཡུལ་འདི་ནས་ཇག་རྐུན་རྒོད་པས་རི་འདབས་སུ་སྤོར་ན་ལེགས་གསུངས་པ་ཤར་གསུངས་ཏེ་ཁོང་གི་ཆོས་གྲོགས་བུ་རམ་སྣའི་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཆོས་འཕེལ་ལ་རི་ཁྲོད་དེ་རི་འདབས་སུ་སྤོར་བའི་ལས་བཅོལ་གནང་བས། བུ་རམ་སྣའི་སྤྲུལ་སྐུ་མཛད་དེ་བླ་མ་འཇམ་དབྱངས་ཀྱི་སློབ་མ་ཨ་ནེ་ཚེ་རིང་དཔལ་མོ་དང་བློ་བཟང་ཆོས་སྐྱིད་བཅས་ཀྱིས་རི་ཁྲོད་དེ་རི་འདབས་སུ་སྤོར། ཀ་མིག་བཅུ་གཉིས་ཅན་གྱི་གཙུག་ལག་ཁང་གི་གཡས་ཕྱོགས་ནས་གྲྭ་ཤག་སུམ་ཅུ་ལྷག་དང་། སྐྱ་བོ་རྒན་རྒོན་ཉི་ཤུ་ལྷག་ལ་གཙུག་ལག་ཁང་གི་གཡོན་ཕྱོགས་ནས་ཁང་པ་འགའ་བརྒྱབ་པ་བཅས་བྱས་ནས་དགོན་པ་ཞིག་ཆགས། བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཆོས་འཕེལ་གྱིས་༡༩༩༥ལོ་དགོན་པ་དེ་ནས་སྐུ་གཤེགས་ཁར་དགོན་པའི་བཅའ་ཡིག་གི་མཇུག་ཏུ་དགོན་པ་འདི་རྗེས་སུ་གནས་སྤོར་དགོས་ཚུལ་གྱི་ལུང་བསྟན་ཞིང་གཙུག་ལག་ཁང་སོགས་ཀྱང་གང་དག་ཇི་ལྟར་བཞེངས་དགོས་ཚུལ་རི་མོར་ཕབ་ནས་དགོན་པར་སྤྲད། ལོ་བཅུ་ལྷག་གི་རྗེས་ནས་ལས་འགུལ་སྐབས་སུ་ཐམས་ཅད་འཇིག། དགོན་ཤུལ་དེ་ད་ལྟ་དཀར་མཛེས་རྫོང་གི་དཀར་རག་ཞང་དུ་ཡོད། ཨ་ནེ་ཚེ་རིང་དཔལ་མོས་བཅའ་ཡིག་དེ་སྐེད་པར་བཅིངས་ཏེ་ལོ་ལྔ་ལ་གྱང་ཁོག་དུ་སྦས་ནས་ད་རེག་བར་དུ་ལུས། ཕྱིས་སུ་ཡང་དག་པའི་ཆོས་ལུགས་སྲིད་ཇུས་ལག་དུ་བསྟར་པས། བླ་མ་འཇམ་དབྱངས་ཀྱི་སློབ་མ་སྟེ་བཙུན་མ་བཅུ་གསུམ་ལྷག་ཡོད་པ་འཛོམས་ནས་བླ་མའི་ལུང་བསྟན་བཞིན་དགོན་ཤུལ་དེ་ཡར་སྟེང་དུ་སྤོར་ཏེ་ཡར་སྟེང་དགོན་འདི་ཕྱག་འདེབས་པའི་འགོ་བཙུགས། ཚོགས་ཆེན་ད་ལྟ་འདུ་ཁང་ཀ་བ་བཅུ་དྲུག་ཅན་ཞིག་དང་གྲྭ་ཤག་ང་བཞི་གྲུབ་ཡོད། བཙུན་མ་རེ་གསུམ་བཞུགས། གྲུབ་མཐའ་དགེ་ལུགས་པ་ཡིན། ཆོས་སྐྱོང་དཔལ་ལྡན་ལྷ་མོ། དུས་མཆོད་རྣམས་དགེ་ལུགས་པ་ཀུན་དང་མཐུན།
སྐུ་གསུངས་ཐུགས་རྟེན་གྱི་ཕྱོགས་ནས། སྔར་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཆོས་འཕེལ་གྱིས་སྒྲོལ་མའི་གསེར་སྐུ་མཐོ་གང་ལྷག་ཙམ་ཞིག་དང་། འཇམ་དབྱངས་ཀྱི་གསེར་སྐུ་མཐོ་གང་ཅན་ཞིག སྟོན་པའི་གསེར་སྐུ་མཐོ་གང་ལྷག་ཙམ་ཞིག རྗེ་ཡབ་སྲས་གསུམ་གྱི་གསེར་སྐུ་མཐོ་གང་ཅན་གསུམ་བཅས་བཞེངས་པ་རྣམས་རྗེས་སུ་བརླགས། རྡོ་སྐུའི་རིགས་ལ་མར་མི་དྭགསས་གསུམ་དང་། ས་སྐྱ་གོང་མ་རྣམ་[page 68] ལྔ། ཀློང་ཆེན་རབ་འབྱམས་པ། འོད་དཔག་མེད་གཙོ་འཁོར་གསུམ། ཚེ་ལྷ་རྣམ་གསུམ། སྤྱན་རས་གཟིགས་བཅུ་གཅིག་ཞལ། རྗེ་སྐུ་གཙོ་འཁོར་གསུམ་བཅས་སོ། ད་ལྟ་ལུས་ཡོད་པའི་རྟེན་ཪྙིང་ནི་སྟོན་པའི་སྐུ་ཐང་གསུམ་དང་རྗེ་ཙོང་ཁ་བའི་སྐུ་ཐང་གཅིག བླ་སྐུ་གཅིག སྒྲོལ་མ་དཀར་སྔོན་གཉིས། སྤྱན་རས་གཟིགས་ཕྱག་བཞི་བ་གཅིག དཔེ་ཪྙིང་སྨན་མདོ་མཚར་གཉིས་བཅས་སོ། ད་སྐབས་གསར་དུ་བཞེངས་པ་སྐུ་ཐང་བླ་མཆོད་ཚོགས་ཞིང་གཅིག་དང་། འདུ་ཁང་ནང་གི་གཙོ་སྐུར་བཞེངས་པའི་སྟོན་པའི་འདམ་སྐུ་གྲུ་དྲུག་ཅན་གཅིག། མར་མེ་མཛད། སློབ་དཔོན་པད་མ། བུ་རམ་སྣ་སྐུ་ཕྲེང་གསུམ་པ། བླ་མ་འཇམ་དབྱངས་བཅས་ཀྱི་འདམ་སྐུ་དང་། བཀའ་འགྱུར་ཚར་གཅིག འབུམ་ཚར་གཅིག འཁོར་ཁང་གཅིག་བཅས་སོ།
དགོན་པའི་ལས་སྣེ་སྐོར་ལ། བླ་མ་ནི་བུ་རམ་སྣ་སྐུ་ཕྲེང་བཞི་པ་ཕུར་བུ་ཚེ་རིང་དང་། ཞབས་འདེགས་པ་རྒན་གཞོན་གཉིས་ཡོད་པ་ནི་བཙུན་མ་རྣམས་གྲོངས་དུ་ཕེབས་དགོས་པ་བྱུང་ན་དགོངས་པ་ཞུ་ས་ཡིན། དགེ་རྒན་གཉིས་ལ་རྒན་ཡུན་ངེས་མེད། གཉེར་བ་རྒན་གཞོན་གསུམ་པོས་དགོན་པའི་སྒྲིག་ལམ་ལ་བདག་བྱེད་དགོས། དབུ་མཛད་བཞི་ཡོད་པས་ཉི་མ་རེས་མོས་ཀྱིས་ཚོགས་འདོན་གྱི་དབུ་སྐུལ་གནང་དགོས། ལས་སྣ་དེ་ཐམས་ཅད་བཙུན་མ་རྣམས་ཐུན་མོང་གིས་འདེམས་ནས་བསྐོ་དགོས། ད་སྐབས་ཀྱི་དགེ་རྒན་གཉིས་ཏེ་ཚེ་རིང་དཔལ་མོ་དང་བློ་བཟང་ཆོས་སྐྱིད་ནི་སྔ་མ་ལོ་དོན་ལྔ་དང་ཕྱི་མ་རེ་དྲུག་ཡིན། གཉེར་བ་རྒན་པ་བློ་བཟང་ཆོས་མཚོ་ལོ་ཞེ་དགུ་བཅས་ཡིན། བཅའ་ཡིག་ཪྙིང་བར་རབ་བྱུང་མ་རྣམས་ལ་བསླབ་ཁྲིམས་སུ་བཅས་པ་ཐར་བའི་ཐེམ་སྐས་བྱ་བ་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་གྱིས་མཛད་པ་བཞུགས། དགོན་པའི་དཔལ་འབྱོར་སྐོར་ནས་ས་ཞིང་དང་ཕྱུགས་ཟོག་དང་ཐེབས་རྩའི་མ་དངུལ་སོགས་ཅི་ཡང་མེད། དགོན་པའི་འཛུགས་བསྐྲུན་བླ་གྲྭ་དང་དད་ལྡན་གྱི་ཡོན་བདག་རྣམས་དང་བཙུན་མ་རྣམས་ཀྱི་འཚོ་བ་རང་ཁྱིམ་ལ་བརྟེན་དགོས། ཞེས་སྤྱི་ལོ་གཅིག་དགུ་དགུ་བཅུ་གུ་བཞི་ལོའི་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་དགོན་པ་རང་ནས་བཙུན་མ་ཚེ་རིང་དཔལ་མོ་དང་བློ་བཟང་ཆོས་སྐྱིད་སོགས་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་གཞི་བྱས་ཏེ་ཕྱི་ལོའི་ཟླ་གསུམ་པ་ལ་མདོ་སྨད་ཁྲི་ཀའི་སྐྱེ་མིང་བ་ཚེ་རིང་ཐར་གྱིས་སྦྱར་བ་དགེའོ།
[page 69] དེ་ཡང་ཉི་ཐང་བཀྲ་ཤིས་དར་རྒྱས་གླིང་ཞེས་བྱ་བ་འདི་ནི། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཪྙི་ཁོག་ཞིང་ལས་ལམ་ཐག་སྤྱི་ལེ་ལྔ་བཅུ་ཙམ་གྱི་སར་ཆགས་ཡོད། དགོན་པ་འདི་ནི་སྟོང་འཁོར་སྐུ་ཕྲེང་བཞི་བ་མདོ་རྒྱུད་རྒྱ་མཚོས་བོད་རབ་བྱུང་བཅུ་གཅིག་པའི་ནང་ཕྱག་བཏབ་གནང་བའི་གྲུབ་མཐའ་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཐོག་མར་སྟོང་འཁོར་རིན་པོ་ཆེས་མགོན་པོ་ཕྱག་དྲུག་པ་བསྒྲུབས་པའི་སྤྱིལ་བུ་ཞིག་ཡོད་པའི་ཤུལ་དེར་མགོན་ཁང་ཆུང་བ་གཞི་རྒྱ་ཁང་མིག་གྱན་བཞི་ཙམ་ཡོད་པ་ཞིག་བཞེངས། དེ་ནས་རིམ་གྱིས་མགོན་ཁང་གི་ཕྱི་ལོགས་སུ་གཙུག་ལག་ཁང་གཞི་རྒྱ་ཁང་མིག་གྱན་བཞི་ཙམ་ཡོད་པ་ཞིག་དང་། འདུ་ཁང་ཆེན་མོ་ཁང་བ་གྱན་བརྒྱད་ཅུ་ཙམ་ཡོད་པ་ཞིག ཇོ་ཁང་གཞི་རྒྱ་ཁང་མིག་གྱན་བཅོ་ལྔ་ཙམ་ཡོད་པ། ཆོས་གྲྭ་དང་བླ་མའི་གཟིམས་ཤག་བཅས་ལེགས་པར་བཞེངས། དགོན་པ་འདི་ནི་སྟོང་འཁོར་གསང་ཆེན་རྗེ་གླིང་གི་བུ་དགོན་ཡིན། སྔོན་དགོན་པ་འདིར་སྐད་གྲགས་ཅན་གྱི་དམ་པ་ཕྲ་ཡུལ་རིག་གྲོལ་རྒྱ་མཚོ་ཞེས་པ་བྱུང་། ཁོང་ལ་གསུང་རྩོམ་སེང་གདོང་གཏོར་སྒྲུབ་པོད་གཅིག་དང་ལྷ་མོའི་གཡང་སྒྲུབ། ལྕམ་སྲིང་སྒྲུབ་ཐབས་དང་དེའི་གཡང་སྒྲུབ། དཀར་འཆ་དག་གྲོལ་བཅས་ཀྱི་ཆོ་ག མི་འཁྲུགས་པའི་ཆོ་ག་ལྷོ་སྒོ་མ། སྤྱོད་སྐོར་གྱི་གསུང་པོད་གཅིག མཁའ་འགྲོ་བརྡ་ཡིག་གི་ཆོས་སྐོར་པོད་བཅུ་ཕྲག་འགའ། རྒྱལ་པོ་སྐུ་ལྔའི་གཡང་སྒྲུབ། ཚེ་སྒྲུབ་ཆོ་ག་སོགས་མང་པོ་ཡོད། དམ་པ་འདིའི་ནམ་མཁའི་ཐོག་འཕངས་པ་སྐུ་གཟན་གྱིས་བཟུང་བ་དང་། དུས་རྒྱུན་སྐམ་ལུག་སོགས་ཀྱི་ཤ་མི་ཟ་བ་དང་། རྡོའི་བཅུད་ལེན་མཛད་སྐབས་རྡོ་ཅུང་ཟི་ཁོ་ན་བཞེས་པ་དང་། དེ་ནས་ས་བཅུད་ལེན་དང་མེ་ཏོག་བཅུད་ལེན་སོགས་མང་དུ་མཛད། གཞན་ཡང་གཤིན་པོ་ཤི་བའི་རུས་པ་ལ་ཚ་ཚ་བཏབ་སྟེ་རབ་གནས་མཛད་སྐབས་ཤར་གྱི་རི་བོ་དང་ནུབ་ཀྱི་རི་བོའི་རྩེ་གཉིས་ནས་འཇའ་ཚོན་སྣ་ལྔ་ཤར་ཏེ་སྣེ་གཉིས་ཚ་ཚའི་སྟེང་ལ་ཟུག་པ་སོགས་ངོ་མཚར་ཤིན་ཏུ་མང་།
རྒྱུ་ཙན་དན་ལས་གྲུབ་པའི་སྟོན་པའི་སྐུ་ན་བཟའ་ཆུ་རིས་མ་སྐུ་ཚད་ཁྲུ་གང་ཡོད་པ་སྔོན་ཆིན་གོང་[page 70] མ་ཞིག་གིས་གནང་བར་གྲགས། ལི་སྐུ་ཐུབ་པ་གངས་ཅན་མཚོ། རྒྱལ་བ་རྡོ་རྗེ་འཆང་། རྗེ་རིན་པོ་ཆེ། སྟོན་པ་ཤཱཀྱ་ཐུབ་པ། རྗེ་བཙུན་བྱམས་པ། འཇིགས་བྱེད་ལྷ་བཅུ་གསུམ་སོགས་ལི་སྐུ་ཆེ་ཆུང་དྲུག་ཅུ་ལྷག་བཞུགས། རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བྱམས་པ། རྗེ་ཙོང་ཁ་བ། སྟོན་པ་ཤཱཀྱ་ཐུབ་པ་བཅས་ཀྱི་སྐུ་ཁང་བརྩེགས་གསུམ་བར་སླེབས་པ། རྒྱལ་བ་སེང་གེ་ང་རོའི་སྐུ་ཁང་བརྩེགས་གཅིག་ཅན། རྗེ་དགེ་ལེགས་མའི་སྐུ་ཁྲུ་གང་མ་ལྔ་བརྒྱ་ལྷག། རྗེ་གཟིགས་པ་ལྔ་ལྡན། གཞན་ཡང་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ། སྟོང་འཁོར་རིན་པོ་ཆེ་གསུམ་གྱི་ལི་སྐུ་ཁྲི་གང་མ། རྒྱུ་ཙན་དན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་སོགས་ཤིན་ཏུ་མང་། ཐང་གའི་ལྷ་སྐོར་ལ། དགོན་འདིའི་རྟེན་གཙོ་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་རང་གྲུབ་མ་ཆེ་ཆུང་གྱན་གང་ཡོད་པ། བདེ་ཆེན་ཞིང་བཀོད། གནས་བརྟན་བཅུ་དྲུག་གསེར་ཐང་། སྟོང་སྐོར་བླ་མའི་ཤངས་ཁྲག་གིས་བཞེངས་པའི་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། དཔལ་ལྡན་ལྷ་མོ། རྟ་མགྲིན་ཡང་གསང་བཅས་དང་། རྒྱལ་ཆེན་སྐུ་ལྔ། དཔག་བསམ་འཁྲི་ཤིང་། ཙོང་ཁ་བརྒྱད་ཅུ། གཞན་ཡང་ལམ་རིམ་ཚོགས་ཞིང་། བླ་མཆོད་ཚོགས་ཞིང་། གདུགས་དཀར་རལ་གྲི་མའི་གསེར་ཐང་། བྱམས་པའི་གོས་སྐུ་ཆེན་མོ་སོགས་མང་ངོ་། གསུང་གི་སྐོར་ལ། བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག། འབུམ་དངུལ་བྲིས་ཚར་གསུམ། རྗེ་ཡབ་སྲས་གསུམ། འཇམ་དབྱངས་བཞད་པ། ཀིརྟི་ཚང་སོགས་ཀྱི་གསུང་འབུམ། སེ་ར་སྨད་པའི་ཡིག་ཆ་ཚར་སུམ་ཅུ། སྨད་རྒྱུད་གྲྭ་ཚང་གི་འདོན་ཆོས་ཚར་བཞི་ཅུ་ལྷག། དུས་འཁོར་ཊཱིཀ་ཆེན། སྟོང་འཁོར་གསུང་འབུམ། མར་མི་དྭགས་གསུམ་གྱི་གསུང་སོགས་མང་། ཐུགས་ཀྱི་སྐོར་ལ། བཀའ་གདམས་མཆོད་རྟེན་བདུན། སྟོང་འཁོར་སྐུ་ཕྲེང་དྲུག་པ་བསྟན་འཛིན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན། དགོན་པའི་གཤམ་དུ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཁང་བརྩེགས་བཅུ་ཙམ་ཡོད་པ། གནའ་རྫས་སྐོར་ལ། སོག་པོ་ཨལ་ཐན་རྒྱལ་པོས་གནང་བའི་རལ་གྲི་འདོམ་གང་བ་དང་མེ་མདའ། ཁྲབ། རྨོག། འཁོར་གསུམ་སོགས་ཡོད། རོལ་ཆས་སྐོར་ལ། མཐར་སིལ་འཛམ་གླིང་གྱུ་ཞགས། སྤུབ་སྒོ་ཆེན་མ། སྦུབ་གར་ལི་མ་སོགས་སྦུབ་བརྒྱད་ཅུ་ལྷག་ཡོད། དུང་དཀར་སེར་བྲིས་མ་དང་གསེར་ཁ་མ་སོགས་ཆ་བཅུ། དངུལ་དུང་ཆེན་གཉིས། དུང་དམར་དྲུག རྒྱ་གླིང་ཆ་དྲུག གླིང་ཆ་བདུན། དྲིལ་བུ་ཚོགས་དྲིལ་གཉིས། རྔ་ཆེ་ཆུང་སུམ་ཅུ་ལྷག་བཅས་ཡོད།
དགོན་པ་འདི་ནི་བཤད་སྒྲུབ་ཀྱི་སྡེ་གཉིས་ལས་བཤད་པའི་སྡེ་ཡིན། བཤད་གྲྭ་བའི་སློབ་གཉེར་[page 71] བྱེད་སའི་ཡིག་ཆ་གཙོ་བོ་ནི་མཁས་གྲུབ་བསྟན་དར་བའི་ཡིག་ཆ་ཡིན། ལོ་རེར་སྨོན་ལམ་གྱི་སྐབས་སུ་བཤད་གྲྭ་བ་རྣམས་ཀྱིས་རང་རང་སོ་སོའི་སྐབས་བབ་ཀྱི་གཞུང་གི་རྩོད་པའི་དམ་བཅའ་འཇོག་པ་དང་། དེ་ནས་རབ་འབྱམས་པའི་ཕར་ཕྱིན་རང་ལུགས་སོགས་བཀའ་པོད་ལྔའི་རང་ལུགས་བློ་རྒྱུགས་སྤྲོད་དགོས། དེ་ཡང་འཛིན་གྲྭ་དང་པོའི་བསྡུས་ཆུང་ལོ་གསུམ། འཛིན་གྲྭ་གཉིས་པའི་བསྡུས་ཆེན་ལོ་གསུམ། ཕར་ཕྱིན་སྐབས་དང་པོ་ལ་འཛིན་གྲྭ་གཉིས། དེ་ནས་སྐབས་གཉིས་པ་ནས་སྐབས་བཞི་བའི་བར་འཛིན་གྲྭ་གཉིས། སྐབས་ལྔ་པ་ནས་སྐབས་བརྒྱད་པའི་བར་འཛིན་གྲྭ་གཉིས། དབུ་མ་འཛིན་གྲྭ་གཅིག། འདུལ་བ་འཛིན་གྲྭ་གཅིག། མཛོད་འཛིན་གྲྭ་གཅིག་བཅས་འཛིན་གྲྭ་རེ་ལ་ལོ་གསུམ་རེ་ཡིན།
དགོན་པའི་དུས་མཆོད་ཉམས་ལེན་གྱི་སྐོར་ལ། ཟླ་དང་པོའི་ཚེས་གཅིག་ནས་བཅུ་བདུན་པར་སྨོན་ལམ་ཆེན་མོ། ཟླ་གཉིས་པའི་ཚེས་བཅུ་གསུམ་ནས་ཟླ་གསུམ་པའི་ཚེས་བཅུ་གསུམ་བར་མཚན་ཉིད་རྩོད་གྲྭ་ཚུགས། ཟླ་བཞི་པའི་ཚེས་གཅིག་ནས་བཅོ་ལྔ་བར་ལམ་རིམ་ཚོགས་ལང་བྱེད། ཚེས་བཅོ་ལྔ་ནས་ཉེར་དགུ་བར་འཇིགས་བྱེད་དང་གསང་འདུས་སྒྲུབ་མཆོད་ཡིན། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་བདུན་པའི་མཇུག་པར་དབྱར་གནས་ཚུགས། ཟླ་བརྒྱད་པའི་ཚེས་ཉེར་བཞི་ནས་ཟླ་དགུ་པའི་ཚེས་བཅུ་གསུམ་བར་མཚན་ཉིད་རྩོད་གྲྭ་ཚུགས། གཞན་ལྷ་མོའི་གཏོར་སྒྲུབ། མགོན་པོའི་གཏོར་སྒྲུབ་བཅས་ཡོད། ཟླ་བཅུ་པའི་ཚེས་ཉེར་ལྔ་ནས་ཉེར་དགུ་བར་ལྔ་མཆོད་ཆེན་མོ་ཡིན། ད་དུང་སེར་གདོང་མའི་སྒྲུབ་མཆོད་གཏོར་འཕེན་བཅས་ཡོད། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཚེས་ཉེར་གཉིས་བར་ལྕགས་མཁར་ལ་འདུག་མཁན་གྲྭ་བ་རྣམས་མཚམས་ལ་བཞུགས་དགོས། ཚེས་ཉེར་གཉིས་ནས་ཉེར་དགུ་བར་ལྕགས་མཁར་དངོས་གཞི་ལ་བསྡད་དེ་ལྕགས་མཁར་ཆ་ཚང་སྒྲུབ་དགོས། ད་དུང་དེའི་ནང་དུ་རྟ་མགྲིན་གཏོར་སྒྲུབ་ཞིག་ཀྱང་འཛུགས། ཟླ་བཅུ་གཉིས་པའི་ཚེས་བཅུ་ནས་ཚེས་ཉེར་ལྔ་བར་འཆམ་རྒྱག་དགོས། ཚེས་ཉེར་ལྔ་ནས་ཉེར་དགུ་བར་དགག་གཏོར་གཏོང་བ་བཅས་སོ། དགོན་པའི་ཆོས་སྐྱོང་གི་གཙོ་བོ་ནི་མགོན་པོ་ཕྱག་དྲུག་དང་། དཔལ་ལྡན་ལྷ་མོ་གཉིས་ཡིན། གཞན་ལྕམ་སྲིང་། རྣམ་སྲས། ཆོས་རྒྱལ། རྒྱལ་ཆེན་སྐུ་ལྔ། དམ་ཅན་ར་གཞོན་བཅས་ཀྱང་བསྟན་པ་ཡིན།
སྤྱིར་དགོན་འདིའི་བདག་པོ་ནི་སྟོང་འཁོར་སྐུ་ཕྲེང་རིམ་བྱོན་ཡིན། དགོན་པ་འདི་ལ་སྔོན་ནས་ད་ལྟའི་བར་ཁྲི་རབས་བརྒྱ་དང་བཅུ་བདུན་ཕེབས་མྱོང་། དགོན་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་[page 72] མཁན་པོས་སྒྲུབ་པ་ཡིན། དེ་ཡང་མཁན་པོ་འདུག་པའི་ཆ་རྐྱེན་ནི། གཞུང་བཀའ་པོད་ལྔའི་དམ་བཅའ་རྫོགས་དགོས་པ་དང་། ད་དུང་འཇིགས་བྱེད་བསྙེན་ཆེན་ལ་འདུག་དགོས། གཅོད་ཀྱི་སྒོ་ནས་ཆུ་མིག་བརྒྱ་རྩ་འགྲིམས་དགོས། འཕོ་བ་སྦྱང་པ། དེ་ནས་གཞུང་བཀའ་པོད་རྣམས་ཀྱི་རང་ལུགས་ཚང་མ་བློར་རྒྱུགས་སྤྲོད་དགོས། དེ་རྣམས་རྫོགས་རྗེས་མཁན་པོ་ལ་བསྡད་ཆོག་པ་ཡིན། མཁན་པོ་ལ་བཞུགས་རྗེས་ལོ་རེའི་སྨོན་ལམ་ཆེན་མོའི་མཆོད་པའི་སྦྱིན་བདག་མཁན་པོ་ཁོ་རང་གི་བྱེད་དགོས། མཆོད་པ་དེ་ལ་མར་རྒྱ་མ་ཉིས་བརྒྱ། གཡག་ཤ་ཕྱེད། ཇ་རྒྱ་མ་ལྔ། སྨོན་ལམ་སྐབས་སྐྱེས་རབས་སོ་བཞི་བའི་བཤད་པ་གནང་དགོས། སྒྲུབ་མཆོད་སྐབས་རྗེ་སློབ་དཔོན་བྱེད་པ། ས་ཆ་འདིའི་མི་ཤི་ཚེ་འཕོ་བ་འདེབས་པ་དང་བསྔོ་བ་སྨོན་ལམ་གསུངས་བ། བེམ་པོའི་གདུང་སྦྱིན་སྲེག་བྱེད་པར་དངོས་སུ་ཕེབས་པ། མཚན་ཉིད་འཛིན་གྲྭ་སོ་སོའི་བརྩི་བཞག་གནང་བ། དབྱར་གནས་སྐབས་གུང་ཚིགས་ཐེངས་གཅིག་འདྲེན་པ། འཇིགས་བྱེད་ཚོགས་སྐོར་ཞིག་གཏོང་བ། ཟླ་རེ་ཚེས་བཅོ་ལྔ་དང་ཚེས་ཉེར་དགུ་ལ་སོ་ཐར་གྱི་མདོ་འཆད་པ་བཅས་སོ། དགོན་པའི་སྒྲིག་ལམ་ཡོངས་རྫོགས་ཁྲི་བའི་འགན་འཁུར་དགོས། དགེ་བསྐོས་གཅིག། དབུ་མཛད་གཅིག། སྔགས་པ་དབུ་མཛད་གཅིག། དགེ་སྐོས་ཆུང་བ་གཅིག་བཅས་དེ་རྣམས་འགན་ཡུན་ལོ་གསུམ་རེ་ཡིན། དགོན་པའི་ལས་དོན་ཆེ་ཆུང་ཚང་མ་ཁོང་ལྔའི་བཀའ་གྲོས་བྱས་ཏེ་ཐག་གཅོད་པ་ཡིན། གོང་གི་འདི་དག་ཚང་མ་བསྐོ་བཞག་གནང་མཁན་ནི་སྟོང་འཁོར་ཚང་ཡིན།
དགོན་པའི་བཅའ་ཁྲིམས་ཀྱི་སྐོར་ནི། སེར་མོ་བ་ཚང་མས་ཆོས་འདུལ་འདུལ་བའི་བཅའ་ཁྲིམས་རྣམས་ཚུལ་བཞིན་སྲུང་དགོས། དགོན་ནང་དུ་རྟ་རྫི་དང་ལུག་རྫི་རྣམས་ཡོང་མི་ཆོག་པ་དང་། དགོན་པའི་ལྕགས་རིའི་ནང་དུ་བུད་མེད་འོང་མི་ཆོག། གྲྭ་པ་རྣམས་ཀྱིས་སྐྱ་ཆས་གྱོན་ནས་གྲོང་གསེབ་ལ་ཡོང་མི་ཆོག། དུས་རྒྱུན་ཆོས་ཐོག་ལ་མི་ཆགས་པ་དང་གལ་སྲིད་མི་ཐོན་ན་སྒོར་དྲུག་གི་ཆད་པ་གཅོད་པ་ཡིན། གྲྭ་བ་རྣམས་ཀྱི་ལག་མགོར་ཆུ་ཚོད་འཁོར་ལོ་དང་སྒྲ་ཕབ་འཁོར་ལོ་སོགས་བཟུང་མི་ཆོག། གྲོང་གི་ལྭ་བ་གོང་བ་ཅན་དང་ཕུ་ཐུང་ཅན་གྱོན་མི་ཆོག། གྲོང་གི་ལྭ་བ་གོང་བ་ཅན་དང་ཕུ་ཐུང་ཅན་གྱོན་མི་ཆོག་པ་སོགས་སོ།
1956ལོའི་རྗེས་སུ་དགོན་པའི་ལྷ་ཁང་སོ་སོ་དང་ནང་རྟེན་སྐུ་གསུང་ཐུགས་རྟེན་མཆོད་རྫས་གྲྭ་ཤག་སོགས་རིམ་བཞིན་འཇིག་སྟེ་གྱང་རོ་ཙམ་ཤུལ་དུ་ལུས། གྲྭ་བ་རྣམས་རང་རང་སོ་སོའི་ཡུལ་གྱི་སྤྱི་ཚོགས་ཐོན་སྐྱེད་དུ་ཞུགས། ༡༩༨༤ལོར་དགོན་པ་ཡང་བསྐྱར་ཆོས་སྒོ་ཕྱེ་སྟེ་གཙུག་ལག་ཁང་ཆེན་མོ། ཇོ་ཁང་། འདུ་ཁང་དང་མགོན་ཁང་། གྲྭ་ཤག་བདུན་བཅུ་ལྷག་བཅས་ལོ་ངོ་དགུའི་རིང་བཞེངས་པ་གྲུབ། ནང་[page 73] རྟེན་གསར་བའི་སྐོར་ལ། རྒྱུ་རག་ལས་གྲུབ་པའི་སྟོན་པ། རྗེ་ཡབ་སྲས་སོགས་ལྔ་བཅུ་ལྷག། ཐང་གའི་ལྷ་སྐོར་ལ། རྒྱན་དྲུག་མཆོག་གཉིས། འཇིགས་བྱེད། གདུགས་དཀར། སྒྲོལ་མ་སོགས་ཚར་བཞི་བཅུ་ལྷག་སྟོང་འཁོར་རིན་པོ་ཆེ་ཤངས་ཁྲག་གིས་བཞེངས་པའི་དགོན་པོ། ལྷ་མོ་གཉིས། དགོན་པའི་སྔོན་གྱི་རྟེན་ཪྙིང་ཙན་དན་ཇོ་བོ་དེ་རིག་གནས་གསར་བརྗེའི་སྐབས་འཇིག་ནའང་། ཇོ་བོ་དེའི་ཕྱག་ཞབས་གཅིག་ལུས་ཡོད་པ་ད་ལྟ་སྨན་འདམ་ལས་གྲུབ་པའི་ཇོ་སྐུའི་གཟུངས་བཞུགས་སུ་ཕུལ་ཡོད། དབུ་ལུས་ཡོད་པ་ད་ལྟ་སྟོན་པའི་སྐུ་ཞིག་བཞེངས་པ་དེའི་གཟུངས་གཞུག་དུཕུལ་ཡོད། གཞན་ཡང་ལི་སྐུ་ལྷ་མོ་རིག་བྱེད་མ། སྟོན་པ་སོགས་མང་ངོ་། གསུང་རྟེན་སྐོར་ལ། བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག། འབུམ་ཚར་གསུམ། རྗེ་ལམ་སྔགས་མཁས་གྲུབ་བསྟན་དར་བའི་ཡིག་ཆ། འཇམ་བཞད། ཀིརྟི་རིན་པོ་ཆེ། རྒྱལ་དབང་ལྔ་བའི་ཕར་ཕྱིན་སོགས་ཡོད། སྦུབ་ཪྙིང་འཛམ་གླིང་གཡས་ཞགས། མཐར་སིལ་འཛམ་གླིང་གཡས་ཞགས་སོགས་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་ཐག་བཅད་པའི་གྲྭ་པ་བརྒྱ་ཡིན། དོན་དངོས་སུ་ད་ལྟ་གྲྭ་པ་གྱ་ལྔ་བཞུགས། སྨོན་ལམ་ཚོགས་ཆེན་སྐབས་སུ་གྲྭ་བ་གས་ནས་འོང་བ་ཉིས་རྒྱ་ལྔ་བཅུ་ལྷག་འདུས། དགོན་པའི་ཆོས་སྒོ་ཕྱེ་བ་ནས་ད་ལྟའི་བར་གྲྭ་བ་ཕྱིར་རང་ཁྱིམ་ལ་བྱིན་ནས་ངལ་རྩོལ་དུ་ཞུགས་པ་བཅོ་ལྔ་ཙམ་ཡོད།
སྤྱི་ཚོགས་ཪྙིང་བར་དགོན་པ་གཞུང་ལ་ས་ཞིང་མུའུ་ཉིས་བརྒྱ་ལྷག་ཡོད། ས་ཞིང་དེ་འདེབས་མཁན་གྲོང་བ་རྣམས་ལ་གླ་རྔན་སྤྲད་ནས་སྟོན་ཁར་འབྲུ་རིགས་ཚང་མ་དགོན་པ་གཞུང་ལ་འབུལ་དགོས། ད་དུང་དགོན་གཞུང་སྤྱི་བ་ལ་མི་བཅུ་དྲུག་ཡོད་པས་དེ་དག་ལོ་གཅིག་ལ་ཚོང་ལས་ལ་འགྲོ་དགོས། ལོ་མཇུག་ཚོང་ལས་ཀྱི་ཡོང་སྒོ་རྣམས་གཞུང་ལ་འབུལ་དགོས། ད་ལྟ་དགོན་པ་གཞུང་ལ་ས་ཞིང་དང་ཕྱུགས་ཟོག། སྨན་ཁང་། ཚོང་ཁང་། འདྲུད་འཐེན་འཁོར་ལོ་སོགས་གང་ཡང་མེད། ༡༩༩༠ལོར་རྒྱལ་ཁབ་ཀྱིས་སྔོན་དགོན་པ་གཏོར་བའི་གྱོང་ཚབ་དུ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་སྤྲད། དགོན་འདིའི་སྦྱིན་བདག་གཙོ་བོ་ཧོར་ཕྱི་དར་བ་ཁག་ལྔ། ལི་རྩང་ཆུ་བཞི། རྡོབ་དང་གསོ་བ། འཅི་རྐ། མགོ་ལོག་ཁ་གསུམ་ཝ་ཤུལ་གསེར་རྟ་བཅས་ཡིན། ཞེས་ཉི་ཐང་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་འབྲེལ་ཡོད་ཀྱི་ཡིག་ཆ་དང་། དགོན་པ་རང་གི་བླ་རྒན་དག་གི་ངག་རྒྱུན་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་༡༩༩༥གཅིག་དགུ་གོ་ལྔ་ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ལ་སྦྱར་བ་དགེའོ།
[page 74] དེ་ཡང་རྩིས་ཚང་དགོན་ནམ་རྩིས་ཚང་དགའ་ལྡན་ཆོས་སྦྱོར་གླིང་ཞེས་པ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། ལྷོ་པ་ཞིང་། ཕ་ཡུལ་གྲོང་བ་ལས་རྒྱང་ཕྲག་གཅིག་གི་སར་ཆགས་ཡོད། དགོན་པ་འདི་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྤྱི་ལོ་༡༩༩༢ལོར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་བའི་གྲུབ་མཐའ་དགེ་ལུགས་པའི་དགོན་པ་ཞིག་ཡིན། རྩིས་ཚང་དགོན་ཞེས་ཐོགས་དོན་ནི་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དགོན་སྡེ་བཅུ་གསུམ་ཕྱག་འདེབས་གནང་བའི་ཐ་མ་དགོན་པ་འདི་བཏབ་པར། དགོན་སྡེ་བཅུ་གསུམ་བརྩིས་ནས་ཚང་སོང་བས་རྩིས་ཁང་དགོན་ཞེས་བཏགས། ཐོག་མར་ཁང་མིག་གྱན་ལྔ་བཅུ་ལྷག་ཡོད་པའི་གཙུག་ལག་ཁང་ཞིག་བཞེངས། ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་གྱི་ཐ་མ་དགོན་འདི་བཏབ་ཟིན་པ་ན་ཁོང་ཐུགས་རབ་ཏུ་དགྱེས་ཏེ་སྔོན་རྒྱལ་དབང་ལྔ་བའི་ཤངས་ཁྲག་གིས་བཞེངས་པའི་དཔལ་ལྡན་ལྷ་མོའི་ཞལ་ཐང་བྱིན་ཅན་ཞིག་ཡོད་པ་དགོན་འདི་ལ་གནང་། དེ་ནས་དུས་ཡུན་རིང་མོ་ཞིག་ན་དགོན་པ་ཧ་ཅང་ཉམས་རྒུད་བྱུང་བར། བླ་མ་ཚེ་རིང་བསམ་གཏན་བྱ་བའི་ཉམས་གསོ་མཛད། ཁོང་གིས་ཉམས་གསོ་མཛད་པའི་རྒྱུ་མཚན་ཡང་། མཚན་ཞིག་ཁོང་གི་རྨི་ལམ་ལ་དགོན་པ་འགྱེལ་བ་ན་སྲུང་མ་དཔལ་ལྡན་ལྷ་མོའི་དགོན་པ་ལྕགས་ཐག་གིས་བསྡམས་ནས་ཁྱོད་ཀྱིས་མྱུར་མོ་དགོན་པ་འདི་ཉམས་གསོ་གནང་དགོས་ཞེས་གསུངས། དེ་ནས་ནམ་ལངས་པ་ན་དཔལ་ལྡན་ལྷ་མོའི་ཞལ་ཡང་གཟིགས། རྗེས་ནས་དགོན་པ་ཉམས་གསོ་གྲུབ་པར་ཇི་ལྟར་བཞེངས་ཚུལ་ལྡེབ་རིས་སོགས་ཀྱང་བྲིས་ཡོད། བཅིངས་འགྲོལ་སྔོན་དུ་དགོན་པ་ཧ་ཅང་རྒྱས་པའི་དུས་སུ་སེར་མོ་བ་བརྒྱ་དང་བརྒྱད་བཅུ་ལྷག་བཞུགས།
དགོན་པའི་རྟེན་གཙོ་རྒྱལ་དབང་ལྔ་པའི་ཤངས་ཁྲག་གིས་བཞེངས་པའི་དཔལ་ལྡན་ལྷ་མོའི་ཐང་ག་སྒྲོན་ལྗང་ཉི་ཐང་མ་གཉིས་ཀྱི་གཙོས་ཤར་ལ། རྗེ་སྐུ། སྒྲོལ་མ། གུ་རུ་སོགས་རྒྱུ་གསེར་བཟང་ལས་གྲུབ་པའི་སྐུ་བདུན་བརྒྱ་ལྷག་བཞུགས། རྒྱུ་ཙན་དན་ལས་གྲུབ་པའི་རྗེ་སྐུ་ཁྲུ་གང་མ་གསུམ། རྡོ་རྗེ་སེམས་དཔའ། རྗེ་ཡབ་སྲས་གསུམ་བཅས་ཆེ་ཆུང་ཁང་བརྩེགས་གཅིག་ཅན། གཞན་ཡང་སངས་རྒྱས་སྟོང་སྐུ། [page 75] རྗེ་སྟོང་སྐུ། བདེ་གསང་འཇིག་གསུམ་སོགས་ཡི་དམ་སྐོར། མགོན་པོ། ཆོས་རྒྱལ། རྣམ་སྲྶ། ལྷ་མོ། ལྕམ་སྲིང་། རྒྱལ་པོ་སྐུ་ལྔ་སོགས་ཆོས་སྐྱོང་སྐོར་དང་། ཐང་གའི་སྐོར་ལ། རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་གཉིས་པར་གྱི་སྐུ་ཐང་། ཇོ་བོ་རྗེ་ཐང་ག་སུམ་ཅུ་ལྷག། ལྷ་མོའི་ཐང་ག་ཆེན་པོ་ཁང་བརྩེགས་གཅིག་ལྷག་ཡོད་པ་བཅུ། ཐུབ་པའི་སྐུ་ཁང་བརྩེགས་གསུམ་ཙམ་ཡོད་པ་གཅིག དཔག་བསམ་ཁྲི་ཤིང་། ཙོང་ཁ་བརྒྱད་ཅུ། པཎ་ཆེན་འཁྲུངས་རབས། རྒྱན་དྲུག་མཆོག་གཉིས་སོགས་ཐང་ག་ཆེ་ཆུང་ལྔ་བརྒྱ་ལྷག་བཞུགས། གསུང་རྟེན་གྱི་སྐོར་ལ། བཀའ་འགྱུར་གསེར་དངུལ་འདྲེས་མའི་བྲིས་བ་ཚར་བཞི། བསྟན་འགྱུར་གསེར་དངུལ་འདྲེས་མའི་བྲིས་བ་ཚར་གཅིག བསྟན་འགྱུར་ཤིང་པར་ཚར་གསུམ། འབུམ་གསེར་དངུལ་འདྲེས་མའི་བྲིས་བ་ཚར་དྲུག ཤིང་པར་ཚར་དྲུག རྗེ་གསུང་འབུམ། ལྷ་མོའི་བེའུ་བུམ། རྣམ་སྲས་བེའུ་བུམ་སོགས་ཤིན་ཏུ་མང་ངོ་། མཆོད་ཆའི་སྐོར་ལ། རྡོར་དྲིལ་ཚར་སུམ་བརྒྱ། མིན་རྒྱལ་རབས་ཀྱི་གོང་མ་ཞོན་ཏེ་སྐབས་ཀྱི་སྦུབ་གཅིག གཞན་ཡང་རྒྱ་གླིང་། འཁར་རྔ། དུང་དཀར་སོགས་མང་ངོ་།
དགོན་པ་འདི་ནི་བཤད་སྒྲུབ་ཀྱི་སྡེ་གཉིས་ལས་སྒྲུབ་པའི་སྡེ་ཡིན། རྒྱུད་སྡེ་སོ་སོའི་སྐོར་ལ་ཉམས་ལེན་བྱེད་པའི་ཆོ་ག་ཕྱག་ལེན་དང་འདོན་དབྱངས་རྟ་སོགས་ནི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ཇི་ལྟ་བ་བཞིན་ཡིན། གྲ་བ་ཆུང་བ་རྣམས་དགོན་པའི་ཚོགས་ལ་ཞུགས་རྗེས། རིམ་གྱིས་དགོན་པའི་འདོན་ཆོས་ཆ་ཚང་མདའ་ཚད་མ་ཤོག་གྲངས་སུམ་བརྒྱ་ལྷག་ཡོད་པ་ཚང་མ་བློར་རྒྱུགས་སྤྲོད་དགོས། དེ་ནས་སུམ་རྟགས་སྙན་ངག དགེ་ཚུལ་སློང་གི་སྡོམ་ཁྲིམས་སོགས་རིམ་གྱིས་སློབ་དགོས། དུས་མཆོད་སྐོར་ལ། ཟླ་དང་པོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་འཇིགས་བྱེད་བདག་འཇུག་ཁ་སྐོང་སྦྱིན་བསྲེག་དང་བཅས་པ་ཉིན་བདུན། ཟླ་བ་གཉིས་པའི་ཚེའི་གསུམ་ལ་དགོན་པའི་ལས་སྣེ་བསྐོ་བཞག། ཚེས་བཞི་ནས་བཅོ་ལྔའི་བར་སྨོན་ལམ་ཆེན་མོ་བྱམས་པ་གླིང་སྐོར་དང་བཅས་པ་ཉིན་བཅུ་གཅིག། ཟླ་གསུམ་པའི་ཚེས་གཅིག་ནས་བཅོ་ལྔའི་བར་སྨན་བླའི་སྒྲུབ་མཆོད་ཚུགས། ཟླ་བཞི་པའི་ཚེས་གཅིག་ནས་བཅོ་ལྔའི་བར་ཀུན་རིགས་སྒྲུབ་མཆོད། ཟླ་ལྔ་པའི་ནང་གདུགས་དཀར་གཏོར་བཟློག་ཉིན་བདུན། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས་ཚོགས་པ་ཡིན། ཟླ་དགུ་པའི་ནང་བླ་མ་མཆོད་པའི་ཚོགས་མཆོད་ཚུགས། ཟླ་བཅུ་པའི་ནང་ཆོས་སྐྱོང་བསྐང་གསོ་ཉིན་འགའ་དང་ཚེས་ཉེར་བརྒྱད་དང་ཉེར་དགུ་ལ་འཆམ་དང་དགུ་གཏོར་འཕེན་པ་བཅས་ཡིན། ཟླ་བཅུ་གཅིག་པའི་ནང་གནས་བརྟན་[page 76] ཕྱག་མཆོད་ཉིན་བཅོ་ལྔ། ཟླ་བཅུ་གཉིས་པའི་ནང་ཚེ་སྒྲུབ་ཚོགས་པ་དང་། ལོ་གཅིག་གི་ཟླ་བ་ཡར་ངོ་མར་ངོ་ལ་གསོ་སྦྱོང་ཆགས་མེད་ཚོགས་པ་བཅས་ཡིན།
སྤྱིར་དགོན་པ་འདིའི་བདག་པོ་ནི་འཁྲུངས་གསར་རིན་པོ་ཆེ་ཡིན། མཁན་པོའི་ལས་སུ་བྱ་བ་ནི་དགོན་པའི་འདོན་ཆོས་ཡོངས་ལ་བྱང་ཆ་དགོས་པ་དང་། གཞི་གསུམ་གྱི་ཉམས་ལེན། ལམ་རིམ་སོགས་ཀྱི་བཀའ་ཆོས་གནང་བ། སྦྱིན་བསྲེག་གི་སྐབས་སུ་རྡོ་རྗེ་སློབ་དཔོན་བྱེད་པ། དབང་སྐུར་བ། སྡོམ་པ་འབོགས་པ་སོགས་ཐམས་ཅད་ལ་མཁས་པ། དེ་ལྟར་མཁན་པོ་འདུག་ཡུན་ལོ་ངོ་གསུམ་ནས་དྲུག་བར་ཡིན། དགེ་སྐོས་ལོ་རེར་གཅིག་རེ་བརྗེ་བ་ཡིན། དགོན་པ་སྤྱིའི་འགོ་འདྲེན་ནི་མཁན་པོ་དང་དགེ་སྐོས་དབུ་མཛད་བཅས་ཡིན། ཁོ་ཚོ་ནི་སྤྲུལ་སྐུ་ཡིན་མི་དགོས། ཁོ་ཚོ་ཐོག་མར་བདམ་མཁན་ནི་གྲྭ་མང་ཡིན། དགོན་པའི་བྱ་བ་གལ་ཆེན་གྱི་སྐབས་མཁན་པོ་དང་དགེ་སྐོས། དབུ་མཛད། ཕྱག་མཛོད་གསུམ། གྲྭ་རྒན་རྣམས་ཚོགས་ནས་བྱ་བ་རྣམས་ཐག་གཅོད་བྱེད་པ་ཡིན། བཅའ་ཁྲིམས་ཀྱི་སྐོར་ལ། དགོན་པ་ལ་ད་ལྟ་བཅའ་ཡིག་གསར་པ་ཞིག་བཟོས་ཡོད། དེ་ནི་མཁན་པོ་དང་དགེ་སྐོས། དབུ་མཛད། ཕྱག་མཛོད། གྲྭ་བ་རྒན་པ་རྣམས་ཀྱིས་ཞིབ་གྲོས་བཟོས་ནས་གཏན་ལ་ཕབ་པ་ཞིག་ཡིན། གྲྭ་བ་སུ་ཡིན་ཡང་བཅའ་ཁྲིམས་དང་འགལ་ན། ཉེས་ཆེན་རྣམས་དགོན་པ་ནས་གནས་དབྱུང་བྱེད་པ་ཡིན། ཉེས་པ་ཆུང་བ་རྣམས་ལ་ལུས་ཐོག་ནས་ཕྱག་འཚལ་དུ་འཇུག་པ་དང་དངུལ་སྒོར་གྱི་ཆད་པ་གཅོད་པ་སོགས་ཡིན།
༡༩༥༨ལོའི་རྗེས་སུ་གྲྭ་བ་རྣམས་རང་རང་སོ་སོའི་ཁྱིམ་དུ་བྱིན་ནས་སྤྱི་ཚོགས་ཐོན་སྐྱེད་ལ་ཞུགས། རིག་གནས་གསར་རྗེ་ཞེས་རྒྱལ་ཡོངས་སུ་ཟིང་ཚུབ་ཆེན་པོའི་སྐབས། གཙུག་ལག་ཁང་ཆེན་པོ་དང་ནང་རྟེན་གྱི་སྐོར་རྣམས་རྩ་བ་ནས་འཇིག་སྟེ་ཤུལ་མེད་དུ་བཏང་། དེ་ནས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ཆོས་ལུགས་ཞེས་པའི་མིང་ཙམ་ཡང་རྣ་ལམ་དུ་གྲགས་རྒྱུ་མེད་པར་གྱུར།
༡༩༨༥ལོའི་ཟླ་ལྔ་པའི་ཚེས་ལྔ་ལ་ཁུལ་མི་དམངས་སྲིད་གཞུང་གིས་དགོན་པ་ཡང་སྐྱར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་།
༡༩༨༦ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན་གཙུག་ལག་ཁང་ཆེན་མོ་བཞེངས་པའི་མགོ་བརྩམས་ཏེ་རིམ་གྱིས་གཙུག་ལག་ཁང་ཆེན་མོ་དང་། སྲུང་མ་ཁང་། བཀའ་འགྱུར་ཁང་། ཆོས་གྲྭ གཉེར་བ་ཁང་། [page 77] གཟིམས་ཤག་ཁང་། གྲྭ་ཤག་བརྒྱད་ཅུ་ལྷག དགོན་པའི་ཕྱོགས་བཞིར་མཆོད་རྟེན་ཆེན་པོ་བཞི། མ་ཎི་དུང་འཁོར་བཞི། ཤིང་རྭ་མུའུ་ཉེར་ལྔ་ལྷག་བཅས་ལོ་ངོ་བཞིའི་རིང་ལ་ཡོངས་གྲུབ་ཟིན། ད་ལྟ་སྔོན་གྱི་རྟེན་ཪྙིང་སྐོར་ལྷག་ཡོད་པ་ནི། དགོན་འདིའི་རྟེན་གཙོ་རྒྱལ་དབང་ལྔ་བའི་ཤངས་ཁྲག་གིས་བཞེངས་པའི་ལྷ་མོ་ཞལ་ཐང་སྟེ། དེ་ནི་༡༩༥༨ལོར་དགོན་འདིའི་གྲྭ་བ་ཡོན་ཏན་རྒྱ་མཚོས་ཁྱེར་ནས་རྒྱ་གར་ལ་བྲོས་ཏེ་ལོ་ངོ་ཉེར་བརྒྱད་རིང་ཉར་ཚགས་བྱས། ༡༩༨༦ལོའི་ཟླ་བ་བཞི་པའི་ནང་ཞལ་ཐང་འདི་ཕྱིར་རང་དགོན་དུ་གདན་དྲངས་ནས་ད་ལྟ་དགོན་འདིའི་རྟེན་གཙོར་བཞུགས། སྒྲོལ་མ་ཉི་ཐང་མ་དགོན་འདིའི་གྲྭ་བ་བླ་མ་དགེ་འདུན་ཟེར་བ་ཞིག་གིས་ཉར་ཚགས་བྱས། རྒྱལ་དབང་སྐུ་ཕྲེང་རིམ་བྱོན། ཙོང་ཁ་བརྒྱད་ཅུ། གནས་བརྟན། རྒྱན་དྲུག་མཆོག་གཉིས། ཚོགས་ཞིང་སྐོར། རིགས་ལྔའི་ཐང་ག་སོགས་ཐང་གའི་སྐོར་བརྒྱ་ཕྲག་ལྷག་བཞུགས།
རྒྱུ་གསེར་བཟང་ལས་གྲུབ་པའི་སྟོན་པའི་སྐུ་དང་སྨན་བླ་སོགས་བཅུ་ཕྲག་འགའ། གསུང་གི་སྐོར་ལ་བཀའ་འགྱུར་དང་བསྟན་འགྱུར་ཚར་གཅིག་རེ། རྗེ་གསུང་འབུམ། ལྷ་མོ་དང་རྣམ་སྲས་བེའུ་བུམ་སོགས་མང་དུ་ཡོད། སྨན་འདམ་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་ཁང་བརྩེགས་གཉིས་ཅན། སྟོན་པ་གཙོ་འཁོར་གསུམ། བྱམས་པ་གཙོ་འཁོར་གསུམ། སངས་རྒྱས་སྟོང་སྐུ། རྗེ་སྟོང་སྐུ། མཁན་སློབ་ཆོས་གསུམ། འཇིགས་བྱེད། མགོན་པོ། ཆོས་རྒྱལ། ལྷ་མོ། རྣམ་སྲས། རྒྱལ་པོ་སྐུ་ལྔ་སོགས་མང་དུ་བཞུགས། ད་ལྟ་དགོན་འདིར་རྒྱལ་ཁབ་གྱིས་ཐག་བཅད་པའི་སེར་མོ་བ་བརྒྱ་ཕྲག་གཅིག་ཡིན་ནའང་དོན་དངོས་སུ་གྱ་ལྔ་ཙམ་བཞུགས། དགོན་པའི་ཆོས་སྒོ་ཕྱེ་བ་ནས་ད་ལྟའི་བར་ལོ་ངོ་དགུའི་རིང་སེར་མོ་བ་ཕྱིར་རང་ཁྱིམ་དུ་ཕྱིན་ནས་ངལ་རྩོལ་དུ་བཞུགས་པ་ཉི་ཤུ་ལྷག་ཡོད། གཅིག་གིས་གྲོང་སྡེའི་སློབ་ཆུང་གི་དགེ་རྒན་བྱ་ལས་གནང་བ་དང་། གཅིག་གིས་རྫོང་རྒྱང་བསྒྲགས་ལས་ཁུངས་ནང་བྱ་ལས་གནང་བཞིན་ཡོད།
ད་ལྟ་དགོན་པ་གཞུང་ལ་ཕྱུགས་ཟོག་བརྒྱ་དང་ཉེར་གཉིས་ཡོད། ཕྱུགས་ཟོག་རྣམས་འཚོ་སྐྱོང་བྱེད་མཁན་གྲྭ་བ་ཡིན། འཆར་གཞི་གཏན་འཁེལ་མེད་པར་ཡོང་སྒོ་ཚང་མ་དགོན་པ་གཞུང་ལ་འབུལ་དགོས། ཕལ་ཆེར་ལོ་རེ་ལ་མར་རྒྱ་མ་སུམ་བརྒྱ་ལྷག་ཐོན་གིན་ཡོད། ༡༩༩༡ལོར་རྒྱལ་ཁབ་ཀྱི་སྔོན་དགོན་པ་གཏོར་སྐྱོན་ཕོག་པར་གྱོང་ཚབ་དུ་སྒོར་གཅིག་ཁྲི་ཉིས་སྟོང་བདུན་རྒྱ་གནང་། སེར་མོ་བའི་འཚོ་བའི་ཡོངས་ཁུངས་གཙོ་བོ་ནི་རང་ཁྱིམ་ལ་བརྟེན་པ་ཡིན། གྲྭ་བ་རྣམས་གྲོང་དུ་ཆོས་འདོན་ལ་ཕེབས་ཏེ་དད་[page 78] ལྡན་མང་ཚོགས་ཀྱིས་ཕུལ་བའི་ཡོང་སྒོ་ཚང་མ་དགོན་གཞུང་ལ་ཕུལ་ཏེ་ཕལ་ཆེར་ལོ་རེ་ལ་སྒོར་ཁྲི་གཅིག་རེ་ཐོན་གྱིན་ཡོད། སྒོར་དེ་རྣམས་དགོན་པ་གཞུང་ནས་གྲྭ་བ་རྣམས་ལ་ཆ་སྙོམས་ཀྱི་བགོ་བཤའ་བྱེད་པ་ཡིན། ཞེས་རྩིས་ཚང་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་འབྲེལ་ཡོད་དགོན་པའི་ལོ་རྒྱུས་ཡིག་ཆའི་སྐོར་དང་དགོན་པ་རང་གི་གྲྭ་བ་རྒན་རབས་རྣམས་ཀྱི་ངག་ཐོག་ཇི་སྙེད་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་གྱིས་སྤྱི་ལོ་གོ་ལྔ་ལོའི་ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་པེ་ཅིན་དུ་སྦྱར་བ་དགེའོ།
དཀར་མཛེས་རྫོང་ཤར་ལྷོའི་ཕྱོགས་སྤྱི་ལེ་བཅུ་ཙམ་གྱི་ལྷོ་བ་ཞང་། འབྲུག་ལམ་སྡེ་བའི་གོང་དུ་ཆགས་པའི་ཉིན་མོ་དགེ་ཚུལ་ཨ་ནེ་དགོན་དུ་འབོད་པའི་བྲག་དཀའ་ཇོ་མོའི་ཆོས་སྡེ་དེར་ཧོར་དགོན་སྡེ་བཅུ་གསུམ་དང་མཉམ་པའི་ལོ་རྒྱུས་ཡོད་པར་འཆད་དེ་དང་པོ་ཕྱག་འདེབས་མཁན་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཡིན་ཞིང་ཁོང་གིས་བོད་རབ་བྱུང་བཅུ་གཅིག་པ་ཆུ་སྟག་སྤྱི་ལོ་༡༩༩༢ལོར་ཁང་དམར་དགོན་དགེ་ལུགས་པར་བསྒྱུར་ནས་དགོན་པ་སླར་གསོ་དང་རྒྱ་བསྐྱེད་མཛད་པའི་དུས་སུ་དགོན་འགྲམ་དུ་ཇོ་མོའི་སྒར་ཞིག་བཏབ་པ་དེ་བོད་རབ་བྱུང་བཅུ་གཉིས་པ་མེ་སྦྲུལ་སྤྱི་ལོ་༡༧༣༧ལོར་བྲག་དཀར་བླ་མ་བྱམས་པ་རབ་བརྟན་དང་ལམ་བྲག་སྐལ་བཟང་རྣམ་རྒྱལ་གཉིས་ནས་ད་ལྟ་ཆགས་ས་འདིར་གནས་སྤོར་ནས་བྲག་དཀར་བླ་མའི་དགོན་བདག་གི་འགན་བཞེས་ཏེ་དགོན་པ་གསར་དུ་བཏབ་ཅིང་བཅའ་ཡིག་དང་ཁ་འདོན་གྱི་ཡིག་ཆ་སོགས་གཏན་ལ་ཕབ་ནས་རྨང་གཞི་ལེགས་པོ་བཏང་བའི་ས་ཁུལ་འདིའི་དགེ་ལུགས་པའི་ཇོ་མོའི་སྒར་ནང་ལོ་རྒྱུས་ཆེས་སྔ་བ་དང་འདོན་པ་དང་འདུལ་ཁྲིམས་ཆེས་བཟང་བའི་གྲས་སུ་ཚུད། དགོན་པའི་བདག་པོ་བླ་མ་དང་མཁན་པོ་བྲག་དཀར་བླ་མ་ཡིན་པ་ལས་ཧོར་དགོན་སྡེ་བཅུ་གསུམ་ལ་ཆོས་འབྲེལ་ཙམ་མ་གཏོགས་མ་བུ་དགོན་གྱི་འབྲེལ་བ་མེད། དགོན་པའི་ཁྱད་ཆོས་ནི་ཟླ་ཤེལ་སྨན་རིལ་བཟོ་པའི་ལག་རྩལ་གྱི་ལོ་རྒྱུས་རིང་བ་སྟེ་སྔོན་བྲག་དཀར་བླ་མ་བྱམས་པ་རབ་བརྟན་ནས་དགོན་གནས་འདིར་སྤོར་བའི་དུས་སུ་ས་འདིའི་མི་སེར་དང་དགོན་པའི་ཁ་གསོ་ཐབས་སུ་ཐུན་མོང་མ་ཡིན་པའི་སྨན་གྱི་སྡེབ་སྦྱོར་ལེགས་པ་ཞིག་གནང་བ་ནས་བཟུང་མི་རབས་དུ་མའི་ནང་ཇེ་ལེགས་སུ་གཏོང་བར་འབད་པས་ཉིན་དགོས་ཟླ་ཤེལ་ཞེས་མཚན་སྙན་མཐོན་པོར་རྒྱས་པ་དེ་དང་པར་ཁང་སྤུས་དག་པོ་ཞིག་མཆིས་པ་སྟེ། པར་ཤིང་རང་གིས་བརྐོ་བ་དང་ཤོག་བུ་རང་གིས་བཟོས་ནས་སྟོན་པའི་གསུང་རབ་མང་པོ་པར་དུ་བསྐྲུན་ནས་གྲུབ་མཐའ་གཅིག་མིན་གྱི་དགོན་སྡེ་ཁག་གི་དགོས་མཁོ་[page 79] བསྒྲུབས་པའོ།
དགོན་པའི་ཆོས་སྐྱོང་གཙོ་བོ་དཔལ་ལྡན་ལྷ་མོ་དང་དགེ་བསྙེན་གསུམ་པ་ཡིན་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཡིག་ཆ་གསལ་བ་བྲག་དཀར་བླ་མའི་རྣམས་ཐར་ནང་བཞུགས་པར་བཤད་ཀྱང་དེ་ལག་སོན་མ་ཐུབ་པས་ཤེས་པ་ཙམ་བརྗོད་ན་འདུ་ཁང་གཅིག་དང་གསེར་སྐུ་བཞུགས་པའི་ལྷ་ཁང་གཉིས། པར་ཁང་གཅིག། བྲག་དཀར་བླ་མའི་གཟིམ་ཁང་། གྲྭ་ཤག་དྲུག་བཅུ་ལྷག། རྗེ་བཙུན་སྒྲོལ་མའི་གསེར་སྐུ། གསེར་གྱི་མཆོད་ཆས་དུ་མ། ཟངས་སྐུ་ལི་མ་བཞི། རྒྱུ་ལེགས་ཤིང་སྤུས་དག་པའི་གྱན་ཟང་བཞི་བཅུ་ལྷག། བཀའ་འགྱུར་ཆ་ཚང་གཅིག བསྟན་འགྱུར་ཆ་ཚང་གཅིག་བཅས་དང་ཇོ་མོ་བརྒྱ་ལྷག་བཞུགས་པ་ས་ཁྱི་ལོའི་དུས་འགྱུར་ནང་རིན་ཐང་ཆེ་བའི་རྟེན་རིགས་གོང་ལེན་དང་ཇོ་མོ་ཚང་མ་སྐྱ་སར་ཕབ་སྟེ་དགོན་པ་རྩ་གཏོར་བཏང་ཡང་དེ་དུས་དགུང་ལོ་བཅུ་བཞི་ཙམ་ལ་ཐོན་པའི་ཨ་ནེ་བདེ་སྐྱིད་ལྷ་མོ་བྱ་བས་བཙུན་མའི་རྣམ་པ་གཏན་ནས་མ་དོར་བར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སླར་གསོ་བྱ་རག་ཁར་དུ་བསྡད། སྤྱི་ལོ་༡༩༨༥ལོའི་ཟླ་༥པའི་ནང་རྫོང་ནས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་པར་ཁོ་མོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དགོན་པ་སླར་གསོ་བྱེད་པའི་བྱ་བར་འབད་དེ་ཐོག་མར་འབྲུག་ལམ་གྲོང་བའི་གཞུང་ས་ཁང་བ་གཡར་ནས་ཆོས་ཚོགས་ཀྱི་མགོ་འཚུགས་ཤིང་། གྱ་དྲུག་ལོ་ནས་དགོན་པ་སླར་གསོ་བྱས་ཏེ་ད་ལྟ་ཕལ་ཆེར་ཡོངས་སུ་གྲུབ་ཀྱང་ཆོས་ར་འཛུགས་སའི་ས་མེད་པ་དང་པར་ཁང་བསྐྲུན་པའི་ཆ་རྐྱེན་དབེན་སྟབས་དེ་གཉིས་མ་འོངས་པའི་འཆར་གཞི་དང་རེ་བ་ཙམ་དུ་གྱུར།
ད་ལྟ་གསར་བཞེངས་དང་སྔོན་གྱི་རྟེན་ཪྙིང་ལུས་པ་བཀའ་བསྟན་ཆ་གཅིག འབུམ་རྒྱས་བསྡུས་ཆ་གཅིག འདམ་སྐུ་མི་འཁྲུགས་པ། རྗེ་ཡབ་སྲས་གསུམ། སྟོན་པ་གཙོ་འཁོར་གསུམ། སློབ་དཔོན་རིན་པོ་ཆེ། རྟ་མགྲིན། སྒྲོལ་སྔོན། རྣམ་སྲས། དཔལ་ལྡན་ལྷ་མོ་ཐང་ག་ཤེས་རབ་ཕྱག་བཞི་པ། རྗེ་ཡབ་སྲས་གསུམ། སྟོན་པ། མགོན་པོ་འོད་དཔག་མེད། འཇམ་དབྱངས། རྗེ་བཙུན་སྒྲོལ་མ། སྒྲོལ་དཀར། གནས་བརྟན་བཅུ་དྲུག ཕྱག་ན་རྡོ་རྗེ། གྱན་ཐང་ཚེ་ལྷ་རྣམ་གསུམ། རྗེ་བླ་མའི་འཁྲུངས་རབས། བྲག་དཀར་བླ་མའི་ཕྲེང་རིམ་སོགས་དང་འདུ་ཁང་གཅིག བྲག་དཀར་བླ་མའི་གཟིམ་ཁང་། གཉེར་ཁང་། གྲྭ་ཤག་གྱ་བདུན་བཅས་ཡོད་པའི་ནང་ཨ་ནེ་གོ་ལྔ་བཞུགས་ཤིང་ལོ་གཅིག་གི་སྒྲུབ་མཆོད་སྐོར་སྔར་སྲོལ་བཞིན་ཧོར་ཟླ་དང་པོའི་ཚེས་བཅུ་ནས་བཅོ་ལྔ་བར་གནས་བརྟན་ཕྱག་མཆོད་ཚོགས། ཧོར་ཟླ་བཞི་པའི་ཚེས་བདུན་ནས་བཅོ་ལྔ་བར་མི་འཁྲུགས་པའི་ཚོགས། ཧོར་ཟླ་དྲུག་པའི་ཚེས་བཅུ་ནས་བཅོ་ལྔ་བར་སྦྱོར་ཆོས་ཚོགས། ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་ནས་ཉེར་ལྔ་བར་སྨན་ལྷ་མདོ་ཆོག་ཚོགས། ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་ནས་ཉེར་ལྔ་བར་བླ་མ་མཆོད་པ་ཚོགས། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་ནས་བཅོ་ལྔ་བར་སྒྲོལ་མ་ཚོགས། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ནས་ཉི་ཤུའི་བར་དཀར་པོ་ཆོས་[page 80] བརྒྱད་ཚོགས་པ་བཅས་སོ།
དགོན་པའི་ལས་གནས་ཀྱི་སྒྲིག་རིམ་ནི་དགོན་པ་གཞན་ལས་སྟབས་བདེ་པོ་ཞིག་སྟེ་དགོན་བདག་བྲག་དཀར་བླ་མ་མཚན་འཛིན་ཙམ་ལས་དངོས་སུ་དགོན་པ་སྐྱོང་མཁན་ལོ་ལྔ་རེར་ཁུར་ཐེངས་གཅིག་གི་དགེ་དཔོན་རྒན་གཞོན་གཉིས་ཡིན་ལ་དགོན་པའི་བྱ་བ་ཅི་རིགས་ཐད་ཇོ་མོ་ཡོངས་ཚོགས་ནས་གྲོས་བྱས་ཏེ་ཐག་གཅོད། ད་ལྟ་དགེ་དཔོན་ལས་དགོན་པ་བདག་གཉེར་འགོ་ཁྲིད་ཚོ་ཆུང་བཙུགས་ཡོད་ཅིང་དགོན་པའི་ཁྲིམས་དེ་སྔོན་སྔོན་བྲག་དཀར་བླ་མས་གཏན་ལ་ཕབ་པའི་བཅའ་ཡིག་ནང་བཞིན་དགོན་པར་མགྲོན་པོ་འོང་ན་ཞག་གསུམ་ལས་བསྡད་མི་ཆོག་པ་དང་ཇོ་མོ་རྣམས་དགོངས་པ་མ་ཞུས་པར་གང་འདོད་དུ་འགྲོ་མི་ཆོག རང་ཁྱིམ་དུ་སོང་ནའང་ཞག་གསུམ་ནས་ཕྱིར་དགོན་པར་ཐོན་དགོས། གལ་ཏེ་ཁྲིམས་ཆུང་བར་འགལ་ན་ཕྱག་འཚལ་པ་དང་མཆོད་མེ་བཤམས་ནས་འགྱོད་བཤགས་བྱེད་པ་དང་། ཁྲིམས་འབྲིང་བར་འགལ་ན་ཚོགས་ལ་བཞུགས་མི་ཆོག་པའི་ཆད་པ། ཁྲིམས་འགལ་ཚབ་ཆེན་བྱུང་ན་ཆུང་བ་ཤིང་ཕོར་ནས་ཆེ་བ་ཁང་པ་སྟེ་རྒྱུ་ནོར་ཡོད་ཚད་དགོན་པས་གཞུང་ལེན་བྱས་རྗེས་མགོ་ལ་ཤོག་བུའི་ཞྭ་རིང་བསྐོན་ནས་དགོན་པ་ལས་ཕྱིར་འརྗད་གཏོང་བའོ། དགོན་པའི་དཔལ་འབྱོར་ཐད་ལོ་རྒྱུས་ཐོག་ཟླ་ཤེལ་སྨན་རིལ་དང་པར་ཁང་ལས་གཙོ་བོ་ཞིང་ས་མུའུ་བརྒྱ་དང་བཅུ་ཙམ་ཡོད་གཉེར་བ་གཉིས་ཀྱི་འགོ་ཁྲིད་འོག་ས་མུའུ་དོན་ལྔ་དགོན་པ་རང་ནས་ཐད་དཀར་དོ་དམ་བྱེད་པ་ལས་གཞན་ཞིང་པར་གཡར་ནས་ཕྱེ་དང་མར། ཤ་སོགས་དགོན་པ་གཞུང་ནས་སྒྲིག་སྟེ་རང་སྒེར་གྱི་རྩམ་པ་ཙམ་ལས་སྒྲུབ་མི་དགོས་ཀྱང་ད་ལྟ་དགོན་རང་ལ་ཞིང་ས་མེད་སྟབས་སྡེ་བར་ས་མུའུ་ཉེར་ལྔ་ཙམ་གཡར་ནས་དགོན་རང་གིས་འདེབས་པ་ལས་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་འབུལ་བ་དང་ཟླ་ཤེལ་སྨན་རིལ་ལ་བརྟེན་དགོས་ཤིང་དེ་གཉིས་བསྡོམས། ལོ་གཅིག་ལ་སྒོར་ཁྲི་གཉིས་ཙམ་གྱི་ཡོང་སྒོ་ཡོད་པ་དེ་ཚོགས་སྒོ་དང་གློག་གླ་(ཡོང་སྒོའི་མང་ཆེ་བ་ཟིན་)སོགས་ལ་བཏང་རྗེས་འགྲོ་ཡོང་ཕལ་ཆེར་ཆ་སྙོམས་པ་ཙམ་རེད། དེ་ལས་ཇོ་མོ་རང་སྒེར་ལ་ཡོང་སྒོ་འདི་ཞེས་མེད་པར་རང་རང་གི་ཁྱིམ་གྱིས་གསོ་བ་དང་ཁྱིམ་མེད་པའི་རྒན་པ་ཁ་ཤས་ཡོད་པར་དགོན་པ་གཞུང་ནས་འཚོ་རྟེན་སྒྲིག་པ་སྟེ་སྤྱིར་དགོན་གཞུང་གི་རྒྱུ་ནོར་ཡོད་ཚད་དགེ་དཔོན་རྒན་པའི་འགོ་ཁྲིད་འོག་ཐད་ཀར་དུ་བཀོལ་སྤྱོད་ཀྱི་དབང་ཆ་གཉེར་བ་གཉིས་ལ་སྤྲད་རྗེས་ཁོ་ཚོས་གནས་ཚུལ་དངོས་ལ་གཞིགས་སྟེ་ད་གཟོད་བེད་སྤྱོད་བྱེད་ཆོག ཅེས་ཉིན་དགོན་དཀར་ཆགས་བསྡུས་པ་འདི་སྤྱི་ལོ་གོ་བཞི་ལོའི་ཟླ་བདུན་པའི་ནང་དགེ་དཔོན་བདེ་སྐྱིད་ལྷ་མོ་དང་གཞོན་པ་པད་མ་ཆོས་སྒྲོན། ཨ་ནེ་དཔལ་མོ། བཀྲ་དགའ་བཅས་ནས་འཆད་པ་བཞིན་མདོ་ཁྲི་གདུགས་དཀར་ཚེ་རིང་གིས་བྲིས་པ་དགེའོ།
[page 81] ཧ་དྷི་དགེ་ཚུལ་དགོན་ནམ་མིང་གཞན་དགེ་འཕེལ་བྱང་ཆུབ་གླིང་བྱ་བ་ནི་ཁམས་དཀར་མཛེས་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཙམ་དུ་རྫ་ཆུའི་ནུབ་ཕྱོགས་ཀྱི་ཧ་དྷི་ལུང་བའི་མདོའི་རྒྱབ་རི་བུམ་གཏེར་སྒང་ཞེས་པའི་ངོས་སུ་ཆགས། དེའི་འདབས་སུ་གྲོང་བ་ཞིག་ཆགས་ཡོད་པར་ཧ་དྷི་མདའ་ཟེར། དགོན་པ་འདི་དཀར་མཛེས་རྫོང་རོང་པ་ཚ་ཆུས་ཀྱི་ཞི་ཚེ་ཞང་གི་ཁོང་སུ་གཏོགས། གྲུབ་མཐའ་དགེ་ལུགས་པ། དགོན་པ་འདིའི་ལོ་རྒྱུས་སྐོར་གྱི་ཡིག་ཆ་མ་མཐོང་མོད། ངག་རྒྱུན་ལྟར་ན། དར་རྒྱས་དགོན་པའི་ཧ་དྷི་བླ་མ་སྐུ་ཕྲེང་གཉིས་པ་དགེ་ལེགས་བརྩོན་འགྲུས་ཀྱིས་ཕལ་ཆེར་ལོ་ཉིས་བརྒྱའི་ཡར་སྔོན་དུ་དགོན་པ་འདི་ཕྱག་བཏབ། བླ་མ་དེས་སྐུ་ཚེ་གང་བོར་རྗེ་རིན་པོ་ཆེའི་འདམ་སྐུ་པར་བར་གྲགས། དེའི་ཡང་སྲིད་བློ་བཟང་བསྟན་པ་བྱ་བ་དཀར་མཛེས་དགོན་གྱི་ནག་ཚང་བྱང་ཆུབ་ཆོས་འཕེལ་དང་དུས་མཉམ་ཞིང་འབྲེལ་བའང་གང་མང་བྱུང་ཟེར། ཕལ་ཆེར་༡༨༧༧ལ་སྐུ་འཁྲུངས་ཤིང་༡༩༤༥ལ་འདས། སྐུ་ཕྲེང་བཞི་བ་དེ་རྒྱ་ནག་དང་འབྲེལ་བ་གང་མང་བྱུང་སྟེ། ས་གནས་གོ་མིན་ཏང་གི་དམག་དཔོན་ཙེ་ལོ་ཀྲང་དང་ཀྲང་ཐོན་ཀྲང་དང་ལིས་ཅོན་ཀྲང་བཅས་ཟེར་བ་རྣམས་དང་འབྲེལ་བ་གང་མང་བྱུང་བར་མ་ཟད། མཉམ་དུ་པར་བརྒྱབ་ཅིང་ཕན་ཚུན་ཡི་གེ་བསྐུར་བ་དང་ཡིག་ཐོག་ཏུ་ཧ་དྷི་ཧོ་ཐོག་ཐུ་ཞེས་བཀོད་ཡོད་པ་སོགས་ཧ་དྷི་སྐུ་ཕྲེང་ལྔ་བས་དངོས་སུ་མཐོང་མྱོང་ཟེར། སྐུ་ཕྲེང་དེ་དར་རྒྱས་དགོན་པ་མེར་འཇིག་ནས་སླར་གསོ་བྱེད་དུས་བྱས་རྗེས་ཤིན་ཏུ་ཆེ་སྐད།
ཕྱིས་སུ་བཙུན་མ་བརྒྱ་ལྷག་ཙམ་དང་གྲྭ་ཤག་བརྒྱད་ཅུ་ཙམ་ཡོད། འདུ་ཁང་ཀ་མིག་བཅོ་བརྒྱད་ཅན་ཞིག་དང་སྤྲུལ་སྐུའི་གཟིམ་ཆུང་ཞིག གཉེར་ཁང་གཅིག་རེ་བཅས་ཡོད་ལ། འདུ་ཁང་ནང་དུ་རྗེ་ཡབ་སྲས་གསུམ་དང་སློབ་དཔོན་པདྨ། ཤུགས་ལྡན། དཔལ་ལྡན་ལྷ་མོ་བཅས་ཀྱི་འདམ་སྐུ་དང་། གསེར་སྐུ་ཆུང་ཆུང་བཅོ་ལྔ་ཙམ་བཅས་དང་། བཀའ་འགྱུར་དང་རྗེ་ཡབ་སྲས་གསུང་འབུམ་ལྷ་སའི་པར་མ་ཚར་གཅིག་རེ། འབུམ་ཆ་ཚང་། སྐུ་ཐང་བརྒྱ་ཙམ་བཅས་བཞུགས། རྟེན་དེ་རྣམས་བཞི་རྒོལ་སྐབས་དང་འདུ་ཁང་རིག་གནས་གསར་བརྗེ་སྐབས་སུ་འཇིག
སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཀྱི་རྗེས་སུ་ཡང་དག་པའི་ཆོས་ལུགས་སྲིད་ཇུས་ལག་དུ་བསྟར་ཏེ། གཅིག་དགུ་གྱ་བཞི་ལོ་ཆོས་སྒོ་ཕྱེ་སྟེ་འདུ་ཁང་སྔར་ལྟར་བཞེངས། གཟིམ་ཁང་ལ་ཁང་པ་མ་གཏོགས་ཚོན་རྩི་དང་རྟེན་བཞེངས་མཇུག་རྫོགས་མེད། འདུ་ཁང་ནང་ན་འདམ་སྐུ་བཞེངས་པ་ནི་རྗེ་ཡབ་སྲས་གསུམ་དང་སྒྲོལ་མ་གཉིས། ཐུབ་སྐུ་གཅིག བྱམས་སྐུ་གཅིག མཁའ་སྤྱོད་མ་གཅིག ཙན་དན་གྱི་སྐུ་གཅིག་བཅས་དང་། བཀའ་འགྱུར་ཚར་གཅིག་བཅས་སོ། དགོན་པའི་འཛུགས་བསྐྲུན་[page 82] ཕྱོགས་ལ་སྒོར་༡༨༡༠༠གནང་། རྒྱལ་ཁབ་ཀྱི་ཐག་བཅད་པའི་བཙུན་མའི་གྲངས་ཀ་ནི་རེ་དྲུག་དང་ཐོར་བཀོར་པ་བདུན་ཅུ། རྒྱུན་སྡོད་ཞེ་གསུམ། དུས་མཆོད་སྐོར་དགེ་ལུགས་པ་སྤྱི་དང་མཐུན། ལས་སྣེ་སྐོར་ལ། ཧ་དྷི་སྤྲུལ་སྐུ་དགོན་བདག་དང་། དགེ་དཔོན་(དགེ་བསྐོས་དང་འདྲ་)མི་གཅིག་དང་དབུ་མཛད་གཉིས། གཉེར་བ་གཉིས་བཅས་ཀྱི་འགན་ཡུན་ལོ་གཅིག་རེ། དེ་རྣམས་ཧ་དྷི་རིན་པོ་ཆེས་བསྐོ་དགོས། ད་སྐབས་དགོན་པའི་བདག་གཉེར་ཚོ་ཆུང་ལ་དགོན་པའི་ལས་དོན་ཐམས་ཅད་ཐག་གཅོད་པའི་དབང་ཆ་ཡོད་ལ་དེའི་གཙོ་འཛིན་ནི་བྱང་ཆུབ་བཟང་མོ། དགུང་ལོ་རེ་བདུན། གཙོ་འཛིན་གཞོན་པ་པོ་ལུ། དགུང་ལོ་ཞེ་བཞི། ཧ་དྷི་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་ཧ་དྷི་དཔལ་ལྡན་ཚུལ་ཁྲིམས་སམ་མིང་གཞན་བློ་བཟང་བསྟན་
འཛིན་མི་ཕམ་དགེ་ལེགས་རྒྱ་མཚོ་ད་སྐབས་དཀར་མཛེས་རྫོང་ནང་བསྟན་མཐུན་ཚོགས་ཀྱི་གཙོ་འཛིན་དང་སྲིད་གྲོས་ཀྱི་རྒྱུན་ཨུ། དར་རྒྱས་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།
དགོན་པའི་དཔལ་འབྱོར་སྐོར་ལ་འབྲི་བརྒྱད་དང་ཐེབས་རྩའི་མ་དངུལ་སྒོར་མོ་སྟོང་ཕྲག་གཉིས་ཙམ་ཡོད། འབྲི་རྣམས་མི་སེར་ལ་བཅོལ་ཏེ་འབྲི་རེར་ལོ་རེ་ལ་དགོན་པར་མར་རྒྱ་མ་བཅུ་རེ་སྤྲོད་རྒྱུ་དང་ཕྱུགས་ཀྱི་འཕེལ་ཁ་མི་སེར་རང་ལ་དབང་། བཙུན་མ་རྣམས་ཀྱི་འཚོ་བ་རང་ཁྱིམ་ལ་བརྟེན་དགོས། ཞེས་སྤྱི་ལོ་༡༩༩༤ལོའི་ཟླ་༨ཚེ་ས་༡༤ལ་དར་རྒྱས་དགོན་ནས་ཧ་དྷི་རིན་པོ་ཆེ་དཔལ་ལྡན་ཚུལ་ཁྲིམས་ཉིད་ལ་བཀའ་འདྲི་དང་ཞིབ་དཔྱོད་བྱས་པའི་ཟིན་བྲིས་ལས་ཕྱི་ལོའི་ཟླ་༣པར་མདོ་སྨད་ཁྲི་ཀའི་སྐྱེ་མིང་བ་ཚེ་རིང་ཐར་གྱིས་སྦྱར་བའོ།།
རྒན་མ་བྲག་ཡུལ་ཟེར་བའི་བཙུན་མའི་ཆོས་སྒར་འདི་ཁམས་དཀར་མཛེས་རྫོང་གི་ཤར་ཕྱོགས་སུ་ལེ་བར་བཅོ་ལྔ་ཙམ་གྱི་སྟག་བཟང་ན་ཟེར་བའི་ལུང་པའི་ནང་དུ་འཛུལ་ན་གཡོན་ཕྱོགས་ཀྱི་རི་རྒྱུད་འབྲུག་རྩེ་ཁ་ཟེར་བའི་ནང་ངོས་སུ་ཆགས་འདུག ལུང་བའི་ཕུག་སྟེ་དགོན་པའི་ཤར་ཕྱོགས་སུ་ལེ་བར་གཉིས་ཙམ་ན་རྫོང་རག་བྲག་ཟེར་བའི་རྟ་མགྲིན་གྱི་གནས་རིར་གྲགས་པ་དེར་རྫོང་རག་ཨེམ་ཆུ་ཞེས་པའི་གྲུབ་ཐོབ་ཚད་ལྡན་ཞིག
༡༩༣༠ནང་བཞུགས་ཁོང་གི་ཆོས་ཀྱི་གླུ་གསུང་ཉུང་དུ་ཞིག་ད་ལྟར་བཞུགས། ད་ལྟའང་བཙུན་མ་མཚམས་པ་མང་པོ་བཞུགས་ཡོད་པའི་གནས་རི་ཞིག་ཡོད། ལུང་བའི་ནང་དུ་ཆུ་བོ་ཀུན་ལས་ཟློག་པར་ཤར་ནས་ནུབ་ཕྱོགས་སུ་འབབ་པའི་ཆུ་ཕྲན་དྭངས་ཤིང་གསལ་བ་ཞིག་ཡོད་པར་གནམ་ཟློག་ཆུ་ཟེར། དགོན་པ་འདིའི་ལོ་རྒྱུས་སྐོར་ལ་ཡིག་ཆ་ཅི་ཡང་མཐོང་རྒྱུ་མེད་མོད། ཆོས་སྒར་དེའི་[page 83] བཙུན་མ་རྣམས་ཀྱི་ངག་རྒྱུན་ལྟར་ན། དང་པོའི་དུས་ཤིག་ལ། པོ་ཏོ་བ་དང་སྤྱན་མངའ་བ་དང་ཤ་ར་བ་ཟེར་བའི་མཁས་པ་གསུམ་དབུས་གཙང་ནས་ཕེབས་ཏེ་སྤྱན་མངའ་བས་དགོན་པ་འདི་བཏབ་ཤིང་དེའི་རྗེས་སྐྱོང་བ་བརྩོན་འགྲུས་བཟང་མོ་ཟེར་བའི་འཇའ་ལུས་མ་ཞིག་བྱོན་ཟེར། དེ་ནས་མི་རབས་མང་པོའི་རྗེས་སུ་བཀྲ་ཤིས་དོན་གྲུབ་ཟེར་བའི་བླ་མ་ཞིག་ཕེབས་ནས་སྤྱན་མངའ་བའི་མཚམས་ཁང་ནང་དུ་བཞུགས་པས་དེར་ཡང་སྤྱན་མངའ་ཐོག སྤྱན་མངའ་བའི་སྐབས་སུ་བཞེངས་པར་གྲགས་པའི་སྒྲུབ་ཁང་ཀ་མིག་ཆུང་ཆུང་དྲུག་ཅན་དང་སྤྱན་མངའ་བའི་མཚམས་ཁང་ད་ལྟའི་བར་དུ་ལུས་ཡོད། དང་པོ་གྲུབ་མཐའ་བཀའ་གདམས་པ་ཡིན། ད་ལྟ་དགེ་ལུགས་པ་ཡིན། བཙུན་མ་ལྔ་བཅུ་ལྷག་ཡུན་རིང་དུ་བཞུགས་ཡོད་ཟེར། འདི་བཙུན་མ་ཤ་སྟག་ཡིན་པ་ངས་ཡུལ་ཤིན་ཏུ་དབེན་པའི་རྐྱེན་གྱིས་ལོ་རྒྱུས་སྟེང་རྐུན་ཇག་རྒོད་པས་དགོན་པའི་རྒྱུ་རྫས་རྩེ་ཆེན་ཡོད་ན་ཞོལ་གྱི་མཁར་ནང་དགོན་དུ་བཅོལ་བའི་དཔེ་ཡོད། རྗེས་སུ་རྒན་མ་བྲག་ཡུལ་དགོན་རང་ནས་ཨ་ནེ་ལྷ་དགའ་ཟེར་བ་ཞིག་གིས་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྐུ་ཁྲུ་གསུམ་ཙམ་ཞིག་དང་། སྒྲོལ་མ་གཅིག ཛམ་ལྷ་གཉིས། གསེར་གྱི་མཆོད་རྟེན་མཐོ་གང་མ་གཅིག་སྟོན་པ་དང་འཇམ་པའི་དབྱངས།
རྗེ་རིན་པོ་ཆེ་གསུམ་གྱི་གསེར་སྐུ་མཐོ་གང་མ་གསུམ། མ་ཎི་འཁོར་ལོ་རང་བཅས་པ་རྣམས་ཟངས་ཆེན་པོ་ཆུ་ཟོམ་བདུན་ཤོང་བ་ཞིག་གི་ནང་དུ་བཅུག་རྟེན་སྒྲུབ་ཁང་ནང་ནས་ས་འོག་ཏུ་བསྐུངས་ཏེ་སྟེང་ལ་ལྕི་བ་སྐམ་པོ་སོགས་བུད་ཤིང་སྤུངས་པས། ལོ་ཉི་ཤུ་ལྷག་གི་རྗེས་སུ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་དག་པ་སླེབས་དུས་ཕྱིར་བཏོན་ནས་དགོན་པར་ཕུལ་བའི་སྐལ་བ་བཟང་པོ་ཐོབ། གྲྭ་ཤག་ལྔ་བཅུ་ལྷག གཞན་ཡང་ཐེངས་ཤིག་འབྲི་ཆུའི་ཕ་རོལ་གྱི་ཆབ་མདོའི་གོ་འཇོ་རྫོང་གི་རབ་བརྟན་དགོན་གྱི་ཡིན་ཟེར་ཞིང་མིང་ལ་བསྟན་པའི་རྒྱལ་མཚན་འབོད་པའི་བླ་མ་ཞིག་བྲོས་བྱོལ་དུ་རྒན་མ་བྲག་ཡུལ་དགོན་དུ་ཕེབས་ནས་སྤྱན་མངའ་བའི་མཚམས་ཁང་དུ་བཞུགས། ལུང་བ་འདིར་ཡང་ཆབ་སྲིད་ཀྱི་ལས་འགུལ་ཤིན་ཏུ་རྩུབ་པའི་དུས་སུ་རི་མགོའི་བྲག་ཁུང་ཉུལ་ཏེ་བྱོལ་ཞིང་ཅུང་ཙམ་ལྷོད་པའི་སྐབས་སུ་སླར་ཡང་སྤྱན་མངའ་བའི་མཚམས་ཁང་དུ་ལོག དེ་ལྟར་ལོ་ཉི་ཤུ་ལྷག་བཞུགས་ནས་ཕྱིས་སུ་སླར་གསོ་བྱེད་དུས་མཛད་རྗེས་ཤིན་ཏུ་ཆེ། ༡༩༩༠ལོ་ཁོང་དགུང་ལོ་གྱ་གཅིག་སྟེང་ཞོལ་གྱི་མཁར་ནང་དགོན་དུ་འདས།
དབེན་གནས་དེར་ཨ་ནེ་རྒན་གཞོན་སྐོར་གཉིས་ལས་འཛིན་གྲྭ་ཕྱེ་མེད། སྡོམ་པ་ལེན་ས་དང་སློབ་གཉེར་གྱི་དགེ་རྒན་ནི་དཀར་མཛེས་དགོན་པའི་མཁན་ཟུར་བློ་བཟང་འཇམ་དབྱངས་ཡིན། ནམ་རྒྱུན་དུ་གྲྭ་བ་རྒན་པ་ཨ་རྡོ་ཟེར་བ་ཞིག་མངགས་ནས་སློབ་གཉེར་དང་སྒྲིག་ཁྲིམས་བཅས་ལ་བདག་བྱེད་བཞིན་ཡོད། དུས་མཆོད་རྣམས་དགེ་ལུགས་པ་སྤྱི་དང་མཐུན། སྨོན་ལམ་དང་རྗེ་བླ་མའི་དགོངས་རྫོགས་དང་བསྙུང་གནས་བཅས་ཚོགས་འགོ་བཙུགས། དབྱར་གནས་དང་གསོ་སྦྱོང་། སྤྱན་མངའ་བ་དང་བླ་མ་[page 84] བསྟན་པའི་རྒྱ་མཚན་གྱི་དགོངས་རྫོགས་བཅས་ལ་དཔལ་འབྱོར་གྱི་སྟོབས་ཞན་པས་ད་རུང་སླར་གསོ་བྱས་མེད།
ལས་སྣེ་ནི་དགེ་བསྐོས་རྒན་གཞོན་གཉིས་དང་མཆོད་གཡོག་གཉིས། དབུ་མཛད་གཅིག དཔེ་ཆའི་དགེ་རྒན་གཉིས། གཉེར་བ་བཞི་བཅས་སོ། དབུ་མཛད་ཀྱི་འགན་ཡུན་ལོ་གསུམ་རེ་མ་གཏོགས་ལས་སྣེ་གཞན་པ་རྣམས་ཀྱི་འགན་ཡུན་གཏན་ཏུ་འཁེལ་མེད། ལས་སྣེ་དེ་རྣམས་བསྐོ་མཁན་དཀར་མཛེས་དགོན་གྱི་མཁན་ཟུར་བློ་བཟང་འཇམ་དབྱངས་ཡིན། ཆོས་སྒོ་ཕྱེ་པའི་ཆོག་མཆན་ཐོབ་མེད་པས་བདག་གཉེར་ཚན་
ཆུང་ད་རུང་བཙུགས་མེད། ཆོས་སྐྱོང་གཙོ་བོ་དཔལ་ལྡན་ལྷ་མོ་ཡིན། རྒྱུན་བཞུགས་བཙུན་མ་རེ་དྲུག་ཡོད། འདུ་ཁང་ཀ་མིག་བཅུ་གཉིས་ཅན་ཞིག་ཡོད་པ་༡༩༨༩ལོར་བཞེངས། གྲྭ་ཤག་རེ་བཞི་ཡོད། ཐེ་ཝན་གྱི་སྦྱིན་བདག་ཨ་མདོ་བློ་བཟང་གིས་ཕུལ་བའི་བཀའ་འགྱུར་ཚར་གཅིག ཡུམ་དུམ་པ་བཅུ་གཉིས། དཔལ་འབྱོར་སྐོར་ནས། སྤྱི་ཚོགས་གསར་རྙིང་གང་ལ་ཡང་རི་ཞིང་ཕྱུགས་ཟོག་ཅི་ཡང་ཡོད་མ་མྱོང་། བཙུན་མ་རྣམས་ལོ་རེ་རེ་ལ་བསོད་སྙོམས་སུ་ཕེབས་པའི་སྲོལ་ཡོད། འཚོ་བའི་ཆ་རྐྱེན་རང་ཁྱིམ་ནས་ཕུལ་དགོས། ཞེས་སྤྱི་ལོ་གཅིག་དགུ་གོ་བཞི་ལོའི་ཟླ་བདུན་པའི་ཚེས་ཉེར་བརྒྱད་ལ་རྒན་མ་བྲག་ཡུལ་དུ་ཕྱིན་ནས་དགོན་པ་དེར་མི་ཚེ་བསྐྱལ་བའི་བཙུན་མ་གཉིས་ཏེ་པད་མ་གཡུ་སྒྲོན་(དགུང་ལོ་རེ་ལྔ)དང་རྡོ་རྗེ་ཕག་མོ་(དགུང་ལོ་ང་བརྒྱད)གཉིས་ལ་བཀའ་འདྲི་ཞུས། ཕྱི་ལོའི་ཟླ་བཞི་བའི་ཚེས་བཞི་ལ་མདོ་སྨད་ཁྲི་ཀའི་སྐྱེས་མིང་བ་ཚེ་རིང་ཐར་གྱིས་སྦྱར་རོ།།
ལུ་གུ་དགོན་ནམ་ལུ་གུ་ཆོས་ལྡན་བཀྲ་ཤིས་འཁྱིལ་ཟེར་བ་འདི་དཀར་མཛེས་སྟོང་འཁོར་དགོན་པའི་དགོན་ལག་ཡིན་པས་གྲུབ་མཐའ་དགེ་ལུགས་པ་ཡིན། དཀར་མཛེས་རྫོང་རྡོ་ཐོག་ཞང་གི་ཟླ་ཆུའི་བྱང་འགྲམ་གྱི་ལུང་བར་ཆགས་ཡོད། རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐབས་སུ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་ལྔ་བ་བསོ་ནམས་རྒྱ་མཚོས་(1684-?)བཏབ་པས་དགོན་བདག་ནི་སྟོང་འཁོར་ཞབས་དྲུང་རིམ་བྱོན་ཡིན། ལོ་རྒྱུས་ཡིག་ཆ་ཅི་ཡང་མ་རྙེད་མོད་ངག་རྒྱུན་ལྟར་ན། སྔོན་ཆད་ཚོགས་ཆེན་འདུ་ཁང་ཀ་མིག་བཞི་བཅུ་ཅན་གྱི་ནང་དུ་ཐུགས་ཀར་ཐུབ་པའི་གསེར་སྐུ་ལི་མ་མཐོ་གང་ཅན་ཡོད་པའི་བྱམས་པ་ཞིག་དང་། བྱམས་ཁང་ཀ་མིག་དྲུག་ཅན་ནང་དུ་ཐུགས་ཀར་རྗེ་སྐུ་ལི་མ་མཐོ་གང་ཅན་ཡོད་པའི་རྒྱལ་བ་བྱམས་པ་ཁང་བརྩེགས་གཉིས་ཅན། ཇོ་ཁང་ཀ་མིག་དྲུག་ཅན་གཅིག མགོན་ཁང་གཅིག ནང་དུ་ཐུགས་ཀར་ཐུབ་པའི་གསེར་སྐུ་ལི་མ་མཐོ་གང་ཅན་དང་གསེར་སྐུ་ཆུང་ཆུང་དུ་མ་ཡོད་[page 85] པའི་ཇོ་སྐུ་གཅིག བཀར་འགྱུར་ཚར་དྲུག་སྟེ་སྣར་ཐང་པར་གཅིག་དང་། སྡེ་དགེ་པར་གཅིག གསེར་དངུལ་གྱི་བྲིས་མ་ཚར་བཞི། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་སོ། བསོད་ནམས་རྒྱ་མཚོའི་རྗེས་ཀྱི་བླ་རབས་མི་གསལ། བསོད་ནམས་ཉི་མ་ཟེར་བ་ཞིག་དང་། བྱམས་པ་ལེགས་ལྡན་ཟེར་བའི་སེར་སྨད་ཀྱི་དགེ་བཤེས་ཤིག་བཅས་བྱོན་མྱོང་ཟེར། ནག་ཚང་བསྟན་པ་རབ་རྒྱས་དགོན་འདིར་ཕེབས་ནས་དུས་འཁོར་གྱི་དབང་བསྐུར་བ་དང་དབང་ཡོན་གྱིས་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་སྐད། གྲྭ་བ་བརྒྱ་དང་ཉི་ཤུ་ལྷག་དང་གྲྭ་ཤག་བཞི་བཅུ་ཙམ་ཡོད། གྲྭ་བ་དྲུག་རེ་ལོ་གསུམ་རེ་ལ་སྟོང་འཁོར་དགོན་དུ་མཚན་ཉིད་སྦྱོང་བར་མངགས་དགོས། ཆོས་སྐྱོང་གཙོ་བོ་རྒྱལ་བོ་ཡིན། ལས་སྣེ་སྐོར་ལ་མཁན་པོ་དང་དགེ་བསྐོས། དབུ་མཛད་མཆོད་གཡོག་བཅས་གཅིག་རེའི་འགན་ཡུན་ལོ་གསུམ་རེ། མི་སེར་སྤྱི་བ་ཆེ་ཆུང་གཉིས་ཀྱི་འགན་ཡུན་ལོ་གཅིག་རེ་བཅས་སོ། དམངས་བཅོས་ཡར་སྔོན་ལ་མཁན་དགེ་དབུ་གསུམ་ནི་སྟོང་འཁོར་ཞབས་དྲུང་གིས་ཐག་གཅོད་རྒྱུ་དང་གཞན་པ་རྣམས་མཁན་དགེ་དབུ་གསུམ་གྱིས་ཐག་གཅོད་དགོས། ད་སྐབས་དགོན་པའི་བདག་གཉེར་ཚན་ཆུང་གིས་ཐག་གཅོད་དགོས། བདག་གཉེར་ཚན་ཆུང་གི་གཙོ་འཛིན་ནི་དགེ་འདུན་སྐྱབས་དགུང་ལོ་ཉེར་དྲུག་དང་། གཙོ་འཛིན་གཞོན་པ་བསོད་ནམས་དབང་ཆེན་དགུང་ལོ་རེ་བདུན་ཡིན།
ད་སྐབས་ཆོས་སྒོ་ཕྱེ་ཞིང་ཚོགས་ཆེན་འདུ་ཁང་དང་མགོན་ཁང་བསྐྱར་བཞེངས་གྲུབ། གྲྭ་ཤག་བཅོ་ལྔ་ཡོད། རྒྱལ་ཁབ་ཀྱིས་གཏན་དུ་འཁེལ་བའི་གྲྭ་བའི་གྲངས་ཀ་ནི་བཞི་བཅུ་དང་ད་ཡོད་ང་ལྔ་དང་རྒྱུན་སྡོད་ཉེར་གསུམ་མོ། དགོན་པའི་དཔལ་འབྱོར་སྐོར་ལ། དམངས་བཅོས་སྔོན་དུ་ས་ཞིང་མུའུ་ལྔ་བཅུ་ལྷག་ཡོད་པ་གྲྭ་བ་རྣམས་ཀྱི་ཁྱིམ་ལ་བགོས་ཏེ་བདེབས། སྤྱི་བ་སྟེ་བདག་གཉེར་བྱེད་མཁན་མང་པོ་བསྐོས་ཏེ་འབྲུའི་ཐོན་སྒོ་རྣམས་ས་བོན་མ་གཏོགས་པ་ཐམས་ཅད་དགོན་པ་ལ་སྤྲོད་དགོས་རྒྱུ་དང་ས་བོན་དང་ས་ཞིང་བདག་གཉེར་བྱེད་པའི་འགན་ཁུར་དེ་ལོ་རྗེས་མའི་སྤྱི་བ་གསར་བར་སྤྲོད་དགོས། ད་སྐབས་ས་ཞིང་དང་ཕྱུགས་ཟོག་ཅི་ཡང་མེད། གྲྭ་བའི་འཚོ་བ་རང་རང་ཁྱིམ་ལ་བརྟེན་དགོས། ཞེས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བརྒྱད་པའི་ཚེས་གཅིག་གི་ཉིན་ལ་ལུ་གུ་དགོན་པའི་གྲྭ་བ་ཚུལ་ཁྲིམས་རྡོ་རྗེ་དང་བློ་བཟང་འཕྲིན་ལས། ཡིད་དགའ་བློ་གྲོས་བཅས་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་གཞིར་བྱས་ནས་ཕྱི་ལོའི་ཟླ་གསུམ་པར་མདོ་སྨད་ཁྲི་ཀའི་སྐྱེས་མིང་བ་ཚེ་རིང་ཐར་གྱིས་སྦྱར་བ་དགེའོ།།
[page 86] ཉ་རྒྱས་ཇོ་མོ་དགོན་ནི་ཁམས་དཀར་མཛེས་རྫོང་གི་རོང་པ་ཚའི་བྱང་དུ་ཆགས། གྲུབ་མཐའ་དགེ་ལུགས་པ་ཡིན། དགོན་པ་འདིའི་ལོ་རྒྱུས་སྐོར་ཡིག་ཆ་རྙིང་བ་མཐོང་མོད། ངག་རྒྱུན་ལྟར་ན། དགོན་པ་འདི་ཕྱག་འདེབས་མཁན་ནི་དར་རྒྱས་དགོན་པའི་བླ་མ་བློ་བཟང་བྱམས་པ་འཇིགས་མེད་ཐུབ་བསྟན་ནམ་ཡོང་གྲགས་སུ་བསོད་ནམས་དབང་ཆེན་བྱ་བ་ཡིན་པར་ཕལ་ཆེར་ཞལ་མཐུན་མོད། ཁོང་ཕྱག་འདེབས་མཁན་མིན་པའི་བཤད་ཚུལ་ཡང་འདུག གང་ལྟར་ཡང་བླ་མ་འདི་ཉ་རྒྱས་ཇོ་མོ་དགོན་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཀུན་གྱི་ཞལ་ལས་ཐོས། དུས་ནམ་ཞིག་བཏབ་པ་མི་གསལ་ཡང་། རྫོང་ནང་བསྟན་མཐུན་ཚོགས་ཀྱིས་འཚོལ་སྡུད་བྱས་པའི་ལོ་རྒྱུས་ལྟར་ན་དགོན་པ་འདི་བཏབ་ནས་ད་རེག་བར་དུ་ཕལ་ཆེར་ལོ་བརྒྱ་དང་ལྔ་བཅུ་ཙམ་འགྱངས་ཟེར། བླ་མ་བསོད་ནམས་དབང་ཆེན་འདི་ཉ་རྒྱས་ཇོ་མོ་དགོན་གྱི་ཉེ་འདབས་ཀྱི་ཆོས་ས་ཚང་གི་རྒྱུད་དུ་འཁྲུངས། ཕྱིས་སུ་དབང་ལུང་ཁྲིད་གསུམ་གྱིས་ཕྱུག་ཅིང་མདོ་སྔགས་གཞུང་བརྒྱར་གཟིགས་རྒྱ་ཡངས་པའི་མཁས་པ་ཞིག་ཏུ་གྱུར། དར་རྒྱས་དགོན་དུ་གསང་བདེ་འཇིགས་གསུམ་གྱི་དབང་དང་བཀའ་འགྱུར་གྱི་ལུང་གནང་། ཉ་རྒྱས་དགོན་ལ་འདོན་རྟ་ཕྱག་རྒྱུན་དང་བཅས་པའི་སྲོལ་བཙུགས་པ་བཅས་གཟིགས་སྐྱོང་བླ་མེད་གནང་། དེའི་ཡང་སྲིད་བྱམས་པ་བཤད་སྒྲུབ་བསྟན་བཛིན་དང་། དེའི་ཡང་སྲིད་བློ་བཟང་དཔལ་ལྡན་ཟེར་བ་དགུང་ལོ་བཞི་བཅུར་ཉེ་བ་ད་ལྟ་བཞུགས། སྐུ་ཕྲེང་དེ་གསུམ་ག་ཉ་རྒྱས་ཇོ་མོ་དགོན་པའི་དགོན་བདག་ཡིན་མོད་དེ་རྣམས་སྐུ་ཕྲེང་ཅི་ཙམ་སོང་བ་མི་གསལ།
དགོན་པའི་སྐུ་སྒུང་ཐུགས་རྟེན་སྐོར་ལ། ཚོགས་ཆེན་འདུ་ཁང་ཀ་མིག་བཅུ་དྲུག་ཅན་གཅིག་ཏུ་གཙོ་སྐུ་བྱམས་པ་བརྩེགས་གཅིག་ཙམ། གཡས་གཡོན་དུ་རྗེ་སྐུ། ཇོ་སྐུ། མཁའ་སྤྱོད་མ། བླ་མ་འཇིགས་མེད་ཐུབ་བསྟན། སྐལ་བཟང་ཐུབ་བསྟན་རྣམ་རྒྱལ་དང་བཅས་པའི་འདམ་སྐུ་དང་། སྟོན་པའི་གསེར་སྐུ་མཐོ་གང་ཅན་གཉིས། སྒྲོལ་མའི་གསེར་སྐུ་མཐོ་གང་དང་ལྷག་ཅན་གཅིག མཆོད་རྟེན་ཁྲུ་གང་མ་བརྒྱད(སེར་པོ་ཡིན་པ་ལས་རྒྱུ་གསེར་ཟངས་གང་ཡིན་མ་དྲན)བཅས་དང་། འཁོར་ཁང་གཅིག་ལ་ཕྱག་རྡོར་དང་ཚེ་དཔག་མེད་ཀྱི་སྐུ་ཐང་ཆེན་པོ་གཅིག་རེ་དང་བཅས་སྐུ་ཐང་ཆེ་ཆུང་སུམ་ཅུ་ལྷག་ཡོད། སྤྲུལ་སྐུ་གཟིམ་ཁང་དུ་བཀའ་འགྱུར་ཚར་གཅིག་དང་འབུམ་ཚར་གཅིག་དང་དཔེ་ཆ་གཞན་པ་མང་པོ་དང་། སྤྱི་ཁང་གཅིག་དང་གྲྭ་ཤག་ཞེ་བརྒྱད་བཅས་ཡོད་པ་ཐམས་ཅད་ང་བརྒྱད་ལོ་འཇིག དེའི་སྔོན་དུ་བཙུན་མ་དྲུག་ཅུ་ཙམ་ཡོད། ཡང་དག་པའི་ཆོས་ལུགས་སྲིད་ཇུས་གཏན་དུ་ཕབ་[page 87] རྗེས་གྱ་ལྔ་ལོ་ནས་བཟུང་གསར་དུ་བཞེངས་འགོ་ཚུགས། གཙུག་ལག་ཁང་དང་ཇོ་ཁང་བཞེངས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བཙུན་མའི་གྲངས་ཀ་ནི་ཉེར་བརྒྱད་དང་ད་སྐབས་ཉེར་བཞི་ཡོད། པཎ་ཆེན་རིན་པོ་ཆེ་དང་རྒྱལ་ཁབ་ཀྱིས་སྔ་གཞུག་ལྟར་སྒོར་མོ་༢༧༠༠དང་༣༠༠སྐོར་གཉིས་གནང་། ཆོས་སྐྱོང་ནི་དགྲ་ལྷ་དང་དཔལ་ལྡན་ལྷ་མོ། དུས་མཆོད་སྐོར་ནི་དགེ་ལུགས་པ་ཀུན་དང་མཐུན། ལས་སྣེ་སྐོར་ནི་བླ་མ་ཉ་རྒྱས་སྤྲུལ་སྐུ་དང་དབུ་མཛད་ཆེ་ཆུང་གཉིས། སྤྱི་བ་ཆེ་ཆུང་གཉིས། མཆོད་གཡོག་ཆེ་ཆུང་གཉིས་བཅས་ཡོད། དབུ་མཛད་དང་སྤྱི་བ་དང་མཆོད་གཡོག་རྣམས་དགོན་པ་བདག་གཉེར་ཚོ་ཆུང་གིས་ཐག་གཅོད་དགོས། སྐབས་ཐོག་གི་བདག་གཉེར་ཚོ་ཆུང་གི་གཙོ་འཛིན་ནི་པད་མ་དབང་མོ། དགུང་ལོ་བདུན་ཅུ། གཞོན་པ་བསོད་ནམས་གཡང་སྒྲོལ། ལོ་སོམ་ཅུ། དཔལ་འབྱོར་སྐོར་ལ། དམངས་བཅོས་སྔོན་ལ་ས་ཞིང་མུའུ་དགུ་ཙམ་ཡོད། སྤྱི་པས་མི་སེར་གླས་ནས་འདེབས། ད་སྐབས་ཞིང་ཕྱུགས་དང་ཐེབས་རྩ་མེད། བཙུན་མ་རྣམས་ཀྱི་འཚོ་བ་རང་ཁྱིམ་ལ་བརྟེན། ཞེས་སྤྱི་ལོ་གཅིག་དགུ་དགུ་བཅུ་གོ་བཞི་ལོའི་ཟླ་བརྒྱད་པའི་ཚེས་དགུའི་ཉིན་ཉ་རྒྱས་དགོན་ལ་དངོས་བཅར་གྱིས་རྩད་གཅོད་བྱིས་པའི་ཟིན་བྲིས་ལས་ཕྱི་ལོའི་ཟླ་བཞི་བའི་ཚེས་བཅུ་ལ་མདོ་སྨད་ཁྲི་ཀའི་སྐྱེས་མིང་བ་ཚེ་རིང་ཐར་གྱིས་སྦྱར་བ་དགེའོ།།
ལམ་བྲག་རི་ཁྲོད་དགེ་འཕེལ་གླིང་ཞེས་བྱ་བ་འདི་ནི་ལམ་བྲག་སྐུ་ཕྲེང་དང་པོ་ངག་དབང་བཀྲ་ཤིས་ཀྱིས་ཕྱག་བཏབ་པ་ཞིག་ཡིན། རི་ཁྲོད་འདི་ནི་དཀར་མཛེས་དགོན་པའི་ལྟག་རྒྱབ་སྤྱི་ལེ་གཉིས་ཙམ་གྱི་ཕ་རོལ་ན་ཡོད། སྔོན་རི་ཁྲོད་པ་ཉི་ཤུ་ལྷག་བཞུགས་པ་ལ་སྐུ་ཞོགས་ལམ་བྲག་ཚང་ནས་ལམ་རིམ་སོགས་ཀྱི་ཆོས་བཀའ་དང་གཞི་གསུམ་གྱི་ཕྱག་ལེན་བཙུགས། ཉེ་འདབས་ཀྱི་གྲོང་པ་རྣམས་ཀྱི་ལོ་ཏོག་གི་ཆེད། སད་སྲུང་འཛུགས་པ་སོགས་སེར་སྐྱ་རྣམས་ལ་ཕན་བདེ་མང་དུ་བསྒྲུབས་ཡོད། རི་ཁྲོད་འདིར་སྔོན་ལྷ་ཁང་དང་ནང་རྟེན་གྲྭ་ཤག་སོགས་མི་ཉུང་བ་ཞིག་ཡོད། དེ་ནས་ལམ་བྲག་སྐུ་ཕྲེང་དྲུག་པ་བྱམས་པ་མཁས་གྲུབ་དཔལ་བཟང་པོ་ཉིད་གཞོན་དུས་ནས་གྲྭ་ས་སེ་ར་བྱས་པར་སློབ་གཉེར་དང་། རྒྱ་གར་དང་འཇར་མན་སོགས་ལ་ལོ་ངོ་བཅུ་ཕྲག་འགར་ཡུལ་བྱོལ་དུ་ཕེབས་ནས་ཕྱིར་རང་ཡུལ་དུ་ལོག ༡༩༨༥ལོར་པཎ་ཆེན་རིན་པོ་ཆེའི་ཞབས་འབྲངས་པ་བྱས་ཏེ་ལྷ་སར་ཕྱིན། དེ་དུས་པཎ་ཆེན་རིན་པོ་ཆེ་ལ་བདག་གི་ལམ་བྲག་རི་ཁྲོད་འདི་ཇོ་མོ་དགོན་དུ་བསྒྲུར་ནས་ཆོག་མིན་གྱི་དགོངས་ཞུ་ཞུས་པར། རིན་པོ་ཆེ་ལ་བདག་གི་ལམ་བྲག་རི་ཁྲོད་འདི་ཇོ་མོ་དགོན་དུ་བསྒྱུར་ན་ཆོག་མིན་གྱི་དགོངས་ཞུ་ཞུས་པར། རིན་པོ་ཆེ་ནས་དེ་ལྟར་ཆོག་པའི་གསུང་གི་གནང་བ་ཐོབ།
[page 88] དེ་ལྟར་ཇོ་མོ་དགོན་དུ་བསྒྱུར་དགོས་དོན་ནི། ལམ་བྲག་དྲུག་པ་ཁོང་གི་ཀློག་གི་དགེ་རྒན་སངས་རྒྱས་ཕུན་ཚོགས་ལ་ཇོ་མོ་དགོན་ཞིག་ཡོད་པར་ཁོང་སྐུ་འདའ་ཁར་ལམ་བྲག་ཉིད་ལ་ཁྱོད་ཀྱིས་རྗེས་ནས་བདག་གི་ཇོ་མོ་འདི་རྣམས་ལ་བདག་གཉེར་ཡག་པོ་ཞིག་གནང་རོགས་ཞེས་པའི་ཞལ་ཆེམས་བཞག་པར་བླ་མའི་བཀའ་སྒྲུབ་པའི་ཆེད་ཡིན་གསུངས།
སྔ་མོ་དཀར་མཛེས་ཁོག་རྩེ་ཞང་ཁག་རྩས་ཡུལ་ཀྱི་བྱང་ངོས་སུ་ཡོད། ༡༩༨༦ལོར་ལམ་བྲག་རི་ཁྲོད་འདིར་སྤོར་ཏེ་ཇོ་མོ་དགོན་དུ་བསྒྱུར་བའི་མགོ་བརྩམས། དེ་ནས་རིམ་གྱིས་འདུ་ཁང་ཞིག་དང་། རྟ་མགྲིན་ལྷ་ཁང་། སྨན་ཁང་། སྲུང་མ་ཁང་། སློབ་གྲྭ གཟིམས་ཆུང་གཉིས། གྲྭ་ཤག་བརྒྱ་ཕྲག་ལྷག་བཅས་ལེགས་པར་བཞེངས། ད་ལྟ་ཇོ་མོ་བརྒྱ་དང་བརྒྱད་བཞུགས། ནང་རྟེན་གྱི་སྐོར་ལ། འདུ་ཁང་ནང་དུ་སྨན་སྐུ་རྗེ་ཡབ་སྲས་གསུམ། སྟོན་པ་གཙོ་འཁོར་གསུམ། སྒྲོལ་དཀར། སྤྱས་རས་གཟིགས་ཕྱག་བཞི་བ་བཅས་ཁང་བརྩེགས་གཅིག་དང་ཕྱེད། གཞན་གྲུབ་ཆེན་བརྒྱད་ཅུ་སོགས་མང་དུ་ཡོད། ལྷག་པར་དུ་རྟ་མགྲིན་ལྷ་ཁང་དུ་རྟ་མགྲིན་གྱི་སྐུའི་ནང་བཞུགས་བྱིན་རྟེན་སྲིད་ན་རྙེད་དཀའ་བ་རྣམས་བཞུགས་པ་དཀར་ཆག་ལྟར་འགོད་པ་ལ། སངས་རྒྱས་འོད་སྲུངས་ཀྱི་རིང་བསྲེལ། སྟོན་པའི་རི་བོ་མ་ལ་ཡའི་རྩེར་བྱ་ཁྱུང་འདབ་བཟང་དུ་སྤྲུལ་བ་མཛད་པའི་ཁྱུང་གི་སྡེར་མོའི་ཆ་ཤས། ཤཱ་རིའི་བུའི་མཁར་གསིལ་གྱི་བར་ཤིང་། ཤཱ་རིའི་བུའི་རྣམ་སྦྱར་ཚལ་བུ། པཎ་ཆེན་ནཱ་རོ་བའི་རུས་རྒྱན། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། བྱང་ཆུབ་སེམས་དཔའ་རྟག་ངུའི་ཐུགས། དགེ་སློང་མ་དཔལ་མོའི་ལྷུང་བཟེད་ཀྱི་ཤུབས། ཕ་དམ་པ་སངས་རྒྱས་ཀྱི་སྒོམ་ཐག ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཤ། ཨ་ཏི་ཤའི་རྣམ་སྦྱར། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱིའི་གཟིགས་དཔེ་བརྒྱད་སྟོང་རྒྱ་དཔེ། དཔལ་ལྡན་ཟླ་བ་གྲགས་པའི་གཟིགས་དཔེ་བརྒྱད་སྟོང་རྒྱ་དཔེ། དཔལ་ལྡན་ཟླ་བ་གྲགས་པའི་གཟིགས་དཔེ་གསང་འདུས་རྒྱ་དཔེ། པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་དབུ་ཞྭ། མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་མ་བཀའ་བརྒྱད་ཤོག་སེར། གུ་རུ་ཆོས་དབང་གི་ཞབས་ཆགས། གུ་རུ་ཆོས་དབང་གི་གཏེར་མ་བཀའ་བརྒྱད་ཤོག་སེར། ཐང་སྟོང་རྒྱལ་པོའི་སྐུ་བེར། ཨོ་རྒྱན་གླིང་བའི་སྐུ་ཤ ཀློང་ཆེན་རབ་འབྱམས་པའི་ན་བཟའ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ན་བཟའ། ལྷོ་བྲག་མར་བའི་སྒོམ་ཐག དྭགས་པོ་ལྷ་རྗེ་ཞབས་ཆགས། ཀརྨ་དུས་གསུམ་མཁྱེན་པའི་ཞབས་ཆགས། འགྲོ་མགོན་ཕག་མོ་གྲུབ་པའི་སྐུ་ཤམ། བླ་མ་ཞང་གི་ཞབས་ཆགས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་གདུང་རུས། ས་ཆེན་གྲགས་པ་རྒྱལ་མཚན་གྱི་ན་བཟའ། ས་སྐྱ་པཎྜི་ཏའི་སྒོམ་ཐག ཚར་ཆེར་བློ་གསལ་རྒྱ་མཚོའི་ན་བཟའ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་ཆོས། བཀའ་གདམས་དགེ་བཤེས་མཆད་ཀ་བའི་རྣམ་སྦྱར། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་བདུད་རྩི་རིལ་བུ། རྗེ་ཙོང་ཁ་བའི་རྣམ་སྦྱར་དང་སྐུ་འགག མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དབུ་ཞྭ། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་ཤམ།[page 89] འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་དབུ་ཞྭ། རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་ཆོས། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དབུ་ལོ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དབུ་ཞྭ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་གཟན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་ཆོས། པཎ་ཆེན་བསྟན་པའི་ཉི་མའི་སྐུ་ཆོས། ཕ་བོང་ཁ་བ་བདེ་ཆེན་སྙིང་པོའི་དབུ་ལོ། པཎ་ཆེན་སྐུ་ཕྲེང་དྲུང་པ་ནས་དགུ་བའི་བར་གྱི་སྐུ་ཤ་དང་སྐུ་རུས། པཎ་ཆེན་སྐུ་ཕྲེང་བཅུ་བའི་ཤངས་ཁྲག ཏྲེ་ཧོར་སྐྱོར་དཔོན་ཚེ་དབང་ནོར་བུའི་ན་བཟའ། དགེ་སངས་རྒྱས་ཕུན་ཚོགས་ཀྱི་དབུ་ཐོད། ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྲོག་ཤིང་ཙན་དན་སྦྲུལ་སྙིང་གི་ཆ་ཤས་སོགས་ཐམས་ཅད་སྐུ་བརྙན་འདིའི་རྒྱུ་སྨན་འདམ་ནང་དུ་བསྲེས་ཏེ་བཞེངས་པའོ། སྟོང་སྐོར་གནས་རི་ནང་དུ་བྱམས་སྐུ་ཞིག་བཞེངས་པས་དེའི་གཟུངས་གཞུག་ལའང་ཚལ་བུ་རེ་ཕུལ་ཡོད། ད་དུང་དེའི་ཐུགས་ཀར་དུང་དཀར་གཡས་འཁྱིལ་ཁྲི་གང་བ་ཞིག་ཀྱང་ཕུལ་ཡོད།
དེ་ལྟར་ལམ་བྲག་རི་ཁྲོད་ཇོ་མོ་རྣམས་ཀྱི་དུས་མཆོད་སྐོར་ལ། ཉིན་རེ་ལ་ཞོགས་པར་ཇོ་མོ་རྣམས་འདུ་ཁང་ནང་དུ་འཚོགས་ནས་རྟ་མགྲིན་གྱི་སྔགས་མི་རེ་ནས་སྟོང་གསུམ་ལྷག་བཟླ་དགོས། དགུང་མོ་སྒྲོལ་དཀར་གྱི་གཟུངས་ཏ་རེ་སྟོང་གསུམ་བཟླ་བ་ཡི། དེ་ནས་ཟླ་དང་པོའི་ནང་བསྙུང་གནས་ཉིན་བཅུ་དྲུག་ཚོགས། ཟླ་བཞི་པའི་ནང་སངས་རྒྱས་དུས་མཆོད་ཉིན་འགའ་ཚོགས་པ་ཡིན། དེ་ནས་བསྙུང་གནས་ཉིན་བཞི་ལ་ཚོགས། ཟླ་བཅུ་པའི་ནང་རྗེ་ཙོང་ཁ་བའི་དུས་མཆོད་ཉིན་ལྔ་ལ་ཚོགས། ཟླ་བཅུ་གཅིག་པའི་ནང་གནས་བརྟན་ཕྱག་མཆོད་ཉིན་ལྔ་ལ་ཚོགས། ཟླ་བཅུ་གཉིས་པའི་ནང་སྒྲོལ་ལྗང་གི་ཚོགས་ཉིན་གསུམ་ཚོགས་པ་བཅས་སོ། ཇོ་མོ་རྣམས་ལོ་གཅིག་གི་ནང་ཟླ་ངོ་གཉིས་ཙམ་རང་ཡུལ་དུ་ཕྱིན་ནས་ཞིང་རྨོ་བ་དང་རྩྭ་རྔ་བ། སྟོན་བསྡུ་བ་སོགས་ཡུལ་ལ་རོགས་རམ་བྱེད་དུ་འགྲོ་བ་ཡིན། ད་དུང་ཟླ་རེ་ལ་ངལ་གསོ་ཉིན་གཉིས་རེ་ཡོད། དེའི་སྐབས་སུ་ཇོ་མོ་རྣམས་རང་ཡུལ་ལ་འགྲོ་བ་དང་ཁྲོམ་ལ་འགྲོ་བ་སོགས་རུང་། གཞན་ཡང་རི་ཁྲོད་འདིར་སྨན་ཁང་ཞིག་བཙུགས་ནས། རྒྱལ་ཁབ་ཀྱང་ཆོག་མཆན་ཐོབ་སྟེ་སྨན་པ་མི་བཅུ་དང་སྨན་འཐུ་མཁན་མི་སུམ་ཅུ་དང་སྨན་རྡུང་མཁན་མི་གསུམ་བཅས་ཡོད། ནད་པ་ཧ་ཅང་དཀའ་ངལ་ཆེ་བ་རྣམས་ལ་སྨན་རིན་ཀྱང་མི་ལེན། སྨན་པ་དགེ་རྒན་གཅིག་ཡོད་པས་དེའི་ཟླ་རེའི་ཕོག་ལམ་བྲག་གིས་སྟེར་བར་མ་ཟད། སྨན་གྱི་མ་རྩའང་ཁོང་གིས་གཏོང་བ་ཡིན།
༡༩༩༤ལོར་རི་ཁྲོད་འདིར་བུད་མེད་སློབ་གྲྭ་ཞིག་བཙུགས་ཏེ། སློབ་མ་ལོ་བདུན་ནས་བཅུ་གསུམ་བར་གྱི་སྐྱེས་མ་རྣམས་ཡིན། སློབ་མའི་གྲངས་ཀ་བཞི་བཅུ་ལྷག་ཡོད། སློབ་མ་རྣམས་ཀྱི་འབྲི་དེབ་དང་སྨྱུ་གུ་སོགས་ཚང་མར་ལམ་བྲག་ཚང་ནས་སྟེར་བ་ཡིན། སློབ་དེབ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་དེབ་རྣམས་ཡིན། ཡིག་རིགས་བོད་ཡིག་དང་རྒྱ་ཡིག་གཉིས་སློབ་པ་དང་། དགེ་རྒན་མི་གཉིས་ཡོད་པར་དེའི་ཟླ་ཕོག་ཀྱང་ལམ་བྲག་སྒེར་སྟེར་བ་ཡིན། སློབ་མ་རྣམས་སློབ་མཐར་ཕྱིན་རྗེས་རང་མོས་ལྟར་[page 90] གང་སར་ཕྱིན་ཆོག་པ་ཡིན། རི་ཁྲོད་འདིའི་འདབས་ན་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཅིག་ཡོད་པར་ཆུ་དེས་ནད་རིགས་ཐམས་ཅད་ལ་ཕན། ལྷག་པར་དུ་མགོ་བོ་ན་བ་དང་མིག་ན་བ་ལ་ཕན། ལམ་བྲག་རྫོང་ནང་དུ་བཻཌྰུ་རིའི་ལྷུང་བཟེད་བྱིན་ཅན་ཡོད། ལྷུང་བཟེད་འདི་དང་ཆུ་མིག་ཡན་ལག་བརྒྱད་ལྡན་དེ་གཉིས་ལམ་བྲག་སྐལ་བཟང་རྣམ་རྒྱལ་ལ་རྒྱལ་ཆེན་བཞིས་ཕུལ་བར་གྲགས། གྲུབ་ཐོབ་མདའ་ཤ་བའི་ཕུར་བུ་སེ་ར་ཕུར་བུ་ཁྲི་གང་བ་དེ་ཕུར་ལྕོག་བྱམས་པ་རིན་པོ་ཆེས་ལམ་བྲག་ལ་གནང་བ་ཡིན། ཞེས་ལམ་བྲག་རི་ཁྲོད་ཀྱི་ལོ་རྒྱུས་འདི་ནི་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་དང་ལྷག་པར་དུ་ལམ་བྲག་སྐུ་ཕྲེང་དྲུག་པ་བྱམས་པ་མཁས་གྲུབ་མཆོག་གིས་གསུང་པ་ཇི་བཞིན་བྲིས་པས་ཡིད་བརྟན་རུང་བ་བཅས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་དགུ་གོ་ལྔ་ལོའི་ཟླ་གསུམ་པའི་ཚེས་བརྒྱད་ལ་སྦྱར་བ་དགེའོ།།
དགའ་ལྡན་ནང་ཚང་དབེན་གནས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་རིམ་དང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཅུང་ཟད་གླེང་བར་བྱ་བ་ལ། གང་དུ་ཡོད་པའི་གནས་ནི་དཀར་མཛེས་རྫོང་གསེར་ཆུ་ཞང་གི་ཤར་ལྷོའི་ཕྱོགས་སུ་ཆགས་པའོ། གནས་འདི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དུ་ཆོས་འཁོར་སྤྲུལ་སྐུ་དགེ་འདུན་བསྟན་པའི་རྒྱལ་མཚན་སོགས་དམ་པ་དུ་མའི་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན། རབ་བྱུང་བཅུ་གཅིག་པའི་ནང་དུ་སྔགས་རམས་པ་ནག་ནག་ཆེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་བྱོན་པས་དབེན་གནས་དེ་ཕྱག་བཏབ་གནང་། དེའི་རྗེས་སུ་སྔགས་རྒན་ངག་དབང་ས་སྙིང་གིས་རྒྱུན་མཐུད་ནས་སྒྲུབ་པ་མཛད། དེའི་རྗེས་སྐབས་བབས་གླིང་པ་བྱ་བའི་དམ་པའི་སྐྱེས་བུ་སྔགས་རམས་པ་བློ་བཟང་སྟོབས་ལྡན་ཞེས་པ་དེ་ཉིད་ཀྱི་ཐོག་མར་བྱུང་ཚུལ་མདོ་ཙམ་བརྗོད་པར་བྱ་བ་ལ། བོད་རབ་བྱུང་བཅུ་པའི་བགྲང་བྱ་ང་བཞི་པ་ལྕགས་སྤྲེལ་(༡༦༤༠)ལོར་དཀར་མཛེས་ཧོར་ཁང་གསར་དཔོན་གྱི་མངའ་འབངས་ཁོ་རྩེ་ཤོག་པ་ཞེས་པའི་གྲོང་ཚོའི་ནང་གསེས་དོར་སྒང་ཞེ་གྲོང་དེར་སྐུ་འཁྲུངས། ཡབ་ཡུམ་སོགས་ཀྱི་མཚན་གསལ་པོ་མ་ཤེས་པས་རེ་ཞིག་བྲི་མ་སྤོབས། གཞོན་ནུའི་དུས་ནས་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་ཞེས་པའི་གྲྭ་ཚང་གསུམ་གྱི་ནང་གསེས་སྔགས་པ་གྲྭ་ཚང་དུ་ཆོས་སྒོར་ཞུགས། དམ་པ་མང་པོའི་ཞབས་པད་ཉེ་བར་བསྟེན་ཅིང་ཐོག་མར་ཀློག་སློབ་པ་ནས་བཟུང་གྲྭ་ཚང་སྤྱི་སྒོས་ཀྱི་ཆོས་སྤྱོད་དང་གཞུང་མང་པོ་ཐུགས་སུ་ཆུད། ལྕགས་རྟ་(༡༦༥༠)ལོར་ཞང་པོ་དང་མཉམ་དུ་ལྷ་ལྡན་དུ་ཕེབས་ཏེ་ཐོག་མར་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་ཐུགས་དགོངས་[page 91] བཞིན་གསང་ཆེན་རིག་པ་འཛིན་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བཞུགས་ཤིང་གྲྭ་ཚད་དེའི་འདོན་ཆ་དང་སྒྲིག་ལམ་ཀུན་སྤྱོད་སོགས་ལས་རབ་འབྱམས་ཀྱི་ཕྱག་ལེན་མཐའ་དག་ལ་མངའ་བརྙེས་པས་གསང་སྔགས་རིག་པ་འཛིན་པའི་སྔགས་རམས་པའི་མཚན་བཏགས་བཞེས། ཕྱག་ན་པད་དཀར་༧ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་དང་སྣང་བ་མཐའ་ཡས་༧པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བླངས། དམ་པ་དེ་དག་གི་ཐུགས་བཅུད་དབང་ལུང་མན་ངག་གི་བདུད་རྩི་མ་ལུས་པ་བུམ་པ་གང་བྱོས་ཚུལ་དུ་ལེགས་པར་གསན་པས་ཐུགས་ཀྱི་བུམ་བཟང་གང་བར་གྱུར། ལྷག་པར་འཇམ་དཔལ་གཤིན་རྗེ་གཤེད་ཞི་རྒྱས་དབང་དྲག་གིས་འཕྲུལ་འཁོར་སོགས་མན་ངག་སྙན་བརྒྱུད་ཀྱི་ཕྱག་ལེན་རྣམས་རྫོགས་པར་གསན། ལྕགས་ཕག་(༡༧༩༡)ལོར་གོར་ཁ་བས་བོད་ལ་བཙན་འཛུལ་བྱས་ཏེ་གདན་ས་བཀྲ་ཤིས་ལྷུན་པོའི་རྟེན་གསུམ་ལ་བར་ཆད་ཆེན་པོ་བྱུང་བའི་སྐབས་དེར་གཞུང་ས་ནས་བཀའ་ཕབས་པ་ལྟར། རྗེ་བླ་མ་དེ་ཉིད་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་ཏེ་ལས་བཞིའི་འཕྲུལ་འཁོར་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས་ནག་ཕྱོགས་ཀྱི་གཡུལ་ངོ་བཟློག་ཏེ་མཆོད་ཡོད་རྣམས་ལ་མཛད་བཟང་བླ་ན་མེད་པ་གནང་། མེ་འབྲུག་(༡༧༩༦)ལོར་རང་ཡུལ་དུ་ཕེབས། རང་དགོན་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་དུ་བདེ་མཆོག་གི་སྒྲུབ་མཆོད་གསར་འཛུགས་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་རྣམས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་མཛད། དར་རྒྱས་དགོན་སོགས་ལ་གཤིན་རྗེ་གཤེད་ཀྱི་འཕྲུལ་འཁོར་དང་མངོན་སྤྱོད་ཀྱི་ལས་མཐའ་ཡས་པ་གནང་། གྲུབ་མཆོག་ལམ་བྲག་སྐལ་བཟང་རྣམ་རྒྱལ་དང་སྔགས་རྒན་ངག་དབང་ས་སྙིང་སོགས་རིགས་བདག་གི་ཅོད་པན་དུ་བཞེས་ཏེ་ལམ་གྱི་རིམ་པ་དང་མན་ངག་མཐའ་ཡས་པ་གསན། དེ་ནས་ནག་ཚང་བཀྲ་ཤིས་བཤད་སྒྲུབ་གླིང་དུ་ཕེབས་ཏེ་སྒྲུབ་པའི་རྟགས་ཐོན། དབེན་གནས་འདི་ཅུང་རྒྱ་ཆེར་གཏང་བླ་བྲང་རྟགས་མ་དེ་ཐོག་མར་ཆགས། དགུང་གྲངས་བདུན་ཅུ་བ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུ་ཉེ་བ་ན། གཟིགས་རྒྱབ་སྔགས་ཆེན་སྐལ་བཟང་དོན་འགྲུབ་དང་མཐའ་སྨད་གྲོང་སྡེ། ནག་ཚང་རི་ཁྲོད་འདུས་སྤྱི་སོགས་བུ་སློབ་ཀུན་གྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་སྟེ་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་ཞིག་ངེས་པར་འབྱོན་དགོས་པར་མ་ཟད། འཁོར་ཞིང་སོགས་མེད་སྟབས་ཐག་ཉེ་སར་སྐུ་འཁྲུངས་དགོས་ཞུས་པ་ན། ཞལ་བཞེས་ལེགས་པར་གནང་བས་དད་ལྡན་བུ་སློབ་ཐམས་ཅད་དབུགས་དབྱུང་མཛད། དེ་ནས་རིང་མིན་སྐུ་གཤེགས།
སྐུ་ཕྲེང་གཉིས་པ། རྗེ་བཙུན་བླ་མ་དགའ་ལྡན་ནག་ཚང་བསྟན་པ་དར་རྒྱས་ནི། རབ་བྱུང་བཅུ་པའི་བགྲང་བྱ་དྲུག་པ་ཆུ་སྤྲེལ་(༡༨༡༢)ལོར་དཀར་མཛེས་རྫོང་གསེར་ཆུ་ཤང་གི་འབྲས་བཏང་གྲོང་ཚོར་ཡབ་བསོད་ནམས་ཚེ་བརྟན་དང་ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ཉིད་[page 92] ནས་གཟིགས་རྒྱབ་སྔགས་ཆེན་རྡོ་རྗེ་འཆང་སྐལ་བཟང་དོན་གྲུབ་ཀྱི་རྗེས་སུ་བཟུང་སྟེ་ཚེ་དབང་དང་རྟ་མགྲིན་གྱི་རྗེ་གནང་སྩལ། མཚན་ལ་སྐལ་བཟང་རབ་བརྟན་ཞེས་གསོལ། དགུང་གྲངས་བདུན་ཙམ་གྱི་སྐབས་སུ་ཀླུ་གདོན་གྱི་གནོད་པས་ཞབས་ཡ་གཅིག་ལ་སྐྱོན་བྱུང་ཡང་རྐྱེན་ངན་གྲོགས་སུ་གྱུར་ཏེ་ཡབ་ཡུམ་གྱིས་རབ་ཏུ་བྱུང་བའི་དགོངས་པ་བཀྲོལ། དེ་རྗེས་ནག་ཚང་རི་ཁྲོད་དུ་ཞང་པོའི་མདུན་དུ་བཞུགས་ཏེ་ཀློག་སློབ་པ་ནས་བཟུང་ཆོས་སྤྱོད་སོགས་བློ་འཛིན་མཛད། དགུང་ལོ་བཅུ་གསུམ་ཐོག་(༡༨༢༤)རྡོ་རྗེ་འཆང་ནས་དོར་སྒང་སྔགས་རམས་པ་བློ་བཟང་སྟོབས་ལྡན་དམ་པ་དེ་ཉིད་ཀྱི་ཡང་སྲིད་དུ་ངོས་བཟུང་སྟེ་ནག་ཚང་དབེན་གནས་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་གི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད། བཀྲ་ཤིས་པའི་དབྱངས་སྙན་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། ལྗོངས་འདིའི་བསྟན་པའི་བདག་པོ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་འཁྲུངས་གསར་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཕུན་ཚོགས་ཀྱིས་མཁན་སློབ་སྦྲགས་མ་མཛད་པ་དང་། སྔགས་ཆེན་རྡོ་རྗེ་འཆང་ནས་གསང་སྟོན་བཅས་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་བསྙེན་རབ་བྱུང་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཅས་མནོས་ཤིང་མཚན་བློ་བཟང་བསྟན་པ་དར་རྒྱས་ཞེས་གསོལ། གཞན་ཡང་བཀའ་འགྱུར། བསྟན་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་ཀྱི་ལུང་དང་དབང་ཁྲིད་ཐུགས་ཚིམ་པར་གསན། དགུང་ལོ་བཅུ་བདུན་པ་ས་གླང་(༡༨༢༩)ལོར་ཧོར་ཁང་གསར་དཔོན་སྐལ་བཟང་དར་རྒྱས་དང་མཉམ་དུ་ལྷ་ལྡན་ཕྱོགས་སུ་ཆིབས་བསྒྱུར་མཛད། མཀཧས་མང་བྱེ་བའི་འབྱུང་གནས་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་ཡོངས་སུ་གྲགས་པའི་བྱང་རྩེ་ཐོས་བསམ་ནོར་བུའི་གླིང་དུ་ཚོགས་ཞུགས་མཛད། བསྡུས་གྲྭ་ནས་བཟུང་སྟེ་སློབ་གཉེར་དཔྱིས་ཕྱིན་པར་གནང་། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་བསྟན་པའི་ཉི་མ་དཔལ་བཟང་པོ་དང་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། ཁྲི་ཆེན་ངག་དབང་ཆོས་འཕེལ། བྱང་རྩེ་ཆོས་རྗེ་ངག་དབང་རྣམ་རྒྱལ་སོགས་ཀྱི་ཞབས་རྡུལ་སྤྱི་བོར་མཆོད་དེ་མདོ་སྔགས་ཀྱི་དབང་ཁྲིད་མན་ངག་མ་ལུས་པ་བུམ་པ་གང་བྱའོ་ཚུལ་དུ་བཞེས། ས་ཁྱི་༡༨༣༨ལོར་འཁྲུངས་ཡུལ་དུ་ཕྱིར་ཕེབས་ཏེ་དཀར་མཛེས་དགོན། བེ་རུ་དགོན། དར་རྒྱས་དགོན། ཁང་དམར། རྩིས་ཚང་། སྟོང་འཁོར། ལིའུ་དགོན། རྙི་དར་རྒྱས་གླིང་། ཧོར་བྲག་མགོ་དགོན་སོགས་དགོན་སྡེ་ཁག་ཏུ་མར་བདེ་གསང་འཇིགས་གསུམ་དང་དུས་འཁོར་སོགས་ཀྱི་དབང་བཀའ་དང་ལམ་རིམ་ཆེན་མོ་སོགས་ཀྱི་འཆད་ཉན་དང་། རྟེན་གསུམ་གྲངས་ལས་འདས་པ་སྐུ་ངོ་མས་བཟོ་བསྐྲུན་གནང་། ལྷག་པར་དུ་ནག་ཚང་སྒྲུབ་སྡེར་སྤྱིའི་འདུ་ཁང་གསར་རྒྱག་དང་རྗེ་བཙུན་མི་ཕམ་དགོན་པོ། རྗེ་ཤེས་རབ་སེང་གེ་སྟོན་པ་ཤཱཀྱའི་རྒྱལ་པོ་སོགས་ཐོག་བརྩེགས་གཉིས་ཅན། ལྷ་མོ། དམ་ཅན་ར་བཞོན་དང་། བཀའ་འགྱུར་བསྟན་འགྱུར། རྒྱལ་དབང་དང་པཎ་ཆེན་རྣམ་གཉིས་ཀྱི་འཁྲུངས་རབས་ཐང་ཀ་སོགས་རྟེན་གྲངས་མེད་[page 93] གསར་བཞེངས་མཛད། སྲས་ཀྱི་ཐུབ་བོ་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་དང་རྗེ་ཉིད་བཅས་རེ་མོས་ཀྱི་དབང་ལུང་ཁྲིད་སོགས་ལོ་འཁོར་མོར་གནང་། རྗེ་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་འཁོར་ལོ་བདེ་མཆོག་ཡི་དམ་གྱི་གཙོ་བོར་མཛད། རིམ་གཉིས་ཀྱི་རྣལ་འབྱོར་སྐྱོང་བ་དང་ལྷག་པར་དུ་ནཱ་རོ་ཆོས་དྲུག་གི་གདམས་ངག་དང་ཁྲིད་ཡིག་མན་ངག་ཞལ་ཤེས་སོགས་བརྒྱུད་པ་བར་མ་ཆད་པར་ད་བར་དུ་བཞུགས། གསུང་རྩོམ་བྲིས་མ་པོད་གསུམ་སྒྲུབ་སྡེར་བཞུགས་ཀྱང་རིག་གསར་སྐབས་རྐྱེན་དབང་དུ་ཤོར་བས་དེང་སང་ལམ་རིམ་དང་དུས་འཁོར་གྱི་སྐོར་པོད་གཅིག་མ་གཏོགས་བཞུགས་མེད། ཤིང་བྱ་༡༨༦༤ལོའི་ཟླ་བ་དགུ་པའི་ཚེས་ཉེར་ལྔའི་ཉིན་སྐུ་ཁམས་བདེ་མུས་སུ་བཞུགས་བཞིན་པའི་ངང་དགོངས་པ་རྫོགས་སོ།།
སྐུ་ཕྲེང་གསུམ་པ། རྗེ་བཙུན་བླ་མ་བློ་བཟང་བྱང་ཆུབ་ཆོས་འཕེལ་དཔལ་བཟང་པོ་ནི། རབ་བྱུང་བཅུ་བཞི་པའི་བགྲང་བྱ་༦༠པ་མེ་སྟག་༡༨༦༦ལོར་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་དུ་སྐུ་འཁྲུངས་ཡབ་ཡུམ་གྱི་མཚན་དང་གྲོང་གི་མིང་སོགས་རྣམ་ཐར་རིག་གསར་སྐབས་རྐྱེན་དབང་དུ་སོང་བས་རྙེད་ཐབས་བྲལ། དགུང་ལོ་དྲུག་ཕེབས་སྐབས་ལྷ་ལྡན་ནས་དཀར་མཛེས་སུ་གདན་ཞུས་མཛད། དགུང་ལོ་བཅོ་ལྔ་ལ་ལྷ་ལྡན་དུ་ཆིབས་བསྒྱུར་མཛད། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཚོགས་ཞུགས་མཛད། དགུང་ལོ་སོ་གསུམ་ཐོག་ཏུ་སྨོན་ལམ་ཆེན་མོའི་གྲྭ་སྐོར་གྱི་ལྷ་རམས་ཀྱི་དམ་བཅའ་མཛད་སྐབས་ཨང་དང་པོའི་མིང་བཏགས་ཐོབ་སྟེ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་དགའ་ལྡན་ཚོགས་ཆེན་སྤྲུལ་སྐུའི་གོ་གནས། གོས་དམར་གྱི་འབོག་བཞི་གོས་ཆ་ཏུ་མ་བཞི། ཐམ་ཀ་ཆེ་ཆུང་གསུམ། མཛོད་གོས་སེར་པོའི་ཐོག་ཏུ་སྟོད་མངའ་རིས་སྐོར་གསུམ་སོགས་ཀུན་ལ་ཁྱབ་ཅེས་ཁོད་པའི་བླ་མ་དང་སྦི་ལིག་ཐུ་ཞེས་པའི་ཆོ་ལོའམ་གོ་གནས་གནང་། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱིས་དབང་དང་ཁྲིད་མན་ངག་བཅས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་ནས་རང་ཡུལ་དུ་ཆིབས་བསྒྱུར་མཛད། འཇིག་རྟེན་མགོན་པའི་རྣམ་འཕྲུལ་ཏྲེ་ཧོར་ཁང་གསར་སྐྱབས་མགོན་སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་ལ་གཞོན་ནུ་ནོར་བཟང་ལྟ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་དེ་དབང་ལུང་ཁྲིད་གསུམ་དང་མན་ངག་རྣམས་བུམ་པ་གོང་བྱོས་ཀྱི་ཚུལ་དུ་གསན། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལྗོངས་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེའི་རྨང་བརྟན་པོ་བཙུགས། མཐའ་ཡས་པའི་སེམས་ཅན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། ཁྱད་པར་དུ་ནག་ཚང་དབེན་གནས་བཀྲ་ཤིས་རིན་ཆེན་གླིང་གཟིམ་ཆུང་བདེ་སྟོན་ཉི་འོད་དང་བྱམས་ཁང་གསར་བཞེངས། རྒྱལ་བ་མི་ཕམ་མགོན་པོ་ཐོག་བརྩེགས་གསུམ་ཅན། འཇིམ་བཟོ་གཟིགས་པ་ལྔ་ལྡན། སངས་རྒྱས་རབ་བདུན། རྗེ་དགེ་ལེགས་མ་སྟོང་། ཇོ་འབྲོམ་ཡབ་སྲས་གསུམ། ཚེ་ལྷ་རྣམས་གསུམ། གསང་བདེ་[page 94] འཇིགས་གསུམ། དུས་འཁོར་ཀྱེ་རྡོར། སེང་གདོང་མ། མགོན་པོ་གུར་ཞལ་དང་ཕྱག་དྲུག་པ་མགོན་དཀར། ཆོས་རྒྱལ་ཕྱི་ནང་གསང་གསུམ། ལྷ་མོ་རྣམ་སྲས། ལྕམ་སྲས་ཨ་ཕྱི་མ། དམ་ཅན་ར་ཞོན་བཅས་མི་ཚད་ལྷག་ཙམ། གསང་བདེ་འཇིགས་གསུམ་བློས་བསླང་ལ་མཐའ་སྐོར་དུ་མི་འདོམ་ལྔ་ལྷག་ཙམ་དང་། རྒྱལ་བའི་བཀའ་འགྱུར། བསྟན་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ། མཁས་གྲུབ་ཆེན་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་སྐྱེས་བུ་དམ་པ་སུམ་ཅུ་ལྷག་གི་གསུང་འབུམ། མགོན་པོ་སོགས་སྲུང་མ་རྣམས་ཀྱི་བེའུ་བུམ། དཔེ་རིས་ཅན་སོག་པོད་༡༦ཙམ་དང་། མི་ཏྲ་ཟུར་བཀའ་དང་རྡོར་ཕྲེང་སོགས་ཀྱི་དཀྱིལ་འཁོར་ཉིས་བརྒྱ་ལྷག ཡི་དམ་ཆོས་སྐྱོང་ཅི་རིགས་ཀྱི་ཙཀླི་སྟོང་ལྷག་ཙམ་ཡོད་སྟབས། དཀར་མཛེས་རྫོང་དུ་དཔེ་ཆ་ཆེས་མང་བ་ནི་ནག་ཚང་བླ་བྲང་ཡིན། དེར་ཕྱིར་དགེ་རྟག་རྡོ་རྗེ་འཆང་གྲགས་པ་མཐའ་ཡས་དང་། བྲག་དཀར་རྡོ་རྗེ་འཆང་ཡོངས་འཛིན་རྡོ་རྗེ་གནས་སྐྱབས་རྣམས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ལྕགས་གླང་དགུང་ལོ་སུམ་ཅུ་སོ་དྲུག་ཐོག་ཏུ་རོང་པ་ཚ་ཞི་ཚེ་རྒྱལ་དཔོན་ཚང་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལྗགས་ལུང་གི་སྦྱིན་བདག་མཛད་དེ་ལྗགས་ལུང་གནང་བཞིན་ཡོད་སྐབས་འཕྲོ་མ་ཚར་བར་ཞི་བར་གཤེགས་སོ། སྐྱབས་མགོན་རྡོ་རྗེ་འཆང་གིས་མཛད་འཕྲིན་ལ་མི་བཟོད་པ་རེ་ཟུང་གིས་མཐུ་གཏད་བྱ་བའི་ཁུང་དུ་ནག་ཚང་སྐུ་འདི་ཉིད་ཚུད་པའི་སྐུ་ཚེ་བར་ཆད་ཡིན་པར་མཛད། སྐུ་ཕྲེང་དྲུག་པ་བར་སྐུ་ཚེ་མ་བརྟན་པ་སྐུ་ན་གཞོན་པ་ཤ་སྟག་ཞི་བར་གཤེགས།
སྐུ་ཕྲེང་བཞི་པ། རྗེ་བཙུན་ངག་དབང་ལུང་རྟོགས་དཔལ་ལྡན་འཇིགས་མེད་ཐུབ་བསྟན་དཔལ་བཟང་པོ་དེ་ཉིད་ནི། རབ་བྱུང་བཅོ་ལྔ་པའི་བགྲང་བྱ་སོ་དྲུག་ཆུ་སྟག་(༡༩༠༢)ལོར་(ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་རྡ་དགེ་ཆུས། ས་སྟོད་སྡེ་ཤོག འཁོར་བཟའ་ནང་)ཉི་ལོག་ཚང་དུ་སྐུ་འཁྲུངས། ཤིང་འབྲུག་ལོར་ནག་ཚང་དབེན་གནས་བཤད་སྒྲུབ་རིན་ཆེན་གླིང་དུ་ཁྲི་ལ་མངའ་གསོལ།
དགུང་ལོ་བདུན་དུ་ཕེབས་སྐབས་དཀར་མཛེས་དགོན་གྱི་མཁས་དབང་རིན་ཆེན་ཚེ་རིང་དགེ་རྒན་དུ་བསྟེན་ཏེ་ཀློག་སློབ་པ་ནས་བཟུང་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལ་གསན་བསམ་གྱིས་སྒོ་ཡངས་པོར་ཕྱེས། དགུང་གྲངས་བཅུ་གསུམ་པ་ཤིང་སྟག་ལོར་ལྷ་སར་ཕེབས་ཏེ་བྱང་རྩེ་མཁན་ཆེན་བསྟན་དར་ཡོངས་འཛིན་དུ་བསྡུས་གྲྭ་དང་བློ་རྟགས་ཕར་ཕྱིན། དབུ་མ་གསར་པའི་བར་དམ་བཅའ་ཚོགས་ལང་གང་མང་གནང་བར་གཞན་གྱིས་རྩོད་ཟླ་བྲལ་བས་སྐྱེ་བོ་ཀུན་གྱིས་དད་གུས་དང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། དཀར་དགོན་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་གི་སྔགས་པ་གྲྭ་ཚང་གི་གཉེར་ཁག་ལྷ་ས་ས་ཁུལ་དུ་བཞུགས་པའི་ཚོང་གཉེར་མཁན་ཚོང་གཉེར་ལམ་འགྲོ་མ་བྱུང་བར་བརྟེན་རྗེ་བཙུན་[page 95] འདི་ཉིད་ཀྱིས་ཐུགས་འཁུར་ཆེན་པོས་བོད་ས་གནས་སྲིད་གཞུང་དང་སེར་བྱེས་གྲྭ་ཚང་བཅས་སུ་དངུལ་འབོར་ཆེན་བུ་ལོན་བཞེས་ཏེ་སླར་ཚོང་ལས་བྱ་རུ་བཅུག་ཀྱང་ལམ་འགྲོ་མ་ཕྱིན་སྟབས་བོད་སྲིད་གཞུང་གི་སྒྲིག་སྲོལ་དང་མི་མཐུན་པའི་བྱ་བ་མང་ཙམ་བསྒྲུབས་པས་ན་གཉེར་ཁག་གི་མི་སྣ་རྣམས་ལྷ་ལྡན་ནས་ཡུལ་བུད་བྱས། ནག་ཚང་སྤྲུལ་སྐུ་ཉིད་གྲྭ་སར་སློབ་གཉེར་དུ་བཞུགས་བཞིན་པའི་སྐབས་དེར་ལྷ་སར་ཡོད་པའི་ནག་ཚང་བླ་བྲང་གི་ཁང་གཞི་རྒྱུ་ནོར་ཡོངས་རྫོགས་ལ་བོད་ས་གནས་སྲིད་གཞུང་གིས་སྒོ་ཐེལ་བརྒྱབ། བླ་བྲང་ཕྱག་མཛོད་གུ་རུ་མ་དང་། གཉེར་པ་བསྟན་པ་ཆོས་བཟང་གཉིས་ལྷ་ས་སྣང་རྩེ་ཤག་བཙོན་ཁང་དུ་བཙུད། དུས་མཚུངས་སུ་རིན་པོ་ཆེ་ནས་འབའ་ཆོས་ལྡན་དགོན་གྱི་གྲྭ་བ་བློ་བཟང་ཆོས་འཕེལ་དཀར་མཛེས་སུ་མངགས་ཏེ་མྱུར་བར་རང་ཡུལ་ནས་བསུ་བ་ཡོང་དགོས་ཚུལ་གསུངས་པར། བླ་བྲང་ནས་འཕྲལ་དུ་བསུ་བ་ལ་འོང་གྲབས་སྐབས་རང་ཡུལ་དུའང་ས་གནས་ཀྱི་དཔོན་པོས་བླ་བྲང་གི་རྒྱུ་ནོར་གཞུང་བཞེས་བཏང་བས་བསུ་བར་འགྲོ་བའི་ཆ་རྐྱེན་བྲལ་ཏེ་གདན་ཞུ་མ་ཐུབ་པས་དུས་འགྱངས་སོང་སྟབས་དགུང་གྲངས་༢༡ཆུ་ཁྱི་༡༩༢༣ལོར་དགའ་ལྡན་ཧྲེ་ཧོར་ཁང་ཚན་འདུ་ཁང་ཐོག་གི་གཟིམ་ཆུང་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།།
སྐུ་ཕྲེང་ལྔ་པ། རྗེ་བཙུན་ངག་དབང་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་འགྱུར་རོང་ཚང་ཞེས་པ་ཡབ་བློ་བཟང་དགའ་སྐྱིད་གཉིས་ལ་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་ང་གཅིག་ཤིང་བྱི་༡༩༢༤ལོ་ལ་སྐུ་འཁྲུངས། སྐུ་ཕྲེང་ལྔ་པ་ངོས་འཛིན་གྱི་ས་བོན་བསྡུས་ཏེ་ལྷ་ལྡན་ནས་ཕུར་ལྕོག་བྱམས་པ་རིན་པོ་ཆེས་གསེར་བུམ་རྒྱ་ཅན་གྱི་མཚན་གསོལ་གནང་། རང་ཡུལ་གྱིས་གསེར་བུམ་དེ་ཉིད་ཁ་ཕྱེ་སྐབས་སུ་སྐུ་ཞི་བར་གཤེགས་ཟིན་ཞིང་སྐུ་ཚེ་ཟླ་བ་བརྒྱད་ལས་མ་བཞུགས་པའོ།།
སྐུ་ཕྲེང་དྲུག་པ། རྗེ་བཙུན་ངག་དབང་དམ་ཆོས་འཇིགས་མེད་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ནི། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་གསུམ་པ་ས་སྦྲུལ་༡༩༢༩ལོར་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་འཕེལ་རྒྱས་ངམ་བཀྲ་ཤིས་ནོར་བུའི་གླིང་གི་ཉེ་འདབས་སུ་ངེས་ལང་ཞེས་བྱ་བའི་གྲོང་སྡེར་ཡབ་བློ་བཟང་ཆོས་འཕེལ་དང་ཡམ་ཚེ་ལྷ་ཞེས་པའི་སྲས་སུ་སྐུ་འཁྲུངས། (ཏྲེ་ཧོར་ལམ་བྲག་སྐུ་ཕྲེང་ལྔ་པ་བློ་བཟང་མཁས་གྲུབ་ཡེ་ཤེས་དབང་ཕྱུག་གི་སྐུ་ཚ་ཡིན།)ལྕགས་ལུག་ལོ་ལ་སྐུ་གོང་མའི་ངོས་འཛིན་མཛད་དེ་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་རིན་ཆེན་གླིང་གི་གསེར་ཁྲི་ལ་ཞབས་ཟུང་བཀོད། དགུང་ལོ་བརྒྱད་ཀྱི་ཐོག་དགེ་བའི་བཤེས་གཉེན་ཆུ་བཟང་སྔགས་རམས་པ་སངས་རྒྱས་ཤེས་རབ་ཡོངས་འཛིན་དུ་བསྟེན་ནས་ཐོག་མར་ཀློག་སློབ་ནས་ཆོས་སྤྱོད་སོགས་བློ་འཛིན་མཛད། དགུང་ལོ་བཅུའི་ཐོག་ཏུ་དཀར་མཛེས་དགོན་གྱི་མདོ་སྔགས་གཉིས་ཀྱི་གྲྭ་ཚང་སོ་སོའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་ལ་མངའ་གསོལ། འཁྲུངས་གསར་རྡོ་རྗེ་འཆང་༧བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོའི་མཁན་སློབ་སྦྲགས་མར་དགེ་[page 96] བསྙེན་དང་བར་མ་རབ་བྱུང་སོགས་དང་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་གནང་བའོ། སྐལ་ལྡན་སྐྱེས་བུ་ཀུན་གྱི་མཐོང་བ་ཙམ་གྱིས་དད་པ་ངང་གིས་སྐྱེ་བའི་མཛད་བཟང་གནང་། ཀུན་གྱིས་དམ་པ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ཡིད་ཆེས་བའི་གནས་སུ་གྱུར། དགུང་ལོ་བཅུ་གསུམ་ལ་ཕེབས་པར་ཉེ་བ་ན་གློ་བུར་དུ་སྐུ་ཁམས་མི་བདེ་བར་གྱུར་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་དོ།།
སྐུ་ཕྲེང་བདུན་པ། དགའ་ལྡན་ནག་ཚང་སྐུ་ཕྲེང་བདུན་པའི་མིང་འཛིན་དགེ་སློང་བློ་བཟང་བསྟན་པ་ངག་དབང་འཕེལ་རྒྱས་སམ་བྱམས་པ་ངག་དབང་དམ་ཆོས་འཕྲིན་ལས་ནི། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་རི་ནུབ་གྱོང་རྭི་ནང་དུ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཅོ་ལྔ་བའི་ལྕགས་སྤྲེལ་༡༩༤༡ལོའི་ཟླ་༢པའི་ཚེས་༢༥ཉིན་ཕ་པད་མ་རིག་འཛིན་ནམ་ཐང་སི་ཨ་བོན་དང་། མ་སྐལ་བཟང་ཆོས་མཚོ་གཉིས་ཀྱི་བུ་རུ་སྐྱེས། ཕུར་ལྕོག་བྱམས་མགོན་རིན་པོ་ཆེས་ནག་ཚང་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་གནང་། ཤིང་སྤྲེལ་༡༩༤༤ལོའི་ཟླ་བ་དང་པོའི་ནང་དུ་ནག་ཚང་དབེན་གནས་བཀྲ་ཤིས་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཁྲི་སྟོན་གྱི་མཛད་སྒོ་བྱས། ༡༩༤༧ལོར་དགེ་བ་བཤེས་གཉེན་ཆེན་པོ་སྔགས་རམས་པ་བློ་བཟང་ཚེ་དཔག་ཡོངས་འཛིན་དུ་བརྟེན་ནས་ཐོས་བསམ་གྱི་འགོ་བཙུགས། ལྕགས་སྟག་ལོར་འཁྲུངས་གསར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོའི་ཞལ་སྔ་ནས་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་བློ་བཟང་དབང་ཕྱུག་དཔལ་བཟང་པོའི་ཞལ་སྔ་ནས་ལམ་རིམ་མྱུར་ལམ་སོགས་ཀྱི་མྱོང་ཁྲིད་དང་། གསང་བདེ་འཇིགས་གསུམ་སོགས་བླ་མེད་ཀྱི་དབང་ཆེན་སོགས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བའི་ཆེད་དུ་མདོ་སྔགས་ཀྱི་ཆོས་སྐོར་མང་པོ་ཞུས། ཤིང་ལུག་༡༩༥༥ལོར་ལྷ་ལྡན་དུ་སོང་ནས་ཆོས་ཀྱི་འབྱུང་གནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བྱང་རྩེ་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་ཧྲེ་ཧོར་ཆོས་དབྱིངས་དཔལ་ལྡན་གྱི་ཞབས་ལ་གཏུགས་ཏེ་མཚན་ཉིད་ལ་སྦྱང་བརྩོན་བྱས། ཞོར་དུ་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་དབང་ལུང་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་སྐོར་རྒྱ་ཆེན་ཞུས། མེ་བྱ་༡༩༥༧ལོའི་ཟླ་༦པའི་ནང་ཕྱིར་རང་ཡུལ་དུ་འབྱོར། དཀར་མཛེས་དགོན་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་གི་འཆད་ཉན་གྱི་འགན་ཁུར་རང་ཐོག་ཏུ་བབས་པས་ལམ་རིམ་གྱི་འཆད་ཉན་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་མ་ཉམས་པར་བྱས། སྤྱི་ལོ་༡༩༥༨ལོའི་ཟླ་༩པའི་ཚེས་༢༦ཉིན་བཞི་རྒོལ་གྱི་སློབ་སྦྱོང་ལ་བཙུད་ཅིང་མི་རིང་བར་དགོན་པ་དང་ཁ་བྲལ་ཏེ་ངལ་རྩོལ་གྱི་འཚོ་བ་དང་བསམ་བློ་བསྒྱུར་བཀོད་ཀྱི་འོག་ཏུ་དཀར་མཛེས་རྫོང་གསེར་ཆུ་སྟེང་མི་དམངས་ཀུང་ཧྲེ་མཐའ་སྨད་རུ་ཆེན་ཐོན་སྐྱེད་རུ་ཁག་བཞི་པ་རྒྱ་འུ་གྲོང་ནང་ཕ་ཡུལ་དུ་ཕ་མ་སོགས་སུ་ཡང་མེད་སྟབས་ཕྱག་མཛོད་པད་མ་ཆོས་[page 97] བཟང་གི་ཁྱིམ་དུ་ངལ་རྩོལ་ལས་ལ་ཞུགས། ཤིང་སྦྲུལ་༡༩༦༥ལོའི་ཟླ་བ་༦པའི་ཚེས་༢༧ཉིན་ལྐོག་ཏུ་ཆོས་ཀྱི་བྱེད་སྒོ་སྤེལ་བའི་ས་འོག་དགོན་པའི་དོན་རྐྱེན་གྱི་གཏེ་བོ་རུ་བརྩིས་ནས་གསར་བརྗེར་ངོ་རྒོལ་པའི་ཞྭ་མོ་གཡོག དེ་ནས་བཟུང་སྟེ་གྲོང་ལྷོ་ཞང་གླིང་ཐོག་མཉམ་ལས་ཁང་ཞེས་པའི་གྲོང་དུ་ཞིང་ལས་དང་། བཟོ་ལས། ཞོར་ལས་བཅས་ཀྱི་འཚོ་བའི་ངང་མི་གཞན་གྱིས་ལྟ་སྲུང་བྱ་བའི་འོག་ཏུ་རང་ཁ་རང་གསོ་བྱས། ས་ལུག་༡༩༧༩ལོའི་ཟླ་བ་༡༡པའི་ཚེས་༡༩ཉིན་གསར་བརྗེར་ངོ་རྒོལ་པའི་ཞྭ་མོ་ཕུད་ལྕགས་སྤྲེལ་༡༩༧༨༠ལོའི་ཟླ་བ་༤པའི་ཚེས་༡༣ཉིན་སྲིད་ཇུས་དོན་འཁྱོལ་གཞུང་ལས་ཁང་ནས་སྔོན་བྱུང་གི་བྱ་བ་ཀུན་ལ་དཀར་འདོན་དང་ཡོ་བསྲང་གནང་། ལོ་དེའི་ཟླ་བ་༨པའི་ཚེས་༡༥ཉིན་གོང་རིམ་གྱིས་མཆོག་མཆན་འོག་རྒྱ་གར་དུ་སྐྱེས་མ་མཇལ་བར་བསྐྱོད། ཝ་ར་ན་སི་སོགས་གནས་ཆེན་ཏུ་བགྲོད་ནས་མཆོད་མཇལ་དང་ཁྱད་པར་དུ་གནས་མཆོག་རྡོ་རྗེ་གདན་དུ་དགེ་སློང་གི་སྡོམ་པ་མནོས། ༡༩༨༡ལོའི་ཟླ་བ་༡༠པའི་ནང་སྐྱེས་མ་དང་མཉམ་དུ་རང་ཡུལ་དུ་ཕྱིར་སླེབས།
༡༩༨༤ལོ་ནས་ཏྲེ་ཤོད་མཎྜལ་ཐང་ཞེས་ས་དེར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་རྒ་ཨ་གཉན་དམ་པའི་ཕྱག་བཟོ་དཔལ་ལྡན་གུར་གྱི་མགོན་པོ་ལྷ་བརྒྱད་བཅས་ཉམས་གསོ་བྱེད་པའི་དབུ་བཙུགས། དགེ་སློང་བཀྲིས་ཚེ་རིང་དང་དགེ་སློང་ཡ་ཐར་མགོན་པོ། དགེ་སློང་དབང་ཆེན་རྒྱ་མཚོ། དགེ་སློང་སངས་རྒྱས་རྒྱ་མཚོ་སོགས་མི་བརྒྱད་ཀྱི་ཉམས་གསོ་ཚོ་ཆུང་བཙུགས། ལྷ་ཁང་བཟོ་བཀོད་ལེགས་བཅོས་དང་། དཔལ་ལྡན་བླ་མ་དམ་པ་༧ཁང་དམར་རྡོ་རྗེ་འཆང་གི་རྒྱུ་སྦྱོར་མཛད་དེ་སྟེང་ཤོད་ཀུན་གྱི་རྟེན་གསུམ་བསྐྱར་བཞེངས་གྲུབ།
དཀར་མཛེས་དགོན་གྱི་ཆོས་ལུགས་པར་ཁང་གསར་དུ་གཉེར། ཆབ་མདོ། དཀར་མཛེས་ཁུལ་སོགས་རྫོང་བཅུ་ཕྲག་གཉིས་ལྷག་གི་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་པ་ཕོ་མོ་ཚོས་དགེ་བ་སྒྲུབ་པའི་ཕྱིར། མ་ཎི་ཡིག་བརྒྱ། སི་དྷི་དམིགས་བརྩེ་མ་སོགས་གྱི་དུང་འཁོར་བརྒྱ་ཕྲག་བརྒལ་བ་འཛུགས་པའི་མཐུན་རྐྱེན་བསྐྲུན། ༡༩༧༨ལོ་ནས་གྲོང་སྡེ་སོ་སོའི་ལྷ་མོ་ཚོགས་པ་རྣམས་མཉམ་འབྲེལ་གྱིས་དཀར་མཛེས་ལས་ཞོར་ལྷ་མོ་ཚོགས་པ་ལ་བསྒྱུར། དེ་ཉིད་སླར་ཡང་༡༩༨༥ལོར་རྫོང་ལྷ་མོ་ཚོགས་པ་ལ་བསྒྱུར། འཁྲབ་གཞུང་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་དང་། གཞན་ལས་འབྲས་ལ་བླང་དོར་བྱ་ཚུལ་མི་གཤིས་བཟང་ངན་གྱི་ཁྱད་ཆོས། ཡ་རབས་ཀྱི་སྤྱོད་སོགས་འཁྲབ་སྟོན་བྱས། གནའ་རབས་མི་རིགས་ཀྱི་ཁྱད་ཆོས་མ་དོར་བའི་འོག དེང་རབས་སྒྱུ་རྩལ་གྱིས་ཁ་བསྐངས་ཏེ་ཞིང་ཆེན་བརྒལ་བའི་འཁྲབ་སྟོན་སོགས་བྱས།
མེ་སྟག་༡༩༨༦ལོར་དར་མདོ་ལྔ་མཆོད་དགོན་པ་ཉམས་གསོ་མཐུན་རྐྱེན་བསྒྲུབས། རྒྱལ་བ་བྱམས་པ་གསར་བཞེངས་དང་། དགེ་ཚུལ་སློང་གི་སྡོམ་པ་འབོགས་པ་སོགས་བྱས། ཀུན་གཟིགས་པཎ་[page 98] ཆེན་རིན་པོ་ཆེ་དཀར་མཛེས་ཁུལ་དུ་ཕེབས་སྐབས་དཀར་མཛེས་དགོན་གྱི་རྒྱུ་བདག་བྱས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་ཆེན་ཞུས་སྐབས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེར་ཕུལ། ༡༩༨༡ལོ་ནས་༡༩༨༦ལོའི་བར་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུའི་གླིང་རྨང་ནས་གསར་བཞེངས་ཀྱི་འགན་བཟུང་། རོང་ཚ་མཆོག་སྤྲུལ་བློ་བཟང་ངག་དབང་བསྟན་པ་ཡར་འཕེལ་མཆོག་ནས་འདུ་ཁང་སྟེང་ཤོད་ཀུན་གྱི་རི་མོ་དང་བཟོ་བཀོད་བྱས། ཁུལ་དང་རྫོང་མི་དམངས་སྲིད་གཞུང་། ཤང་བཅུ་དང་མཉམ་ལས་སོ་སོའི་འགོ་ཁྲིད་དང་མི་དམངས་སྲིད་གཞུང་། ཤང་བཅུ་དང་མཉམ་ལས་སོ་སོའི་འགོ་ཁྲིད་དང་མི་དམངས་ཡོངས་ཀྱི་ལུས་ལོངས་སྤྱོད་ལྟོས་མེད་ཀྱིས་འབད་བརྩོན་བྱས་ཏེ། འདུ་ཁང་དང་རྟེན་གསུམ་གསར་དུ་བཞེངས། ལམ་བྲག་རྡོ་རྗེ་འཆང་སོགས་རྩ་བའི་བླ་མ་རྣམས་ཀྱི་བཀའ་དགོངས་བཞིན་ཤང་བཅུ་ལ་གྲྭ་ས་ལྟར་ཁང་ཚན་བཅུ་བཏབ། དཀར་དགོན་དང་། བེ་རུ། ཁང་དམར་སོགས་དགོན་ཁག་ཉུང་ཤས་ལ་རྩ་བཞི་གང་རུང་ལས་འགལ་ཚེ་དགོན་པ་རུ་འཇུག་མི་ཆོག་པ་བྱས། སྐྱབས་འགྲོའི་རྒྱུ་གཉིས་དང་། ཕམ་ལྷག་བཅུ་བདུན་གྱི་རྒྱུག་སྤྲད་ཀྱི་སྲོལ་གསར་དུ་བཙུགས། པཎ་ཆེན་རིན་པོ་ཆེའི་དགོངས་པ་ལྟར་གྲངས་མང་བ་མི་གཙོ་སྤུས་ཚད་བཟང་གཙོ་བོ་བྱས་ཏེ་བསྟན་པ་རྒྱུན་རིང་ཐུན་གང་དུའང་། རང་ལག་ཏུ་ཡོད་ཚེ་འགྱོད་པ་སྒྲུབ་ཁུལ་བྱས། གཞི་གསུམ་གྱི་ཕྱག་ལེན་གཙོར་བཟུང་། ཆོས་ར་དུས་ཚད་ལས་རིང་དུ་བཏང་སྟེ། དབྱར་དགུན་སྟོན་དཔྱིད་བཞི་ལ་ཆོས་ཐོག་ཆེན་མོ་ཟླ་རེ་རེ་གསར་དུ་བཙུགས། བསྡུས་གྲྭ་ནས་བཟུང་འཛིན་གྲྭ་རྣམས་རིམ་གཉེར་བྱས། གྲྭ་རྒན་གཞོན་ཀུན་གྱིས་མཚན་ཉིད་ལ་གཟིགས་དགོས་པ་འཆར་བཀོད་སོགས་དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་བསྒྲགས་ཡིག་ཆ་ཚང་བཟོས། ལོ་རེ་བཞིན་འདོན་ཆོག་དང་མཚན་ཉིད་རྒྱུག་སྤྲོད་ཨང་གྲངས་ཀྱི་བྱ་དགའ་སྤྲོད་པའི་ལམ་ལུགས་བཙུགས། དབྱར་གནས་སྐབས་སུ་གྲྭ་ཚང་གི་རྒྱུ་སྦྱོར་ཐོག གྲྭ་པ་བཞི་བཅུས་ལོ་རེ་ལ་ཡི་དམ་གང་རུང་ཞིག་གི་དབང་ཞུ་བ་དང་དེའི་ལས་རུང་བསྙེན་པ་དང་ཁ་སྐོང་སྦྱིན་སྲེག་འབུལ་རྒྱུ་གཏན་འཇག་བྱས། མ་འོངས་པ་ན་ལོ་རེ་ལ་འཇིགས་བྱེད་བསྙེན་ཆེན་སྡོད་མཁན་མི་བཞི་རེ་དགོན་ནས་ཞབས་འདེབས་ཞུས་ནས་བཞུགས་རྒྱུ་འཆར་བཀོད་བྱས། རབ་བྱུང་བཅུ་བདུན་པའི་མེ༡༩༨༧ལོའི་ཟླ་བ་༣པའི་ཚེས་༢༥ཉིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་ཀྱི་གྲ་སྒྲིགས་ཚོ་ཆུང་དུ་པེ་ཅིང་དུ་སླེབས། ཧྥུ་ཡང་དགོན་(ཕོ་བྲང་རྙིང་པའི་ནུབ་ངོས་)དུ་“གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་”རྩོམ་སྒྲིག་ཚོ་ཆུང་གི་འགན་ཁུར། དེ་ནས་བཟུང་ད་བར་དུ་དེབ་དང་པོ་ནས་ཉི་ཤུ་རྩ་བཞི་བར་རྩོམ་སྒྲིག་དང་དཔེ་བསྐྲུན་བྱས། ༡༩༨༧ལོའི་ཟླ་བ་༩པའི་ཚེས་༡ཉིན་ཐེངས་དང་པོའི་སློབ་མའི་གྲས་སུ་ཞུགས་ནས་འཛིན་གྲྭའི་སྐྱོར་དཔོན་གྱི་འགན་ཁུར། ས་འབྲུག་༡༩༨༨ལོའི་ཟླ་བ་༦པའི་ཚེས་༡༥ལོ་སློབ་གྲྭ་ནས་ཐོན་ཏེ་ཆེད་སྦྱོང་འཛིན་གྲྭ་ནས་ཐོན་པའི་ལག་འཁྱེར་གནང་ནས་ད་ཕན་སློབ་གླིང་རང་དུ་ལས་དོན་བསྒྲུབ། ལོ་[page 99] དེའི་ཟླ་བ་༡༡པའི་ཚེས་༡ཉིན་སློབ་གླིང་དབུ་གཙོ་གཞོན་པའི་ཕྱག་རྟགས་ཕེབས། སློབ་གླིང་གི་དགེ་སློབ་ལས་བཟོ་ཀུན་ལ་ཉེ་རིང་མེད་པའི་བྱ་བ་ཀུན་ལ་ལས་འབྲས་དཔང་པོར་བཞག་ནས་སྒྲུབ། ལྷག་པར་དུ་གྲུབ་མཐའ་ཁག་དང་། མི་རིགས་ཕྱོགས་ཀྱི་ཆགས་སྡང་གི་བསམ་བློ་རིང་དུ་དོར་ཏེ། ངེས་དོན་གྱི་དགེ་རྒན་མཁས་ཆེན་དུང་དཀར་བློ་བཟང་འཕྲིན་ལས་རྒྱ་མཚོ། རྗེ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ། ས་སྐྱ་མཁན་ཆེན་ཀླུ་སྒྲུབ་རྒྱ་མཚོ། འབྲོག་མི་བྱམས་པ་བློ་གྲོས། དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་དབང་ཕྱུག་དཔལ་བཟང་པོ་སོགས་དང་། (མཚོ་སྔོན)སྐུ་འབུམ་དགོན་གྱི་ཆེ་ཤོས་རྡོ་རྗེ་འཆང་བཤད་སྒྲུབ་རྒྱ་མཚོ། ཤིང་བཟའ་རྡོ་རྗེ་འཆང་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། མཁན་ཆེན་བསྟན་པའི་ཉི་མ་སོགས་དང་། (ཀན་སུའུ)བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། བླ་བྲང་དགེ་བཤེས་དགེ་འདུན་རྒྱ་མཚོ་སོགས་དང་། (ཟི་ཁྲོན)གསེར་ཐང་གནུབ་ཟོག་གནས་ལྔ་རིགས་པའི་མཁས་ཆེན་འཇིགས་མེད་ཕུན་ཚོགས། མི་ཉག་ཙ་ར་མཁན་ཆེན་ཆོས་གྲགས། ཚར་ཚར་སྒྲུབ་རྒན་ཀརྨ་བློ་གྲོས་ངེས་དོན་བསྟན་འཛིན་སེང་གེ་སོགས་གདན་ཞུས་ཐོག ཆེ་ཤོས་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་དཔལ་བཟང་པོ་དང་ཧྭ་བ་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་སོགས་ཀྱི་ཡི་དམ་ཁག་གི་དབང་ཆེན་སྒྲུབ་ཐབས་རིན་འབྱུང་སོགས་གྲུབ་མཐའ་རང་རང་གི་ཕྱག་ལེན་མ་ཉམས་པའི་ཐོག་ཏུ་བོད་བརྒྱུད་ནང་བསྟན་གྱི་དབང་ལུང་མན་ངག་ཐུན་མོང་མིན་པའི་ཕྱག་སོར་དེ་ཉིད་སློབ་ཆེན་གཙོ་བོ་རུ་བཀོད་སྒྲིག་བྱས། ལྷག་པར་དུ་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་བཞིན་ཀན་སུའུ་བླ་བྲང་དགོན་ཆེན་དུས་འཁོར་གྲྭ་ཚང་གི་མཁས་པ་ཆེན་པོ་དགེ་རྒན་བསམ་འགྲུབ་རྒྱ་མཚོ་སོགས་གདན་ཞུ་བྱས་ཏེ་སྐར་རིག་པ་གནའ་རབས་དང་དེང་རབས་ཀྱི་གློག་ཆས་བེད་སྤྱོད་བྱ་ཚུལ་ཐུན་མོང་མ་ཡིན་པ་རྣམས་ལོ་གཉིས་སུ་ཆེད་གཉེར་འཛིན་གྲྭ་བཙུགས་ནས་རྒྱུན་སྤེལ་བྱས། ངེས་པ་དོན་གྱི་མཁས་ཆེན་མཁན་པོ་ཁྲོ་རུ་ཚེ་རྣམ་སོགས་གདན་ཞུ་བྱས་ཏེ་སྒྲ་ཀཱ་ཙན་དབྱངས་གསུམ་གྱི་ལུང་ཁྲིད་རྒྱུན་སྤེལ་ལ་ཆེད་ལས་སློབ་གཉེར་དུས་ཡུན་ལོ་གསུམ་དུ་བྱས། ༡༩༩༢ལོར་བླ་མ་རྡོ་རྗེ་འཆང་ཆེ་ཤོས་རིན་པོ་ཆེ་སློབ་གླིང་དབུ་གཙོ་གཞོན་པ་གདན་ཞུ་བྱས། དེ་ནས་བཟུང་སྟེ་སློབ་གླིང་གི་བྱ་བ་ཀུན་ཁོང་ཉིད་ཀྱིས་གཙོ་འགན་བཞེས།
༡༩༨༨ལོའི་ཟླ་བ་༡༠པའི་ཚེས་༢༧ཉིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོད་རྒྱུད་ནང་བསྟན་ཞིབ་འཇུག་ཁང་དངོས་སུ་དབུ་བརྙེས། ཞིང་ཆེན་ལྗོངས་ཁག་བདུན་ནས་སྤྲུལ་སྐུ་དགེ་བཤེས་སོགས་མཁས་པའི་དབང་པོ་དྲུག་ཅུ་རེ་ལྔ་ལ་ཞིབ་འཇུག་པ། ཞིབ་འཇུག་པ་གཞོན་པ། ཞིབ་འཇུག་མི་སྣའི་མཚན་གསོལ།
༡༩༩༣ལོའི་ཟླ་བ་༡༠པའི་ཚེས་༢༡ཉིན་པེ་ཅིན་གྱི་ལྷ་ཁང་སེར་པོའི་དགོན་པ་རུ། ཀྲུང་གོའི་ཁྱད་[page 100] ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་འགལ་བའི་འོག་ཏུ། ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་གནས་པ་གོང་འཕེལ་དུ་འགྲོ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་ཡོང་ཆེད་“ཀྲུང་ཧྭ་བོད་བརྒྱུད་ནང་བསྟན་ཞིབ་བསྡུར་ཚོགས་ཆེན་”དངོས་སུ་དབུ་བཙུགས་ཏེ་ཚོགས་ཆེན་ཐོག་ཞིབ་འཇུག་ཁང་གི་སྒྲིག་ཡིག “ཆོས་ཆར”དུས་དེབ་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་བཟོ་རྒྱུ་དང་། ཞིང་ཆེན་ལྗོངས་ཁག་བདུན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལོ་རྒྱུས་འབྲི་རྒྱུ་དང་དཔེ་བསྐྲུན་བྱ་རྒྱུ། “གངས་ཅན་རིག་པའི་དཔེ་ཚོགས་”ཞེས་པའི་དཔེ་ཚོགས་སུ་ནང་བསྟན་གྱི་གཞུང་རྙིང་རྒྱུན་དཀོན་རྣམས་དཔར་རྒྱུ་དང་། རྒྱ་ཡིག་ཏུ་བསྒྱུར་ཏེ་དཔེ་བསྐྲུན་བྱ་རྒྱུ། 《གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་》ལས་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ནས་འགོ་བཙུགས་ཏེ་རྒྱ་ཡིག་ལ་བསྒྱུར་ནས་དཔེ་སྐྲུན་བྱ་རྒྱུ་གྲོས་འཆམ་བྱུང་།
མེ་ཡོས་༡༩༨༨ལོའི་ཟླ་༢པའི་ཚེས་༣ཉིན་དཀར་མཛེས་རྫོང་ནག་ཚང་དབེན་གནས་བཤད་སྒྲུབ་འཕེལ་རྒྱས་གླིང་བསྐྱར་བཞེངས་ཀྱི་དབུ་བཙུགས། སྔགས་རམ་པ་བློ་བཟང་ཆོས་རྒྱལ་དང་། གསོལ་དཔོན་དོན་གྲུབ་རྣམ་རྒྱལ་གཉིས་ཀྱིས་དབུ་འཛིན་མཛད། རོང་ཚྭ་མཆོག་སྤྲུལ་རིན་པོ་ཆེའི་བྱམས་ཁང་སྟེང་ཤོད། གཟིམ་ཆུང་སོགས་ཀྱི་བཟོ་དབྱིབས་ཇུས་བཀོད་དང་། ཤིང་དཔོན་ཙང་ཅ་སྲིང་། བློ་བཟང་དབང་རྒྱས། གཉེར་མི་བཞི། ལྷ་བཟོ་བཅས་གཙོ་བོ་བྱས་ཏེ་རུ་ཁག་ལྔའི་དབུ་འཛིན་དང་རིམ་པ་ཁག་གི་སྲིད་གཞུང་གི་གཟིགས་སྐྱོང་ཆེན་པོ་དང་། མང་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ། འདུ་ཁང་སྟེང་ཤོད་ཀུན་དང་། སྐུ་རྒྱུ་ཟངས་རག་ལས་བྱས་པའི་རྒྱལ་བ་མི་ཕམ་མགོན་པོའི་སྣང་བརྙན་མཐོ་ཚད་སྤྱི་ཁྲི་བརྒྱད་ཅན་དང་། སྟོན་པ་ཐུགས་རྗེ་ཅན་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། རྗེ་ཙོང་ཁ་པ་ཆེན་པོ། རྗེ་ཤེས་རབ་སེང་གེ་བཅས་མཐོ་ཚད་སྤྱི་ཁྲི་ལྔ་ཅན་བཅས་དང་། སྨན་འདམ་ལས་གྲུབ་པའི་བདེ་གསང་འཇིགས་གསུམ། དུས་འཁོར་ལ་སོགས་ཡི་དམ་གྱི་སྐུ་བརྙན། མགོན་པོ་ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་ཆོས་སྐྱོང་སྐོར་སྤྱི་ཁྲི་གསུམ་ཅན། རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་བསྟན་འགྱུར་སོགས་ཚར་བཞི། རྗེ་ཡབ་སྲས་གསུམ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པ་གྲངས་༥༧བཅས་ཀྱི་གསུང་འབུམ་པོད་༣༢༠ལྷག་ཙམ་དང་། གཞན་དཔེ་ཆ་སྣ་ཚོགས་པོད་༡༠༠ཡན་ཙམ་གསར་བཞེངས་བྱས། གནས་བརྟན་བཅུ་དྲུག་གི་ཞལ་ཐང་དང་། གཞན་ཡི་དམ་སོགས་ཐང་ཀའི་རིགས། གཟུངས་སུ་འབུལ་བའི་སྐུ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། ཆོས་སྐྱོང་སྲུང་མ་བཅས་ཀྱི་སྐུ་བརྙན་ས་ཡ་དྲུག་ལྷག་དང་། སོ་སོའི་གཟུངས་སྔགས་དུང་༡༠ལྷག་བཞུགས་སོ། ཞེས་ནག་ཚང་དབེན་གནས་ཀྱི་ལོ་རྒྱུས་འདི་ནི་ནང་ཚང་བྱམས་པ་ངག་དབང་དང་འཇིགས་མེད་བསམ་གྲུབ་གཉིས་ཀྱིས་སྦྱར་བ་དགེའོ།།
[page 101] སྟོང་འཁོར་གནས་ནང་དགོན་ཞེས་པ་འདི་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་སྟོང་འཁོར་ཆིའུ་ལེ་སྤྱི་ལས་བཅུ་ཙམ་གྱི་ཕ་རོལ་ཏུ་ཆགས་ཡོད། དགོན་པ་འདི་ནི་བྲག་དཀར་བླ་མ་བྱམས་པ་རབ་བརྟན་བྱང་ཆུབ་ཆོས་རྒྱལ་གྱིས་བཏབ་པའི་ཇོ་མོའི་དགོན་པའམ་མཚམས་ཁང་ལྟ་བུ་ཞིག་ཡིན། ལྷ་ཁང་སོགས་མེད། བཙུན་མའི་གྲྭ་ཤག་ཉི་ཤུ་ལྷག་ཡོད། དང་པོ་འདེབས་དུས་དབེན་ལུང་ནང་དུ་ཡོད། རྗེས་ནས་དབེན་ལུང་ནང་དུ་རྐུན་ཇག་ཧ་ཅང་མང་སྟབས་བཙུན་མ་རྣམས་སྡོད་མ་ཚུགས་བར་དགོན་གནས་གཟི་རྫོང་ནང་དུ་སྤོས། དེ་ནས་འདུ་ཁང་ཆུང་བ་མི་སུམ་ཅུ་ལྷག་ཤོང་བའི་བཞུགས་ས་ཞིག་བཞེངས། གྲྭ་ཁང་ཉི་ཤུ་ལྷག་ཡོད། འདུ་ཁང་ནང་དུ་རྗེ་ཡབ་སྲས་གསུམ་གྱི་སྨན་སྐུ། ཐུགས་རྗེ་ཆེན་པོ། བླ་མ་བྱམས་པ་རབ་བརྟན། སྟོང་འཁོར་སྐུ་ཕྲེང་ཞིག་གི་ཐང་ག་བཅས་ཡོད། རྗེ་ཙོང་ཁ་བའི་གསུང་འབུམ་ཚར་གཉིས་དང་། ཇོ་མོ་རེ་ལ་ཁྲོད་ཆོས་སྐོར་དང་ལམ་རིམ་ཆེ་ཆུང་སོགས་ཡོད། སློབ་གཉེར་གྱི་རིམ་པ་ནི་ཇོ་མོ་ཆུང་བ་རྣམས་ལ་ཐོག་མ་ཡི་གེ་འབྲི་ཀློག་སོགས་བསླབ། དེ་ནས་རིམ་གྱིས་འདོན་ཆོག་དང་གཞུང་ལུགས་སྐོར་ཇོ་མོ་ཡོན་ཏན་ཡོད་མཁན་ཚོས་སློབ་པ་ཡིན། དུས་མཆོད་སྐོར་ལ། ཟླ་དང་པོའི་ནང་སྨན་བླ་འདོན་ཆོག་ཉིན་བདུན། ཟླ་གསུམ་པའི་ནང་བླ་མ་མཆོད་པའི་ཚོགས་མཆོད་ཉིན་བདུན། ཟླ་བཞི་བའི་ནང་སྨན་བླ་ཉིན་བདུན། རེ་འགར་ཟླ་ཕྱེད་བར་ཚོགས། ཟླ་དྲུག་པའི་ནང་སྨན་བླ་དང་བླ་མ་མཆོད་པ། སྒྲོལ་མ་སྒྲུབ་མཆོད་སོགས་ཉིན་འགའ་ཚོགས་པ་ཡིན་ཟླ་བརྒྱད་པའི་ནང་བདེ་མཆོག་གི་ཆོ་ག་ཉིན་འགའ་ཚོགས། མདོར་ན་ལོ་གཅིག་གི་ཟླ་རེ་ཚེས་བརྒྱད་དང་བཅོ་ལྔ། ཚེས་ཉེར་གཉིས་དང་ཉེར་དགུ་བཅས་ལ་ཇོ་མོ་ཚང་མ་འདུ་ཁང་དུ་ཚོགས་ཆེན་ཡོད། ཇོ་མོ་རྒན་གཞོན་སུ་ཡིན་ཀྱང་དགོན་པའི་སྒྲིག་ལམ་དང་འགལ་ན་དགེ་སྐོས་ཀྱིས་ཆད་པ་གཅོད། དཔེར་ན། ཕྱག་འཚལ་དུ་འཇུག་པ་དང་། ཟླ་ངོ་གཅིག་ལ་ཚོགས་སུ་མི་ཆུད་པ་སོགས་ཡིན། ཉེས་ཆེན་བྱུང་ན་དགོན་པ་ནས་ཕུད། ཇོ་མོ་རྣམས་ཀྱི་འཚོ་བ་ནི་རང་ཁྱིམ་ལ་བརྟེན་པ་དང་གལ་སྲིད་ཡུལ་མེད་པ་རྣམས་ལ་ཇོ་མོ་ནང་ཕན་ཚུན་གྱིས་རོགས་རམ་བྱེད། ལ་ལ་གྲོང་ནང་དུ་བསོད་སྙོམས་ལ་འགྲོ་བ་སོགས་བྱེད།
༡༩༩༠ལོར་དགོན་པ་འདི་དབེན་ལུང་གི་འདབས་ཞོལ་དུ་སྤོས་ཏེ་འདུ་ཁང་ཆུང་བ་ཞིག་བཞེངས་ཤིང་། གྲྭ་ཤག་སུམ་ཅུ་ལྷག་དང་ཇོ་མོ་དྲུག་ཅུ་ཙམ་བཞུགས། དཔེ་ཁྲིད་དང་སྒྲིག་ལམ་འཚོ་རྟེན་སོགས་སྔོན་མ་ནང་བཞིན་ཡིན། ཇོ་དགོན་འདི་ནི་གྲུབ་མཐའ་དགེ་ལུགས་པ་ཡིན། ཇོ་དགོན་འདི་ནི་གྲུབ་མཐའ་དགེ་ལུགས་པ་ཡིན་པ་དང་ད་ལྟ་ཆོས་སྒོ་ཕྱེ་མེད། ཞེས་གནང་ནང་ཇོ་མོ་དགོན་གྱི་ལོ་རྒྱུས་བསྡུས་པ་འདི་ནི་འབྲེལ་ཡོད་ཀྱི་ཡིག་ཆ་སོགས་མ་མཐོང་བས་[page 102] དགོན་རང་གི་ཇོ་མོ་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་སྤྱི་ལོ་གཅིག་དགུ་གོ་ལྔ་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ལ་པེ་ཅིན་དུ་སྦྱྲར་བ་དགེའོ།།
དགའ་ལྡན་ཇོ་མོ་དགོན་པའམ་དགའ་ལྡན་ཆོས་གླིང་ཇོ་མོ་དགོན་ཞེས་པ་ནི། དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་ཡོད་པའི་གཙང་ཆུའི་འགྲམ་མདའ་མདོ་ཞང་གི་མངའ་འོག་ཏུ་ཆགས་ཡོད། བོད་ཀྱི་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་སྤྱི་ལོ་༡༨༦༠ལོར་ཧྲེ་ཧོར་ཁང་གསར་སྐྱབས་མགོན་སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དགུང་ལོ་ཉེར་བདུན་ཐོག་བཏབ་པའི་གྲུབ་མཐའ་དགེ་ལུགས་པ་ཡིན།
ཐོག་མར་གནས་འདི་དབུས་རི་བོ་དགའ་ལྡན་པའི་ལྡན་ས་དང་ཆགས་ཚུལ་ཧ་ཅང་འདྲ་ཕྱིར། ཁོང་གིས་འདིར་རི་ཁྲོད་བཏབ། མཚན་ལའང་དགའ་ལྡན་རི་ཁྲོད་ཅེས་བཏགས། དེ་ནས་ཁོང་གིས་བུད་མེད་ཀྱི་གདུལ་བྱ་ལ་དགོངས་ནས་ཇོ་མོའི་དགོན་དུ་བསྒྱུར། ཁོང་སྦྱིན་བདག་དུ་ཕེབས་ནས་རི་ཁྲོད་དུ་འདུ་ཁང་ཆེན་མོ་ཀ་བ་ཉི་ཤུ་ཙམ་ཞིག་ཡོད་པ་ཞིག་བཞེངས། དེ་དུས་ཇོ་མོ་ཉི་ཤུ་ཙམ་ཡོད་སྐད། ཇོ་དགོན་འདི་དཀར་མཛེས་དགོན་གྱི་དགོན་ལག་ཡིན་པས་དགའ་ལྡན་ཆོས་གླིང་བླ་མ་ཟེར་ནས་དཀར་མཛེས་དགོན་པའི་དགེ་བཤེས་རེ་གཏོང་དགོས། བླ་མ་བཞུགས་ཡུལ་ལ་དུས་ཀྱི་གཏན་འཁེལ་མེད་ཉུང་ནའང་ལོ་རེ་བཞུགས་དགོས། ཆོས་གླིང་བླ་མས་ཇོ་མོ་རྣམས་ལ་གཙོ་བོ་སྤྱོད་འཇུག་སོགས་གཙོས་པའི་མདོ་སྔགས་ཀྱི་གཞུང་ཁྲིད། རིག་གནས་སོགས་ལ་སློབ་གཉེར་ཀྱི་སྲོལ་བཙུགས། དེ་ནས་ཆོས་གཉེར་གྱི་སྒོ་ནས་བླ་མ། སྒྲིག་ཁྲིམས་གྱི་སྒོ་ནས་དགེ་བསྐོས། ཆོས་སྐྱོར་གྱི་སྒོ་ནས་དབུ་མཛད། རྒྱུ་གཉེར་གྱི་སྒོ་ནས་གཉེར་པ་དང་དགོན་པའི་སྒྲུབ་མཆོད་སོགས་མ་དགོན་གྱི་ལུགས་ལྟར་སྲོལ་གཏོད་ཅིང་སྐྱབས་མགོན་ཁོང་གིས་སྲོལ་གཏན་ལ་ཕབ་པའི་བཅའ་ཡིག་ལྟར་ཕྱག་ལས་ལྷོད་མེད་གནང་བཞིན་མཆིས། དེ་ནས་སྐྱབས་མགོན་སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱན་མཚན་དང་། སྐུ་ཕྲེང་གཉིས་པའི་ཐུབ་བསྟན་བློ་བཟང་འཇིགས་མེད་རྒྱ་མཚོ། སྐུ་ཕྲེང་གསུམ་པ་ཐུབ་བསྟན་དགེ་ལེགས་དཔལ་བཟང་པོ་བཅས་སྐུ་ཐོག་གསུམ་དང་། དེ་ལས་གཞན་ཡང་མདའ་མདོ་བླ་མ་འོད་ཟེར། འོབས་བཟང་དགེས་བཤེས་སྐྱོར་དཔོན། དཀར་མཛེས་བླ་མ་བསོད་ནམས་དབང་གྲགས། འོབས་བཟང་བླ་མ་བྱམས་པ་བསྟན་འཛིན། འོབས་བཟང་བླ་མ་བུ་ཡག(ད་ལྟ་བཞུགས་ཡོད)སོགས་ལྔ་བཅུ་ཙམ་དང་། དགེ་བསྐོས་[page 103] བདུན་ཅུ་ཙམ། དབུ་མཛད་ཀྱང་དེ་ལྟར་ཕེབས་པའི་སྐུ་དྲིན་ལས་ཞྭ་སེར་བསྟན་པའི་རིང་ལུགས་རྒྱས་པར་
མཛད། རྟེན་གྱི་སྐོར་ལའང་གཙོ་བོ་སྐུ་ཡི་རྟེན་ཡབ་སྲས་གསུམ་གྱི་གསེར་སྐུ་གྲུ་གུ་ཙམ། ཐུབ་དབང་གསེར་སྐུ་ཁྲུ་གང་ཙམ་སོགས་གསེར་སྐུ་སུམ་ཅུ་ལྷག་ཡོད། གསུང་གི་རྟེན་ལ་བཀའ་འགྱུར་དང་བསྟན་འགྱུར། འབུམ་པོ་ཏི་བཅུ་གཉིས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཁང་གསར་སྐྱབས་མགོན་གཙོས་པའི་གསུང་འབུམ་བརྒྱ་ཕྲག་ཁ་ཤས་བཞུགས། དེའང་ཇོ་དགོན་འདི་ལ་མཆོད་སྡེ་དྲུག་ཙམ་ཡོད། མདའ་མདོ་གྲོང་། འོབས་བཟང་གྲོང་། རབ་དཀར་གྲོང་། ཆུ་བཟང་གྲོང་། ཞིང་བཟང་གྲོང་། རྩེ་ཆུ་གྲོང་། གསེར་མཁར་གྲོང་སོགས་ཡིན་པས་ཇོ་མོ་ཡོང་ཁུངས་གཙོ་བོ་དེ་རྣམས་ཡིན། གཞན་ཡང་ས་ཆ་གཞན་པ་ནས་འདི་རུ་ཕེབས་མཁན་ཇོ་མོ་ཡོད་སྲིད།
དེ་ནས་ཇོ་དགོན་འདི་བཞི་རྒོལ་སྐབས་སུ་ནང་རྟེན་ཚང་མ་བརླག། ཇོ་མོ་རྣམས་སྐྱ་ཕབ་ནས་ངལ་རྩོལ་བྱེད་དུ་བཅུག རིག་གནས་གསར་བརྗེའི་སྐབས་སུ་འདུ་ཁང་འོག་བརྩེགས་མ་གཏོགས་གྲྭ་ཤག་དང་བཅས་པ་གཏོར་བཤིག་བྱུང་། འདུ་ཁང་ནི་ཐོན་སྐྱེད་རུ་ཁག་གི་གཟན་རྩྭ་ཁང་དང་རྫི་ཁང་དུ་གྱུར་ཏོ།
དེ་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་བཟང་འཕྲོད་སྦྱོར་གྱིས་ཆོས་ལུགས་དད་པར་དབང་གི་སྲིད་ཇུས་ལག་བསྟར་འོག ཁང་གསར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་ཐུབ་བསྟན་དགེ་ལེགས་ཀྱིས་སྦྱིན་བདག་མཛད་ནས་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ་1983ལོར་ཞིག་གསོ་མཛད། སྔར་གྱི་འདུ་ཁང་འོག་བརྩེགས་ཀྱི་ཁང་བརྩེགས་གཉིས་བཞེངས་ཏེ་སུམ་བརྩེགས་ཅན་གྱི་འདུ་ཁང་སྤུས་ལེགས་བཞེངས། འདུ་ཁང་གི་གཞི་ཁྱོན་སྔར་ལྟར་ཡོད། ད་དུང་གྲྭ་ཤག་བཞི་བཅུ་ལྷག་བཏབ། དེ་ནས་སྟོང་འཁོར་གྱི་ལྷ་བཟོ་བློ་བཟང་གདན་དྲངས་ཏེ་ལྡེབས་རིས་བཅས་རྟེན་ངོ་མཚར་བཞེངས། ནང་རྟེན་གྱི་སྐོར་ལ་སྐུ་རྟེན་བྱམས་པ་སྐུ་ཚད་ཁང་བརྩེགས་གཉིས་ཙམ་རིན་པོ་ཆེའི་ཕྲ་ཚོམ་དང་བཅས་པ། དེའི་སྐུ་གཡས་སུ་རིམ་བཞིན་ཇོ་བོའི་སྐུ་ཁང་བརྩེགས་ཙམ། དེ་ནས་རིགས་གསུམ་མགོན་པོའི་ཞལ་ཐང་ཆེན་པོ་ཞིག གཡོན་དུ་རྗེ་རིན་པོ་ཆེའི་སྐུ་ཁང་བརྩེགས་ཙམ། དེ་ནས་ཐུབ་པའི་ཚོགས་ཞིན་ག་ཐང་ཀ་ཆེན་པོ་ཞིག དེ་དག་གི་སྣེ་འགྲམ་གཉིས་སུ་སྟོན་པའི་སྐུ་མཐོ་གང་ཙམ་ལྔ་བརྒྱ་རེ་སྟེ་ཁྱོན་སྟོང་སྐུ་གཅིག (སྐུ་རྟེན་ཚང་མ་འདམ་སྐུ་ཡིན)སོགས་གཟུངས་གཞུག་ཚད་དང་ལྡན་པ་བཅས་བཞེངས་པར་མཛད། གསུང་གི་རྟེན་ལ་རྩེ་པོ་ཏཱ་ལ་ནས་གདན་དྲངས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། རྗེ་གསུང་འབུམ་སོགས་ཁ་ཤས་དང་། དགོན་པའི་མཆོད་རྫས་ཆ་ཚང་བཞག་པར་མ་ཟད། དེ་དག་ལ་རབ་གནས་མཛད། དགོན་པ་འདིའི་ཆོས་སྐྱོང་སྔར་ཤུགས་ལྡན་ཡིན་ལ་དེང་སང་རྨ་རྒྱལ་སྦོམ་ར་ཡིན། བཅའ་ཁྲིམས་སོགས་སྔར་ལྟར་ཉམས་གསོ་མཛད་དེ་དགོན་དཔོན་ཚེ་རིང་དང་དབུ་མཛད་ཤེས་རབ། བླ་མ་བུ་ཡག་བཅས་ནས་དབུ་ཁྲིད་མཛད་ནས་བསྟན་པ་འཛིན་སྐྱོང་གནང་བ་དང་དགོན་བདག་ནི་ད་[page 104] བཞུགས་ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་མཆོག་ཡིན།
ད་ལྟ་དགོན་འདིས་རང་ཁ་རང་གསོ་བྱེད་བཞིན་མཆིས། འཚོ་བའི་ཐོན་ཁུངས་གཙོ་བོ་ནི། སོ་སོའི་ཁྱིམ་དུ་ཡོད་པའི་ཞིང་མུའུ་གསུམ་མམ་བཞི་རེ་ཙམ་དང་། དགོན་པ་སྤྱི་ལ་ཞིང་མུའུ་བཅུ་ཙམ་ཡོད་པ་དེ་དག་བདག་གིར་ལས་གཉེར་ལས་ཐོབ་པའི་འབྲུ་རིགས་དང་། ཞོར་དུ་འཚོ་བའི་ཁ་གསབ་ལ་ཞལ་འདེབས་དང་འབུལ་ཡོན། འདོན་ཡོན་སོགས་ལོ་རེར་ཡོང་སྒོ་སྒོར་མོ་ཆ་སྙོམས་གཉིས་སྟོང་ཙམ་ཡོད། དེ་དག་དགོན་པའི་དུས་ཆེན་སོགས་ལ་འགྲོ་སོང་གཏོང་དགོས། ཕྱི་ལ་ཨ་མཆོད་འགྲོ་བའི་སྲོལ་མེད། མདོར་ན་དགོན་པ་འདིས་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ནང་ལྟར་མང་ཚོགས་ལ་ཁུར་པོ་མེད་པ་དང་རང་ཁྱིམ་རང་བདག་གི་ལམ་དུ་འགྲོ་བཞིན་ཡོད། ཅེས་ཐེངས་འདིའི་ལོ་རྒྱུས་འདྲི་གཏུགས་བྱེད་ས་དཀར་མཛེས་ཁང་གསར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་ཐུབ་བསྟན་དགེ་ལེགས་མཆོག་དང་། ཡུས་ཧྲུའུ་སྒ་ཁོག་པ་ལབ་ཕན་འདུམ་བློ་བཟང་བློ་གྲོས་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་1995ལོའི་ཟླ་བ་གསུམ་པར་པེ་ཅིང་ནས་བྲིས་པ་དགེ་ལེགས་འཕེལ།།
བྲག་དཀར་ཇོ་མོ་དགོན་པའམ་བྲག་དཀར་འཕེལ་རྒྱས་གླིང་ནི་དཀར་མཛེས་རྫོང་ནུབ་ཕྱོགས་སུ་སྤྱི་ལེ་དྲུག་ཙམ་ཡོད་པའི་ཉག་ཆུ་ཆུས་གསེར་ཆུ་ཞང་གི་ས་གནས་སུ་ཆགས་ཡོད། བོད་རབ་བྱུང་བཅུ་གཉིས་པའི་མེ་སྤྲུལ་སྤྱི་ལོ་1737ལོར་བྲག་དཀར་ཞབས་དྲུང་གོང་མ་བྱམས་པ་རབ་བརྟན་གྱིས་བཏབ་མཛད། གྲུབ་མཐའ་དགེ་ལེགས་བ་ཡིན།།
ཇོ་དགོན་འདི་མདོ་ཁམས་སྨད་ཀྱི་དགོན་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པས་ཀུན་གྱིས་བསྔགས་འོས་ཀྱི་གནས་སུ་གྱུར། ཟླ་ཤེལ་རིལ་བུ། སྨྱུང་གནས། བུད་མེད་རབ་ཏུ་བྱུང་བ་སོགས་སྲོལ་བཟང་ཡོད་ལ། འགྲོ་བའི་ལུས་ཀྱི་ནད་དང་སེམས་ཀྱི་སྡུག་བསྔལ་སོགས་ཞི་བའི་མཛད་འཕྲིན་བླ་ན་མེད་པ་འདི་དང་འབྲེལ་བའི་སྒོ་ནས་དགོན་པའི་ལོ་རྒྱུས་རགས་ཙམ་བརྗོད་པར་བྱ་ན།
1、ཟླ་ཤེལ་རིལ་བུའི་སྐོར། དེའང་ནི་འཕགས་པ་སྤྱན་རས་གཟིགས་དབང་དངོས། ཞྭ་སྭེར་ཅོད་པཎ་འཆང་བའི་རིང་ལུགས་པ་དཔལ་ལྡན་བླ་མ་བྱམས་པ་རབ་བརྟན་སྐུ་ཆུང་ངུའི་དུས་ནས་སྐྱེས་བུ་དམ་[page 105] པའི་མཛད་སྤྱོད་སྡིག་སྤོང་དང་དགེ་སྒྲུབ་ཀྱི་སྤྱོད་པ་ཡ་མཚན་ཅན་ཤ་སྟག་ལས་མ་རབས་ཚུལ་མིན་གྱི་སྤྱོད་པ་དྲི་ཙམ་ཡང་མི་བྲོ་བ་ཞིག་ཡིན། ཁོང་ལུག་རྫི་ལ་འགྲོ་ཐུབ་པའི་སྐབས་སུ་རྫི་རོགས་ཞིག་ལ་ནད་གཞི་ལྕི་བས་སྨན་པ་སུས་ཀྱང་བཅོས་མ་ནུས་པ་སྐྱུག་འབྲུམ་དང་། རྒྱུ་གཟེར་སོགས་ནད་ཧ་ཅང་ཚབས་ཆེན་པོས་མནར་འདུག་པ་ལ། རྗེ་བླ་མ་དམ་པ་འདི་ཉིད་སྙིང་རྗེ་ཆེན་པོའི་སྒོ་ནས་ཐུགས་རབ་ཏུ་སྐྱོ་སྟེ་སྤྱན་ཆབ་ཤོར། ཁོང་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མངོན་སུམ་དུ་གཟིགས་ནས་རིགས་ཀྱི་བུ་ཁྱོད་ཀྱིས་སྤྱིར་སེམས་ཅན་ཐམསཅད་དང་། ཁྱད་པར་དུ་རང་གི་གྲོགས་ལ་དམིགས་ནས་མི་བཟོད་པའི་སྙིང་རྗེ་འདི་ཙམ་བསྐྱེད་པ་ནི་ལེགས་སོ་ལེགས་སོ། དེ་ལ་ཕན་པའི་སྨན་གྱི་སྦྱོར་བ་ནི། དཀར་པོ་ཆིག་ཐུབ། བྱ་ཕུར་ལེབ་བམ་ཀོ་བྱི། ཅོང་ཞི། སྤང་སྤོས། ཏིག་ཏའི་རིགས་ཐམས་ཅད་དང་། ཧོང་ལེན་སོགས་ཚོགས་པར་བྱས་ནས་ལེགས་པར་བརྡུང་ལ་ཆང་བཟང་པོའི་ནང་དུ་བསྙལ། སྐྱེས་བུ་དམ་པ་དུ་མའི་གདུང་རུས་བྱིན་རྟེན་གང་འཛོམས་བཏགས་ནས་རིལ་བུ་དྲིལ་ལ། རྩི་ནག་པོ་བསྐྱོན་ནས་མིང་དུ་ཟླ་ཤེལ་རིལ་བུ་ཞེས་བཏགས་ནས་རང་གི་གྲོགས་དང་། དེ་ལས་གཞན་ནད་པ་མཐའ་དག་ལ་སྦྱིན་པར་གྱིས་དང་། བདུད་རྩི་སྨན་གྱི་མཆོག་ཏུ་འགྱུར་རོ་ཞེས་གསུང་གི་སྣང་བ་ངོ་མཚར་བརྗོད་དུ་མེད་པ་དུ་མ་གནང་བ་ནི་རང་བཞིན་སྒྲོ་བཏགས་ཙམ་མ་ཡིན་པ་ཚད་མར་གྱུར་པའི་སྐྱེས་བུ་དམ་པ་དུ་མས་མགྲིན་གཅིག་ཏུ་བསྔགས་པར་བརྗོད་དོ། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་གང་གསུང་ལྟར་ཟླ་ཤེལ་རིལ་བུ་དྲིལ་ནས་རང་གི་རྫི་རོགས་ནད་པ་ལ་བྱིན་པས་དེ་མ་ཐག་ཏུ་ནད་ལས་གྲོལ་ཞིང་། དེས་མཚོན་པའི་འགྲོ་བ་ནད་པ་དུ་མ་ལ་བྱིན་པས་ཐམས་ཅད་ནད་ལས་གྲོལ། ལ་ལས་ཟླ་ཤེལ་རིལ་བུ་དང་། ལ་ལས་དགེ་མ་ཟླ་ཤེལ། ལ་ལས་དཀར་མཛེས་རིལ་ནག་བཅས་མིང་སྣ་ཚོགས་བཏགས་ནས་ཆེས་ཆེར་བསྔགས་པར་གྱུར་ཏོ། སྨན་མཆོག་ཟླ་ཤེལ་རིལ་བུ་འདི་སྦྱོར་བའི་དུས་ཚོད་ལ་བརྟག་ན། སྤྱི་ལོ་1737ལོ་ནི་ཁོང་གིས་དགོན་པ་བཏབ་པའི་དུས་ཡིན་ལ། དེའི་སྔོན་ལོ་ཉི་ཤུ་ནང་ལ་ཟླ་ཤེལ་རིལ་བུ་སྦྱོར་ཚར་ཟེར་བ་ཡིན་ན། ཁོང་དགུང་ལོ་ཉེར་བདུན་ཐོག་དགོན་པ་བཏབ་ཅིང་། དགུང་ལོ་བདུན་སྟེ་སྤྱི་ལོ་1717ལོ་ནི་རིན་ཆེན་རིལ་བུ་སྦྱོར་བའི་དུས་ཡིན་པར་འདོད། དེ་ནས་བཟུང་ཞབས་དྲུང་སྐུ་ཕྲེང་ལྔའི་བར་དུ་སོ་སོས་སྨན་རྒྱུད་མ་ཉམས་པ་ལེགས་པར་སྤེལ། ད་སྐབས་ཟླ་ཤེལ་རིལ་བུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་ལ་མ་ཁྱབ་པ་མེད། ད་དུང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བདེ་ཆེན་སོགས་སུའང་ཁྱབ། ལྷག་པར་ཏུ་རྒྱ་གར་དང་བལ་པོ། འབྲུག་ཡུལ། འབྲས་ལྗོངས་སོགས་རྒྱལ་ཁབ་དུ་མས་སྨིན་གྱི་ཕན་ཡོན་ཤེས་ནས་ནད་བརྒྱ་འཇོམས་བའི་བདུད་རྩི་ཞིག་ལ་བརྩི་བཞིན་ཡོད་དོ།།
2、རོ་ཁྲོད་བཏབ་པའི་ཚུལ། དེ་ནས་བླ་མ་བྱམས་པ་རབ་བརྟན་གྱིས་དཀར་མཛེས་མཚན་ཉིད་གྲྭ་[page 106] ཚང་གི་ཁྲི་བ་སྐྱོང་བཞིན་པའི་སྐབས་དེར། ཉིན་ཞིག་ད་ལྟའི་བྲག་དཀར་རི་ཁྲོད་བཏབ་པའི་གནས་དེར་ཕེབས་ནས་དཔོན་གཡོག་རྣམས་ལ་ས་འདི་ཤིན་ཏུ་ཉམས་དགའ་བ། ཉི་མ་དྲོ་བ། དབེན་ཞིང་བག་ཕེབས་པ་ཞིག་འདུག་ཟེར་ན་ཐུགས་དགྱེས་ཏེ་རབ་བྱུང་བཅུ་གཉིས་པའི་མེ་སྤྲུལ་སྤྱི་ལོ་1737ལོར་བཏབ་འགོ་བརྩམས། སྐབས་དེར་ཕྱོགས་ཀྱི་གྲོང་བའི་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་རི་ཁྲོད་བཞེངས་པའི་མཐུན་རྐྱེན་ཚད་མེད་སྒྲུབ་པས། རྒྱུན་དུ་བཞུགས་གནས་དང་འདུ་ཁང་བཅས་ལེགས་པར་གྲུབ། དེའང་གནས་འདི་བྱང་རྟ་སྒོའི་གངས་ཀྱི་སྤྲུ་གཟིམས་ཕུག་གི་རི་ཁྲོད་ཀྱི་བཀོད་པ་དང་མཚུངས་ཏེ་མཚན་ལའང་བྲག་དཀར་རི་ཁྲོད་ཅེས་གསོལ། གནས་ཀྱི་སྲུང་མའང་སྔར་ནས་མདོངས་རི་ལྷ་མོ་རང་གིས་ཞལ་བཞེས་བཞིན། སྨན་འདས་གྱི་དཔལ་ལྡན་ལྷ་མོའི་སྐུ་གཙོ་འཁོར་གསུམ་བཞེངས། རབ་གནས་སོགས་མཛད་པས་ཞལ་གྲངས་ཏེ་ལྷ་མོ་གསུང་འབྱོན་མར་གྲངས། དེ་ནས་འདུ་ཁང་དུ་རྟེན་གཙོ་ཐུབ་དབང་གི་སྐུ་དང་རྗེ་རིན་པོ་ཆེའི་སྐུ། མཉམ་མེད་ཇོ་བོ་རྗེའི་སྐུ། བྱམས་པ། འཇམ་དབྱངས་སོགས་རྒྱུ་སྨན་འདམ་ལས་གྲུབ་པའི་ལྷ་ཚུགས་སྤུས་ལེགས་མང་བོ་དང་། བྱིན་རྟེན་སོགས་ཁྱད་དུ་འཕགས་པ་རྣམས་བཞེངས། དེ་ནས་རི་ཁྲོད་དུ་གཞི་གསུམ་གྱི་ལག་ལེན་དངོས་གཙང་བའི་གཞིར་བཅས། དགུན་ཆོས་སུ་འཇིགས་བྱེད་ཀྱི་བསྙེན་མཚམས་རེ་དང་དེའི་མཇུག་ཏུ་བདག་འཇུག་ཉིན་གསུམ། སྦྱིན་བསྲེག་དང་བཅས་པ་རྒྱུན་ཆགས་དང་དབྱར་གནས་སྐབས་མི་འཁྲུགས་པའི་བདག་འཇུག་ཉིན་གསུམ། མཇུག་ཏུ་ཉིན་སྲིབ་ཀྱི་བསྙུང་གནས་དང་ས་ཟླ་བའི་ནང་བསྙུང་གནས་དཀར་པོ་ཆ་རེ་བླ་མ་རང་གི་ཕྱག་རྫས་ཀྱིས་མཐུན་རྐྱེན་མཛད་ནས་འཚོགས་རྒྱུ་དང་། གཞན་ཡང་གསོ་སྦྱོང་སྐབས་སུ་གནས་བརྟན་ཕྱག་མཆོད་རེ་ཆགས་མེད་མཛད་པ་སོགས་མིག་གི་འབྲས་བུ་ལྟར་བསྐྱངས།
3、གྲོང་པ་ལ་སྨྱུང་གནས་སྲོལ་བཙུགས་ཚུལ། དེ་ནས་རྗེ་ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་བཀའ་བཞིན། དཀར་མཛེས་ཉིན་སྲིབ་གཉིས་ཀྱི་གྲོང་པ་སོ་སོ་ལ་སྨྱུང་གནས་རྒྱུན་འཛུགས་བཞེད་པ་ལ། དང་པོ་རྗེ་བླ་མ་བྱམས་པ་རབ་བརྟན་རང་གི་ཕྱག་རྫས་ཀྱི་ཆ་རྐྱེན་སྦྱར་ནས་གྲོང་པ་རེ་ལ་བསྙུང་གནས་རེ་འཛུགས་དགོས་ཚུལ་དང་། འཚོགས་ན་ཕན་ཡོན་ཆེ་ལུགས་རྣམས་གསུངས་ཀྱང་། དེ་དུས་ཆོས་ཧ་ཅང་མི་དར་བའི་སྐབས་ཡིན་པས་མོས་པ་དང་དུ་ལེན་མཁན་སུ་ཡང་མེད། རྗེ་བླ་མ་འདི་ཉིད་ཐབས་མཁས་པས་ཁྱེད་ཅག་ངས་ཟེར་བ་ལྟར་དང་པོ་སྨྱུང་གནས་རེ་འཚོགས་དང་། དེའི་རྗེས་སུ་སྐྱེས་པ་རྣམས་ཀྱིས་རྟ་རྒྱུགས། བྱིས་པ་རྣམས་ཀྱིས་རྩེད་མོ་དང་། སྟག་ཤར་དང་བུད་མེད་རྣམས་ཀྱིས་བྲོ་བརྡུང་གླུ་ལེན་སོགས་སྟོན་མོ་བྱེད་ཆོག་གསུངས་པ་དང་ཚང་མ་དགའ་ནས་དང་པོ་སྨྱུང་གནས་སྦྱིན་རེ་མཛད་པས་ཐམས་ཅད་དགའ་ནས་ལོ་རེ་བཞིན་སྨྱུང་གནས་ཚོགས་ཐུབ་པར་བྱུང་ངོ་། དེ་ནས་གྲོང་པ་སོ་སོ་སྨྱུང་གནས་ལ་ཚོགས་རྗེས་རྩེད་མོ་དེ་[page 107] དག་རེ་ཞིག་ཁྱོད་ཅག་རྣམས་སེམས་དགའ་བ་དང་བདེ་བ་ཙམ་བྱེད་པ་འདྲ་ཡང་། དེ་ལ་རྟེན་ནས་སེམས་ལ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ངན་འགྲོའི་སྡུག་བསྔལ་དེ་རྣམས་མྱོང་མི་དགོས་པའི་ཐབས་ཤེས་བྱ་དགོས་ཚུལ་སོགས་ཀྱི་བསླབ་བྱ་རིམ་བཞིན་གནང་བར་བརྟེན། གྲོང་པའི་སྐྱེ་བོ་ཕོ་མོ་ཀུན་ནས་དགེ་བའི་བགཆགས་སད་པ་དུ་མས་ཆོས་ཀྱི་ཕན་ཡོན་ལེགས་པར་གོ་ནས་གྲོང་ཚོ་རེ་རེ་བཞིན་རྟ་རྒྱུགས་དང་གླུ་ལེན་བྲོ་འཆམ་སོགས་བག་མེད་ཀྱི་སྤྱོད་པ་ངན་པ་ཐམས་ཅད་བླ་མའི་གསུང་བཞིན་དུ་སྤངས་ནས་རྟ་རྒྱུགས་སོགས་ཀྱི་འདུ་འཛི་རྣམས་ཀྱང་སྙུང་གནས་ཀྱི་ཇ་ཐུག་སོགས་གཏོང་བ་བྱེད་ཅིང་། དེ་ནས་བཟུང་སྨྱུང་གནས་ཀྱི་གཏོང་སྒོ་དང་སྒྲིག་ཁྲིམས་རྣམས་ཇེ་དར་དང་ཇེ་དམ་དུ་སོང་ནས་དེའི་བཅའ་ཁྲིམས་ཀྱང་ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད། དེའུ་དུས་སུ་ཡུལ་གྱི་དཔོན་པོ་རྣམས་ཀྱང་དགེ་བའི་ཕྱོགས་ལ་མངོན་པར་དགའ་བས། སྨྱུང་གནས་འདིའི་རྒྱུ་རྫས་ཆུད་ཟོས་སུ་བཏང་མི་ཆོག་པ་དང་། སྨྱུང་གནས་ཀྱི་དུས་སུ་ར་བཟི་འཁྲུག་རྩོད་སོགས་བག་མེད་སྡིག་པའི་སྤྱོད་པ་བྱུང་ན། དངོས་འབབ་ཀྱི་རྒྱུ་ཐོག་གང་གི་སྒོ་ནས་ཆད་པ་གཅོད་དགོས་པར་མ་ཟད། བཅའ་ཡིག་གི་མཇུག་ཏུ་དཔོན་པོ་ཁག་ནས་ཕྱག་ཐམ་གནང་རྒྱུ་དང་། དཔོན་པོ་ཁག་ནས་རང་རང་གི་སྨྱུང་གནས་ལ་རྟེན་བཞག་མཛད་རྒྱུ་སོགས་མཛད་སྤྱོད་སྒོ་ཀུན་ནས་མཚུངས་པར་མཛད།
4 དགེ་ཚུལ་མའི་སྡེ་མང་དུ་སྤེལ་ཚུལ། ཡུལ་ཕྱོགས་འདིར་སངས་རྒྱས་ཀྱི་འཁོར་རྣམ་བཞི་དར་བའི་རྟེན་འབྲེལ་ཚུལ་དུ་ཐོག་མར་བུད་མེད་བཞི་ཙམ་ལ་དགེ་ཚུལ་གྱི་སྡོམ་པ་གནང་ནས་གཟན་ཤམ་སོགས་གྱོན་དུ་བཅུག སྔར་དེ་ལྟ་བུ་གཏན་ནས་དར་མ་མྱོང་བས་ཕོ་ཕལ་ཆེར་གྱིས་ནི་བླ་མ་བྱམས་པ་རབ་བརྟན་འདི་ཧ་ཅང་བླ་མ་བྱ་བྱེད་མང་པོ། མི་བྱེད་དགུ་བྱེད། ནུ་མ་ཅན་ལ་གཟན་ཤམ་གྱོན་དུ་བཅུག་ཅེས་འཕྱ་ཞིང་སྐུར་བ་བཏབ་པ་མང་པོ་བྱུང་ཡང་། རྗེ་བླ་མ་ཁོང་གིས་ཆོས་དང་མ་འགལ་ན་གཏམ་ངན་འཕྱ་སྨོད་སོགས་ཅི་བྱུང་ཡང་བཟོད་སྙོམ་དུ་སྙིང་སྟོབས་བསྐྱེད་ནས་དགེ་ཚུལ་མ་གཅིག་ལས་གཉིས་སྤེལ་ནས་དཀར་མཛེས་སྲིབ་མོ་ཕྱོགས་སུ་དགེ་ཚུལ་མའི་གྲངས་ཉི་ཤུ་རྩ་ལྔ་ལས་མང་ཉུང་འགྲོར་མི་རུང་བའི་ཁ་ཚོན་བཅད་ནས་སྔར་གྱི་རི་ཁྲོད་རྒྱ་བསྐྱེད་དེ་ཇོ་དགོན་དུ་བསྒྱུར། དེ་ལ་གྲྭ་ཤག་རུང་ཁང་འདུ་ཁང་དང་དེའི་ནང་དུ་སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས་ནས་དཔལ་ལྡན་ལྷ་མོ་སྲུང་མར་བསྟེན། ཕྱིས་སུ་བྲག་དཀར་སྐུ་ཕྲེང་གཉིས་པ་བླ་མ་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་རིང་ལ་གཟིགས་རྒྱབ་བློ་བཟང་ཆོས་འཕེལ་མཐུ་སྟོབས་རྒྱ་མཚོས་བཀའ་ཕབས་ནས་དགེ་བསྙེན་ཕྱིང་ཀ་ར་ཡང་བརྟེན་པར་བྱས་ནས། ད་ལྟ་ཡང་ལྷ་མོ་དང་དགེ་བསྙེན་ཕྱིང་ཀ་ར་གཉིས་དགོན་གནས་དེ་ཉིད་ཀྱི་སྲུང་མ་ཡིན། དེ་ནས་དགེ་ཚུལ་མ་རྣམས་ལ་འཚོགས་འདོན་ཆོས་སྤྱོད་ཀྱི་རིམ་པའང་གདུགས་དཀར། སྨན་བླ་སྒྲོལ་མ་སོགས་ཆོས་སྤྱོད་རིགས་ཐམས་ཅད་དང་། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ལམ་རིམ་[page 108] ཚིགས་བཅད་མ་དང་། དཔའ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བདག་འཇུག་དང་གནས་བཅུ་ཕྱག་མཆོད། སྨྱུང་གནས་སོགས་བཙུགས་ནས་རྒྱུན་དུ་དགེ་རྒན་བསྟེན་ནས་དགེ་ཚུལ་གྱི་བསླབ་བྱ་ལམ་རིམ་བློ་སྦྱོང་སོགས་ལ་ཐོས་བསམ་བྱེད་པའོ།
དེ་ནས་ཇོ་དགོན་འདི་རྒྱ་བསྐྱེད་པ་པོ་ནི་བྲག་དཀར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་འདི་བ་ཡིན། ཁོང་གི་སྐབས་སུ་སྔར་བླ་མ་བཀའ་དྲིན་ཅན་རྣམས་ཀྱི་མཛད་འཕྲིན་དང་མཛད་སྒོ་ཇི་བཞིན་སྒྲུབ་ཅིང་སྤེལ་བར་མ་ཟད། གཙོ་བོ་ལྷ་ཁང་དང་རྟེན་སོགས་སྔར་དང་མི་འདྲ་བ་རྣམ་སྲས་ཀྱི་བང་མཛོད་ལ་འགྲན་ནུས་པའི་དགེ་མཚན་བསྐྲུན། གཞན་ཡང་ཁོང་གིས་མེ་ཏོག་བཏབ་ནས་ཤོག་བུའི་བཟོ་གྲྭ་དང་པར་ཤིང་བརྐོས་ནས་པར་ཁང་། གསེར་བྲིས་དངུལ་བྲིས་ཀྱི་བཀའ་བསྟན་འགྱུར་དང་འབུམ། དགེ་མ་ཟླ་ཤེལ་སྣགར་ལས་སྤྱས་ལེགས་སུ་བཏང་བ་བཅས་བཀའ་དྲིན་དཔག་མེད་བཅངས་ནས་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པས། དཀར་མཛེས་དགོན་དང་ས་སྒོ་ཁང་སར་སོགས་རྣ་བས་མ་ལྕོགས་པས། བྱ་མ་གྲགས་གོང་ནས་བྱེའུ་གྲགས། ལ་ཁ་ནས་ལ་འདབས་ལ་འཕུར་ཨེ་ཐུབ། མ་ཐུབ་ན་ཇ་འགེབས་མེ་ལ་གཏོང་སླ་མོ་ཡིན་ཟེར་ནས་དགོན་པའི་འདུ་ཁང་། དེང་ཆོས་སྒ་སྟེང་ལ་ཡོད་པའི་འདུ་ཁང་ཡང་མེར་བསྲེགས། བླ་མ་དང་ཇོ་མོ་བཅས་བྲག་མགོའི་བར་དུ་བསྐྲོད་ཀྱང་སྐབས་དེར་སྐྱོན་ཆེར་མ་བྱུང་སྟབས། དུས་ཡུན་རིང་མ་འགྱངས་བར་ཁོང་གིས་མྱུར་མོར་ཉམས་གསོ་དང་། བླ་གྲྭ་མྱུར་འཛོམས་ཀྱིས་ཆོས་སྤྱོད་སྔར་ལས་ལོངས་སུ་འཕེལ་མཛད། ལྷག་པར་དུ་ཁོང་གི་བླ་བྲང་རྒྱ་བསྐྱེད་དེ་ནོར་ཟོང་མ་ཉམས་པ་ལེགས་པར་བསྐྲུན།
བཅིངས་འགྲོལ་མ་བྱས་གོང་དུ་བླ་བྲང་ལ་ཞིང་མུའུ་ཆིག་བརྒྱ་ཉི་ཤུ་ཙམ་དང་། ཕྱུགས་ཟོག་སུམ་བརྒྱ་ཙམ། རྟེན་དྲེལ་ལྔ་བཅུ་ཙམ། ལུག་བརྒྱ་དང་ཁ་ཤས་ཡོད་པ་ཁྱོན་སྒོ་ཕྱུགས་ལྔ་བརྒྱ་ཙམ་ཡོད། དགོན་པ་ལ་ལྷ་ཁང་བརྒྱད་ཙམ་ཡོད་དེ། དེ་དག་གི་ནང་རྟེན་སྐུ་གདུང་ལྷ་ཁང་དུ་བཞུགས་པའི་རྟེན་གྱི་གཙོ་བོ་མཆོད་སྡོང་རིན་པོ་ཆེ་ཀུན་ལས་འཕགས་པའི་བྱིན་རླབས་འོད་སྟོང་འབར་བའི་ལྷུན་པོ་སོགས་དང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་སྙིང་རྗེའི་གུར་ཁྱིམ་དུ་རྟེན་གཙོ་ཐུགས་རྗེ་ཆེན་པོའི་གསེར་སྐུ་མདའ་ཚད་མ་ཕྱག་མཚན་ཕྱག་འཁོར་དང་བཅས་པ་དུ་མ་དང་། སྒྲོལ་མའི་ལྷ་ཁང་གི་རྟེན་གཙོ་བོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གསེར་སྐུ་མི་ཚད་ཙམ་དང་། སྒྲོལ་མ་གསུང་འབྱོན་མ(ད་ལྟ་བཞུགས་ཡོད)སོགས་དུ་མ་བཞུགས། བྱམས་པ་ལྷ་ཁང་གི་རྟེན་གྱི་གཙོ་བོ་བྱམས་སྐུ་དགེ་ལེགས་གཟི་བྱིན་སྟོང་འབར་གསེར་[page 109] སྐུ་ཐོག་བརྩེགས་གཉིས་ཡོད་པ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་དང་འཁོར་རྣམས། རྡོར་སེམས་མཐོང་བ་ཀུན་གྲོལ་གྱི་ལྷ་ཁང་གི་རྟེན་གཙོ་རྡོར་སེམས་གསེར་སྐུ་ཐོག་བརྩེགས་གཉིས་ཡོད་པ་ཞིག་དང་གཞན་པའི་སྐུ་དུ་མ་དང་། རྗེ་སྐུ་ལྷ་ཁང་ཤེས་རབ་སྣང་བའི་མཛོད་དུ་རྟེན་གྱི་གཙོ་བོ་རྗེ་བླ་མ་གསེར་སྐུ་མདའ་ཚད་མ་ཆེན་པོ་ཞིག་དང་གཞན་ཡང་གསེར་སྐུ་དུ་མ་བཅས། མགོན་ཁང་ཁྲག་འཐུང་རོལ་བའི་ཕོ་བྲང་དུ་རྟེན་གྱི་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་སྨན་འདམ་ལས་གྲུབ་པ་གྲུ་གང་ཙམ་བཅས་སྲུང་མ་མོང་ངོ་། གཞི་གསུམ་གྱི་ཆོ་ག་བྱེད་པའི་འདུ་ཁང་དུ་སྐུ་གསུང་ཐུགས་རྟེན་སྐོར་དང་མཆོད་རྫས་སྤུས་ལྡན་གྲངས་ལས་འདས་པ་བཞུགས།
དེའང་དགོན་པ་འདིར་སྤྲུལ་སྐུ་གཅིག སྨྱུང་གནས་བླ་མ་གཅིག ཇོ་མོ་སོ་ལྔ་ཙམ་བཞུགས་ཡོད་ཚུལ་བཀོད་ན། བྲག་དཀར་ཞབས་དྲུང་སྐུ་ཕྲེང་ལྔ་བར་བྱོན་ཡོད་དེ། སྐུ་ཕྲེང་དང་པོ་བྱམས་པ་རབ་བརྟན་དང་། སྐུ་ཕྲེང་གཉིས་པ་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན། སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དཔལ་ལྡན་འོད་ཟེར། སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་འཛིན་སྙན་གྲགས་བཅས་སོ། འདི་བ་ད་ལྟ་བཞུགས་ཡོད། སྨྱུང་གནས་བླ་མ་བྱོན་ཚུལ་ཤེས་ཙམ་ནི། མི་ཉག་ཨ་ཁུལ་སྐལ་བཟང་། བྲག་མགོའི་ནོར་བུ་བསམ་གྲུབ། བྲག་མགོའི་ཨ་ཁུ་དགྱེས་སྐུ། སྡེ་དགེའི་ཨ་ཁུ་བློ་བཟང་དོན་གྲུབ། འདི་བའི་ཡན་མགོན་ཚེ་ཞུ་སྟེ་པར་བརྐོ་ལ་མཁས། ཕྱིས་སུ་ཇོ་མོ་རྣམས་ལ་བསླབས་ཏེ་བཀའ་དྲིན་ཤིན་ཏུ་ཆེ། དེ་ནས་བན་དེ་དགོན་གྱི་ཨ་ཁུ་བཟོད་པ། བྲག་མགོའི་ཨ་ཁུ་བློ་བཟང་དངོས་གྲུབ་སོགས་གྱུར་སྤྲུལ་སྐུ་དང་བླ་མ་དུ་མ་ཕེབས། ཇོ་དགོན་འདིའི་དུས་ཆེན་དང་སྒྲུབ་མཆོད་སོགས་ཆོས་ཀྱི་ཆོ་ག་ནི་རི་བོ་དགེ་ལྡན་པའི་ལུགས་མ་ཉམས་པའི་སྲོལ་ལེགས་པར་བསྐྱངས་ནས་མདོ་སྨད་ཇོ་དགོན་ཀུན་གྱི་མ་དགོན་དུ་གྱུར་བ་ངོ་གནོངས་མི་དགོས་པ་ཞིག་ཡིན། དེའང་བུ་དགོན་བཅུ་ཙམ་ཡོད་དེ་དེ་དག་ནི། ཆོས་སྒང་སྟེང་། སྲིབ་མོ་ཇོ་དགོན། ཉིན་མོ་ཇོ་དགོན། སྟོང་འཁོར་གནས་ནང་ཇོ་དགོན། ཏྲེ་བོ་ངོག་སྒོ་ཇོ་དགོན། བྲག་མགོ་ཇོ་དགོན། རྟའུ་རྔ་སྒང་ཇོ་དགོན། རྟའུ་རྨོག་རུ་ཇོ་དགོན། རབ་འཁྲུངས་ཇོ་དགོན། བྲག་དཀར་རི་ཁྲོད་དགོན་པ་བཅས་སོ། སྔར་དགོན་པ་དེ་དག་ལ་ཇོ་མོ་ཞུགས་དགོས་ཚེ། ཐོག་མར་བྲག་དཀར་ཇོ་དགོན་དུ་ཡོངས་ནས་སྨྱུང་གནས་བླ་མའི་དྲུང་དུ་སྡོམ་པ་བཞེས་དགོས། ཡང་ན་སྨྱུང་གནས་བླ་མ་དགོན་ཁག་སོ་སོར་ཕེབས་ནས་སྡོམ་ལུང་གནང་བ་མ་ཟད། ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཆ་ཚང་གནང་དགོས་པས་ཐུགས་རྗེ་མ་ཡིས་བུ་བཞིན་སྐྱོང་པའི་ལུགས་སྲོལ་མ་ཉམས་པར་ལྡན། ཕྱིས་སུ་དུས་རབས་འཕོ་འགྱུར་བྱུང་བའི་དབང་གིས་ཇོ་དགོན་ལ་ལ་རང་དགོན་གྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་བའང་མང་ངོ་། བྲག་དཀར་ཇོ་དགོན་འདི་ལ་སྔར་ཇོ་མོ་སོ་ལྔ་ཙམ་མ་གཏོགས་མེད། དེ་དག་དགོན་པ་ལ་བརྟན་བཞུགས་མཛད་ནས་ཆོས་ལ་གཉེར་བཞིན་མཆིས།[page 110] དེ་ནས་བཞི་རྒོལ་སྐབས་སུ་བྲག་དཀར་སུམ་དགོན་ཏེ་ཆོས་སྒར་སྟེང་། སྲིབ་མོ་ཇོ་དགོན། བྲག་དཀར་ཇོ་དགོན་གསུམ་ལ་ཇོ་མོ་ཉིས་བརྒྱ་ཙམ་ལས་གཏོགས་གྲོང་དུ་བཏང་ནས་ངལ་རྩོལ་བྱེད་དུ་བཅུག ནང་རྟེན་ཚང་མ་དཀར་མཛེས་རྫོང་དུ་ཁྱེར་འགྲོ་བའི་སྐབས་སུ་དགོན་པའི་རྒྱབ་ཏུ་དགོན་པའི་དགུན་མཚེར་ཡོད་པས། དེར་ཕྱུགས་ཟོག་བདག་གཉེར་མཁན་ཁྱིམ་ཚང་འཁྲི་ས་ཆགས་ས་མེད་པའི་ཇོ་མོ་ཆེ་ཆུང་དགུ་བཞག དེ་དག་ནི་ཆོས་ལ་དད་སྙིང་ལྡན་པ། ཇོ་མོ་ཚེ་སྐྱིད་དང་ཡུ་ལོ་གཙོས་འདུ་ཁང་ཚང་མ་ལ་སྒོ་ཐེལ་རྒྱབ་ཡོད་ཀྱང་སྲོག་དང་ཉེན་ཁ་ལ་མ་འཛེམ་པར་མཚན་མོ་སྒེའུ་ཁུང་གཏོར་ནས་རྟེན་གཙོ་བོ་རྣམས་འདུ་ཁང་གི་པང་གཅལ་འོག་ཏུ་སྦས། དེ་ནས་འདུ་ཁང་བཤིག་པར་དོགས་ནས་རྟེན་དེ་དག་ཏུ་དགུན་མཚེར་ཁང་བའི་པང་གཅལ་འོག་ཏུ་ཆོས་སྒོ་མ་ཕྱེ་བར་དུ་སྦས། དེ་དག་ལས་ད་ལྟ་སྐབས་དེའི་ཆུང་ཤོས་ཚེ་དགའ་དང་གཞན་གཅིག་མ་གཏོགས་ཚང་མ་རྒས་ནས་འདས། དེ་དུས་དགོན་པའི་ལྷ་ཁང་དང་བླ་བྲང་བཅས་ཚང་མ་སྟོང་བར་བཟོས། གྲྭ་ཤག་ཚང་མ་བཤིག རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་རྒྱབ་ཀྱི་དགུན་མཚེར་གྱི་ཁང་བ་མ་གཏོགས། དགོན་པའི་འདུ་ཁང་དང་བླ་བྲང་གི་ཁང་བ་ཚང་མ་ཐོན་སྐྱེད་རུ་ཁག་ལ་བགོས་ཏེ་བཤིགས་སོ།
སྤྱི་ལོ་1978ལོའི་ཏང་གི་སྐབས་བཅུ་གཅིག་པའི་ལམ་ཕྱོགས་ལག་ལེན་བསྟར་རྗེས། རྫོང་སྲིད་གྲོས་ཀྱི་ཨུ་ཡོན། རྫོང་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། སྔར་བྲག་དཀའ་དགོན་གྱི་ཇོ་མོ་ཚངས་དབྱངས་དཔལ་སྒྲོན་གྱིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་དུས། དཀར་མཛེས་ས་ཁུལ་གྱི་ཇོ་མོ་ཡོངས་ཀྱི་ཚབ་མཛད་ནས་ཇོ་མོ་དགོན་པ་རྣམས་སླར་གསོ་མཛད་རྒྱུ་རེ་བ་ནན་གྱིས་ཞུས་མཐར། སྐབས་དེར་དཀར་མཛེས་རྫོང་དུ་ཇོ་དགོན་གཅིག་གིས་ཆོག་ཟེར་ན་སྤྱི་ལོ་1983ལོའི་ཟླ་4ཚེས་30ཉིན་སྔར་གྱི་མ་དགོན་བྲག་དཀར་ཇོ་མོ་དགོན་འདི་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ། དེ་ནས་ཚེས་བཟང་དུས་བཟང་གི་ཉིན་དེར་རྫོང་ནང་བསྟན་མཐུན་ཚོགས་ཚོགས་གཙོ་ནག་ཚང་བྱམས་པ་ངག་དབང་དང་། གཞོན་པ་ཁང་དམར་བློ་བཟང་ཐུབ་བསྟན་གཙོས་པའི་རྫོང་ཆོས་ལུགས་ཅུའུ་ཀྲང་སྐལ་ལྡན། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཨ་རྫི་སོགས་ཕེབས་ནས་བྲག་དཀར་དགོན་རྒྱབ་ཀྱི་དགུན་མཚེར་དེར་ཆོས་ཀྱི་མཛད་སྒོ་བཏང་། ཇོ་མོ་བརྒྱ་དང་བཞེ་བདུན་ཙམ་འཛོམས། དད་ལྡན་མི་གྲངས་ཕལ་ཆེར་བདུན་སྟོང་ཙམ་ཆོས་ཀྱི་མཛད་སྒོ་ལ་ཕེབས་ནས་གསོལ་འདེབས་སྨོན་ཚིག་གིས་རི་ལུང་[page 111] འགེངས། རྟེན་འབྲེལ་གྱི་མེ་ཏོག་ནམ་མཁར་གང་། བཀྲ་ཤིས་ཀྱི་ཁ་བཏགས་རི་ལྟར་སྤུངས་ནས་བྲག་དཀར་ཇོ་མོ་དགོན་དེ་ནས་བཟུང་འགོ་བརྩམས་པར་གྱུར་ཏོ། དགོན་པའི་འགོ་ཁྲིད་ཚན་ཆུང་ལའང་ཇོ་བགྲེས་དྲུག་ཙམ་འདེམས་བསྐོས་བྱས་ཏེ། ཚངས་དབྱངས་དཔལ་སྒྲོན་གྱི་གཙོ་འཛིན་གྱི་འགན་བཞེས་དགུང་ལོ་དོན་གཅིག་ཡིན། གཙོ་འཛིན་གཞོན་པ་པད་མ་སྒྲོལ་མ། དགུང་ལོ་རེ་དྲུག་ཡིན། དགོན་པའི་དཔེ་ཆའི་དགེ་རྒན་ཡང་ཡིན། ཨུ་ཡོན་ལ་རཏྣ་མཚོ། དགུང་ལོ་རེ་བཞི། དགུང་ལོ་རེ་བཞི། དབང་ཕྱུག་སྒྲོལ་མ། དགུང་ལོ་རེ་གསུམ། ཚེ་དགའ། དགུང་ལོ་གསུམ་བཅས་ཇོ་བགྲེས་འདི་དག་གིས་དབུ་ཁྲིད་མཛད་འོག་སྤྱི་ལོ་1986ལོར་སྔར་བླ་བྲང་གི་ཤུལ་དུ་གཙུག་ལག་ཁང་བཞེངས་འགོ་བརྩམས། རྒྱལ་ཁབ་ཀྱིས་དགོན་པ་ཉམས་གསོའི་ཆེད་དུ་སྒོར་ཆིག་ཁྲི་སུམ་སྟོང་གནང་བའི་ཁར། མང་ཚོགས་ཀྱིས་འབུལ་ཡོན་དང་ངལ་རྩོལ་གྱི་ནུས་ཤུགས་འདོན་པ་མ་ཟད། ལྷག་ཏུ་ཇོ་མོ་རྣམས་ཀྱིས་བློ་ཐབས་གང་ནུས་སྒོས་ལུས་ཤུགས་ལ་རྟེན་ནས་ངལ་རྩོལ་དང་། ལག་ཤེས་ལ་བརྟེན་ནས་ཟླ་ཤེལ་བསྒྲུབས་ཏེ་གཞི་ནས་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ་1988ལོར་ས་ག་ཟླ་བའི་ཉེར་བཞི་ཙམ་ལ་བརྩེགས་གཉིས་ཅན་གྱི་གཙུག་ལག་ཁང་དང་བཅས་པ་བཞེངས། ཐོག་ཁང་ལ་བདེ་སྐྱིད་ཕོ་བྲང་དང་། མགོན་ཁང་། གཟིམ་ཆུང་སོགས་རྟེན་དང་བཅས་པ་བཞེངས་ཡོད་པ་མ་ཟད། གྲྭ་ཤག་ལྔ་བཅུ་ཙམ་བཞེངས་ཐུབ་པར་བྱུང་དེ་དག་ལ་སྐུ་གསུང་ཐུགས་རྟེན་བཞུགས་ཚུལ་ནི། ཐོག་མར་འོག་གི་འདུ་ཁང་ཆེན་མོའི་ནང་གི་དཀྱིལ་དབུས་སུ་སྨན་འདམ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་ཁང་བརྩེགས་ཕྱེད་གཉིས་ཙམ། དེ་ནས་གཡས་གྲལ་དུ་རིམ་གྱིས་ཇོ་འབྲོམ་རྣམ་གསུམ། དེ་ནས་སངས་རྒྱས་ཀྱི་སྐུ། གཡོན་གྲལ་རིམ་གྱིས་རྗེ་ཡབ་སྲས་གསུམ། དེ་ནས་འཇམ་པའི་དབྱངས་ཀྱི་སྐུ་བཅས་ཚང་མ་སྨན་འདམ་ལས་གྲུབ་ཅིང་མཐོ་ཚད་ཧ་ལམ་ཁང་བརྩེགས་གཅིག་ཙམ་བཅས་དེ་དག་ལ་གཟུངས་གཞུག་སྤུས་དང་ལྡན་པར་བཞུགས། འདུ་ཁང་གི་གཡས་འགྲམ་དུ་བཀའ་འགྱུར་ཚར་གཅིག་བཞུགས། གཞན་ཡང་པར་ཤིང་མང་པོ། འདུ་ཁང་གཡོན་འགྲམ་དུ་མཁན་པོ་རྣམས་ཀྱི་བཞུགས་ཁྲི་སོགས་ཡོད། འདི་དག་ཚང་མ་སྤྱི་ལོ་1991ལོ་ལ་བཞེངས་འགོ་བརྩམས་ཏེ། སྤྱི་ལོ་1994ལོར་ཡོངས་སུ་གྲུབ། དེ་ནས་ཐོག་ཁང་དཀྱིལ་དབུས་སུ་ཡོད་པའི་བདེ་ཆེན་ཕོ་བྲང་དུ་སྐུ་ཡི་རྟེན་ལ། ཤེལ་སྒྲོལ་ཆེན་པོ་ཡོད་པའི་དཀྱིལ་དུ་ལིང་ཚེ་ཆེ་བ་བཞི་བསྟར་ཡོད་པ་དང་པོ་ཟངས་གསེར་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་གྲུ་ཕྱེད་ཙམ། དེའི་འགྲམ་ཇོ་བོའི་སྐུ་དེ་དང་མཉམ་པ་ཞིག དེའི་འགྲམ་སྒྲོལ་དཀར་གསེར་སྐུ་གྲུ་གང་ཙམ། དེའི་འགྲམ་རྣམ་རྒྱལ་མའི་གསེར་སྐུ་དེ་ལས་ཅུང་ཆུང་བ་ཞིག་བཅས་བཞུགས། དེ་དག་གི་གཡས་སུ་ཤེལ་སྒྲོལ་གོང་འོག་ཅན་ཡིན་ཕྱིར། གོང་གི་དང་པོའི་ནང་དུ་ཞབས་དྲུང་གསུམ་པ་བློ་བཟང་དཔལ་ལྡན་སྙན་གྲགས་ཀྱི་འདྲ་སྐུ་དངུལ་ལས་གྲུབ་ཅིང་གསེར་ཆུ་གསོལ་བ་རིན་པོ་ཆེའི་རྒྱན་ཆས་ཀླུབས་པ་ཞིག དེའི་འགྲམ་རྒྱུ་ཟངས་གསེར་ལས་གྲུབ་པའི་[page 112] སྟོན་པའི་སྐུ་དེ་དང་མཉམ་པ་ཞིག དེའི་འགྲམ་བདེ་མཆོག་གི་གསེར་སྐུ་གྲུ་གང་ཙམ། འོག་གི་དང་པོར་མཁའ་སྤྱོད་ཀྱི་སྐུ་ཟངས་གསེར་ལས་གྲུབ་པ་གྲུ་གང་ཙམ། དེའི་འགྲམ་ན་ཞབས་དྲུང་གསུམ་པའི་ཡོངས་འཛིན་བུ་རམ་སྣ་སྐུ་ཕྲེང་གཉིས་པ་བློ་ལྡན་ཆོས་འཕེལ་གྱི་འདྲ་སྐུ་ཟངས་གསེར་ལས་གྲུབ་ཅིང་རིན་པོ་ཆེའི་རྒྱན་ཆ་དང་བཅས་པར་མཐོ་ཚད་ཁྲུ་གང་ཙམ་སོགས་ཤིན་ཏུ་མང་། ཐང་གའི་སྐོར་ལ་རྒྱན་དྲུག་མཆོག་གཉིས་ཀྱི་ཐང་ག་བརྒྱད་དང་། དཔག་བསམ་འཁྲི་ཤིང་གི་ཐང་ག་ཉེར་གཅིག ཡང་ཙན་དན་སྒྲོལ་ཤིང་ཅན་དཔག་བསམ་འཁྲི་ཤིང་གི་ཐང་ག་ཉེར་དགུ་སོགས་དང་། བྲག་དཀར་ཞབས་དྲུང་དང་པོ་བྱམས་པ་རབ་བརྟན་དང་། གཉིས་པ་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན། གསུམ་པ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། དགེ་བསྙེན་ཙུནྡ་སོགས་ཀྱི་འཁྲུངས་རབས་ཐང་ག་རྙིང་བ་ཤ་སྟག་དང་། གཞན་ཡང་གསར་དུ་བཞེངས་པའི་ཐང་ག་ཁ་ཤས་བཅས་ཁྱོན་དྲུག་ཅུ་ལྷག་བཞུགས།
གསུང་གི་རྟེན་ལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་གསུང་འབུམ་པོ་ཏི་བཅུ་བདུན་ཅན་ཚར་གཉིས། ཁོང་གི་རྣམ་ཐར་ཚར་གཉིས་རེ། དེའང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གཙོས་པོ་ཏི་ཞེ་བདུན་ཙམ། གཞན་ཡང་བཀའ་འགྱུར་ཚར་གཅིག བསྟན་འགྱུར་ཚར་གཅིག འབུམ་ཚར་གཅིག་བཅས་བཞུགས་སོ། ཐུགས་ཀྱི་རྟེན་ལ། གསེར་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད་མཐོ་གང་ཙམ། ཡང་གསེར་ལས་གྲུབ་པའི་སྐུ་གདུང་ཁ་ཐོར་བཞི། མཐོ་ཚད་གྲུ་གང་ཙམ། གཞན་ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་ཆེ་ཆུང་བཅུ་བཞི་ཙམ་ཡོད་པས་ཁྱོན་མཆོད་རྟེན་ཆེ་ཆུང་ཉེར་དྲུག་ཙམ་བཞུགས་ཏེ། ལ་ལར་རིན་པོ་ཆེའི་ཕྲ་དང་བཅས་པར་བཞུགས། མདོར་ན་བདེ་སྐྱིད་ཕོ་བྲང་དུ་བཞུགས་པའི་སྐུ་གསུང་ཐུགས་གཙོ་ཆེ་ཤོས་རྣམས་སྔར་བཀའ་དྲིན་ཤིན་ཏུ་ཡངས་བའི་ཇོ་མོ་དེ་དག་གིས་དགོན་པའི་དགུན་མཚེར་དུ་སྦས་པ་དེ་དག་གོ
དེ་ནས་བདེ་སྐྱིད་ཕོ་བྲང་གི་གཡས་འགྲམ་ན་ཞབས་དྲུང་གཟིམ་ཆུང་དང་དེའི་ཡབ་ཡུམ་གྱི་གཟིམ་ཆུང་བར་འཁྱམ་དང་ཀུན་དགའ་ར་བ་བཅས་པ་སྤུས་ལྡན་གཉིས་ཡོད་དེ། ཞབས་དྲུང་གཟིམ་ཆུང་ནང་དུ་ཅུ་གང་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་གི་སྐུ། ཡབ་ཡུམ་གྱི་གཟིམ་ཆུང་ནང་དུ་ཡང་ཅུ་གང་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག་གི་སྐུ། དེ་ནས་བདེ་སྐྱིད་ཕོ་བྲང་དུ་སྟོད་པའི་སྐུ། གུ་རུའི་སྐུ་འཇིགས་བྱེད་ཀྱི་སྐུ། དེ་ནས་བདེ་སྐྱིད་ཕོ་བྲང་དུ་སྟོན་པའི་སྐུ། གུ་རུའི་སྐུ། འཇིགས་བྱེད་ཀྱི་སྐུ། རྗེ་རིན་པོ་ཆེའི་སྐུ་སོགས་ཤིན་ཏུ་མང་ངོ་།
དེ་ནས་རིམ་གྱིས་སྤྱི་ལོ་1987ལོར་ཧོར་ཟླ་གསུམ་པའི་ནང་བྲལ་དཀར་ཇོ་དགོན་འགོ་ཁྲིད་ཚན་ཆུང་གིས་གཙོ་འགན་བཞེས་ཏེ། དགོན་པ་མདུན་གྱི་གཡས་རོལ་ཏུ་ཡིག་བརྒྱའི་དུས་འཁོར་བཞེངས། སྤྱི་ལོ་1990ལོ་ལ་བྲག་དཀར་ཞབས་དྲུང་ལྔ་བ་བློ་བཟང་བསྟན་འཛིན་སྙན་གྲགས་ཀྱིས་སྦྱིན་བདག་མཛད་ནས་དགོན་པའི་གོང་རོལ་ཏུ་རྣམ་རྒྱལ་མཆོད་རྟེན་མཐོ་ཚད་ཁང་བརྩེགས་གཉིས་ཙམ་ལ་ནང་དུ་ཁོང་གི་སྐུ་[page 113] གོང་མའི་སྐུ་གདུང་བཞུགས་ཡོད་པ་ཞིག་བཞེངས། སྤྱི་ལོ་1994ལོའི་བོད་ཟླ་བཞི་བའི་ནང་དུ་དགོན་པས་གདན་སའི་ཉེ་འདབས་སུ་བདུད་འདུལ་མཆོད་རྟེན་མཐོ་ཚད་ཁང་བརྩེགས་གསུམ་ཙམ་གཟུངས་གཞུག་དང་བཅས་པ་ཧ་ཅང་རྔམ་བརྗིད་ལྡན་པ་ཞིག་བཞེངས། མཆོད་རྟེན་འདི་གཉིས་དང་འཁོར་ཁང་སོགས་སྔར་གྱི་ལུགས་སྲོལ་ལྟར་བཞེངས་པ་ཡིན་ནོ།
ད་ལྟ་དགོན་པ་འདི་ལ་སྤྲུལ་སྐུ་གཅིག ཇོ་མོ་བརྒྱ་དང་ཉི་ཤུ་ཙམ་ཡོད་དེ། དེ་དག་ཕལ་ཆེར་དགོན་པར་བཞུགས་ནས་དཔེ་ཆ་དང་ཆོས་སོགས་ལ་གཉེར་བཞིན་ཡོད། ཇོ་མོ་དེ་དག་གི་ཡོང་ཁུངས་གཙོ་བོ་ནི། ད་ལྟའི་མདའ་མདོ་ཞང་དང་། གསེར་མཁར་ཞང་། གསེར་ཆུ་སྟེང་ཞང་། དཀར་རགས་ཞང་བཅས་ཞང་བཞིའི་གྲོང་པ་བཅུ་བདུན་ཙམ་དང་། ད་དུངདཀར་མཛེས། ཚ་ཚ་སོགས་ནས་ཡོང་སྟེ། སྔར་ཡང་ཕལ་ཆེར་གྲོང་ཁག་འདི་དག་ནས་ཡིན། དགོན་པའི་སྒྲུབ་མཆོད་སྐོར་ལའང་ཕལ་ཆེར་སྔར་ལྟར་སླར་གསོ་མཛད་དེ་བོད་ཟླ་དང་པོའི་ཚེས་གཅིག་ནས་གསུམ་བར་སྒྲོལ་ཆོག་ཚོགས་པ་དང་། བོད་ཟླ་བཞི་བའི་ཚེས་བཅུ་ནས་ཚེས་ཉེར་ལྔའི་བར་མཁའ་སྤྱོད་པའི་བདག་འཇུག་ཚོགས་པ་དང་། བོད་ཟླ་དྲུག་པའི་ཚེས་བརྒྱད་ནས་སྨོན་ལམ་ཉིན་བཞི་ཚོགས་པ་དང་། བོད་ཟླ་བཅུ་བའི་ནང་འགོ་བཙུགས་ཏེ་ཟླ་དང་པོའི་བར་ཐུན་བཞིར་ཆག་མེད་ཚོགས་བཞིན་ཡོད།
དེ་ནས་མི་སེར་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ཇོ་མོ་རྣམས་ལོ་གཅིག་གི་ནང་ལ་ཉིན་བཞི་བཅུ་ཞེ་ལྔ་ཙམ་ཐོན་སྐྱེད་ངལ་རྩོལ་དུ་ཞུགས་ནས་ལས་བྲེལ་སྐབས་དཔྱིད་རྨོ་སྟོན་བསྡུ་སོགས་ལ་ཞུགས་ནས་རང་ཁ་རང་གསོ་བྱེད་བཞིན་ཡོད། ཅེས་ཡུས་ཧྲུའུ་སྒ་ཁོག་པ་ལབ་ཕན་འདུམ་བློ་བཟང་བློ་གྲོས་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་1995ལོའི་ཟླ་བ་ལྔ་བའི་ནང་པེ་ཅིང་ནས་བྲིས་པ་དགེ་ལེགས་འཕེལ།
1. 《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག》དེབ་དང་པོ།
2. 《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས་》
3. 《བྲག་དཀར་བླ་མ་དམ་པ་སྐུ་ཕྲེང་ལྔའི་རྣམ་ཐར་མདོར་བསྡུས་》ལག་བྲིས་མ།
གཞན་ཡང་ཐེངས་འདིའི་ལོ་རྒྱུས་དྲི་བ་བྱེད་ས་དགོན་པའི་འགོ་ཁྲིད་ཚན་ཆུང་གི་གཙོ་འཛིན་ཚངས་དབྱངས་དཔལ་སྒྲོན་དང་ཚེ་དགའ་སོགས་འགོ་ཁྲིད་ཚན་ཆུང་གི་ལས་སྣེ་རྣམས་སོ།།
[page 114] འབྲས་ཚལ་བདེ་ཆེན་མཁའ་སྤྱོད་གླིང་ངམ་འབྲས་ཚལ་ཇོ་མོའི་དགོན་ནི་དཀར་མཛེས་རྫོང་གི་བྱང་ཕྱོགས་ཀྱི་འབྲས་ཚལ་བཙན་ཐང་སྒང་གི་ལུང་པ་རྩྭ་ཆུ་འཛོམས་པའི་དབེན་ས་ཉམས་དགའ་བ་ཞིག་ཏུ་ཆགས། ཐོག་མར་ཕྱག་འདེབས་མཁན་འབྲས་ཚལ་དགོན་བདག་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་མགར་བ་བླ་མ་བསོད་ནམས་བཀྲ་ཤིས་དང་ཁོང་གི་ཚ་མོ་ཚུལ་ཁྲིམས་སྒྲོལ་མ་གཉིས་ཡིན་ཞིང་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྟེ་སྤྱི་ལོ་༡༩༣༣ལོར་འབྲས་ཚལ་དགོན་དུ་རི་ཁྲོད་བཙུགས། འབྲས་ཚལ་དགོན་བདག་སྤྲུལ་སྐུ་ཨོ་རྒྱན་དངོས་གྲུབ་ཀྱིས་རི་ཁྲོད་རྒྱ་བསྐྱེད་དེ་དགོན་པར་བཟོས། དེ་དུས་ཇོ་མོ་ལྔ་བཅུ་ང་བརྒྱད་བཞུགས་ལ་གྲུབ་མཐའ་རྙིང་མ་བའི་རྫོགས་ཆེན་ལུགས་འཛིན། དགོན་པའི་བླ་མ་འབྲས་ཚལ་དགོན་གྱི་ཡིན། མཁན་རབས་སོགས་མེད། དགེ་དཔོན་རྒན་གཞོན་གཉིས་ནས་དགོན་པའི་འགན་དབང་བཞེས་ཤིང་བྱ་བ་གལ་ཆེན་རིགས་དགོན་པའི་ཇོ་མོ་ཡོངས་ཚོགས་ཏེ་ཐག་གཅོད་དགོས། དགེ་དཔོན་དང་པོ་ཚུལ་ཁྲིམས་སྒྲོལ་མ། དེ་ནས་ཨ་ནེ་ཤེས་རབ་དང་གཞོན་པ་དཔལ་ལྡན་ཆོས་མཚོ། དེ་ནས་ཚེ་བརྟན་ལྷ་མོ། ད་ལྟ་སྒྲོལ་མ་ལྷ་མོ་དང་གཞོན་པ་འཇམ་དབྱངས་སྒྲོལ་མ་ཡིན་ཞིང་དགེ་དཔོན་རྒན་གཞོན་གཉིས་ཀ་དགོན་ཡོངས་ཀྱི་ཇོ་མོ་ཚོགས་ཏེ་འདེམས་བསྐོ་བྱས་པ་བརྒྱུད་ནས་ཐོན་དགོས། དམངས་སྒྱུར་དུས་སུ་དགོན་པ་གཏོར་ཞིང་ཇོ་མོ་ཡོངས་རང་ཡུལ་དུ་བསྐྲད། དགོན་པའི་ལོ་རྒྱུས་ཞིབ་པ་སྤྲུལ་སྐུ་ཨོ་རྒྱན་དངོས་གྲུབ་ཀྱིས་མཛད་པའི་ཆོས་འབྱུང་རིག་པ་གསལ་བྱེད་ཅེས་པའི་ནང་གསལ་ཡང་ས་ཁྱི་ལོའི་དུས་འགྱུར་ནང་འཇིག་སོང་། དགོན་པའི་ཆོས་སྐྱོང་ནི་མ་མགོན་ལྕམ་དྲལ་དང་ཚེ་རིང་མཆེད་ལྔ། དམ་ཅན་རྡོར་ལེགས། རྡོ་རྗེ་གཡུ་སྒྲོན། དུར་ཁྲོད་ལྷ་མོ་བཅས་ཡིན་ཞིང་མཆོད་སྒྲུབ་སྐོར་སྔོན་ལ་ས་ག་ཟླ་བར་བསྙུང་གནས་མཆོད་པ་དང་རྒྱུན་དུ་ཕྱག་རྒྱ་སྒོམ་པའི་སྲོལ་ཡོད། ད་ལྟ་ཟླ་རེར་དུས་མཆོད་ལྔ་ཡོད་ཅིང་དུ་མཆོད་གཅིག་ལ་ཉིན་གཉིས། ལོ་མཆོད་དུ་གཙོ་བོ་ཟླ་གཉིས་པའི་ནང་ཨོ་རྒྱན་དངོས་གྲུབ་ཀྱི་འདས་མཆོད་མཛད་སྒོ་ཆེན་པོ་ཞིག་ཡོད་པ་དེ་ཡིན།།
སྤྱི་ལོ་༡༩༨༥ལོར་ཆོས་སྒོ་ཕྱེ་བའི་ཆོག་མཆན་ཐོབ་ཅིང་། ༡༩༨༦ལོའི་ཟླ་༩བའི་ཚེས་བདུན་ཉིན་འབྲས་ཚལ་དགོན་དང་བར་ཐག་ཅུང་ཉེ་བའི་ད་ལྟའི་ཆགས་ཡུལ་འདིར་དགོན་པ་གསར་དུ་འདེབས་འགོ་ཚུགས་ཤིང་འབྲས་ཚལ་འཚོ་བས་སྤྱིའི་འགན་ཁུར་པ་ལས་རྒྱལ་ཁབ་ཀྱིས་སྒོར་༡༢༧༠༠དང་པཎ་ཆེན་རིན་པོ་ཆེ་ནས་སྒོར་༣༠༠གནང་། སྔོན་གྱི་སྐུ་གསུང་ཐུགས་རྟེན་འདི་ཡིན་ཞེས་གསལ་བོར་ཤེས་[page 115] དཀའ་ཡང་། ད་ལྟ་འདུ་ཁང་གཅིག ཇ་ཁང་གཅིག མ་ཎི་ཁང་གཅིག གྲྭ་ཤག་བཞི་བཅུ་བཅས་ཡོད། རྒྱུ་སྨན་འདམ་ལས་གྲུབ་པའི་སྤྱས་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། འཇམ་དབྱངས། ཕྱག་རྡོར་ཀྱི་སྐུ་ཁང་ཚད་གཅིག་རེ། སྟོན་པའི་སྐུ་གཅིག འོད་དཔག་མེད་དང་གུ་རུའི་སྐུ་གཅིག སངས་རྒྱ་སྨན་བླ། སེང་གེ་སྒྲ། གྲུབ་ཐོབ་ཐང་རྒྱལ་བཅས་ཀྱི་ཐང་ག་གསར་བ་བཅོ་ལྔ་ལྷག བཀའ་འགྱུར་ཆ་ཚང་གཅིག་རྫོགས་ཆེན་དཔལ་སྤྲུལ་གསུང་འབུམ་པོད་ལྔ། ཀློང་གསལ་སྙིང་པོའི་གསུང་འབུམ་པོད་བཅུ་གསུམ། འབུམ་སོགས་པོད་ཁ་ཤས་བཅས་བཞུགས། དགོན་པའི་སྒྲིག་ཁྲིམས་ནི་ཐོག་དང་པོར་རི་ཁྲོད་འདེབས་མཁན་མགར་བ་བླ་མ་བསོད་ནམས་བཀྲ་ཤིས་ཀྱིས་ཐག་བཅད་པའི་བཅའ་ཡིག་ནང་བཞིན་ཡིན་ཞིང་གལ་ཏེ་སུ་དགོན་པའི་ཁྲིམས་དང་འགལ་ན་ཉེས་པ་ཆུང་བའི་རིགས་ཕྱག་འཚལ་ནས་འགྱོད་བཤགས་བྱེད་པ་དང་འབྲིང་བ་ལ་ནོར་གྱིས་ཆད་པ་གཅོད་པ། ལྗིད་པའི་རིགས་བྱུང་དུས་དགོན་པ་ནས་ཕྱིར་ཕུད་པ་སོགས་སོ། དགོན་པར་རྒྱལ་ཁབ་ནས་གཏན་ལ་ཕབ་པའི་ཇོ་མོའི་གྲངས་༤༧དང་དངོས་སུ་བཞུགས་མཁན་༥༤ཡོད། ལོ་རེར་དབྱར་དུས་ཟླ་བཞི་ཙམ་གྱི་རིང་ཇོ་མོ་ཡོངས་རང་རང་གི་ཁྱིམ་ལ་ལོག་ནས་ངལ་རྩོལ་ལ་ཞུགས་དགོས་ཤིང་ནམ་རྒྱན་གྱི་ཤི་འགྲོ་སོང་རང་ཁྱིམ་ནས་གཏོང་དགོས། ཇོ་མོ་རང་ལ་ཐོབ་པའི་འབུལ་བའི་ནང་༧༠%དགོན་པ་གཞུང་ལ་འཇོག་དགོས། ས་ཆའི་ཆ་རྐྱེན་གྱི་དབང་གིས་འབུལ་བ་ཉུང་ལ་རང་ཁ་གསོ་ཐབས་བྲལ་བའི་རྒན་པ་མང་ཙམ་འདུག་པས་དགོན་པའི་དཔལ་འབྱོར་ཐད་ཀར་ངལ་མང་པོ་ཞིག་མཆིས་སོ་ཞིག་དགོན་པའི་བླ་མ་(དགེ་རྒན་)རིན་ཆེན་བཟང་པོས་གསུང་བ་བཞི་མདོ་ཁྲི་གདུགས་དཀར་ཚེ་རིང་གིས་སྤྱི་ལོ་༡༩༩༤ལོའི་ཟླ་བདུན་པའི་ནང་བྲིས་པ་དགེའོ།།
འབྲུ་ཤུག་དགོན་པ་ཐོག་མར་ཕྱག་འདེབས་མཁན་གྱི་མཚན་ལ་བླ་མ་ནོར་བུ་ཕུན་ཚོགས་ཟེར་ཞིང་ཁོང་གིས་བོད་རབ་བྱུང་བཅུ་གསུམ་པ་མེ་ཡོས་སྟེ་སྤྱི་ལོ་༡༧༤༧ལོར་རྭ་བསྐོར་གོང་མ་དང་བར་མ། འདབ་མ་གསུམ་བྱ་བའི་ཚོ་ཆེན་ཞིག་ཡོད་པའི་རྭ་བསྐོར་འདབ་མར་དགོན་པ་བཏབ་པས་དགོན་མིང་ལའང་རྭ་བསྐོར་འདབ་མའི་དགོན་དུ་འབོད་ཅིང་དེ་དུས་འབྲོག་དགོན་ཡིན་ཏེ་ཁང་པ་སོགས་མེད་པར་སྦྲ་གུར་དུ་སྡོད་པའོ། ཕྱིས་སུ་འབྲུ་ཤུག་བྱ་བའི་ནགས་ཚལ་དབེན་ཞིང་མཛེས་སྡུག་ལྡན་པ་ཞིག་ཏུ་རྒྱུན་པར་དབྱར་ཆོས་ཚོགས་པར་བརྟེན་ཡུན་གྱིས་དགོན་མིང་འགྱུར་ནས་ཐ་མར་བླ་མ་གངས་ཤར་རང་གྲོལ་བྱ་བས་འབྲུ་ཤུག་དགོན་ཞེས་མིང་བཏགས། དགོན་པའི་ཤར་ཕྱོགས་སུ་ཡུལ་ལྷ་རྨ་བུ་དཀར་སྐྱོང་རི་བོ་དང་བྱང་ཕྱོགས་སུ་གསེར་གཞུང་ཐང་ཆེན། མདུན་དུ་ཚྭ་རྩྭ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ཅིང་ད་ལྟ་སྲིད་[page 116] འཛིན་གྱི་ཐད་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཟླ་ཐང་པ་ཆུས་ཚྭ་རྩ་ཞང་གི་ཁོངས་སུ་གཏོགས།
གྲུབ་མཐའ་རྙིང་མ་བར་གཏོགས་ཤིང་རྫོགས་ཆེན་ལུགས་གཙོ་བོར་འཛིན། དགོན་འདིར་གཏེར་སྟོན་ཐེག་མཆོག་རྡོ་རྗེ་བྱ་བའི་གྲུབ་ཆེན་དམ་པ་དང་། སྤྲུལ་སྐུ་མེ་ལོང་རྡོ་རྗེ། སྐྱེས་མཆོག་སྤྲུལ་སྐུ། བླ་མ་བསོད་ནམས་སྤྲུལ་སྐུ་སོགས་བྱོན་མྱོང་པ་མ་ཟད་གཏེར་སྟོན་ཆེན་པོས་ཤོག་གྲངས་སུམ་བརྒྱ་ལྷག་གི་འབྲུ་ཤུག་དགོན་པའི་གདན་རབས་རྒྱས་པ་ཞིག་ཀྱང་བརྩམས་མྱོང་ཡང་དམངས་བསྒྱུར་དུས་སུ་བརླག་ཟིན། སྔོན་ལ་སྐུ་གསུང་ཐུགས་རྟེན་སྐོར་བྲ་རུའི་འཇིམ་སྐུ་ཞིག་ལས་གཞན་ཡོད་པའི་ལོ་རྒྱུས་མི་གསལ། དགོན་པའི་ཆོས་སྐྱོང་གཙོ་བོ་མགོན་པོ་དང་གསེར་གྱི་འབྲོང་རི་གཉིས་ཡིན། དགོན་པའི་ལས་གནས་ཀྱི་སྒྲིག་རིམ་ཐད་སྤྲུལ་སྐུ་ལྔ་སྟེ་འགྱུར་མེད་རྒྱ་མཚོ་དང་གངས་ཤར་རང་གྲོལ། འབྲུག་གྲགས། སྟོབས་བཅུ། མདོ་སྔགས་བསྟན་པའི་རྒྱ་མཚན་(མདོ་ལོ)བཅས་དང་། མཁན་པོ་གཅིག དགེ་བ་བསྐོས་གཅིག་ཡོད། ལོ་གསུམ་ནང་ཐེངས་གཅིག་འདེམས་དགོས་ཤིང་དགོན་པ་སྤྱིའི་བྱ་བར་གྲོས་བྱེད་པའི་ཚོགས་འདུ་བསྡུ་བའི་སྲོལ་ཡོད་ལ་ཞུགས་མཁན་ནི་སྤྲུལ་སྐུ་ལྔ་བོ་དང་མཁན་པོ། དགེ་བསྐོས། རིག་གནས་སྤྱི་པ་བཞི། སྔོན་མཁན་པོ་དང་དགེ་བསྐོས་ཁུར་མྱོང་མཁན་བཅས་ཡིན། དགོན་པ་འབྲོག་དགོན་ཡིན་སྟབས་ཆོས་ཚོགས་སྐབས་སུ་མཉམ་གཅིག་འདུས་པ་ལས་རྒྱུན་པར་རང་སར་རི་དང་ནགས་ཚལ་དབེན་པར་སོང་ནས་སྒོམ་ལ་བཞུགས་ཡོད་པར་བཤད། དེའི་རྐྱེན་གྱིས་དགོན་པ་སྤྱི་ལ་དཔལ་འབྱོར་ཐོག་ཀྱང་འདི་ཞེས་མེད་དེ་ཆོས་ཚོགས་མེ་སེར་ཁྱིམ་ནས་ཚོགས་ཤིང་ཚོགས་ཐེངས་རེར་ཁྱིམ་གཅིག་ནས་གཉིས་སྦྱིན་བདག་བྱས་ཏེ་འགྲོ་སྒོ་ཚང་མའི་འགན་ཁུར་དགོས་ལ། ཚོགས་སྐབས་སུ་འབུལ་བ་རེ་བྱུང་ན་ཕྱིར་ཁྱིམ་བདག་ལ་སྟེར་བ་ལས་སྤྲུལ་སྐུ་དང་གྲྭ་པས་ཁྱེར་སྲོལ་མེད། བཅིངས་འགྲོལ་སྐབས་སུ་གྲྭ་གྲངས་བརྒྱ་དང་སུམ་ཅུ་ལྷག་ཡོད་ཀྱང་ས་ཁྱི་ལོ་ནས་བཟུང་ཚང་མ་སྐྱ་སར་ཕབ། ཚོགས་གུར་དང་མཆོད་རྫས་ཡོངས་རྫོགས་གཞུང་བཞེས་བརྒྱབ།།
སྤྱི་ལོ་༡༩༨༢ལོ་ནས་བཟུང་མང་ཚོགས་ཀྱི་རེ་འདོད་བཞིན་དགོན་པ་སླར་གསོ་བྱ་བའི་འགོ་བརྩམས་ཏེ་ཚོགས་གུར་དང་མཆོད་ཆས་ཁ་ཤས་གསར་བཞེངས་བྱས་ཤིང་༡༩༨༤ལོའི་ཟླ་༡༡པར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ། ༡༩༨༧ལོ་ནས་འབྲོག་དགོན་གྱི་ལོ་རྒྱུས་མཇུག་རྫོགས་ཏེ་གུ་རུ་བཞུགས་ས་དང་སེར་མོ་བའི་འཚོགས་ས་ལྷ་ཁང་གཅིག་ལྕོགས་ཀྱི་ཁང་པ་གསར་པ་ཞིག་བཞེངས་པ་མ་ཟད། ཇོ་བོའི་སྐུ་ཁང་ཚད་མ་གཅིག་དང་། ཚེ་དཔག་མེད་ཀྱི་སྐུ་གཅིག རྡོ་རྗེ་སེམས་དཔའ་མདའ་ཚད་མ་གཅིག གུ་རུ་གཙོ་འཁོར་གསུམ། སྒྲོལ་དཀར་གཅིག་བཅས་དང་། གསུང་གི་རྟེན་ལ་བཀའ་འགྱུར་ཆ་ཚང་བཞི། གཞུང་ཆེན་བཅུ་གསུམ། ཀློང་ཆེན་མཛོད་བདུན། ཚད་མ་རིག་གཏེར་སོགས་པོད་མང་པོ་བཞུགས། དེ་རྣམས་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་སྐྱོང་མཁན་སེར་[page 117] མོ་བཞི་བཅུ་ཞེ་ལྔ་ཡོད་པ་ཚང་མ་རང་ཁ་རང་གསོ་ལས་དགོན་པ་གཞུང་ནས་དཔལ་འབྱོར་ཐད་རྒྱབ་སྐྱོར་མེད་ཅེས་སྤྱི་ལོ་༡༩༩༤ལོའི་ཟླ་༧པའི་ནང་སྤྲུལ་སྐུ་མདོ་ལོ་ནས་འཆད་ཅིང་མདོ་ཁྲི་གདུགས་དཀར་ཚེ་རིང་ནས་བྲིས་པ་དགེའོ། །
འབྲས་ཚལ་དགོན་ནམ་འོད་ཟེར་བསམ་གཏན་གླིང་ཞེས་སྔ་འགྱུར་རྙིང་མའི་གྲུབ་མཐའ་འཛིན་པའི་དགོན་པ་འདི་དཀར་མཛེས་བྱང་ཕྱོགས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་འབྲས་ཚལ་རི་སྐེད་དུ་ཆགས་ཤིང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཤར་ཕྱོགས་ཞང་གི་ཁོངས་སུ་གཏོགས། དགོན་པ་ཕྱག་འདེབས་མཁན་གྱི་མཚན་ལ་ཀརྨ་འཕྲིན་ལས་བྱ་ཞིང་བཏབ་པའི་དུས་ལ་དགོན་པ་རང་ནས་བོད་རབ་བྱུང་བཅུ་གསུམ་ནང་ཡིན་ཟེར་བ་དང་། ཡིག་ཆ་འགའ་རེའི་ནང་བོད་རབ་བྱུང་བཅུ་དྲུག་སྟེ་སྤྱི་ལོ་༡༩༣༡ལོར་བཏབ་བྱ་བས་གང་ཡིན་པ་ད་དུང་དཔྱད་དགོས། ཀཿཐོག་དགོན་པས་ཆོས་འབྱུང་ལས། དགོན་ལག་སུམ་བརྒྱའི་ནང་གི་ཐོར་བུའི་གྲས་སུ་རྩིས་ཡོད་པ་དང་དགོན་པ་ཆགས་རིམ་གྱི་ངག་རྒྱུན་ལ་གཞིགས་ནས་དགོན་པ་བཏབ་པས་ལོ་རྒྱུས་ཧ་ཅང་རིང་པོ་མེད་པ་རྟོགས་སླ་བར་བསམ། དགོན་པའི་མིང་དེ་འབྲས་ཚལ་བྱ་བ་ནི་ཚོ་བའི་མིང་ས་མིང་དང་དེ་ནས་དགོན་པར་བཏགས་པ་སྟེ། སྔོན་ལ་ཉག་རྐེད་མགོན་པོ་རྣམ་རྒྱལ་བྱ་བའི་ས་ཆའི་རྒྱལ་པོ་(དཔོན་པོ་)ཞིག་གི་མངའ་འོག་ཏུ་འབྲས་ཚལ་རྡ་ཁེ་སྲས་པོར་འབོད་པའི་བློན་པོ་ཞིག་མཆིས་པར། དུས་ནམ་ཞིག་ལ་རྒྱལ་བློན་མ་མཐུན་པས་ཁོང་རང་འོག་གི་ཚོ་བ་ཁྲིད་དེ་ས་གཞན་དུ་འཁྱམས་ཤིང་། རྒྱ་ལ་སྐྱབས་བཅོལ་ནས་རྒྱ་དམག་གིས་ལོ་གསུམ་ཙམ་དམག་བརྒྱབ་ཀྱང་ཕམ་ཁ་ཉོས་སྟབས་ཁོ་སླར་ཡང་དབུས་གཙང་ཕྱོགས་སུ་སོང་ནས་ས་གནས་སྲིད་གཞུང་ལ་གཏུགས་ཏེ་བོད་དམག་ཁྲིད་འོངས་ནས་དམག་བརྒྱབ་པས་ཉག་རྐེད་དཔོན་པོ་ཕམ་པར་བཏང་། ཉག་རོང་སོགས་བོད་སྲིད་གཞུང་གིས་བཟུང་ཞིང་ཁོང་དེ་ཡི་རྒྱབ་རྟེན་འོག་སྟོང་རི་སྒང་འདི་བཟུང་ནས་ས་དིའི་དཔོན་དུ་བསྡད་རྗེས་རིམ་གྱིས་ཚོ་བའི་མིང་ལ་ཐོགས་ནས་འབྲས་ཚལ་བཙན་ཐང་སྒང་ཞེས་ཆགས། ཚོ་བ་གཙོ་བོ་རྫ་མགོ་ཚང་དང་ཀེ་རེ་ཚང་། གེ་སྐེ་ཚང་། གཟུང་རི་ཚང་ཀུན་མཐུན་ཚང་བ་ཅས་ལྔ་ཡོད་ཅིང་འཁྲུངས་ས་རྫ་མགོ་ཚང་ཡིན་པའི་ཉག་རོང་གྲོང་སྟོད་དགོན་གྱི་བླ་མ་ཀརྨ་འཕྲིན་ལས་བྱ་བར་རང་ཡུལ་དུ་ཕེབས་ཏེ་འོད་ཟེར་བསམ་གཏན་གླིང་ཞེས་རྙིང་མ་བའི་དགོན་པ་ཞིག་བཏབ་པར་འབྲས་ཚལ་དགོན་ཞེས་འབོད་བྱ་བའི་ངག་རྒྱུན་གསལ་པོ་ཞིག་འདུག རྫ་མགོ་བླ་མ་ཀརྨ་འཕྲིན་ལས་ནས་ཕྱག་བཏབ་པའི་དགོན་པ་འདི་ཁོང་གི་ཡང་སྲིད་མགར་བ་བླ་མ་བསོད་ནས་དཔལ་འབྱོར་གྱི་རིང་ལ་རྒྱ་བསྐྱེད་མཛད་དེ་[page 118] གྲྭ་གྲངས་བཞི་ཅུ་ལྷག་བྱུང་། དེ་རྗེས་ཁོང་གི་ཡང་སྲིད་འབྲས་ཚལ་སྤྲུལ་སྐུ་ཨོ་རྒྱན་དངོས་གྲུབ་ཀྱི་རིང་ལ་ཡང་བསྐྱར་རྒྱ་བསྐྱེད་ནས་འདུ་ཁང་ཆེན་མོ་དང་ནང་རྟེན་གསེར་ཐང་མང་པོ་བཞེངས་ཤིང་གྲྭ་གྲངས་ཀྱང་སྔོན་ལས་དགུ་བཅུ་ཙམ་ཇེ་མང་ལ་སོང་བ་མ་ཟད་དགོན་པར་སྤྲུལ་སྐུ་གསུམ་སྟེ་མཁྱེན་རབ་དང་འབྲག་གྲགས། ཁོང་བཅས་དང་མཁན་པོ་བསོད་ནམས་བཀྲ་ཤིས་སོགས་འདུས་པའི་ཡུལ་ཁོག་འདིའི་རྙིང་དགོན་ཆེ་གྲས་སུ་གྱུར། ཁོང་དགོངས་པ་རྫོགས་ནས་ཡང་སྲིད་སྤྲུལ་སྐུ་པདྨ་དབང་རྒྱལ་གྱིས་དགོན་བདག་གི་འགན་བཞེས་དུས་ས་ཁྱི་ལོའི་དམངས་བསྒྱུར་ལས་འགུལ་བྱུང་ནས་དགོན་པ་གཏོར་འགོ་ཚུགས་ཤིང་རིག་གསར་སྐབས་སྐུ་གསུང་ཐུགས་རྟེན་དང་བཅས་པ་རྩ་མེད་དུ་བཏང་།།
དགོན་པ་ཕྱག་བཏབ་པ་ནས་སྤྲུལ་སྐུ་རིམ་བྱོན་གྱིས་ཇེ་རྒྱས་སུ་བཏང་བའི་ཁྲོད་རྟེན་དང་བརྟེན་པ་མང་པོ་བཞེངས་ཡོད་པ་འདིར་ཉུང་ཙམ་བཀོད་ན་དམངས་བསྒྱུར་སྔོན་དུ་འདུ་ཁང་གཅིག ཇ་ཁང་གཅིག གཉེར་ཁང་གཅིག རི་ཁྲོད་ཁང་པ་ཞིག་བཅས་དང་གྲྭ་ཤག་སུམ་ཅུ་ལྷག་བཅས་ཡོད་པའི་ནང་སྨན་འདམ་ལས་གྲུབ་པའི་གུ་རུ་པདྨའི་སྐུ་ཐོག་ཚད་གསུམ་ཅན་གཅིག བཀར་འགྱུར་ཆ་ཚང་གཅིག གསེར་བྲིས་གྱན་ཐང་བཅུ་བཞི། བཀའ་ཐང་གསེར་བྲིས་མ་བཅུ་གཉིས། གསེར་ཐང་གནས་བརྟན་བཅུ་དྲུག སྟོན་པའི་གསེར་སྐུ་ལི་མ་མདའ་ཚད་མ་གཅིག་བཅས་བཞུགས་ཤིང་དགོན་པའི་སྲུང་མ་གཙོ་བོ་མ་མོ་དང་མགོན་པོ་ཚོགས་བདག དམ་ཅན་རྡོར་ལེགས་གསུམ་ཡིན། སྒྲུབ་མཆོད་ཀྱི་སྐོར་གཙོ་བོ་རྒྱུན་ཇ་ཟླ་གཅིག་གི་ཆོས་ཚོགས། དགུན་ཆོས་ཉིན་བདུན། ཚེས་བཅུ་ཉིན་བདུན། བསྙུང་གནས་ཆ་བཞི། མ་ཎི་ཉིན་བདུན། རི་བསང་ཉིན་ལྔ་བཅས་དང་དགོན་པའི་འདུལ་ཁྲིམས་དང་བཅའ་ཡིག་ཀཿཐོག་དགོན་པ་དང་མཚུངས་ཤིང་དགོན་པའི་བྱ་བ་ཚང་མ་མཁན་པོ་དང་དགེ་བསྐོས། ཁྲི་པ་ལས་སྣེ་གསུམ་ཚོགས་ནས་ཐག་བཅད་དེ་དགོན་བདག་སྤྲུལ་སྐུར་ཞུས་རྗེས་ལག་ལེན་དུ་འདེབས་དགོས།།
སྤྱི་ལོ་༡༩༨༣ལོ་ནས་དགོན་པ་ཉམས་གསོ་བྱ་བའི་རྨང་བཏང་ཞིང་༩༡ལོ་འདུ་ཁང་སོགས་བཞེངས་ནས་འགྲུབ་པ་དང་༩༤ལོར་ནང་གི་རྟེན་ཚང་མ་བཞེངས་ཚར་བ་སྟེ་གཙོ་བོ་སྨན་འདམ་ལས་གྲུབ་པའི་འོད་དཔག་མེད་དང་སྤྱན་རས་གཟིགས། རྡོ་རྗེ་སེམས་དཔལ། གུ་རུ་གཙོ་འཁོར་བཅས་ཐོག་ཚད་མ་དང་། སྟོན་པ་གཙོ་འཁོར་གསུམ། འཇམ་དབྱངས་གཙོ་འཁོར་གསུམ། སྒྲོལ་མ་སྔོན་མོ། གུ་དྲག་གི་སྐུ། སེང་གདོང་མ། ལྷ་ཁང་བཞི་བསྐོར་དུ་གྱན་ཐང་ཁ་ཚང་། སྲུང་མ་མགོན་པོ། དཔལ་ལྡན་ལྷ་མོ། སྔགས་སྲུང་མ། ཁྱབ་འཇུག གེ་སར་སོགས་གསར་དུ་བཞེངས་པ་ལས་ཟངས་དངུལ་གྱི་མཆོད་ཆས་དང་རོལ་ཆ་སྣ་ཚོགས། བཀའ་འགྱུར་ཆ་ཚང་གཉིས་བཅས་བཞུགས་ཤིང་དགོན་པ་ཡོངས་ལ་ད་ལྟ་འདུ་ཁང་གཅིག་དང་གཉེར་ཁང་གཅིག ཇ་ཁང་གཅིག་དགོན་བདག་སྤྲུལ་སྐུའི་བླ་བྲང་གཅིག གྲྭ་ཤག་གཅིག་ཡོད་པའི་ནང་གྲྭ་གྲངས་ང་བཞི་དང་། རྒྱུན་སྡོད་བཅུ་གཉིས་ཙམ་[page 119] བཞུགས། དགོན་པའི་དཔལ་འབྱོར་ཐད་སྔོན་ཆད་ཕྱུགས་ཉུང་ཤས་ཡོད་ཅེས་པ་ལས་གསལ་བོར་ཤེས་མཁན་མེད་པ་དང་ད་ལྟའི་དགོན་པ་སྤྱིའི་ཡོང་སྒོ་ཡང་འདི་ཡིན་ཞེས་མེད་པར་གཙོ་བོ་བདག་གཉེར་འགོ་ཁྲིད་ལས་སྣེ་མི་སྣ་ལོ་རེ་བཞིན་འབྲོག་ཁུལ་དུ་སོང་ནས་མར་སློང་དགོས་ལ་སློང་ནས་ཐོབ་པ་ཡོད་ཚད་ཆོས་ཚོགས་ཐོག་སྤྱོད་དགོས་པ་ལས་གྲྭ་བ་རྣམས་རང་ཁ་རང་གསོ་ཡིན། ཞེས་དགོན་པའི་བླ་མ་ཚངས་དབྱངས་རྒྱ་མཚོས་གསུང་པ་བཞིན་མདོ་ཁྲི་གདུགས་དཀར་ཚེ་རིང་གིས་སྤྱི་ལོ་༡༩༩༤ལོའི་ཟླ་བདུན་པར་སྦྱར་བ་དགེའོ།།
འབུམ་ཐང་དགོན་བཀྲ་ཤིས་ཆོས་གླིང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཚ་རྩྭ་ཞང་རྫ་ཧོར་ཆེན་གི་འབུམ་ཐང་དུ་ཆགས་ཤིང་དགོན་པའི་ཤར་ཕྱོགས་སུ་བེ་དཀར་ཕྱུག་མོ་རི་བོ་དང་ལྷོ་ཕྱོགས་སུ་ནགས་རྒྱལ་ཕྱུག་མོ། ནུབ་ཕྱོགས་རྩེ་ལྷ་ནོར་བུ་གཡུ་རྒྱལ། བྱང་དུ་བྱེས་སྨུག་ཤ་རྭ་དུང་རྩེ་བཅས་རི་རྒྱལ་ལྷུན་པོ་གསེར་གྱི་ཕྲེང་བས་བརྒྱན་ཅིང་། བཏབ་དུས་ནི་བོད་རབ་བྱུང་བཞི་བ་མེ་ལུག་ལོར་བསོད་ནམས་རྒྱ་མཚོས་བཏབ་པ་དང་བོད་རབ་བྱུང་བཅུ་པའི་ཤིང་འབྲུག་སྤྱི་ལོ་༢༦༠༤ལོར་སྙི་བླ་པདྨ་བསྟན་འཛིན་གྱིས་ཕྱག་བཏབ་བྱ་བའི་འཆད་ཚུལ་གཉིས་མཆིས་པ་ལས་ང་ཚོས་དགོན་པ་རང་གི་འཆད་རྒྱུན་སྙི་བླ་པདྨ་བསྟན་འཛིན་སྐུ་རིང་དུ། ས་དེ་གའི་དཔོན་པོ་སྟོང་བཟའ་མགོན་ནེ་བྱ་བས་སྦྱིན་བདག་བྱས་ཏེ་བཏབ་ཅེས་པ་དོན་དངོས་དང་མཐུན་པར་འདོད། གང་ལྟར་ནའང་གསལ་བོར་ཤེས་པ་ནི་ཐོག་མར་ཕྱག་འདེབས་དུས་འབྲོག་དགོན་ཡིན་ཞིང་མིང་ལའང་མིག་སྨན་ཐིག་ལེ་དགོན་སྐལ་བཟང་གཡང་འདུས་དགའ་ཚལ་བྱ་ཡང་ཕྱིས་སུ་རིམ་གྱིས་ས་མིང་དགོན་ལ་བཏགས་པས་འབུམ་ཐང་དགོན་བཀྲ་ཤིས་ཆོས་གླིང་དང་ཚོ་བའི་མིང་གིས་ར་བསྐོར་བར་མའི་དགོན་ཞེས་འབོད། འབྲོག་དགོན་ཡིན་དུས་བླ་མ་སོགས་བཞུགས་སའི་སྦྲ་གུར་ཆེ་ཆུང་ལྔ་བཅུ་ལྷག་དང་གྲྭ་བ་དང་ཇོ་མོ་ཉིས་བརྒྱ་ཙམ་ཡོད་པར་འཆད། གྲུབ་མཐའ་ཐོག་མར་རྒྱལ་བ་ཀཿཐོག་པའམ་སྔ་འགྱུར་རྙིང་མ་རྒྱལ་བ་དཔལ་ཡུལ་པའི་ལུགསཡིན་ཟེར་ཡང་རྗེས་སུ་གྲུབ་དབང་རྫོགས་ཆེན་པའི་ལུགས་འཛིན་པར་མ་ཟད་དེའི་བུ་དགོན་གྱི་གྲས་སུ་ཚུད། དེ་དུས་རྗེ་འཇིགས་མེད་དཔའ་བོ་རྡོ་རྗེ་དགོན་འདིར་བྱོན་ནས་དགོན་པ་རྒྱ་བསྐྱེད་མཛད་དེ་དུས་འཁོར་དང་མཆོད་རྟེན། ཆོས་ཚོགས་འཚོགས་ཐུབ་པའི་གཉེར་ཁང་། གྲྭ་ཤག་བདུན་བརྒྱད་ཙམ་བཞེངས། ཁོང་སྐུ་གཤེགས་རྗེས་ར་བསྐོར་བར་མའི་ཚོ་བ་ནང་འཁྲུག་བྱུང་སྟེ་དགོན་པའི་ནང་རྟེན་མཆོད་རྟེན་སོགས་བརླག ཕྱིས་སུ་ཉམས་གསོ་བྱེད་པའི་དུས་སུ་རྒྱ་ཇག་དུམ་བུ་ཞིག་ཐོན་ནས་དགོན་པ་དང་ཚོ་བའི་[page 120] རྒྱུ་ནོར་མང་པོ་འཕྲོག་ཅིང་མི་བཅུ་ལྷག་དམར་གསོད་བཏང་ནས་དགོན་པ་གཏོར་སྐྱོན་ཐེབ་པས་བརྟེན་འགངས་ཆེན་རིགས་མེད་པར་སོང་། ལོ་རྒྱུས་ཐོག་གྲུབ་ཆེན་དཀར་དབང་ཆགས་པའི་རྡོ་རྗེ། སྒོ་བླ་དགེ་འདུན་དར་རྒྱས། མཁས་ཆེན་ཐུབ་བསྟན་ཤེས་རབ་འོད་ཟེར་སོགས་སྐྱེས་ཆེན་དམ་པ་མང་པོ་དགོན་འདིར་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་མྱོང་ལ་ལྷག་པར་དུ་ཐུབ་བསྟན་ཤེས་རབ་འོད་ཟེར་དགོན་འདིར་བཞུགས་རིང་དུ་ཡེ་ཤེས་བླ་མའི་འགྲེལ་པ་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས་ཆེན་པོ་སོགས་ལྗགས་རྩོམ་གནང་།།
དགོན་པའི་ལས་གནས་ཀྱི་སྒྲིག་རིམ་ཐད་ཆེས་མཐོ་བ་ནི་དགོན་བདག་སྤྲུལ་སྐུ་ཡིན་ཏེ། དང་པོ་སྙེ་བླ་པདྨ་བསྟན་འཛིན་དང་བློ་ལྡན་ཤེས་རབ་གཉིས། དེ་ནས་སྙེ་བླ་བསྟན་འཛིན་དར་རྒྱས། དེ་རྗེས་འཇིགས་མེད་དཔའ་བོ་རྡོ་རྗེ། དེ་ནས་སྤྲུལ་སྐུ་བདེ་ཆེན་བཟང་པོ། དེ་ནས་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་། དེ་ནས་སྒོ་གཏེར་རིག་འཛིན་ནོར་བུ། དེ་ནས་འགྱུར་ཀུན་བཟང་འོད་ཟེར། དེ་ནས་འཇིགས་མེད་འོད་ཟེར། དེ་ནས་སྒོ་བླ་ཤེས་རབ་བློ་གྲོས། དེ་ནས་དཀར་དབང་ཆགས་པའི་རྡོ་རྗེ། དེ་ནས་སྒོ་བླ་དགེ་འདུན་དར་རྒྱས། དེ་ནས་ཐུབ་བསྟན་ཚུས་ཁྲིམས་དཔལ་བཟང་། དེ་ནས་དབོན་པོ་ཐུབ་བསྟན་ཤེས་རབ་འོད་ཟེར། དེ་ནས་རྒྱལ་སྲས་པདྨ་དབང་གྲགས། དེ་ནས་ཀརྨ་མཁྱེན་བརྩེ། དེ་ནས་དཀར་དབང་འགྲོ་འདུལ་གླིང་པ། དེ་ནས་དཔོན་བླ་བཀྲ་ཤིས་རྒྱ་མཚོ། དེ་ནས་འཇིགས་མེད་ཉི་མ། དེ་ནས་ཐུབ་དབང་ཉི་མ་དང་གཞན་ཕན་འོད་ཟེར་བཅས་དང་དགོན་པ་སྤྱིར་སྤྲུལ་སྐུའི་ཕྲེང་རིམ་འདེད་རྒྱུ་ཡོད་པ་ལྔ་སྟེ། ཟིལ་ནང་བེ་རོ་དང་རྫོགས་སྤྲུལ། མཁྱེན་བརྩེ། ཐུབ་དབང་ཉི་མ། གཞན་ཕན་འོད་ཟེར་བཅས་སོ། དགོན་བདག་སྤྲུལ་སྐུ་ལས་དམའ་བ། མཁན་པོ་དང་དེ་ནས་དགེ་བསྐོས་ཆེ་ཆུང་གཉིས། དབུ་མཛད་ཆེ་ཆུང་གཉིས། གཉེར་པ་བཅས་གོ་རིམ་ལྟར་ཡིན་ལ་ལས་སྣེ་དག་ཚང་མ་སྤྲུལ་སྐུས་བསྐོ་བཞག་བྱེད་དགོས་ཤིང་དགོན་པ་སྤྱིའི་བྱ་བ་གལ་ཆེན་རིགས་སྤྲུལ་སྐུ་དང་མཁན་པོ་ལས་སྣེ་སོགས་ཀྱི་ཐོག་གྲྭ་རྒན་བཅུ་འདེམས་ནས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་སྲོལ་ཡོད། སྔོན་ལ་རྫོགས་ཆེན་པའི་ལུགས་ལྟར་བཅས་ཡིག་ཞིབ་རྒྱས་ཤིག་ཡོད་པ་དམངས་བསྒྱུར་སྐབས་དགོན་པ་དང་རྟེན་རྒྱུ་ནོར་ཡོད་ཚད་མེད་པར་བཏང་བས་ད་ལྟ་དགོན་པ་དང་ཆོས་སྲིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་དགོན་པ་རང་གི་བཅའ་ཡིག་གསར་བ་ཞིག་གཏན་ལ་ཕབ་ཡོད།།
སྒྲུབ་མཆོད་སྐོར་ཆོ་འཕྲུལ་ཟླ་བའི་ནང་གྲྭ་པ་ཡོངས་ཚོགས་ཏེ་སིདྡྷིའི་བུམ་སྒྲུབ་དང་ཕུར་པ་བུམ་སྒྲུབ་ཀྱི་ཆོས་ཚོགས་དང་འཆམ་ཉིན་བཞི། ས་ག་ཟླ་བའི་ནང་བསྙུང་གནས་ཆ་བརྒྱད། གླང་ཟླའི་ནང་མགོན་པོ། གསོལ་ཁ། བསམ་ལྷུན་ཆོ་གའི་ཆོས་ཚོགས་དེ་ནས་དབྱར་གནས་ཟླ་གཅིག་དང་ཕྱེད། ཡོས་ཟླ་ནང་སྒྲོལ་མའི་ཆོས་ཚོགས། སྤྲེའུ་ཟླ་ནང་དགུ་གཏོར་བཅས་ཡིན་ལ་དགོན་པའི་ཆོས་སྐྱོང་གཙོ་བོ་ནི་[page 121] དཔལ་ལྡན་ལྷ་མོ། གཟའ། དམ་ཅན་དང་དེ་གསུམ་འདུས་པའི་སྲུང་མ་སྡེ་དགུ་ཡིན།
སྐུ་གསུང་ཐུགས་རྟེན་ལ་གསེར་སྐུ་སྟོན་པ་གཙོ་འཁོར་གསུམ་དང་གུ་རུ་གཙོ་འཁོར་གསུམ། སྨན་བླ་མཆེད་བརྒྱད། གནས་བརྟན་བཅུ་དྲུག་དང་གསེར་ཐང་སྒྲོལ་མ་ཉེར་གཅིགགནས་བརྟན་བཅུ་དྲུགལེའུ་བདུན་མ་(ཨོ་རྒྱན་རྣམ་ཐར)། བསམ་ལྷུན། ལྟུང་བཤགས། ཐུགས་རྗེ་ཆེན་པོ་བཅས་ཡོད། གསུང་གི་རྟེན་གཙོ་བོ་ནི་འབུམ་དངུལ་བྲིས་མ་ཡིན་ཞིང་སྔོན་གྱི་རོལ་ཆ་སྤུས་ལེགས་པ་ཉི་ཤུ་རྩ་ལྔ་མཆིས་པའི་ནང་ཁྱད་དུ་འཕགས་པ་བཅུ་གསུམ་སྟེ། སྦུབ་ཆ་རྒྱན་ནག་ཏྲ་དབྱངས་ལ་(ལི)བ་ལ་པོ་བརྒྱ་འདུལ་མ། བྱ་ཤང་ཤང་༏དུག་ཚ་རོལ་མོ། སིལ་སྣང་རོལ་མོ། ཁྲོམ་ཏོག་རོལ་མོ། ལི་དགོན་རོལ་མོ། དངུལ་དུང་ཆེན་པོ་ཆ་གཅིགཟངས་རག་གི་དུང་ཆེན་ཆ་གཉིས། གསེར་གྱི་གླང་བུ་ཆ་གཉིས། དུང་གླང་ཆ་གཉིས། ཟངས་རག་གྱི་གླང་བུ་ཆ་གཉིས། གསེར་དངུལ་གྱི་མཎྜལ་ཆ་གཅིག་བཅས་པ་ལས་ད་དུང་རྩ་ཆེ་བའི་རིགས་ལ་གསེར་གྱི་མཆོད་ཆ་ཚང་ཞིགབུམ་པ་གཉིས། སྨན་རག་ཆ་གཅིག། ནང་མཆོད་ཆ་གཅིག། བྲན་ཐུར་ཆ་གསུམ་བཅས་དང་གསེར་གྱི་ཞལ་འབག་ལྔ། དུང་དཀར་གསེར་གྱིས་ཤན་པ་གཅིག་ལི་ཡི་སིལ་སྙན་གསུམ་བཅས་སོ། རིག་གནས་ཐད་ཆེ་འབྲིང་ཆུ་གསུམ་གྱི་འཛིན་གྲྭ་བཙུགས་ཏེ་འཆད་ཉན་སྤྱངས་པའི་སྲོལ་ཅུང་ཡོག་པོ་ཞིག་ཡོད། རྩོད་གྲྭ་དར་མེད། འཆམ་རྒྱག་པ་ནི་རྫོགས་ཆེན་ནས་དར་ཡོང་། དམངས་བསྒྱུར་སྐབས་སུ་དགོན་པ་ནང་རྟེན་བཅས་མེད་པར་གྱུར་བ་དང་། སེར་མོ་སྤྲུལ་སྐུ་རྣམ་གཉིས་བཅས་རུ་ཁག་ངལ་རྩོལ་དུ་བཞུགས།
སྤྱི་ལོ་༡༩༨༤ལོར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་ལ་༨༥ལོ་ནས་འདུ་ཁང་བཞེངས་ཏེ་དགོན་པ་སླར་གསོ་བྱེད་བའི་འགོ་བརྩམས་ཤིང་༡༩༩༤ལོར་ཕྱིའི་ཁང་པ་དང་ནང་གི་རྟེན་སོགས་བཞེངས་པ་ཡོངས་སུ་གྲུབ་ནས་སྐུ་གསུང་ཐུགས་ཀྱི་རྟེན་ད་ལྟ་བཞུགས་པ་འདི་ལྟ་སྟེ། འདུ་ཁང་ཀ་བ་བརྒྱད་ཅུ་ཅན་གཅིགམགོན་ཁང་ཀ་བ་བརྒྱད་ཅན་གཅིགའཆད་ཉན་གྱི་ཚོགས་ར་ཆེན་པོ་གཅིགམཛོད་ཁང་ཀ་བ་བརྒྱད་ཅན་གཅིགགཉེར་ཁང་གཅིགའཆམ་རོལ་སྤྲོད་མཁན་བཞུགས་ས་ཁང་མིག་བརྒྱད། སྒྲུབ་གྲྭའི་འདུ་ཁང་གཅིག་དང་གྲྭ་ཤག་དྲུགདགོན་པ་སྤྱིའི་གྲྭ་ཤག་བདུན་ཅུ་བཅས་དང་སྐུ་རྟེན་གསེར་ཟངས་ལས་གྲུབ་པའི་གུ་རུའི་སྐུ་མི་ཚད་མ་གཅིགརྒྱུ་མཚུངས་ཡེ་ཤེས་མཚོ་རྒྱལ་དང་ལྷ་ལྕམ་མཎ་དྷ་ར་བ་མི་ཚད་ཕྱེད་ཅན། རྒྱ་གར་ཤར་མའི་སྒྲོལ་སྐུ་ལི་མ་གཅིགརྡོ་རྗེ་སེམས་དཔལ། རྒྱན་དྲུག་མཆོག་གཉིས། གུ་རུ་མཚན་བརྒྱད། གུ་རུའི་འཇམ་སྐུ་ཁང་ཚད་མ་གཅིགགསེར་ཐང་རྙིང་པ་བརྒྱད། གྱན་ཐང་ཆེན་པོ་ཉི་ཤུ་དང་ཆུང་བ་སུམ་ཅུ་སོ་ལྔ། གསུང་གི་རྟེན་ལ་བཀའ་འགྱུར་ཆ་ཚང་གསུམ། བསྟན་འགྱུར་ཆ་ཚང་གཅིགརྙིང་མ་རྒྱུད་འབུམ་པོ་ཏི་ཉེར་བདུན། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་གཅིགཀློང་ཆེན་གསུང་འབུམ། འཇིགས་མེད་གླིང་པའི་གསུང་འབུམ། མི་ཕམ་གསུང་འབུམ། རིག་འཛིན་ཉི་[page 122] གྲགས་ཀྱི་གསུང་འབུམ་བཅས་དང་། དུང་འཁོར་ཆེན་པོ་གསུམ། རྡོ་ཡི་མཆོད་རྟེན་ལྔ་བཅས་བཞུགས་ཤིང་དགོན་པར་གཏན་འབེབས་སེར་མོ་བ་གོ་གཅིག་དང་དངོས་སུ་བཞུགས་པ་བརྒྱ་དང་བཅུ་ལྷག་ཡོད་ལ་དེ་དག་གི་འཚོ་བའི་རྟེན་ས་གཙོ་བོ་ནི་རང་ཁྱིམ་དང་འབུལ་བ་ཡིན་ཞིང་དགོན་པ་སྤྱིར་ཕྱུགས་ཟོག་ལྔ་བཅུ་ཡོད་པ་དང་འབུལ་བ་སོགས་ལོ་གཅིག་གི་ཡོང་སྒོ་སྒོར་ལ་བརྩིས་ན་ཁྲི་གཅིག་གི་གྲངས་ལ་སླེབས་ཀྱང་འགྲོ་སྒོ་སྒོར་ཁྲི་གཅིག་སྟོང་ལྔ་ཉིས་བརྒྱ་ལ་ཐོན་པས་འགྲོ་ཡོང་ཅུང་དོ་མི་སྙོམས་པར་ཐབས་གཞན་གྱིས་ཐག་གཅོད་བྱས་པ་ཡིན། དགོན་པའི་རྒྱུ་ནོར་དང་དབང་ཆ་ཡོད་ཚད་དགོན་བདག་སྤྲུལ་སྐུ་དང་དགེ་བསྐོས། གཉེར་པ། བདག་གཉེར་ཚོ་ཆུང་བཅས་ཐུན་མོང་གིས་དོ་དམ་དང་ཐག་གཅོད་བྱེད་པ་ཡིན་ནོ། ཞེས་སྤྱི་ལོ་༡༩༩༤ལོའི་ཟླ་བརྒྱད་པའི་ནང་སྤྲུལ་སྐུ་མདོ་ལོས་གསུང་པ་བཞིན་མདོ་ཁྲི་གདུགས་དཀར་ཚེ་རིང་གིས་བྲིས་པ་དགེའོ།།
གྲ་ལག་དགོན་པའམ་གྲ་ལག་བཤད་སྒྲུབ་མདོ་སྔགས་གླིང་བྱ་བ་དེ་ཁམས་དཀར་མཛེས་ཀྱི་ཡུལ་གྲ་ཟླ་གཉིས་སུ་ཕྱེ་བའི་གྲ་ཡི་རུ་ལག་ཏུ་ཆགས་པས་ན་གྲ་ལག་དགོན་ཟེར། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་གི་ཟླ་ཐང་མ་ཆུས་ཀྱི་ཚ་ལུང་ཞང་གི་ཁོངས་སུ་གཏོགས་འདི་ད་ལྟ་གསང་སྔགས་རྙིང་མ་བའི་འདུས་སྡེ་ཞིག་ཡིན་མོད། དེའི་སྔ་མ་ནི་བོན་པོ་ཡིན་པར་བཤད་དེ། ངག་རྒྱུན་ལྟར་ན། ཟླ་ཐང་མའི་ཀན་བརྒྱ་ལུང་བར་ཀན་བརྒྱ་བྲག་དཀར་ཟེར་བའི་གནས་རི་ཞིག་ཡོད་པའི་རྩེ་མོར་བན་རི་དང་བོན་རི་གཉིས་ཡོད་པ་ལ་བན་བོན་གྱི་དགོན་པ་གཉིས་ཆགས། བོན་དགོན་དེའི་དགོན་ལག་གཉིས་ཏེ་ལྟེ་ལག་དགོན་དང་གྲ་ར་རིང་བྲག་དཀར་དགོན་ཟེར་བའི་ཕྱི་མ་དེ་འདེབས་མཁན་ནི་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་སློབ་མ་ཆོས་ཀྱི་ཉི་མ་ཡིན། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་ལས་བཏུས་པ་ལྟར་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཉིད་ནི་ཕྱི་ལོ་༡༡༣༠ལོར་འདས་པས་དེའི་སློབ་མ་ཡིན་ན་དུས་རབས་བཅུ་གཉིས་པའི་སྟོང་ཙམ་ཡིན་པ་གལ། དེའི་རྗེས་ཀྱི་བོན་དགོན་གྱི་བླ་རབས་དང་ལོ་རྒྱུས་མ་གསལ། བོན་པོ་ཡི་དུས་ཀྱི་ཡོན་བདག་སོག་པོ་ཡིན་ཞིང་དེའི་མི་བརྒྱུད་སོག་པོའི་སྐོར་བ་ཟེར་བ་ད་ལྟའི་བར་དུ་ཟླ་ཐང་མའི་ཁོངས་སུ་ཡོད། ཕྱིས་སུ་རབ་བྱུང་དྲུག་པར། ཀཿ་ཐོག་དགོན་པའི་བླ་མ་བྱང་ཆུབ་འབུམ་གྱི་སློབ་མ་ཡེ་ཤེས་འབུམ་གྱི་དངོས་སློབ་ཀུན་དགའ་འབུམ་གྱིས་བོན་དགོན་དེ་གསང་[page 123] སྔགས་རྙིང་མ་བར་བསྒྱུར། ཀུན་དགའ་འབུམ་ནི་རབ་བྱུང་དྲུག་པའི་ཆུ་སྤྲེལ་སྤྱི་ལོ་༡༣༣༢ལོ་སྐུ་འཁྲུངས་པ་ཀཿ་ཐོག་ཆོས་འབྱུང་དུ་གསལ། དེ་ཀ་ཐོག་གི་ཆོས་བརྒྱུད་ཡིན་པས་གྲ་ལག་དགོན་ཡང་ཀཿ་ཐོག་དགོན་པའི་དགོན་ལག་ཆེ་ཁག་ཏུ་གྱུར། ཕྱིས་སུ་༡༧༧༧ལོ་ལ་དགེ་རྩེ་དཔོན་པོ་བློ་བཟང་ཚུལ་ཁྲིམས་དང་དགེ་རྩེ་པཎ་ཆེན་གཉིས་ཀྱིས་དགོན་པ་དེ་ད་ལྟའི་གནས་འདིར་སྤོར་ཏེ། གནམ་ཆོས་མི་འགྱུར་རྡོ་རྗེའི་སྐྱེ་མཐའ་རྨོག་གྲུབ་ནམ་མཁའ་ཆོས་དབང་གདན་དྲངས་ནས་གྲ་ལག་ཏུ་ས་འདུལ་མཛད་ཅིང་གྲྭ་ཚང་ཀུན་ལ་བཀའ་གཏེར་སྤྱི་དང་བྱེ་བྲག་ཏུ་བདུད་ཀློང་གཉིས་ཀྱི་དབང་ལུང་གནང་། དགོན་པ་བཞེངས་ཚར་རྗེས་ཕྱིར་ཀ་ཐོག་ཏུ་ལོགརིག་འཛིན་ཆོས་འཕེལ་བཟང་བོ་དགོན་གནས་འདིའི་བདག་པོར་མངའ་གསོལ། དེས་ཆོས་སྲིད་གཉིས་ཀ་ཡུན་རིང་དུ་བསྐྱངས་རྗེས། འདས་ཤུལ་བླ་མ་བསོད་ནམས་ཆོས་ལྡན་བསྟན་དགོན་གྱི་བདག་པོར་བཀའ་སྩལ་བས་བསྟན་དགོན་བཀའ་དྲིན་ཆེན་པོས་བསྐྱངས།
དགོན་པའི་དགོན་བདག་བླ་མ་ཕྱག་ཚ་རིན་པོ་ཆེ་ནི། འབྲོག་སྡེ་ཕྱག་ཚ་རུ་འཁྲུངས་པའི་སྐུ་ཕྲེང་དང་པོ་ཀུན་བཟང་ངེས་དོན་དབང་བོ་ནི་ཀ་ཐོག་མཁས་གྲུབ་དྲི་མེད་ཞིང་སྐྱོང་ཉིད་ཀྱིས་ཁོང་གི་ཡོངས་འཛིན་གྲུབ་དབང་བརྩོན་འགྲུས་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ཞིང་ཀ་ཐོག་ཏུ་གདན་དྲངས་པ་གྲུབ་ཐོབ་རྣམ་འབྱོར་གྱི་དབང་ཕྱུག་ཏུ་གྱུར། ཞལ་སློབ་ཀྱང་བདུད་འདུལ་བཞི་བ་རིག་འཛིན་འཇིགས་མེད་མགོན་པོ་དང་། རྨོག་གྲུབ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སོགས་སྐྱེས་སྐྱེས་ཆེན་དམ་པ་དུ་མ་བྱོན། དམ་པ་དེའི་ཡང་སྲིད་ཕྱག་ཚ་གཉིས་པ་ཀུན་བཟང་བསྟན་པའི་ཉིད་བྱེད། དེའི་ཡངསྲིད་ཕྱག་ཚ་གསུམ་པ་ཀུན་བཟང་བྱམས་པ་སེང་གེའདི་གཉིས་ཀ་ཐོག་གསེར་ཁྲི་ལ་མངའ་གསོལ་མཛད་རྗེས་གཙོ་ཆེར་གྲ་ལག་དགོན་དུ་བཞུགས་ནས་བསྟན་འགྲོ་བསྐྱངས། དེའི་ཡང་སྲིད་སྐོར་ལ་ཀཿ་ཐོག་ཆོས་འབྱུང་གསར་རྙིང་གཉིས་ཞལ་མི་མཐུན་ཏེ། ལེགས་བཤད་བསྟན་པའི་རྒྱལ་མཚན་ལྟར་ན་ཕྱག་ཚ་བཞི་བ་ཀུན་བཟང་པད་མ་འཕྲིན་ལས་རྒྱ་མཚོ་ཡིན་ལ། དེའི་ཡང་སྲིད་དེ་ད་ལྟ་བཞུགས་པའི་ཐུབ་བསྟན་ཚུལ་ཁྲིམས་བློ་གྲོས་ཆོས་ཀྱི་རྒྱལ་མཚན་ནི་ཕྱག་ཚ་སྐུ་ཕྲེང་ལྔ་བ་ཡིན་ལ། སངས་རྒྱས་རྡོ་རྗེ་ལྟར་ན་ཕྱག་ཚ་བཞི་བ་ངེས་དོན་བསྟན་འཛིན་དང་ལྔ་བ་ཀུན་བཟང་པད་མ་འཕྲིན་ལས་རྒྱ་མཚོ་ཡིན། དེ་ལྟར་ན་ད་ལྟ་བཞུགས་པའི་ཕྱག་ཚ་ཐུབ་བསྟན་ཚུལ་ཁྲིམས་བློ་གྲོས་ཆོས་ཀྱི་རྒྱལ་མཚན་འདི་ཕྱག་ཚ་སྐུ་ཕྲེང་དྲུག་པ་ཡིན་དགོས། གང་ལྟར་ཀྱང་ཀུན་བཟང་པད་མ་འཕྲིན་ལས་རྒྱ་མཚོ་ནི་དགོན་མ་ལག་གཉིས་ཆར་དུ་གསེར་ཁྲིར་མངལ་གསོལ་ཞིང་བསྟན་འགྲོའི་ལས་དོན་རྒྱ་ཆེན་པོ་མཛད། ལྷག་པར་དུ་མཁན་ཆེན་ངག་དགའ་རིན་པོ་ཆེ་གདན་དྲངས་ནས་གྲ་ལག་ཏུ་བཤད་གྲྭ་གསར་དུ་བཙུགས་པས་དགོན་འདི་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་གྲྭ་ཆེན་པོར་གྱུར།
[page 124] གྲ་ལག་དགོན་པའི་མཁན་རབས་རིམ་བྱོན་ནི། ཀཿ་ཐོག་མཁན་ཆེན་ངག་གི་དབང་བོ་དང་། གོས་སྤྲུལ་འགྲྱུར་མེད་མཐུ་སྟོབས་རྣམ་རྒྱལ། མཚོ་ཤུལ་འཇམ་དཔལ། དྲི་མེད་འོད་ཟེར། ཨོ་བསྟན། པུ་ཅ་ཆོས་ཉིད། ཕུར་ཚེ། བློ་རྒྱམ།(འདིའི་སྔོན་དམངས་གཙོ་བཅོས་བགྱུར་ཡར་སྔོན་གྱི་མཁན་པོ)བསྟན་འཛིན་བཟང་བོ། བསྟན་འཛིན། ར་སེས། ཐུབ་བསྟན་བསྟན་འཛིན་འོད་ཟེར་བཅས་བཅུ་གསུམ་མོ། དམངས་བཅོས་སྔོན་གྱི་བླ་བྲང་བརྒྱད་དང་དེ་དག་ཏུ་བཞུགས་པའི་སྤྲུལ་སྐུ་ནི། ཕྱག་ཚ་བླ་བྲང་དུ་ཕྱག་ཚ་པད་མ་འཕྲིན་ལས་རྒྱ་མཚོ་དང་ནོར་དབང་། ཐོག་རྒོལ་བླ་བྲང་དུ་ཐོག་སྤྲུལ་བསྟན་པའི་རྒྱལ་མཚན་དང་རྒོལ་སྤྲུལ། སྤྲུལ་སྐུ་ཚེ་རིང་ཆོས་འཕེལ། ར་ཟ་བླ་བྲང་དུ་ར་བཟའ་སྐུ་ཆེན་ཀུན་བཟང་ཉི་མ་དང་སྐུ་ཆུང་གཞོན་ནུ་རྒྱལ་མཚན། གནས་ནས་བླ་བྲང་དུ་སྤྲུལ་སྐུ་པོ་རྡལ་དང་ཕུར་བ་ཚེ་རིང་། གོས་སྤྲུལ་བླ་བྲང་དུ་སྤྲུལ་སྐུ་ཐུབ་བསྟན་དང་ཨོ་རྒྱན། དགེ་རྩེ་བླ་བྲང་དུ་དགེ་རྩེ་སྤྲུལ་སྐུ། འདས་ཤུལ་བླ་བྲང་དུ་འདས་ཤུལ་པད་མ་དགར་དབང་། འབར་ཆུང་བླ་བྲང་དུ་བླ་མ་རྣམ་རིས། བྲང་མེད་མཁན་ཞུ་ཆེན་སྤྲུལ་སྐུ་དང་། ཆེ་ཡོས་སྤྲུལ་སྐུ། ཀུན་ལོ། མགར་བ་སྤྲུལ་སྐུ། རྒྱ་ར་སྤྲུལ་སྐུ། ཁྲོ་སྤྲུལ་སེང་གེ་ཉི་མ་བཅས་སོ། གཞན་ཡང་། བླ་མ་བཅུ་གཉིས་ཟེར་བའི་ཡོན་ཏན་གྱིས་ཤིན་ཏུ་མཐོ་བ་བཅུ་གཉིས་བགྲང་སྲོལ་ཡོད་པ་ནི། ཕྱག་ཚ་སྤྲུལ་སྐུ་པད་མ་འཕྲིན་ལས་རྒྱ་མཚོ་དང་། རི་ཤུར་རིག་འདུས། འབར་ཆུང་བློ་གྲོས་བཟང་བོ། སེང་གེ་དགེ་རྒྱམ། འོད་ཟེར། མཚན་ལྡན། རྒྱལ་རོང་བླ་མ། པད་ཤེར། མགོ་ཤེར་དབུ་མ། ཆོས་ཉིད་བཟང་བོ། གནས་ནང་འབྲུག་གྲགས་བཅས་སོ། སྐབས་དེའི་དགོན་བདག་དང་ཡུལ་ཟླ་ཐང་མའི་ཆོས་སྲིད་ཟུང་འབྲེལ་གྱི་མངའ་བདག་ནི་ཕྱག་ཚ་སྤྲུལ་སྐུ་པད་མ་འཕྲིན་ལས་རྒྱ་མཚོ་དང་། བསྟན་པའི་བདག་པོ་ནི་འབར་ཆུང་བླ་མ་རྣམ་རིས། དགེ་བསྐོས་ནི་རྒྱ་ཤུར་སྤུ་རས་དང་ཨ་སྐྱབས་གུ་རྡི། མགོ་ཤུར་རྒྱ་པོ་གསུམ་ཡིན། དབུ་མཛད་ནི་ཧོར་བཟང་པའོ།།
གྲ་ལག་དགོན་པའི་ལྷ་སྡེ་སྟེ་དགེ་རྩེ་ཟླ་ཐང་མའི་ཚོ་བ་བཅུ་གསུམ་ལ་ཚོ་ཆེན་བཞི་དང་ཚོ་འབྲིང་ལྔ། དང་ཚོ་ཆུང་བཞི་བཅས་ཡོད་དེ། ཚོ་ཆེན་བཞི་ནི་སྟོད་ནས་དགེ་རྩེ་གོང་མ་དང་རྩ་ཤུལ་འབར་ཆུང་། སྨད་ནས་གུ་ཁྲོམ་རྡོ་གསུམ་སྐོར་དང་ཝ་འདས་སོ། ཚོ་འབྲིང་ལྔ་ནི་སྨད་ནས་དགེ་རྩེ་བར་མ་དང་སྐོར་དང་ར་ཟ་བརྒྱ་ཚོགས་སྐོར། ཡ་ཁྲོ་སྐོར། ཧོར་ཕ་ཤུལ་སྐོར། སོག་པོ་ནུ་ཟོག་དང་བཅས་སོ། ཚོ་ཆུང་བཞི་ནི་སྟོད་ནས་ཏོག་ཚ་རྒྱ་གསང་སྐོར་དང་། སྨད་ནས་དགེ་རྩེ་འགབ་མ་སྐོར། ཤ་ཚང་མགོ་ལོག་སྐོར། ཁྲོམ་ཐོག་རྔ་བ་བཅས་སོ། དམངས་གཙོ་བཅོས་བསྒྱུར་ཡར་སྔོན་དུ། ཚོ་བ་ཁག་གི་དོན་བྱ་ཕར་ཞོགདགོན་པ་སྤྱི་ལ་ཆབ་སྲིད་ཀྱི་དོན་བྱ་གལ་ཆེན་ཡོད་དུས་ཀྱང་དགེ་རྩེ་ཁག་གསུམ་གྱིས་གཙོས་པའི་ཟླ་ཐང་མའི་ཚོ་བ་བཅུ་གསུམ་གྱི་དཔོན་པོ་རྣམས་འདུས་ནས། དགོན་པའི་བླ་སྤྲུལ་དང་མཉམ་དུ་གྲོས་བསྡུར་དང་ཐག་གཅོད་བྱེད་པའི་སྲོལ་ཡོད།
[page 125] དམངས་གཙོ་བཅོས་བསྒྱུར་ཡར་སྔོན་དུ་ཚོགས་ཆེན་འདུ་ཁང་ཀ་བརྒྱད་ཅུ་ཅན་དང་། ཐུབ་ཆེན་ལྷ་ཁང་། ཕུར་བའི་སྒྲུབ་ཁང་། བཤད་གྲའི་འདུ་ཁང་དང་གྲངས་ཀྱི་ཞིབ་ཆ་མ་ངེས་པའི་གཙུག་ལག་ཁང་དང་། དེ་དག་ཏུ་བཞུགས་པའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་པ་མང་ཤོས་ནི་དམངས་བཅོས་སྐབས་སུ་འཇིག་ཅིང་དེ་དུས་ལྷག་པའི་མཆོད་རྟེན་གཉིས་ཏེ་དགོན་པ་འདི་སྤོར་མཁན་གྱིས་བཞེངས་པའི་དུས་འཁོར་མཆོད་རྟེན་དང་འབྲུ་ཤུག་བླ་མའི་སྐུ་གདུང་མཆོད་རྟེན་ཏེ་མིང་ལ་བཀྲ་ཤིས་སྒོ་མང་མཆོད་རྟེན་ཟེར་བ་ཕྱིས་སུ་རྙིང་བ་བཞི་གཏོར་བའི་སྐབས་སུ་འཇིགསྔ་མའི་གཟུངས་གཞུག་ཀ་ཐོག་བླ་མ་རིག་འཛིན་ཀློང་གསལ་སྙིང་བོའི་ཕྱག་དྲིལ་མིང་ལ་རྒྱ་འོ་མའི་དུང་མཚོ་དཀར་མོ་ཟེར་བ་དང་རྐེད་ཕུར་མིང་ལ་གནམ་ལྕགས་དཀར་བོ་ཟེར་བ་སོགས་ཡོད་དེ། དྲིལ་བུ་དེ་ཕྱིས་སུ་༡༩༦༢ལོ་ལ་གྲྭ་རྒན་བསོད་ལི་ཟེར་བས་མི་སེར་ཞིག་གི་ལག་ནས་སྒོར་ལྔ་བྱིན་ནས་ཉོས་པ་དེ་གྲྭ་ལག་གི་གྲྭ་རྒན་ལུག་ལིས་སྒོར་མོ་སྟོང་གཅིག་གིས་ཉོས་ཏེ་སྤྲུལ་སྐུ་བློ་བྷེ་མཁའ་སྤྱོད་རྡོ་རྗེ་ལ་ཕུལ། ཕུར་བ་དེ་སངས་པོ་ཟེར་བ་ཞིག་གིས་བོད་ཇ་བཞི་ཆའི་གཅིག་བྱིན་ནས་མི་སེར་ཞིག་གི་ལག་ནས་ཉོས་ཤིང་༡༩༨༣ལོ་ཁོང་འདས་ཁར་གྲ་ལག་དགོན་གྱི་བླ་སྤྲུལ་ཡོངས་ལ་ཕུལ། དེ་རྣམས་ཀྱིས་གྲ་ལག་དགོན་གྱི་གཙོ་སྐུ་ཐུབ་པའི་གཟུངས་གཞུག་དེའི་སྤྱིན་བདག་སྤྲུལ་སྐུ་བློ་བྷེ་ལ་ཕུལ། རྟེན་གཞན་པ་ཐམས་ཅད་ཕྱིར་མ་ཐོབ། དགོན་པའི་ཆོས་སྐྱོང་རྒྱུད་མགོན་ལེགས་ལྡན་དང་། དཔལ་ལྡན་ལྷ་མོ། ཨེ་ཀ་ཙམ་ཏྲི་བཅས་སོ།
ཀཿཐོག་མཁན་རབས་ཀྱི་ཐོག་མ་ཀ་ཐོག་མཁན་ཆེན་ངག་གི་དབང་བོ་ནས་གྲྭ་བཙུན་རྣམས་ལ་དགེ་ཚུལ་གྱིས་སྡོམ་པ་གནང་ཞིང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས། འདུལ་བ་ཀ་རི་ཀ་ནས་སྔགས་རྫོགས་ཆེན་བར་གྱི་ཁྲིད་དང་དབང་ལུང་གནང་། གྲ་ལག་གི་དཔེ་ཁྲིད་ཐམས་ཅད་སྔར་རྒྱ་གཞུང་གཙོ་བོར་འཆད་ལ། མཁན་རབས་ལྔ་བ་སྟེ་བླ་མ་ཨོ་བསྟན་ནས་བཟུང་མི་ཕམ་གྱི་གསུང་ཁོ་ནའི་ཐོག་ནས་འཆད་པའི་སྲོལ་དར། དགོན་པ་འདི་ལ་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀ་ཡོད་དེ།
བཤད་གྲྭ་ལ་ཡར་ངོའི་ཚེས་བཅུ་དང་མར་ངོའི་ཉེར་ལྔའི་ཉིན་ལ་ཀློང་ཆེན་སྙིང་ཐིག་ལས་བླ་མ་རིག་འཛིན་འདུས་པ་དང་མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་སོགས་ཕུར་བ་དང་འདུལ་བའི་ཕྱག་བཞེས་དང་མཐུན་པ་བྱེད། ས་པཎ་དང་ཀློང་ཆེན་རབ་འབྱམས་པ། རྗེ་བློ་བཟང་གྲགས་པ།[page 126] འཇུ་མི་ཕམ་བཅས་པ་རྣམས་ཀྱི་འདས་མཆོད་ཕྱག་བཞེས་དང་མཐུན་པར་བྱེད། སྐབས་རེར་རྒྱུད་གསང་བ་སྙིང་བོ་ཁམས་ཟུར་གཉིས་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་སློབ་ཁྲིད་གནང་། འཇུ་མི་ཕམ་གྱི་འགྲེལ་བ་ལྟར་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རྩ་འཇུག་རྒྱན་གསུམ། མངོན་པ་མཛོད། སོར་མདོ། བཤེས་སྤྲིངས། མཁས་འཇུག ཚད་མ་རྣམ་འགྲེལ། ཚད་མ་རིག་གཏེར་བཅས་རང་ལུགས་སུ་བཞག་ནས་གཞུང་བཤད་རྒྱས་སྤྲོད་དང་། ཟུར་ཁྲིད་དུ་དབུ་ཕར་འདུལ་མཛོད་སོགས་ཀྱི་དཔེ་ཁྲིད་བྱེད་དོ།།
སྒྲུབ་གྲྭ་ལ་སྒྲུབ་ཡུན་ལོ་གསུམ། དེར་གཙོ་བོ་འདས་ཤུལ་བླ་མ་བསོད་ནམས་ཆོས་ལྡན་གྱི་ཕྱག་བཞེས་དང་གཏེར་སྟོན་ཀརྨ་གླིང་བའི་གཏེར་མ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་མཚམས་རྒྱས་པ་ཟླ་བ་དྲུག་ཞི་ཁྲོ་འབྲིང་བའི་སྟོང་མཆོད་གཅིགཕྱག་འབུམ་ཐེར་གཅིགམ་ཎི་སྟོང་གཅིག་དང་གེ་སྦྱོར་མཐར་ཕྱིན་དང་འགྲུབ་པའི་རྟགས་ཐོན་པ་ཞིག་སྒྲུབ་དགོས་བཅས་པའི་དགེ་སྦྱོར་སྒྲུབ་ཤིང་རྟགས་ཐོན་པ་ཞིག་བྱེད་དགོས། གཞན་ཡང་། ཕུར་བའི་སྒྲུབ་གྲྭ་ཞིག་ཡོད་པའི་སྒྲུབ་ཡུན་ལོ་གསུམ་ལ། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་མ་ཡང་གསང་མཁའ་འགྲོའི་སྙིང་ཁྲག་དང་། ཕུར་བ་དགྲ་བགེགས་ཀུན་འདུལ་གྱི་བསྙེན་མཚམས་ཟླ་བ་དྲུག་དུ་བཅས་པའི་སྒྲུབ་མཐར་སྦྱིན་སྲེག་ཚོགས་མཆོད་རྒྱས་སྤྲོས་བྱས་ཏེ་མཐར་ཕྱིན་དགོས།
ཧོར་ཟླ་དང་པོ་མཆུ་ཟླ་ལ་བདེ་འདུས་སྒྲུབ་མཆོད། གཉིས་པ་དཔོ་ཟླ་ལ་སྨིན་གླིང་བཀའ་མའི་སྒྱུ་འཕྲུལ་ཞི་བའི་སྒྲུབ་མཆོད། བཞི་པ་ས་ག་ཟླ་བར་ཡུལ་དགོན་གཉིས་ཀར་བསྙུང་གནས། ལྔ་པ་སྣུབས་ཟླ་བར་ཚོ་ཤོག་སོ་སོར་མ་ཎི་དང་སིདངྷིའི་བུམ་སྒྲུབ་རྣམས་དང་སྤྱི་སྲུང་དང་བཅས། དྲུག་པ་ཆུ་སྟོད་ཟླ་བ་ལ་ཚེས་བཅུ་དང་དབྱར་གནས། བདུན་པ་བྱི་བཞིན་ཟླ་བར་བླ་མ་སྐུ་གསུམ་སྒྲུབ་པའི་ཟླ་མཚམས། བཅུ་གཅིག་པ་མགོ་ཟླའི་ཚེས་བཅོ་ལྔ་ནས་བཅུ་གཉིས་པ་རྒྱལ་ཟླའི་ཚེས་བཅོ་ལྔའི་བར་སྔོན་འགྲོའི་ཆོས་ཁྲིད་དང་མཇུག་ཏུ་དགུ་གཏོར་གྱི་འཆམ་དང་བཅས་སོ།།
དགོན་བདག་བླ་མ་ནི་ཕྱག་ཚ་སྤྲུལ་སྐུ་རིམ་བྱོན། བསྟན་པའི་བདག་པོ་འགན་ཡུལ་ལོ་གསུམ། གཙོ་བོ་ཕྱག་ཚ་སྤྲུལ་སྐུའི་འགན་གཞོན་པ་ཁུར་ཏེ། དགོན་པའི་ཁྲི་གཙོར་བཞུགས་མས་རྒྱུན་སྲོལ་གྱི་དུས་[page 127] མཆོད་དང་དགོན་པའི་ལས་བྱ་སྤྱི་ལ་འགན་འཁུར་དགོས་ཤིང་རྟེན་བཞེངས་ངེས་ཅན་རེ་བྱེད་དགོས། དགེ་བསྐོས་གསུམ། འགན་འཁུར་ཡུན་ལོ་གསུམ། གཙོ་བོ་ཡུལ་དགོན་གཉིས་ཀའི་བདེ་འཇགས་དང་གྱོད་གཞི། དགོན་པའི་ཚོང་ལས། དགེ་འདུན་གྱི་སྒྲིག་ཁྲིམས་བཅས་ཀྱི་འགན་འཁུར་རྒྱུ་དང་། ལོ་རེ་རེའི་སྐུ་གསུམ་སྒྲུབ་པ་ཟླ་གཅིག་དང་བགེགས་གཏོར་ཉིན་བཞི། བཅའ་ཐོ་ཉིན་གཅིག་བཅས་ཀྱི་འགྲོ་སོང་གཏོང་དགོས། དབུ་མཛད་གཅིགའགན་ཡུན་ལོ་གསུམ་དགོན་པའི་ཚོགས་འདོན་གྱི་དབུ་སྐུལ་བྱེད་དགོས། བཤད་གྲྭའི་མཁན་པོ། འགན་ཡུན་ལོ་ལྔ། མཁན་པོའི་ཆ་རྐྱེན་ནི། དགོན་པ་འདིར་ལོ་བཅོ་ལྔའི་ཡན་ཆད་ཀྱི་སློབ་གཉེར་དང་། ཀ་ཐོག་དང་རྫོགས་ཆེན། སེ་རའི་བྱས་པ། ཨོ་རྒྱན་སྨིན་གླིང་བཅས་པ་གང་རུང་ལ་ཞུགས་ནས་སློབ་གཉེར་གནང་མྱོང་བ། དམ་ཚིག་དང་ལྡན་པ། མདོ་སྔགས་གཉིས་ཀྱི་འཆད་པ་ལ་མི་རྨོངས་པ་བཅས་སོ། གཙོ་བོ་བཤད་གྲྭའི་དཔེ་ཁྲིད་དང་བདག་གཉེར་གྱི་འགན་འཁུར་རྒྱུ་དེ་ཡིན། སྒྲུབ་གྲྭ་མཁན་པོ། འགན་ཡུན་ལོ་གསུམ། གཙོ་བོ་སྒྲུབ་གྲྭའི་ཉམས་ལེན་གྱི་སྒྲིག་ཁྲིམས་དང་སྒྲུབ་གྲྭའི་བདག་གཉེར་གྱི་འགན་འཁུར་རྒྱུ་དེ་ཡིན། ད་ལྟ་གྲྭ་ལག་དགོན་པའི་བདག་གཉེར་ཨུ་ཡོན། ལྷན་ཁང་གི་གཙོ་འཛིན་ནི་སྤྲུལ་སྐུ་བློ་བྷེ་སྟེ་མིང་གཞན་མཁའ་སྤྱོད་རྡོ་ཟེར་བ་ཡིན་ལ། ཟླ་ཐང་མའི་གྲ་མདོ་ཞང་ནས་འཁྲུངས་ཤིང་དགུང་ལོ་ང་ལྔ་འོ། གཙོ་འཛིན་གཞོན་པ་ནི་སྤྲུལ་སྐུ་ཀུན་ལོ་དང་པད་རྡོར་ཡིན། སྔ་མ་དགུང་ལོ་ང་གཉིས་ཡིན་ལ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་དང་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་ཡོད། ཕྱི་མ་ཟླ་ཐང་མའི་ཟླ་སྟོད་ཞང་ནས་འཁྲུངས་ཤིང་དགུང་ལོ་ཞེ་བརྒྱད་ཡིན།
སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཡང་དག་པའི་ཆོས་ལུགས་སྲིད་ཇུས་སླར་གསོ་བྱུང་བས། གྲ་ལག་དགོན་པའི་བླ་གྲྭ་རྣམས་དང་དེའི་དད་ལྡན་མང་ཚོགས་ཀྱིས་ཀྱང་རང་འགུལ་གྱིས་སྲིད་དངུལ་དང་རྒྱུ་ནོར་བསགས་ནས་༡༩༨༢ལོ་ནས་བཟུང་དགོན་པའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བསྐྱར་དུ་བཞེངས་པའི་འགོ་བརྩམས། ད་ཡོད་ལྟར་ན། ཚོགས་ཆེན་འདུ་ཁང་ཀ་རིང་བཅུ་གཉིས་དང་ཀ་ཐུང་བརྒྱ་ཅན་ཞིག་དང་། བསླབ་གྲྭའི་འདུ་ཁང་ཆེན་མོ་གཙོར་བྱས་པའི་གྲྭ་ཁང་ལྔ་བཅུ། སྒྲུབ་གྲྭའི་ལྷ་ཁང་གཉིས་དང་གྲྭ་ཁང་སུམ་ཅུ་ཙམ། པར་ཁང་གཉིས། གསེར་ཁང་གཅིགཐུབ་ཆེན་ལྷ་ཁང་བརྩེགས་གསུམ་ཅན། ནང་གི་རྟེན་ནི། ཚོགས་ཆེན་འདུ་ཁང་དུ་གུ་རུ་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོ། ཚེ་དཔག་མེད། འཇམ་དཔལ། འོད་དཔག་མེད་གཙོ་འཁོར་[page 128] གསུམ། རྡོ་རྗེ་སེམས་དཔའ་སོགས་ཀྱི་གསེར་སྐུ་རྒྱན་ལྡན་མཐོ་བཅུ་གསུམཔ། གུ་རུའི་གསེར་སྐུ་མདའ་ཚད་གཉིས། བྱམས་ཁང་དུ་བྱམས་པའི་ཟངས་སྐུ་མཐོ་བཅུ་གསུམ་ཅན། སྒྲུབ་གྲྭ་སྟེང་མར་གུ་རུའི་གསེར་སྐུ་མཐོ་ཚད་བརྒྱད་པ། གཞན་གསེར་སྐུ་ཉི་ཤུ། སྒྲུབ་གྲྭ་གོང་མར་ཟངས་གསེར་གྱི་གྲུབ་སྐུ་མཐོ་ཚད་བརྒྱད་ཅུ་དང་གཙོ་འཁོར་གསུམ་བསླབ་གྲྭ་ལ་སྐུ་རྟེན་ཐུབ་དབང་འཛམ་གླིང་རྒྱན་གཅིགཐུབ་སྐུ་གནོད་སྤྱིན་ལི་མ་གཅིགཆབ་མདོའི་གསེར་སྐུ་ལུས་ཚད་དང་མདའ་ཚད་ཅན་གཉིས་བཅས་མང་ཡང་ཞིབ་ཏུ་མ་བཀོད། དཔེ་ཆའི་སྐོར་ལ། འདུ་ཁང་སྟེང་འོག་དང་བསླབ་གྲྭ་སྒྲུབ་གྲྭ་ཡོངས་ལ་བཀའ་འགྱུར་ཚར་དྲུགབསྟན་འགྱུར་ཚར་བཞི། རྙིང་མ་རྒྱུད་འབུམགཅིགརིན་ཆེན་གཏེར་མཛོད་གཅིགཀུན་མཁྱེན་ཀློང་ཆེན་ཡབ་སྲས་ཀྱི་བཀའ་འབུམ་ཁ་ཤས། མི་ཕམ་གསུང་འབུམ་ཚར་ལྔ་དང་བཅས་ཁྱོན་པོ་ཏི་སྟོང་ཕྲག་ཁ་ཤས་བཞུགས།
གཙུག་ལག་ཁང་དང་རྟེན་བཞེངས་ཀྱི་འགྲོ་སོང་ལ།༡༩༨༠ལོ་དཀར་མཛེས་རྫོང་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ་ཤེས་རབ་འོད་ཟེར་བརྒྱུད་ནས་པར་ཤིང་ཞིག་གསོ་བྱེད་སྤྱད་སྒོར་མོ་བཞི་བརྒྱ་ཐོབ། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་དཀར་མཛེས་སུ་ཕེབས་དུས་སྒོར་ཁྲི་ཕྲག་གཅིག་གནང་། དེ་མ་གཏོགས་པའི་འགྲོ་སོང་ཐམས་ཅད་དགོན་པའི་བླ་གྲྭ་དང་མི་སེར་ནས་བཏང་། ད་སྐབས་རྒྱལ་ཁབ་ཀྱིས་ཐག་བཅད་པའི་གྲྭ་གྲངས་ནི་བརྒྱད་ཅུ་དང་རྒྱུན་སྡོད་བརྒྱད་ཅུ་ལྷགགྲྭ་བའི་ཡོང་ཁུངས་གཙོ་བོ་ཟླ་ཐང་མའི་སྔོན་གྱི་ཚོ་བ་བཅུ་གསུམ་གྱི་མི་སྣ་སྡེ། གཞན་ཡང་། དགོན་པར་མིང་ཐོ་བཀོད་ཀྱང་ཆོས་ཚོགས་སྐབས་མ་གཏོགས་དགོན་པར་མི་བཞུགས་བའི་གྲྭ་བ་དགུ་བརྒྱ་ལྷག་ཡོད།
དམངས་གཙོ་བཅོས་བསྒྱུར་གྱི་ཡར་སྔོན་དུ། དགོན་པ་སྤྱི་ལ་སྐྱི་དངུལ་ཟེར་བའི་ཐེབས་རྩ་བའི་མ་དངུལ་ཡོད་ལ་དགོན་པས་ལྷ་སྡེའི་ཚོ་བ་ཁག་ལ་བུན་ལོན་བཏང་ནས་འཕེལ་ཏོག་དེ་དུས་མཆོད་ཀྱི་འགྲོ་སོང་ལ་གཏོང་བའི་སྲོལ་ཡོད་དེ། དགོན་པ་གཞུང་ནས་ཚེས་བཅུ་རེ་ལ་དངུལ་སྒོར་རྡོ་ཚད། རྡོ་ཚད་གཅིག་ནི་དངུལ་སྒོར་བརྒྱ་དང་དྲུག་ཅུ་ཡིན་ཉེ་དྲུག་རེ་ཚོ་བ་གཅིག་ལ་སྐྱི་ས་ན་ཚོ་བ་དེས་དེར་འཕེལ་ཏོག་བླངས་ནས་ལོ་དེའི་ཚེས་བཅུ་འཚོགས་པའི་འགྲོ་སོང་གཏོང་དགོས་ཤིང་མཐར་སྐྱི་དངུལ་གྱི་མ་དེ་ཆད་ལྷག་མེད་པར་ཕྱིར་སྤྲོད་དགོས། དེ་ལྟར་སྒྲུབ་མཆོད་རྙིང་པ་རེ་ལ་རྡོ་ཚད་ཉེར་དྲུག་དང་། བཤད་གྲྭ་ལ་རྡོ་ཚད་ཉེར་ལྔ། མ་ཎི་སྒྲུབ་གྲྭ་ལ་རྡོ་ཚད་ལྔ་བཅས་དང་། དགེ་བསྐོས་གསུམ་ལ་རྡོ་ཚད་བཅོ་ལྔ་ཡོད་པའི་འཕེལ་ཏོག་དེ་ཁོ་ཚོའི་འགན་འཁུར་ཡུན་ལོ་གསུམ་རིང་གི་དུས་མཆོད་ལ་སོགས་པའི་འབྲེལ་ཡོད་ཀྱི་[page 129] འགྲོ་སོང་ལ་གཏོང་དགོས་ཤིང་འགན་ཁུར་བརྗེ་དུས་སྐྱི་དངུལ་གྱི་མ་དེ་ཡང་ཆད་ལྷག་མེ་པར་དགེ་བསྐོས་གསར་བ་རྣམས་ལ་སྤྲོད་དགོས། དེ་ལྟར་མཆོད་དཔོན་གཉིས་ལ་རྡོ་ཚད་བཞི་དང་། རྒྱལ་གཉེར་གཉིས་ལ་རྡོ་ཚད་གཉིས། འདུ་ཁང་སྟེང་གི་ལྷ་གཉེར་གསུམ་ལ་རྡོ་ཚད་དགུ་བཅས་སོ། དེང་སྐབས་དགོན་པ་སླར་གསོ་བྱས་པ་ནས་ད་རེག་བར་དགོན་པའི་བླ་གྲྭ་རྣམས་དང་ཆོས་དད་མང་ཚོགས་རྣམས་ཀྱིས་དགོན་པར་ཕུལ་བ་ལ་འཚོ་རྟེན་གྱི་འབྲི་ལྔ་བརྒྱ་དང་ཐེབས་རྩའི་མ་དངུལ་སྒོར་ཉིས་ཁྲི་བསགས་ཡོད། དེ་རྣམས་ཀྱི་འཕེལ་ཏོག་ལེན་ཚུལ་དང་དེ་གྲོན་ཚུལ་ནི་འདི་ལྟ་སྟེ། ཟླ་སྟོད་ཞང་རུ་ཆེན་ལྔ་བའི་རུ་ཁག་བཞིའི་ནང་ཚེས་བཅུ་དང་དབྱར་གནས་ཀྱི་རྟེན་འབྲི་ཞེ་བཞི་དང་། ཟླ་སྟོད་ཞང་རུ་ཆེན་དང་པོའི་རུ་ཁག་ལྔར་ཚེས་བཅུ་དང་དབྱར་གནས་ཀྱི་རྟེན་དུ་འབྲི་ཞེ་བཞི་དང་། གྲ་མདོ་ཞང་ཕ་ཤུལ་རུ་གཉིས་སུ་ཚེས་བཅུ་གཅིག་གི་རྟེན་དུ་འབྲི་སོ་བཞི་དང་། གྲྭ་མདོ་ཞང་རུ་ཆེན་དྲུག་པའི་རུ་ཁག་གཉིས་སུ་ཚེས་བཅུ་གཅིག་གི་རྟེན་དུ་འབྲི་སོ་བཞི་དང་། ཚ་ལུང་ཞང་ཚ་ལུང་རུ་ཁག་གཉིས་ལ་ཚེས་བཅུ་གཅིག་གི་རྟེན་དུ་འབྲི་སོ་བཞི་བཅས་བཞག་ཡོད་ལ། གོང་སྨྲས་ཀྱི་རུ་སྐོར་ལྔ་བོས་འབྲི་རེར་ལོ་རེར་མར་རྒྱ་མ་བཅུ་རེའི་ཡོང་སྒོ་ལྟར་བརྩིས་ནས་དེ་བཙོང་བའི་སྒོར་མོས་རུ་སྐོར་རེས་ལོ་རེ་ལྟར་ཚེས་བཅུ་འཚོགས་དགོས། རུ་སྐོར་རེར་དགོན་པས་བསྐོས་པའི་ཚོང་བ་གཉིས་རེ་ཡོད་པས་འགན་འཁུར་ཡུན་ལོ་གསུམ་རེ་རེད། དེ་གཉིས་ཀྱིས་མར་བསྡུས་ཤིང་བཙོང་རྗེས་དངུལ་དེས་ཚོང་ལས་བྱས་ཏེ་དེའི་འཕེལ་ཏོག་གིས་ཚེས་བཅུ་འཚོགས་པའི་འགྲོ་སོང་གཏོང་དགོས། ལྷག་མ་ཡོད་ན་མོ་སེར་བགོས་ཆོག་ཅིང་ཚོང་ཤེར་ནས་ཚེས་བཅུའི་འགྲོ་སོང་གཏོང་མ་ཐུབ་ན་མར་རྐྱང་དགོན་པར་སྤྲད་ན་ཆོག་ཆད་པ་ཅི་ཡང་མེད། རང་རང་གིས་ཁས་བླངས་པ་ལྟར་དུད་ཚང་རེར་དགོན་པའི་འཚོ་རྟེན་གྱི་འབྲི་འགའ་རེ་བཞག་པ་འཆི་མེད་རྒས་མེད་དུ་བཞག་པ་སྟེ་དེ་དག་གི་འཕེལ་ཐོག་ཐམས་ཅད་མི་སེར་རང་ལ་དབང་ལས་དགོན་པ་ཕྱིར་སྤྲོད་མི་དགོས།
ཚ་ལུང་ཞང་གི་སྐྱེ་ཆེན་རུ་ཁག་དང་པོ་དང་གཉིས་པ། གྲྭ་མདོ་ཞང་གི་རྡོ་སྤུངས་རུ་ཁགའཁྱག་ལུང་རུ་ཁགཨ་གསར་རུ་ཁག་དང་པོ། ཨ་གསར་རུ་ཁག་གཉིས་པ་བཅས་རུ་ཁག་དྲུག་པོས་ཀྱང་གོང་སྨྲས་ལྟར་སྒྲུབ་མཆོད་ཀྱི་འགྲོ་སོང་གཏོང་དགོས། བཤད་གྲྭའི་མིང་བཞི་ཡོད་པའི་འཚོ་རྟེན་དུ་འབྲི་དྲུག་ཅུ་ཡོད་པ་གྲྭ་བ་རང་རང་གི་ཁྱིམ་དུ་འཇོག་ལ། གྲྭ་བ་ཚོས་མི་རེར་ལོ་རེ་ལ་རྒྱ་མ་བཅུ་རེར་འཚོ་རྟེན་དུ་ལེན་རྒྱུ་མ་གཏོགས་འཕེལ་ཏོག་ཐམས་ཅད་ཁྱིམ་ལ་དབང་། བཤད་གྲྭ་ནས་ལོ་ལྔ་ལོངས་ཏེ་མཐར་ཕྱིན་རྗེས་འབྲི་དེ་ཡང་ཕྱིར་དགོན་པར་སྤྲོད་དགོས།
སྒྲུབ་གྲ་དང་ལྷ་གཉེར་མི་སོ་བཞི་ལ་འཚོ་རྟེན་དུ་སྒོར་མོ་སྟོང་ཕྲག་བཞི་དང་ལྔ་བརྒྱ་སྐྱིས་ཏེ། སྤྱི་[page 130] ནས་ཚོང་བ་བསྐོ་རྒྱུ་དང་ཡང་ན་རང་རང་གིས་བགོས་ནས་ཚོང་ལས་བྱས་ཏེ་དེའི་འཕེལ་ཐོག་གྲྭ་བ་ཚོའི་འཚོ་རྟེན་བྱེད་རྒྱུ་དང་ལོ་མཇུག་ཏུ་མ་དངུལ་ཆད་ལྷག་མེད་པར་ཕྱིར་དགོན་པར་སྤྲོད་དགོས།
དགེ་བསྐོས་གསུམ་གྱིས་འགན་ལེན་དགོས་པའི་དུས་མཆོད་རྣམས་དང་ཁོ་རང་ཚོའི་རྟེན་དུ་འབྲི་བརྒྱད་ཅུ་གྱ་གཉིས་དང་སྒོར་མོ་ཆིག་ཁྲི་ལྔ་སྟོང་། ཇ་ཤར་མོ་ཉེར་གཅིག་ཡོད་ལ། དེའི་འཕེལ་ཐོག་གིས་ཁོ་རང་ཚོའི་འགན་ཡུན་སྐབས་ཀྱི་སྐུ་གསུམ་སྒྲུབ་པ་དང་། བགེགས་གཏོར། བཅའ་ཐོ། ལོ་གསར་གྱི་ཉིན་གཅིག་གི་སྟོན་མོ་བཅས་ལ་འགྲོ་སོང་གཏོང་རྒྱུ་མ་གཏོགས། མགོན་བླར་མར་རྒྱ་མ་ཉི་ཤུ་དང་། འདུ་ཁང་སྟེང་ཤོད་ཀྱི་ལྷ་གཉེར་གཉིས་ལ་མར་རྒྱ་མ་བཅུ་རེ་ཐུབ་ཆེན་ལྷ་གཉེར་ལ་མར་རྒྱ་མ་ཉི་ཤུ་རེ། བཅས་སྤྲོད་དགོས། འཕྲོ་མས་ད་དུང་འདུ་ཁང་དང་ཐུབ་ཆེན་ལྷ་ཁང་། མཆོད་རྟེན་གསུམ་བཅས་ལ་ཞིག་གསོ་བྱེད་དགོས། པར་ཁང་ལ་མི་གཉིས་ཡོད། ལོ་རེའི་ཡོང་སྒོ་སྒོར་མོ་སྟོང་ཕྲག་རེ་ལས་ཕྱེད་ཀ་དགོན་པར་སྤྲོད་རྒྱུ་དང་ཕྱེད་ཀ་ཁོ་གཉིས་ཀྱི་འཚོ་རྟེན་དུ་བགོས་ཆོག༡༩༩༡ལོའི་ཟླ་༡༢པར་སྡོམ་རྩིས་བྱས་པ་ལྟར་ན། དགོན་པ་གཞུང་ལ་མི་སེར་གྱི་འབུལ་བ་སྒོར་མོ་༡༠༥༠༠༠དང་ཕྱུགས་ཟོག་དང་རྒྱུ་ནོར་ངེས་མེད། དགོན་པ་སྤྱི་ལ་གྲྭ་བ་སྟོང་ཕྲག་མ་རྩི་རྒྱུ་ཡོད་མོད། དངོས་བཞུགས་ཀྱི་བརྒྱད་ཅུ་ལྷག་ལ་ལོ་རེར་མི་རེ་ལ་སྒོར་མོ་༥༠༠-༡༠༠༠རེ་འཚོ་རྟེན་དུ་ངོས་སྤྲོད་ཐུབ། དེའི་ལྷག་མ་ཡོད་ན་ཐེབས་རྩའི་མ་དངུལ་དུ་འཇོགཕྱིར་སྡོད་ཀྱི་གྲྭ་བ་དགུ་བརྒྱས་གྲོང་ཆོག་དང་ཕྱུགས་རྫི་དང་སྨན་བརྐོ་བ་སོགས་ཀྱིས་རང་ཁ་རང་གསོ་བྱེད་རྒྱུ་ལས་དགོན་པས་འགྲོ་སོང་མི་གཏོང་།
༡ཐུབ་བསྟན་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་《གསང་ཆེན་བསྟན་པའི་ཆུ་འགོ་རྒྱལ་བ་ཀ་ཐོག་པའི་ལོ་རྒྱུས་མདོར་བསྡུས་རྗོད་པ་འཆི་མེད་ལྷའི་རྔ་སྒྲ་ངོ་མ་མཚར་རྣ་བའི་དགའ་སྟོན་》དང་། སངས་རྒྱས་རྡོ་རྗེ་བརྩམས་པའི་《རྒྱལ་བ་ཀ་ཐོག་པའི་གདན་རབས་བརྒྱུད་དངབཅས་པའི་བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་གཏམ་》དང་། མཁན་བསྟན་འཛིན་བཟང་པོས་བརྩམས་པའི་《དཔལ་ལྡན་བླ་མ་རིན་པོ་ཆེ་ངེས་དོན་སྐུ་ཕྲེང་བཞི་བའི་རྣམ་ཐར་ནོར་བུའི་ཟེར་ཕྲེང་》དང་། བྱང་ཆུབ་རྡོ་རྗེས་བརྩམས་པའི་《རྒྱལ་བསྟན་ཀ་ཐོག་ཆེན་པོའི་གདན་རབས་གཉིས་པ་གྲ་ལག་བཤད་སྒྲུབ་མདོ་སྔགས་གླིང་དུ་གྲགས་པའི་དགོན་གནས་ཀྱི་ལོ་རྒྱུས་》དང་།[page 131] སྤྱི་ལོ་༡༩༢༤ལོའི་ཟླ་༥པར་གྲ་ལག་དགོན་ནས་ཞིབ་དཔྱོད་བྱེད་དུས་མཆོག་སྤྲུལ་བློ་བྷེ་དང་ལྷག་པར་དུ་སྤྲུལསྐུ་ཀུན་ལོ་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་བཅས་སོ། ཞེས་༡༩༩༥ལོའི་ཟླ་༤ཚེས་༥ལ་མདོ་སྨད་ཁྲི་ཀའི་སྐྱེ་མིང་ལ་ཚེ་རིང་ཐར་གྱིས་སྦྱར་བའོ།
གླིང་མདའ་དགོན་སྟེ་རྒྱས་མིང་དུ་ཨོ་རྒྱན་ཆོས་འཁོར་གླིང་བྱ་བའི་གསང་སྔགས་རྙིང་མ་བའི་གདན་ས་འདི་ཁམས་དཀར་མཛེས་རྫོང་གི་རོང་པ་ཚའི་རྟ་ཁོག་ལུང་བའི་ཕུག་གི་འཇུ་ཁོག་ཟེར་བའི་ལུང་བ་ཆུང་ཆུང་ཞིག་གི་ནང་དུ་ཆགས། རྒྱབ་རི་ལ་བྲག་མགོ་དཀར་པོ་ཟེར། དགོན་པ་འདིའི་ལོ་རྒྱུས་སྐོར་ལ་ཡིག་ཆ་ཅི་ཡང་མ་མཐོང་མོད། ངག་རྒྱུན་ལྟར་ན། དགོན་པ་འདི་ཕྱག་འདེབས་མཁན་ནི་ཨ་འཛོམས་དགོན་གྱི་བླ་མ་རིན་ཆེན་གླིང་བ་ཡིན། ཁོང་གིས་ཐོག་མར་དགོན་པ་འདི་དང་ཐག་ཉེ་སའི་སེར་ཐོ་མ་བྱ་བའི་རི་སེར་པོ་ཞིག་ཡོད་པ་རྒྱབ་རིར་བརྟེན་ནས་དེའི་ལུང་མདའ་ནས་སེར་མདའ་བྱ་བའི་ས་ཞིག་ཡོད་པར་སེར་མདའ་དགོན་པ་བཏབ་པ་ལ་གྲྭ་བ་བདུན་ཙམ་ལས་མེད། ཕྱག་བཏབ་པའི་དུས་ཕལ་ཆེར་བོད་རབ་བྱུང་བཅོ་ལྔ་བའི་སྟོད་ཙམ་སྟེ་དུས་རབས་བཅུ་དགུ་བའི་དུས་མཇུག་ཙམ་ཡིན། འདུ་ཁང་ཀ་མིག་བཅུ་གཉིས་ཅན་ཞིག་བཞེངས་པའི་ནང་དུ་གཙོ་སྐུ་གུ་རུ་རིན་པོ་ཆེ་གཙོ་འཁོར་གསུམ་དང་། གཞན་གནས་བརྟན་ཅུ་དྲུགཐུབ་པའི་གསེར་སྐུ་ཆེ་ཆུང་གཉིས། འབུམ་ཚར་གཅིག་དང་མཆོད་རྟེན་གཅིག་བཞེངས། ང་བརྒྱད་ལོའི་ཟིང་ཆའི་སྐབས་སུ་བླ་གྲྭ་རྣམས་སྟག་ཕུ་དགོན་པར་བྲོས་བྱོལ་དུ་ཕེབས་ཤུལ་ནས་དགོན་པ་རྟེན་དང་བཅས་པ་འཇིག
དང་ཐོག་སྤྲུལ་སྐུ་ཨ་སངས་སམ་ཡོངས་གྲགས་སུ་གླིང་མདའ་སྤྲུལ་སྐུ་ཟེར་བ་དེ་དགོན་བདག་ཡིན་ལ། ད་སྐབས་ཡང་སྲིད་བཙལ་མེད་པས་དགོན་པ་འདིའི་གྲྭ་བ་ཡོན་ཏན་རྒྱ་མཚོས་བླ་མ་བྱེད། དགེ་བསྐོས་དང་དབུ་མཛད་གཅིག་རེ་ལ་འགན་ཡུན་ལོ་གསུམ་རེ། སྤྱི་གཉིས་ལ་འགན་ཡུན་ལོ་གཉིས། དེ་ཐམས་ཅད་བདག་གཉེར་ཚོ་ཆུང་གིས་ཐག་གཅོད་དགོས། བདག་གཉེར་ཚོ་ཆུང་གི་གཙོ་འཛིན་ནི་ཡོན་ཏན་རྒྱ་མཚོ་དང་གཙོ་འཛིན་གཞོན་པ་གནས་སྐྱབས་ཡིན། སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཡང་དག་པའི་ཆོས་ལུགས་སྲིད་ཇུས་ལག་ཏུ་བསྟར་བས། གཅིག་དགུ་གྱ་གསུམ་ལོ་ད་ལྟའི་དགོན་པའི་གནས་འདིར་སྤོར་ནས་སླར་ཡང་དགོན་པ་བཏབ་ཅིང་དགོན་པའི་མིང་ལ་ཨོ་རྒྱན་ཆོས་འཁོར་གླིང་ཞེས་སྔར་ལྟར་དང་བསྡུས་མིང་དུ་ཉག་རོང་གི་གླིང་མདའ་ནས་ཆད་ཡོང་བའི་གླིང་མདའ་ཚོ་བའི་གྲོང་དུ་ཆགས་པས་ཚོ་བའི་མིང་དགོན་པ་ལ་ཐོགས་ནས་གླིང་མདའ་དགོན་ཞེས་[page 132] ཟེར། ད་སྐབས་ཡང་སྔར་ལྟར་འདུ་ཁང་ཀ་མིག་བཅུ་གཉིས་ཅན་ཞིག་བཞེངས་ཡོད་པ་ལ་གཙོ་སྐུ་མཁན་སློབ་ཆོས་གསུམ་དང་མཐར་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ། བཀའ་འགྱུར་སྡེ་དགེ་པར་མ་ཚར་གཅིག་དང་གཙང་གི་གློག་པར་མ་ཚར་གཅིག བསྟན་འགྱུར་ཞོལ་པར་མ་ཚར་གཅིག་བཅས་བཞུགས། གྲྭ་བ་ཉེར་གཉིས་ཡོད། དགོན་པ་འདི་དང་པོ་ནས་ཀཿཐོག་དགོན་པའི་དགོན་ལག་ཡིན་པས་ལོ་རེར་ཀཿ་ཐོག་ལ་གྲྭ་བ་འགའ་རེ་མངགས་ནས་ལོ་གསུམ་རེའི་སློབ་གཉེར་བྱེད་དགོས། དཔལ་འབྱོར་ཕྱོགས་ནས་དགོན་པ་ལ་ཞིང་ཕྱུགས་དང་ཐེབས་རྩ་ཅི་ཡང་མེད་ལ་གྲྭ་བའི་འཚོ་བ་རང་ཁྱིམ་ལ་བརྟེན་དགོས། ཞེས་གཅིག་དགུ་གོ་བཞི་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་དགོན་པ་དེར་དངོས་བཅར་གྱིས་དགོན་པའི་གྲྭ་བ་འཆི་མེད་རིག་འཛིན་ཟེར་བ་དགུང་ལོ་རེ་བརྒྱད་ཡིན་པ་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་གཞི་བྱས་ཏེ་ཕྱི་ལོའི་ཟླ་གསུམ་པ་ལ་མདོ་སྨད་ཁྲི་ཀའི་སྐྱེ་མིང་བ་ཚེ་རིང་ཐར་གྱིས་པེ་ཅིན་ནས་སྦྱར་བ་དགེའོ།།
འབོལ་ཆེན་འགོན་ནམ་འབོལ་ཆེན་བཀྲ་ཤིས་ཆོས་གླིང་ཟེར་བའི་གསང་སྔགས་ཪྙིང་མ་བའི་དགོན་པ་འདི་ནི། ཁམས་དཀར་མཛེས་རྫོང་གི་སྟོང་འཁོར་རྙི་ཁོག་གི་ཪྙི་ཆུའི་ནུབ་ཕྱོགས་སུ་ཟིལ་ཁོག་ཟེར་བའི་ལུང་བའི་ནུབ་ཕྱོགས་ཀྱི་གསེར་རྫོང་རི་རྐེད་དུ་ཆགས། དགོན་པ་འདིའི་ལོ་རྒྱུས་སྐོར་ལ་ཡིག་ཪྙིང་སོགས་ཅི་ཡང་མ་ཪྙེད་མོད། ངག་རྒྱུན་ལྟར་ན། རྒྱལ་དབང་ལྔ་བ་ཆེན་པོའི་དུས་སུ་ཪྙི་ཆུའི་ཕ་རོལ་གྱི་གཞི་ཆེན་ལུང་བའི་ནང་གི་འབོལ་ཆེན་ཟེར་བའི་ལུང་ཆུང་ཞིག་གི་ནང་དུ་གསང་སྔགས་ཪྙིང་མ་བའི་བླ་མ་ཤེས་རབ་བློ་ལྡན་ཟེར་བ་ཞིག་གིས་ལོ་མང་པོར་ཉམས་ལེན་མཛད་ནས་བཞུགས་པའི་རི་ཁྲིད་དེ་རྒྱ་བསྐྱེད་ནས་དགོན་པ་ཞིག་ཏུ་བསྒྱུར་པ་ལ་འབོལ་ཆེན་དགོན་ཟེར། ཁོང་དང་ཁོང་གི་ཚ་བོ་པད་མ་བསྟན་འཛིན་གཉིས་ཀྱིས་རི་ཁྲོད་དེ་རྒྱ་བསྐྱེད་ནས་དགོན་པ་ཞིག་ཏུ་བསྒྱུར་པ་ལ་འབོལ་དགོན་ཟེར། སྐབས་དེར་རྫོགས་ཆེན་པད་མ་རིག་འཛིན་གྱིས་རྒྱལ་དབང་ལྔ་བའི་བཀའ་ལྟར་ཁམས་ཕྱོགས་སུ་གསང་སྔགས་ཪྙིང་མ་བའི་བསྟན་པ་སྤེལ་དུ་ཕེབས་ནས་རྫོགས་ཆེན་དགོན་ཕྱག་བཏབ་པ་ན། འབོལ་ཆེན་ཤེས་རབ་བློ་ལྡན་ཞལ་མཇལ་དུ་ཕྱིན་པ་དང་དེ་ནས་བཟུང་འབོལ་ཆེན་དགོན་པ་དེ་རྫོགས་ཆེན་དགོན་ པའི་དགོན་ལག་ཏུ་གྱུར་པ་དང་རྫོགས་ཆེན་རིན་པོ་ཆེས་དེ་ལ་གཟིགས་སྐྱོང་གནང་བར་ཞལ་བཞེས་ཟེར། དེ་མ་ཟད་འབོལ་ཆེན་ཤེས་རབ་བློ་ལྡན་རྫོགས་ཆེན་པད་མ་རིག་འཛིན་གྱི་ཞལ་མཇལ་བར་ཕེབས་པའི་ལམ་ནས་སྔ་གཞུག་ལྟར་མཇལ་དར་དཀར་པོ། སེར་བོ། སྔོན་པོ་གསུམ་ཐོབ་པ་རིམ་བཞིན་ཕུལ་བས་ཐུགས་དགྱེས་ནས་དེ་རིགས་གསུམ་[page 133] མགོན་པོའི་བླ་དར་ཡིན་པས་རིགས་གསུམ་མགོན་པོའི་ཆོས་བརྒྱུད་འཛིན་མཁན་རྒྱུན་མི་ཆད་པའི་རྟེན་འབྲེལ་ཡིན་པར་གསུངས་སྐད། དེ་གཉིས་ཀྱི་རྗེས་སྐྱོང་བ་བསྟན་འཛིན་དར་རྒྱས་ཟེར་བ་ཞིག་གིས་ལུང་བསྟན་ཞིག་ལ་བསྟེན་ནས་ད་ལྟའི་ཟིལ་ལུང་བའི་ཆགས་གནས་འདི་ལ་སྤོར་བས་ཟིལ་དགོན་ཡང་ཟེར། འདིར་སྤོར་པའི་ས་རིན་དུ་འབོལ་ཆེན་བླ་བྲ ང་གིས་ས་འདིའི་མངའ་བདག་སྟོང་འཁོར་དཔོན་ཚང་ལ་ལོ་གཉིས་གསུམ་རེ་ནས་རྟ་རེ་སྤྲོད་དགོས། བསྟན་འཛིན་དར་རྒྱས་ཀྱིས་ཚོགས་ཆེན་འདུ་ཁང་དང་ནང་དུ་ཐང་སྐུ་སྟེང་འོག་བཀང་བ་ཞིག་བཞེངས་པ་དང་། འདུ་ཁང་སྟེང་གི་ལྷ་ཁང་གཅིག་གི་ནང་འབོལ་ཆེན་ཤེས་རབ་བློ་ལྡན་གྱི་སྐུ་གདུང་དང་། གུ་རུ་རིན་པོ་ཆེའི་ས་སྐུ་གྲུ་ལྔ་ཅན་ཞིག་དང་། བཀའ་འགྱུར་གསེར་བྲིས་མ་ཚར་གཅིག་དང་། པད་མ་བསྟན་འཛིན་གྱི་སྐུ་གདུང་། གུ་རུའི་གསེར་སྐུ་བཅས་བཞེངས་པ་མ་ཟད། སྡེ་དགེའི་རྫོགས་ཆེན་དགོན་ལའང་ལོ་གཉིས་གསུམ་རེ་ནས་རྟ་དྲེལ་དང་རྒྱུ་ནོར་གང་རུང་འབུལ་བའི་སྲོལ་ཡོད། ཁོའི་རིང་ལ་འབོལ་ཆེན་དགོན་འདི་དར་རྒྱས་ཆེ་བས་མཚན་ལའང་ཪྙི་བླ་བསྟན་འཛིན་དར་རྒྱས་ཐོགས། དེའི་རྗེས་སུ་དགོན་པ་འདིར་སྤྲུལ་སྐུ་ངོས་འཛིན་རྒྱུའི་འགོ་ཚུགས་ཏེ་ཁོང་གི་ཡང་སྲིད་འཇིགས་མེད་དཔའ་བོ་རྗེ་ཟེར་བ་སྐབས་ཐོག་གི་རྫོགས་ཆེན་སྤྲུལ་སྐུས་ཐུགས་ཐག་བཅད་ཟེར། སྤྲུལ་སྐུ་འདི་བྲག་དམར་རྩེ་ལུ་རྒོད་ཚང་གི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་མཉམ་དུ་ལྷ་ལྡན་དང་ཚ་རི་ལ་གནས་མཇལ་དུ་ཕེབས་རྗེས་དཀར་མཛེས་ཟླ་ཐང་མའི་ཚ་ཚ་ཞང་གི་འབུམ་ཐང་དགོན་དང་གསེར་རྟ་རྫོང་ཡར་ལུང་ཞང་གི་སྐྱིད་ལྷུང་དགོན་གཉིས་བཏབ་པ་འབོལ་ཆེན་དགོན་གྱི་དགོན་ལག་དུ་གྱུར་པ་ལ་འབོལ་ཆེན་དགོན་ཁག་གསུམ་ཟེར། སྐབས་དེར་འབོལ་ཆེན་དགོན་དར་ཆེ་བས་གྲྭ་བ་སུམ་བརྒྱ་ལྷག་ཡོད། འཇིག་མེད་དཔའ་བོ་རྡོ་རྗེ་ལའང་ཡོངས་གྲགས་སུ་འབོལ་ཆེན་སྐྱབས་མགོན་ནམ་སྐྱ་ཆེན་ཚང་ཟེར། དེའི་ཡང་སྲིད་རྡོ་ཁོག་སྐྱེས་མཆོག་ཚང་དུ་འཁྲུངས། དེས་དགོན་པ་འདིར་སངས་རྒྱས་མཉམ་སྦྱོར་གྱི་སྒྲུབ་མཆོད་དང་བཤད་གྲྭ་བཙུགས། སྐྱབས་འགྲོའི་འགྲེལ་བ་ལྡེབ་དྲུག་ཅུ་ལྷག་ཅན་ཞིག་དང་བཅས་པ་བརྩམས། དགུང་ལོ་བཞི་བཅུའི་ནང་གྲོངས། ཡོངས་གྲགས་སུ་འབོལ་ཆེན་སྐྱེས་མཆོག་སྤྲུལ་སྐུ་ཟེར། དེར་ཡང་སྲིད་གཉིས་ཏེ་སྐྱེས་མཆོག་ཡོན་ཏན་རྒྱ་མཚོ་དང་ཐུབ་བསྟན་ཤེས་རབ་འོད་ཟེར་རོ། སྔ་མ་སྐྱིད་ལྷུང་དགོན་ནས་ཁྲི་སར་བཀོད། མཆོད་རྟེན་ཆེན་པོ་ཞིག་བཞེངས་ཤིང་ཚེས་བཅུ་བཞག་གཅིག་དགུ་ང་བརྒྱད་ལོ་གསེར་རྟ་ཁྲིམས་ཁང་དུ་འདས། ཕྱི་མས་འབོལ་ཆེན་ནས་དབྱར་གནས་བཙུགས། ཁང་བརྩེགས་མཆོད་རྟེན་དང་། འདུ་ཁང་སྟེང་ཞི་ཁྲོའི་ལྷ་གྲངས་ཡོངས་རྫོགས། གུ་རུ་གཙོ་འཁོར། གསེར་ཁང་བཅས་བཞེངས། དགོན་པ་མང་པོ་དང་། མཚོ་སྔོན་པོ། མགོ་ལོག རྨ་སྟོད་སོགས་སུ་དབང་ལུང་ཁྲིད་གསུམ་དང་དགེ་ཚུལ་སློང་གི་སྡོམ་པ་མང་པོ་གནང་པས་སྙན་གྲགས་ཆེ། ང་བརྒྱད་ལོ་གྲ་ལག་དགོན་ལ་ཕེབས་པའི་ལམ་དུ་འཛིན་བཟུང་བྱས་ནས་གྲོངས། ཁོང་གཉིས་ཞལ་[page 134] བཞུགས་དུས་འབོན་ཆེན་དགོན་ཁག་གསུམ་ག་ལ་ཕེབས་སྐྱོད་དང་གཟིགས་སྐྱོང་གནང་ཞིང་གསུམ་གས་བསྟན་པའི་བདག་པོར་ཁས་ལེན།
དམངས་བཅོས་ཡར་སྔོན་དུ་འདུ་ཁང་ཆེ་ཆུང་གཉིས་ཏེ་ཆེ་བར་ཀ་བ་བརྒྱད་ཅུ་དང་ཆུང་བ་ལ་བཅུ་གཉིས། ཆུང་བ་དེར་བཀའ་འགྱུར་དང་འཕགས་པ་བརྒྱད་སྟོང་བ་གསེར་བྲིས་མ་གཅིག་རེ་དང་། ཆེ་ཆུང་གཉིས་ཀར་བྱམས་པའི་གསེར་སྐུ་ལི་མ་གྲུ་གང་མ་གཅིག་དང་མཐོ་གང་མ་གཅིག སྒྲོལ་མའི་གསེར་སྐུ་ལི་མ་གཅིག གསེར་གྱི་བཀའ་གདམས་མཆོད་རྟེན་མཐོ་གང་མ་གཅིག ཇོ་བོ་དང་གྲུབ་ཐོབ་སྦར་版་བ་འཇམ་པའི་དབྱངས་ཀྱི་གསེར་སྐུ་ཆུང་ཆུང་རེ ཙན་དན་ཇོ་བོ་གཅིག སྐུ་གདུང་མཆོད་རྟེན་འབྲིང་ཙམ་ཞིག ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུ་ཆ་ཚང་བརྒྱ་ལྷག་བཅས་དང བླ་བྲང་ན་གུ་རུ་གཙོ་འཁོར་གསུམ་གྱི་གསེར་སྐུ་ལི་མ་གྲུ་དོ་ཅན གནས་བརྟན་བཅུ་དྲུག་གི་གསེར་སྐུ་མཐོ་གང་ཙམ་རེ་བཅས་ཁྱོན་སྡོམ་གསེར་སྐུ་བརྒྱ་ལྷག་ཙམ་དང་དཔེ་ཆ་ཧ་ཅང་མང་པོ་བཞུགས་དགོན་པ་འདིའི་ཆོས་སྐྱོང་ནི་དཔན་ལྡན་ལྷ་མོ་དང་རྫོགས་ཆེན་གྱི་གྲི་བཙན་ཡིན། དགོན་པའི་ལྷ་སྡེ་ནི་གསེར་རྟ་དང་སྟོང་སྐོར་ཪྙི་ཁོག་གཉིས་ཀར་མཆོད་ཡོན་གྱི་འབྲེལ་བ་ཙམ་ཡོད་པ་དང་། བྱེ་བྲག་དུ་བིལ་རེ་བ་ཟེར་བའི་འབྲོག་སྡེ་ཆུང་ཆུང་ཞིག་ཡོད་པ་དེ་ཡིན།
ལས་སྣེ་སྐོར་ལ་སྤྲུལ་སྐུས་ཁྲི་བའི་འགན་བཞེས་རྒྱུ་དང་སྐུ་ན་ཆུང་ན་གཞན་གྱིས་ཚབ་བྱས་ཆོག དགེ་བསྐོས་ཆེ་ཆུང་གཉིས་ལ་འགན་ཡུན་ལོ་གསུམ། དབུ་མཛད་གཅིག་ལ་འགན་ཡུན་ངེས་མེད། མཆོད་དཔོན་ཆེ་ཆུང་གཉིས་ལ་འགན་ཡུན་ལོ་གསུམ། དམངས་བཅོས་སྔོན་ལ་ལས་སྣེ་དེ་ཐམས་ཅད་དགོན་བདག་བླའམ་འབོལ་ཆེན་སྤྲུལ་སྐུས་ཐག་གཅོད་རྒྱུ་དང་། ད་སྐབས་དགོན་པ་བདག་གཉེར་ཚོ་ཆུང་གིས་ཐག་གཅོད། བདག་གཉེར་ཚོ་ཆུང་གི་གཙོ་འཛིན་ཐུབ་བསྟན་དཔལ་བཟང་དང་གཙོ་འཛིན་གཞོན་པ་དགེ་ལེགས་ཕུན་སུམ་ཚོགས། སྔ་མ་དགུང་ལོ་ཞེ་དགུ་དང་ཕྱི་མ་ང་ལྔའོ། དགོན་པའི་དུས་མཆོད་ནི་ཚེས་བཅུ་དང་སྒྲུབ་མཆོད། རབ་གནས། དབྱར་གནས། བསྙུང་གནས། བསངས་མཆོད་བཅས་ཪྙིང་མ་བ་ཀུན་དང་མཐུན། རྒྱལ་ཁབ་ཀྱི་གཏན་དུ་འཁྲེལ་བའི་གྲྭ་བའི་གྲངས་ཀ་བཞི་བཅུ་དང་ད་ཡོད་སུམ་ཅུ་སོ་ལྔ་ཡིན།
དགོན་པའི་དཔལ་འབྱོར་སྐོར་ལ། དམངས་བཅོས་སྔོན་ལ་དགོན་པའི་སྤྱི་ཞིང་མུ་ལྔ་བཅུ་ཡོད་པ་དགོན་པའི་སྒྲུབ་མཆོད་དང་ཚེས་བཅུ་ལ་སོགས་པའི་དུས་མཆོད་ཀྱི་སྤྱི་བ་རྣམས་ཀྱིས་མི་གླས་ནས་བཏབ་སྟེ་འཕེལ་ཏོག་དེ་དགོན་པའི་དུས་མཆོད་རྣམས་ལ་གྲོན་པའི་སྲོལ་ཆགས་ཡོད། ད་སྐབས་ས་ཞིང་དང་ཕྱུགས་ཟོག་ཅི་ཡང་མེད། རྒྱལ་ཁབ་ཀྱིས་སྒོར་མོ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་དང་པཎ་ཆེན་རིན་པོ་ཆེས་སུམ་བརྒྱ་གནང་། གྲྭ་བ་རྣམས་ཀྱི་འཚོ་བ་རང་ཁྱིམ་ལ་བརྟེན་དགོས་པ་ལས་དགོན་པ་གཞུང་ནས་[page 135] ཕོག་སྤྲོད་རྒྱུ་མེད། ཞེས་སྤྱི་ལོ་གཅིག་དགུ་གོ་བཞི་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ལ་འབོལ་ཆེན་དགོན་ནས་ཐུབ་བསྟན་དཔལ་བཟང་དང་ ཐུབ་བསྟན་རྡོ་རྗེ་གཉིས་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་དང་ཐུབ་བསྟན་རྗེས་བྲིས་པའི་འབོལ་ཆེན་དགོན་པའི་ལོ་རྒྱུས་ཤོག་ལྡེབ་བཅུ་དྲུག་ཅན་དེ་གཉིས་སྡེབ་ནས་ཕྱི་ལོའི་ཟླ་གསུམ་པར་མདོ་སྨད་ཁྲི་ཀའི་སྐྱེ་མིང་བ་ཚེ་རིང་ཐར་གྱིས་སྦྱར་བ་དགེའོ།།
དེ་ཡང་གུར་ལུང་དགོན་པའམ་མཚན་གཞན་གསང་སྔགས་བསྟན་རྒྱས་གླིང་(སྔ་དུས་སོག་དགོན་པ་ཞེས་བརྗོད་སྲོལ་ཡང་འདུག་)ཞེས་པ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་ནུབ་ཕྱོགས་གསེར་མཁར་ཞང་གི་ཉེ་འཁོར་དུ་ཆགས་ཡོད། དགོན་པ་འདི་ནི་བོད་རབ་བྱུང་དགུ་བའི་མེ་མེ་འབྲུག་སྤྱི་ལོ་༡༥༥༦ལ་རྗེ་ནོར་བུ་སྐུ་ཕྲེང་དང་པོ་བསྟན་པའི་ཉི་མས་ཕྱག་བཏབ་གནང་བའི་གྲུབ་མཐའ་སྔ་འགྱུར་ཪྙིང་མ་བའི་དགོན་པ་ཞིག་ཡིན། དགོན་པའི་མིང་ལ་གུར་ལུང་དགོན་ཞེས་མཚན་ཐོགས་དོན་ནི། གནས་འདིར་དབྱར་དུས་སུ་གུར་ཀུམ་གྱི་མེ་ཏོག་ཤིན་ཏུ་བཀྲ་བས་ལུང་བའི་མིང་ལ་གུར་ལུང་ནང་ཟེར་བ་དགོན་པའི་མིང་ལ་ཐོགས་ཏེ་གུར་ལུང་དགོན་ཞེས་མིང་ཆགས། དགོན་པ་འདི་ནི་ཀ ཐོག་དགོན་པའི་དགོན་ལག་ཞིག་ཡིན། སྤྱིར་ཀ ཐོག་དགོན་པ་ལ་བླ་རབས་དང་། མཁན་རབས། དྲུང་རབས་སོགས་མང་དུ་བྱོན་པ་ལས་དེ་དག་གི་ནང་ནས་ཆེས་ཁྱད་དུ་འཕགས་པ་དམ་གཙང་བྱམས་གསུམ་ཞེས་བྱུང་བ་ལས། བྱམས་པ་འརྗམ་གྱི་སློབ་མདརྗ་འོད་ཡེ་ཤེས་འརྗམ་བྱ་བ་བྱུང་། དེ་ལ་སློབ་མ་མང་དུ་ཡོད་པ་ལས་མཆོག་ཏུ་གྱུར་བ་བསྟན་པའི་ཉི་མ་ཞེས་པ་བྱོན། ཉིན་ཞིག་བླ་མས་ཞལ་ནས། བསྟན་པའི་ཉི་མ་ཁྱེད་འདི་ནས་ཉི་མ་བྱང་ཤར་གྱི་མཚམས་སུ་ཆེས་མཆོག་རོལ་བའི་གནས་ཀྱི་ཉེ་ཁོར་གུར་ཀུམ་ལུང་ཞེས་པ་ས་དཔྱད་དུ་མ་དང་ལྡན་པ་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ན་བསྟན་པ་དར་རྒྱས་སུ་འབྱུང་ཞེས་པར་ལུང་བསྟན། དེ་ནས་རབ་བྱུང་དགུ་བའི་མེ་འབྲུག་ལོར་བསྟན་པའི་ཉི་མའི་བླ་མའི་གསུང་བཞིན་ཧོར་ཡུལ་སྟོད་སྨད་ཀུན་ལ་བཙལ་བས། ཉིན་ཞིག་བེ་རི་གསེར་མཁར་དུ་བྱོན་ནས་སྐྱེ་བོ་ཞིག་ལ་གུར་ལུང་ཞེས་པ་གར་ཡོད་དྲིས་པས། དེས་གུར་ལུང་ཞེས་པ་མི་ཤེས་གུར་ལུང་ནང་ཞེས་པ་ལུང་པ་ཡ་གི་ཟེར་ཞེས་བཤད། འོ་ན་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་བས། ངའི་མིང་ལ་བསྟན་པ་དར་རྒྱས་ཟེར་ཞེས་པས་མིང་ལེགས་པས་རྟེན་འབྲེལ་ཤིན་ཏུ་བཟང་སྙམ། ཡུལ་འདི་ལ་གནས་ཇི་སྐད་བྱ་བ་[page 136] ཡོད་ཅེས་དྲིས་པར། སྐྱེ་བོ་དེའི་ཡ་གི་གནས་འདི་ལ་ཏྲེ་ཤོད་པད་མ་བརྩེགས་པའི་གནས་བཀའ་སྲུང་ལྷ་མོ་ཕུག་ཟེར། ཁྱོད་རང་གནས་མཇལ་བ་ཡིན་ནམ་ཞེས་གསོལ་བས། གནས་མཇལ་ཡང་ཡིན་འདི་ལ་དོན་ཞིག་ཡོད་གསུངས་ཏེ་ཐུགས་ལ་བླ་མས་གསུངས་པའི་གནས་དེ་ས་འདི་ལས་གཞན་དུ་བཙལ་མི་དགོས་པར་འདུག་དགོངས། དེ་ནས་ཡུལ་དེའི་ས་སྐྱོང་ཆིན་པོ་བེ་རི་དཔོན་པོ་མགོན་པོ་ཚེ་རིང་ལ་ལྷ་དར་མཇལ་རྟེན་བཅས་ཕུལ་ཏེ་གུར་ལུང་ནང་དུ་དགོན་པ་ཞིག་འདེབསཔར་ས་བསླང་བར། བེ་རི་དཔོན་པོ་བླ་མ་ལ་ཤིན་ཏུ་དད་དེ་དགོན་པ་འདེབས་པའི་ས་ཕུལ་བ་དང་བླ་མ་ཉིད་ཁོང་གི་མཆོད་གནས་སུ་གྱུར།
དེ་ནས་བེ་རི་དཔོན་པོ་དང་གྲོང་སྡེ་རྣམས་ཀྱིས་སྦྱིན་བདག་བྱས་ཏེ། བོད་རབ་བྱུང་དགུ་བའི་མེ་འབྲུག་སྤྱི་ལོ་༡༥༥༦ལོའི་ཟླ་གསུམ་པའི་ནང་གུར་ལུང་ནང་དུ་དམ་ཅན་བྲག་ཞེས་པའི་འོག མཁའ་འགྲོའི་བྲོ་རལ་ཞེས་པར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད། དེང་ཐོག་གཞི་རྒྱ་ཆེན་པོ་མེད། དེ་ནས་བླ་མ་ཉིད་ཀ ཐོག་ལ་ཕེབས་ནས་ནང་རྟེན་བྱིན་ཅན་འགའ་གདན་དྲངས་ཏེ་ཀ ཐོག་བླ་མ་རྣམས་དགོན་པར་ཞུས་ནས་རབ་གནས་མཛད་སྐབས་ངོ་མཚར་བའི་ལྟས་མང་དུ་བྱུང་། དེ་ནས་དགོན་པའི་འདོན་ཆོས་དང་ཕྱག་ལེན་སོགས་ཀྱི་རིམ་པ་རྣམས་ལེགས་པར་བཙུགས་ཏེ་སློབ་མ་ཡང་སུམ་བཅུ་ལྷག་བྱུང་། སྒྲུབ་གྲྭའི་མཁན་པོ་ལ་བླ་མ་བསོད་ནམས་བྱ་བ་བསྐོས། སློབ་མའི་ཚོགས་ལ་འཆད་ཉན་དང་ཚོགས་ཆོས་སོགས་མང་དུ་གསུངས་ཏེ་ཡུན་རིང་བཞུགྶ། དེ་ནས་ཉིན་ཞིག་བླ་མས་ངའི་ཕྱག་ཕྲེང་དང་དརྗ་ཞྭ་ཕྱག་དྲིལ་རྣམས་ལོ་གསུམ་གྱི་རྗེས་ནས་སྡེ་དགེ་འཁོར་ལོ་མདོ་ནས་ཆོས་རྒྱལ་ཟེར་བ་ཞིག་འོང་བས་དེ་ལ་སྤྲོད་གསུངས། དེ་ནས་སློབ་མ་རྣམས་ལ་མི་རྟག་པའི་ཆོས་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་གནང་བཞིན་ཕྱག་གཉིས་ཐལ་མོ་སྦྱར་ཞལ་ལྷོ་ནུབ་ལ་གཟིགས་ཏེ། དགུང་ལོ་བརྒྱད་ཅུ་གྱ་གསུམ་པ་ལ་དགོངས་པ་རྫོགས་སོ། །ཕྱིས་སུ་ དགོན་པ་འདི་འབའ་ཕུག་ཆོས་པ་རྒྱ་མཚོས་བོད་རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་སྤྱི་ལོ་༡༨༠༢ལ་དགོན་པ་འདི་གུར་ལུང་ལས་གནས་སྤོར་ཏེ་བེ་རི་གསེར་མཁར་ཞང་གི་མཐའ་བེ་རི་དཔོན་པའི་ཕོ་བྲང་གི་མདུན་དུ་སྤོར་ཏེ་ད་ལྟའི་བར་དུ་གནས་ཡོད།
དགོན་པ་འདི་ལ་སྤྲུལ་སྐུ་གཉིས་ཡོད་པས་སྤྱིར་དགོན་བདག་ནི་ཁོང་རྣམ་གཉིས་ཡིན། དེ་ནི་ནོར་རྗ་སྤྲུལ་སྐུ་རིམ་བྱོན་དང་འབའ་ཕུག་སྤྲུལ་སྐུ་རིམ་བྱོན་གཉིས་ཡིན། ཆོས་ལུགས་ཐད་དགོན་པ་འདིར་[page 137] མཁན་པོ་བསྐོ་བའི་ལུགས་སྲོལ་ཡོད། དེ་ནི་གྲྭ་བ་རྣམས་ཀ ཐོག་དང་རྫོགས་ཆེན་གང་རུང་ལ་ཕེབས་ནས་ལོ་ངོ་བཞི་ལྔ་ཙམ་ལ་ནང་བསྟན་གྱི་གཞུང་ལ་སྦྱངས་པ་བྱེད་པ་དང་ཆབས་ཅིག་དབང་ལུང་མན་ངག་ཁྲིད་སོགས་ཀྱི་བཀའ་ཆོས་མང་དུ་གསན་མཐར་ཕྱིར་རང་དགོན་དུ་ཕེབས། དེ་ནས་ཡོན་ཏན་གྱི་ཆེ་ཆུང་ལ་བལྟས་ནས་མཁན་པོར་བསྐོ་བ་ཡིན། མཁན་པོ་གཅིག་གི་ལོ་ངོ་བཞི་ལ་མཁན་པོའི་འགན་འཁུར་དགོས། དེ་ནས་མཁན་པོ་གསར་བ་བསྐོས་ཏེ་འགན་འཁུར་དེ་ལ་སྤྲོད་པ་ཡིན། མཁན་པོའི་ལས་འགན་གཙོ་བོ་ནི་དགོན་པའི་འཆད་ཉན་དང་། དབང་བསྐུར། སྒྲུབ་མཆོད་སོགས་ཆོས་ཕྱོགས་ཀྱི་ལས་དོན་རྣམས་སྒྲུབ་པ་ཡིན། དགེ་སྐོས་གཅིག་ཡོད་པ་ལོ་རེ་ལ་བརྗེ་རེས་བྱེད་པ་ཡིན། དགེ་སྐོས་ཀྱིས་གཙོ་བོ་དགོན་པའི་སྒྲིག་ལམ་སྐོར་ལ་དོ་དམ་བྱེད་པ་ཡིན། དགོན་པའི་ཆོས་སྲིད་ཀྱི་ལས་དོན་གལ་ཆེ་བ་རྣམས་ཐག་གཅོད་དགོས་ཚེ་སྤྲུལ་སྐུ་དང་། མཁན་པོ། མཁན་ཟུར། དགེ་སྐོས་བཅས་འཚོགས་ནས་ཐག་གཅོད་བྱེད་པ་ཡིན།
སྐུའི་སྐོར་ལ་རྒྱུ་གསེར་ཟངས་ལས་གྲུབ་པའི་དམ་ཚིག་རྡོ་རྗེའི་སྐུ་ཁང་བརྩེགས་གཅིག་ཅན། སྒྲོལ་མ་བྱི་དྲོད་མ་ཁྲུ་གང་བ། རྒྱུ་སྨན་འདམ་ལས་གྲུབ་པའི་ཐུབ་པ་རྡོར་གདན་མ། གུ་རུ་འཇའ་ཟུག་མ། མཁན་སློབ་ཆོས་གསུམ། རྗེ་ཙོང་ཁ་པ་ཡང་སྲས་གསུམ་བཅས་མི་ཚད་རེ། རྡོ་རྗེ་སེམས་དཔའ། ཇོ་བོ། སྤྱན་རས་གཟིགས། ཚེ་དཔག་མེད་བཅས་ཁང་བརྩེགས་གཅིག་ཙམ་ཡོད། རྗེ་བཙུན་བྱམས་པའི་སྐུ་ཁང་བརྩེགས་གཉིས་ཅན། མར་མེ་མཛད། ཐུབ་པ། ཀློང་ཆེན་རབ་འབྱམས། འཇིགས་གླིང་བཅས་ཁང་བརྩེགས་གཅིག་ཙམ་ཡོད་པ། གཞན་ཡང་ལི་སྐུ་ཆེ་ཆུང་དང་སྲུང་མའི་སྐུ་སོགས་མང་དུ་ཡོད། ཐང་ཀའི་སྐོར་ལ། སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་། རྗེ་མི་ལའི་རྣམ་ཐར་སྐུ་ཐང་། གུ་རུའི་ཚོགས་ཞིང་། ཨ་འཇམ་རོལ་བའི་རྡོ་རྗེས་གནང་བས་ཞི་ཁྲོའི་གསེར་ཐང་འཇའ་ཟུག་མ། གུ་རུ་མེ་ཐུབ་མ། གུ་རུ་གསུང་འབྱོན་མ། གཟའི་ཐང་ཀ་མེ་འབར་མ། ཐུབ་པའི་གོས་སྐུ་ཆེན་མོ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་སོགས་ཐང་ག་ལྔ་བརྒྱ་ལྷག་བཞུགས། གསུང་རབ་སྐོར་ལ། བཀའ་འགྱུར་ཚར་གསུམ། བསྟན་འགྱུར་ཚར་གཉིས། ཀློང་ཆེན། འཇིགས་གླིང་། འཇུ་མི་ཕམ། ལོ་ཆེན་དྷརྨ་ཤྲྰི རྗེ་ཙོང་ཁ་བ། རྫོགས་ཆེན་དཔལ་རྡོར། མཁན་པོ་གཞན་དགའ། མཁན་པོ་མགོན་པོ་བཅས་ཀྱི་གསུང་འབུམ་ཆ་ཚང་། བརྒྱད་སྟོང་གསེར་བྲིས་ཚར་གཅིག་སོགས་ཡོད། ཐུགས་རྟེན་དང་མཆོད་རྫས་ཀྱི་སྐོར་ལ། ཆོས་པ་རྒྱ་མཚོའི་སྐུ་གདུང་མཆོད་རྟེན། ནོར་བུ་སྤྲུལ་སྐུ། དམ་ཚིག་རྗེའི་སྐུ་གདུང་མཆོད་རྟེན། མཆོད་རྫས་[page 138] སྐོར་ལ། རོལ་མོ་གྲ་ཧོ་ཁ་སྤྲོད། རོལ་མོ་འཛམ་གླིང་གཡས་བཞག། རྒྱ་ནག་སིལ་སྙན་འཛམ་ཡོངས་གྲགས་སོགས་སིལ་སྙན་བརྒྱ་ཕྲག་ལྷག་ཙམ་ཡོད། རྒྱུ་གསེར་དངུལ་ཟངས་རག་གིས་བཟོས་པའི་རྒྱ་གླིང་བཅུ་ལྷག། དེ་དག་ལ་གཡུ་བྱུ་རི་སྤོས་ཤེལ་སོགས་ཀྱི་ཕྲ་དང་ལྡན་པ། རྒྱུ་ཐང་དངུལ་ཟངས་ལསགྲུབ་པ་བྱུ་རུའི་ཕྲ་ལྡན་དུང་དམར་ཆ་བཅུ། དུང་དཀར་ཐོས་པ་རང་གྲོལ་གསེར་དངུལ་གཤོག་པ་ཅན་བྱུ་རུས་ཕྲ་རྒྱན་ཡོད་པ། གསེར་འབག་ཕྲ་ཅན། གདུགས་དང་རྒྱལ་མཚན། ཀ་འཕན། འཆམ་གོས་སོགས་མང་དུ་ཡོད་པའོ།།
དགོན་འདི་དང་ཐོག་བཏབ་དུས་སུ་བཤད་དང་སྒྲུབ་སྒྲ་ཞེས་དམིགས་བསལ་མེད་ཀྱང་དོན་ལ་གྲྭ་བ་སུམ་ཅུ་ལྷག་ཡོད་པ་རྣམས་ཀྱིས་དབྱར་དུས་སུ་སློབ་གཉེར་གཙོ་བོར་བྱེད་པར་དབྱར་ཆོས་སུ་གྲགས། དེ་ཡང་བོད་ཟླ་དང་པོའི་ནང་མ་ཎི་བུམ་སྒྲུབ་ཉིན་ཉི་ཤུ་ལྷག་ཚོགས་རྒྱུ་ཡོད་པས། དེ་དུས་མཁན་པོ་ལས་ཐོག་པས་ཀུན་བཟང་བླ་མའི་སྔོན་འགྲོ་དང་། དབྱར་གནས་སྐབས་སྡོམ་གསུམ་རྣམ་ ངེས་ཀྱི་ཁྲིད་གསུངས་པ་བཅས་ལ་གྲྭ་བ་རྣམས་ཀྱིས་གཞུང་ལུགས་དེ་དག་ལ་སློབ་གཉེར་བྱེད་པ་ཡིན། དགུན་དུས་སུ་ཡི་དམ་སྒྲུབ་སྐོར་སོགས་ལ་བསྙེན་པ་བྱེད་པ་ཡིན། དགོན་པ་འདི་ནི་སྔོན་བཏབ་དུས་གྲྭ་བ་སུམ་ཅུ་ལྷག་ལས་མེད་ནའང་ཕྱིས་སུ་ཧ་ཅང་རྒྱས་པའི་དུས་སུ་གྲྭ་བ་བཞི་བརྒྱ་ལྷག་ཡོད་མྱོང་། དགོན་པའི་སྒྲུབ་མཆོད་དང་ཆོ་ག་ཕྱག་ལེན། གྲྭ་བ་རྣམས་ཀྱི་ཕྱི་ནང་གི་སྒྲིག་ཁྲིམས་བཅས་ཀཿ་ཐོག་དང་རྫོགས་ཆེན་གཉིས་ཀྱི་ལུགས་ལྟར་བཙུགས་ཡོད། ཆོས་སྐྱོང་ནི་མ་གཟའ་རྡོར་གསུམ་དང་། ཙི་དམར། ཚེ་རིང་མ། རྟ་མགྲིན། མགོན་པོ་ཚོགས་བདག་སོགས་བསྟེན།
བོད་ཟླ་དང་པོའི་ཚེས་གཅིག་ལ་བླ་མ་རིག་འཛིན་འདུས་པའི་ཚོགས་འཁོར་རྒྱས་པ་བསྐོར། ཚེས་གཉིས་ལ་ལས་ཐོག་མཁན་པོའི་བསྙེན་གནས་གསུངས། ཚེ་ལྔའི་ཕྱི་དྲོ་ནས་རྒྱ་མཐོ་བཞག་སྟེ་སྐྱ་སེར་ཀུན་མ་ཎི་བུམ་སྒྲུབ་འཚོགས་ཏེ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོ་ག་གསུངས་པ་དང་། དཀྱིལ་འཁོར་ལ་བརྟེན་ནས་བུམ་པ་རིལ་བུ་བཅས་བསྒྲུབས་ཏེ་ཚེས་ཉེར་བརྒྱད་བར་འཚོགས་དགོས། ཚེས་ཉེར་དགུ་ནས་ཉིན་གསུམ་ལ་གནས་སྟོང་ཀར་གླིང་ཐོས་གྲོལ་འཚོགས་དགོས། བོད་ཟླ་གཉིས་པའི་ཚེས་བརྒྱད་ལ་ཀར་མའི་ན་རཀ་དོང་སྤྲུགས་དང་། སྙིང་ཐིག་དཔལ་ཆེན་འདུས་པ་གཉིས་ཀྱི་སྒྲུབ་པ་ཉིན་[page 139] བདུན་ལ་འཚོགས་པ་དང་ཚེས་བཅུ་དྲུག་ནས་སུམ་ཅུ་བར་རྒྱུན་ཇ་འཚོགས། དེ་ཡང་སྔ་དྲོ་ལ་རིམ་གྲོ་ལྟུང་བཤགས་དང་མ་ཎི། སྨོན་ལམ་སོགས་ཅི་ཡོད་འདོན། ཕྱི་དྲོ་ལ་གསོལ་ཁ་འདོན། ཟླ་གསུམ་པའི་ཚེས་དགུ་ནས་བཅོ་ལྔ་བར་གནས་སྟོང་ཀརྨ་གླིང་པའི་ཐོས་གྲོལ། ཟླ་བཞི་པའི་ཚེས་གཅིག་ནས་རྒྱ་མཐོ་བཞག་སྟེ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་བུམ་སྒྲུབ་ཉིན་བདུན་ལ་འཚོགས། ཚེས་བཅུ་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དག་སྣང་ལུགས་ཀྱི་འཆམ་ཉིན་གསུམ། ཚེས་བཅོ་ལྔ་ནས་སུམ་ཅུ་བར་རྒྱུན་ཇ་དང་། ཟླ་ལྔ་བའི་ཚེས་གསུམ་གྱི་ཕྱི་དྲོ་ནས་འབའ་ཕུག་སྐུ་ཕྲེང་གསུམ་པ་པད་མ་བདེ་ཆེན་གླིང་བས་དགོངས་གཏེར་ཐུགས་སྒྲུབ་ཀུན་འབྱུང་གི་སྨན་སྒྲུབ་ཉིན་བདུན་ལ་འཚོགས་ཏེ་ཚེས་བཅུ་ལ་སེར་སྐྱ་ཀུན་ལ་སྨན་སྒྲུབ་སྦྱིན་པ་ཡིན། ཟླ་དྲུག་པའི་ཚེས་གཅིག་ནས་གསུམ་བར་གླིང་ཁ་གཏོང་། ཚེས་སུམ་ཅུ་ནས་དགག་དབྱེ་ཉིན་གསུམ་ལ་འཚོགས་དགོས། ཟླ་བརྒྱད་པའི་ཚེས་བདུན་ནས་ཉིན་བཞི་ལ་གླིང་ཁ་གཏོང་། དེ་དུས་དྲི་མེད་ཀུན་ལྡན་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་འཁྲབ་དགོས། ཟླ་དགུ་པའི་ཚེས་བདུན་ནས་ཚེས་བཅུ་བཞི་བར་ཀར་གླིང་ཐོས་གྲོལ་གྱི་གནས་སྟོང་། ཚེས་བཅུ་བདུན་ནས་ཉེར་བཞི་བར་གཏོར་སྒྲུབ། ཟླ་བཅུ་བའི་ནང་ཉིན་བདུན་ལ་རཏྣ་གླིང་པས་ཚེས་སྒྲུབ། ཟླ་བཅུ་གཅིག་པའི་ཚེས་གསུམ་ནས་ཚེས་བཅུ་བར་གནས་སྟོང་འཚོགས། ཟླ་བཅུ་གཉིས་པའི་ནང་ཕུར་བ་དང་། སེང་གདོང་གཉིས་ཀྱི་སྒྲུབ་མཆོད་འཚོགས་ཏེ་ཚེས་ཉེར་དགུ་ལ་ཟོར་འཆམ་གཏོར་རྒྱག་བཅས་བྱེད། གཞན་ཡང་ཟླ་རེ་དུས་རྒྱུན་ཚེས་བཅུ་དང་ཉེར་ལྔ་ལ་ཚོགས་མཆོད། འདས་མཆོད། བེ་རི་དཔོན་ཚང་གིས་མགོན་པོ་ཁྲི་མཆོད་གསེར་མཁར་གྲོང་བས་གནས་སྟོང་ཚོགས་མཆོད་བཅས་ཆག་མེད་འཚོགས་རྒྱུ་ཡོད།
དེ་ཡང་དགོན་པ་འདི་སྤྱི་ལོ་༡༥༥༦ལོར་བཏབ་པ་ནས་བཟུང་རིམ་གྱིས་ཇེ་རྒྱས་སུ་ཕྱིན་ཏེ་དགོན་པ་སྤྱིའི་གཞི་རྒྱ་ནི་གཙུག་ལག་ཁང་ཆེན་པོ་ཁང་བརྩེགས་གསུམ་ཅན་ཞིག་ཡོད་པ་དང་དེའི་ནང་དུ་གསེར་གདུང་ཁང་། སྒྲོལ་མ་ཁང་། བསམ་ལྷུན་ཁང་། མགོན་ཁང་། སྤྱིལ་བ་ཁང་། མཆོད་རྫས་ཁང་། རྒན་ཤག་ཁང་བཅས་ཡོད། གྲྭ་ཤག་བསྡོམས་༧༠ལྷག་ཡོད། ནང་རྟེན་དང་མཆོད་རྫས་སོགས་གོང་དུ་བཤད་པ་རྣམས་བཞུགས།
ཕྱིས་སུ་གཙུག་ལག་ཁང་ཆེན་པོ་མ་གཏོགས་ལྷ་ཁང་དང་ནང་རྟེན་གྲྭ་ཤག་སོགས་ཐམས་ཅད་འཇིག་ཟིན། གཙུག་ལགཁང་ནི་སྐབས་དེར་གྲོང་པའི་མཉམ་ལས་ཁང་གི་འབྲུ་རིགས་འཇོག་སར་བྱས་ཏེ་མ་འཇིག་པ་ཡིན། གྲྭ་བ་ཕལ་ཆེར་གྲོང་དུ་ཕྱིན་ནས་ཐོན་སྐྱེད་ངལ་རྩོལ་ལ་ཞུགས།
[page 140] སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབབ་བྱས་ཏེ་སྤྱི་ལོ་༡༩༨༤ལོར་དགོན་པ་ཡང་བསྐྱར་སླར་གསོ་བྱེད་མགོ་བརྩམས་ཏེ་སྔོན་གྱི་ལྷ་ཁང་རྣམས་དང་། གྲྭ་ཤག་ཉི་ཤུ་ལྷག་སྐྱར་བཟོ་གྲུབ། སྔོན་གྱི་རྟེན་ཪྙིང་དང་མཆོད་རྫས་བྱིན་ཅན་སྐོར་ད་ལྟ་ལྷག་ཡོད་པ། སྒྲོལ་མ་བྱི་དྲོད་མ། ཐུབ་པ་རྡོར་གདན་མ། དུང་དཀར་ཐོས་པ་རང་གྲོལ། རོལ་མོ་འཛམ་གླིང་གཡས་བཞག། སིལ་སྙན་འཛམ་གླིང་ཡོངས་གྲགས། གུ་རུ་ཐང་ག་མེ་ཐུབ་མ། གུ་རུ་ཐང་ག་གསུང་བྱོན་མ་བཅས་ད་ལྟའང་ལྷག་ཡོད། གསར་བཞེངས་སྐོར་ལ། གུ་རུ་ཚོགས་ཞིང་ལ་སོགས་པའི་ཐང་ག་བདུན་ཅུ་ལྷག་དང་། གསེར་སྐུ་ཆེ་ཆུང་ཉི་ཤུ་ལྷག མཆོད་རྟེན་ཆེ་ཆུང་དྲུག སྨན་སྐུ་ཆེ་ཆུང་སྣ་ཚོགས་བཅས་ཡོད། གསུང་གི་སྐོར་ལ། བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག ཪྙིང་མ་རྒྱུད་འབུམ། རིན་ཆེན་གཏེར་མཛོད། ཀློང་ཆེན། འཇིག་གླིང་བཅས་ཀྱི་གསུང་འབུམ་དང་ཐོར་བུའི་སྐོར་སོགས་ཡོད། མཆོད་རྫས་ཀྱི་སྐོར་ལ་སྦུབ་དང་སིལ་སྙན་ཆེ་ཆུང་བཅུ་བཞི། རྐང་གླིང་ཆ་བརྒྱད། དུང་དཀར། དུང་དམར། རྒྱ་གླིང་། བུམ་པ་སོགས་མང་ངོ་།
ད་ལྟ་སྲིད་གཞུང་ནས་དགོན་པར་གྲྭ་བ་ལྔ་བཅུ་བཞུགས་ཆོག་པའི་ཆོག་མཆན་ཐོབ་ཡོད་ཀྱང་དོན་དངོས་སུ་དགོན་པ་འདིར་དེང་སྐབས་གྲྭ་བ་བརྒྱད་ཅུ་གྱ་གཉིས་བཞུགས། དགོན་པ་སླར་གསོ་བྱས་པ་ནས་དེང་གི་བར་གྲྭ་བ་ཉི་ཤུ་ལྷག་ཕྱིར་གྲོང་དུ་ཕྱིན་ནས་ཁྱིམ་ལས་ལ་ཞུགས་ཡོད།
སྤྱི་ཚོགས་ཪྙིང་པར་དགོན་པ་གཞུང་ལ་དཔལ་འབྱོར་གྱི་ཐོན་ཁུངས་ས་ཞིང་མུ་བརྒྱ་ཙམ་ཡོད། དེ་ནི་གྲྭ་བ་སྐོར་ཞིག་གིས་གྲོང་པའི་མི་རྣམས་ལ་གླ་རྔན་སྤྲད་དེ་ཞིང་འདེབས་སུ་བཅུག་སྟེ་སྟོན་ཁར་མུ་རེ་སྟེང་ནས་འབྲུ་རིགས་རྒྱ་མ་ཉིས་བརྒྱ་རེ་དགོན་པ་གཞུང་ལ་འརྗལ་དགོས། ལྷག་མ་ཡོད་ཚེ་ཞིང་འདེབས་མཁན་གྱི་མི་ལ་དབང་བ་ཡིན། ད་དུང་དགོན་པའི་ལོ་རེར་གྲྭ་བཅུ་སྐོར་རེ་ཚོང་ལས་ལ་མངགས་པ་དང་། ཚོང་ལས་ཀྱི་མ་དངུལ་སྒོར་དགོན་པ་གཞུང་ནས་སྟེར་བ་ཡིན། ལོ་མཇུག་ཏུ་ཚོང་ལས་ཀྱི་བསྐྱེད་ཀ་འཆར་གཞི་ལྟར་དགོན་པ་གཞུང་ལ་འབུལ་དགོས། ད་དུང་དགོན་པའི་གྲྭ་བ་སྐོར་ཞིག་གྲོང་ཆོག་ལ་མངགས་ཏེ་གྲོང་སྡེ་རྣམས་སུ་ཆོས་འདོན་བྱས་པར་མང་ཚོགས་ཀྱི་ཕུལ་བའི་ཡོན་རྣམས་དགོན་པ་གཞུང་ལ་འབུལ་བ་ཡིན། དགོན་པའི་སྤྲུལ་སྐུ་གཉིས་ལ་ཕྱུག་ཟོག་ལྔ་བཅུ་ལྷག་ཡོད་ཀྱང་དེའི་ཡོང་སྒོ་རྣམས་བླ་བྲང་རང་ལ་དབང་བ་ལས་དགོན་པ་གཞུང་ལ་མི་དབང་བ་ཡིན།
[page 141] ༡༩༨༣ལོར་དགོན་པ་ཡང་བསྐྱར་ཆོས་སྒོ་ཕྱེ་བ་ནས་ད་ལྟའི་བར་དགོན་པ་གཞུང་ལ་ས་ཞིང་མུ་སུམ་ཅུ་ཙམ་ཡོད། ཕྱུགས་ཟོག་འབྲི་བཞི་བཅུ་ལྷག་ཡོད། དེ་ནི་གྲོང་སྡེ་ཁྱིམ་ཚང་སོ་སོ་ལ་སྤྲད་དེ་ལོ་རེར་འབྲི་རེ་ནས་མར་རྒྱ་མ་བཅུ་དགོན་པ་ལ་སྤྲོད་དགོས། ལྷག་མའི་མར་དང་བེའུ་རྣམས་གྲོང་པ་རང་ལ་དབང་བ་ཡིན། ༡༩༩༡ལོར་རྒྱལ་ཁབ་སྲིད་གཞུང་གིས་དགོན་པ་སླར་གསོ་བྱེད་པར་རོགས་སྐྱོར་སྒོར་གཅིག་ཁྲི་སུམ་སྟོང་གནང་བ་ཡིན། ད་ལྟ་གྲྭ་བ་རྣམས་ཀྱི་འཚོ་བའི་ཡོངས་ཁུངས་གཙོ་བོ་རང་ཁྱིམ་ལ་བརྟེན་པ་ཡིན། ཞེས་གུར་ལུང་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་འབྲེལ་ཡོད་ཡིག་ཆའི་སྐོར་དང་དགོན་པ་རང་གི་གྲྭ་བ་རྒན་པ་དག་གི་ངག་རྒྱུན་བཅས་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་དགུ་གོ་ལྔའི་ཟླ་གསུམ་པར་པེ་ཅིན་དུ་སྦྱར་བ་དགེའོ།།
ཁ་ནོན་དགོན་པའམ་ཐུབ་བསྟན་ཉིན་བྱེད་དགའ་ཚལ་གླིང་ནི། དཀར་མཛེས་རྗོང་གི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་གསུམ་གྱི་མཚམས་སུ་ལྷོ་པ་ཆུས་ཐིང་ཁ་ཞང་གི་ཁོངས་སུ་ཆགས་ཡོད། བོད་རབ་བྱུང་བཅུ་བཞི་བའི་མེ་སྦྲུལ་སྤྱི་ལོ་1257ལོར་སྒ་ཨ་མྱེ་དམ་པས་བཏབ་མཛད་པའི་གྲུབ་མཐའ་ས་སྐྱ་པ་ཡིན།
དགོན་པ་འདི་ཐོག་མར་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་གོང་མ་ཆེན་པོས་གདན་འདྲེན་གྱི་གསེར་ཡིག་སླེབས་པ་བཞིན་ཧོར་ཡུལ་དུ་ཕེབས་ནས་ཧོར་རྒྱལ་པོ་སེ་ཆེན་ལ་དགྱེས་པ་རྡོ་རྗེའི་དབང་བསྐུར་བས་ཏཱི་ཤྲཱིའི་མཚན་གསོལ་བའི་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་སྐབས། ཁོང་གི་དངོས་སློབ་ཐུགས་ཀྱི་བུ་ཆེན་ནམ། དེའང་གོང་མའི་ཏཱི་ཤྲཱི་ལ་བསྐུར་བའི་སྒ་ཨ་མྱེ་དམ་པས་ཁོང་གི་དགོན་པ་སྒ་ཁྲི་འདུ་སྐལ་བཟང་དགོན་མ་བཏབ་གོང་ལོ་ངོ་བཅུ་གཅིག་ཙམ་གྱི་ཡར་སྔོན་དུ། སྔར་སྒྲུབ་པའི་སྐྱེས་ཆེན་གཡུ་སྒྲ་སྙིང་པོ་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཁྲམ་མཁའ་སྤྱོད་དབང་པོ། སྤྲུལ་སྐུ་ར་མིག་ཆོས་འབྱུང་སོགས་པཎ་གྲུབ་དུ་མའི་སྒྲུབ་གནས། སྒ་ཨ་མྱེ་དམ་པ་རང་གི་སྒྲུབ་ཕུབ་ཏུ་མུ་མཐུན་རྒུད་པ་མཐའ་དག་ཞི་ཆེད་དང་རྒྱལ་འགོང་དམ་སྲི་སོགས་ནག་ཕྱོགས་བདུད་ཀྱི་གཡུལ་ངོ་ཁ་གནོན་ཕྱིར་དགོན་པ་བཏབ་པས་དོན་གྱི་སྙིང་པོའི་སྒོ་ནས་དགོན་པའི་མཚན་ལ་ཁ་ནོན་དགོན་པའམ་ཐུབ་བསྟན་ཉིན་བྱེད་དགའ་ཚལ་གླིང་ཞེས་བཏགས། དེ་ནས་དགོན་པ་འདིར་འཕེལ་འགྲིབ་སྤེལ་མ་བྱུང་ཡང་ཆོས་རྒྱུད་ལྟ་གྲུབ་སོགས་ས་སྐྱ་ཁོ་ནའོ། །དེའང་བསྟན་བདག་སྤྲུལ་སྐུ་མ་བྱོན་གོང་། ཆོམ་རྐུན་གྱིས་འཚེ་ནས་བླ་མ་གྲྭ་ཚང་འཐོར་ལ་ཉེ་ཚེ། བསྟན་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས་འཐོར་ཞིག་ལས་བསྲུངས་བ་དང་། དེའི་རྗེས་སུ་ལྕགས་མདུད་ཉག་སྐེད་པས་ལྷ་ཁང་མེ་ལ་སྲེག་སྐབས། དམ་ཅན་སྐུ་གཅིག་པོ་ལ་མེ་སྐྱོན་གྱི་དྲི་མས་མ་གོས་པས་དམ་ཅན་བཞུགས་འདུག་ཟེར་ནས་གདན་ས་སྤོར་བའི་དགོངས་ཚུལ་བཟློག་ནས་སླར་གནས་ཤུལ་དེར་ཞིག་གསོ་མཛད། སྐབས་དེའི་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། སྐུ་རྟེན་གཙོ་བོ་ཇོ་བོ་རིན་ཆེན་འབྱུང་ལྡན་དང་ས་པཎ་སྐུ་ཟངས་གསེར་ལས་གྲུབ་པ། སྒྲོལ་མའི་སྐུ་ལི་མ་གཙོས་གསེར་སྐུ་བརྒྱ་ཕྲག་དུ་མ་ཡོད། མགོན་ཁང་ཁོ་ན་ལ་གསེར་སྐུ་སུམ་ཅུ་ལྷག་དང་། ཐང་སྐུ་ཡང་ཕལ་ཆེར་བརྒྱ་ལྷག་ཡོད་སྐད། གསུང་རྟེན་གཙོ་བོ་ཨེ་ཝཾ་[page 178] བཀའ་འབུམ། བཀའ་འགྱུར། བསྟན་འགྱུར། གཞན་གསུང་འབུམ་ཡང་མང་ཙམ་བཞུགས། ཐུགས་ཀྱི་རྟེན་ལ་གསེར་གདུང་འགའ་ཡོད་པས་གསལ་བོ་མི་ཤེས། མཆོད་རྫས་སོགས་ཕུན་སུམ་ཚོགས་པ་དང་། ལྷག་པར་དུ་དམ་ཅན་སྐུ་བྱིན་རླབས་ཅན་ཞིག་བཞུགས།
དེ་ནས་བཤད་སྒྲུབ་ཀྱི་སྐོར་ལ། སྤྲུལ་སྐུ་འཇམ་དབྱངས་སེང་གེ་རྒྱལ་མཚན་གྱི་སྐུ་རིང་ལ་ཁོང་གིས་དགོན་པ་དག་ཐེར་མཛད་ནས་འདུལ་ཁྲིམས་དང་དམ་ཚིག་ལ་སེལ་ཞུགས་པ་རྣམས་ཚོགས་གྲལ་ནས་བསྐྲད་པ་དང་། འབྱུང་འདུལ་ཀྱེེ་རྡོར་སོགས་ལ་ལས་རུང་གི་བསྙེན་པ། ཆགས་མེད་རྣམ་བཞི་རྒྱུན་འདོན་དང་ཟླ་བ་ཡར་མར་ངོ་ལ་གསོ་སྦྱོང་ཆག་མེད། དབྱར་ཆོས་ཟླ་བ་གསུམ་གྱི་རིང་ལ་དཔེ་ཆའི་གཞུང་དོན་གང་རུང་གནང་། དགུན་ཆོས་ཟླ་བ་གསུམ་ལ་རྩ་རླུང་འཁྲུལ་འཁོར་གྱི་ཁྲིད། རྗེས་སོར་རྒན་ཆོས་སྐུ་དཔལ་ལྡན་དང་ཡང་སྤྲུལ་ཀུན་དགའ་བློ་གྲོས་གཉིས་ཀྱི་སྐུ་རིང་ལ་སྒྲུབ་གྲྭ་བཙུགས་ནས་དེང་སང་དགོན་པ་ཆགས་ས་དེ་རུ་སྒྲུབ་ཁང་དང་འཚོ་བ་བཅས་སྤྱི་གཉེར་འགན་འཁུར་ལོ་གསུམ་རེར་བཞུགས་དགོས། དེ་ཡང་སྔོན་ཆད་གྲྭ་བ་ཡོངས་རྫོགས་གྲྭ་སར་ལོ་གསུམ་རེ་བཞུགས་ནས་སླར་རང་དགོན་དུ་ཕེབས་ནས་སྒྲུབ་གྲྭར་བཞུགས། དུས་མཆོད་རྒྱུན་སྲོལ་གྱི་སྐོར་ལ། བོད་ཟླ་དང་པོའི་ནང་སིངྡྷ་བུམ་སྒྲུབ་ཉིན་བཅུ་གསུམ། ཀུན་རིག་རྡུལ་ཚོན་ལ་རྟེན་ནས་སྒྲུབ་མཆོད་ཚེ་སྒྲུབ་རུས་སྒྲུབ་བཅས་ཉིན་བདུན། བོད་ཟླ་གསུམ་པའི་ནང་རྣང་རྒྱལ་མའི་སྒྲུབ་མཆོད་ཉིན་བདུན། བོད་ཟླ་བཞི་པའི་ནང་ཉིན་བདུན་ལ་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཀྱེེ་རྡོར་སྒྲུབ་མཆོད་དང་རབ་གནས་དཔལ་འབྱོར་རྒྱ་མཚོ་ཉིན་གསུམ་བཅས་ཚོགས། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བདུན་པའི་ཡར་ཚེས་བར་དབྱར་གནས་བཞུགས། བོད་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བདུན་བར་ལམ་འབྲས་བླ་མཆོད་དང་། ཚེས་ཉེར་ལྔའི་བར་བླ་མ་སྟོན་པའི་འདས་མཆོད། མཁའ་སྤྱོད་བཅུ་ཚོགས་དགོས་སོ། བོད་ཟླ་བཅུ་པའི་ནང་རིན་ཆེན་འབྱུང་ལྡན་སྒྲུབ་མཆོད་དང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་བཅས་ཉིན་བཅུ་གསུམ་ཚོགས་དགོས་པ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ནས་ཚེས་ཉེར་བདུན་བར་མགོན་པོ་ཁྲོ་བཅུའི་གཏོར་བཟློག་དང་འབྲེལ་ནས་གར་དང་ཕྱག་རྒྱ། འཆམ་བཅས་ཡོད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་ཉེར་དགུའི་བར་སྒྲོལ་མའི་གཡུལ་བཟློག་གསུངས་ནས་ཡུལ་ལུང་ལ་སད་སེར་དང་། ནད་མུག་མཚོན་འཁྲུག་སོགས་ཞི་ཆེད་དུ་ཚར་འགྲོ་གནད་སྨིན་བཅས་ཚོགས་དགོས།
དེའང་འགན་བཞེས་ཚུལ་ལྟར་ན། བསྟན་པའི་བདག་པོ་ཁ་ནོན་སྤྲུལ་སྐུ་མ་གཏོགས་གཞན་སུ་ཡང་བསླུ་སྲོལ་མེད། གཞན་ཡང་འགན་བཞེས་སུ་བླ་མ་ཁྲི་བ་གཅིག དགེ་བསྐོས་གཅིག དབུ་མཛད་གཅིག སྤྱི་པ་གསུམ་རེ་བཅས་ཀྱིས་ལོ་གསུམ་རེ་ལ་དགོན་པའི་ཕྱི་ནང་ཐམས་ཅད་ལ་འཚོ་སྐྱོང་དང་བདག་གཉེར་མཛད། དགོན་བདག་ལ་སྤྲུལ་སྐུ། སྤྱི་སྐྱོང་ལ་ཁྲི་པ། སྒྲིག་ཁྲིམས་ལ་དགེ་བསྐོས། ཆོས་[page 179] ཚོགས་ལ་དབུ་མཛད། སློབ་གཉེར་ལ་མཁན་པོ། རྒྱུ་རྫས་ལ་སྤྱི་བ། ད་དུང་ལྷ་གཉེར་གཅིག་བཅས་ཡོད་དོ། དེ་ཡང་སྤྲུལ་སྐུ་བྱོན་ཚུལ་ལ། སྒ་ཨ་མྱེ་དམ་པའི་སྐྱེ་མཐའ་ཁ་ནོན་སྐུ་ཕྲེང་དང་པོ་ངག་དབང་བསོད་ནམས་དང་སྐུ་ཕྲེང་གཉིས་པ་ངག་དབང་ཀུན་དགའ། སྐུ་ཕྲེང་གསུམ་པ་འཇམ་དབྱངས་སེང་གེ་རྒྱལ་མཚན། སྐུ་ཕྲེང་བཞི་བ་འཇམ་དབྱངས་ཀུན་དགའ་བློ་གྲོས། སྐུ་ཕྲེང་ལྔ་པ་ལུང་རྟོགས་ཆོས་ཀྱི་ཉི་མ་སོགས་བྱོན། དེའང་ཁྲི་པ་སོགས་ཤེས་ཚད་ཙམ་བཀོན་ན། ཁྲི་བ་རྣམ་རྒྱལ། ཆོས་སྐུ་དཔལ་ལྡན་﹙འདི་བའི་མཛད་རྗེས་ཤིན་ཏུ་ཆེ། སྟོང་འཁོར་ནས་ཡིན﹚ དེ་ནས་མཁའ་འགྲོ་རྡོ་རྗེ། རྡོ་རྗེ་སྤྲུལ་ཐར། བསྟན་པ་རྒྱལ་མཚན། ད་ལྟའི་ཉི་མ་རྒྱལ་མཚན་སོགས་དང་། དགེ་བསྐོས་ལ་སྔར་དཔལ་ལྡན་རྒྱ་མཚོ། དེང་སང་སངས་རྒྱས་ཡེ་ཤེས། དེ་ནས་ཚངས་དབྱངས་མཐར་ཕྱིན། ད་ལྟ་འདི་བ་ཡིན། དབུ་མཛད་ཀྱི་སྐོར་ལ་སྔར་བསོད་ནམས་བློ་གྲོས། ཆོས་གྲགས་སོགས་དང་དེང་སང་ཀུན་དགའ་ལྷུན་འགྲུབ། ཀུན་དགའ་བཟང་པོ། དོན་འགྲུབ་བཀྲ་ཤིས། སྟོབས་རྒྱལ་སོགས་ཕེབས་ནས་བསྟན་པ་བསྐྱངས་དང་སྐྱོང་བཞིན་མཆིས།
བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱའི་སྤྱི་ལོ་༡༩༨༤ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ལ་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་ཆོག་པའི་བཀའ་གནང་ནས། སྔོན་མའི་དགོན་ས་གནས་ཧྲུལ་ལ་མ་བཏབ་པར་སྔར་དགེ་ཆོས་སྐུ་དཔལ་ལྡན་དང་ཡང་སྤྲུལ་ཀུན་དགའ་བློ་གྲོས་གཉིས་ཀྱི་སྒྲུབ་ཁང་གི་གནས་ཤུལ་སྒྲུབ་སྡེ་གླིང་དུ་སྡེ་རྒན་སྟོན་པ་རྒྱ་མཚོ་གཙོས་པའི་དད་ལྡན་སེར་སྐྱ་ཕོ་མོ་རྒན་གཞོན་རྣམས་ཀྱིས་རྒྱུ་ཤུགས་དང་ལུས་ཤུགས་གཉིས་ནས་འཕངས་མེད་བཏང་མཐར། སྤྱི་ལོ་༡༩༨༢ལོ་ནས་བཏབ་འགོ་བརྩམས་ཏེ་ཆོས་སྒོ་ཕྱེ་དུས་གཙུག་ལག་ཁང་གི་ཐོག་ལ་རབ་གསལ་ཁང་དང་སྲུང་མ་ཁང་སོགས་རྟེན་དང་བཅས་པ་དང་། གཞན་ཆོས་ར། འཆམ་ར། གཉེར་ཁང་། ཇ་ཁང་བཅས་བཙུགས་པར་མ་ཟད། མིག་སྔར་གྲྭ་ཤག་སོ་བཞི་ཙམ་ཡོད་པས། དགོན་པ་རྙིང་བ་ལས་གཞི་ཁྱོན་ཆེ་ཞིང་གྲྭ་བའང་སྔར་ལས་མང་། གྲྭ་རྒྱུད་ཡོད་པའི་སྡེ་བ་སྔར་ནས་ད་བར་དུ་ལྷ་ཤོད། གྲོང་སར། ཐིང་ཁ། འབྲུག་ཉལ། ཁུག་རོང་། ལམ་གོད། ཟུར་ཟ་མདོ། ཆུ་མིག་སྟེང་། དགོན་ཆུང་སོགས་ཚོ་པ་ལ་དུད་ཆེ་ཆུང་སུམ་བརྒྱ་ཙམ་ཡོད་རུང་རྗེས་སོར་གཞན་པའི་མཆོད་སྡེ་ལ་འགྱུར་བའང་མང་ངོ་། དགོན་དུ་རྒྱུན་སྡོད་ཀྱི་བླ་གྲྭ་བརྒྱ་ལྷག་ཙམ་བཞུགས།
གསར་དུ་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། སྐུ་རྟེན་དུ་གཙུག་ལག་ཁང་གི་དཀྱིལ་ན་གཙོ་སྐུ་སྨན་འདམ་ལས་གྲུབ་པའི་ཐུབ་སྐུ་ཁང་བརྩེགས་གཅིག་ཙམ། དེའི་གཡས་གྲལ་ནས་རིམ་བཞིན་[page 180] མར་མེ་མཛད། གུ་རུ་གཙོ་འཁོར་གསུམ། ཀྱེ་རྡོར། མཁའ་སྤྱོད་སོགས་དང་། གཙོ་སྐུའི་གཡོན་གྲལ་ནས་རིམ་བཞིན་རྗེ་བཙུན་བྱམས་པ། ཉེ་བའི་སྲས་ཆེན་བརྒྱད། སྤྱན་རས་གཟིགས། འོད་དཔག་མེད། སྒྲོལ་མའི་སྐུ་སོགས་སྐུ་ཚད་མི་ལུས་ཚད་ལྡན་ཙམ་ཡོད་པ་ཚང་མ་འདམ་ལས་གྲུབ་པ་ཡིན་ནོ། གཞན་ཡང་ཐང་སྐུ་ཁ་ཤས་བཞུགས། གསུང་གི་རྟེན་ལ། འདུ་ཁང་གི་འགྲམ་གཉིས་སུ་བཀའ་འགྱུར་དང་བསྟན་འགྱུར་བཞུགས་ཁྲི་དང་བཅས་པ་སྤུས་ལྡན་བཞུགས། རབ་གསལ་ཁང་དུ། སྨན་འདམ་ལས་གྲུབ་པའི་ས་སྐྱ་གོང་མ་རྣམ་ལྔ་དང་། ཐང་སྟོང་རྒྱལ་པོ། སྒ་ཨ་མྱེ་དམ་པ། ས་ངོ་ཚར་གསུམ་གྱི་བླ་མ་བླུགས་སྐུ་གསར་རྙིང་བཅུ་བདུན་སོགས་ཤིན་ཏུ་མང་།
འཆམ་གྱི་སྐོར་ལ། སྔར་འཆམ་སྣ་བདུན་བཅུ་ཙམ་ཡོད། དེང་སང་སླར་གསོ་མཛད་ནས་འཆམ་བཞིན་པ་ལ་མགོན་པོ་ལྷ་བརྒྱད། མགོན་པོའི་འཁོར་དུ་རུ་འདྲེན་སྡེ་བཞི་སྟེ་བསྔགས་པ་བཞི། དགེ་ལུགས་གཉིས། བུད་མེད་བཞི། དུད་བདག་གཉིས་སོགས་སོ། གཞན་ཡང་དམ་ཅན། མགར་ནག་ཀྱང་ཟེར། དམག་ཟོར་མ། དཔལ་མགོན་ཆོས་སྐྱོང་། བྱ་རྒྱལ་ཁྱུང་ཆེན། ཨ་ཙ་ར། མི་ཚེ་རིང་། གངས་སེང་སོགས་སོ།
བཅིངས་གྲོལ་མ་བྱས་གོང་དགོན་པ་འདིར་ཞིང་མུའུ་སུམ་བརྒྱ་ཙམ། མ་དངུལ་འབུམ་གཅིག་ཙམ། རྡོ་ཚད་ཆིག་སྟོང་ལྷག་ཡོད་པར་མ་ཟད། འབྱོར་ཕྱུག་དང་ལྡན་པའི་སྦྱིན་བདག་དུད་ཆེན་ཁ་ཤས་ཡོད། དེང་གཙོ་བོ་རང་ཁ་རང་གསོ་བྱེད་པ་དང་། མི་སེར་གྱི་ཁུར་པོ་ཡང་ཐབས་སུ་ཞིང་ལས་འབྲོག་ལས་བཅས་སྒྲུབ་བཞིན་ཡོད། ཕྱུགས་ཟོག་སུམ་ཅུ། ཚོང་ཁང་འབྲིང་ཙམ། སེར་མོ་བ་རེར་ཞིང་མུའུ་གསུམ་ཙམ། གཞན་གྲོང་ཆོག་གི་འབུལ་བ་བཅས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས་ཡོང་སྒོ་ཤིན་ཏུ་དམན་ནོ།
དེང་གི་ཆར་དགོན་པའི་འགོ་ཁྲིད་ཚན་ཆུང་གི་གཙོ་བོ་ཨ་ཁུ་ཉི་མ་རྒྱལ་མཚན་དང་གཞོན་པ་བཀྲ་ཤིན་རྒྱལ་མཚན། ཨུ་ཡོན་དབྱངས་བཟང་པོ། འོད་ཟེར་སོགས་ཀྱི་དབུ་ཁྲིད་འོག་བླ་གྲྭ་ཚང་མས་འདུལ་བ་གཞི་གསུམ་ཕྱག་བཞེས་ལྟར་དགེ་ཚུལ་སློང་མ་ཡིན་པ་མེད་ཅིང་དགོན་པར་རྒྱུན་བཞུགས་དགོས། གཞན་ཡང་ཞག་བདུན་རེའི་མཚམས་སུ་བག་ཡང་ཉིན་རེ་ཡོད་པས་གྲོང་དུ་འགྲོ་དགོས་ཚེ་དགོངས་ཞུ་གནང་ནས་འགྲོ་དགོས། དེ་མིན་སྐུ་གསུམ་ཐུགས་རྟེན། བྲིས་སྐུ། ཚོགས་སྒྲུབ། འཆམ་གྱི་གར་སྟབས། གཟན་ཆས། ཕྱག་ཞབས་འགྲོས་སོགས་གོང་ཞུས་ལྟར་དང་ངོར་ལུགས་བསྐང་སྲོལ་རྒྱུན་ཚུགས་བཅས་ཡོད་དོ། ད་ལྟ་སྒ་ཨ་མྱེ་དམ་པའི་སྒྲུབ་ཕུག་དང་དུར་ཁྲོད། ལྕང་ར་བཅས་བཟོ་སྐྲུན་བྱེད་བཞིན་ཡོད་པས་སྔོན་སྤྲུལ་སྐུ་དང་རྒན་རྣམ་པའི་ཞལ་བཞེས་བཞིན་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་གཞོལ་རྒྱུའི་འཕྲིན་ལས་རྒྱ་མཚོ་རྒྱས་པ་བཞིན་མཆིས་སོ། །ཞེས་ཡུས་ཧྲུའུ་སྒ་ཁོག་པ་ལབ་[page 181] ཕན་འདུམ་བློ་བཟང་བློ་གྲོས་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་༡༩95ལོའི་ཟླ་བ་ལྔ་པའི་ནང་པེ་ཅིན་ནས་བྲིས་པ་དགེ་ལེགས་འཕེལ།
《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག 》 དེབ་དང་པོ།
《དཀར་མཛེས་རྫོང་གི་ས་ཆའི་མིང་།》
ཁ་ནོན་དགོན་པའི་གྲྭ་བཙུན་ཚེ་དབང་མཐར་ཕྱིན་ནས་མཛད་པའི་《འཁོན་ས་སྐྱའི་མོས་བརྒྱུད་འཛིན་པ་ཧོར་ཁ་ནོན་དགོན་པའི་ལོ་རྒྱུས་རགས་བསྡུས་》བྲིས་མ་ཡིན།
གཞན་ཡང་མཁན་པོ་ཉི་མ་རྒྱལ་མཚན་ལ་ངག་ཐོག་ནས་དྲིས་པ་བཅས་སོ། །
ཁང་དམར་དགོན་ནམ་མདོ་སྨད་ཁང་དམར་དགེ་འཕེལ་བསམ་འགྲུབ་གླིང་ནི་ཁམས་དབུས་གཞུང་ལམ་ཆེན་པོའི་ཚོང་དང་འགྲིམ་འགྲུལ་གྱི་ས་ཚིགས་གཙོ་བོ་དཀར་མཛེས་གྲོང་གི་རྒྱབ་རི་ཁྱུང་ཆེན་ས་ལ་བབས་འདྲའི་རི་བོ་བརྗིད་ཆགས་ཉམས་དགའ་བ་ཞིག་གི་སྐེད་དུ་ཆགས་ཤིང་། འཆད་ཚུལ་དུ་སྔོན་སྐལ་བ་དུ་མའི་སྔ་རོལ་དུ་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་འཛམ་བུའི་གླིང་ལ་སྐོར་བ་བརྒྱབ་སྟེ་མཛེས་སྡུག་ཁ་བ་ཅན་གྱི་ཞིང་ཁམས་འདིར་ངལ་གསོ་ཅུང་བྱས་པ་ལས་གྲུབ་པར་གྲགས་ཤིང་། ཕྱིས་སུ་དགོན་པ་འདེབས་དུས་ས་དཔྱད་ལྟར་དགོན་གཞི་ཁྱུང་གི་བྲང་དུ་ཆགས་ལ། རི་དབུ་རྩེ་ཁྱུང་གི་མགོ་ཞེས་པའི་གནས་རི་དེར་ལྷ་ཁང་བཞེངས་ཏེ་དགོན་པའི་རྒྱབ་རི་སྲུང་མའི་ཕོ་བྲང་དུ་གྱུར། དགོན་པའི་གཡས་ཀྱི་ལུང་པའི་སུམ་མདོའི་རི་ཆུང་ཁོང་དུ་ལམ་བྲག་ཨ་ནེ་དགོན་དང་ཕར་ཁའི་རི་ངོགས་སུ་དཀར་མཛེས་དགོན་པ་ཆགས་ཡོད། དགོན་པ་འདི་འདེབས་མཁན་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཡིན་པ་དང་བཏབ་དུས་བོད་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་༡༦༦༢ལོ་ཡིན་ཞེས་འབྲེལ་ཡོད་ལོ་རྒྱུས་ཡིག་ཆའི་ནང་བཀོད་ཡོད་ཀྱང་དོན་དངོས་ཐོད་དགོན་པའི་ལོ་རྒྱུས་ནི་དེ་ལས་ཧ་ཅང་རིང་བ་སྟེ། ཐོག་མར་འདེབས་མཁན་སུ་ཡིན་པ་མི་གསལ་ཡང་གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ངག་རྒྱུན་དུ་མདོ་ཁམས་བཀའ་བརྒྱུད་པའི་ལྟེ་བ་ཡིན་ཞིང་། དགོན་པའི་གཞི་རྒྱ་ཡང་ཧ་ཅང་ཆེ་སྟེ་གླིང་བཞི་ནས་དུས་མཉམ་གཅིག་ཏུ་དུང་དང་མཁར་རྔས་བརྡ་མ་བརྒྱབ་ན་ཚོགས་བརྡ་དགོན་ཡོངས་ནས་གོ་ཐབས་མེད་པའི་སེར་མོ་བའི་གྲངས་སུམ་ཁྲི་ལྷག་ཐོན་པའི་ཆོས་སྡེ་ཆེན་པོ་ཞིག་ཡིན་པར་འཆད་པའང་ཡོད། དེ་ལྟ་ནའང་སྔོན་དུ་བཀའ་བརྒྱུད་པའི་གྲུབ་མཐར་གཏོགས་ཤིང་། བཏབ་པའི་ལོ་རྒྱུས་རིང་པོ་ཡོད་པ་ཁས་མ་བླངས་པ་མ་ཡིན་པར་ད་ལྟའང་དགོན་ཤུལ་ས་འོག་དང་སྔོན་གྱི་མཆོད་རྟེན་གྱི་རྨང་སོགས་ལས་ཐོན་པའི་བཀའ་བརྒྱུད་གྲུབ་མཐའི་ཁྱད་ཆོས་མངོན་པར་གསལ་བའི་གནའ་རྫས་དང་དགོན་བདག་སྤྲུལ་སྐུ་རིམ་བྱོན་གྱི་ཐང་ག དགོན་པའི་རྟེན་རྙིང་པ་ཁ་ཤས་བཅས་དང་། ལྷག་པར་བསྒྲུབ་རྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ཞེས་བྱ་བ་ལས། ཞྭ་དམར་ཅོད་པཎ་འཛིན་པ་བཞི་པ་སྤྱི་ལོ་༡༤༥༢བོད་རབ་ལོ་བརྒྱད་པ་ཆུ་སྤྲེལ་ལོར་དཔལ་མཁའ་སྤྱོད་དབང་པོས་ཤར་ནས་ཤར་གྱི་ཕྱོགས་སུ་སྐྱེ་བ་འཛིན་པས་འགྲོ་བའི་དོན་བྱེད་པར་ལུང་བསྟན་པ་ལྟར་སྔ་མའི་[page 199] འཁྲུངས་ས་ལས་ཤར་ཕྱོགས་མདོ་སྨད་ཏྲེ་ཤོད་ཁང་དམར་དུ་ཡབ་སྡོང་དགོན་པ་སྐྱབས་དང་ཡུམ་དཔྲ་བཟའ་བསོད་ནམས་སྒྲོལ་མའི་ལྷུམས་སུ་ཞུགས། ཞེས་དང་། ཁང་དམར་དགོན་པར་གདན་དྲངས་ཚེ་འཇའ་འོད་ཀྱི་དྲྭ་བ་བྲེས་པ་དང་ཚོགས་དབུས་སུ་ཉམས་ང་བ་མེད་པར་སྐྱིལ་ཀྲུང་དུ་བཞུགས་པ་དང་ཀརྨ་བའི་གསུང་འབུམ་དང་ཨ་ཁྲིད་ཀྱི་ཚིག་མཚམས་ཕྱེ་བསྟན། ཞེས་སོགས་ཀྱིས་དགོན་དེ་སྔོན་བཀའ་བརྒྱུད་པའི་གྲུབ་མཐའ་ཡིན་པར་བདེན་དཔང་བྱས་པས་ང་ཚོས་དེ་ཚང་མ་དང་དཀར་མཛེས་ས་ཁུལ་དུ་བཀའ་བརྒྱུད་པ་དར་བའི་ལོ་རྒྱུས་གཉིས་བསྡུར་ནས་དེ་འདྲའི་ལྟ་བ་ཞིག་བྱུང་སྟེ། བོད་ཀྱི་གྲུབ་མཐའ་ཆེན་པོ་དྲུག་གི་ཡ་གྱལ་ཐུབ་བསྟན་ལྔ་བརྒྱ་ཐ་མ་ལ་གངས་ཅན་གྱི་ཁྲོད་དུ་ཐེག་ཆེན་གསང་སྔགས་ཀྱི་སྒྲུབ་པ་འཛིན་སྐྱོང་སྤེལ་བའི་བཀའ་བརྒྱུད་པ་ནི་བོད་ཀྱི་རབ་བྱུང་གཉིས་པའི་འགོ་ཙམ་ནས་སྔོན་ལ་ཏྲེ་ཤོད་དང་ཀྲེ་ཤོད། ཏྲེ་ཧོར་བཅས་སུ་འབོད་པའི་དཀར་མཛེས་ས་ཁུལ་དུ་དར་ཞིང་། བཀའ་བརྒྱུད་གྲུབ་མཐའི་སྲོལ་འབྱེད་ཀྱི་གྲས་སུ་གཏོགས་པའི་ཀརྨ་དུས་གསུམ་མཁྱེན་པའི་འཁྲུངས་ཡུལ་དཀར་མཛེས་ར་སྟག་ཡིན་པ་དང་། ཁོང་སྐུ་ཕྲེང་དང་པོ་ནས་གསུམ་པའི་བར་དཀར་མཛེས་སུ་དགོན་སྡེ་མང་པོ་ཕྱག་བཏབ་གནང་སྟེ་བསྟན་པ་རྒྱ་ཆེར་སྤེལ་བས་ཡུལ་ཁམས་དེའི་ཆོས་ཀྱི་བདག་པོར་གྱུར་བའི་ཐོག་ནས་དགོན་པའི་གྲུབ་མཐའ་མཚུར་ཕུའམ་ཀརྨ་བཀའ་བརྒྱུད་ཡིན་ལ་ཕྱག་འདེབས་མཁན་ནི་དགོན་བདག་སྤྲུལ་སྐུའི་ཕྲེང་རིམ་ཐང་གའི་ནང་། མཚན་བཀོད་ཡོད་པའི་ཀརྨ་པ་ཡིན་པ་དང་བཏབ་པའི་དུས་ནི་ཕལ་ཆེར་བོད་རབ་བྱུང་གསུམ་པའི་ནང་ཡིན་པར་འདོད།
དགོན་པ་འདིའི་མིང་ཐོགས་ཚུལ་ལ་ངག་རྒྱུན་འདྲ་མིན་ཡོད་དེ་སྔོན་བཀའ་བརྒྱུད་པའི་དུས་སུ་རྗེ་ཙོང་ཁ་པ་མདོ་སྨད་ནས་དབུས་སུ་ཕེབས་ཁར་དགོན་པ་འདིར་ཁོག་ལྡོར་ཞིག་ལུས་པའི་ཐོག་ནས་ཁོག་དགོན་པར་འབོད་ཀྱང་ཕྱིས་སུ་བཀའ་བརྒྱུད་པའི་འདུ་ཁང་གི་ཁ་དོག་དམར་པོ་ཡིན་པར་བལྟས་ནས་ཁོག་དེ་ཁང་པར་གོ་བ་བླངས་ནས་ཁང་དམར་དགོན་ཞེས་འབོད། གྲུབ་མཐའ་དགེ་ལུགས་པར་བསྒྱུར་དུས་ཁང་དམར་དགེ་ལྡན་བསམ་འགྲུབ་གླིང་ཞེས་མཚན་གསོལ་ཟེར་བ་སོགས་མང་ངོ་།།
དགོན་པའི་རྒྱབ་རིའི་ཁང་དམར་དབུ་རྩེ་ལྷ་ཁང་དེ་དགོན་པ་རང་ལས་ལོ་རྒྱུས་ཅུང་རིང་པར་འཆད་དེ། ངག་རྒྱུན་ཅིག་ཏུ་ས་སྐྱ་འགྲོ་མགོན་འཕགས་པ་ཏྲེ་ཧོར་ཡུལ་དུ་ཕེབས་དུས་མདོ་ཁམས་སྨད་དུ་སྡེ་མགོན་པོ་དང་ཀ་བྲག་ཇོ་བོ། བརྒྱ་རྩ་མཆོད་རྟེན། མི་ཉག་ལྷ་ཁང་། ཁང་དམར་དབུ་རྩེ་ལྷ་ཁང་བཅས་དུས་མཉམ་གཅིག་དུ་བཞེངས་ཟེར་བ་དང་། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཧོར་དཔོན་པོའི་གདུང་བརྒྱུད་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང་དུ་སྤྲུལ་པའི་ཨཱ་ཙཱ་ར་གཉིས་ཀྱི་བྱིན་གྱིས་བརླབས་ཟེར་བ་དང་། གྲྭ་གྲ་བདག་ཉིད་ཆེན་པོས་ཕྱག་བཏབ་ཟེར་བ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སློབ་མ་བྱང་སེམས་ཐར་བ་རྒྱལ་མཚན་གྱིས་བཞེངས་ཟེར་བ་མང་པོ་[page 200] ཡོད་པ་ལས་ཨཱ་ཙ་རས་བཏབ་པ་ནི་ཚད་མར་འཛིན་འོས་ཞེས་གསུངས་པ་ལ་གཞིགས་ན། ཕལ་ཆེར་ལྷ་ཁང་དང་པོར་བཞེངས་མཁན་ནི་འགྲོ་མགོན་འཕགས་པའི་དུས་ཀྱི་ས་སྐྱ་པ་ཡིན་ནའང་ཉམས་གསོ་བདག་གཉེར་བྱེད་མཁན་ནི་བཀའ་བརྒྱུད་པ་ཡིན་པ་དགོན་པའི་རྟེན་གྱི་གཙོ་བོ་ཐུབ་པ་ནོར་འཛིན་མའི་རྟེན་བཤད་དུ་གསལ་བ་དང་བྱང་སེམས་ཐར་པ་རྒྱལ་མཚན་ནི་ལྷ་ཁང་ནང་གི་འབུར་སྐུ་དང་ལྡེབས་བྲིས། དཀྱིལ་འཁོར་སོགས་གསར་བཞེངས་མཛད་མཁན་ཡིན་ལ་ཕྱིས་སུ་འཁྲུག་པས་གཏོར་རྐྱེན་ཐེབས་པ་སླར་གསོ་བྱས་པ་དེ་ཤིང་སྤྲུལ་ལོར་རྩ་ནས་མེད་པར་བཏང་བའོ།
ཁང་དམར་དགོན་པ་བཀའ་བརྒྱུད་པ་ཡིན་དུས་ཀྱི་ལོ་རྒྱུས་གོང་གསལ་གྱི་བཀའ་བརྒྱུད་རྣམ་ཐར་དུ་འཁོད་པ་ལས་གདན་རབས་དཀར་ཆག་སོགས་ཡོད་པ་མཐོས་པས་ཞིབ་མོར་འབྲི་ཐབས་བྲལ་ཀྱང་བོད་རབ་བྱུང་བཅུ་གཅིག་པ་སྟེ་དུས་རབས་བཅུ་བདུན་པའི་ནང་དུ་སོག་པོ་དང་མདོ་སྨད་དཔའ་རིས་དམག་གིས་བེ་རི་རྒྱལ་པོའི་གཙོ་བའི་དགའ་ལྡན་རིང་ལུགས་པ་དགྲ་སར་འཛིན་མཁན་གྱི་སྟོབས་ཤུགས་ཆམ་ལ་ཕབ་སྟེ་བོན་དང་བཀའ་བརྒྱུད་པའི་གྲུབ་མཐར་དྲག་གནོན་བྱས་ནས་དགོན་སྡེ་མང་པོ་དགེ་ལུགས་པར་བསྒྱུར་དུས་ཁང་དམར་དགོན་པ་ཡང་དེ་ལས་ཐར་མ་ཐུབ་པར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དགེ་ལུགས་པར་བསྒྱུར་ཏེ་ཧོར་དགོན་སྡེ་བཅུ་གསུམ་ནང་བཅུག་ཀྱང་ཧོར་དགོན་སྡེ་བཅུ་གསུམ་པོ་སྤྱི་ལོ་༡༦༦༢ལོར་མཉམ་གཅིག་ཏུ་བཏབ་པ་དོན་དངོས་དང་མཐུན་དཀའ་བར་བརྟེན་ཁང་དམར་དགོན་པ་དགེ་ལུགས་པར་བསྒྱུར་དུས་རབ་བྱུང་བཅུ་གཅིག་ཙམ་ལས་ལོ་འདི་ཞེས་ཚིག་ཐག་གཅོད་དཀའ་བར་བསམ། ཧོར་ཆོས་རྗེས་ནས་དགོན་པར་དགེ་ལུགས་པའི་འདུལ་ཁྲིམས་དང་སྒྲིག་གཞི། སེར་མོ་བའི་ཡོང་ཁུངས། ལྷ་སྡེ་མང་ཉུང་བཅད་གཏན་ལ་ཕབ་རྗེས་སྐུ་ཚེ་རིང་བོར་མ་བརྟན་པར་མྱ་ངན་ལས་འདས་མོད་ཁོང་གི་ཡང་སྲིད་རྫ་ཆོས་རྗེ་ནས་དགོན་པ་འདི་ཉིད་འཚོ་སྐྱོང་དང་། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་བ་ལ་དགེ་བའི་བཤེས་གཉེན་བློ་བཟང་ཕུན་ཚོགས་དང་རྫི་འདའ་བླ་མ་བློ་བཟང་ཤེས་རབ་སོགས་ཆོས་འཆད་ཉན་མཛད་པའི་སྐྱེས་བུ་ཆེན་པོའང་འགའ་བྱོན་ནས་དགོན་པ་དར་རྒྱས་སུ་བཏང་། སྐབས་དེའི་ལོ་རྒྱུས་གསལ་བོར་ཤེས་དཀའ་ཡང་གེགས་དང་བར་ཆད་མི་ཉུང་བ་ཞིག་བྱུང་མྱོང་བར་འཆད་དེ་གཙོ་བོ་ནི་ཧོར་ཁག་གཉིས་འཁྲུག་པའི་ནང་དགོན་པ་གཏོར་སྐྱོན་ཆེན་པོ་ཕོག་ཏེ་གཙུག་ལག་ཁང་དང་རྟེན་མང་པོ་བརླག དམག་འཁྲུག་གི་མེ་ལྕེ་ཞི་བ་དང་བསྟུན་སླར་གསོ་བྱས་ཏེ་སྔོན་གྱི་ཚད་དུ་སླེབས་པར་མ་ཟད། ཨ་ཕྱིས་ཆོས་སྒྲོན་གྱི་སྐུ་གསར་དུ་བཞེངས་པ་སོགས་རྟེན་བཞེངས་རྒྱ་ཆེ་བ་བྱས་ཀྱང་གསེར་བྲིས་ཀྱི་བཀའ་འགྱུར་ཚར་གཅིག་སོགས་རིན་པོ་ཆེའི་རྟེན་རྙིང་པ་མང་པོ་གཞན་གྱིས་འཕྲོག་པའམ་མེད་པར་བརླག་པས་དགོན་པའི་གྱོང་གོད་ནི་འཆད་མ་དགོས་པའོ།།
[page 201] བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་རྗེས་སུ་དགོན་པ་གཏོར་སྐྱོན་བྱུང་ཞིང་། འདུ་ཁང་ཆེ་བ་ལྷག་ཡོད།
ཁང་དམར་དགོན་འདི་དགེ་ལུགས་པར་བསྒྱུར་བའི་རྗེས་སུ་གཙོ་བོ་ཧོར་ཆོས་རྗེ་ཡབ་སྲས་ནས་བདག་གཉེར་བྱས་པ་ཡིན་ཀྱང་བཀའ་བརྒྱུད་པའི་དུས་ནས་དགོན་རང་ལ་བླ་མའམ་དགོན་བདག་སྤྲུལ་སྐུ་ཡོད་ཅིང་དེའི་སྒྲིག་གཞི་མ་ཐོར་བར་བསམ་སྟེ་དགོན་བདག་སྤྲུལ་སྐུ་གཉིས་ཀྱི་སྐུ་ཕྲེང་རིམ་བྱོན་ནི་ཧོར་དགོན་སྡེ་གཞན་ལས་རིང་ཞིང་སྐུ་གོང་མ་ནི་བཀའ་བརྒྱུད་པ་ཡིན་པ་རང་རང་གི་གསོལ་འདེབས་དང་ཕྲེང་རིམ་ཐང་གའི་ནང་གསལ་བའོ།། དེ་ལྟ་ན་དགོན་པ་འདིར་བླ་བྲང་སྟེང་འོག་ཅེས་སྤྲུལ་སྐུ་གཉིས་སྟེ་ཁང་དམར་དང་གཞི་གླིང་ངོ་།།
གཞི་གླིང་བླ་མ་སྐུ་ཕྲེང་དང་པོ་ནི་བཀའ་གདམས་ཤིང་རྟའི་སྲོལ་འབྱེད་དགེ་བཤེས་ཤཱ་ར་པ། གཉིས་པ་རྡོ་རྗེ་རྒྱལ་མཚན། གསུམ་པ་བརྩོན་འགྲུས། བཞི་པ་བློ་བཟང་མགོན་པོ། ལྔ་པ་བློ་བཟང་བསྟན་པའི་ཉི་མ། དྲུག་པ་ཚུལ་ཁྲིམས་ཉི་མ། བདུན་པ་ཨོ་རྒྱན་ཡེ་ཤེས། བརྒྱད་པ་བློ་བཟང་དར་རྒྱས། དགུ་པ་བློ་བཟང་དཔལ་ལྡན། བཅུ་པ་བློ་བཟང་འོད་ཟེར། བཅུ་གཅིག་པ་བློ་བཟང་གངས་ཤར་ཉི་མའམ་ཐུབ་བསྟན་སྐལ་བཟང་དགེ་འདུན། བཅུ་གཉིས་པ་ད་ལྟའི་དགོན་བདག་སྤྲུལ་སྐུ་སྟེ་བློ་བཟང་བསྟན་པའི་རྒྱལ་མཚན་﹙སྐྱ་མིང་ལ་བཀྲ་ཤིས་མགོན་པོ་ཟེར་﹚བཅས་སྐུ་ཕྲེང་བཅུ་གཉིས་བྱོན་ཅིང་ཁང་དམར་སྤྲུལ་སྐུ་ལ་སྐུ་ཕྲེང་བཅུག་དྲུག་ཙམ་ཡོད་པར་འཆད་ཀྱང་ཁུངས་དག་ཡིག་ཆ་མ་རྙེད། དགོན་པའི་སྤྱིར་བཏང་གི་བྱ་བའི་དོ་དམ་འགན་ཁུར་ནི་མཁན་པོའམ་ཁྲི་པ་གཅིག་དང་དགེ་བསྐོས་གཉིས། དབུ་མཛད་གཅིག ཕྱག་མཛོད། གཉེར་པ་བཅས་སྟེ་སྔར་སྲོལ་ལྟར་ན་ཆེས་མཐོའི་དབང་ཆ་འཛིན་པའི་གོ་རིམ་ནི་སྤྲུལ་སྐུ་གཉིས། དེ་ནས་ཕྱག་མཛོད། དེ་ནས་མཁན་པོ། དེ་ནས་དགེ་བསྐོས་བཅས་ཡིན་ལ་མཁན་པོ་ནི་ལོ་བདུན་ནང་ཐེངས་གཅིག་བརྗེས་པ་སྟེ་མཁན་རབས་ཀྱི་ཡིག་ཆ་མེད་པས་འདིར་ཤེས་པ་ཙམ་བསྒྲིགས་ན། བློ་བཟང་རྡོ་རྗེ། བློ་བཟང་ཆོས་འབྱུང་། ཚེ་དབང་དཔལ་འབྱོར། ཡ་མ་དར་རྒྱས། ད་ལྟའི་མཁན་པོ་བློ་བཟང་རྡོ་རྗེའོ། །དགེ་བསྐོས་ལོ་གསུམ་ནང་ཐེངས་གཅིག་བརྗེས་པ་དགོན་སྡེ་གཞན་དང་མཚུངས། སྔོན་ཆད་སྤྲུལ་སྐུ་དང་ཕྱག་མཛོད། མཁན་པོ། དགེ་བསྐོས་སོགས་འདུས་པའི་ཚོགས་འདུ་འཚོགས་སྲོལ་ཡོད་ལ། ད་ལྟ་ཕྱག་མཚོད་མེད་པས་གོང་གི་ཁ་བསྣོན་དུ་བདག་གཉེར་འགོ་ཁྲིད་ཚོ་ཆུང་གི་མི་སྣ་ལྔ་པོ་ཞུགས་ཏེ་དགོན་པའི་ལས་དོན་ཡོངས་ཐག་གིས་གཅོད་པའོ།
[page 202] དགོན་པ་གཞུང་གི་སྒྲུབ་མཆོད་དེ་བཅའ་ཡིག་ནང་བཞིན་བཀོད་ན། ཧོར་ཟླ་བཞི་པའི་ཚེས་
བཅོ་ལྔ་མང་ཇ་ཉིན་གཅིག། དེའི་ཉེར་བདུན་ནས་ཉེར་དགུ་ལ་མང་ཇ། ཧོར་ཟླ་གཉིས་པའི་ཚེས་
གཅིག་ནས་བཞིའི་བར་གསང་འདུས། ཧོང་ཟླ་གཉིས་པའི་ཚེས་གཅིག་ནས་བཞིའི་བར་གསང་འདུས། ཧོར་ཟླ་བཞི་པའི་ཚེས་གཉིས་ནས་འཇིགས་བྱེད་བདག་འཇུག། དེའི་བཅུ་དྲུག་ནས་ཀུན་རིགས་བདག་འཇུག། དབྱར་གནས་སྐབས་གསང་འདུས་ཉིན་གསུམ། བླ་ཁག་གཉིས་ཀྱི་དགོངས་རྫོགས། རྒྱལ་བ་ཡབ་སྲས་དགོངས་རྗོགས། མཆོད་སྒྲུབ་སྐབས་སུ་བླ་མ་ལས་སྣེ། ཁྲི་གདན་ཟུར་གཙོ་བོ་བྱས་གདོང་གྲལ་པ་གྲྭ་མང་རྣམས་ནས་བྱ་སྤུ་མནན་བཞིན་སྒྲུབ་མཆོད་ལ་དོན་གཉེར་གཙོ་བོ་བྱེད་པ་ལས་གྲོང་ཆོག་ཁང་འགྲིགས་སོགས་ལ་དོན་གཉེར་བྱེད་མི་ཆོག། གསོ་སྦྱོང་གྲོལ་ན་མ་གཏོགས་ཁང་འགྲིགས་སོགས་བརྒྱབ་མི་ཆོག། བླ་ཁག་གཉིས་ཀྱང་དགོངས་ཞུ་མེད་པར་འགྲོ་མི་ཆོག། ཚོགས་ལ་འདུ་བའི་སྐབས་སུ་དུང་སོགས་ཀྱི་ཚོགས་བརྡ་བྱུང་པ་དང་བསྟུན་འདུ་འོས་པ་ཐམས་ཅད་དབང་བོའི་སྒོ་བསྡོམས་པའི་སྤྱོད་ལམ་ཞི་དལ་གྱི་སྒོ་ནས་བྱོན། ཚོགས་མགོར་བླ་མ་དང་དེ་ནས་མདོ་སྔགས་ཀྱི་བཀའ་རམ་མཁས་གྲལ་དང་དགེ་ཚུལ་སློང་གོ་རིམ་སོགས་བསླབ་གྲལ་བཞིན་དུ་འཁོད་ཅིང་། གྲལ་དུ་བཞུགས་ཚུལ་མི་མཛེས་པ་དང་། དོན་མེད་ལུང་གཏམ་རྩེད་མོ། གཉིད། དགོད་པ། སྣ་ཐ། ཐ་མ་ཁ་འཐེན་པ་སོགས་སྤྱོད་ལམ་བག་མེད་ཀྱི་རིགས་བྱེད་མི་ཆོག
དགོན་པའི་སྤྱི་རྫས་ལ་ཚོགས་ཆེན་འདུ་ཁང་གཅིག། བླ་བྲང་གཉིས། བྱམས་ཁང་། མགོན་ཁང་། ཇ་ཁང་གཅིག། གཉེར་ཁང་གཅིག་བཅས་ལས་གྲྭ་པ་བཞི་བརྒྱ་བཞུགས་སའི་གྲྭ་ཤག་ཉིས་བརྒྱ་ལྷག་ཡོད་ཅིང་ཞིང་ས་མུའུ་སྟོང་ལྷག་དང་ཕྱུགས་ཟོག་ཉུང་ཤས། ཐེབས་རྩེའི་དངུལ་རྡོ་ཚད་〔 རྡོ་ཚད་གཅིག་ཞོ་གསུམ་ཅན་གྱི་དངུལ་སྒོར་༡༦༠ཡིན་〕 ཉིས་བརྒྱ་ལྷག་ཡོད། དགོན་པའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིང་ཕྱུགས་དང་ཐེབས་རྩའི་དངུལ་འབྲུ་རིགས་ འབུལ་པ་སོགས་ཡིན་ཞིང་དེ་ཚང་མ་གཉེར་པ་ནས་བདག་གཉེར་བྱེད་དགོས་སྤྱི་རྫས་བདག་སྤྲོད་སྐྱེད་ཐོག་ནས་གཏོང་སྒོ་བྱེད་མི་གཉེར་པ་དྲུག་བསྐོ་བཞག་བྱེད་དེ་ལོ་དང་པོར་རྩིས་སྤྲོད་ལོ་གཉིས་པ་ནས་གཏོང་སྒོ་གཏོང་སྟེ་ལོ་གསུམ་ལ་མཇུག་ཕུད་ཐུབ་པ་དགོས་གལ་ཏེ་མཇུག་ཕུད་མ་ཐུབ་ན་ལོ་གཅིག་ལས་སྡོད་མི་ཆོག་མ་རྩའི་རྩིས་སྤྲོད་སྐྱེད་ཀྱི་གཏོང་སྒོ་མ་ཐུབ་ཚེ་སོ་སོའི་རང་རྒྱུ་ངོ་མའི་ཐོག་འཇལ་དགོས་ དོན་འདི་རིགས་བྱུང་དུས་བླ་ཁག་གཉིས་ནས་གཟིགས་རྟོགས་ཞིབ་འཇུག་གིས་རྩད་གཅོད་དྲག་པོ་བྱེད་དགོས་དེ་ལས་གཞན་བཅའ་ཡིག་ནང་ད་དུང་གསལ་བ་ནི་རྒྱུན་ཇ་ཉིན་རེ་བཞིན་ཚོགས་ཐེངས་གསུམ་རེར་ལྷག་བསམ་རྣམ་དག་གི་སྒོ་ནས་གཏོང་དགོས་ཟུར་བ་བྱུང་ཚེ་རྒྱུན་ཇ་ཕྱིར་འཐེན་བྱས་ཆོག་དགེ་བསྐོས་གསར་[page 203] ཪྙིང་སྐབས་སུ་བཞེས་ཐུགས་སོགས་སྔར་སྲོལ་ལྟར་གཏོང་རྗེས། རྒྱུ་རྗས་ཡོད་ཚད་མང་ཇ་ཚོགས་ཐེངས་ལྔ་རེ་ཡོད་པ་ཉིན་འཁྱོངས་གཅིག་འཇོག་དགོས་ད་དུང་ལྷག་མ་ཡོད་ཚེ་དགོན་པ་གཞུང་ལ་འབུལ་དགོས་ཞེས་པ་ནི་སྔོན་གྱི་གནས་ཚུལ་ཡིན།
བཞི་པ། སྐུ་གསུང་ཐུགས་རྟེན།
དགོན་པ་འདི་ཐོགས་མར་བཏབ་པ་ནས་ད་ལྟའི་བར་གྱི་ལོ་ཟླ་རིང་བའི་ཁྲོད་བཀའ་བརྒྱུད་པ་དང་དགེ་ལུགས་པའི་གྲུབ་མཐའི་སྐྱེས་ཆེན་དམ་པ་དང་དད་ལྡན་སྐྱེ་བོ་རྣམས་ཀྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཀྱི་དཀར་ཆག་བཀོད་པ་ཞིག་མི་འདུག་པ་དང་ལོ་རྒྱུས་འཕེལ་འགྱུར་གྱི་གེགས་རྐྱེན་མང་པོར་འཕྲད་པས་ཆོས་སྡེ་གཞན་དང་འདྲ་བར་ཆད་བརླག་ཆེན་པོ་ཐེབས་ནས་ད་ལྟ་དངོས་གྲངས་ལེན་ཏབས་བྲལ་ཀྱང་སྤྱི་ལོ་༡༩༦༢ལོར་འཕགས་ཡུལ་དུ་སྐྱོད་པའི་ཁང་དམར་གྲྭ་པ་ཁ་ཤས་ཀྱིས་རང་དགོན་པའི་སྐུ་གསུང་ཐུགས་རྟེན་སྐོར་དཀར་ཆག་རགས་ཙམ་ཞིག་བཀོད་ཡོད་པ་འདིར་དྲངས་པར་བྱ་སྟེ་ཚོགས་ཆེན་འདུ་ཁང་དུ་བཞུགས་པའི་རྟེན་གཙོ་བོ་ཐུབ་པ་ནོར་འཛིན་མ་གསུང་བྱོན་མ་གྲགས་པ་རྒྱུ་གསེར་ཟངས་ལས་གྲུབ་པ་ཁྲུ་གསུམ་ཙམ་ཞིག་སྟེ་རྟེན་བཤད་དུ་ཇོ་བོ་འདི་ལྷ་སའི་ཇོ་བོ་དང་རྒྱུ་གཅིག་ལས་གྲུབ་པ་ཡིན་པར་སྔོན་སྟོན་པ་དངོས་སུ་བཞུགས་པའི་དུས་སུ་ལྷའི་བཟོ་བོ་བི་ཤོ་ཀརྨས་ཇོ་བོ་བཞེངས་དུས་རྒྱུ་ཅུང་ཙམ་ལྷག་པ་དེའི་ཇོ་བོ་ཆུང་བ་བདུན་བསྐྲུན་པ་དེའི་ནང་གི་གཅིག་བོད་ཡུལ་དབུས་གཙང་དུ་གདན་དྲངས་པ་བཀའ་བརྒྱུད་པའི་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་འབྲི་གུང་དུ་ཐུགས་དམ་ལ་བཞུགས་ཏེ་རྗེས་སུ་ཕ་ཡུལ་དུ་བྱོན་སྐབས་ཐུབ་དབང་འདི་ཉིད་མདོ་སྨད་ཁང་དམར་དུ་སྤྱན་དྲངས་ནས་ཐོག་མར་དགོན་པའི་རི་ཁྲོད་དུ་བཞུགས་ཕྱིས་སུ་རི་ཁྲོད་ཉམས་པས་དགོན་ནང་དུ་སྤྱན་དྲངས་ཏེ་བཞུགས་ལ་ད་ལྟའང་འབྲི་གུང་མཐིལ་ལ་ཐུབ་པ་ནོར་འཛིན་མ་སྤྱན་དྲངས་པའི་ཤུལ་ཡོད་ཟེར་རོ། དེ་ལས་ཇོ་བོའི་སྲུང་མ་ཨ་ཕྱི་ཆོས་སྒྲོན་འདི་ཡང་གོང་མཚུངས་ཀྱི་རྟེན་བཤད་དུ་ཇོ་བོའི་རྗེས་འབྲངས་ཏེ་དགོན་འདིར་ཕེབས་པས་དགོན་པའི་ཆོས་སྲུང་གི་གཙོ་གྲས་ཤིག་ཏུ་གྱུར་ཆ་བྱེད་ཀརྨ་པ་དང་མཚུངས་པའི་གསེར་སྐུ་ཆུང་བ་ཞིག་བཞུགས་ཀྱང་རྟེན་བཤད་མི་འདུག་རྗེ་དགེ་འདུན་རྒྱ་མཚོའི་ཤངས་མཚལ་ལས་གྲུབ་ཅེས་གསལ་བོར་ཡོད་པའི་འཇིགས་བྱེད་ཀྱི་ཐང་ག་གཅིག་གསེར་གྱི་མཆོད་རྟེན་ཆ་བརྒྱད་ སྨད་འདམ་ལས་གྲུབ་པའི་བྱམས་མགོན་དང་སྟོན་པའི་སྐུ་ཐོག་ཚད་གཉིས་རྒྱུ་མཚུངས་ཚེ་དཔག་མེད་ཐོག་ཚད་གཉིས་ལྡེབས་བྲིས་སུ་རྗེ་ཡབ་སྲས་གསུམ་དང་རྠེ་སྟོང་སྐུ། ཞལ་ཐང་སྐོར་སྟོན་པའི་འཁྲུངས་རབས་ཞལ་ཐང་ཉི་ཤུ། གནས་བརྟན་བཅུ་དྲུག་གི་ཞལ་ཐང་བཅུ་དྲུག སྒྲོལ་མའི་ཞལ་[page 204] ཐང་དང་སངས་རྒྱས་སྟོང་སྐུ་སོགས་ཞལ་ཐང་ལྔ་བཅུ།
མགོན་ཁང་ནང་འཇིགས་བྱེད། མགོན་པོ་ཕྱག་དྲུག་དམར་སེར་མ། མགོན་དཀར། རྣམ་སྲས་བཅས་སྨན་སྐུ་ཐོག་ཚད་མ་སྔོན་གྱི་རྟེན་གསུངས་མ་ཉམས་པ་ཡིན། ནུབ་ཀྱི་མགོན་ཁང་ནང་སྨན་འདམ་ལས་གྲུབ་པའི་རྣམ་སྲས་བཅས་སྨན་འདམ་ལལས་གྲུབ་པའི་རྣམ་སྲས་ཐོག་ཚད་ཤུགས་ལྡན་སྐུ་མདའ་ཚད། གདུགས་དཀར་གྱི་དཀྱིལ་འཁོར། ཤར་གྱི་ལྷ་ཁང་ནང་སྨན་འདམ་ལས་གྲུབ་པའི་སྒྲོལ་མ་གསུང་བྱོན་མ་མདའ་ཚད། སྟོན་པའི་སྐུ སློབ་དཔོན། རྟ་མགྲིན་ཡང་གསང་ལྷ་དགུ མགོན་དཀར་བཅས་ཐོག་ཚད། གསུང་རྟེན་བཀའ་འགྱུར་ཆ་ཚང་ཤར་ཕྱོགས་ལ་དགྲ་གཙོ་འཁོར་གསུམ་སྨན་རྒྱུ་མདའ་ཚད་མ། ཁང་དམར་བླ་བྲང་གོང་མ་གཟིམས་ཆུང་བཞི་དང་ལྷ་ཁང་། མགོན་ཁང་བཅས་སུ་བྱམས་པ་ཡབ་སྲས་ཀྱི་སྐུ་ཐོག་ཚད་གཉིས། བླ་མ་ངག་དབང་དགེ་འདུན་བཟང་པོའི་སྐུ་གདུང་ཐོག་ཚད་མ་སྨན་འདམ་ལས་གྲུབ་པའི་རྗེ་ཆོས་འཛིན་མ་ཐོག་ཚད། སྐུ་ཕྲེང་གསུམ་པའི་སྐུ་གདུང་གཅིག་མགོན་ཁང་ནང་སྨན་འདམ་ལས་གྲུབ་པའི་འཇིགས་བྱེད་མགོན་པོ། ལྷ་མོ། རྣམ་སྲས་བཅས་མདའ་ཚད། དིང་ཥར་འཕྲིན་ལས་རྒྱལ་པོའི་ཞལ་ཐང་བྲིས་སྐུ་སྣ་ཚོགས་སུམ་ཅུ། སྨན་འདམ་ལས་གྲུབ་པའི་ཤུགས་ལྡན། ཧོར་དགྲ་ལྷ་གཉིས་ཀྱི་སྐུ། བཀའ་འགྱུར་ཆ་ཚང་། ཡིག་ཚང་སྣ་ཚོགས་པོད་ལྔ་བཅུ་བཅས་དང་ཁང་དམར་བླ་བྲང་འོག་མ་གཟིམས་ཆུང་བཞི་དང་བྱམས་ཁང་། མགོན་ཁང་བཅས་སུ་སྨན་འདེབས་ལས་གྲུབ་པའི་རྒྱལ་བ་སེང་གེའི་ང་རོའི་སྐུ་ཐོག་ཚད་གཉིས་པ། རྒྱུ་མཚུངས་རྗེ་ཡབ་སྲས་གསུམ་གྱི་སྐུ་མདའ་ཚད་མ། མ་གཅིག་ཕྲེང་མ་ནག་མོའི་སྐུ་ལྔ། རྟ་མགྲིན་ཡང་གསང་ལྷ་དགུ་བཅས་མདའ་ཚད་མ། གསེར་ཟངས་སྐུ་བཪྙན་མཐོ་གང་རེ་ཡོད་པ་ཉེར་ལྔ། སྨན་འདམ་ལས་གྲུབ་པའི་ཤུགས་ལྡན་མདའ་ཚད་མ། རྒྱུ་མཚུངས་ཨ་ཕྱི་མ་མདའ་ཚད། བཀའ་འགྱུར་ཆ་ཚང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་གཅིག། ཡིག་ཆ་སྣ་ཚོགས་པོད་ང་ལྔ། དགོན་པའི་རྒྱབ་རི་རྩེ་མོ་རུ་དབུ་ཙེ་ལྷ་ཁང་དུ་གསང་བདེ་འཇིགས་གསུམ། ཆོས་རྒྱལ་ཐོག་ཚད། ཨ་ཕྱི་ཆོས་སྒྲོལ་མདའ་ཚད་མ། ལྡེབས་བྲིས་སུ་གསང་བདེ་འཇིགས་གསུམ་དཀྱིལ་འཁོར། བསྐོར་ལམ་ནང་མ་ཎིའི་ལག་འཁོར་བཅས་སོ། དགོན་པའི་སྲུང་མ་ཨ་ཕྱི་ཆོས་སྒྲོན་དང་དཔལ་ལྡན་ལྷ་མོ། མགོན་པོ། ཆོས་རྒྱལ། མགོན་དཀར། རྣམ་སྲས། ཇོ་སྲས་བཅས་ཡིན། ཁང་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་མཆོག་ནས་༡༩༨༩ལོ་ནས་ཉམས་གསོ་མཛད་ཞིང་། ཁོང་༡༩༩༠ལོ་སྐུ་གཤེགས། དེ་རྗེས་གཞི་གླིང་མཆོག་སྤྲུལ་བློ་བཟང་བསྟན་པའི་རྒྱན་མཚན་གྱིས་འགན་བཞེས་ནས་སྐྱེས་མ་སྐར་མཚོ་སོགས་ཀྱིས་རྒྱུ་སྦྱོར་བྱས་ཏེ་ཉམས་གསོ་གནང་ནས་༡༩༩༥ལོ་ཟླ་༨ཚེས་༣ཉིན་རབ་གནས་ཀྱི་མཛད་སྒོ་བཅས་ལེགས་གྲུབ་བྱུང་ཡོད།
[page 205] ཆོས་དད་རང་མོས་སླར་བྱུང་བའིདུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ནང་ཁང་དམར་དགོན་པར་ཡང་བསྐྱར་དར་རྒྱས་བྱུང་སྟེ། ༡༩༨༥ལོའི་ཟླ་༡༡པའི་ནང་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་ཅིང་དེའི་ལོ་སྔ་མ་༨༤ལོ་ནས་བཟུང་དགོན་པ་ཉམས་གསོའི་མགོ་བཙམས་ཏེ་ཐོག་མར་འདུ་ཁང་ནང་གི་ཤར་ངོས་ཆོས་སྐྱོང་ཁང་ཡི་དམ་དང་ཆོས་སྐྱོང་སྐུ་ཉམས་གསོ་ཞུས། དེ་ནས་རིམ་བཞིན་འདུ་ཁང་གི་ཐོག་ཁང་སོགས་གསར་སྐྲུན་བྱས། སྤྱི་ལོ་༩༠ལོར་ནང་གི་རྟེན་སོགས་ཕེལ་ཆེར་ཡོངས་སུ་བཞེངས་འགྲུབ། སྔོན་གྱི་སྐུ་གསུང་ཐུགས་རྟེན་མང་ཤས་གསར་དུ་བཞེངས་པ་ལས་བརྟེན་ཪྙིང་རིན་པོ་ཆེ་ཡང་མི་ཉུང་བ་ཞིག་ད་སྐབས་སུ་བཞུགས་ཡོད་དེ། གསེར་ཟངས་ཀྱི་ཇོ་བོ་དང་(ཁང་དམར་ཇོ་བོ་)གསེར་ཟངས་ཀྱི་བླ་སྐུ། གསེར་ཟངས་ཀྱི་མཆོད་རྟེན་ཆ་བརྒྱད། གསེར་ཟངས་ཀྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། གསེར་ཟངས་ཀྱི་ཐུབ་སྐུ་མདའ་ཚད་མ། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཤངས་ཚལ་ལས་གྲུབ་པའི་འཇིགས་བྱེད་ཀྱི་ཐང་ག། གྲུབ་ཆེན་བརྒྱད་བཅུའི་ཞལ་ཐང་(ཉེར་གཅིག་)། སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་ཆ་གཉིས། གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཆ་ཚང་གཉིས། ཙོང་ཁ་བརྒྱད་ཅུ་ཆ་གཉིས་ཡོད་པའི་ཞང་སྐུ་ཐང་སུམ་ཅུ་ལུས་ཡོད། རྒྱལ་བའི་འཁྲུངས་རབ་ཞལ་ཐང་བརྒྱད། པཎ་ཆེན་འཁྲུངས་རབ་ཞལ་ཐང་བཅུ། དེ་ལས་གཞན་གོས་སྐུ་འཐག་མ་དང་བརྩེགས་མ་སོགས་ཀྱི་དཔལ་ལྡན་ལྷ་མོ་དང་འཇིགས་བྱེད། གནས་བརྟན་བཅུ་དྲུག་གི་ཞལ་ཐང་དང་གསེར་དངུལ་ཟངས་གསུམ་གྱི་གྲུབ་པའི་མཆོད་རྫས་དང་རོལ་ཆས། གསེར་གྱི་སྒ་སྲབ་ཆ་ཚང་། མདའ་གྲི་མདུང་གསུམ་བཅས་རིག་དངོས་རིན་པོ་ཆེ་མང་པོ་བཞུགས།
དགོན་པ་ལ་རྒྱལ་ཁབ་ཀྱི་ཐག་བཅད་པའི་སེར་མོ་བའི་གྲངས་ཀ་བརྒྱ་དང་སོ་གཅིག་ཡིན་མོད་ད་ལྟ་མགོན་པར་གྲྭ་པ་བརྒྱ་ཙམ་མ་གཏོགས་དངོས་སུ་བཞུགས་མེད། གྲྭ་རྒྱུན་འབྱུང་ཁུངས་རྒྱུད་བཟང་ཆུ་སྟོད་སྨད་བར་གསུམ་གྲོང་ཚོ་རྣམས་དང་ལྷོ་བ་གསེར་ཆུ་ཤམ་སོགས་ཡིན།
མགོན་པའི་སྒྲུབ་མཆོད། སྔར་སྲོལ་བཞིན་ཚང་མ་ཉམས་གསོ་བྱེད་ཟིན། རྒྱལ་ཁབ་ནས་སྒོར་ཁྲི་གཅིག་སྟོང་གཉིས་བདུན་བརྒྱ་ཙམ་གྱི་རྒྱབ་སྐྱོར་ཐོབ་པ་ལས་དགོན་པར་རང་ལ་ཞིང་ས་སོགས་མེད་པས་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་མང་ཚོགས་ཀྱི་འབུལ་བ་ཡིན་ཞིང་ལོ་རེ་ལ་སྒོར་གསུམ་སྟོང་ཙམ་གྱི་ཡོང་སྒོ། དགོན་པའི་བུད་ཤིང་ཉོ་བ་དང་གཞན་པ་རྣམས་བསྡོམས་ན་སྒོར་ཁྲི་གཉིས་ཙམ་ལ་ཐོན་པས་འགྲོ་ཡོངས་ཀྱི་དོ་མི་མཉམ་ཀྱང་དགོན་པ་རང་ལ་ཕྱུགས་ཟོག་ཉིས་བརྒྱ་ལྷག་ཡོད་པ་རང་གི་གྲྭ་པས་བདག་གཉེར་བྱས་པ་ལས་ཐོན་པའི་ཡོང་སྒོས་ཁ་གསབ་བྱས་པ་ཡིན། སེར་མོ་བ་རྣམས་ཆོས་ཚོགས་[page 206] དུས་སུ་གཞུང་གིས་གཏོང་སྒོ་དང་གསོལ་ཚིགས་འབུལ་དགོས་པ་ལས་རྒྱུན་པར་རང་ཁ་རང་གསོ་ཡིན་སྟོབས་འགྲོ་སྒོ་དང་ཡོང་བབ་འདི་ཞེས་བརྗོད་དཀའ་ཡོད་ཁང་དམར་རྡོ་རྗེ་འཆང་བློ་བཟང་ཐོབ་བསྟན་དཔལ་ལྡན་རྒྱ་མཚོ་དཔལ་བཟང་པོ་དང་གཞི་གླིང་བློ་བཟང་བསྟན་པའི་རྒྱན་མཚན་རྣམ་གཉིས་ཀྱི་ཐུགས་བྱིན་ལས་ད་སྐབས་སྒྲུབ་མཆོད་དང་ཉམས་ལེན་སོགས་མིག་དཔེ་འོས་པར་གྱུར་ཡོད། ཞེས་སྤྱི་ལོ་༡༩༩༤ལོའི་ཟླ་བརྒྱད་པའི་ནང་ནང་མདོ་ཁྲི་གདུགས་དཀར་ཚེ་རིང་གིས་མགོན་པའི་མཁན་པོ་དང་ཁྲི་པ་སོགས་ཀྱི་ངག་ལས་བྲིས་པ་དགེའོ།
དེ་ཡང་གདོང་ཐོག་དགོན་པའམ་གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་བྱ་བ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་མི་སྲིད་གཞུང་གི་ལྷོ་ཕྱོགས་སུ་རྒྱང་ཕྲག་གསུམ་ཙམ་གྱི་ཕ་རོལ་ཏུ་ཆགས་པའི་གྲུབ་མཐའ་ས་སྐྱ་བའི་དགོན་པ་ཞིག་ཡིན། དགོན་པ་འདི་ཉིད་ཐོག་མར་གདོང་ཐོག་དཔོན་པོའི་གདུང་རྒྱུད་ཅེས་པའི་བླ་རིགས་སུ་འཁྲུངས་པ་དཔོན་པོ་བསོད་ནམས་སེང་གེ་ཞེས་པས་སྤྱི་ལོ་༡༥༨༢ལ་བཏབ། གཙུག་ལག་ཁང་ཆེན་པོ་ཐོག་བརྩེགས་གསུམ་ཅན་ཞིག་ཡོད། གདུང་རྒྱུད་དེ་ལས་ཕེབས་པའི་བླ་མ་རིམ་བྱོན་གྱིས་དགོན་བདག་མཛད་ནས་ལུང་རྟོགས་ཀྱི་བསྟན་པ་ཡུན་རིང་བསྐྱངས། གྲྭ་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཡོད། དེ་དུས་ཚར་ལུགས་ཡིན་ཀྱང་ཕྱིས་གདོང་ཐོག་སྤྲུལ་སྐུའི་སྐབས་བསྐང་གསོ་མ་གཏོགས་ཆོ་ག་ཕྱག་ལེན་ཚང་མ་ངོར་ལུགས་སུ་འགྱུར། གྲྭ་ས་ཡང་ཨེ་ཝྃ་ཆོས་ལྡན་དུ་ཕེབས།
དེ་ཡང་བར་སྐབས་ཤིག་ན་ཇོ་ནང་པའི་རིང་ལུགས་འཛིན་པ་འཛམ་ཐང་རྒྱལ་བ་སེང་གེ་དེ་ཉིད་དགོངས་པ་རྫོགས་ཏེ་ཡང་སྲིད་གདོང་ཐོག་དགོན་པར་བཞུགས་པ་ནས་བཟུང་གདོང་ཐོག་སྐུ་ཕྲེང་འགོ་[page 164] ཚུགས། གདོང་ཐོག་ཅེས་པ་ནི་མཎྡལ་ཐང་དེ་རི་རྩ་ནས་མར་ཕྱ་ལེ་བ་ཡིན་པ་ལ། དགོན་གནས་དེ་ནས་ཅུང་དམའ་བར་བབས་ཏེ་སླར་ཐང་ཐེར་ཕྱ་ལེ་བ་ཡོད་པས་སྟེགས་བུ་ལྟར་གྲུབ་པའི་གདོང་སྣེར་དགོན་པ་ཆགས་པས། གནས་མིང་དགོན་པ་ལ་ཐོགས་སྟེ་གདོང་ཐོག་པ་ཞེས་གྲགས། ཡང་འགའ་ཞིག་གིས་འོག་གཞི་རྡོ་ཡིན་པས་རྡོ་ཐོག་ཟེར་ཚུལ་གླེང་ཡང་ཡོངས་གྲགས་སྔ་མ་ལྟར་རོ།།
དེ་ཡང་གཙུག་ལག་ཁང་ཆེན་མོའི་ནང་དུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བཪྙན་ཐོག་ཚད་གཅིག་ལྷག་ཡོད་པ་དང་། གུར་གྱི་མགོན་པོ། མགོན་ཁང་དུ་ཡི་དམ་དཔལ་ཀྱེེ་རྡོ་རྗེ་དང་། འབྱུང་པོ་འདུལ་བྱེད། གུར་ལྷ་བརྒྱད་སོགས་དང་། རྒྱལ་པོ་པེ་ཧར། ཡུལ་བཙན་དགྲ་ལྷ། གནས་བདག་བཅས་ཀྱི་སྐུ་བཪྙན་བཞུགས་ཤིང་། སྔོན་གདོང་ཐོག་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་དུས་སུ་དཀར་མཛེས་ཕྱོགས་སུ་ས་གཡོའི་འཇིགས་པས་ཁང་ཁྱིམ་ཚང་མ་བསྒྱེལ་སྐབས། མགོན་ཁང་རྟེན་དང་བཅས་པ་དང་། གཙུག་ལག་ཁང་གི་མགོན་པོའི་སྐུ་རྣམས་ལ་གནོད་པ་མ་བྱུང་བ་དང་། ལྐོག་གྱུར་བརྟག་རིལ་བླང་དོར་འཁྲུལ་བྲལ་འོང་བ་སོགས་ཡེ་ཤེས་པ་དངོས་སུ་བཞུགས་པའི་བྱིན་རླབས་གཟི་མདངས་འབར་བ་ཡོད་པ་དང་། དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོས་སྒྲུབ་ཆོག་མཛད་པའི་སྣང་བཪྙན་མདའ་ཚད་མ་སོགས་ཀྱིས་མཚོན་ལི་མ་དང་གསེར་ཟངས་ཀྱི་སྐུ་བཪྙན་ལྔ་བརྒྱ་ལྷག་བཞུགས།
བྲིས་ཐང་སྐོར་ལ། སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་། སྐྱེས་རབས་སོ་གཉིས་པ། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག སྲུང་མའི་ཞལ་ཐང་སོགས་མང་དུ་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་ཚང་གཉིས་དང་། ས་སྐྱའི་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། འདོན་ཆོག་སྐོར་བྲིས་མ་སོགས་གསུང་རབ་གླེགས་བམ་མང་པོ་བཞུགས། ཐུགས་རྟེན་དུ་སྡེ་དགེ་ཚང་གི་ནང་རྟེན་གྲས་གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་རྟེན་ལི་མ་མཐོ་ཚད་མའི་ནང་དུ་རྣམ་རྒྱལ་ལྷ་དགུའི་སྐུ་བཪྙན་ཆུང་ལ་མ་འདྲེས་པར་བཞུགས་པ་དེ་ནི། སྔོན་སྡེ་དགེ་ཆོས་རྒྱལ་ཞིག་གི་སྲས་མོ་དཀར་མཛེས་ཁང་གསར་དཔོན་ཚང་གི་སྲས་ཞིག་ལ་བཙུན་མོ་བྱིན་པར། དེ་ལ་རྟེན་སྐལ་དུ་ཐོབ་པ་ལ། ཕྱིས་སུ་སྲས་མ་བྱང་བར་ལུང་བརྟན་ཞུས་པར་རྣམ་རྒྱལ་མའི་སྒྲུབ་མཆོད་འཛུགས་དགོས་གསུངས་པར། གདོང་ཐོག་དགོན་དུ་རྣམ་རྒྱལ་མཆོད་རྟེན་དེ་ཉིད་མདུན་བསྐྱེད་ཀྱི་སྒྲུབ་རྟེན་དུ་ཕུལ་ནས་སྒྲུབ་མཆོད་ཀྱི་རྟེན་རྩ་སྦྱོར་འཇགས་མཛད་རྗེས། བཙུན་མོ་ལ་སྲས་བྱུང་བར་རྣམ་རྒྱལ་གྱི་ཚིག་གིས་བརྒྱན་པའི་མཚན་བཏགས་པ་[page 165] བཅས་ཀྱི་ལོ་རྒྱུས་ཡོད། གཞན་ཡང་བཀའ་གདམས་མཆོད་རྟེན་མང་པོ་དང་། དགོན་མཐར་མཆོད་རྟེན་ཅུང་ཆེ་བ་བཞི་དང་། རིགས་གསུམ་མགོན་པོའི་མཆོད་རྟེན་ཚད་ལྡན་ཪྙིང་བ་བྱིན་ཅན་བཅས་ཡོད། མཆོད་ཆས་སྐོར་ལ། ངོར་ཨེ་ཝྃ་ཕན་ཁང་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་སྐྱེས་སུ་བསྩལ་བའི་རོལ་མོ་སྦུབ་ཆས་བྱམས་པ་མཁྱེན་རབ་ཞེས་པའི་མཚོན་སིལ་རོལ་ཪྙིང་བ་རྒྱུ་བཟང་གྲངས་བརྒྱ་ལྷག་དང་། དུང་རྒྱ། རྔ་ཆེ་ཆུང་། འཕན་གདུགས། བླ་བྲེ། འཆམ་ཆས་སོགས་ཤིན་ཏུ་མང་པོ་ཡོད།
གདོང་ཐོག་བླ་བྲང་དུ་སྐུ་རྟེན་གཙོ་བོར་རྗེ་འཆང་གི་ལི་སྐུ་ཁྲུ་ཚད་མ། དཔལ་ཀྱེེ་རྡོ་རྗེའི་སྐུ་བཪྙན་ལི་མ་ཁྲུ་ཚད་མ་འཁོར་ལྷ་མོ་བརྒྱད་དང་བཅས་པ། ཇོ་བོ། སོ་སོར་འབྲང་མ། རིན་ཆེན་འབྱུང་ལྡན། གུ་རུ་སྣང་སྲིད་ཟིལ་གནོན་རྣམས་ཀྱི་སྐུ་མདའ་ཚད་མ། ས་སྐྱ་གོང་མ་རྣམ་ལྔའི་སྐུ་ཁྲུ་ཚད་མ་སོགས་ཀྱིས་མཚོན་པའི་ལི་མ་དང་གསེར་ཟངས་ཀྱི་སྐུ་བཪྙན་ཆེ་ཆུང་སུམ་བརྒྱ་ལྷག་ཙམ་བཞུགས། བྲིས་ཐང་སྐོར་ལ། གནས་བརྟན་བཅུ། གྲུབ་ཆེན་བིརྦ་པའི་རྣམ་ཐར། ས་སྐྱ་གོང་མ་རྣམ་ལྔ་སོགས་བླ་སྐུ་མང་པོ། གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཆ་ཚང་གསུམ། གཞན་ཡང་རྩ་གསུམ་ཆོས་སྲུང་ནོར་ལྷའི་ཞལ་ཐང་སོགས་མང་དུ་བཞུགས། གསུང་རྟེན་སྐོར་ལ། བཀའ་འགྱུར་བསྟན་འགྱུར། གསུང་ངག་ལམ་འབྲས་ཚོགས་སློབ་ཀྱི་ཁྲིད་སྐོར། སྒྲུབ་ཐབས་ཀུན་བཏུས་ཆ་ཚང་གཉིས་དང་ཐོང་བུ་གཅིག རྒྱུད་སྡེ་ཀུན་བཏུས། ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཆ་ཚང་། མགོན་པོ་གུར་གྱི་བེའུ་བུམ། ཙ་ཏུ་རྒྱུ་ཁའེ་བེ་བུམ། མཁའ་སྤྱོད་མའེ་བེའུ་བུམ། བེ་ཀ་ཙེའི་བེའུ་བུམ། ཛམ་དམར་གྱི་བེ་རྗམ། ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཞུ་ཆེན་བཀའ་འབུམ། མཁྱེན་བརྩེའི་བཀའ་འབུམ། མི་ཕམ་གསུང་སྐོར་མང་པོ། སྡེ་གཞུང་ཀུན་དགའ་རྒྱལ་མཚན་གྱི་གསུང་སྐོར་ཆ་ཚང་། གདོང་སྤྲུལ་གཉིས་པ་བསོད་ནམས་ཆོས་འཕེལ་གྱི་གསུང་སྐོར་པོད་གཅིག གདོང་སྤྲུལ་བཞི་བ་འཇམ་དཔལ་རིག་པའི་རལ་གྲིའི་བཀའ་གཏེར་དག་སྣང་གསུམ་གྱི་ཆོས་སྐོར་དང་གསུང་རྩོམ་ཐོར་བུ་བཅས་པོད་གསུམ། གྲང་ཆེན་བཅོ་བརྒྱད་ཀྱི་རྩ་འགྲེལ། མཁན་པོ་གཞན་དགའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ། རྩིས་གཞུང་བེེ་དཀར། ཆུ་མིག་ཀླུ་མཚོ་དང་གཟའ་ལྔ་སོགས་ཀྱི་རེ་མིག་རྒྱས་པ། གསོ་རིག་རྒྱུད་བཞི་དང་། ཀོང་སྤྲུལ་ཟིན་ཏིག སྒྲ་མདོ་རྩ་འགྲེལ་སོགས་ཀྱིས་མཚོན་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཆ་པར་མ་དང་བྲིས་མ་པོད་བརྒྱད་ལྷག་བཞུགས། ཐུགས་རྟེན་དུ་གདོང་སྤྲུལ་བསོད་ནམས་ཆོས་འཕེལ་གྱི་གདུང་རྟེན་སོགས་ཀྱིས་གཙོས་མཆོད་རྟེན་ཆེ་ཆུང་མང་དུ་བཞུགས།
བླ་བྲང་གི་པར་ཁང་དུ་གོང་མ་རྣམ་ལྔ། སློབ་དཔོན། ཐང་རྒྱལ། འོད་ཟེར་ཅན་མ་སོགས་ཀྱི་པར་དང་། དཀོན་ལྷུན་ལམ་འབྲས་སྣང་རྒྱུད། འཇིགས་བྱེད། ཀུན་རིག རྡོར་གཅོད། གདུགས་དཀར། རླུང་རྟ་སོགས་ཀྱི་པར་ཤིང་བཞུགས། མཆོད་རྫས་སྐོར་ལ། རྡོར་དྲིལ་རྒྱུ་ཪྙིང་རྩ་ཆེན་དྲུག་[page 166] དང་། དབང་དྲིལ་ཉེར་ལྔ། ཏིང་ཤག་རྒྱུ་ཪྙིང་རྩ་ཆེན་ལྔ། ་རྗེ་ཕུར་བའི་སྨད་ལས་ཀྱི་གདབ་ཕུར་ཆ་ཚང་། དགང་གཟར་བླུག ཞྭ་ནག རུས་རྒྱན། སིལ་རོལ་ཪྙིང་བ་གྲངས་ཉི་ཤུ་ཙམ། རྔ་ཆེ་ཆུང་། དུང་རྒྱ། འཕན་གདུགས། བླ་བྲེ་སོགས་མང་ངོ་།།
དགོན་འདིའི་གྲྭ་བ་རྣམས་གྲྭ་སར་མ་ཕེབས་གོང་མཆོད་གཡོག་ལོ་གཅིག་ལ་ཞབས་ཕྱི་ཞུ་དགོས། དེ་ནས་གྲྭ་ས་ངོར་ཨེ་ཝམ་ཆོས་ལྡན་དུ་ཕེབས་ནས་གསུང་ངག་ལམ་འབྲས་ཆ་ལག་དང་བཅས་པ་དང་། ཆོས་སྤྱོད་འདོན་ཆའི་འིམ་པ་རྣམས་ཀྱི་ལུང་རྣམས་ཟླ་བ་གསུམ་ཙམ་རིང་ཞུས་རྗེས་རབ་བྱུང་བསྙེན་རྫོགས་བསྒྲུབས་ཏེ་སྡོམ་པ་གསུམ་ལྡན་མཛད་དགོས། དེ་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་ཤེས་བརྩོན་དང་བསྟུན་པའི་སློབ་གཉེར་དང་། ཁྱད་པར་ཐིག་རྡུལ་ཚོན་འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་རྣམས་ལ་སོ་སོའི་མོས་བརྩོན་ལྟར་སློབ་གཉེར་གྲུབ་ནས་ཕྱིར་གཞི་དགོན་དུ་ཕེབས་པ་ཡིན། དེ་ནས་འབྱུང་འདུལ་བསྙེན་པ་དང་། ཀྱེེ་རྡོར་བསྙེན། ཀུན་རིག་བསྙེན་པ། དེའི་ཁར་བརྩོན་ལྡན་རྣམས་ཀྱིས་མཁའ་སྤྱོད་དང་། མགོན་པོའི་བསྙེན་མཚམས་ཀྱང་མཛད། གཞི་བསྙེན་གྲུབ་ནས་མཆོད་དཔོན། མགོན་བླ། དབུ་མཛད། ཁྲི་བ་སྟེ་རྡོ་རྗེ་སློབ་དཔོན་བར་རིམ་པར་ཕེབས་དགོས། སྒྲུབ་མཆོད་སྐོར་ལ། ཉ་སྟོང་གསོ་སྦྱོང་དང་། དབྱར་གནས་དགག་དབྱེ་སོགས་གཞི་གསུམ་གྱི་ཕྱག་ལེན་ཚང་ལ་མ་ནོར་བ་དང་། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་མཆོད་དང་། རྡུལ་མཚོན་ལ་བརྟེན་པའི་ཀུན་རིག་དང་མི་འཁྲུགས་པའི་སྒྲུབ་མཆོད། རས་བྲིས་ལ་བརྟེན་པའི་ཚེ་དཔག་མེད་ཀྱི་སྒྲུབ་མཆོད་ ས་ག་ཟླ་བའི་ནང་དུ་རྡུལ་ཚོན་ལ་བརྟེན་པའི་དཔལ་ཀྱེེ་རྡོ་རྗེའི་སྒྲུབ་མཆོད་དང་འབྲེལ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དགོངས་རྫོགས་དུས་ཆེན། ཚེས་ཉེར་ལྔའི་ཉིན་རབ་གནས་དཔལ་འབྱོར་རྒྱ་མཚོའི་དངོས་གཞི་འཁེལ་བའི་སྒོ་ནས་རྟེན་གསུམ་ཡོངས་ལ་རབ་གནས་མངའ་གསོལ་གཟབ་རྒྱས། རྡུལ་ཚོན་ལ་བརྟེན་པའི་འཇིགས་བྱེད་བདག་འཇུག སིདྡྷི་རའི་དཀྱིལ་འཁོར་ལ་བརྟེན་པའི་མཁའ་སྤྱོད་སྒྲུབ་མཆོད། ཟླ་ལྔ་བའི་ནང་ཕུར་བའི་གཏོར་ཟློག་ཉིན་ལྔ། ཉེར་དགུ་ལ་ཟློར་ལས། ཟླ་བ་བཅུ་གཉིས་པའི་ནང་མགོན་པོ་ཁྲོ་བཅུའི་གཏོར་ཟློག་ཉིན་བདུན། ཉི་ཤུ་བརྒྱད་དགུ་གཉིས་ལ་ལྷ་འཆམ་དང་། གཞན་ཡང་རྗེ་བཙུན་གོང་མ་རྣམ་ལྔ་དང་ངོར་གྱི་མཁན་པོ་གོང་མ་རྣམས་ཀྱི་དགོངས་རྫོགས་བླ་མཆོད་སོགས་ཡོད།
[page 167] ༡༩༥༦ལོར་དམངས་གཙོའི་བཅོས་བསྒྱུར་སྐབས་དགོན་པའི་བླ་མ་དང་གྲྭ་པ་རྣམས་རྫོང་ནང་དུ་བསྡུས་ནས་སྤྱི་ཚོགས་ཐོན་སྐྱེད་ནང་ཞུགས་དགོས་པའི་སློབ་གསོ་སྒྲུབ། དེ་ནས་གྲྭ་པ་རྣམས་རང་རང་སོ་སོའི་ཁྱིམ་དུ་བྱིན་ནས་སྤྱི་ཚོགས་ཐོན་སྐྱེད་དུ་ཞུགས། དགོན་པའི་གཙུག་ལག་ཁང་གི་འོག་ཤོལ་མ་གཏོགས་ཐོག་ཁང་གཉིས་པ་དང་གསུམ་པ་གཉིས་འཇིག་ཟིན། དེ་ནས་བླ་བྲང་ཁག་དང་གྲྭ་ཤག་ཚང་མ་འཇིག་ཟིན། གཙུག་ལག་ཁང་གི་འོག་ཤོལ་ནི་ཞིང་གི་ལས་ཁུངས་བྱས་ཏེ་ལས་བྱེད་མི་སྣ་བསྡདཔས་མ་འཇིག་པ་ཡིན།
༡༩༨༥ལོར་དགོན་པ་ཡང་བསྐྱར་གསོ་བྱས་ཏེ་གཙུག་ལག་ཁང་ཆེན་པོའི་ཐོག་བརྩེགས་གཉིས་པ་དང་གསུམ་པ་གསར་བཞེངས་གྲུབ། གྲྭ་ཤག་བཞི་བཅུ་ལྷག་བཞེངས། ད་ལྟ་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་གྲྭ་བ་བརྒྱ་ཕྲག་གཅིག་ཡིན་ནའང་། དངོས་སུ་བཞུགས་པ་སེར་མོ་བ་ང་ལྔ་ཡོད། ༡༩༩༠ལོར་རྒྱལ་ཁབ་ཀྱིས་དགོན་པ་སླར་གསོའི་ཐེབས་སུ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་གནང་། དགོན་པ་འདིའི་ཆོས་སྒོ་ཕྱེ་རྗེས་ཀྱི་སྦྱིན་བདག་གཙོ་བོ་ནི་དགེ་སློང་བློ་དགའ་ཡིན། ཁོང་གི་སྐྱེས་ཡུལ་ནི་དཀར་མཛེས་རྫོང་ཀ་ལ་ཞིང་ཀྲི་ཁོང་ཏོས་ནས་ཡིན། ཆུང་དུས་དགོན་པ་འདིའི་གྲྭ་བ་ཡིན། བཅིངས་བཀྲོལ་རྗེས་ལྷ་སར་བྱིན། དེ་ནས་རྒྱ་གར་ལ་ཕེབས་ཏེ་ད་ལྟ་ཚོང་དཔོན་ཆེན་པོར་གྱུར། དགོན་པ་འདིའི་ཆོས་སྒོ་ཕྱེ་རྗེས་ཁོང་གིས་གཙུག་ལག་ཁང་བཞེངས་ཐེབས་སུ་སྒོར་ཆིག་ཁྲི་དྲུག་སྟོང་དྲུག་བརྒྱ་རེ་དྲུག་གནང་། ནང་རྟེན་སྐོར་ལ་རག་སྐུ་ཐུབ་པ་གཙོ་འཁོར་གསུམ་མི་ཚད་ཕྱེད་ཙམ་ཡོད་པ། གུ་རུ། གུར་མགོན། སངས་རྒྱས་སྟོང་སྐུ། སྤྱན་རས་གཟིགས། སྒྲོལ་མ། འཇམ་དབྱངས། ཕྱག་རྡོརར། ཚེ་ལྷ་རྣམ་གསུམ། སྟོན་པ་བཅས་རྒྱུ་རག་ཆེ་ཆུང་ཁྲི་གང་ཡོད་པ། དྲིལ་བུ་བཞི་བཅུ། བཀའ་འགྱུར་ཚར་གཅིག འདུ་ཁང་ནང་གི་ས་གདན་དང་བཞུགས་ཁྲིའི་རྒྱབ་ཡོལ་དུང་དཀར་བཅས་གནང་། དགོན་པ་འདིར་ད་ལྟ་སྔོན་གྱི་རྟེན་ཪྙིང་སྐོར་ལྷག་པ་ནི། དཔག་བསམ་འཁྲི་ཤིང་། རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་བཅུ། ལམ་འབྲས། ཀྱེེ་རྡོར་སོགས་ཐང་ག་བརྒྱ་ཕྲག་ཞིག་ལྷག་ཡོད། ད་ལྟ་དགོན་པའི་རྟེན་གསར་བཞེངས་ཀྱི་སྐོར་ལ། སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གཅིག་[page 168] ཙམ་ཡོད་པ། ས་སྐྱ་གོང་མ་རྣམ་ལྔ། གུ་རུ། འགྲོ་མགོན་དབང་འདུལ་སྙིང་བོ། ངོར་ཀུན་དགའ་བཟང་པོ། སྤྱན་རས་གཟིགས་ཕྱག་བཞི་པ། སྒྲོལ་ལྗང་། གུར་མགོན་བཅས་མི་ཚད་གཉིས་ཙམ་ཡོད་པ། གཞན་ཡང་རྗེ་ཙོང་ཁ་པ། ཐང་རྒྱལ། ཀྱེེ་རྡོར། འཇིགས་བྱེད། བག་རྩེ། དམག་ཟོར་མ། དགྲ་ལྷ་སོགས་མང་ངོ་། ཐེངས་འདིར་དགོན་པ་འདིའི་ལོ་རྒྱུས་འབྲི་སྐབས་ཀྱི་བློ་འདྲི་བྱེད་ས་ནི། དགོན་པ་རང་གི་གྲྭ་བཙུན་དགེ་སློང་དཀོན་མཆོག་ཚེ་དབང་ལགས་ཡིན། ཁོང་དགུང་ལོ་དོན་གཅིག་ལ་སླེབས་ཡོད། ཞེས་གདོང་ཐོག་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི། སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་དགུ་གོ་ལྔ་ལོའི་ཟླ་གཉིས་པར་སྦྱར་བར་དགེའོ།།
དེ་ཡང་གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་ཞེས་པ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་ཪྙི་ཁོག་ཞིང་ལས་ཉིན་ལམ་གཅིག་གི་སར་ཆགས་ཡོད། དགོན་པ་དི་ནི་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་བོད་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་སྤྱི་ལོ་༡༦༦༤ལོར་བཏབ་པའི་གྲུབ་མཐའ་སྔ་འགྱུར་ཪྙིང་མ་བའི་དགོན་པ་ཞིག་ཡིན། ཀཿ་ཐོག་དགོན་པའི་བུ་དགོན་ཡིན། ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་ཐོག་མར་འདུ་ཁང་ཞིག་བཞེངས། དེ་ནས་རིམ་གྱིས་ཇ་ཁང་དང་བླ་བྲང་ཁང་། གྲྭ་ཤག་བརྒྱད་ཅུ་ལྷག་བཅས་བཞེངས་པ་གྲུབ། གྲྭ་བའི་གྲངས་ཀ་ལ་ངེས་པ་ཆེར་མེད་ཀྱང་ཉུང་བའི་དུས་སུ་བརྒྱ་ཕྲག་གཅིག་དང་མང་པའི་དུས་སུ་སུམ་བརྒྱ་ཙམ་ཡོད་པར་གྲགས།
མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྲས་ཆུང་བའི་ཁྱེར་འོང་བས་བཀའ་བརྒྱད་ཀྱི་ལི་སྐུ་གཏེར་མ་ཁྲུ་གང་བ། ཐུབ་པ་ཚུལ་ཁྲིམས་མ། གུ་རུ་ཟ་ཧོར་མ། དུས་གསུམ་སངས་རྒྱས། བདེ་གཤེགས་སོ་ལྔ། ལྷ་མོ་དབྱངས་ཅན་མ་སོགས་ཀྱི་ལུ་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་གུ་རུ་གཙོ་འཁོར་ལྔ། ཆོས་རྒྱལ་མེས་དབོན་རྣམས་གསུམ། ཡེ་ཤེས་མཚོ་རྒྱལ། མནྡྷི་ར་བ། གུ་རུ་མཚན་བརྒྱད་སོགས་བཞུགས། རྒྱུ་སྨན་[page 142] འདམ་ལས་གྲུབ་པའི་ཇོ་བོའི་སྐུ་ཁང་བརྩེགས་གཅིག་ཅན། ཐང་སྟོང་རྒྱལ་པོ། རྡོ་རྗེ་གྲོལ་ལོ། བཀའ་བརྒྱད་སོགས་ཤིན་ཏུ་མང་། གོས་སྐུ་ཆེན་མོ་གུ་རུ་གཙོ་འཁོར་གསུམ་ཁང་བརྩེགས་བཞི་བར་སླེབས་པ། གཞན་ཡང་ཐང་གའི་སྐོར་ལ། སྟོན་པ་དང་གནས་བརྟན་བཅུ་དྲུག ཐུགས་རྗེ་ཆེན་པོ་འཁོར་བ་ཡང་སྒྲོལ། གུ་རུ་མཚན་བརྒྱད། དཔག་བསམ་འཁྲི་ཤིང་། སེང་གདོང་མ། ཞིང་སྐྱོང་ཡབ་ཡུམ། མགོན་པོ་ཕྱག་བཞི། རྣམ་སྲས། གཟའ། ཨེ་ཀ་ཛ་ཏི་སོགས་ཤིན་ཏུ་མང་ངོ་། གསུང་གི་སྐོར་ལ། བཀའ་འགྱུར་ཚར་གསུམ། བསྟན་འགྱུར་ཚར་གཅིག འབུམ་དངུལ་བྲིས་ཚར་བཅུ་གསུམ། ཪྙིང་མ་རྒྱུད་འབུམ། གཏེར་ཆོས་ལ་སོགས་ལག་བྲིས་མ་དང་པར་མ་པོད་ཆིག་སྟོང་ཉིས་བརྒྱ་ལྷག་བཞུགས། མཆོད་རྟེན་རྒྱུ་གསེར་ཟངས་ལས་གྲུབ་ལྔ་ལྷག སྦུབ་དང་སིལསྙན། མཁར་རྔ། རྒྱ་གླིང་། རྐང་དུང་སོགས་ཡོད།
ཟླ་དང་པོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད། ཟླ་གསུམ་པའི་ཚེས་བཅུ་གཉིས་ནས་བཅོ་ལྔ་བར་སྨན་བླའི་མཆོད་པ། ཟླ་བཞི་པའི་ཚེས་གཅིག་ནས་བཅུ་གཅིག་པར་ཚེས་བཅུ། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་བདུན་པའི་ཚེས་ཉེར་དགུ་བར་གཡར་གནས། ཟླ་བརྒྱད་པའི་ཚེས་ཉེར་གཉིས་ནས་ཉེར་ལྔ་བར་གསོལ་ཁ་བསྐང་གསོ། ཟླ་བཅུ་པའི་ཚེས་བཅོ་ལྔ་ནས་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་བར་གྲྭ་བ་རྣམས་འདུ་ཁང་ནང་འཚོགས་ཏེ་ངག་བཅད་ནས་མཚམསསྒྲུབ་བྱེད་པ། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ནས་ཚེས་ཉེར་དགུ་བར་དགའ་སྟོན་ཆེན་མོ། དུས་ནམ་ཡང་ཚོགས་གྲལ་ལ་བཞུགས་དུས་སྤྱོད་ལམ་མཛེས་པ་དང་། རྒན་རིམ་དང་བསླབ་པ་རྒན་གཞོན་ཡོན་ཏན་ཆེ་ཆུང་ལྟར་བཞུགས་དགོས། སྒྲུབ་མཆོད་ཚེས་བཅུ་སོགས་གྲྭ་ས་ཆེ་བའི་སྐབས་རོལ་མོ་བ་རྣམས་ཀྱང་སྒྲིག་ཡིག་ལྟར་མ་གཏོགས་གང་འདོད་དུ་བཞུགས་མི་ཆོག དགོན་འདིའི་བླ་མ་རྣམས་གྲ་ས་ཀཿ་ཐོག་སོགས་ལ་ཕེབས་ནས་དབང་ལུང་ཁྲིད་སོགས་གསན་ནས་ཕྱིར་ཕེབས་པ་ཡིན།
དགོན་པའི་སྤྱིའི་བདག་པོ་སྤྲུལ་སྐུས་བྱེད། འཆད་ཉན་སྐོར་མཁན་པོའི་འགན་ལེན། སྒྲིག་ལམ་སྐོར་དགེ་སྐོས་གཉིས་ཡོད་པའི་འགན་ལེན། མཁན་པོ་དང་དགེ་སྐོས་གཉིས་སྤྲུལ་སྐུས་འདེམས་དགོས། སྒྲུབ་མཆོད་དབུ་མཛད་མ་དང་ཟླ་སྒྲུབ་དགུ་གཏོར་དབུ་མཛད། མཆོད་དཔོན་ཆེ་ཆུང་གཉིས། ལྷ་གཉེར་[page 143] གཉིས། རྒྱུན་གཉེར་གཉིས་སོགས་ཡོད། དགོན་པའི་བཅའ་ཁྲིམས་ཀྱི་སྐོར་ལ། དགོན་པའི་གྲྭ་བ་ཕྱིར་གྲོང་དུ་ཕྱིན་ན་སྒོར་ལྔ་བརྒྱའི་ཆད་པ་ཡོད། དུས་མཆོད་ལ་ཆད་ན་ཉིན་རེ་སྒོར་ལྔ་རེ་ཆད་པ་ཡོད། གཞན་འདུལ་ཁྲིམས་སོགས་ཅི་བཞིན་སྲུང་དགོས་མིན་གྱི་གསལ་ཁ་མ་བྱུང་ངོ་།
༡༩༥༩ལོར་དགོན་པའི་འདུ་ཁང་དང་ལྷ་ཁང་སོ་སོ། ནང་རྟེན་དང་མཆོད་ཆས་གྲྭ་ཤག་སོགས་ཚང་མ་རྨང་ནས་འཇིག་ཟིན། ཚེ་ཡི་མ་ལྕོགས་པའི་དབང་གིས་སྤྲུལ་སྐུ་གསུམ་དང་སེར་མོ་བ་བཞི་འཇིག་རྟེན་ཕྱི་མའི་ལྟད་མོར་བསྙེགས། ༡༩༨༢ལོར་ཁུལ་མི་དམངས་སྲིད་གཞུང་གིས་དགོན་པ་ཡང་བསྐྱར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་བཀོད། དེ་ནས་རིམ་གྱིས་འདུ་ཁང་གཉིས་དང་གྲྭ་ཤག་བཅུ་གཉིས་བཞེངས་པ་གྲུབ། སྔོན་གྱི་རྟེན་ཪྙིང་སྐོར་དུས་གསུམ་སངས་རྒྱས། བདེ་གཤེགས་སོ་ལྔ་སོགས་ཀྱི་ལི་སྐུ་འགའ་རེ་ལྷག་ཡོད། གསུང་གི་སྐོར་ལ་བཀའ་བརྒྱད། གསོལ་ཁ། ཁྲོ་ལོ་སོགས་འགའ་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་ཐག་བཅད་པ་སེར་མོ་བ་བཞི་བཅུ། དངོས་སུ་བཞུགས་པ་ཉེར་ལྔ་ཡོད། དཔལ་འབྱོར་གྱི་སྐོར་ལ་སྤྱི་ཚོགས་ཪྙིང་བར་དགོན་པ་འདི་ལ་ས་ཞིང་མུ་སུམ་ཅུ་ལྷག་ཡོད། ད་ལྟ་ས་ཞིང་དང་ཕྱུགས་ཟོག་སོགས་གང་ཡང་མེད། དགོན་པ་ཡང་བསྐྱར་ཆོས་སྒོ་ ཕྱེད་དུས་སྤྲུལ་སྐུ་བེེ་རོའི་༡༩༩༣ལོའི་ཟླ་དྲུག་པའི་ནང་དགོན་པའི་འདུ་ཁང་བཞེངས་ཐེབས་སུ་སྒོར་ཁྲི་གསུམ་གནང་། གཞན་བླ་མ་རྣམས་ཀྱིས་སྒོར་ལྔ་བརྒྱ་རེ་དང་། གྲྭ་བ་རྣམས་ཀྱིས་སྒོར་གསུམ་བརྒྱ་རེ་གནང་། རྒྱལ་ཁབ་སྲིད་གཞུང་ནས་སྔོན་དགོན་པ་གཏོར་སྐྱོན་བཏང་བའི་གྱོང་ཚབ་ཏུ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་གནང་། ད་ལྟ་སེར་མོ་བ་རྣམས་ཀྱི་འཚོ་རྟེན་གྱི་ཡོང་སྒོ་ནི་གཙོ་བོ་རང་ཁྱིམ་ལ་བརྟེན་པ་ཡིན། ཞེས་གཞི་ཆེན་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་འབྲེལ་ཡོད་ཡིག་ཆ་རེ་གཉིས་དང་དགོན་པ་རང་གི་གྲྭ་བ་རྒན་རབས་འགའི་ངག་རྒྱུན་བཅས་ལ་གཞི་བྱས་ཏེ་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་དགུ་གོ་ལྔའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ལ་པེ་ཅིན་དུ་སྦྱར་བ་དགེའོ།།
གཡར་དགོན་པའམ་དཔལ་མི་འགྱུར་བསམ་གཏན་ཆོས་འཁོར་གླིང་ནི། དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་སོ་ལྔའི་ས་མཚམས། རོང་པ་ཚ་ཆུས་ཞི་གསེར་ཤང་གི་ཁོངས་སུ་ཆགས་ཡོད། བོད་རབ་བྱུང་བཅུ་གཉིས་པའི་ས་རྟ་སྤྱི་ལོ་༡༧༣༨ལོར་བླ་མ་འཕྲིན་ལས་རྒྱ་མཚོས་བཏབ་པའི་གྲུབ་མཐའ་ཪྙིང་མ་ཡིན།
དགོན་པ་འདི་སྔར་དར་རྒྱས་དགོན་གྱི་ལྷོ་ངོས། །གླིང་ཚང་རྒྱལ་པོའི་མངའ་ཁོངས་དགོན་གསར་གྲོང་ཟེར་བའི་གོང་འོག་བར་གསུམ་ཡོད་པའི་གྲོང་པའི་འོག་དེ་དགོན་པ་ཆགས་ས་ཡིན། དེ་ལ་གྲོང་དང་ཐག་ཉེ་བའི་སྐྱོན་གྱིས་གྲྭ་བའི་འདུལ་ཁྲིམས་འཆོར་བ་མང་དུ་བྱུང་། གྲྭ་བ་ཁྲིམས་གཙང་རྣམས་ད་གྲོང་གོང་མ་དེར་སྤོས་ནས་འདུ་ལ་གཞུང་དང་མཐུན་པའི་བསླབ་ཁྲིམས་བཅས་པའི་མིང་ལ་དག་དགོན་ཞེས་གྲགས། སྐབས་དེའི་ལོ་རྒྱུས་ཀྱི་ཡིག་ཆ་མེད་སྟབས་ལོ་གྲངས་ཀྱི་ངོས་འཛིན་དཀའ། དེ་ནས་བསྟན་པའི་བདག་པོ་བླ་མ་འཕྲིན་ལས་རྒྱ་མཚོ་ཞེས་ཉམས་དང་རྟོགས་པའི་དབང་ཕྱུག་ཆེན་པོ་ཞིག་བཞུགས་ཡོད་པ་ལ། ད་ལྟ་གཡར་དགོན་ཆགས་ཡུལ་གྱི་ཕྱོགས་ནས་སྔགས་སྲུང་ཨེ་ཀ་ཛ་ཊིའི་ཞལ་ཡང་ཡང་གཟིགས་པར་བརྟེན། དེའི་ཕྱོགས་སུ་ཆོས་སྡེ་ཆགས་ན་བསྟན་རྒྱུན་ཡུན་རིང་འབྱུང་བའི་མཚན་མ་གཟིགས། །སྐབས་དེར་ཡུལ་ཕྱོགས་འདི་ཏྲེ་ཧོར་དཔོན་ནས་བདག་ཏུ་བཟུང་ཡོད་ཕྱིར། ཁོང་གིས་ཐབས་ཤེས་གང་དྲག་གིས་དགོན་སྡེ་ཆགས་ཆོག་པའི་ཞུ་བ་རིམ་འབུལ། དཔོན་པོ་བཀའ་དགོངས་ཁྲོས་ཏེ་གཡར་བའི་ཚུལ་གྱིས་གནས་དེར་ཆགས་སུ་བཅུག་པའི་མིང་ལ་གཡར་དགོན་ཞེས་ཡོངས་སུ་གྲགས་སོ། དེ་ནས་ཁོང་གིས་ད་ལྟ་རྒྱབ་རི་མ་ཎི་འགོ་ཟེར་བ་ལ་མ་ཎི་རང་བྱོན་གྱི་ཕ་བོང་ཆེན་པོ་ཞིག་ཡོད་པའི་རྩ་དེར་དགོན་པ་བཏབ་མཛད། དེ་ནས་གདན་ས་དེར་བླ་མ་སྐུ་རབས་བཅུ་གསུམ་ཙམ་བྱོན། དེ་དག་སྐྱེ་ཕྲེང་གི་ཞལ་ཐང་ད་ལྟའང་བཞུགས་འདུག་ལ་སྤྲུལ་སྐུ་ལའང་སྐུ་ཆེན་སྐུ་ཆུང་ཞུ་བ་ཡོད་རབས་དང་། སྐུ་ཆུང་ནས་གྲུབ་རྟགས་བསྟན་ཏེ་བྲག་འཕྲང་དོག་པོ་ནས་རྟ་རྒྱུགས་ཚུལ་དང་བྲག་རི་གཡུ་མཁར་ནས་རིན་པོ་ཆེའི་བུམ་པ་སོགས་གཏེར་ནས་བཞེངས་ཏེ་བུམ་སྒྲུབ་མཛད་པའི་རིལ་བུ་ཟད་མཐའ་མེད་པ་སོགས་ཀྱི་ངག་རྒྱུན་མཆིས། དེ་ནས་བླ་རབས་བཅུ་གསུམ་ཙམ། བྱོན་ཚུལ་ལ་བརྟག་ན། བླ་མ་རེས་འགན་ལོ་བརྒྱད་[page 150] དམ་དགུ། རིང་ན་བཅུའི་བར་བཞེངས་དགོས་ཕྱིར། དེ་ལྟར་ན་གཡར་དགོན་ཐོག་མར་བཏབ་པའི་དུས་ནི་ཕལ་ཆེར་བོད་ཀྱི་རབ་བྱུང་བཅུ་གཉིས་པའི་ས་རྟ་སྤྱི་ལོ་༡༧༣༨ལོ་ཙམ་ཡིན་པར་འདོད། དེ་རྗེས་ཧོར་ཡུལ་དུ་ས་འགུལ་ཆེན་པོ་ཞིག་བྱུང་རྗེས་རང་ཤུལ་དུ་བཞེངས་མ་ཐུབ་པ་ད་ལྟའི་ཆགས་ཤུལ་དུ་སྤོས།(སྔར་ཤུལ་དེང་སངཡང་མཐོང་རྒྱུ་ཡོད) དེ་དུས་ཀྱི་བླ་མ་བློ་བཟང་དར་རྒྱས་ཞེས་པས་གདན་ས་གསར་དུ་བཏབ་པར་མཛད། རྟེན་གྱི་གཙོ་བོ་ལ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དབུ་ཐོད་དུམ་བུར་བཞུགས་པའི་ཨོ་རྒྱན་རིན་པོ་ཆེའི་སྐུ་སོགས་རྟེན་དང་བརྟེན་པ་བཅས་པ་ཡོངས་སུ་གྲུབ་བོ།
སྤྱིར་ཧོར་ཡུལ་དུ་ས་འགུལ་བྱུང་བའི་དུས་ནི། དགེ་འཕེལ་སྐུ་ཕྲེང་གསུམ་པའི་རྣམ་ཐར་དུ་མེ་སྟག་ཟླ་བ་གསུམ་པའི་ནང་བྱུང་ཞེས་གསུང་པ་ལྟར་ན། གཡར་དགོན་ཞེས་ཐེངས་གཉིས་པར་བཏབ་པའི་ལོ་ནི་རབ་བྱུང་བཅུ་བཞི་པའི་མཇུག་གི་མེ་སྟག་སྤྱི་ལོ་༡༨༦༦ལོར་ཡིན། དེ་ནས་རིམ་བཞིན་བླ་མ་མགོན་ལུ། བླ་མ་པད་གཅེས། བླ་མ་བློ་གཅེས། བླ་མ་རྒྱལ་བ། བླ་མ་བསམ་གཏན། བླ་མ་རྡོ་རྗེ་དོན་གྲུབ། བླ་མ་པད་མ་ཚེ་རིང་། བླ་མ་དཔའ་ཁོ། བླ་མ་རྡོ་རྗེ་འཕྲིན་ལས། བླ་མ་ཚེ་རིང་རྡོ་རྗེ་སོགས་བྱོན། སྐབས་ཤིག་གཡར་དགོན་བླ་བྲང་ཟེར་བའི་བླ་མ་བུ་སྤུན་གཉིས་ལ་ཁང་བ་དང་ས་ཞིང་བཅས་ཏྲེ་ཧོར་དཔོན་གྱི་ཐུགས་ལམ་དུ་འགྲོ་བ་ཞིག་ཡོད་པར། བར་སྐབས་སུ་དགོན་པ་དང་ཅུང་མ་མཐུན་པར་བླ་བྲང་གི་ཁང་པ་དང་ས་ཞིང་བཅས་བཙོང་ནས་རི་ཕུག་ཏུ་སོང་བ་མ་ཟད། སྔར་སྤྲུལ་སྐུ་ཆུང་བའི་གཏེར་བུམ་དེ་ཡང་ཁྱེར་ཏེ་སྨྱོ་ཤུལ་ངག་དབང་བསྟན་འཛིན་ཟེར་བའི་ཪྙིང་མའི་གཏེར་སྟོན་ཞིག་བཞུགས་པ་ལ་ཕུལ། བླ་བྲང་གི་རྒྱུ་རྫས་གང་ཡོད་ཁྱེར་སོང་ཡང་ཏྲེ་ཧོར་དཔོན་གྱི་རྒྱབ་རྩ་ཡིན་སྟབས་ཅི་ཡང་མ་ཐོན་པར་གྲགས།
དེ་ནས་དགོན་གཞུང་ནས་སྤྲུལ་སྐུ་ཞིག་བླུས་ཏེ་མ་དགོན་ཀཿ་ཐོག་ཏུ་སློབ་གཉེར་སོགས་མཛད། དགུང་ལོ་ཆེ་རུ་སོན་པ་ན་བུད་མེད་བསྟེན་འདོད་ཀྱི་རྣམ་འགྱུར་མི་འདྲ་བ་བསྟན་པ་ལ། གྲྭ་མང་སྤྱི་ནས་ཐུགས་བབ་མེད་ཚུལ་དང་བསྟན་རྩ་འདུལ་ཁྲིམས་དང་མི་མཐུན་ཞིང་། དགོན་གྱི་སྒྲིག་ལམ་ལ་གནོད་པ་སོགས་ཀྱི་ཞུ་བ་ནན་ཆེར་ཞུས་ཀྱང་གསན་པ་མ་བྱུང་བས་ཡུལ་ཕུད་དུ་བཏང་། དེ་ནས་དགོན་བདག་དངོས་ཀྱི་སྤྲུལ་སྐུ་དེ་ནི་སྤྲུལ་སྐུ་གོང་མ་བཞུགས་དུས་ནས་བླུས་པ་ཞིག་སྟེ། སྐུ་འཁྲུངས་ཡུལ་ནི་ཀཿ་ཐོག་རྗེའི་གདན་དུ་རྨོག་ཚ་ཞིས་པའི་སྲས་སུ་འཁྲུངས། སྐུ་གཞོན་དུས་ནས་མཛད་སྤྱོད་ཐམས་ཅད་དམ་པའི་རྣམ་ཐར་བཞིན་མཆིས་པའི་མཚན་ལ་ཐུབ་བསྟན་འཇིགས་མེད་འཇམ་དབྱངས་རྣམ་རྒྱལ་ཞུ་བ་དེ་རང་དགོན་དུ་ཕེབས་ཏེ་ཡི་དམ་གྱི་ལྗགས་བསྙེན་དང་སྒྲུབ་མཆོད་སོགས་ཀྱི་ཕྱག་བཞེས། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་རྣམས་མི་ཉམས་གོང་འཕེལ་དུ་གནང་། བླ་མ་ནི་དགོན་པ་འདི་ལས་མཁས་བཙུན་བཟང་གསུམ་ལྡན་པའི་གྲྭ་བ་ཚུལ་ལྡན་ཞིག་ཐུན་མོང་གིས་འདེམས་པའི་རྗེས་སུ་ཀཿ་ཐོག་ཏུ་སློབ་གཉེར་ལ་གཏོང་། དེས་བཤད་གྲྭ་ལོ་ལྔ་དང་སྒྲུབ་གྲྭ་ལོ་གསུམ་བསླབ་རྗེས་ཚུར་ཕེབས་ནས་ལོ་བརྒྱད་དམ་དགུའི་བར་དགོན་པ་བསྐྱངས་ནས་ཀུན་གྱི་བཀུར་བའི་གནས་སུ་གྱུར། གཞན་ཡང་དགེ་བསྐོས་དང་དབུ་མཛད་ཕྱག་རོགས་སོགས་ཡོད། དགེ་འདུན་རྣམས་ཀྱང་རབ་ཏུ་བྱུང་དུས། ཐོག་མར་ཀཿ་ཐོག་དགོན་དུ་ཕེབས་ནས་སྡོམ་པ་ཞུ་དགོས། དགོན་པའི་འདོན་ཆོག་དང་། སྒྲུབ་མཆོད། དུས་ཆེན། བཅའ་ཁྲིམས་སོགས་སྒྲུབ་པ་ཉམས་ལེན་ཀཿ་ཐོག་གི་ལུགས་བཞིན་ཡིན་ནོ།
སྤྱི་ལོ་༡༩༥༩ལོའི་སྔོན་དགོན་པ་འདི་ལ་སྤྲུལ་སྐུ་གཅིག བླ་མ་དང་གྲྭ་བ་བརྒྱ་ལྷག་ཙམ་བཞུགས་འདུ་ཁང་དང་སྤྱི་ཁང་སོགས་ལྷ་ཁང་དུ་མ་དང་། གྲྭ་ཤག་བཞི་བཅུ་ཙམ། ད་དུང་བླ་བྲང་བཅས་གཞི་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་སུམ་སྟོང་ཙམ་ཡོད། རྟེན་གཙོ་བོ་གུ་རུའི་སྐུ་མཐོ་ཚད་ཁང་བརྩེགས་གཅིག་དང་ཐུབ་པ་གཙོ་འཁོར་གསུམ་བཅས་འདམ་སྐུ་ཡིན།
དེ་ནས་གྲྭ་ཤག་ཚང་མ་བཤིག རྟེན་དང་དངོས་རྫས་བཅས་པ་བརླག་བླ་གྲྭ་རྣམས་གྲོང་སྡེའི་ངལ་རྩོལ་དུ་ཞུགས་ཏེ་དགོན་པ་སྟོང་བར་གྱུར། བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་སྤྱི་ལོ་༡༩༨༥ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ལ་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། དེ་ནས་འགོ་ཁྲིད་ཚན་ཆུང་མི་ལྔ་བསྐོས་ནས་བླ་མ་རྡོ་རྗེ་བཀྲ་ཤིས་ཀྱིས་གཙོ་འགན་བཞེས། རྒྱལ་ཁབ་ཀྱི་རོགས་སྐྱོར་སྒོར་མོ་ཆིག་ཁྲི་ཉིས་སྟོང་ཆིག་བརྒྱ་ཙམ་གནང་བར་བརྟེན། བོད་རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྤྱི་ལོ་༡༩༨༥ལོར་བཏབ་ནས་གྲུབ་པའི་ལྷ་ཁང་གསར་བཞེངས་རྒྱ་མི་ཆུང་བ་ཙམ་ཁང་པའི་ཞབས་བཀོད་སོགས་གང་ཐད་ནས་འོས་ཤིང་འཚམས་པ་དང་། ཤིང་ཆ་སོགས་ལེགས་ཤིང་མཛེས་པ་ཀུན་གྱི་ཐུགས་ཡིད་དང་མཐུན་པ་ཡོངས་སུ་གྲུབ། དགོན་པ་འདི་གནའ་དུས་གྲོང་འོག་ཏུ་ཆགས་པའི་སྐབས་སུ་དང་གྲོང་གོང་དག་དགོན་ཞེས་ཆགས་པའི་ལོ་ཚིགས་དང་བཏབ་མཁན་མ་ངེས་ཀྱང་། གཡར་དགོན་ཞེས་ཐོག་མར་སྤྱི་ལོ་༡༧༣༨ལོར་བླ་མ་འཕྲིན་ལས་རྒྱ་མཚོ་ནས་བཞེངས་ཏེ་གཡར་དགོན་མིང་དེ་དུས་ཐོགས། དེ་ས་གཡོས་འཇིག དེ་ནས་སྤྱི་ལོ་༡༨༦༦ལོར་བླ་མ་བློ་བཟང་དར་རྒྱས་ནས་དབུ་ཁྲིད་མཛད་དེ་གདན་ས་སྤོས། དགོན་མིང་སྔར་བཞིན་འབོད། དེ་ཕྱིས་སུ་ལས་འགུལ་ནང་གཏོར། དེ་ནས་སྤྱི་ལོ་༡༩༨༥ལོར་བླ་མ་རྡོ་རྗེ་བཀྲ་ཤིས་གཙོས་སྔར་ཤུལ་དུ་ཐེངས་གསུམ་པ་བཞེངས་བ་ཡིན་ནོ།
གསར་བཞེངས་རྟེན་ལ། གུ་རུ་འདམ་སྐུ་གྲུ་དོ་ཙམ། གསེར་ཟངས་ལས་གྲུབ་པའི་ཇོ་བོའི་སྐུ་ཁྲུ་གང་ཙམ་བཅས་ཁྱོན་གསེར་སྐུ་ལྔ་ཙམ་བཞུགས། འདི་དག་ལས་མང་ཤོས་ནི་ཚེ་རིང་རྣམ་རྒྱལ་ཟེར་པའི་དཀའ་དྲིན་ཅན། ད་དུང་ཐང་ག་ཪྙིང་བ་དང་གསར་པ་ཁ་ཤས་བཞུགས། གསུང་གི་རྟེན་ལ་བཀའ་འགྱུར་ཚར་གཅིག བསྟན་འགྱུར་ཚར་གཅིག འབུམ་ཚར་གཅིག་སོགས་ཡོད་པ་ཚང་མ་སྤྱི་ཁང་དུ་བཞུགས། གཙུག་ལག་ཁང་ད་བར་དུ་བཞེངས་ཐུབ་མེད། དགོན་པ་ཆོས་སྒོ་ཕྱེ་བའི་མཛད་སྒོའི་[page 152] ཉིན་དེར་ནག་ཚང་སྤྲུལ་སྐུ། རྒྱལ་བསྟན་སྤྲུལ་སྐུ་དང་ཁང་དམར་སྤྲུལ་སྐུ། པད་དགའ་སྤྲུལ་སྐུ། རྫོང་གི་འགོ་ཁྲིད། རྫོང་ཆོས་ལུགས་ཅུའུ་ཡི་གཙོ་འཛིན་སོགས་ཕེབས་པ་དང་དད་ལྡན་སེར་སྐྱ་ཕོ་མོ་རྒན་གཞོན་གྲངས་མེད་བཅས་ནས་མཛད་སྒོ་སྤེལ། དེ་ནས་ཆོས་ཀྱི་སྒྲུབ་མཆོད་སོགས་སླར་གསོ་མཛད་དེ། བོད་ཟླ་དང་པོའི་ནང་སྨོན་ལམ་ཆེན་མོ་ཉི་མ་བདུན་དང་། བོད་ཟླ་དྲུག་པའི་ནང་གསང་འདུས་ཉིན་གསུམ། བོད་ཟླ་བདུན་པའི་ནང་དཔྱིད་ཆོས་ཉིན་གསུམ། བོད་ཟླ་བཅུ་གཉིས་པའི་ནང་དགུ་གཏོར་ཉིན་གཉིས་བཅས་ཚོགས་བཞིན་མཆིས། ཆོས་སྐྱོང་ཡང་སྔར་ལྟར་དཔལ་ལྡན་ལྷ་མོ་གཙོ་བོ་སྟེ་མ་མགོན་མགར་གསུམ་ཡིན། དེ་ནས་དགོན་པའི་སྒྲིག་ལམ་ཐད། གཙོ་བོ་འགོ་ཁྲིད་ཚན་ཆུང་གིས་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་གཞི་བཟུང་ནས་གཏན་ལ་ཕབ་པའི་སྒྲིག་ཡིག་ལྟར་ཕྱག་ལེན་གནང་བཞིན་མཆིས། ཆོས་སྒོ་ཕྱེས་ནས་ད་བར་བླ་མ་གཉིས་ཕེབས། ཐོག་མར་ཆོས་ས་གྲོང་གི་བླ་མ་ཡོན་ཏན་ཡིན། བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོ་ལ་འཁྲུངས་ཏེ་ད་ལྟ་དགུང་ལོ་བདུན་ཅུ་ཙམ་ཕེབས། དེ་ནས་ཞི་གསེར་གྲོང་གི་བླ་མ་སངས་རྒྱས་ཕུན་ཚོགས། ད་ལྟ་བླ་མ་འདི་བ་ཡིན། ཆུ་སྟག་ལོར་འཁྲུངས་ཏེ་ད་ལོ་དགུང་ལོ་སུམ་ཅུ་སོ་གསུམ་ཡིན། སྤྲུལ་བའི་སྐུ་ཕེབས་ཚུལ་ལ་བརྗོད་སྟངས་མི་འདྲ་བ་འགའ་འདུག་སྟེ་མདོར་ན་ད་བར་དུ་སྐུའི་རབས་བཞི་ཙམ་ཕེབས། དང་པོ་འཕྲིན་ལས་རྒྱ་མཚོ། (བར་དུ་དུས་ཡུན་རིང་ཙམ་ལ་ངོས་འཛིན་མ་ཐུབ) དེ་ནས་བསླུས་པའི་སྤྲུལ་སྐུ་དེ་ཡིན་ཀྱང་འདུལ་ཁྲིམས་མི་གཙང་བས་སུས་ཀྱང་བརྗོད་དགའ་བར་གྱུར། དེ་ནས་དགོན་བདག་དངོས་ཐོབ་བསྟན་འཇིགས་མེད་འཇམ་དབྱངས་རྣམ་རྒྱལ་ཡིན། འདི་བ་དགོན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁོང་ནི་སྤྱི་ལོ་༡༩༦༠ལོར་དར་རྩེ་མདོར་འདས། དེ་ནས་སྐུ་སྐྱེ་བཞི་བད་ལྟ་ངོས་འཛིན་བྱས་ནས་དགོན་པར་བཞུགས། བོད་ཀྱི་རབ་བྱུང་བཅུ་བདུན་པའི་བགྲང་བྱ་དང་པོ་མེ་ཡོས་ལོར་སྐུ་འཁྲུངས་ཏེ་ད་ལྟ་དགུང་ལོ་བརྒྱད་ལ་ཕེབས། སེར་མོ་བའི་གྲངས་ཀ་བདུན་བཅུ་ཙམ་ལ་སླེབས་ཟིན། དགོན་པའི་ནང་དུ་རྒྱུན་བཞུགས་གྲྭ་བ་ཉི་ཤུ་ཙམ་ཡོད། དེ་དག་ཡོང་ཁུངས་ནི་སྔར་གྱི་ལུགས་སྲོལ་ལྟར། དེང་ཞི་གསེར་ཞང་ལ་གཏོགས་པའི་གྲོང་ཁག་བཅུ་གཉིས་ཙམ་དང་གཞན་གྲོང་པ་ཁ་ཤས་ཡོད། སེར་མོ་བ་དེ་དག་ལ་འཚོ་བའི་ཡོང་སྒོ་གཙོ་བོ་གྲྭ་བ་རང་གི་ལས་ལ་བརྩོན་པའི་འབྲུ་རིགས་དང་གཞན་དད་ལྡན་སྐྱེ་བོ་རྣམས་ཀྱི་བསྔོ་རྟེན་དང་། དགེ་རྩ། འབུལ་རྫས། སོགས་ལ་བརྟེན་པར་མ་ཟད། དགོན་པ་འདིས་རང་ཁ་རང་གསོའི་ཆེད་དུ་མི་སེར་གྱིས་དོར་བའི་ས་ཞིང་མུའུ་བཅུ་ལྔ་ཙམ་བདག་གཉེར་གྱིས་སོ་ནམ་མཛད་པ་དེ་དང་། ཞོར་ལས་སོགས་ལོ་རེར་ཡོང་སྒོ་སྒོར་མོ་ཆིག་སྟོང་གཉིས་བརྒྱ་ཙམ་ཡོད། དེ་དག་དགོན་པའི་དུས་ཆེན་སོགས་ལ་ཕན་པ་ཤིན་ཏུ་ཆེ། ལྷག་པར་དུ་ཉེ་འཁོར་གྲོང་སྡེའི་བྱིས་པ་རྣམས་སློབ་གྲྭ་འགྲོ་བའི་མཐུན་རྐྱེན་དབེན་ཕྱིར། སློབ་ཆུང་ཞིག་བཙུགས་ཏེ་ད་ལྟ་སློབ་མ་ཉི་ཤུ་ལྷག་ཙམ་སློབ་གཉེར་བྱེད་བཞིན་མཆིས། དེའང་སློབ་མ་ལ་སློབ་དེབ་སྤྲོད་པ་དང་སློབ་[page 153] ཡོན་མི་དགོས་པ་སོགས་འགྲོ་ཕན་གྱི་དོན་རྒྱ་ཆེར་མཛད། འཁོར་ཡུག་མཛེས་ལྗོངས་ཆེད་དུ་ལྕང་སྡོང་དྲུག་བརྒྱ་ལྷག་བཙུགས་པ་དང་། གཙུག་ལག་ཁང་བཞེངས་རྒྱུ་ཐད་དཀའ་སྤྱོད་འབད་བརྩོན་བྱེད་བཞིན་ཡོད་པ་ཞེས་ཡུས་ཧུ་སྒ་ཁོག་པ་ལབ་ཕན་འདུམ་བློ་བཟང་བློ་གྲོས་ནས་བོད་ཀྱི་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་༡༩༩༥ལོའི་ཟླ་བ་གསུམ་པར་པེ་ཅིང་ནས་བྲིས་པ་དགེ་ལེགས་འཕེལ།
༡《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག་》དེབ་དང་།
༢ 《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས་》།
༣《གཡར་དགོན་གྱི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་》།བྲིས་མ་ཡིན།
གཞན་ཡང་དགོན་པའི་འགོ་ཁྲིད་ཚན་ཆུང་གི་རིན་ཆེན་དབང་གྲགས་དང་བླ་མ་ཡོན་ཏན་སོགས་ལ་བཅར་འདྲི་བྱས་པ་བཅས་སོ།།
གླང་སྣ་དགོན་ནང་རྒྱས་མིང་དུ་ཐུབ་བསྟན་བསམ་གྲུབ་མཐོང་གྲོལ་གླིང་བྱ་བ་དེ་ཁམས་དཀར་མཛེས་རྫོང་གི་རོང་པ་ཚའི་ལྷོ་ཕྱོགས་ཀྱི་རི་འདབས་སུ་ཆགས་ཡོད། དགོན་པ་འདི་ཆགས་སའི་རི་རྒྱུད་དེ་གླང་ཆེན་ཉལ་བའི་སྣ་དང་འདྲ་བས་གླང་སྣ་དགོན་ནོ། གྲུབ་མཐའ་ས་སྐྱ་བའི་དགོན་པ་དེའི་ལོ་རྒྱུས་སྐོར་གྱི་ཡིག་ཆ་རྙིང་བ་མ་མཐོང་མོད། དགོན་པ་རང་ནས་ད་སྐབས་བྲིས་པའི་ལོ་རྒྱུས་བསྡུས་པ་གཉིས་ལྟར་ན། བོད་རབ་བྱུང་བཅུ་གཉིས་པ་ལ་འཕན་པོའི་ན་ལཎྜའི་ཁྲི་ཐོག་བཅུ་བ་རྗེ་བཙུན་མཁྱེན་བརྩེ་རབ་བརྟན་རྒྱ་ནག་ཏུ་ཕེབས་པའི་ལམ་ཏུ་བཏབ་པ་ཡིན་ཟེར། བཏབ་ནས་རིང་བོར་མ་ཐོག་པར་ན་ལེཎྜའི་ཁྲི་ཐོག་བཅུ་གཅིག་པ་བཅོ་བརྒྱད་ཁྲི་བ་དགའ་ཆེན་ཁྱབ་བདག་སྙིང་བོ་དང་གཟིམ་འོག་རྡོ་རྗེ་འཆར་བསྟན་འཛིན་འཕྲིན་ལས་དཔལ་བཟང་བོ་གཉིས་ཀྱི་དངོས་སློབ་མཁྱེན་རབ་དགེ་འཕེལ་བྱ་བ་དཀར་མཛེས་ཀྱི་རོང་པ་ཚ་ནས་སྐུ་འཁྲུངས་ཤིང་ན་ལེཎྜ་ནས་སློབ་གཉེར་ལོ་དྲུག་ལ་གནང་རྗེས་གཞུང་བརྒྱར་གཟིགས་རྒྱ་ཡངས་པའི་མཁས་པ་ཆེན་པོར་གྱུར། དགེ་འཕེལ་རི་ཁྲོད་གསར་དུ་བཏབ་ཅིང་གྲུབ་མཐའི་རྣམ་བཞག་དང་། འདུལ་བའི་སྡོམ་ཚིག་ལམ་འབྲས་ཟིན་བྲིས། དབུ་མའི་དཀའ་འགྲེལ་བཅས་ལྗགས་རྩོམ་གང་མང་གནང་། དགུང་ལོ་དོན་བདུན་ལ་སྐུ་གཤེགས། སྐུ་ཕྲེང་གཉིས་པ་ཀུན་དགའ་རྒྱལ་མཚན་ཏྲེ་ཧོར་ཉི་ཁོག་ཏུ་འཁྲུངས། གཟིམ་འོག་བསྟན་འཛིན་སྙན་གྲགས་དང་ངོར་མཁན་ཆེན་གྱི་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། ས་སྐྱ་གོང་མ་འཇམ་མགོན་ཀུན་དགའ་རྒྱལ་མཚན་སོགས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་ཀྱི་གཞུང་དང་རྩིས་དཀར་ནག་དང་བཅས་པའི་རིག་གནས་གང་མང་གསན། ས་སྐྱའི་འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་དབུ་ཞྭ་སྐུ་ཆོས་སོགས་གནང་སྦྱིན་དང་མཆོག་གི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། དགུང་ལོ་སོ་གསུམ་ལ་སྐུ་གཤེགས། དགེ་འཕེལ་སྐུ་ཕྲེང་[page 174] གསུམ་པ་སྙན་གྲགས་བསྟན་པའི་དབང་ཕྱུག་ནི་བོད་རབ་བྱུང་བཅུ་བཞི་བའི་ཤིང་ཕོ་སྟག་སྟེ་སྤྱི་ལོ་༡༩༨༤ལོ་ཟླ་༦པའི་ཚེས་༡༤ཉིན་སྐུ་འཁྲུངས། དབུས་གཙང་དུ་ཕེབས། ས་སྐྱ་ནས་བདག་ཁྲི་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་གྱི་ཞལ་མཇལ་ཞིང་མདོ་སྔགས་ཀྱི་རིག་གནས་ཀུན་ལ་བརྩོན་པ་ལྷོད་མེད་བསྐྱངས། དེ་ནས་ན་ལེཎྜར་ཕེབས་ནས་མཁན་རིན་པོ་ཆེ་འཇམ་མགོན་ངག་དབང་བསྟན་འཛིན་སྙན་གྲགས་སོགས་ལས་སེམས་བསྐྱེད་དང་རྒྱུད་སྡེའི་དབང་ཁྲིད་ལུང་མང་དུ་གསན། རང་ཡུལ་ལ་ཕེབས་ཏེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་བླ་མར་བསྟེན། གཞུང་བརྒྱའི་ཚིག་དོན་མཐའ་དག་གི་ཆ་རྣམས་མ་འདྲེས་པར་ཐུགས་སུ་ཆུད། སྒོས་ཀྱི་དོན་རྣམས་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་མཁས་པ་ཆེན་པོར་གྱུར། གསུང་ལས་སྐྱེས་པའི་ཞལ་སློབ་ཡང་ས་སྐྱའི་རྗེ་བཙུན་མ་པད་མ་འཕྲིན་ལས་བདུད་འདུལ་དབང་མོ་དང་ཤར་བའི་རྒྱལ་སྲས་འཇམ་དབྱངས་ཆོས་ཉི། ཁང་གསར་ཞབས་དྲུང་ངག་དབང་ཤེར་རྒྱམ། ཉ་བྲག་སྤྲུལ་སྐུ། ས་སྐྱ་ཡོན་ཏན་གྲགས་པ། སི་ཏུའི་དབོན་བླ་མ་ཚུལ་རྒྱམ་སོགས་མང་དུ་བྱོན། མཐར་བོད་རབ་བྱུང་བཅོ་ལྔ་པའི་ས་ཁྱི་སྟེ་༡༨༩༨ལོ་ལ་དགུང་གྲངས་ཞེ་ལྔའི་སྟེང་དགོངས་པ་རྫོགས། དགེ་འཕེལ་སྐུ་ཕྲེང་བཞི་བ་འཇམ་དབྱངས་ཀུན་བཟང་ཆོས་ཀྱི་ཉི་མ་ནི་བོད་རབ་བྱུང་བཅོ་ལྔ་བའི་ནང་ཚན་ཞིག་ཏུ་ར་སྟོད་ཝ་དཀར་གྲོང་དུ་སྐུ་འཁྲུངས། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དང་ས་སྐྱ་གོང་མ་ཀུན་དགའ་རིན་ཆེན། བཅོ་བརྒྱད་ཁྲི་ཆེན་དང་བཅས་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་ཆེན་དམ་པ་དུ་མ་བསྟེན་ཞིང་ཞལ་སློབ་ཀྱང་གང་མང་བྱོན། དགུང་ལོ་དོན་བརྒྱད་ལ་ལྷ་ལྡན་དུ་སྐུ་གཤེགས། དགེ་འཕེལ་སྐུ་ཕྲེང་ལྔ་བ་ཀུན་དགའ་འཇམ་དབྱངས་སྙན་གྲགས་བསྟན་པའི་རྒྱལ་མཚན་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ་༡༩༥༢ལོ་སྡེ་དགེའི་དཔལ་སྤུངས་དགོན་གྱི་ཉེ་འདབས་སུ་སྐུ་འཁྲུངས། དགུང་ལོ་བཞིའི་སྟེང་དུ་གླང་སྣའི་གདན་ཁྲིའི་བདག་པོར་མངའ་གསོལ་ནས་གླང་སྣ་དགོན་དུ་བཞུགས། ང་དགུ་ལོ་ཕ་ཡུལ་དུ་ལོག་ནས་ལོ་སོ་གཅིག་བར་དུ་བཞུགས། དེ་ནས་ཡིད་ལྷུང་ལྷ་རྒྱལ་དགོན་དུ་བླ་མ་དགེ་འདུན་ཆོས་འཕེལ་གྱི་དྲུང་དུ་དཔལ་ཀྱེེ་རྡོར་སོགས་གསན། རྫོགས་ཆེན་བཤད་གྲྭར་ཞུགས། དགུང་ལོ་སོ་བདུན་ལ་སྐུ་གཤེགས། དགེ་འཕེལ་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཀུན་དགའ་སྙན་གྲགས་ནི་དཀར་མཛེས་རྫོང་ཟླ་ཐང་མའི་དགེ་རྩེ་ཚོ་བར་འཁྲུངས། ད་ལྟ་ལོ་དྲུག་ཡིན། གཞན་ཡང་བླ་བྲང་ཁག་བཞི་ལས་བླ་མ་རྡོ་རྗེ་མགོན་པོ་དང་ཀར་ལི། ནོར་བུ། ཡ་རྡོ་ཚེ་དཔག ཀརྨ་རྡོ་རྗེ། རིན་ཆེན་བཀྲ་ཤིས། བཀྲ་ཤིས་ནོར་བུ། བསམ་གཏན་སོགས་ཀྱིས་ཀྱང་མཁན་པོ་དང་ཁྲི་བ་མཛད་དེ་དགོན་པ་བསྐྱངས། ད་སྐབས་བླ་མ་བསོད་ནམས་དབང་འདུས་ནི་རྫོང་གསར་བཤད་གྲྭར་ལོ་ཕྱེད་དྲུག་དང་དེ་ནས་བྲག་ཡབ་བློ་གྲོས་བསྟེན་ནས་མདོ་སྔགས་ཀྱི་བཤད་ཁྲིད་རྒྱ་ཆེར་[page 175] གསན། བླ་གྲྭ་རྣམས་ལ་སྤྱོད་འཇུག་དབུ་མ་པ་སོགས་འཆད་སྤེལ་མུ་མཐུད་གནང་བ་སོགས་བཀའ་དྲིན་ཆེ། ཁོང་དང་བདག་གཉེར་ཚོ་ཆུང་གིས་དགོན་པའི་འགན་ཁུར་ཡོད། དགོན་པ་འདི་སྔོན་མཁྱེན་རབ་དགེ་འཕེལ་གྱིས་བདག་པོ་མཛད་ཅིང་ཕྱིས་སུ་དུས་ངེས་མེད་ཅིག་ལ་དཔལ་ས་སྐྱ་ནས་བླ་མ་མངགས་ཏེ་དགོན་པའི་བདག་པོ་བྱས། འགན་ཡུན་ལོ་ལྔ་རེར་འབུལ་བ་ཡོང་སྒོ་ས་སྐྱར་ཕུལ་ནས་བླ་མ་གསར་བ་བརྗེ་བའི་སྲོལ་བཙུགས། དེར་ཡང་བླ་མ་འགའ་རེ་དགོན་པ་དང་འབྲེལ་བ་ཟབ་ཚེ་འབུལ་ཡོང་སྒོ་རྣམས་ས་སྐྱར་ཕུལ་ཏེ་སླར་ཡང་ལོ་ལྔ་ཚན་རེ་ཟུང་བཞུགས་པའི་ལོ་རྒྱུས་ཡོད། བླ་མ་དེ་རྣམས་ཀྱི་མཚན་ཐམས་ཅད་མ་ངེས་མོད། ཕྱིས་སུ་ཕེབས་པ་ནི་ཀུན་དགའ་རིན་ཆེན་དང་། སློབ་དཔོན་རིན་པོ་ཆེ། ཤཱཀྱ་ཞུ་བ་ཞིག སྦྱིན་པ་ཆོས་འཕེལ་བཅས་སོ། དགོན་པ་འདི་ཤིན་ཏུ་རྒྱས་པའི་དུས་སུ་གྲྭ་བ་སུམ་བརྒྱ་ཙམ་དང་རྒྱུན་དུ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པར་གྲགས། གྲྭ་བའི་ཡོང་ཁུངས་ལ་སྔོན་སྡེ་དགེ་རྒྱལ་བོས་ཨ་ཐུབ་དཔོན་གྱི་ཞབས་དུད་རེ་ནས་གྲྭ་ཁྲལ་བགོས་ཚུལ་གྱི་བཀའ་ཤོག་དགོན་དུ་ཡོད་ལ། རི་ཕུག་དགོན་དེ་ཉག་སྐེད་པས་གཏོར་རྗེས་བཀའ་ཤོག་དེ་གླང་སྣ་ལ་སྤྲད་ནའང་ཇི་བཞིན་མ་འགྲུབ། ཚོ་ཁག་དེ་རྣམས་ནི། ཡེ་རྩག མ་དར། རྡོ་རི། གླིང་ལ། ཝྭ་དཀར། དགེ་ཐོག་བཅས་ཡིན་ལ་གྲྭ་རྩ་དུད་ཉིས་བརྒྱ་ཙམ་ཡོད་སྐད། དགོན་པའི་རྟེན་གྱི་སྐོར་ལ། གསེར་སྐུ་དང་ཐང་སྐུ། འདམ་སྐུ་ལ་སོགས་པ་མང་པོ་བཞུགས་ཀྱང་། ཀུན་ལས་བྱིན་གྲགས་ཅན་ཇོ་བོའི་སྐུ་བརྙན་ཞིག་བཞུགས་པའི་ལོ་རྒྱུས་ནི། དར་དགོན་གྱི་གྲྭ་བ་རྡོ་རྗེ་ཆོས་འཕེལ་བྱ་བ་ཕྱོགས་ཀུན་ལ་འཁྱམས་པའི་མཐར་འབྲི་གུང་གདན་ས་མཐིལ་དུ་ཞུགས་ནས་དཀོར་གཉེར་དུ་གྱུར། ནམ་ཞིག་ཝ་དཀར་ཚང་གི་ཚོང་བ་ཞིག་ཀྱང་དེར་སླེབས་པ་ན་དེ་དང་མཉམ་དུ་འབྲི་གུང་གི་རྟེན་གཙོའི་ཇོ་བོའི་སྐུ་རྟེན་གཉིས་བརྐུས་ཏེ་རང་ཡུལ་དུ་འབྱོར། ཇོ་སྐུ་གཅིག་དར་དགོན་ལ་ཕུལ་ཞིང་གཞན་ཞིག་ཝ་དཀར་ཚང་ལ་སྤྲད་པ་ན་ཝ་དཀར་ཚང་གིས་གླང་དགོན་ལ་ཕུལ་བ་དེའོ། །གསུང་རྟེན་ལ་རྒྱལ་བའི་བཀའ་བསྟན་དང་། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་པོ་ཏི་གྲངས་མེད་པ་བཞུགས་པ་ལས་རྟེན་བྱིན་ཅན་གྱི་གཙོ་བོ་ནི། སྡ་དགེ་བཀའ་འགྱུར་གྱི་ཤིང་པར་གསར་དུ་བསྐྲུན་ནས་ཐོག་མར་པར་བའི་བཀའ་འགྱུར་གྱི་ཕུད་དེ་ཉ་བྲག་སྤྲུལ་སྐུས་དགོན་པ་འདིར་གདན་དྲངས་པ་བཞུགས། ཐུགས་ཀྱི་རྟེན་ལ་ས་སྐྱ་བྱམས་པ་ཕྱོགས་ཀྱི་གླང་པོའི་གདུང་རྫས་གཙོ་བོར་གྱུར་པའི་གཟུངས་གཞུག་རྩ་ཆེན་མང་དུ་བཞུགས་པའི་མཆོད་རྟེན། དེ་དང་གསེར་སྐུ་དང་ཐང་སྐུ། འདམ་སྐུ་ལ་སོགས་པའང་གང་མང་བཞུགས། ཡིན་ནའང་གཙུག་ལག་ཁང་དང་རྟེན་བྱིན་ཅན་ཕལ་ཆེར་བ་རྗེས་སུ་འཇིག དེ་ལས་སྟབས་ལེགས་པར་ལྷག་ཡོད་པ་ནི་གསེར་སྐུ་ཁ་ཤས་དང་། ཐང་སྐུ་བཞི་བཅུ་ཙམ། རོལ་ཆ་རྙིང་བ་འགའ། མཆོད་ཆ་སྐོར་ཞིག བཀའ་འགྱུར་ཚར་གཅིག་བཅས་སོ། སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཆོས་ལུགས་སྲིད་ཇུས་ཡང་[page 176] དག་པ་ལག་ཏུ་བསྟར་བས་ཆོས་སྒོ་ཕྱེ་ཞིང་དགོན་པ་གསར་དུ་བཞེངས། ད་སྐབས་ཚོགས་ཆེན་འདུ་ཁང་དང་། མགོན་ཁང་། བཤད་གྲྭ་ལྷ་ཁང་། སྤྱི་ཁང་། ཇ་ཁང་། འཆམ་ར། གྲྭ་ཁང་བཅོ་བརྒྱད་བཅས་གསར་དུ་བཞེངས་ཡོད། དེར་རྟེན་གྱི་གཙོ་བོ་དགེ་འཕེལ་གོང་མའི་སྐུ་གདུང་དང་། གཞན་དུས་གསུམ་སངས་རྒྱས། ས་སྐྱ་གོང་མ་རྣམ་ལྔ། པད་མ་འབྱུང་གནས། ཚེ་ལྷ་རྣམ་གསུམ་བཅས་ཀྱི་འདམ་སྐུ་དང་། མགོན་ཁང་དུ་ཆོས་སྐྱོང་ཆ་ཚང་གི་འདམ་སྐུ་དང་། བཀའ་བསྟན་གྱིས་གཙོས་པའི་གསུང་རབ་པོད་ལྔ་བརྒྱ་ལྷག་ཙམ་དང་། མཆོད་ཆ། འཆམ་གོས་དང་འབག་ཆ་ཚང་བཅས་ཡོད།
དགོན་པ་འདིའི་འཆད་ཉན་སློབ་གསོའི་སྐོར་ལ། དང་པོ་འབྲི་ཀློག་ནས་གཞུང་བཀའ་པོད་ལྔའི་བར་དང་གཞན་ཐུན་མོང་གི་རིག་གནས་བཅས་ལ་དགོན་པ་རང་ནས་སྦྱོང་རྒྱུ་མ་གཏོགས་གྲྭ་བ་ཚང་མ་ཨེ་ཝཾ་ཆོས་ལྡན་ནམ་གཙང་ངོ་རུ་དགོན་དུ་ཞུགས་ནས་སློབ་གཉེར་བྱེད་པའི་སྲོལ་ཡོད། དེར་ཞུགས་ནས་ལོ་གཅིག་ངེས་པར་དུ་འདུག་དགོས་ལ་དེ་ལས་ལྷག་རང་མོས་ལྟར་རོ། དགོན་པའི་དུས་མཆོད་སྐོར་ལ། ཟླ་དང་པོར་མ་ཎི་བུམ་སྒྲུབ་ཉིན་བརྒྱད། ཀུན་རིགས་ཉིན་བརྒྱད། མཐར་བཀའ་ཆོས་ཡོད། ཟླ་གཉིས་པར་ཚེ་དཔག་ལྷ་དགུའི་སྒྲུབ་མཆོད་ཉིན་ལྔ། ཟླ་གསུམ་པར་མི་འཁྲུགས་པའི་སྒྲུབ་མཆོད་ཉིན་ལྔ། ཟླ་བཞི་པར་ཀྱེེ་རྡོར་སྒྲུབ་མཆོད་ལ་ཉིན་བདུན་དང་བསྙུང་གནས་ཉིན་གཉིས། ཟླ་ལྔ་པའི་བཅོ་ལྔ་ནས་བདུན་པའི་ཚེས་འགོར་དབྱར་གནས། ཟླ་དགུ་བར་ས་སྐོར་ཞེས་པའི་ཀྱེེ་རྡོར་སྒྲུབ་མཆོད་ཉིན་ལྔ། ཟླ་བཅུ་བར་རྡོར་སེམས་ཉིན་ལྔ། ཟླ་བཅུ་གཅིག་པར་ས་པཎ་དུས་ཆེན་ཉིན་གཉིས། ཟླ་བཅུ་གཉིས་པར་མགོན་པོ་ཁྲོ་བཅུའི་གཏོར་ཆེན་ཉིན་བཅུ་དང་དེ་འབྲེལ་གྱི་གར་འཆམ་ཕྱག་ལེན་མ་འཁྲུལ་བ་དང་བསྐང་གསོ་དང་སྒྲོལ་ཆོག་རྒྱུན་ཚུགས་བཅས་སོ། །
དགོན་པའི་ལས་སྣེ་སྐོར་ལ། དགེ་འཕེལ་སྤྲུལ་སྐུ་ནི་བསྟན་པའི་བདག་པོ་ཡིན་མོད། བླ་ཁག་གཞན་པ་ཡོན་ཏན་ཅན་བྱོན་ན་དེས་ཀྱང་ཁུར་ཆོག དགེ་བསྐོས་གཅིག་དང་དབུ་མཛད་གཅིག་གི་འགན་ཡུན་ལོ་གཉིས་རེ། བསམ་གནས་གཉིས་ཀྱི་འགན་ཡུན་ལོ་ལྔ། མཁན་པོ་ལོ་བདུན། ད་རུང་སྤྱི་བ་གཉིས་དང་བུམ་སྒྲུབ་གཉེར་བ་བཅས་སོ། ད་སྐབས་བདག་གཉེར་ཚོ་ཆུང་གིས་དགོན་པའི་འགན་ཁུར་ཡོད། རྒྱལ་ཁབ་ཀྱིས་གཏན་དུ་འཁེལ་བའི་གྲྭ་གྲངས་ནི་ལྔ་བཅུ་དང་ད་ལྟ་ཐོར་བཀོད་པ་དགུ་བཅུ་ཙམ་དང་རྒྱུན་སྡོད་ལྔ་བཅུ་ཙམ་མོ། སྤྱི་ལོ་༡༩༩༤ལོའི་ཟླ་༨པར་དགོན་པ་འདིར་རྩད་གཅོད་དང་ཞིབ་འཇུག་ཏུ་ཕྱིན་དུས་བླ་གྲྭ་རྣམས་སྡེ་དགེར་བཀའ་ཆོས་གསན་དུ་ཕེབས་སོང་བས་ལོ་རྒྱུས་ཞིབ་ཏུ་བཀའ་འདྲི་ཞུ་མ་ཐུབ་པས་དགོན་པའི་དར་རྒུད་ཀྱི་ལོ་རྒྱུས་ཞིབ་ཆ་འབྲི་མ་ཐུབ་པ་དང་། དཔལ་འབྱོར་སྐོར་ཆད་པས་འཕངས། ད་ལམ་དཀར་མཛེས་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་འཚོལ་སྡུད་གནང་བའི་དཔལ་ལྡན་ས་སྐྱའི་རྒྱུད་འཛིན་གླང་སྣ་དགོན་གྱི་བྱུང་བ་མདོར་བསྡུས་བརྗོད་པ་ཞུ་བ་ཤོག་ལྡེབ་ཉེར་བཞི་ཅན་[page 177] དང་། དགོན་པ་རང་གིས་བྲིས་ནས་བསྐུར་བའི་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་གླང་སྣ་དགོན་གྱི་ལོ་རྒྱུས་མདོར་བསྡུས་བྱ་བ་ལག་བྲིས་མ་ཤོག་ལྡེབ་ཉེར་གཅིག་ཅན་དེ་གཉིས་གཞིར་བྱས་ནས་གོ་ལྔ་ལོའི་ཟླ་གསུམ་པར་མདོ་སྨད་ཁྲི་ཀའི་སྐྱེ་མིང་བ་ཚེ་རིང་ཐར་གྱིས་པེ་ཅིན་ནས་སྦྱར་བའོ། །
ཉ་བྲག་དགོན་པ་འདི་ནི་དཀར་མཛེས་རྫོང་གསེར་མཁར་ཞང་གི་འཁོར་དུ་ཆགས་ཡོད། ཉ་བྲག་ཞེས་ཐོག་དོན་ནི་རིའི་དབྱིབས་ཉ་དང་འདྲ་བའི་བྲག་གི་མགོ་ན་དགོན་འདི་ཆགས་ཡོད་པས་ཉ་བྲག་དགོན་ཞེས་ཟེར། དགོན་པ་འདི་ནི་བོད་རབ་བྱུང་ལྔ་པའི་ནང་འགྲོ་མགོན་འཕགས་པའི་ཐུགས་དགོངས་ལྟར་པཀྵི་རིན་ཆེན་དཔལ་བཟང་གིས་ཕྱག་བཏབ་པ་གནང་བའི་གྲུབ་མཐའ་ས་སྐྱ་བའི་དགོན་པ་ཞིག་ཡིན། ཡང་དམ་པ་འགའ་རེ་གསུང་ཚུལ་གཞན་ཞིག་ལ། དགོན་པ་འདི་ཐོག་མར་ཕྱག་འདེབས་མཁན་ནི། རྗེ་ཕག་མོ་གྲུབ་པའི་དངོས་སློབ་གྲུབ་ཐོབ་ཉག་སེ་པ་ཡིན་པར་གསུངས། གཙུག་ལག་ཁང་ལ་ཀ་བ་བརྒྱ་ཕྲག་གཅིག་གིས་བཏེགས་ཡོད། དེ་ནས་དུས་ཡུན་རིང་པོ་འདས་རྗེས་དགོན་པ་འདི་ཧ་ཅང་ཉམས་ཆག་བྱུང་བར། ཤངས་པ་བཀའ་བརྒྱུད་ཀྱི་མཁན་ཆེན་བྱང་ཆུབ་བླ་མས་གཙུག་ལག་ཁང་ཉམས་གསོ་མཛད། བླ་མ་འདི་དང་རྗེ་ཙོང་ཁ་པ་གཉིས་ཐུགས་ཡིད་ཤིན་ཏུ་འདྲིས་པས་ཁོང་གིས་རྗེ་ཙོང་ཁ་པ་ལ་དགོན་པ་འདིར་བྱིན་རླབས་ཀྱི་རྟེན་ཞིག་བསླངས་པར། རྗེ་ཙོང་ཁ་བ་ཆེན་པོས་ཉིད་ཀྱི་སྐུ་ཆིངས། སྟོད་འགག སྣམ་སྦྱར། གཞན་ཡང་བྱིན་རྟེན་མང་པོ་གནང་བ་རྣམས་མགོན་པོ་ཕྱག་དྲུག་པའི་གཟུངས་བཞུགས་སུ་ཕུལ་བར་དཀར་ཆག་རྙིང་བ་ལས་བཤད། བྱང་ཆུབ་བླ་མ་དགོན་འདིར་ཡུན་རིང་བཞུགས་པར་དེ་དུས་དགེ་འདུན་སྟོང་ཕྲག་ལས་བརྒལ་བར་བྱུང་བར་གྲགས། རབ་བྱུང་བཅུ་པའི་མཇུག་ཏུ་ས་སྐྱའི་བདག་ཆེན་ཨ་མྱེ་མཐུ་སྟོབས་གདན་ས་འདིར་བྱོན་ནས་རྟེན་རྙིང་རྣམས་ལ་ཉམས་གསོ་མཛད། དེ་ནས་རིམ་གྱིས་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་བཟང་པོ་དང་། སྡེ་དགེ་ལྷུན་གྲུབ་[page 169] སྟེང་གི་བླ་མ་ཤར་ཆེན་མི་འགྱུར་རྒྱལ་མཚན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམས་ཀྱིས་ཀྱང་དགོན་འདིའི་འགན་འཁུར་ནས་གཙུག་ལག་ཁང་དང་ནང་རྟེན་སོགས་ལ་ཉམས་གསོ་མཛད། ཕྱིས་སུ་སྒ་བརྟན་རྡོ་རྗེ་འཆང་ངག་དབང་ལེགས་པ་དགོན་འདིར་བྱོན་ནས་དགེ་འདུན་མང་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་གནང་བ་དང་། རྟེན་བཞེངས་མཆོད་འདུལ་གནང་བ་སོགས་བཀའ་དྲིན་ལྷག་པར་ཆེ།
དེ་ཡང་དབུ་རྩེ་ཁང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་སྐུ་བརྙན་ཁྱད་པར་ཅན་ཚར་བཅུ་བདུན། ཙན་དན་དཀར་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤྭ་ར། བྱང་ཆུབ་བླ་མའི་གདུང་རིལ་བོར་བཞུགས་པའི་གསེར་གདུང་ཆེན་མོ། བླ་མ་དེ་ཉིད་ཀྱི་སྐུ་བརྙན་ང་འདྲ་མ་བྱིན་ཅན། ཐུགས་དམ་གྱི་རྟེན་མགོན་པོ་ཕྱག་དྲུག་པ། ལྷག་པར་དུ་ཙན་དན་དམར་པོ་ལས་གྲུབ་པའི་ཐུབ་དབང་གི་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གངས་ཅན་མཚོ་སྐུ་འདྲ་འདི་གཉིས་ལ་མཚན་མོ་མེ་འོད་འགྲོ་བ་དང་ཐུགས་ཀར་བྱིའུ་ཙམ་གྱི་དྲོད་ཡོད་པར་བཤད། ལི་སྐུ་ཀུན་རིག་རྩ་ལྷ་སོ་བདུན་སོགས་ལི་སྐུ་ཉིས་བརྒྱ་ཙམ་བཞུགས། མགོན་ཁང་དུ། ཐུབ་པ། གནས་བརྟན་བཅུ་དྲུག ཧ་ཤང་། རྒྱལ་ཆེན་བཞི། གུར་ལྷ་བརྒྱད། རུ་འདྲེན་སྡེ་བཞི། ཙན་དན་དམར་པོ་ལས་གྲུབ་པའི་གུར་ཞལ་གྱི་སྐུ། སྤོས་འདམ་ལས་གྲུབ་པའི་གུར་མགོན་བྱིན་ཅན། མ་གཅིག་ལབ་སྒྲོན་གྱི་ཕྱག་དྲིལ། བྲིས་ཐང་སྐོར་ལ། དཔག་བསམ་འཁྲི་ཤིང་། གྲུབ་ཆེན་བརྒྱད་ཅུ། རྒྱུད་སྡེ་དཀྱིལ་འཁོར་ཆ་ཚང་། ས་ཆེན་གོང་མ་ལྔ་སོགས་བྲིས་ཐང་ལྔ་བརྒྱ་ལྷག་བཞུགས། གཞན་ཡང་མགོན་དཀར། དུར་བདག་ཡབ་ཡུམ། མགོན་པོ་སྟག་ཞོན་སོགས་བཞུགས། གསེར་གདུང་ཁང་དུ་གྲུབ་ཆེན་བིར་པ་བའི་གཙོས་སྐུ་འདྲ་མང་པོ་དང་། ནུབ་ལྷ་ཁང་དུ་བཅུ་གཅིག་ཞལ། ཐང་སྟོང་རྒྱལ་པོ། མི་ལ་རས་པ་སོགས་སྐུ་འདྲ་བཞི་བཅུ་ལྷག་བཞུགས། ལྷ་ཆེན་ཁང་དུ་རྣམ་རྒྱལ་མཆོད་རྟེན་དང་དབྱེན་ཟླུམ་མཆོད་རྟེན་སོགས་དང་། གསུང་རྟེན་སྐོར་ལ་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་ཚར་གཅིག གསེར་དངུལ་འདྲེས་མའི་བྲིས་པ་ཚར་གཉིས། འབུམ་དངུལ་བྲིས་ཚར་གཉིས། སྣག་པར་བཀའ་འགྱུར་དང་བསྟན་འགྱུར། ས་ཆེན་གོང་མ་ལྔའི་བཀའ་འབུམ། ལམ་འབྲས། སྒྲུབ་ཐབས་དང་རིན་ཆེན་གཏེར་མཛོད་སོགས་མང་ངོ་། མཆོད་ཆས་སྐོར་ལ། དུང་མཚོ་རས་པས་གཏེར་ནས་བཏོན་པའི་ཆོས་དུང་དཀར་པོ་སྐབས་སྐབས་སུ་རང་སྐད་གྲགས་པ་དང་། རྐུན་མས་ཁྱེར་ནས་བུས་ཀྱང་སྒྲ་མ་གྲགས་པ་སོགས་དང་། སྟག་དུང་ཕྲ་བོ་ཆ་བཅུ་སོགས་ཡོད།
[page 170] དགོན་པ་འདིར་སྔོན་ལ་མཁན་པོ་གཅིག་མ་གཏོགས་མེད། མཁན་པོ་ནི་ལོ་གསུམ་རེ་ནས་བསྐོ་བ་ཡིན། ཕྱིས་སུ་བེ་རུ་དཔོན་པོ་ཁྲོམ་དགེ་ལ་སྤྲུལ་སྐུ་ཞིག་དགོས་པར་ཞུས་པར། ཀུན་དགའ་བསྟན་པའི་རྒྱལ་མཚན་ཉིད་སྤྲུལ་སྐུ་དང་པོར་ངོས་འཛིན་བྱས་ཏེ་ད་ལྟའི་བར་སྐུ་ཕྲེང་བཞི་ཕེབས་ཡོད། དགོན་པ་འདིའི་བཤད་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པ་གཙོ་བོར་བྱེད་པ་ཡིན། དེ་ཡང་གཙོ་བོ་ཀྱེ་རྡོར་ལ་ཉམས་ལེན་བྱེད་པ་ཡིན། རྒྱུན་གྱི་སྒྲུབ་མཆོད་ནི། ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་ཀུན་རིག་སྒྲུབ་མཆོད། ཚེས་ཉེར་དྲུག་ནས་ཀྱེེ་རྡོར་གྲུབ་མཆོད་ཉིན་བདུན། ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་བདེ་མཆོག་ནག་པོའི་སྒྲུབ་མཆོད་ཉིན་བདུན། ཟླ་གསུམ་པའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་ཉི་ཤུ། ཟླ་བཞི་པའི་ཚེས་བདུན་ནས་ཀྱེེ་རྡོར་སྒྲུབ་མཆོད་ཉིན་བདུན། ཚེས་ཉེར་གསུམ་ནས་ཀྱེེ་རྡོར་གྲུབ་མཆོད་ཉིན་བདུན། ཟླ་ལྔ་བའི་ཚེས་དྲུག་ནས་རྣམ་རྒྱལ་སྒྲུབ་མཆོད་ཉིན་དགུ། ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་གཅིག་དང་ཕྱེད། ཟླ་བདུན་པའི་ནང་ཀྱེེ་རྡོར་སྒྲུབ་མཆོད་ཉིན་བཅུ་བཞི། ཟླ་བརྒྱད་པའི་ནང་འཇིགས་བྱེད་བདག་འཇུག་ཉིན་ལྔ། དྲུག་བཅུ་པའི་གཏོར་བཟློག་ཉིན་གསུམ། ཚེས་བཅོ་ལྔ་ནས་ཡི་དམ་སེང་གདོང་མ། ཕྱག་རྡོར་འབྱུང་པོ་འདུལ་བྱེད། གུར་མགོན་བཅས་ལ་བསྙེན་ཚད་ཉིན་བདུན། ཟླ་དགུ་པའི་ནང་གསང་འདུས་འཇམ་རྡོར་དང་མི་བསྐྱོད་པ་གཉིས་ཀྱི་དངོས་རྟ་ཉིན་བཅུ་བཞི། ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བདེ་མཆོག་ལི་ཧཱུ་བ་དང་མཁའ་སྤྱོད་སྒྲུབ་མཆོད་བཅས་ཉིན་བཅོ་ལྔ། ཚེས་ཉེར་གཅིག་ནས་གུར་གྱི་མགོན་པའི་དྲུག་བའི་གཏོར་བཟློག་ཉིན་བཞི་དང་འཆམ་ཉིན་གསུམ། ཚེས་སུམ་ཅུ་ནས་ཟླ་བཅུ་གཉིས་པའི་ཚེས་བཞི་བར་ཆོས་སྐྱོང་སྤྱི་ལ་གཏང་རག་ཉིན་ལྔ། ཚེས་དགུ་ནས་ཕུར་བའི་སྒྲུབ་མཆོད་ཉིན་བདུན། ཚེས་ཉེར་གཅིག་ནས་མགོན་པོ་ཁྲོ་བཅུའི་གཏོར་བཟློག་ཉིན་དགུ་བཅས་སོ། །
བཅིངས་འགྲོལ་སྔོན་དགོན་པ་འདི་ཧ་ཅང་རྒྱས་པའི་དུས་སུ་སེར་མོ་བ་རྒྱུན་བཞུགས་ཉིས་བརྒྱ་དོན་བརྒྱད་ཙམ་ཡོད། དགོན་པའི་ཆོས་སྐྱོང་གཙོ་བོ་ནི་དཔལ་ལྡན་གུར་གྱི་མགོན་པོ་དང་། འཇིག་རྟེན་པའི་ལྷ་གཞི་བདག་ནུས་མཐུ་ཅན་འབུ་ཆུང་སྟག་སྤྲུལ་སོགས་བསྟེན། དམངས་གཙོའི་བཅོས་བསྒྱུར་སྐབས་སུ་གྲྭ་བ་རྣམས་རང་རང་སོ་སོའི་ཁྱིམ་ལ་ཕྱིན་ནས་སྤྱི་ཚོགས་ཐོན་སྐྱེད་ལ་ཞུགས། རི་གནས་གསར་བརྗེའི་སྐབས་གཙུག་ལག་ཁང་ནི་ཉེ་འདབ་ཀྱི་གྲོང་བའི་འབྲུ་རིགས་འཇོག་ས་བྱས། དགོན་པའི་ནང་རྟེན་གྱི་སྐོར་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་འཇིག་ཟིན།
[page 171] ༡༩༨༣ལོའི་ཟླ་བདུན་པའི་ཚེས་སུམ་ཅུ་ལ་རྫོང་སྲིད་གཞུང་ནས་དགོན་པ་ཡང་བསྐྱར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་གཙུག་ལག་ཁང་གྲོང་པའི་ལག་ནས་ཕྱིར་བླངས་ཏེ་ཉམས་གསོ་དང་། ནང་རྟེན་གྱི་སྐོར་རྣམས་ཀྱང་རིམ་གྱིས་བཞེངས་ཏེ་ད་ལྟ་ཕལ་ཆེར་ཉམས་གསོ་གྲུབ། སྔོན་གྱི་རྟེན་རྙིང་སྐོར་ལྷག་ཡོད་པ་ནི། དགོན་པའི་རྟེན་གཙོ་ཙན་དན་དམར་པོ་ལས་གྲུབ་པའི་ཐུབ་དབང་གི་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གངས་ཅན་མཚོ་གཉིས་ལ་སྐབས་འགར་འོད་འཕྲོ་བ་དང་ཐུགས་ཀར་བྱིའུ་དྲོད་ཙམ་ཡོད་པ་གཉིས་ཀྱིས་གཙོས་དཔག་བསམ་འཁྲི་ཤིང་། རྒྱུད་སྡེ་དཀྱིལ་འཁོར། དུང་མཚོ་རས་པའི་གཏེར་ནས་བཏོན་པའི་ཆོས་དུང་དཀར་པོ་རང་གྲགས་མ་སོགས་འགའ་རེ་ལྷག་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་སེར་མོ་བ་ལྔ་བཅུ་ཡིན་ནའང་དོན་དངོས་སུ་རྒྱུན་བཞུགས་པ་དྲུག་ཅུ་རེ་ལྔ་ཙམ་ཡོད།
དམངས་གཙོའི་བཅོས་བསྒྱུར་ཡར་སྔོན་དུ་དགོན་པ་གཞུང་ལ་ས་ཞིང་མུའུ་ཉིས་བརྒྱ་ལྷག་ཡོད། ས་ཞིང་དེ་རྣམས་གྲོང་བ་ཚོ་ལ་འདེབས་སུ་བཅུག་སྟེ་ལོ་མཇུག་ཏུ་ས་ཞིང་མུའུ་རེ་ནས་འབྲུ་རིགས་རྒྱ་མ་སུ་ཅུ་ལྷག་དགོན་པ་ལ་སྤྲོད་དགོས། ལྷག་མ་རྣམས་གྲོང་པ་རང་ལ་དབང་བ་ཡིན། གཞན་དགོན་པའི་གྲྭ་སྐོར་གསུམ་ཚོང་ལས་ལ་གཏོང་བ་ཡིན། ལོ་མཇུག་ཏུ་ཚོང་ལས་ཀྱི་མ་རྩ་དང་དེའི་བསྐྱེད་ཀ་རྣམས་དགོན་པ་གཞུང་ལ་འབུལ་དགོས། ཡོང་སྒོ་དེ་དག་གིས་དགོན་པའི་སྒྲུབ་མཆོད་དང་གྲྭ་བ་རྣམས་ཀྱི་འཚོ་བའི་རྨང་གཞི་བྱེད་པ་ཡིན། སྤྱི་ལོ་1983ལོར་དགོན་པ་ཡང་སྐྱར་ཆོས་སྒོ་ཕྱེ་རྗེས། ད་ལྟ་དགོན་པ་ལ་ས་ཞིང་སོགས་གང་ཡང་མེད། ༡༩༩༡ལོར་རྒྱལ་ཁབ་ཀྱིས་སྔོན་དགོན་པ་གཏོར་སྐྱོན་ཕོག་པའི་ཀྱོང་ཚབ་ཏུ་སྒོར་ཆིག་ཁྲི་ཉིས་སྟོང་གནང་བ་ཡིན། ད་ལྟ་དགོན་པའི་རང་ཁ་རང་གསོ་ཆེད་གྲྭ་བ་རྣམས་ཀྱི་ཞིང་ལས་དང་རྡོ་ཐལ་གློག་སྒྲོན་བཅས་ཀྱི་ལས་ཀ་བྱེད་བཞིན་ཡོད། ཞེས་ཉ་བྲག་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་དགོན་པའི་ལོ་རྒྱུས་རྙིང་བ་དང་། ད་ཡོད་གྲྭ་བ་རྒན་པ་དག་གི་ངག་རྒྱུན་བཅས་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་གསུམ་པར་པེ་ཅིན་དུ་སྦྱར་བ་དགེའོ།
[page 172] དེ་ཡང་ཏྲེའི་ཀ་བྲག་གི་ཇོ་ཁང་འདི་ནི་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བརྩིགས་པའི་ནང་ཚུན་ཏྲེའི་ཀ་བྲག་བྱ་བ་ཡིན་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ལས། མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་སུ་གསོལ། པུས་མོ་གཡོན་པ་ལ་ཏྲེའི་ཀ་བྲག་བཞེངས་སོ་ཞེས་དང་། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལས། ཀ་བྲག་དཀོན་མཆོག་འབྱུང་གནས་དང་འོ་ཏུ་བྱམས་ཆེན་ལ་སོགས་པ་སངས་རྒྱས་དཀོན་མཆོག་གི་རྟེན་བཙུགས་ཞེས་དང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ལ་ཞེས་པ་ནས་པུས་མོ་གཡོན་པ་ལ་ཏྲེའི་ཀ་བྲག་ཞེས་དང་། ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ལས། ཡང་སྲིན་མོའི་ཡན་ལག་བཞི་གནོན་དགོས་པར་མཁྱེན་ནས་གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ་ལྷ་ཁང་། གཡོན་པ་ལ་ལྷ་བྲག་མཁོ་མཐིང་། པུས་མོ་གཡས་པ་ལ་ཀ་བྲག གཡོན་པ་ལ་པྲ་དུམ་རྩེ་མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་བཞི་བརྩིགས་ཏེ་ཞེས་སོགས་ལུང་མང་ངོ་། དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་ཞིག་བརྩིགས་ཡོད་ནའང་ཕྱིས་སུ་འཇིག་པར་མངོན་ཏེ། སྔོན་སློབ་དཔོན་བེེ་རོ་ཙཱ་ན་ཏྲེ་ཤོད་དུ་ཕེབས་ནས་ལྷ་ཕྱོགས་ཀྱི་རི་རྒྱུད་ཙཱ་ཟླ་རིན་ཆེན་ཕུག་ཏུ་བཞུགས་སྐབས། ﹙ལོ་ཆེན་བེེ་རོ་ཙཱ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་དང་རྙིང་མ་རྒྱུད་འབུམ་སོགས་སུ་གསལ﹚ཀ་བྲག་ཐང་དུ་འོད་ཁྱད་པར་ཅན་ཞིག་གཟིགས་སྣང་བྱུང་བར་དེར་ཕེབས་པའི་ཚེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཞེངས་པའི་སྟོན་པའི་སྐུ་བརྙན་རྩ་ཆེན་ཞིག་རྙེད་པས་དེར་ལྷ་ཁང་བཞེངས་ནས་རབ་གནས་བསྙེན་བཀུར་གཟབ་རྒྱས་མཛད། ཕྱིས་སུ་སྟོན་པའི་སྐུ་བརྙན་དེ་ནང་གཟུངས་སུ་བཞུགས་པའི་ཇོ་བོའི་སྐུ་ཞིག་བཞེངས་ཡོད། ཇོ་ཁང་གི་འགྲམ་ན་བརྒྱ་རྩེ་ཞེས་མཆོད་རྟེན་ཆུང་ཆུང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་སློབ་དཔོན་བེེ་རོའི་ཕྱག་ཕྲེང་རྡོ་རེ་བཞུགས་པའི་ལོ་རྒྱུས་ཡོད། ཕྱིས་སུ་ཇོ་ཁང་དེ་ཉམས་ཆགས་བྱུང་བར་གདོང་ཐོག་སྤྲུལ་སྐུ་འཇམ་དཔལ་རིག་པའི་རལ་གྲིས་ཉམས་གསོ་བསྙེན་བཀུར་མཛད། ༡༩༥༦ཇོ་ཁང་གི་འོག་ཤོལ་དང་ཐོག་ཁང་གཉིས་གཤིག་གསོས་དང་། ཇོ་ཁང་འོག་ཤོལ་དུ་ཇོ་བོ་རིན་པོ་ཆེ་སྐུ་མི་ཚད་གཉིས་ཅན་དང་། ཐོག་ཁང་སྟེང་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་གཉིས་ཙམ་ཡོད་པ་གཡས་གཡོན་དུ་འཇམ་དབྱངས་དང་ཕྱག་རྡོར་གྱི་སྐུ་མདའ་ཚད་མ་ཙམ་ཡོད་[page 173] པ་གསར་བཞེངས་གྲུབ། ཇོ་ཁང་མཐའ་སྐོར་དུ་མ་ཎི་འཁོར་ལོའི་ཕྲེང་བས་བསྐོར། ཇོ་ཁང་གི་རྒྱབ་ལོགས་སུ་རྣམ་རྒྱལ་མཆོད་རྟེན་ཆེན་པོ་ཞིག་དང་མདུན་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་ཆེན་པོ་ཞིག་བཅས་ལེགས་པར་བཞེངས་པ་གྲུབ་པའོ། ཇོ་ཁང་འདི་ད་ལྟ་གདོང་ཐོག་དགོན་པའི་བདག་གཉེར་བྱེད་བཞིན་ཡོད། ཞེས་ཀ་བྲག་ཇོ་བོའི་ལོ་རྒྱུས་མདོར་བསྡུས་འདི་ནི་ཚད་ཐུབ་ཀྱི་ཡིག་ཆ་རྣམས་དང་ཁང་གསར་སྐྱབས་མགོན་ཀྱི་ངག་ཐོག་ནས་མིག་སྔར་གྱི་གནས་ཚུལ་རྣམས་ཞིབ་འདྲི་བྱེད་པ་བཅས་ལ་རྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་༡༩༩༥ལོའི་ཟླ་གསུམ་པའི་ཚེས་བརྒྱད་ལ་སྦྱར་བ་དགེའོ། །
དེ་ཡང་དགོན་གསར་དགོན་བྱ་བ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཞི་སེར་ཞང་གི་ཕ་རོལ་དུ་ཆགས་ཡོད། དགོན་པ་འདི་ནི་བླ་མ་བཀའ་གཡང་བས་བོད་རབ་བྱུང་བཅོ་ལྔ་པའི་མེ་ཕག་སྤྱི་ལོ་༡༨༨༧ལོར་བཏབ་པའི་གྲུབ་མཐའ་ཀརྨ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན། ཁོང་གིས་ཐོག་མར་འདུ་ཁང་ཐོག་བརྩེགས་གསུམ་ཅན་ཞིག་བཞེངས། འདུ་ཁང་འོག་ཤོལ་དུ་གཞི་རྒྱ་ཁང་མིག་རྒྱན་ཉེར་ལྔ་ཡོད། གྲྭ་ཤག་སོ་དྲུག་དང་བཅིངས་འགྲོལ་སྔོན་གྲྭ་ས་རྒྱས་པའི་དུས་སུ་སེར་མོ་བ་བརྒྱ་དང་བཅོ་ལྔ་ཙམ་བཞུགས། ནང་རྟེན་གྱི་སྐོར་ལ། རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གཅིག་ཙམ་ཡོད་པ། ཆོས་རྒྱལ་འཕགས་པ། རྗེ་ཙོང་ཁ་བ། དྭགས་པོ་ལྟ་རྗེ། བླ་མ་བསྟན་ལོ། བླ་མ་བཀའ་གཡང་། ཇོ་བོ་རྗེ་སོགས་ཀྱི་སྨན་སྐུ་ཤིན་ཏུ་མང་། བླ་མ་བཀའ་[page 192] གཡང་གི་སྐུ་གདུང་མཆོད་རྟེན། སངས་རྒྱས་འཁྲུངས་རབས། ཏེ་ལོ་ནཱ་རོ་ནས་བཟུང་བཀའ་བརྒྱུད་བླ་མ་བརྒྱུད་པའི་ཐང་ག གྲུབ་ཆེན་བརྒྱད་ཅུ། མ་ཧཱ་ཀཱ་ལ་བེར་ནག་ལྕམ་དྲལ་འཁོར་དང་བཅས་པ། རྡོ་རྗེ་འཕགས་མོ། བདེ་གསང་འཇིག་གསུམ་སོགས་ཐང་གའི་སྐོར་མང་ངོ་། གསུང་གི་སྐོར་ལ་བཀའ་འགྱུར་ཚར་གཉིས། རིན་ཆེན་གཏེར་མཛོད། ཀརྨ་བའི་གསུམ་འབུམ་སོགས་ཡོད། སེར་མོ་བ་རྣམས་དགོན་པ་འདིའི་ཚོགས་ལ་ཞུགས་རྗེས། ཐོག་མར་ཀ་ཁ་སོགས་ཀློག་ལ་བྱང་རྗེས། དགོན་པའི་ཚོགས་འདོན་སྐོར་ཚང་མ་བློར་བཟུང་སྟེ་ཚོགས་རྒྱུགས་འབུལ་དགོས། དགོན་པ་འདི་ལ་མཁན་པོ་གཅིག་ཡོད། དེ་ནི་ནཱ་རོ་ཆོས་དྲུག་གི་མཚམས་ལ་ལོ་གསུམ་བསྡད་རྗེས་མཁན་པོ་ལ་བསྡད་ཆོག མཁན་པོའི་བྱ་བ་ནི་གྲྭ་བ་རྣམས་ལ་བཀའ་ཆོས་གསུང་རྒྱུ་དང་སྒྲུབ་མཆོད་ཀྱི་སྐབས་རྡོ་རྗེ་སློབ་དཔོན་བྱེད་པ། སྨོན་ལམ་གསུམ་ཆོས་གསུང་བ་པོ་སོགས་བྱེད། མཁན་པོ་འདུག་ཡུན་ལོ་གཅིག་ཡིན། དགེ་བསྐོས་དང་དབུ་མཛད་གཅིག་རེ་ཡོད་པའི་འདུག་ཡུན་ལོ་གསུམ་ཡིན། དགོན་པ་འདི་ལ་སྤྲུལ་སྐུ་གཅིག་ཡོད་པས་སྤྱིའི་དགོན་བདག་ནི་ཁོང་ཡིན། དགོན་པ་འདི་ནི་གཙོ་བོ་སྒྲུབ་པའི་སྡེ་ཡིན། ཉམས་ལེན་གྱི་གཙོ་བོ་ནི་ནཱ་རོ་ཆོས་དྲུག་བྱེད། ཟླ་དང་པོའི་ཚེས་གསུམ་ནས་ཉེར་བདུན་བར་སྨོན་ལམ་ཆེན་མོ། ཟླ་བཞི་པའི་ནང་ཞི་ཁྲོ་དང་ཚེ་སྒྲུབ། བདེ་མཆོག་དང་རྡོ་རྗེ་སེམས་དཔའ་བཅས་ཉིན་བཅུ། ཟླ་ལྔ་པའི་ནང་རྡོ་རྗེ་ཕག་མོ། ཟླ་བརྒྱད་པའི་ནང་བེར་ནག་གི་གཏོར་སྒྲུབ་སོགས་འདོན། ༡༩༥༦ལོར་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་འདུ་ཁང་གི་འོག་ཤོལ་ཙམ་མ་གཏོགས་བརྩེགས་གཉིས་པ་དང་གསུམ་པ་གྲྭ་ཤག་ནང་རྟེན་རྣམས་འཇིག་ཟིན། ༡༩༨༢ལོའི་ཟླ་༡༡པའི་ཚེས་༢༤ཉིན་རྫོང་སྲིད་གཞུང་གིས་དགོན་པ་ཡང་བསྐྱར་སྒོ་འབྱེད་པའི་ཆོག་མཆན་གནང་། དེ་ནས་རིམ་གྱིས་འདུ་ཁང་གི་འོག་ཤོད་ཉམས་གསོ་དང་བརྩེགས་གཉིས་པ་དང་གསུམ་པ་གསར་བཞེངས་གྲུབ། སྐུ་གསུམ་ཐུགས་རྟེན་རྙིང་པ་རྣམས་འཇིག་ཀྱང་གསར་པའི་སྐོར་ལ། དུས་གསུམ་སངས་རྒྱས། གུ་རུ། ཇོ་བོ་རྗེ། རྗེ་ཙོང་ཁ་པ། འགྲོ་མགོན་འཕགས་པ། དྭགས་པོ་ཟླ་འོད་གཞོན་ནུ། ཀརྨ་པཀྵ་བཅས་རྒྱུ་སྨན་འདམ་སྐུ་སོགས་མང་། བཀའ་འགྱུར་ཚར་གཅིག་དང་གཞན་འདོན་ཆོས་སྐོར་བཅས་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་ཐག་བཅད་པ་སེར་མོ་བ་སུམ་ཅུ་ཡིན་ཀྱང་དོན་དངོས་སུ་སོ་དྲུག་བཞུགས། སྔོན་གྱི་དགོན་པ་གཏོར་སྐྱོན་ཕོག་པའི་གྱོང་ཚབ་ཏུ་སྲིད་གཞུང་ནས་སྒོར་གཅིག་ཁྲི་ཉིས་སྟོང་བདུན་བརྒྱ་གནང་། དགོན་པའི་གྲྭ་པ་རྣམས་ཀྱི་འཚོ་རྟེན་རང་ཁྱིམ་ལ་བརྟེན་པ་ཡིན། དཔལ་འབྱོར་གྱི་ཡོངས་ཁུངས་གཞན་ཅི་ཡང་མེད། ཞེས་དགོན་གསར་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་དཔྱད་གཞིའི་ཡིག་ཆ་གང་ཡང་ལག་གསོན་མ་བྱུང་བར་དགོན་པ་རང་གི་གྲྭ་པ་རྒན་པ་རྒྱ་རྒྱལ་ལགས་ཀྱི་ངག་རྒྱུན་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་༡༩༩༥ལོའི་ཟླ་༢པའི་ཚེས་༢༧ལ་སྦྱར་བ་དགེའོ།།[page 193]
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གསེར་གཞུང་སྟེང་གི་གྲྭབ་མཐའ་ས་སྐྱ་པའི་ཕུར་མགོ་དགོན་པ་དེ་མཁས་ཆོས་དཔལ་ལྡན་ཆོས་སྐྱོང་གིས་བོད་རབ་བྱུང་བཅུ་པའི་མེ་ཕག་སྤྱི་ལོ་1587ལོར་སྟག་རི་ལྷུན་པོའི་འགོར་བཏབ། དགོན་བརྒྱབ་དཀར་མཛེས་གཞུང་དུ་རྫ་ཆུ་སྔོན་མོ་དལ་གྱིས་འབབ་ཅིང་མདུན་ངོས་སུ་ནགས་ཚང་བྱམས་ཁང་དང་བྲག་དཀར་ཇོ་མོའི་དགོན་པ་ཡོད། སྔོན་རྡོ་རྗེ་དགོན་དང་གཅིག་ཡིན་ཀྱང་མ་མཐུན་པར་གྲྭ་སྤོར་ཅིག་ཕྱིར་བུད་པ་སྟཕག་རི་འགོ་ལ་སྐོར་ནས་དགོན་པ་གསར་དུ་བཏབ་པས་ཕུར་མགོ་དགོན་ཞེས་འབོད། ཐོག་མར་འདུ་ཁང་ཆུང་བ་ཞིག་དང་གྲྭ་ཤག་འགའ་ལས་མེད། ཕྲར་མགོ་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་རིན་ཆེན་ཀུན་དགའ་རྒྱ་མཚོས་རྒྱ་བསྐྱེད་མཛད་རྟེན་བཞེངས་མང་པོ་བྱས་ནས་གྲྭ་གྲངས་ཀྱང་བརྒྱ་ཙམ་ལ་འཕར་མྱོང་ཟེར་ཡང་དགོན་པའི་ལོ་རྒྱུས་རིང་བའི་ཚད་ཀྱི་དེ་མཐུན་དཀར་ཆག་གསལ་པོ་ཞིག་མི་བཞུགས་པས་ཞིབ་མོའི་འབྲི་ཐབས་བྲལ། དེ་ལྟ་ནའང་ངག་རྒྱུན་དུ་དགོན་པའི་དབང་ཆ་འཛིན་མཁན་སྤྲུལ་སྐུ་དང་ཁྲི་པ་ཡིན་ལ་སྔོན་མ་ནས་ཞན་པས་ཅང་སྐུ་གསུང་ཐུགས་རྟེན་ཀྱང་དགོན་གཞན་ལས་ཉུང་སྟེ་འདུ་ཁང་གཅིག ལྷ་ཁང་གཉིས། ཇ་ཁང་། གཉེར་ཁང་། གྲྭ་ཤག་བཅུ་གཉིས་བཅས་ཀྱི་ནང་འཇམ་སྐུ་ཆེ་ཆུང་ཁ་ཤས་དང་བཀའ་འགྱུར་ཆ་གཅིག ཐང་ག་འགའ་ལས་མེད། དགོན་པའི་ཆོས་སྐྱོང་ནི་མགོན་པོ། དཔལ་མགོན། དཔལ་ལྡན་ལྷ་མོ་སོགས་ཡིན་ཞིང་སྒྲུབ་མཆོད་སྐོར་བཅའ་ཡིག་ནང་གཏན་ལ་ཕབ་པ་བཞིན་གཙོ་བོ་ཟླ་དང་པོའི་ཚེས་དགུ་ནས་བཅོ་ལྔ་[page 182] བར་རྣམ་རྒྱལ་མའི་སྒྲུབ་མཆོད། ཟླ་དེའི་ཚེས་ཉེར་གཉིས་ནས་ཉེར་དྲུག་བར་ཀུན་རིག་གི་སྒྲུབ་མཆོད། ཟླ་གཉིས་པའི་ཚེས་བཅུ་གསུམ་ནས་བཅོ་ལྔ་བར་མི་འཁྲུགས་པའི་སྒྲུབ་མཆོད། ཟླ་གསུམ་པའི་ནང་རབ་གནས་ཆེན་པོའི་སྦྱིན་སྲེག་ཉིན་བདུན། ཟླ་ལྔ་པའི་ནང་གནས་བཅུ་ཉིན་ལྔ། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་བདུན་པའི་ཟླ་བདུན་པའི་ཟླ་མཇུག་བར་དབྱར་གནས། ཟླ་བརྒྱད་པའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་བརྒྱད། ཟླ་དགུ་པའི་ནང་ས་སྐྱ་གོང་མ་རྣམ་ལྔའི་དགོངས་རྫོགས་ཉིན་ལྔ། ཟླ་བཅུ་པའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་གཅིག ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ནས་བཅུ་གཉིས་པའི་ཉེར་གཅིག་བར་དགུན་མཚམས། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ནས་ཉེར་དགུ་བར་མགོན་པོ་ཁྲོ་བཅུའི་གཏོར་སྒྲུབ་བཅས་སོ། སྤྱི་ལོ་༡༩༨༢ལོའི་ཟླ་༥པའི་ཚེས་༥ལ་རྫོང་ནས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་པ་དང་བསྟུན་དགོན་པ་སླར་གསོའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ་གྲྭ་རྒན་རྡོ་རྗེ་བློ་གྲོས་ཀྱིས་གཙོ་འགན་བཞེས་ནས་འདུ་ཁང་དང་དེའི་གཡས་གཡོན་གྱི་ལྷ་ཁང་གཉིས། གྲྭ་ཤག་བཅུ་གཅིག་བཅས་བསྐྲུན་ཞིང་རྟེན་བཞེངས་ཀྱང་རྒྱ་ཆེ་བ་མཛད་དེ་སྔོན་གྱི་ཐང་ག་རྙིང་པ་ཁ་ཤས་ལུས་པའི་ཐོག་གསར་བཞེངས་མང་པོ་མཛད་པ་དང་བཀའ་འགྱུར་རྙིང་པ་དགོན་པར་གདན་དྲངས། གསར་བ་ཆ་ཚང་ཞིག་དང་བྱམས་སྐུ་ཐོག་ཚད་གཉིས་ཅན་ཞིག སྟོན་པ། མར་མེ་མཛད། ས་པཎ། མགོན་པོ། ཕྱག་རྡོར། ཀྱེ་རྡོར་སོགས་ཀྱི་སྐུ་བཞེངས་པར་མ་ཟད། དགོན་བདག་སྤྲུལ་སྐུ་རིན་ཆེན་ཀུན་དགའ་རྒྱ་མཚོའི་ཡང་སྲིད་ཟླ་བ་ཡིད་བརྟན་ཁྲི་ལ་བཀོད་ཅིང་གྲྭ་བ་དཀྱིལ་མ་གཉིས་དང་མཉམ་དུ་རྒྱ་གར་ལ་སློབ་སྦྱོང་དུ་མངགས། དེ་བས་གྲྭ་བ་སྤྱིར་བཏང་དུ་བདུན་ཡོད་པ་ཇེ་ཉུང་ལ་སོང་ནས་རྒྱུན་སྡོད་པ་ལྔ་རུ་གྱུར་ཅིང་རྒན་རྡོ་རྗེ་བློ་གྲོས་ཀྱང་གཤེགས་པས་དགོན་པས་དགོན་པ་བདག་པོ་མེད་པར་འཇིག་པའི་ཉེན་ཁར་ཐུག་དུས་དཀར་མཛེས་དགོན་པའི་བྱམས་མགོན་རིན་པོ་ཆེ་ནས་ཐུགས་ཁུར་ཟབ་མོ་གནང་ནས་ལྟ་སྐྱོང་མཛད་དེ་དཀར་དགོན་གྱི་བསོད་ནམས་སྟོབས་རྒྱལ་དང་བཀྲ་ཤིས་ཚེ་བརྟན་གཉིས་དོ་དམ་བྱེད་པར་མངགས་ཤིང་ཁོང་གི་ཐད་ཀར་འགོ་ཁྲིད་འོག་ཕུར་མགོའི་འདུ་ཁང་གི་རྟེན་བཞེངས་དཀར་དགོན་ནས་འགན་ཁུར་སྟེ་ད་ལྟ་ལྷ་བཟོ་དྲུག་﹙དཀར་དགོན་གྱི་གྲྭ་བ﹚རྒྱུན་སྡོད་ཀྱིས་ཉིན་མཚན་ལྟོས་མེད་དུ་རྟེན་བཞེངས་བཞོན་ནོ་ཞེས་མདོ་སྨད་ཁྲི་གདུགས་དཀར་ཚེ་རིང་གིས་སྤྱི་ལོ་༡༩༩༤ཟླ་༧པར་སྦྱར་བ་དགེའོ།
བན་རྒན་དགོན་ནམ་ཕུན་ཚོགས་རྣམ་རྒྱལ་གླིང་ནི་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་ཐོབ་པའི་གདམས་པ་བཀའ་བབས་བཞི་པོ་རྒྱལ་སྲས་ཏེ་ལོ་པ་ལ་བརྒྱུད། དེ་ནས་རིམ་པར་ནཱ་[page 183] རོ་ཛཱ་ན་སེངྡྷི། མར་པ་ཆོས་ཀྱི་བློ་གྲོས་མི་ལ་བཞད་པའི་རྡོ་རྗེ། ཆོས་རྒྱལ་དྭགས་པོ་ལྷ་རྗེའི་བར་བྱུང་། དེ་ལ་བཀའ་ཕྱག་གཉིས་ཀྱི་གདམས་པའི་རྒྱུད་འཛིན་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་བྱུང་། འདི་ནི་ཆེ་བ་བཞིའི་ནང་ཚན་ཀརྨ་གསུམ་མཁྱེན་པ་ནས་བརྒྱུད་པར་ཀཾ་ཚང་བཀའ་རྒྱུད་དུ་གྲགས་པ་དེའི་རྒྱུད་འཛིན་པ་ཡིན། དེ་ལའང་གདན་ས་གོང་འོག་བར་གསུམ་ཡོད་པ་ལས་འདི་ནི་མཐའ་གཉསི་ཀྱི་ཕྱག་བཞེས་གཙོ་བར་བྱེད་དོ།
དགོན་པ་འདི་སྔར་ཆགས་ཐེངས་བཞི་དང་འཇིག་ཐེངས་གསུམ། དང་པོ་ཆགས་ས་རྫ་སྨད་མོན་ཡུལ་ནང་ཡིན། གཉིས་པ་ཏྲེ་སྟོད་རོང་པ་ཚའི་ཉིན་རི་ཕྱོགས་ཀྱི་ས་དབྱིབས་མི་རྒོད་ཀྱི་དཔུང་པ་འདྲ་བསི་ངོས་དང་། གསུམ་པ་རི་དེའི་སྟེང་དང་། བཞི་པ་ཟླ་ཆེན་ཐང་དུ་ཆགས་སོ། དགོན་པ་དེ་དག་འཇིག་རྐྱེན་ནི། དང་པོ་རྒྱལ་དབང་ལྔ་པ་ཆེན་པོའི་དུས་སོག་དམག་གིས་དགོན་ཕལ་ཆེར་བརླགས་སྐབས། ས་ཁུལ་ཁ་ཤས་སུ་དགོན་པ་རེ་གཉིས་ལུས་པའི་ནང་ཚན་གཅིག་ཡིན་ཡང་། སྐབས་ཤིག་རྫ་བསམ་འགྲུབ་དགོན་པ་དང་འགལ་བ་བྱུང་བས་དེའི་ཕྱོགས་ཀྱི་སེར་དམག་འོང་སྟེ་རྟེན་བརྟེན་པ་བཅས་མེར་བསྲེགས་ཆུ་ལ་བསྐྱུར། དགོན་པ་འདིའི་བདག་པོ་རྒྱལ་སྲས་ཕུན་ཚོགས་རྣམ་རྒྱལ་གྱི་དབུ་ཞྭ་མནན་པ་བརྒྱབ་པ་སོགས་ཡ་ང་བའི་གནས་ཚུལ་བྱུང་བས་བླ་གྲྭ་རྣམས་ཁག་བཞི་རུ་གྱེས། ལྷ་སྡེ་དགེའི་ཕྱོགས་སུ་ཡོད་པའི་ཚ་ཚ་དགོན་དང་། ཇ་ཆུ་དགོན་པ་གཉིས་དང་། ད་ལྟ་དཀར་མཛེས་རྫོང་འོག་ཏུ་ཡོད་པའི་རིག་གྲྭ་དགོན་དང་། འཕྲོས་ལུས་ཀྱི་བན་རྒན་རྣམས་ཏྲེ་སྟོད་རོང་པ་ཚའི་ཉིན་རིའི་ཕྱོགས་སུ་ཚ་ཚ་སྐུ་ཕྲེང་དང་པོ་བླ་མ་བློ་གྲོས་སམ་མཚུར་ནག་བླ་མ་ཞེས་པ་ལ་བརྟེན་ནས་གནས་གཞི་བཟུངས་བས་བན་རྒན་དགོན་པ་ཟེར་བ་གང་ཟག་གི་མིང་དགོན་པར་ཆགས་པ་འདིའོ། འདི་ཕལ་ཆེར་རབ་བྱུང་བཅུ་གཉིས་པའི་ནང་ཡིན་འདུག་པས་ལོ་བརྒྱ་ཕྲག་གཅིག་ལྷག་ཏུ་གནས་རྗེས་ས་གཡོས་ཀྱིས་འཇིག འདི་འཇིག་ཚུལ་ངག་རྒྱུན་གསལ་པོ་ཡོད་དོ།
ཆགས་ཐེངས་གསུམ་པའི་སྐབས་ཀྱི་མ་ཁྱོན་དང་རྟེན་བཞེངས། བཤད་སྒྲུབ་ཀྱི་བྱ་བ། མཆོད་གཞིས། གྲྭ་གྲངས་བཅས་མཐོང་ཐོས་ཇི་བཞིན་ལྟར་ན། དགོན་པ་འདི་ལ་གཙུག་ལག་ཁང་དཀྱིལ་ཀ་བཞི། ཕུགས་ཀྱི་ཀ་རིང་བཞི་བཅས་བསྡོམས་པས་ཀ་མིག་ཞེ་ལྔ་ཡོད་ལ། ཆོས་ར། རག་ཀོང་། ཇ་ཁང་། སྤྱི་ཁང་། གཉེར་ཁང་། ཁང་གཉེར་ཁང་། མགོན་བླ་ཁག་གཉིས་ཐོག་ཏུ་བཀའ་འགྱུར་ཁང་། རབ་གསལ་ཁང་དང་དེའི་གཡས་གཡོན་དུ་རྒྱལ་དབང་ཀརྨ་པའི་གཟིམ་ཆུང་། རོལ་སྒྲུབ་སོགས་བཞག་པའི་བང་ཁང་གཅིག གྲྭ་ཤག་དྲུག་ཅུ་ལྷག་བཅས་ཡོད་དོ། གཙུག་ལག་ཁང་དུ་དུས་གསུམ་སངས་རྒྱས་སུམ་བརྩེགས་ཅན་དང་གཡས་གཡོན་དུ་གུ་རུ་རིན་པོ་ཆེ། དྭགས་པོ་རིན་པོ་ཆེ། ཀརྨ་དུས་གསུམ་མཁྱེན་པ་དང་། ཀརྨ་པཀྵི་བཅས་སོ།[page 184] བཀའ་འགྱུར་ཁང་། ཟངས་གསེར་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ། ཐང་སྟོང་རྒྱལ་པོ། མར་མི་དྭགས་གསུམ་སོགས་ཁྱོན་ལི་མ་བརྒྱ་དང་ཉེར་གསུམ། མགར་མ་༡༣༣ཡོད་དོ། བཀའ་གདམས་མཆོད་རྟེན་མེ་ཞབས་མ་སོགས་ཐུགས་རྟེན་ཆེ་ལེགས་བདུན། འབྲིང་བ་བཞི། ཆུང་བ་གཅིག ཆོ་དྲིལ་གསུམ། ཧོར་དྲིལ་གཉིས། རྒྱ་དྲིལ་དུ་མ་བཅས་ཡོད་དོ།
སིལ་སྙན་གྲགས་ཅན་ཆེ་བ་བཅུ་བཞི། འབྲིང་བ་བཅུ་དྲུག ཆུང་བ་གཉིས། རོལ་མོ་གྲ་ཧོར་རྒྱ་བལ་གྱིས་བཟོས་པའི་ཆེ་ཆུང་ཞེ་གསུམ་སོགས་ཤིན་ཏུ་མང་། སྐྱེ་རབས་དཔག་བསམ་འཁྲི་ཤིང་གཙོ་གྱུར་པའི་སྐུ་ཐང་ལྔ་བརྒྱར་ཉེ་བ། མགོན་ཁང་ཁག་གཉིས་གཙོ་བོའི་ལྷ་ཁང་ནང་དུ་དངུལ་དང་རག་དང་ཐང་བཅས་ཀྱི་རིང་ཕོར་སྟོང་མཆོད་གསུམ་ལྷག རྐང་གླིང་། ཁྲོལ་ལོ། མཁར་རྔ་ཆེ་ཆུང་། གསེར་དངུལ་གྱི་མཎྜལ་སོགས་མདོར་ན་མཆོད་པའི་ཡོ་བྱད། བཞེངས་པའི་ལྷ་རྟེན། འཕགས་ནོར་སོགས་གཞན་ལ་ཡིད་སྨོན་མི་དགོས་པ་དངོས་གཙང་བརྒྱ་ཕྲག་གཅིག་ལྷག་བཞུགས་ཡོད།
དགོན་པ་འདིའི་སློབ་གཉེར་བྱ་བ་ནི་མཚུར་ཕུ་དགོན་དང་དཔལ་སྤུངས་ས། ཚ་ཚ་དགོན་ཡིན་ཡང་། དེའི་སྒྲུབ་གྲྭ་དང་བཤད་གྲྭ་ལ་རང་ཉིད་གང་འདོད་ཀྱིས་འགྲོ་ཆོག དགོན་པ་འདི་སྒྲུབ་སྡེ་ཡིན་པས། ཟླ་བ་དང་པོའི་ནང་ཚེ་སྒྲུབ་ཉིན་གསུམ། ཞི་ཁྲོའི་སྒྲུབ་མཆོད་ཉིན་བཞི། མི་ལའི་འདས་མཆོད་ཉིན་གཅིག ཀུན་རིག་ཉིན་ལྔ། མི་འཁྲུག་ཉིན་གཅིག སྨོན་ལམ་ཉིན་ལྔ་ཡོད་དོ། ཟླ་བ་གཉིས་པའི་ནང་རྡོར་སེམས་ཉིན་བརྒྱད། ཟླ་བ་གསུམ་པའི་ནང་བདེ་མཆོག་ཉིན་ལྔ། རྒྱལ་བ་རྒྱ་མཚོ་ཉིན་ལྔ། ཟླ་བ་བཞི་པའི་ནང་སྨན་བླ་ཉིན་ལྔ། གསོལ་ཁ་ཉིན་བདུན། ཟླ་བ་ལྔ་པའི་ནང་དབྱར་གནས་ཉིན་ཞེ་ལྔ། ཟླ་བ་དགུ་པའི་ནང་ཁ་འབར་མའི་གཏོར་ཆོག་ཉིན་གཅིག ཟླ་བ་བཅུ་པའི་ནང་བུམ་སྒྲུབ་ཉིན་བཅུ་གཅིག དགུ་ཆེན་ཉིན་བརྒྱད་དོ། ཟླ་བ་བཅུ་གཉིས་པའི་ནང་ཞི་ཁྲོ་ཉིན་བཞི། དགུ་ཆུང་ཉིན་བརྒྱད་ལ་དམར་འཆམ་ཉིན་གཅིག འབག་འཆམ་ཉིན་གཉིས། གཏོར་བརྒྱད་སྦྱིན་བསྲེགས་བཅས་ཡོད། སློབ་གྲྭ་བ་སུམ་ཅུ་ལ་ཟླ་བ་རེར་ནས་སྲན་འབོ་གང་རེ། དགེ་རྒན་ལ་ནས་སྲན་འབོ་གསུམ་རེ། བླ་གྲྭ་སྤྱིར་ཚོགས་སྒྲུབ་མཆོད་སྐབས་ཉིན་རེ་ཇ་ཐེངས་བཅུ་གཅིག ཐུག་པ་གཅིག་བཅས་བཅུ་གཉིས་ཉིན་དཀྱིལ་དུ་དཔྱིད་ཀ་ནས་ཁུར་བ་དང་། སྟོན་ནས་དཔྱིད་ཀྱི་བར་དུ་ཤ་སྐལ་རེ་དང་ཉི་མ་རེར་མར་རྒྱ་མ་ཕྱེད་ལྷག་ཡོད་དོ།
མགོན་བླ་ཁག་དང་། མཚམས་བཅས་པ་ལ་གཏོང་སྒོའི་སྐུ་སྐལ་ཆད་མེད་བྱེད། རྡོ་རྗེ་སློབ་དཔོན། དགེ་བསྐོས། དབུ་མཛད་བཅས་ཁྲི་བ་གསུམ་ལ་སྐལ་ལྷག་གཏོང་ངོ་། དེ་དག་ནི་སྤྱི་སོ་ནས་གཏོང་དགོས་སོ། སྤྱི་སོ་ལ་མི་བཞི་ཡོད། སྤྱི་རྒྱུ་སྒོར་མོ་ཁྲི་བཅུ་མ་ཟིན་ཙམ་གྱིས་སྐྱེད་ལས་གཏོང་སྒོ་ཡོངས་རྫོགས་དང་མ་རྩ་རྩིས་སྤྲད་བྱེད་དགོས་སོ། ཁང་གཉེར་པས་རྒྱུན་དུ་དགོན་གཞུང་གི་ཁང་པ་ཞིག་[page 185] གསོ་དང་། གཞན་ཡང་བྱ་བ་གཞན་དང་འགན་ཁུར་དགོས། སློབ་གྲྭའི་གཉེར་པ་ལ་ས་ཞིང་མུའུ་སུམ་ཅུ་ལྷག་ཡོད་པ་ལས་ས་བོན་ཕུད། ཐོན་སྐྱེད་ཀྱིས་སློབ་དཔོན་ལ་འབྲུ་ཕོག་དང་། མགོན་ཁང་ཁག་གཉིས་ཀྱི་འདོན་ཡོན་བྱུང་རིགས་ལས་གཏོར་འབུལ་སོགས་རང་མགོ་རང་ཐོན་དགོས། ནང་གི་གཙུག་ལག་ཁང་ནས་ཕྱི་ཡི་ལྕགས་རི་སྒོ་ཆེན་དང་བཅས་པ་ནི་སྤྱི་གྲྭ་ཚང་དང་། ཁྱད་པར་རྒྱུན་དུ་སྤྱི་གཉེར་གཉིས་ཀྱིས་དོ་དམ་དང་། ཧ་ཅང་ཞིག་རལ་གྱུར་ན་ཁང་གཉེར་ཚང་གིས་ཞིག་གསོ་བྱེད་དོ
ཚོགས་པ་ཕྱི་རུ་ཕེབས་པ་ནི། སྦྱིན་བདག་སོ་སོས་འདོད་མོས་ལྟར་དང་ཚོགས་པ་བཅུ་ཡན་ཆད་དགེ་སྐོས་ཕེབས་རྒྱུ་དང་། གཅོད་དང་དབང་ཕྲན་ཚོགས། འཕོ་བ་འདེབས་མཁན་ལས་གཞན། ཚོགས་པ་ཕེབས་པ་ཐམས་ཅད་དགོན་གཞུང་ནས་ཚོགས་བརྡ་ལེན་སྲོལ་དང་། དགོན་གཞུང་ནས་ཚོགས་པ་བཏང་། ཕྱིན་ཆད་མཆོད་འབྲུ་སོགས་དགོན་གཞུང་ལ་འབུལ་དགོས་སོ། །ཉི་མ་རེར་ཀུན་རིག་དང་། ཞི་ཁྲོ་ཚར་གཉིས་རེ་དང་། མི་འཁྲུགས་པ་ཚར་བཞི་རེ། བདེ་མཆོག་རྒྱལ་བ་རྒྱ་མཚོ། ཚེ་སྒྲུབ། བུམ་སྒྲུབ། དགུ་ཆེ་ཆུང་ཕག་མོ་སོགས་ནི། དབྱངས་འཐེན་དགོས་པར་ཉིན་རེ་ཚར་རེ་འདོན་པའི་སྲོལ་ཡོད། གྲྭ་གྲངས་སུམ་བརྒྱ་ཡན་མན་བཞུགས་སོ།
དགོན་པ་འདིའི་ལས་སྣེ་ནི། རྡོ་རྗེ་སློབ་དཔོན་གཅིག དབྱར་གནས་མཁན་པོ་གཅིག དགེ་བསྐོས་གཉིས། གསོ་གནང་གསུམ། མགོན་བླ་དཔོན་གཡོག་བཞི། སྤྱི་བ་བཞི། ཁང་གཉེར་བཞི། འབྲུ་གཉེར་གཉིས། སྤྱི་གཉེར་གཉིས། དབུ་མཛད་གཉིས། མཆོད་གཡོག་གཉིས། སློབ་གྲྭ་དང་དབུ་མཛད་ཀྱི་དགེ་རྒན་རེ་རེ། མཆོད་དཔོན་གཅིག དུང་འབུད་པ་གཉིས། རྔ་བརྡུང་གཉིས། རྒྱ་གླིང་བ་གཉིས། ལྷ་གཉེར་གཅིག་བཅས་ལོ་གསུམ་རེར་ཕལ་ཆེར་འགན་ཁུར་དགོས་སོ། དགོན་པའི་སྒྲིག་ལམ་ཐད་ལ་དགེ་བསྐོས་གཉིས་དབང་ཆེ། དགོན་ཕྱི་ནང་གི་བྱ་བ་གཞན་ལ་གསོ་གནས་དང་། འདོན་རྟ་དབྱངས་དབུ་མཛད་ལ་རག་ལས་སོ། དོན་ཧ་ཅང་ཆེ་བ་བྱུང་ཚེ་རྒན་རིམ་ཐམས་ཅད་གྲོས་བསྡུར་གྱིས་ཐག་གཅོད་སྲོལ་ཡོད་དོ།
དགོན་པ་འདི་སྒྲུབ་སྡེ་ཡིན་ཕྱིར་འཆད་ཉན་རྒྱ་ཆེན་མེད་ནའང་སོ་སོའི་ཕྱོགས་ཕྱོགས་སུ་ཕེབས་ནས་སྡེ་སྣོད་གསུམ་ལ་ཐོས་བསམ་དང་། སྤྱིར་བཏང་དུ་མཆོད་གཡོག་ལོ་གཉིས། དེ་ནས་གཉེར་པ། དེ་ནས་འབུད་པ། དེ་ནས་མཆོད་དཔོན། དེ་ནས་དབུ་མཛད། དེ་ནས་དགེ་བསྐོས། དེ་ནས་བསམ་གནས་སོགས་ཀྱི་འགན་ཁུར་དགོས་པ་ཁག་གཅིག་དང་། གཉེར་པ་ན། སྤྱི་ཁང་གཉེར། དེ་ནས་བསམ་གནས་འགན་ཁུར་བའི་ལུགས་བཅས་གཉིས་ཡོད། ཆུང་དུས་ནས་དགོན་པའི་བཅའ་འབུད་བརྡུང་གསུམ་དང་གར་ཐིག་དབྱངས་གསུམ་སོགས་ལེགས་པར་སྦྱངས། དེ་ནས་རང་གི་དགེ་རྒན་ཞིག་བཙལ་ཏེ་ཐུན་མོང་བློ་སྦྱོང་དང་ཐུགས་སྨོན་གྱི་སྐྱབས་འགྲོའི་ཁྲིད་ཞུས་ཏེ་སྐྱབས་འགྲོ་དང་སྦྲགས་ཏེ་ཕྱག་[page 186] སྐྱབས་འགྲོ་འབུམ་ཐེར་དང་། དེ་ནས་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གཉིས་ཅིག་ཅར་དུ་གསོག་པའི་མཎྜལ། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེ་བར་བྱེད་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་བཅས་ཞུས་ཏེ་གྲངས་ཀ་འབུམ་ཐེར་ཙམ་གསོག དེ་ནས་མཚུར་ཕུ་དགོན་ནས། དཔལ་སྤུངས་སོགས་སུ་ཕྱིན་ཏེ་བདེ་དགྱེས་གསམ་གསུམ་དང་། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་སློབ་ཏུ་བཅུག སྐྱེད་རིམ་ཟླ་བ་དྲུག་དང་རྫོགས་རིམ་རྨི་ལམ། བར་དོ། འཕོ་བ། སྒྱུ་ལུས། འོད་གསལ། གཏུམ་མོ་བཅས་རིམ་པར་བསླབས། དེ་ནས་རྒྱུད་སྡེ་གཞན་དང་ཁྱད་པར་རྒྱལ་བ་རྒྱ་མཚོ། ནག་པོ་ཆེན་པོ་སོགས་ཀྱི་བསྐྱེད་རྫོགས་ཟླ་བ་དྲུག་དང་། གཅོད་ཚོགས་ལས་ཡོན་ཏན་ཀུན་འབྱུང་ཟླ་བ་གཅིག གཞན་ཡང་ཕྱག་རྒྱ་ཆེན་པོ་སྡོམ་པ་སོགས་ལོ་གསུམ་ལ་ཉམས་ལེན་རྩལ་འདོན། སྒྲུབ་པ་ཐོན་པ་དང་། རང་དགོན་གྱི་མགོན་བླ་ལོ་གཉིས་སུ་འདུག་དགོས། དེའི་ཚེ་ཆོས་སྐྱོང་སོ་སོའི་བསྙེན་མཚམས་ལེགས་པར་གྲུབ་པ་དང་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། དེ་ནས་གཞན་ལ་དབང་བསྐུར་བ་དང་། འཕོ་བ་འདེབས་པ། བསྔོ་རྟེན་ལེན་ཆོག་པའི་སྲོལ་དར། དགུ་ལོ་དྲུག་ཅུ་ཕེབས་པ་དང་དམིགས་བསལ་གྱི་ཞབས་ཕྱི་ཅན་ཡིན་ན་སྐྱ་སེར་བབས་ཟིན་ནའང་སྐུ་འབྱེད་འབུལ་སྲོལ་ཡོད། གལ་ཏེ་བླ་གྲྭ་སྙུན་བབ་ལྕི་སྟེ་འདས་ལ་ཉེ་ན་གྲྭ་མང་ཡོངས་ཀྱིས་སྐུ་མ་གཤེགས་གོང་ཆོས་སྐལ་ཞེས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་དང་། སྐུ་གཤེགས་པ་ན་ཞི་ཁྲོ་དམ་པ་རིགས་བརྒྱའི་བྱང་ཆོག་བཅས་སྲུང་སྲོལ་དང་། གལ་ཏེ་ཤུལ་བཞུགས་མེད་ན། ཕྱི་ནང་གི་དངོས་པོ་ཆེ་ཕྲ་ཀུན་དགོན་པ་རང་གིས་བདག་གིར་གནང་སྟེ་དགོངས་རྫོགས་སོགས་སུ་མ་འདང་པ་བསྣན་ཏེ་ལེགས་འགྲུབ་དང་། ཤུལ་སྡོད་ཀྱི་མི་ཡོད་རུང་དགོན་གྲྭ་ཡིན་ཕྱིན་གདུང་ཆོས་ཐམས་ཅད་དགོན་པ་རང་གིས་འགན་བཞེས་གནང་།
ཕམ་པ་བཞི་པོ་གང་རུང་བྱུང་ན་ཚོགས་གྲལ་དུ་ཞུགས་མི་ཆོག མཚམས་བསྙེན་སྒྲུབ་གནང་སྐབས་ཆོས་ཁྲིར་དགོངས་སྐོར་ཞུས་ན་ཚོགས་སུ་ཕེབས་མི་དགོས། དེ་མིན་རྣམས་ལ་ཇ་ཐེངས་གསུམ་པ་ཕན་རྗེས་སུ་ལུས་ན་བརྒྱ་ཕྱག་སོགས་ཆད་པ་གཅོད། སྟོན་དུས་ནས་བཟུང་ཟླ་ཁྲིམས་སྡོམ་པས་དགེ་ཚུལ་སློང་ཡིན་ཚེ་ཞྭ་ཟླ་གམ་སོགས་གོས་ཁྲིམས་དང་། ཟླ་བ་གསུམ་པ་ནས་ཟླ་ཁྲིམས་མེད་དོ། སྤྱིར་བླ་གྲྭ་ཡོངས་ཀྱི་རྩ་བའི་ཁྲིམས་ནི་ཕྱི་སོ་ཐར་ནང་བྱང་སེམས་གསང་བ་སྔགས་རྩ་ལྟུང་རྣམས་སྲུང་དགོས།
དགོན་པ་འདིའི་འོག་ཏུ་གཏོགས་པ་མཁར་མགོ་དགེ་མ་དགོན་ཡོད། དེ་ལ་ལོ་རེ་རེ་བཞིན་སྨྱུང་གནས་ཀྱི་བླ་མ་དཔོན་གཡོག ཕག་མོའི་སྒྲུབ་མཆོད་ཀྱིས་དབུ་བླ་བཅས་མངགས་དགོས།
ཡུལ་ལུང་སད་སེར་འགོག་པ། ཆར་སློང་བ། ཐན་པ་དཀོན་པ་བཅས་ཀྱི་ཆེད་དུ་རྟག་ཏུ་མགོན་བླ་ཁག་གཉིས་དང་། དབྱར་གནས་པ་རྣམས་ཀྱིས་ཉིན་མཚན་ལྟོས་མེད་དུ་ལྷ་དང་བླ་མར་གསོལ་[page 187] འདེབས་དང་འཕྲིན་བཅོལ་བརྩོན་དགོས། དེ་བཞིན་དུ་ནད་པ་དང་། འགྲུལ་པ། ཚེས་ལས་ཡོལ་བ་སོགས་ཀྱི་ཆེད་དུ་སྐུ་རིམ་སྨོན་ལམ་སོགས་ཆད་མེད་བྱ་དགོས།
དགོན་པ་འདི་ལ་སྤྲུལ་སྐུ་གཅིག་ཀྱང་མེད་མོད། རྡོ་རྗེ་སློབ་དཔོན་གང་ཡིན་དེས་གཏོར་བརྒྱབ་ཀྱི་བླ་མ་སྒྲུབ་མཆོད་ཀྱི་དབང་བསྐུར་སོགས་གནང་སྲོལ་ཡོད་དོ།
དེ་ལྟར་དགོན་པ་འདིའི་མཁན་རབས་ཀྱི་ཕྲེང་བ་ནི། དང་པོ་ནི་ཀརྨ་དབྱངས་ཅན་འཇིགས་མེད་དགའ་བའི་གོ་ཆ། དོ་མདའ་ལ་འཁྲུངས། སྟོད་ལ་ཕྱི་གངས་རར་འཇའ་ལུས་སུ་སོང་།
གཉིས་པ་བླ་མ་མཁའ་འགྲོ། གྱོང་རལ་ནང་དུ་འཁྲུངས། མཁས་པའི་ཡོན་ཏན། བཙུན་པའི་དཔེར་འོས། གྲུབ་པའི་རྟགས་ཟླ་མེད་པ་མངའ།
གསུམ་པ་བླ་མ་བསམ་ལྷུན། ག་དྷ་གྲོང་དུ་འཁྲུངས། སྐུ་ཚེ་ཧྲིལ་པོ་ཚེ་མཚམས་གནང་།
བཞི་པ་བླ་མ་མཁའ་ཕྲུག་ནི། གླིང་ལ་སྒང་དུ་འཁྲུངས།
ལྔ་པ། བླ་མ་འཇམ་དབྱངས་ཆོས་འཕེལ། སྒྲུབ་པ་ཉམས་ལེན་གྱིས་ཚེ་མཐར་ཕྱིན།
དྲུག་པ། ཀརྨ་ཚེ་རིང་ངམ་ག་ལུ་མ་ཞེས་པ་ནི་གླིང་ལ་སྒང་དུ་འཁྲུངས། སྐུ་ཚེ་ཧྲིལ་པོར་ཕྱག་རྒྱ་ཆེན་པོའི་ཉམས་བཞེས་མཛད། གདུང་ལ་རིང་བསྲེལ་མང་དུ་བྱོན།
བདུན་པ། ཀརྨ་རང་བྱུང་ཀུན་ཁྱབ་ནི། རིག་གྲྭ་དགོན་ཞོལ་དུ་འཁྲུངས། ལོ་བཅུ་གཉིས་སུ་དབེན་རིར་སྒྲུབ་པ་མཛད། དགུང་ལོ་ལྔ་བཅུའི་དུས་སུ་རྒྱ་གར་དུ་ཕེབས། ས་དགེ་བཀའ་རྙིང་གི་བླ་སྤྲུལ་དགེ་བཤེས་ཆེ་གྲས་རྣམས་ལ་རྒྱུད་སྡེ་ཆེན་པོ་ལྔ་དང་ཤངས་པའི་གསེར་ཆོས་རྣམ་ལྔ། མགོན་པོའི་བཀའ་ཆེན་བཅུ་གསུམ་སོགས་ཀྱི་དབང་ཁྲིད་གདམས་པ་ཕྱག་ལེན་དང་བཅས་པ་ལ་བསྩལ། ཕྱིའི་རྒྱལ་ཁབ་ཕལ་ཆེར་བར་ཕེབས་ཏེ་གཞི་བདུན་བཅུ་དང་། སྒྲུབ་སྡེ་ཉི་ཤུ་གསར་འཛུགས་གནང་། བན་རྒན་དགོན་པ་ལ་དངོས་བརྒྱུད་ཅི་རིགས་ལ་ཆོས་ནོར་གང་ཐད་ནས་སྐུ་དྲིན་ཤིན་ཏུ་ཆེ། མཐར་རྒྱ་གར་དུ་སྐུ་གཤེགས་སོ། དེ་ནས་མཁན་རབས་ཉི་ཤུ་ལྷག་དང་དགོན་པ་འདི་ཆགས་ནས་ལོ་དགུ་བཅུ་ལྷག་སོང་།
སྤྱི་ལོ་༡༩༣ལོར་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་དགོན་པར་ཆོས་སྒོ་ཕྱེ་བའི་ཆོག་མཆན་ཐོབ། རྫོང་དང་གྲྭ་ཚང་ཡོངས་ནས་བླ་མ་ཨ་དཀར་དགོན་པའི་གཙོ་འཛིན་དང་། བླ་མ་ཡ་མ་བཀྲིས། ཕུན་ཚོགས་ཆོས་འཕེལ་སོགས་རིམ་པར་བསྐོས།
དེའི་ཕྱི་ལོ་བླ་མ་ཕུན་ཚོགས་དགོན་པའི་ཀྲུའུ་རིན་དང་བླ་མ་ཡ་མ་བཀྲིས། ཡེ་ཤེས་བཀྲ་ཤིས། ཀརྨ་གྲགས་པ། ཡ་མ་རྡོ་རྗེ་བཅས་རྒན་གཞོན་ལྔ་དང་། གཞན་ཡང་བླ་མ་ཨ་དཀར། ཀརྨ་འཇམ་དབྱངས། འཆི་མེད། བསོད་ནམས་ཚེ་རིང་། ཚེ་འཕེལ། ཀརྨ་དམ་ཆོས་བཅས་རིམ་བཞིན་བསྐོ་བཞག་བྱས། དེའི་ཕྱི་ལོར་བླ་མ་ཕུན་ཚོགས་གཙོས་གྲྭ་རྒན་ཡོངས་རྫོགས་དགོན་པ་གསར་བཞེངས་ཀྱི་[page 188] ཐད་ལ་ཚོགས་འདུ་བྱས་པའི་འདོད་པ་མི་འདྲ་བ་བཞི་བྱུང་། དགོན་ཤུལ་རྙིང་པ་དང་མི་ར་ཐང་དང་། མདོ་སྒང་། དགོན་ཆེན་དེའུ་ལི་བཅས་ཟུར་ཐོ་ཕབས་ཏེ་སི་ཏུ་རིན་པོ་ཆེར་སྙན་ཞུ་ཕུལ། སི་ཏུ་རིན་པོ་ཆེས་དགོན་ཤུལ་རྙིང་པ་དེར་རྗེས་སུ་སྒྲུབ་གྲྭ་ཚུགས། དགོན་ཆེན་དེའུ་ལི་དེ་མིང་དང་ས་དཔྱོད་བཟང་བས་དེར་དགོན་པ་ཐོབ་ཅེས་གསེར་ཡིག་ཐམ་འབྱར་མ་དང་ཉིད་ཀྱི་སྐུ་པར། ཐུབ་སྐུ་གཅིག སྒོར་སྟོང་བཅས་གནང་། གྲྭ་བ་སུམ་ཅུ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་པ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་དང་། མཐར་སེམས་བསྐྱེད་ཀྱི་སྡོམ་པ་བཅས་ལགེས་པར་བསྩལ།
སྤྱི་ལོ་༡༩༨༥ལོའི་ཟླ་༡པོའི་ཚེས་༡༡ཉིན། བླ་མ་ཕུན་ཚོགས་གཙོས་རྒན་གྲས་རྣམས་ཀྱིས་ས་སློང་དང་། བཀྲ་ཤིས་སྨོན་ཚིག་ཟབ་རྒྱས་བགྱིས་ཏེ་འགོ་ཚུགས་པ་ཡིན། སྤྱི་ལོ་༡༩༨༥ལོའི་ཟླ་༣ཚེས་༧ཉིན་གཙུག་ལག་ཁང་གི་རྨང་བཏིང་། བླ་མ་ཕུན་ཚོགས་ཀྱི་ཞལ་བཀོད་ལྟར་གྲྭ་ཚང་དང་སྡེ་བ་ཚོའི་བཀའ་དྲིན་ལ་བརྟེན། གཙུག་ལག་ཁང་ཀ་མིག་སོ་བརྒྱད། གྲྭ་ཤག་ཀ་མིག་ཉེར་བཞི། གཉེར་ཁང་ལ་བཅུ་གཉིས། ཇ་ཁང་ལ་བཅོ་བརྒྱད། གཙུག་ལག་ཁང་གི་ཐོག་ཁང་རབ་གསལ། གཡས་གཡོན་དུ་གཟིམ་ཆུང་། མཛོད་ཁང་བཅས་བཞེངས་པ་གྲུབ་བོ། དེ་ནས་རིམ་བཞིན་ནང་རྟེན་ལ། དུས་གསུམ་སངས་རྒྱས། གུ་རུ་གཙོ་འཁོར། ཀརྨ་དུས་གསུམ་མཁྱེན་པ། ཇོ་བོ་རྗེ། མར་མི་དྭགས་གསུམ། རྡོར་སེམས། ཙོང་ཁ་པ། གནས་བརྟན་བཅུ་དྲུག་དང་། མགོན་ཁང་དུ་འཁོར་ལོ་བདེ་མཆོག་བེར་ནག་ཅན། དཔལ་ལྡན་ལྷ་མོ་སོགས་གསར་བཞེངས་དང་། རྟེན་རྙིང་མ་མགོན་ཞལ་སྦྱོར་སོགས་དུ་མ་བཞུགས་སོ། གསུང་རྟེན་ལ། བཀའ་བསྟན་དང་། མཛོད་ཆེན་རྣམ་ལྔ་སོགས་དུ་མ། གསེར་དངུལ་ཟངས་རག་ལས་གྲུབ་པའི་མཎྜལ། མཆོད་ཀོང་བདུན་ཚར་སོགས་ཉེར་མཁོ་ཅི་རིགས་པ་ཡོད་དོ།
རྒྱལ་མཆོག་བཅུ་དྲུག་པ་ཆེན་པོའི་སྐུ་པར་དང་སྐུ་གཟན། ཡི་དམ་རྡོ་རྗེ་ཕག་མོ། བཀའ་སྲུང་བེར་ནག་ཅན་གྱི་སྐུ་པར། རིལ་ནག་ཤོག་ཐུམ་བཅུ་གསུམ་བཅས་བསྩལ་ཞིང་། མཛོད་པ་མཆོག་ནས་བཀའ་འགྱུར་ཆ་གཅིག་གནང་འབྱོར་བྱུང་། དེ་ནས་བཟུང་ལོ་ལྟར་ས་ག་ཟླ་བའི་ནང་གྲྭ་མང་གིས་བཀའ་འགྱུར་དག་ཚར་རེ་གསུང་། དེ་ལ་དགོན་གཞུང་ནས་སྒོར་སུམ་བརྒྱ་དང་བླ་མ་ཕུན་ཚོགས་ནས་སྒོར་བརྒྱ་རེ་ཕུལ། དགོན་པ་འདི་བཞེངས་འགོ་ཚུགས་པ་ནས་བཟུང་རང་གྲྭ་མིན་པའི་ཨ་རྒྱལ་ཚེ་རིང་གིས་སྒོར་ཆིག་སྟོང་ཕུལ།
ཁྱད་པར་བླ་མ་རྒྱལ་མཚན་དང་བྱང་ཆུབ་ཚེ་རིང་གཉིས་ཀྱིས་རྟེན་གསུམ་འགངས་ཅན་དང་། མཆོད་ཆ་སོགས་གནང་བ་ཤིན་ཏུ་མང་། མཚོ་སྔོན་ནས་བླ་མ་རྡོ་རྗེ་འགྱུར་མེད་ཀྱིས་སྒོར་བདུན་སྟོང་ལྷག་དང་། བླ་མ་ཨ་ཀ་སོགས་ཀྱིས་ཕྱུགས་ཟོག་སུམ་ཅུ་ལྷག་དང་དངོས་རྫས་སྣ་ཚོགས་ཕུལ། འདུ་ཁང་ཕྱོགས་ཙམ་གྲུབ་པ་དང་། བླ་མ་ཕུན་ཚོགས་ནས་ལམ་རིམ་ཆེན་མོ་སྦྱོར་ཆོས་སོགས་ཀྱི་ཁྲིད་དང་། [page 189] ལུང་བཅས་གནངས། རྒན་བསོད་ནམས་རྒྱ་མཚོས་ལམ་རིམ་ཐར་པ་རིན་པོ་ཆེའི་རྒྱན་དང་། སྤྱོད་འཇུག་ཆེན་མོ། སུམ་རྟགས་དག་གསུམ་སོགས་ཟླ་ངོ་གསུམ་ཙམ་དུ་ཁྲིད།
དགོན་པ་གསར་བཏབ་ཀྱི་དབྱར་གནས་མཁན་པོ་དང་པོ་བླ་མ་ཚེ་དབང་འཕྲིན་ལས་དང་། དེའི་ཕྱི་ལོ་བླ་མ་ཀརྨ་འཇམ་དབྱངས། དེའི་ཕྱི་ལོ་དགེ་སློང་བཀྲ་ཤིས་དོན་གྲུབ། དེའི་ཕྱི་ལོ་བླ་མ་ཡེ་ཤེས་བཀྲ་ཤིས། དེའི་ཕྱི་ལོ་དགེ་སློང་རྟ་མགྲིན་དབང་རྒྱལ་བཅས་རིམ་བཞིན་མཁན་པོར་བསྐོས། དཔལ་སྤུངས་སུ་གྲྭ་བ་མངགས་ནས་གར་ཐིག་དབྱངས་རོལ་སོགས་སྦྱངས།
བླ་མ་ཕུན་ཚོགས་དང་བློ་གྲོས་སྐུ་མཆེད་ཉི་མགོན་བཅས་བཀའ་བགྲོས་ཏེ་དགོན་གཞུང་གི་ཚོགས་སྒོའི་གཏོང་རྩའི་ཐད་དུ་བླ་མ་ཀརྨ་འཇམ་དབྱངས་སོགས་བླ་གྲྭ་བདུན་ཚ་ཚའི་ཕྱོགས་སུ་བཏང་བས་རྟ་ཟོག་དྲུག་ཅུ་ཙམ་དང་དངོས་རྫས་ཅི་རིགས་བྱུང་།
སྤྱི་ལོ་༡༩༨༧ལོར་པཎ་ཆེན་སྐུ་ཕྲེང་བཅུ་པར་གདན་ཞུས་ལྟར་ཞབས་སོར་བཀོད། རྟེན་གསུམ་མཎྜལ་བཅས་དངོས་འབུལ་བཏེགས། ཏྲེ་ཧོར་ཞང་དང་། ཞི་སེར་ཞང་གི་སྡེ་ཁག་སོ་སོའི་དཔོན་འབངས་ཡོངས་ཀྱིས་བརྩོན་པར་བརྟེན། དགོན་པའི་ལྕགས་རི་དང་སྐྱེད་ཚལ་གྱི་རྭ་བ་གཅིག་འཐུས་གྲུབ། དེ་ནས་བླ་མ་ཕུན་ཚོགས་ཀྱིས་དར་རྒྱས་དགོན་པའི་རྒན་བསོད་ནམས་ཕུན་ཚོགས་གདན་དྲངས་ཏེ། དབྱར་གནས་ཟླ་བ་གཉིས་ཀྱི་དུས་སུ་དབྱར་གནས་པ་དང་ཉན་འདོད་ཡོད་པའི་སློབ་གྲྭ་བ་བཅས་ལ་སྤྱོད་འཇུག་ཆེན་མོ་ཐེངས་གཉིས་དང་། ཕྱི་ལོ་དབྱར་གནས་སྐབས་རྒྱས་སྲས་ལག་ལེན་སོ་བདུན་མ་དང་། དགེ་ཚུལ་གྱི་བསླབ་བྱ་བཅས་ཁྲིད། དེའི་ཕྱི་ལོ་ཡང་ཐར་པ་རིན་པོ་ཆེའི་རྒྱན་དང་། སྡོམ་གསུམ་བཅས་ཁྲིད་དོ།
བླ་མ་ཕུན་ཚོགས་གཙོས་བདག་གཉེར་ལྷན་ཁང་ནས་འབྲི་ཀློག་གཙོ་བོར་བྱ་བའི་སློབ་གྲྭ་བ་ལོ་བཅུ་ནས་ཉི་ཤུའི་བར་མི་གྲངས་དྲུག་ཅུ་དང་དགེ་རྒན་གཉིས་བཅས་གསར་དུ་བཙུགས། ལོ་རེར་སྟོན་དཔྱིད་གཉིས་སུ་ཟླ་བ་རེར་ཆོས་མཚམས་དང་། ཟླ་བ་བཅུ་ལ་དཔེ་ཁྲིད་བྱ་རྒྱུ་དང་ཟླ་བ་རེར་སྒོར་༣༠རེ་དང་། སློབ་ཕྲུག་རེ་ལ་ཟླ་བ་རེར་སྒོར་༣རེ་དགོན་གཞུང་ནས་བཏང་ངོ་། དེའི་ཁ་སྣོན་དུ་༡༩༩༤ལོའི་ཟླ་༧ནས་འགོ་ཚུགས་ཏེ་རྒན་བསོད་ནམས་རྒྱ་མཚོས་སློབ་མ་རེ་གསུམ་ལ་སྒོར་བཅུ་རེ་དང་། རྒན་གསུམ་ལ་སྒོར་ལྔ་བཅུ་རེ། དགེ་རྒན་ཕུན་ཚོགས་ལ་སྒོར་༢༥བཅས་ཟླ་བ་རེ་བཞིན་ཕུལ་བས་ཁྱོན་སྒོར་བརྒྱད་སྟོང་ལྔ་བཅུ་ཐམ་པ་ཕུལ། ༡༩༧༥ལོ་ཕན་ཆད་དུ་སློབ་མ་བརྒྱད་བཅུ་དང་དགེ་རྒན་བཞི་ལ་ཟླ་བ་རེར་སྒོར་ཆིག་སྟོང་གིས་ཞབས་འདེབས་ལ་དམིགས་ཏེ་མ་རྩ་སྒོར་ཁྲི་ལྔ་བཞག་གོ
སྤྱི་ལོ་༡༩༩༡ལོར་དགོན་པའི་ཚོགས་ཆེན་འདུ་ཁང་དངོས་གཞི་ལ་དར་གྲྭ་བསོད་ནམས་ཕུན་ཚོགས་གདན་ཞུས་ཀྱིས་ལྟོ་འཕྱེའི་ཐིག་སོགས་ས་སློང་སྤྱི་འགྲོས་དང་འདུས་པ་སྤྱིས་བཀྲ་ཤིས་གསོ་སྦྱོང་། [page 190] ལས་གཞིའི་སྦྱིན་བསྲེག་བཅས་ལེགས་པར་གྲུབ་བོ།
རྒྱ་གར་ནས་འཇམ་མགོན་ཀོང་སྤྲུལ་ཕེབས་པས་གྲྭ་སྤྱི་ལ་བདེ་མཆོག་ལྷ་ལྔའི་དབང་དང་། གྲྭ་བ་ང་དྲུག་ལ་དགེ་ཚུལ་སློང་གི་སྡོམ་པ་དང་སེར་སྐྱ་ལྔ་སྟོང་ལྷག་ལ་སྨན་བླའི་རྗེས་གནང་བཅས་གནང་། དགོན་གཞུང་ནས་དངོས་འབུལ་རྒྱ་ཆེན་བཏེགས། རིན་པོ་ཆེ་ནས་སྒོར་ཆིག་སྟོང་ལྔ་བརྒྱ་གནངས་སོ།
སླར་ཡང་སི་ཏུ་པདྨ་དོན་ཡོད་ཕེབས་ནས་གྲྭ་ཞེ་གསུམ་ལ་དགེ་ཚུལ་སློང་གི་སྡོམ་པ། གྲྭ་སྤྱི་ལ་པཀྵིའི་བླ་སྒྲུབ་དང་སེར་སྐྱ་བདུན་སྟོང་ལ་དྲག་པོ་སུམ་སྒྲིལ་གྱི་རྗེས་གནང་བསྩལ། དགོན་གཞུང་ལ་རོལ་སིལ་ཆ་དང་། ཀ་ལུ་རིན་པོ་ཆེའི་གསོལ་བཞེས། ཙན་དན་གྱི་ཌཱ་མ་རུ། སྒོར་ཉིས་སྟོང་བཅས་གནངས། སི་ཏུ་རིན་པོ་ཆེས་བཀའ་མངགས་ལྟར་སྒོར་སུམ་ཁྲི་ལྷག་གིས་འབྲུ་རིགས་ཉོ་རོགས་བགྱིས་ཏེ་དཔལ་སྤུངས་ཆོས་ཞུ་ཡོངས་ལ་འཚོ་རྟེན་ཞབས་ཕྱི་ཞུས། དེ་ལྟར་དགོན་གཞུང་ནས་དཔལ་སྤུངས་སི་ཏུ་ལ་ཞབས་ཕྱི་ཞུས་པའི་རྐྱེན་གྱིས། བན་རྒན་དགོན་པའི་དགོན་བདག་བླ་མ་ཕུན་ཚོགས་དཔལ་སྤུངས་སུ་འབྱོར་དགོས་པའི་བརྡ་འབྱོར་མ་ཐག བླ་མ་ཕུན་ཚོགས་གཙོས་བླ་གྲྭ་ལྔ་སྐུ་བཅར་ལ་སོགས་བླ་སྤྲུལ་བདུན་ཅུ་ཙམ་ལ་མཇལ་དར་དང་། སྒོར་གསུམ་སྒོར་གཉིས་རེ་སྐུ་འགྱེད་དང་། གྲྭ་བྱིངས་ལ་ཇ་ཁག་དྲུག་གསུམ་བཅས་སྐྱབས་རྟེན་དུ་འབུལ། སི་ཏུ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོས་བླ་མ་ཕུན་ཚོགས་ལ་ཁྱེད་བན་རྒན་དགོན་པའི་བསྟན་པ་ལ་འགན་བཞེས་དགོས་ཚུལ་དང་། ང་རང་གི་ཚ་བོ་ཡིན་ནོ་ཞེས་མགུལ་དར་དང་། འབུ་རས་དམར་པོའི་གཟན། མགུལ་གའུ། རིལ་ནག དར་སྣའི་དྲུང་མདུད་བཅས་གནང་ཏེ་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་། གཟེངས་བསྟོད་ཐོབ་བོ། །ཕྱིར་རང་དགོན་དུ་ཕེབས་དུས། དགོན་པས་སི་ཏུ་རིན་པོ་ཆེའི་སྐུ་ཚབ་བྱུང་བ་ནི་ལན་ཐེངས་དང་པོ་ཡིན་པས་དགའ་སྤྲོ་ཆེན་པོས་དགོན་པ་སྐྱ་ཚོགས་དང་བཅས་པས་མངའ་གསོལ་བརྟན་བཞུགས་ཕུལ། རྒྱལ་དབང་བཅུ་དྲུག་པ་འབྱུང་འགྱུར་གྱི་ལུང་བསྟན་ལྟར་འདུ་ཁང་ཆེན་མོ་ཀ་རིང་བཅུ་དྲུག་དང་ཀ་མིག་རྟ་བབས་ཡན་གོ་ལྔ། ཆོས་གྲྭར་ཀ་མིག་བཞི་བརྒྱའི་ཚད་རྨང་ལེན། ༡༩༩༤ལོ་ནས་སེར་སྐྱ་ཡོངས་ཀྱི་འགན་ལྷག་བསམ་རྣམ་དག་གིས་ཁུར་ཏེ་བཞེས་བཞིན་པ་ལགས།
དེ་ནས་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་གདན་ཞུས་ཀྱིས། སྐྱ་སེར་བྱིངས་ལ་བདེ་ཆེན་ཞིང་སྒྲུབ་གྱི་དབང་ཞུས། སྤྱི་མིང་ཐོ་ལ་གྲྭ་བཞི་བརྒྱ་ཞེ་བརྒྱད་ཡོད་ཀྱང་། རྒྱུན་བཞུགས་བརྒྱ་དང་སུམ་ཅུ་ལྷག་ལས་མེད། ལོ་ལྟར་རྡོར་སེམས་ཀྱི་སྒྲུབ་མཆོད་སྦྱིན་བསྲེག་དང་བཅས་པ་ཉིན་བརྒྱད་དང་། འཁོར་ལོ་བདེ་མཆོག་རྡོ་རྗེ་ཕག་མོ། རྒྱལ་བ་རྒྱ་མཚོ། དགུ་ཆེ་ཆུང་གར་འཆམ་བཅས་པ་ཉིན་བརྒྱད། ཚེ་སྒྲུབ་ཉིན་གསུམ། མི་ལའི་འདས་མཆོད། སྨོན་ལམ་ཆོ་འཕྲུལ་ཆེན་པོ་སོགས་འདས་མཆོད་[page 191] མང་པོ་ཡོད་དོ། དེ་དག་གི་གཏོང་རྩ་གཙོ་བོ་ནི་བླ་མ་རྟ་ལུ་ནས་བཞག་པར་མ་ཟད། གྲྭ་ཚང་ལ་རྒྱུན་ཇའི་རྟེན་རྩ། སློབ་གྲྭ་བ་རྣམས་ལ་ཟླ་བ་རེ་སྐོར་3རེའི་རྟེན་རྩ་དེ་བཞིན་དུ་གཡར་གནས་དང་། བཀའ་འགྱུར་སྒྲོག་པ་རྣམས་ལ་སྒོར་གོང་དུ་སྨོས་པ་རྣམས་དང་། ཚོགས་ཆེན་གཙུག་ལག་ཁང་བཞེངས་པའི་མ་རྩ་བཅས་ཁྱོན་སྒོར་ལྔ་ཕྱི་ཁྲི་བཞག་པ་དང་། དེ་བཞིན་དུ་གསེར་དངུལ་ལས་གྲུབ་པའི་མཎྜལ། དངུལ་རིང་། སྐུ་རྟེན་རོལ་སིལ་སོགས་གནང་བས་བཀའ་དྲིན་ཤིན་ཏུ་ཆེ། དགོན་པ་འདི་ཉག་ཕྲའི་གནས་ལས་སྐྱབས་པའི་མགོན་ནི་བླ་མ་འདི་ཉིད་ཡིན་ནོ། རྒྱལ་ཁབ་སྲིད་གཞུང་ནས་ཉམས་གསོའི་རྟེན་ལ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་དང་། དེ་ནས་ཕྱི་རྒྱལ་ནས་བླ་མ་དབང་ཆེན་ཆེད་ཕེབས་ཀྱིས་སྒོར་སྔ་ཕྱི་ལ་བཞི་ཁྲི་ལྔ་སྟོང་། ཨ་སྒོར་ཆིག་སྟོང་། རོལ་སིལ་རྒྱ་གླིང་རྐང་གླིང་དུང་ཆེན་བཅས་གནང་དེ། རྗེས་སུ་བཤད་གྲྭ་ཚད་ལྡན་ཞིག་འཛུགས་རྒྱུ་དང་། དེའི་མཐུན་རྐྱེན་བླ་མ་དབང་ཆེན་རང་གིས་བྱ་རྒྱུ་བཅས་གསུང་ཕེབས། དེ་ལྟར་དགོན་པ་འདི་བླ་མ་ཕུན་ཚོགས་ཆོས་འཕེལ་གཙོར་བཞུགས། གཞན་གྲྭ་མང་ཡོངས་ཀྱི་རམ་འདེགས། སྡེ་བ་མི་སེར་དང་བཅས་པས་མཐའ་གཉིས་ནས་བཏེགས། ཕྱི་ནང་ཀུན་ཏུ་རྙོག་འཛིང་མེད་པར་དཀར་མཛེས་ཁུལ་དགོན་པ་འབྲིང་གིས་མིག་དཔེ་ཞིག་ཏུ་གྱུར་ཏོ། །
ཞེས་བན་རྒན་དགོན་པའི་ལོ་རྒྱུས་འདི་ནི་དགོན་པ་རང་གི་དགེ་སློང་དམ་ད་ལྟ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་བསོད་ནམས་རྒྱ་མཚོ་དང་། ལབ་ཕན་འདུས་བློ་བཟང་བློ་གྲོས་གཉིས་ཀྱིས་གཅིག་དགུ་གོ་ལྔ་ལོའི་ཟླ་བ་བཞི་པའི་ནང་པེ་ཅིང་ནས་སྦྱར་བ་དགེའོ། །
བོན་པོ་གཡུང་དྲུང་མགོན་པའམ་གཡུང་དྲུང་མི་འགྱུར་གླིང་ཞེས་བྱ་བ་ནི་དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་བཞི་ཙམ་ཡོད་པའི་མཚམས་གསེར་མཁར་ཆུས་གོང་ལུང་ཞང་ཆོས་འཁོར་གྲོང་དུ་ཆགས་ཡོད་ལ། དེང་དཀར་མཛེས་རྫོང་མངའ་འོག་དུ་བོན་པོའི་གྲུབ་མཐའ་འཛིན་མཁན་མགོན་པ་འདི་ཁོ་ན་ལས་གཞན་མེད།
དེ་ཡང་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་དུ། བོན་པོ་མགོན་པ་འདི་གྲུབ་མཐའ་ཕྱོགས་རིས་ཀྱི་འཁྲུག་རྩོད་ཀྱི་དར་རྒྱུད་ཐེངས་མང་མྱངས། གདན་ས་ཐོག་མ་ནི་ད་གནས་ཀྱི་གཙང་ཆུ་ཕ་རོལ་ན་རབ་གསལ་ཞབས་ཟེར་བའི་རི་གདོང་ཆེན་པོ་ཞིག་ཡོད་པ་དེའི་འོག་རོལ་ན་ཆགས། སྔོན་ཁོག་རྩེ་ཞང་གི་ཁོག་རྩེ་དགོན་དུ་ཆགས། ད་ལྟ་བོན་གྱི་ཚ་ཁང་ཙམ་ལས་ཞིང་སར་གྱུར་སྔར་རྒན་རབས་རྣམས་ཀྱི་བཤད་སྲོལ་ལྟར་ན། དེ་གར་ཞིང་རྨོ་དུས་གྱོ་མོག་སོགས་གནའ་རྫས་མང་པོ་ཪྙེད་པར་སྐད། དུས་ཚོད་ཧ་ཅང་རིང་བའི་རྐྱེན་གྱིས་དགོན་པ་བཏབ་མཁན་དང་དུས་ཚོད་སོགས་གསལ་པོར་མ་ངེས་ཀྱང་། གནའ་ཤུལ་ནས་ཐོན་པའི་དངོས་རྫས་དང་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ལ་གཞིགས་ན། བོད་བཙན་པོའི་སྐབས་སུ་མདོ་སྨད་ཁམས་ཕྱོགས་སུ་བོན་དར་ཁྱབ་ཆེ་བས་ཕལ་ཆེར་དེ་དུས་ཡིན་པ་འདྲ། སྐབས་དེ་དུས་ནས་དགོན་མིང་ལ་གཡུང་དྲུང་གླིང་ཞེས་བརྗོད་སྐད། རྗེས་སོར་གཡུལ་འཁྲུག་གམ། སྲི་འདྲེ། རང་བྱུང་སོགས་ཀྱི་གནོད་ཚེ་ཡིན་པ་མ་ཤེས་པར་གདན་ས་སྤོ་དགོས་བྱུང་། དེ་ནས་གཙང་འགྲམ་ཚུར་རོལ་ན་དར་ལུང་ཟེར་བའི་ཉི་འདབས་རི་གདོང་དུ་ཆགས། དེང་སང་ས་དེར་དགོན་ཤུལ་ཪྙིང་བ་ཞེས་འབོད། དེ་ཡང་བཏབ་མཁན་དང་དུས་སོགས་མ་ངེས། སྐབས་དེར་ཉག་རོང་དཔོན་ཚང་ལ་བུ་ལོན་གྱི་ཁྲལ་འཇལ་མ་ཐུབ་པ་གཡུལ་བཀྱེས་ནས་དགོན་པ་མེར་བཏང་ངོ་།
དེ་ནས་ཀུན་འགྲོ་འཇའ་མཚོན་སྙིང་བོ་ཟེར་བ་ཞིག་ཕེབས་ནས་དེ་བས་གནས་ཪྙིང་ཡར་ངོགས་ཀྱི་[page 207] ཐང་ལ་གདན་ས་བཏབ། དགོན་མཐར་རིམ་གྱིས་སྡེ་བ་ཆགས་པས་ད་ལྟ་ཆོས་འཁོར་གྲོང་གི་དཀྱིལ་དབུས་སུ་ཡོད། བཤད་སྲོལ་ལྟར་ན། དགོན་པ་འདི་གར་སྤོས་ནས་ད་བར་ལོ་ངོ་སུམ་བརྒྱ་ལྷག་སོང་སྐད། བེ་རི་ཚང་གཏོར་ནས་ཕྱོགས་འདིར་སླེབས་སྐབས་སུ། དགོན་པ་འདི་བཏབ་མ་ཐག་ཡིན་པ་འདྲ། དེ་ཡིན་ན་ཕལ་ཆེར་སྤྱི་ལོ་༡༦༤༠ལོར་ཡིན་སྙམ་སྟེ་ལོ་ངོ་གསུམ་བརྒྱ་ལྔ་བཅུ་ལྔ་བཞི་སོང་ཡོད། དེ་དུས་སྨིན་རྒྱལ་ཚང་ཟེར་བའི་དུད་ཆེན་ནོར་གྱིས་ཕྱུག་པ་ཞིག་ཡོད་པ་དེ་སྦྱིན་བདག་ཏུ་ཕེབས་པར་བརྟེན། ཁོང་གིས་གཞི་ནས་ས་ཀ་བ་བཅུ་གཉིས་ཙམ་ཡོད་པའི་གཙུག་ལག་ཁང་སུམ་བཙེགས་ཅན་ཞིག་རྟེན་དང་བཅས་པར་བཞེངས། སྐབས་དེར་གྲྭ་བ་ཉི་ཤུ་ཙམ་དང་གྲྭ་ཤག་བཅུ་གཉིས་ཙམ་ཡོད། སྐུ་ཚེ་སྨད་དུ་ཁོང་རྫ་ཁོག་དུ་ཕེགས་ནས་རྫ་ཁོག་སྨིན་རྒྱས་དགོན་ཟེར་བ་ཞིག་བཏབ་པ་དེར་བཞུགས་ནས་སྐུ་ཐར་ཆོད། འདི་བ་ལ་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ལྡན་པས་ཕྱག་བྲིས་རྫ་ཁོག་སྨིན་རྒྱས་དགོན་ཡོད་སྐད་འདུག།
དེ་ནས་ཕལ་ཆེར་མི་རབས་གསུམ་ཙམ་གྱི་ཚེ་ལ་ལོ་རྒྱུས་མ་ཤེས་པའི་རྗེས་སོར། ཨ་ཁུ་སྤྲུལ་སྐུ་ཟེར་བ་རྫུ་འཕྲུལ་སྟོབས་དང་ལྡན་པ་ཞིག་ཕེབས། ཁོང་རབ་བྱུང་བཅོ་ལྔ་པའི་མེ་བྱི་སྤྱི་ལོ་༡༨༧༦ལོར་སྐུ་འཁྲངས། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་དུ་བོན་སྟོན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་སངས་རྒྱས་རིན་ཆེན་གསོལ། སྐུ་ནར་སོན་དུས་ཤར་རྗའི་དྲུང་དུ་བཀའ་དབང་དང་ཁྲིད་ལུང་ཅི་རིགས་ཞུས་པ་དང་བོན་སྡེ་དཔེ་ཚན་རེ་རེའི་ཆེ་དུའང་དཀའ་བ་དུ་མར་མཛད་ཕྱིར། ཡོན་ཏམ་དང་བཅས་པ་བླ་ན་མ་མཆིས་པར་རང་སར་སྤྲུལ་སྐུའི་གོ་འཕང་ཐོབ་ནས་ཚང་མས་ཨ་ཁུ་སྤུལ་སྐུ་ཞེས་མཚན་གསོལ་དུས་དེ་ཙ་ན་དར་རྒྱས་དགོན་པ་དང་རྒྱ་གཉིས་གཡུལ་འཁྲུག་བྱུང་ནས་དགོན་པར་གནོད་པ་ཚབས་ཆེན་ཐེབས་རྐྱེན་ཁོང་གྲོས་བྱོལ་གྱིས་ར། ཁོག་ཏུ་ཁོང་གི་བླ་མ་ཤར་རྗ་བཀྲ་ཤིས་རྒྱལ་མཚན་གྱི་བདུན་དུ་སོང་ནས་ཁོང་ཙ་རི་ལ་གནས་བསྐོར་འགྲོ་བ་ཡིན་ཞེས་ཞུས་པའི་ལན་དུ། ཁྱོད་རང་གནས་བསྐོར་ལས་རང་དགོན་ལ་ཕེབས་ན་ཕན་ཐོགས་ཆེ་གསུངས་ནས་མདོ་ཟེར་མིག་དང་བྱམས་པའི་སྐུ། བོན་པོའི་མཆོད་རྫས་འགའ་གནང་ཏེ་མངགས། རང་དགོན་དུ་སླེབས་དུས་གཡུལ་འཁྲུག་གི་གནོད་ཚེ་ཐེབས་ནས་འདུ་ཁང་སྟོང་བར་གྱུར། ནང་དུ་རྒྱལ་པོ་ཞིག་བཞུགས་པར་ཨ་ཁུས་རྒྱལ་པོ་འདིས་དགོན་པ་ལ་ཕན་པ་ལས་གནོད་པ་ཆེ་འདུག་དགོངས་ནས་རྒྱང་ཕུད་གཏོང་ཕྱིར་གཏོར་མ་བྱས་ཏེ་གཏོར་རྫོངས། རྒྱལ་པོ་ད་དུང་ཕེབས་དགོངས་མེད་པས། ཁོང་གིས་སྟོབས་དང་རྫུ་འཕྲུལ་ངོམས་པ་ལ་ཐོག་མར་ཕྱག་ཕུལ། དེ་ནང་རང་གི་རྐང་བ་ཤེས་དོགས་ཀྱིས་རྐང་མཛུབ་ཙམ་གྱིས་རྒྱལ་པོའི་མདུན་གྱི་ཤིང་ལེབ་ངོས་སུ་བརྫུས་པས་ཞབས་རྗེས་མངོན་སུམ་དོད་པའི་ཤིང་ལེབ་དེ་དེང་སང་ཡང་དགོན་པ་འདིས་ཉར་ཚགས་བྱས་ཡོད་པ་ཁོ་བོས་དངོས་སུ་མཐོང་། དེ་ནས་ཁོང་ནི་དགོན་པའི་བདག་པོར་གྱུར། རིགས་སྨིན་རྒྱལ་ཚང་ཡིན་ཕྱིར། [page 208] སྐབས་དེར་སྨིན་རྒྱལ་བླ་བ་ཟེར་བའང་ཡོད་སྲིད། ཁོང་འདས་ཁར་ཞབས་རྗེས་དེ་ཉར་ཚགས་ཡག་པོ་བགྱིས་ན་རྗེས་སུ་དམ་སྲི་གདོན་བགེགས་སོགས་དགོན་པར་འོང་རྒྱུ་མེད་ལ་གནོད་ཚེ་ཡང་མི་ཡོང་ཞེས་ཁོང་གི་དངོས་སློབ་རྒྱལ་མཚན་ལ་ཁ་ཆེམས་ཚུལ་དུ་གསུངས་འདུག། གནས་ཚུལ་དེ་ད་ཐེངས་མ་གཏོགས་སྔར་སུ་ལའང་བཤད་མ་མྱོང་། ཁོང་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་སྤྱི་ལོ་༡༩༤༣ལོར་འདས་ཏེ་དགུང་ལོ་དྲུག་བཅུ་རེ་བདུན་བར་བཞུགས། ཁོང་གི་སྐབས་ནས་བཟུང་གཡུང་དྲུང་དགོན་གྱི་གྲྭ་བ་ཚང་མ་རྫ་ཁོག་ཏུ་ཕེབས་ནས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་དུ་ཚུལ་ཁྲིམས་ཀྱི་སྡོམ་པ་བཞེས་དགོས་པ་མ་ཟད། ལོ་གསུམ་ཙམ་བཞུགས་ནས་བོན་ཀྱི་བཀའ་ལུང་དབང་སོགས་ཐོབ་པར་མཛད་རྗེས་བཞིས་རང་མགོན་དུ་ཕེབས་ནས་ཆོས་གཉེར་མཛད། འཆད་ཉན་གྱི་ནང་དོན་གཙོ་བོ་ནི་ཞི་ཁྲོ། དེ་ལ་གསར་ཪྙིང་གཉིས་ཡོད། དབལ་སྲས། ཡི་དམ། སྟག་ལ་སོགས་སོ། སྒྲུབ་མཆོད་ཀྱི་སྐོར་ལ་གཙོ་བོ་འཇའ་མཚོན་སྙིང་བོས་གཏན་ལ་ཕབ་པ་བཞིན་ཡིན་ཏེ། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཉེར་བདུན་བར་སྟག་ལ་དང་སྲིད་པ་རྒྱལ་མོའི་སྒྲུབ་པ་ཚ་ཚང་། ཚེས་ཉེར་བདུན་ནས་ཉེར་དགུའི་བར་དགུ་གཏོར། ལོ་གསར་བའི་ཉིན་དང་པོར་ལོ་གསར། བག་གཏོང་ཉིན་མ་གཅིག། ཚེས་གཉིས་ཉིན་གནས་བརྟན་བཅུ་དྲུག་གི་ཆོ་ག། ཚེས་གསུམ་དང་བཞི་ལ་ཞི་ཁྲོ་འདོན། ཚེས་ལྔ་ཉིན་མཉམ་མེད་ཤེས་རབ་རྒྱ་མཚོའི་དགོངས་རྫོགས། ཚེས་དྲུག་ནས་བརྒྱས་བར་ཉིན་གསུམ་ལ་ཨ་དཀར་བུམ་སྒྲུབ། ཚེས་དགུ་ནས་ཚེས་བཅོ་ལྔ་བར་གྱི་ཉིན་བདུན་ལ་རྩ་གསུམ་གྱི་ཆོ་ག། འདོན་ཆོས་འདི་སྔར་ཀུན་འགྲོ་འཇའ་མཚོན་སྙིང་བོས་ལྷ་མོའི་ཕུག་ཟེར་བ་ནས་གཏེར་ཆོས་བླངས་པ་ཡིན་པའི་དུས་ལྟར་ཉིན་བདུན་རེར་བཀླགས་དགོས། དེ་བེ་རི་རྒྱལ་པོ་དོན་གྲུབ་རྒྱལ་པོའི་རྣ་ལམ་དུ་ཐོས་རྗེས་བླ་མ་ལ་ཞུས། བླ་མས་རྩ་གསུམ་གྱི་སྒྲུབ་པ་འདི་བེ་རི་རྒྱལ་པོའི་ཆོས་རྒྱལ་ཡིན་ཟེར་ནས་ཕུལ། དེ་ནས་བཟུང་བེ་རི་ཚང་གིས་དུས་ལྟར་དུ་དགོན་པ་འདིར་ཡོང་ནས་ཆོས་སྒྲུབ། བོད་ཟླ་བཞི་པའི་ཚེས་ལྔ་ནས་ཚེས་བཅོ་ལྔ་བར་དུ་ཐོག་མའི་ཉིན་གསུམ་ལ་ཞོ་ཁྲོ་འདོན། དེ་ནས་ཉིན་བདུན་ཙམ་ལ་སི་ཏུའི་བུམ་སྒྲུབ་བཅས་གཤེན་བསྟན་མ་ཉམས་པ་རྒྱས་པར་མཛད།
དགོན་པ་འདི་གནའ་ནས་ད་བར་དུ་གྲུབ་མཐའ་བོན་ལུགས་འཛིན་ཞིང་ཆོས་སྐྱོང་སྲུང་མའང་སྲིད་པ་རྒྱལ་མོ་ཡིན། ལྔ་བཅུ་ལྔ་དགུ་ལོའི་སྔོན་མཁན་པོ་གཅིག། བླ་མ་དང་གྲྭ་པ་ཞི་བཅུ་ཞེ་གཉིས་ཙམ་བཞུགས། དགོན་པ་དང་རྒྱུན་དུ་བཞུགས་མཁན་བླ་མ་དང་གྲྭ་པ་བཅུ་གཉིས་ཙམ་མ་གཏོགས་མེད། ནང་རྡེན་གྱི་སྐོར་ལ། གཙོ་སྐུ་སྟོན་པ་གཤེན་རབ་ཀྱི་སྐུ་མཐོ་ཚད་ཁང་བརྩེགས་གཉིས་ཙམ། དེའི་གཡས་གྲལ་དུ་རིམ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མཐོ་ཚད་ཁང་བརྩེགས་གཅིག་ཙམ། དེ་ནས་རྣམ་པར་རྒྱལ་མའི་སྐུ་ཚད་དེ་དང་མཚུངས་པ་ཞིག། གཙོ་སྐུའི་གཡོན་གྲལ་དུ་རིམ་བཞིན་སངས་རྒྱས་མར་མེ་[page 209] མཛད་ཀྱི་སྐུ་མཐོ་ཚད་ཁང་བརྩེགས་གཅིག་ཙམ། དེ་ནས་བྱམས་མའི་སྐུ་ཚད་དེ་དང་མཚུངས་པ་ཞིག་ འདུ་ཁང་གཡས་འགྲམ་གྱི་གྲལ་ནས་རིམ་གྱིས་སྤྱན་རས་གཟིགས་ཀྱི་སྐུ་ཚད་གོང་དང་མཉམ་པ་ཞིག་སྲིད་པ་རྒྱལ་མོའི་གཙོ་འཁོར་གསུམ་སྟེ་གཙོ་སྐུ་ལ་མཐོ་ཚད་ཁང་བརྩེགས་གཅིག། དེའི་གཡས་ངོས་སུ་ཆུ་སྲིན་གདོང་ཅན་མི་ལུས་ཚད་ལྡན་ཙམ། དེའི་གཡོན་དུ་སེང་གི་གདོང་ཅན་མཐོ་ཚད་དེ་དང་འདྲ་བ་ཞིག་དེ་ནས་དབལ་སྲས་ཀྱི་སྐུ་མཐོ་ཚད་ཁང་བརྩེགས་གཅིག་ཙམ་བཅས་ཚང་མ་འདམ་ལས་གྲུབ་པ་ཤ་སྟག་ཡིན་ནོ། གཞན་ཡང་སྟོན་པ་གཤེན་རབ་ཀྱི་སྐུ་ཟངས་གསེར་ལས་གྲུབ་པ་དང་བྱམས་མའི་སྐུ་གཙོས་གསེར་སྐུ་ཕལ་ཆེར་སུམ་ཅུ་ཙམ་བཞུགས། འདུ་ཁང་གི་གཡོན་དུ་ལྡེབས་རིས་སོགས་ཡོད་པས་གསལ་པོ་མ་ངེས། འདུ་ཁང་གི་སྒོ་འགྲམ་གཉིས་སུ་རྒྱལ་ཆེན་བཞི་རིས། ཕྱི་སྒོ་ཀ་གདུང་ཀྱི་ཀླད་ལ་མཛེས་རྩལ་ལྡན་པའི་རྒྱ་ཡིག་福(བསོད་ནམས་ཀྱི་དོན་)དང་(ཚེ་རིང་གི་དོན་)ཞེས་འབུར་བཀོད་བྱས་ཡོད་པ་མ་ཟད། ད་དུང་ཉི་ཟླ་དང་གཡུང་དྲུང་གི་རི་མོ་བརྐོས་ཡོད་པ་དེང་སང་ཡང་གསལ་པོར་མཐོང་ཐུབ། གསུང་གི་རྟེན་ལ་བོན་པོའི་བཀའ་འགྱུར་སོགས་དུ་མ་བཞུགས།
དུས་རབས་འདིའི་ལོ་རབས་ལྔ་བཅུ་པའི་ནང་དུ་ནང་རྟེན་ཚང་མ་བརླག། བླ་མ་དང་གྲྭ་བ་ཚང་མ་ཐོན་སྐྱེད་ངལ་རྩོལ་དུ་བཞུགས་དགོས་བྱུང་བ་དང་གཙུག་ལག་ཁང་ཡང་ཐུན་མོང་གྱི་སྤྱི་ཁང་དུ་གྱུར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་གོ་ཚང་ཚོམ་གྲོས་ཐེངས་གསུམ་པའི་ལམ་ཕྱོགས་ལག་ལེན་བསྟར་རྗེས་དགོན་པ་འདི་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་སྤྱི་ལོ་༡༩༨༤ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་སྟེ་ནག་ཚང་རིན་པོ་ཆེ་དང་། དགེ་རྟག་སྤྲུལ་སྐུ། ཁང་གསར་སྐྱབས་མགོན། ཁང་དམར་སྤྲུལ་སྐུ། པད་དགའ་སྤྲུལ་སྐུ་སོགས་ཕེབས་ནས་ཆོས་ཀྱི་མཛད་སྒོར་ཞུགས། འགོ་ཁྲིད་ཚོ་ཆུང་མི་གསུམ་བསྐོས་ནས་དངོས་སྒྲུབ་ཚེ་རིང་གཙོ་འགན་བཞེས། མཁན་པོ་མགོན་པོ་རྣམ་རྒྱལ་བཞུགས་ཀྱང་། སྟབས་མ་ལེགས་པར་སྤྱི་ལོ་༡༩༨༦ལོར་འདས། ཆོས་ཀྱི་སྒྲུབ་པ་དང་འདོན་ཆོག་སོགས་སྔར་ལྟར་ཉམས་ལེན་མཛད་པ་མ་ཟད་ རྒྱལ་ཁབ་ཀྱིས་དགོན་པ་ཞིག་གསོ་ཆེད་དུ་གནང་བའི་སྒོར་མོ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་ཙམ་དང་གྲོང་པའི་འབུལ་ཡོན་བཞི་སྟོང་ལྔ་བརྒྱ་ཙམ་ཡོད་པ་བཅས་ཀྱི་བཀའ་དྲིན་ལས་ནང་རྟེན་ཚང་མ་ཕལ་ཆེར་སྔར་ལྟར་བཞེངས་ཐུབ་པ་བྱུང་། དེ་ལས་གཙོ་སྐུ་ལྔའི་ཐུགས་ཀ་ལ་པཎ་ཆེན་རིན་པོ་ཆེས་གནང་བའི་ཤཀྱའི་སྐུ་འདྲ་རེ་དང་། སྟོན་གཤེན། འོད་དཔག་མེད་ མར་མེ་མཛད་བཅས་ལྷ་ཆེན་གསུམ་གྱི་ཐུགས་ཀ་ལ་སངས་རྒྱས་ཀྱི་གསེར་སྐུ་རེ་བཞུགས་པ་དང་གཟུངས་གཞུག་བཅས་ལ་འབུམ་པོ་ཏི་བཅུ་གཉིས་སོགས་བཞུགས་ཡོད། དངོས་སྒྲུབ་ཚེ་རིང་ལགས་ཀྱིས་ཉར་ནས་ཕུལ་བའི་སྟོན་པ་གཤེན་རབ་ཀྱི་སྐུ་གསེར་ཟངས་ལས་གྲུབ་པ་ཁྲུ་གང་ཙམ་དང་བྱམས་མའིགསེར་སྐུ་སོར་ལྔ་ཙམ་ཡོད་པ་དེ་དག་[page 210] སྲིད་པ་རྒྱལ་མོའི་ཐུགས་དཀར་བཞུགས་གཞན་ཡང་མཆོད་རྫས་ཁ་ཤས་བཞུགས།
ད་ལྟ་དགོན་པ་འདི་ལ་གྲྭ་བ་བཅོ་བརྒྱད་ཙམ་ཡོད་པ་དེ་ལས་དགོན་ནང་དུ་རྒྱུན་དུ་བཞུགས་མཁན་བླ་གྲྭ་དྲུག་ཙམ་ཡོད། འགོ་ཁྲིད་ཚན་ཆུང་གི་གཙོ་བོ་འཕྲིན་ལས་ལྷུན་གྲུབ་དང་གཞོན་པ་རིན་ཆེན་ཚངས་དབྱངས། ཨུ་ཡོན་དངོས་གཅེས་སོགས་ཀྱི་དབུ་ཁྲིད་མཛད་འོག་རྒྱལ་ཁབ་ཀྱི་སྲིད་ཇུས་ནང་ལྟར་རང་ཁ་རང་གསོའི་ཆེད་དུ་ཞིང་ལས་གྲུབ་བཞིན་པ་དང་། ལྷག་བསམ་རྣམ་དག་སྒོས་རང་ཉིད་ཀྱི་སྟོན་པའི་རིང་ལུགས་ལ་གཅེས་སྙིང་བཟུང་ནས་རྒྱུད་སྤེལ་གྱི་བྱ་བ་ལ་འབད་འཐབ་ཅི་ནུས་བཏོན་བཞིན་ཡོད་དོ། ཞེས་བློ་བཟང་བློ་གྲོས་ནས་སྤྱི་ལོ་༡༩༩༥ལོའི་ཟླ་བ་ལྔ་པའི་ནང་པེ་ཅིང་ནས་བྲིས་པ་དགེ་ལེགས་འཕེལ།
1.《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག་》དེབ་དང་པོ།
2.《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས་》། གཉན་ཡང་དགོན་པའི་ལྷ་གཉེར་རྒྱལ་མཚན། དགུང་ལོ་དོན་གཅིག། དགོན་པའི་བདག་གཉེར་ཚོགས་ཆུང་གི་གཙོ་འཛིན་འཕྲིན་ལས་ལྷུན་གྲུབ་གཉིས་ལ་ཁོ་བོས་བཅར་འདྲི་ཞུ་བའི་ཟིན་ཐོ་བཅས་སོ།
མཁར་མགོ་ཇོ་མོ་དགོན་ཞེས་བྱ་བ་འདི་ནི་དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ལྷག་གི་ས་མཚམས་འདན་མ་ཞིང་གི་མངའ་ཁོངས་སུ་ཆགས་ཡོད། དགོན་པ་འདི་ནི་བེ་རི་མཁྱེན་བརྩེས་བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་སྤྱི་ལོ་༡༩༢༤ལ་ཕྱག་བཏབ་གནང་བའི་གྲུབ་མཐའ་ཀརྨ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན། འདུ་ཁང་གཞི་ཁྱོན་ཁང་མིག་སུམ་ཅུ་ཙམ་ཞིག་ཡོད། ཇོ་མོ་སུམ་ཅུ་ལྷག་དང་གྲྭ་ཤག་བཅས་ཡོད། ནང་རྟེན་སྐོར་ལ། རྒྱུ་སྨན་འདམ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། རྡོ་རྗེ་ཕག་མོ། ཐུབ་པ་གཙོ་འཁོར་གསུམ། རྒྱུ་ཤིང་ལས་གྲུབ་པའི་ཇོ་བོའི་སྐུ་སོགས་བཞུགས། རྗེ་མི་ལའི་རྣམ་ཐར་ཐང་ག་སོགས་ཐང་ག་སུམ་ཅུ་ལྷག་བཞུགས། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ཕག་མོའི་སྒྲུབ་ཐབས་སོགས་གསུང་རབ་སྐོར་དང་། རྒྱ་གླིང་། དུང་ཆེན། སིལ་སྙན། རྐང་དྲུང་སོགས་རོལ་ཆ་སྐོར་ཡོད། དགོན་པ་འདིའི་བཙུན་མ་བྱེད་ཚེ་ཐོག་མར་བཀའ་བརྒྱུད་པའི་བླ་མ་ཚད་ལྡན་ཞིག་གི་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བླངས། དེ་ནས་བཙུན་མ་མཁས་པ་ཞིག་བསྟེན་ནས་དགོན་པའི་འདོན་ཆོས་སྐོར་དང་སྒྲིག་ལམ་སྐོར་སོགས་སློབ་པ་ཡིན། སྒྲུབ་མཆོད་ཉམས་ལེན་གྱི་སྐོར་ལ། ཟླ་དང་པོའི་ནང་བསྙུང་གནས་ཉིན་བཅུ་དྲུག་དང་དེ་ནས་སྨོན་ལམ་ཉིན་གཅིག ཟླ་བཞི་པའི་ནང་སྔོན་འགྲོ་འབུམ་ལྔ། དེའི་སྐབས་སུ་པཎ་རྒན་དགོན་པའི་བླ་མ་ཞིག་གདན་དྲངས་ནས་སྔོན་འགྲོའི་ཆོས་སྐོར་གྱི་ཁྲིད་ཞིབ་མོ་གནང་བ་ཡིན། ཟླ་དགུ་པའི་ནང་བསྙུང་གནས་ཉིན་བཅུ་དྲུག་ཚོགས། ཟླ་བཅུ་གཅིག་པའི་ནང་རྡོ་རྗེ་ཕག་མོའི་གྲུབ་མཆོད་ཉིན་བདུན། དེ་ནས་བསྐང་གསོ་ཉིན་གཉིས། ལོ་གཅིག་གི་ཟླ་ངོ་རེ་རེའི་ཚེས་བཅུ་དང་ཚེས་ཉེར་ལྔ་བཅས་ལ་ཕག་མོའི་ཆོ་ག་ཆག་མེད་དུ་འདོན། དགོན་པའི་སྤྱིའི་བདག་གཉེར་བ་ནི་ཇོ་མོ་ཨ་ཐུབ་བསོད་ནམས་ལྷ་ཤེས་བྱ་བ་ཡིན། ཁོང་གིས་དགོན་པའི་དགེ་བསྐོས་དང་དབུ་མཛད་བསྐོ་བཞག སྒྲིག་ལམ་སོགས་ཐམས་ཅད་ཐག་གཅོད་པ་ཡིན། ཕྱིས་སུ་འདུ་ཁང་དང་ནང་རྟེན། གྲྭ་ཤག་སོགས་ཚང་མ་རྨང་ནས་འཇིག་ཟིན། ༡༩༨༥ལོའི་ཟླ་༥པའི་ཚེས་༥ལ་རྫོང་མི་དམངས་སྲིད་གཞུང་གིས་དགོན་པ་ཡང་བསྐྱར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། རྒྱལ་ཁབ་ཀྱིས་སྔོན་གྱི་དགོན་པ་གཏོར་སྐྱོན་ཕོག་པའི་གྱོང་ཚབ་ཏུ་སྒོར་ཁྲི་གཅིག་སྟོང་གཉིས་བདུན་བརྒྱ་བཅས་གནང་། པཎ་ཆེན་རིན་པོ་ཆེ་ནས་སྒོར་སུམ་བརྒྱ་གནང་། དགོན་པ་ཡང་བསྐྱར་བཞེངས་སྐབས་སྔོན་གྱི་དགོན་ཤུལ་ལས་ཐང་བདེ་ས་ཞིག་ལ་གནས་སྤོར་ཏེ་འདུ་ཁང་སོགས་སྨོན་མ་ནང་བཞིན་བཞེངས། ད་ལྟ་ཇོ་མོ་ཉེར་ལྔ་ལྷག་བཞུགས། དགོན་པ་འདི་གསར་དུ་བཞེངས་དུས་ས་འོག་ནས་མཆོད་རྟེན་ཁྲི་གང་བ་ཞིག་[page 194] རྙེད་པ་དགོན་པའི་རྟེན་གཙོ་ཡིན། སྔོན་གྱི་རྟེན་རྙིང་རྒྱུ་ཤིང་ལས་གྲུབ་པའི་ཇོ་བོའི་སྐུ་སོགས་སྔོན་མ་ནང་བཞིན་བཞེངས་ཡོད། ཇོ་མོ་རྣམས་ཀྱི་འཚོ་བའི་ཡོངས་ཁུངས་ནི་གཙོ་བོ་རང་ཁ་རང་གསོ་བྱེད་པ་ཡིན། སྐབས་འགར་གྲོང་ནང་དུ་ཆོས་འདོན་དང་ཚ་ཚ་འདེབས་པ་སོགས་ཀྱི་ཡོན་ལེན་པ་མ་གཏོགས། གཞན་འཚོ་བའི་ཡོང་ཁུངས་ཅི་ཡང་མེད། ཞེས་མཁར་མགོ་ཇོ་མོ་དགོན་གྱི་ལོ་རྒྱུས་མདོར་བསྡུས་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་༡༩༩༥ལོའི་ཟླ་༣ཚེས་བདུན་ལ་སྦྱར་བ་དགེའོ། །
དགོན་པ་འདི་ལ་རིག་གྲྭ་དགོན་པ་དང་རི་ཁྲོད་དགོན་དང་རི་བྲག་དགོན་བཅས་པའི་མིང་གསུམ་ཡོད་དེ། སྔ་མ་དེ་དགོན་པར་ཉར་ཡོད་པའི་དགོན་པའི་ཐམ་ཀ་རྙིང་པ་ཞིག་གི་འབྲི་སྟངས་དང་། བར་མ་དེ་དགོན་པ་འདི་སྔ་མར་མདོ་སྟེང་ལྕགས་མོ་དགོན་གྱི་རི་ཁྲོད་ཡིན་པས་བཏགས་པ་དང་། ཕྱི་མ་དེ་ཐོགས་པའི་རྒྱུ་མཚན་ངག་རྒྱུན་མ་དག་པ་ལས་བྱུང་ངོ་། །དགོན་པ་འདི་ཁམས་དཀར་མཛེས་ཀྱི་ཧོར་ཁོག་ལུང་བའི་ནང་གི་བྱང་ངོས་ཀྱི་དཔལ་ཡུལ་ཟེར་བའི་ལུང་ཆུང་ཞིག་གི་མདོར་ཆགས། རྫ་ཆུ་དགོན་པའི་མདུན་གྱི་ཧོར་ཁོག་ལུང་བའི་ནང་དུ་ནུབ་ནས་ཤར་ཕྱོགས་སུ་འབབ་ལ་དེའི་ཕ་རོལ་ན་མདོ་སྟེང་ལྕགས་མོ་དགོན་གྱི་དགོན་ཤུལ་ཡོད། རིག་གྲྭ་དགོན་འདི་གྲུབ་མཐའ་བཀའ་བརྒྱུད་ལ་གཏོགས། འདེབས་མཁན་དང་བཏབ་པའི་དུས་རྒྱལ་དབང་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེའི་སྐབས་སུ་ཡིན་པར་གསེར་ཕྲེང་ལས་གསལ།
ངག་རྒྱུན་ལྟར་ན། སྔོན་མར་མི་དགས་གསུམ་གྱི་རྗེས་སུ་རིང་བོར་མ་ཐོགས་པར། ཁམས་ཏྲེ་ཏོར་ཟེར་བའི་ད་ལྟའི་དཀར་མཛེས་ཀྱི་ཧོར་སྟོད་ཀྱི་རབ་བསྟན་རྩེ་བྱ་བའི་གྲོང་པའི་གོང་དེར་ལྕགས་མོ་ལྷུན་པོ་རྩེ་དང་། བེ་རུ་གསེར་མཁར་གྱི་གོང་ཙམ་དུ་མདོ་སྟེང་ལྕགས་མོ་དགོན་སོགས་བཀའ་བརྒྱུད་པའི་དགོན་པ་ཆེ་ཁག་འགའ་བཏབ་ཡོད་ལ། མདོ་སྟེང་ལྕགས་མོ་དགོན་གྱི་སྲུང་མ་ཡིན་ཟེར་བའི་དམ་ཅན་ར་ཞོན་རྫ་བཟོས་མ་ཞིག་བེ་རུ་དགོན་དུ་ཡོད་སྐད། རིག་གྲྭ་དགོན་པ་སྔ་མའི་དགོན་ཤུལ་ཏེ་ད་ལྟའི་དགོན་པ་ཆགས་སའི་དཔལ་ཡུལ་ལུང་བའི་ཤར་རྒྱབ་ཏུ་ད་ལྟ་མཆོད་རྟེན་ཞིག་བཞེངས་ཡོད་ས་དེར་མདོ་སྟེང་ལྕགས་མོ་དགོན་གྱི་གྲུབ་གྲྭའམ་རི་ཁྲོད་ཆགས་ཡོད། མདོ་སྟེང་ལྕགས་མོ་དགོན་དེ་དར་རྒྱུས་ཤིན་ཏུ་ཆེ་བས་ཚོགས་བརྡ་ལ་དགོན་པའི་གླིང་བཞི་ནས་འཁར་རྔ་རྡུང་དགོས་ཤིང་ཚོགས་བརྡའི་འཁར་རྔ་དང་པོ་ཐོས་མ་ཐག་རི་ཁྲོད་ནས་ལམ་དུ་ཆས་ན་ཡང་ཚོགས་རྗེས་མ་ཟིན་པར་བཤད་ལ། དེ་གཉིས་བར་དུ་[page 195] ཞིང་ཚིགས་དེད་ཅིང་རྫི་ཆུ་བརྒལ་ནས་སོང་བའི་ལམ་ཕྲ་མོ་ཞིག་ཆགས་ཡོད་པ་བླ་མའི་ལམ་ཟེར་བ་དེ་ད་ལྟའི་བར་དུ་གསལ། དེ་དུས་རྫ་ཆུར་ལྕགས་ཟམ་ཡོད་པའི་ཤུལ་ད་ལྟའང་ཡོད་དོ། །ཕྱིས་སུ་རྒྱལ་དབང་ལྔ་པའི་དུས་སུ་སོག་པོ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དབུས་གཙང་ལ་དམག་བསྐྱོད་པའི་ལམ་ནས་བེ་རུ་དོན་ཡོད་རྒྱལ་པོ་དང་ཀརྨ་བསྟན་སྐྱོང་དབང་བོས་བཅོམ་པའི་དུས་དེར་མདོ་སྟེང་ལྕགས་མོ་དགོན་ཡང་མེར་བསྲེགས་﹙བཤད་ཚུལ་གཞན་ཞིག་ལ་ས་ཡོམ་གྱིས་འཇིག﹚བས། དགོན་པ་དེའི་བླ་གྲྭ་རྣམས་སྐོར་གཉིས་སུ་གྱེས་ཏེ་སྐོར་གཅིག་དཀར་མཛེས་ཁོག་ཏུ་ཕྱིན་ནས་མོན་ཡུལ་ས་སྐྱོང་གླིང་ཟེར་བ་རྫ་ཆུ་ཁའི་ལུང་མདོ་ཞིག་ཏུ་དགོན་པ་གཅིག་ལུས་ཡོད་པ་དེར་བཞུགས། དེའི་དགོན་ཤུལ་ད་ལྟའི་བར་དུ་གསལ། ཕྱིས་སུ་དགེ་ལུགས་པ་ཁམས་ཕྱོགས་སུ་དར་ཆེ་དུས་ས་སྐྱོང་གླིང་དགོན་པ་དང་འགལ་བ་ཆེན་པོ་བྱུང་བས་དགེ་ལུགས་པས་གཏོར། དེའི་བླ་གྲྭ་རྣམས་ཁག་གསུམ་དུ་གྱེས། ཁག་གཅིག་སྡེ་དགེ་ལ་ཕྱིན་ནས་ཚྭ་ཚ་དགོན་བཏབ་པ་དང་ད་ལྟ་དགོན་ཆེན་ཞིག་ཏུ་ཆགས་ཡོད། ཁག་གཅིག་མདན་ཁོག་ཏུ་ཇ་ཆུ་དགོན་བཏབ། བླ་གྲྭ་སྐོར་གཞན་ཞིག་མདོ་སྟེང་ལྕགས་མོ་དགོན་གྱི་རི་ཁྲོད་རིག་གྲྭ་དགོན་པ་སྔ་མའི་ཤུལ་དུ་ད་ལྟ་མཆོད་རྟེན་ཡོད་ས་དེར་སྤོར་ནས་བཤད་སྒྲུབ་ཀྱི་ཆོས་བརྒྱུད་བསྐྱངས་པ་རིག་གྲྭ་དགོན་པ་ཆགས། དགོན་པ་སྔར་ཆགས་ས་དེ་ས་མཐོ་བས་སྐྱེལ་འདྲེན་སོགས་སྟབས་མི་བདེ་བའི་རྐྱེན་གྱིས་ལུང་མདོར་སྤོར་ནས་མཉམ་ལས་ཁང་སྐབས་ཀྱི་གཡུལ་ཀའི་ཤུལ་དུ་དགོན་པ་གསར་དུ་བཏབ་པ་ད་ལྟ་ཡོད་པ་འདིའོ། །
དགོན་པ་འདིའི་མཁན་རབས་ནི། དང་པོ་བླ་མ་ཆོས་དབྱིངས་ཡིན་ལ། བན་རྒན་སྒང་ལོག་ཚང་དུ་འཁྲུངས་ཤིང་དཔལ་སྤུངས་སུ་ཕྱིན་ཏེ་སི་ཏུ་པད་མ་ཉིན་བྱེད་དབང་པོ་ལ་སོགས་པའི་བླ་མ་དུ་མ་བསྟེན་ནས་བཤད་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བས་མཁས་གྲུབ་ཆེན་པོར་གྱུར། དེ་སྒྲུབ་པ་མཐར་ཕྱིན་རྗེས་རིག་གྲྭ་དགོན་དུ་ཕེབས་ཏེ་རྟེན་བཞེངས་བྱས། མཁན་པོ་མཛད་ནས་གཞི་གསུམ་གྱི་ཕྱག་བཞེས་དང་སྒྲུབ་མཆོད་སོགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ཕྱག་རྗེས་བླ་ན་མེད་པ་བསྐྲུན། དེའི་རྗེས་སུ་ཀརྨ་དོན་གྲུབ། ཀརྨ་ཚེ་རིང་། ཀརྨ་ཆོས་སྐྱོང་། ནོར་བུ་དར་རྒྱས། བློ་བཟང་ཡེ་ཤེས། བློ་བཟང་དངོས་གྲུབ། ཀརྨ་བརྩོན་འགྲུས། ཟླ་བ་བློ་གྲོས། ཡ་མ་དབང་འདུས་དང་བཅས་པའི་མཁན་རབས་ཀྱིས་ཀྱང་བསྟན་པ་ལ་ཞབས་ཞུ་ཅི་ནུས་བསྒྲུབས། དགོན་པ་འདི་བདག་གཉེར་ཚན་ཆུང་གི་གཙོ་འཛིན་ནི་ཀུན་ཏུ་བཟང་པོ་ཡིན། དགུང་ལོ་རེ་གསུམ། གཙོ་འཛིན་གཞོན་པ་བློ་བཟང་སྙན་གླུ། གྲ་གྲངས་ད་སྐབས་ཉེར་བཞི་ཡོད། དགོན་པའི་སྲུང་མ་མགོན་པོ་བེར་ནག་ཅན་བསྟེན། སྲོལ་དེ་མདོ་སྟེང་ལྕགས་མོ་དགོན་ནས་དར་སྐད།
དགོན་པའི་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་གནས་རྫས་ཀྱི་སྐོར་ལ། དེ་སྔ་དགོན་པ་འདིར་[page 196] འདམ་སྐུ་བརྩེགས་ཐོན་མ་དྲུག་དང་། འབྲིང་ཙམ་ཉེར་དྲུག གསེར་སྐུ་བླུག་མ་བཅུ་གཅིག གསེར་སྐུ་དཀྱིས་མ་ཆེ་ཆུང་བཅུ། སངས་རྒྱས་སྟོང་སྐུ་དང་གྲུབ་ཆེན་བརྒྱད་ཅུའི་བྲིས་ཐང་། བཀའ་འགྱུར་ཚར་གསུམ། འབུམ་གསེར་བྲིས་མ་གཅིག ཡུམ་རྒྱས་འབྲིང་བསྡུས་གསུམ་ཚར་འགའ། ཀོང་སྤྲུལ་བཀའ་འབུམ་ཚར་གཅིག བཀའ་གདམས་མཆོད་རྟེན་ཟེར་བའི་མཆོད་རྟེན་ཞིག་བཅས་ཡོད། ད་ལྟ་ལུས་ཡོད་པ་ནི་ཐུབ་བསྟན་འཆི་མེད་ཟེར་བའི་གྲྭ་རྒན་ཞིག་གིས་ཐང་ག་དགུ་གསང་ཉར་བྱས་ནས་ཕྱིས་སུ་དགོན་པར་ཕུལ་བ་དང་། རིག་གྲྭ་ཞེས་བཀོད་ཡོད་པའི་དགོན་པའི་ཐམ་ག་ཞིག་གོ ད་སྐབས་ཀྱི་རྟེན་བཞེངས་སྐོར་ནི། ཀརྨ་པའི་﹙སུ་ཡིན་ཆ་མེད﹚ལི་སྐུ་ཆུང་ཆུང་ཞིག འདུ་ཁང་གི་གཙོ་སྐུ་ཐུབ་པ་གཙོ་འཁོར་གསུམ་དང་། གཡས་གཡོན་དུ་སྤྱན་རས་གཟིགས་དང་། ཀརྨ་བཅུ་དྲུག་པ་རིག་པའི་རྡོ་རྗེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། གནས་རྟེན་བཅུ་དྲུག་དང་བཅས་པའི་འདམ་སྐུ། བཀའ་འགྱུར་ཚར་གཅིག རིན་ཆེན་གཏེར་མཛོད་ཚར་གཅིག་བཅས་སོ།
དགོན་པའི་འཆད་ཉན་སློབ་གསོའི་སྐོར་ལ་དགོན་པ་འདིར་འཛིན་གྲྭ་གསུམ་ཡོད་དེ། དགེ་སློང་འཛིན་གྲྭ་དང་དགེ་ཚུལ་འཛིན་གྲྭ་དང་གྲྭ་བའི་འཛིན་གྲྭའོ། སྔ་མ་ལ་ཕྱག་རྒྱ་ཆེན་མོ་དང་ནི་གུའི་ཆོས་དྲུག་གི་ཉམས་ལེན་གྱིས་གཙོ། བར་མ་ལ་མགོན་པོ་དང་ཞི་ཁྲོ། ཀུན་རིག་མི་འཁྲུགས་སོགས་ཀྱི་འདོན་པ་དང་ཉམས་ལེན་གྱིས་གཙོ། ཕྱི་མས་ཀ་ཁ་ནས་བཟུང་སྟེ་རིག་གནས་སློབ་སྦྱོང་གི་འགོ་རྩོམ། དགོན་པ་འདི་སྒྲུབ་སྡེ་ཡིན། དགོན་པའི་འགྲམ་དུ་སློབ་རིམ་བཀར་མེད་པའི་དམངས་བཙུགས་སློབ་ཆུང་ཞིག་ཡོད་པས་སྔ་དྲོ་སློབ་གྲྭ་དང་ཕྱི་དྲོ་དགོན་པར་ཡོང་ནས་སློབ་སྦྱོང་བྱེད། སློབ་ཡོན་མི་ལེན་པར་མི་མངགས་ནས་བོད་ཡིག་ཁྲིད་བཞིན་ཡོད། དགོན་པའི་མཛད་སྒོའི་སྐོར་ལ། སྔོན་ཆད་བོད་ཟླ་དང་པོའི་ཚེས་གཅིག་ནས་བཅུ་གཉིས་བར་དཔྱིད་ཀའི་སྨོན་ལམ་ཉིན་བཅུ་གཉིས་ལ་འཚོགས་རྒྱུ་དང་། བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་ཉེར་བདུན་བར་སྤྱན་རས་གཟིགས་ཀྱི་མཆོད་པ་དབྱར་ཁའི་རྒྱལ་བ་རྒྱ་མཚོ་ཉིན་བཅུ་གཉིས། བོད་ཟླ་དགུ་པའི་ཚེས་བཅུ་ནས་ཉེར་དགུའི་བར་ལ་མགོན་པོ་བེར་ནག་ཅན་གྱི་མཆོད་པ་དགུན་མཆོད་བྱ་བ་ཉི་མ་བཅུ་དགུ་བཅས་འཚོགས་པའི་སྲོལ་ཡོད། ད་སྐབས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་དུས་མཆོད་འདི་རྣམས་ད་རུང་སླར་གསོ་བྱས་མེད།
དགོན་པའི་ལས་སྣེ་སྒྲིག་རིམ་དང་བཅའ་ཁྲིམས་ཀྱི་སྐོར་ལ། བླ་མ་གཅིག་དང་དགེ་བསྐོས་གཅིག དབུ་མཛད་གཅིག མཆོད་གཡོག་གཅིག་བཅས་བཞི་ཡོད་དེ། དགོན་པའི་སློབ་གཉེར་དང་མི་སེར་གྱི་ཆོས་དོན་ཐམས་ཅད་བླ་མས་འགན་འཁུར་རྒྱུ་དང་། དགོན་པའི་འཚོ་བ་དང་སྒྲིག་ཁྲིམས་དགེ་བསྐོས་ཀྱིས་འགན་འཁུར་རྒྱུ། ཚོགས་འདོན་དབུ་སྐུལ་བྱེད་མཁན་དབུ་མཛད་དང་། མཆོད་གཡོག་གིས་བླ་མའི་ཞབས་ཞུ་བྱེད་དགོས། དེ་རྣམས་ཀྱི་འགན་ཡུན་ནི་ལོ་གཅིག་རེ་ཡིན། དགོན་པ་འདི་སྒྲུབ་གྲྭ་ཡིན་[page 197] པས་སྡེ་དགེ་ཚ་ཚ་དགོན་དུ་ཕྱིན་ནས་ཕྱག་རྒྱ་ཆེན་མོ་དང་བཅས་པའི་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་མཚམས་གྲོལ་རྗེས་ད་གཟོད་བླ་མ་བྱས་ཆོག དགེ་བསྐོས་དང་དབུ་མཛད། མཆོད་གཡོག་རྣམས་བླ་མས་ཐག་གཅོད་དགོས། དགོན་པའི་དེང་དུས་ཀྱི་གནས་བབ་སྐོར་ལ། དགོན་པ་འདི་གནས་གསར་དུ་སྤོར་ནས་བཞེངས་པ་ལ་ཚོགས་ཆེན་འདུ་ཁང་དང་དེའི་སྟེང་དང་གཡས་ཕྱོགས་ཀྱི་ཁང་མིག་འགའ་རེ་མ་གཏོགས་མེད།
དགོན་པའི་དཔལ་འབྱོར། དམངས་གཙོའི་བཅོས་བསྒྱུར་ཡར་སྔོན་དུ་དགོན་པ་ལ་ས་ཞིམ་མུའུ་རེ་གསུམ་དང་ནས་རྒྱ་མ་﹙སྲང་བཅུ་དྲུག་ཅན﹚ཆིག་ཁྲི་སུམ་སྟོང་། དངུལ་སྒོར་ཆིག་སྟོང་བརྒྱ་ཐམ་པ། བོད་དངུལ་སྒོར་བཞི་སྟོང་ཉི་བརྒྱ། སྲན་མ་རྒྱ་མ་ཆིག་སྟོང་བཅས་ཡོད། ས་ཞིང་དེ་དགོན་པ་རང་གི་གྲྭ་པས་འདེབས་དགོས་ལ། འབྲུ་དང་སྒོར་མོ་རྣམས་དངུལ་དུ་བཞག་སྟེ་གཉེར་པ་གསུམ་ཡོད་པས་ཚོང་ལས་ལ་གཏོང་ཞིང་དེའི་འཕེལ་ཏོག་གིས་དགུན་མཆོད་ལ་སོགས་པའི་དུས་མཆོད་རྣམས་ཀྱི་འགྲོ་སོང་གཏོང་དགོས། གཉེར་པའི་འགན་ཡུན་ལོ་གསུམ་ལོངས་རྗེས་མ་དངུལ་དེ་ཆད་ལྷག་མེད་པར་གཉེར་པ་གསར་པ་རྣམས་ལ་སྤྲོད་དགོས་པར་མ་ཟད། དེའི་ཐོག་ལ་འཕེལ་ཏོག་གི་མང་ཉུང་ལྟར་ཁ་སྣོན་ཡང་གང་ཐུབ་བྱེད་དགོས། ད་སྐབས་དགོན་པ་ལ་ཐེབས་རྩའི་མ་དངུལ་སྒོར་ཆིག་ཁྲི་ཆིག་སྟོང་དང་། འབྲི་བཅོ་ལྔ། མ་དངུལ་སྒོར་ཁྲི་གཅིག་ཅན་གྱི་ཚོང་ཁང་ཆུང་ཆུང་ཞིག་བཅས་ཡོད། འབྲི་རྣམས་མི་སེར་ལ་བཅོལ་ཏེ་ལོ་རེར་འབྲི་རེ་ནས་མར་རྒྱ་མ་བཅུ་རེ་དགོན་པར་སྤྲོད་དགོས། འབྲི་དེ་རྣམས་འཆི་མེད་དུ་འཇོག་ཅིང་དེའི་ཕྱུགས་རྒྱུད་ཀྱི་འཕེལ་ཏོག་ཚང་མ་མི་སེར་རང་ལ་དབང་། ཚོང་ཁང་གིས་ལོ་རེར་དགོན་པ་ལ་སྒོར་མོ་སྟོང་བཞི་རེ་སྤྲོད་དགོས་ཤིང་། དེ་དགོན་པས་གྲྭ་པ་རེར་ཟླ་རེ་ལ་སྒོར་མོ་བཅོ་ལྔ་དང་། རིག་གནས་དགེ་རྒན་གསུམ་ལ་སྒོར་མོ་སུ་ཅུ་རེ་བཅས་ཀྱི་ཕོག་སྤྲོད་ལ། གྲྭ་པ་རྣམས་ཞབས་བརྟན་དུ་ཕེབས་ནས་མི་རེར་ཉིན་རེ་ལ་སྒོར་མོ་གཉིས་ཕུལ་བ་རང་ལ་དབང་ཞིང་། ནས་ཁུག་མ་གང་ཕུལ་བ་དགོན་པ་ལ་སྤྲོད་དགོས། དགོན་པའི་ཡོང་སྒོ་སྐོར་ལ་ཚོང་ཁང་མ་གཏོགས་མི་སེར་གྱི་འབུལ་བ་ཐམས་ཅད་དགོན་པའི་གཙུག་ལག་ཁང་དང་རྟེན་བཞེངས་སོགས་ལ་གཏོང་། ད་ཡོད་ཀྱི་ཚོགས་ཆེན་འདུ་ཁང་དང་ནང་གི་རྟེན་བཞེངས་ཐམས་ཅད་ལ་སྲིད་གཞུང་ནས་སྒོར་མོ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་དེ་མ་གཏོགས་པའི་འགྲོ་སོང་ཐམས་ཅད་བླ་གྲྭ་དང་དད་ལྡན་ཡོན་བདག་རྣམས་ཀྱིས་བཏང་བ་ལགས། དགོན་པའི་ཡིག་ཆ་ཅི་ཡང་མེད་པས་སྤྱི་ལོ་གོ་བཞི་ལོའི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་རིག་གྲྭ་དགོན་པའི་ཀུན་ཏུ་བཟང་བོ་དང་ཡ་མ་དབང་འདུས་གཉིས་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་ལས་བཏུས་པའོ། ། ཞེས་སྤྱི་ལོ་གཅིག་དགུ་གོ་ལྔ་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུ་ལ་མདོ་སྨད་ཁྲི་ཀའི་སྐྱེས་མིང་བ་ཚེ་རིང་ཐར་གྱིས་སྦྱར་བའོ།།[page 198]
དེ་ཡང་ཏྲེ་ཧོར་དཀར་མཛེས་ཡུལ་གྱི་ལྟེ་བར་ཆགས་པའི་སྡེ་མགོན་ཁང་ཞེས་སྙན་གྲགས་ཅན་གྱི་མགོན་པོའི་ལྷ་ཁང་དེ་ནི་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བ་ཡོན་རྒྱལ་རབས་ཀྱི་སྐབས་ཏེ། བོད་རབ་བྱུང་ལྔ་བའི་ཤིང་སྤྲེལ་སྤྱི་ལོ་༡༢༨༤ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་སྒ་ཨ་གཉན་དམ་པས་ཕྱག་འདེབས་གནང་བར། དེ་ནི་བོད་ཡུལ་གྱི་དཔལ་ལྡན་ས་སྐྱའི་གནས་མཆོག་དང་འབྱེར་མ་མཆིས་པར་བྱིན་རླབས་ཀྱི་ཚད་ཁ་རབ་ཏུ་འབར་བར་བརྩི་བས། ས་དེ་ཀའི་གྲུབ་མཐའ་རིས་མེད་ཀྱི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་ཐུན་མོང་དུ་མཆོད་བཀུར་བྱེད་པའི་ཆོས་སྐྱོང་ཆེན་པོ་མཧྰ་ཀ་ལ་གུར་གྱི་མགོན་པོའི་ལྷ་ཁང་དེའི་ལོ་རྒྱུས་ཚད་ལྡན་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བཀོད་དེ་འདིར་ཅུང་རྒྱས་པར་བཤད་པ་ལ།
སྔོན⑴དྲི་མེད་ཀོ་ཤའི་མཚོ་གླིང་དུ་ཙན་དན་ལས་མགོན་པོ་འདིའི་སྐུ་རང་བྱོན་དུ་བྱུང་བ། ཨོ་རྒྱན་རིན་པོ་ཆེས་གདན་དྲངས་ནས་པཎྟི་ཏ་དྷརྨྰ་པ་ལ་ལ་གནང་། དྷརྨྰ་པ་ལ་བོད་ཀྱི་གངས་ཏི་སེ་དང་མཚོ་མ་ཕམ་ལ་གཟིགས་པར་བྱོན་པའི་དུས་སུ། ལོ་ཆེན་རིན་ཆེན་བཟང་པོ་ལ་ཙནྡན་གྱི་མགོན་པོ་རང་བྱོན་[page 154] འདིས་གཙོས་པའི་བྱིན་རླབས་ཀྱི་རྟེན་ཁྱད་འཕགས་ཅན་མང་པོ་གནང་བ་རྣམས། རིམ་པར་བརྒྱུད་ནས་མངའ་རིས་བྲག་སྟེང་པ་ཆེན་པོ་ཡོན་ཏན་ཚུལ་ཁྲིམས་ལ་གནང་། དེ་ཉིད་ཀྱིས་བླ་ཆེན་མལ་ལོ་ཙཱ་བ་བློ་གྲོས་གྲགས་པ་ལ་གནང་། དམ་པ་དེ་ཉིད་ཀྱི་ཕྱག་ནས་རིམ་པར་ས་ཆེན་ཀུན་དགའ་སྙིང་པོ་ལ་མགོན་པོ་འདིའི་རྗེས་གནང་དང་སྒྲུབ་སྐོར་ཡོངས་རྫོགས། སྐུའི་རྟེན་དུ་བསེ་འབག་ནག་པོ་འཕུར་ཤེས་སུ་གྲགས་པ་དང་། ཙན་དན་གྱི་སྐུ་རང་བྱོན། བྲམ་ཟེ་མཆོད་སྲེད་ཀྱི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ། དར་ནག་ཁ་གང་དང་བཅས་གནང་བ་རྣམས་རིམ་པ་བཞིན་དུ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན་འཇམ་དབྱངས་ས་པཎ་རྣམས་ཀྱིས་ཐུགས་དམ་གྱི་རྟེན་མཛད་ནས་དཔལ་ལྡན་ས་སྐྱར་བཞུགས་པ་ལ། ཕྱིས་སུ་⑵རྗེ་བཙུན་གྲགས་པ་རྒྱལ་མཚན་ཞིང་འདིའི་སྐུ་ཚེ་རྫོགས་ནས་མྱ་ངན་ལས་འདའ་སྐབས། ས་པཎ་ཀུན་དགའ་རྒྱལ་མཚན་ལ་རི་དྭགས་ཀྱི་ལྤགས་པ་འདོམ་གང་ཡོད་པ་སྤུ་རྣམས་ལ་གསེར་གྱི་ཟེ་འབྲུ་ཡོད་པ། ཟེ་འབྲུ་རེ་རེ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ས་ལེར་ཚང་བ། ཙན་དན་ས་མཆོག་ལས་གྲུབ་པའི་མགོན་པོའི་སྐུ་རང་བྱོན། ཙན་དན་གོརྵ་ལས་གྲུབ་པའི་དཔལ་གསང་བ་འདུས་པའི་སྐུ་རང་བྱོན། རྡོ་ནག་ལས་གྲུབ་པའི་རྣམ་སྣང་གི་སྐུ་རང་བྱོན་སོགས་གནང་ནས། ཁྱོད་ཀྱི་ཚེ་མཇུག་ལ་སྐད་རིགས་མི་གཅིག་པ། མགོ་ལ་ཞྭ་ཕྲ་འཕུར་བ་ལྟར། ལྷམ་ཕག་གི་སྣ་འདྲ་བ་གྱོན་པའི་ཡུལ་ཞིག་ནས་འབོད་མཁན་སླེབས་ཡོང་བས། དེ་དུས་རྟེན་འདི་རྣམས་དྲངས་ནས་སོང་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འོང་ཞེས་པའི་ལུང་བསྟན། དེ་དུས་⑶ཧོར་ཇིང་གིར་རྒྱལ་པོའི་དྲག་པོའི་སྟོབས་ཤུགས་དར་ལ་དྲག་པས་རང་རྒྱལ་བྱང་ཕྱོགས་ཀྱི་ས་ཁུལ་མང་པོ་དང་། རིམ་བཞིན་མི་ཉག་གི་རྒྱལ་ཁམས་ཀྱང་དབང་དུ་བསྡུས། ཇིང་གིར་འདས་རྗེས་རྒྱལ་ས་ཁོང་གི་བུ་གསུམ་པ་ཨོ་གོ་ཏ་ལ་གཏད།
སྤྱི་ལོ་༡༢༤༠ལོར་ཨོ་གོ་ཏའི་གཅུང་ཐོ་ལོ་ནོ་ཡོན་ཞེས་བྱ་བའི་བུ་ཨེ་ཆེན་གོ་དན་གྱིས་དམག་དཔོན་རྡོར་ཐ་ཆི་དྲག་པོའི་དཔུང་ཚོགས་དང་བཅས་བོད་དུ་བཏང་། དམག་དཔུང་རྣམས་མདོ་སྨད་བརྒྱུད་ནས་དབུས་གཙང་དུ་འོངས། བོད་པའི་རང་འགུལ་གྱིས་མགོ་བཏགས་སྣེ་ལེན་བྱེད་པ་རྣམས་ལ་གནོད་འཚེ་མི་བྱེད་པར་རང་འཇགས་སུ་འཇོག འགོག་རྒོལ་བྱེད་མཁན་རིགས་ལ་དྲག་གནོད་བྱེད་པ་བཅས་ཧོར་དམག་གིས⑷ཤར་ཀོང་པོའི་ཡུལ་ཡན་ཆད་ནས་ནུབ་བལ་པོ་དང་། ལྷོ་མོན་ལ་ཐུག་པ་ཚུན་ཆད་ཀྱི་མཁར་བཙན་པོ་རྣམས་བསྒྱེལ་ཞིང་། གོང་མ་རྒྱལ་པོའི་ལུང་ལས་མི་འདའ་བའི་རྒྱལ་ཁྲིམས་བཙན་པོས་དབང་དུ་བསྡུས། དེ་ལྟར་གོ་ཏན་གྱི་དམག་དཔུང་རྡོར་ཐ་ཆིས་དྲག་པོའི་སྟོབས་ཤུགས་དང་མཐུན་འབྲེལ་གཉིས་ཀྱི་སྒོས་བོད་ཡོངས་དབང་དུ་བསྡུས་ཤིང་། དེ་དུས་གོ་དན་གྱི་ཞབས་ལ་ཀླུ་སྐྱོན་གྱིས་བསྙུང་གཞི་བྱུང་བར་བརྟེན། བོད་ཀྱི་ཡུལ་དེ་ནས་ཆོས་ལ་ཤིན་ཏུ་མཁས་པའི་བླ་མ་ཞིག་སྤྱན་འདྲེན་[page 155] པར་རྒྱལ་བུ་གོ་ཏན་གྱིས་བཀའ་ཕབ་པ་ལྟར་བོད་དུ་བླ་མ་ཆེ་བ་ཞིག་བརྩད་བྱས་ཏེ་ཡི་གེ་ཕུལ་བར། བོད་⑸མཐའ་ཁོབ་ཀྱི་རྒྱལ་ཁམས་ན་དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྟི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་གྱི་ལུང་སྩོལ་ཅིག་ཅེས་ཞུས་པར། གོ་དན་གྱིས་དེའི་ལན་དུ། འཇིག་རྟེན་འདིའི་སྟོབས་དང་གཟི་བརྗིད་ནི་ཇིང་གིར་ལས་ལྷག་པ་མེད། ཚེ་ཕྱི་མ་ལ་ཕན་པའི་ཆོས་དེ་གལ་ཆེ་བས་ས་སྐྱ་པཎྟི་ཏ་གདན་དྲོངས་ཤོག་བཅས་རྒྱལ་པོ་ཉིད་ནས་ནན་ཆེན་པོའི་ཕྱག་རྟེན་དང་གསེར་ཡིག་བཅས་བཏང་སྟེ་གདན་འདྲེན་པར་བྱུང་བ་ལ། ཆོས་རྗེ་ས་པཎ་མཆོག་ལོ་དེར་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་ཟིན་པས་སྐུ་ན་མཐོ་ཡང་བསྟན་འགྲོ་དང་བོད་སྤྱིའི་དོན་དུ་འབྱོན་པར་ཞལ་གྱིས་བཞེས། དཔོན་པོ་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་དང་། ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ལས་མ་གསོན་པ་དེ་གཉིས་ཀྱང་ཁྲིད་ནས་སྤྱི་ལོ་༡༢༤༤བོད་ཤིང་འབྲུག་གི་ལོ་ལ་སྔར་གྱི་རྟེན་རྣམས་དྲངས་ཏེ་དཔལ་ལྡན་ས་སྐྱ་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བྱང་ལམ་བརྒྱུད་ནས་ཕེབས་པའི་ཚེ་ལམ་ཁར་སྒ་སྟོད་ནས་བུ་ཆུང་ཞིག་སློབ་མར་བྱུང་བ་ན། བྱད་དབྱིངས་ནི་སྒོ་རུས་ཀྱི་གསེར་འབག་དང་འདྲ་བར་འདུག་པ་ལ་མིང་ཨ་གཉན་དུ་ཆགས། ངེས་དོན་དུ་ཁུ་དཔོན་རྣམ་གཉིས་ནས་དཔལ་ལྡན་གུར་གྱི་མགོན་པོའི་རྣམ་རོལ་དུ་གཟིགས། མཚན་ལ་ཀུན་དགའ་གྲགས་སུ་བཏགས་ཏེ་ཕྱག་ཕྱིར་ཁྲིད། ཕྱིས་སུ་སྒ་ཨ་གཉན་དམ་པ་ནི་ས་པཎ་ཁུ་དཔོན་རྣམ་གཉིས་ཀྱི་ཐུགས་སྲས་གཙོ་བོར་གྱུར།
དེ་ནས་རིམ་གྱིས་བྱོན་པས་རྒྱལ་པོ་ཡབ་སྲས་འཁོར་དང་བཅས་པའི་བསུ་བ་རྒྱ་ཆེར་བྱས་ཏེ་ཕོ་བྲང་དུ་གདན་དྲངས། དེར་རྒྱལ་པོ་འབངས་འཁོར་ཐམས་ཅད་ཀྱིས་ཐེག་ཆེན་སེམས་བསྐྱེད་སོགས་ཆོས་བཀའ་མང་དུ་ཞུས་ནས་མཆོད་གནས་ཀྱི་གཙོ་བོར་བཟུང་སྟེ་བཀུར་སྟི་ཚད་མེད་བྱས། རྒྱལ་པོའི་བསྙུང་གཞི་སོགས་ལ་ཐབས་མཁས་ཀྱི་མཛད་པ་བྱས་པས་མྱུར་དུ་ནད་གཞི་ལས་གྲོལ། དེ་ནས་⑹ཆོས་རྗེ་དང་རྒྱལ་པོ་གཉིས་ཕན་ཚུན་གསུང་གླེང་གི་འཕྲོས་ལ། རྒྱལ་པོས་མདོ་སྡེ་གསེར་འོད་དམ་པ་ན་རུས་སྦལ་ལ་སྦུ་མི་འབྱུང་ཚུལ་གསུང་ན། ལྤགས་པ་འདོམ་གང་ཙམ་ལ་སྤུ་ཡོད་པ། འཇའ་ཚོན་གྱི་རི་མོ་ཡོད་པ་འདི་ཅི་ཡིན་ཞེས་སུན་དབྱུང་བའི་ཕྱིར་གཟིགས་མོ་ཕུལ་བ་ན། ས་པཎ་གྱིས་ཞལ་ནས། འདི་ནི་སེམས་ཅན་རང་ག་བའི་ལྤགས་པ་ག་ལ་ཡིན། ཆུ་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་ཕྱིར་བྱང་སེམས་རུས་སྦལ་འདྲ་བར་སྤྲུལ་ནས་བྱོན་པ་གསུང་རབ་ལས་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་པགས་པ་ཡིན། དེའི་རྒྱུ་མཚན་སྟོན་ཤེས་ཀྱིས་བསྟན་ནས་བལྟ་ཤེས་ཀྱིས་བལྟས་ན་པགས་པ་འདིའི་ངོས་ལ་སངས་རྒྱས་སྟོང་དང་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱི་སྐུ་བཪྙན་གསལ་བར་ཡོད་གསུངས་ནས་དེ་དག་བསྟན་པས། དེར་ལྷགས་པའི་སྐྱེ་བོ་ཀུན་ངོ་མཚར་དུ་གྱུར་ཅིང་། རྒྱལ་པོ་ཅུང་ཟད་སྐྱེངས་ཏེ་ལན་ཞིག་བྱ་དགོས་ས་སྙམ་[page 156] ནས་བློན་པོ་རྣམས་ལ་ བཀའ་བགྲོས་ཏེ་སྒྱུ་མ་མཁན་རྣམས་རྫས་སྔགས་ཀྱིས་སྒྱུ་མ་སྤྲུལ་དུ་བཅུག་པས། སྔར་མེད་པའི་ཡུལ་ཡིད་དུ་འོང་བ་ཞིག་ན་གཙུག་ཁང་སོགས་དགོན་པའི་རྣམ་པ་ངོ་མཚར་ཅན་ཞིག་སྤྲུལ་དུ་བཅུག་ནས། རྒྱལ་པོས་ཆོས་རྗེ་ས་པཎ་ཉིད་ལ། ཁྱོད་ང་ཡི་མཆོད་གནས་ཆེན་པོ་ཡིན་པ་དང་ཡོན་ཏན་ཆེན་པོ་མཐོང་བས་སེམས་པ་སྤྲོ། ད་ནི་ཉེ་ཁོར་གྱི་གནས་དབེན་པ་ཞིག་ན་དགོན་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཁྱོད་ལ་སྟེར་བས་དེར་འགྲོ་གསུངས་ནས། བདག་ཉིད་ཆེན་པོ་དཔོན་སློབ་རྣམས་དང་། རྒྱལ་པོ་འཁོར་དང་བཅས་ཀྱང་བྱོན། དེའི་ཚེ་ཆོས་རྗེ་ཉིད་ཀྱིས་ཕྱོགས་དེ་གཟིགས་མ་ཐག་ནས་སྒྱུ་མ་སྤྲུལ་པ་ཡིན་པར་མངོན་པར་མཁྱེན་པས་དགོངས་ཏེ། སྒོ་སྲུང་འཇིགས་སུ་རུང་བ་མང་པོ་འདུག་པ་དེ་རྣམས་ལ་བཀའ་བསྒོ་དང་། གནས་བརྟན་གཞན་རྣམས་ལ་རབ་གནས་ཀྱི་མེ་ཏོག་འཐོར་བ་མཛད་པས། སྒྱུ་མ་བཤིག་མ་ཐུབ་པར་དུས་ད་ལྟ་ཡང་མངོན་སུམ་དུ་ཡོད་ཅིང་། སྤྲུལ་པ་སྡེ་ཞེས་བྱ་བར་མིང་ཡང་གྲགས་སོ།།
དེ་ལྟར་ཆོས་རྗེ་ས་པཎ་གྱིས་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཆོས་སྲིད་གཉིས་ཀྱི་མཛད་རྗེ་བླ་ན་མེད་པ་ཞིག་གནང་སྟེ་སྤྱི་ལོ་༡༢༥༡བོད་རབ་བྱུང་བཞི་པའི་ལྕགས་ཕག་ལ་སྤྲུལ་བའི་སྡེ་ཞེས་བྱ་བར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ། དེ་དུས་རྟེན་མཆོག་རྣམས་རྒྱལ་པོའི་མཆོད་གནས་བང་མཛོད་དུ་བཞུགས་སོ།།
འགྲོ་མགོན་འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་ལ་སོན་དུས་ཆོས་རྗེ་ས་པཎ་དང་ལྷན་དུ་ནང་སར་ཕེབས་ནས་ལོ་ངོ་བདུན་ཙམ་རིང་ཆོས་རྗེ་ས་པཎ་དང་འབྲལ་མེད་ཞབས་ལ་གཏུགས། ཆོས་རྗེ་ས་པཎ་ལ་མངའ་བའི་སྐུ་ཡོན་ཕལ་ཆེ་བ་ཐུགས་སུ་ཆུད་པས་བླ་མ་ཐུགས་ཤིན་ཏུ་མཉེས་ཏེ་བསྟན་པའི་ཁུར་བཟོད་པར་དགོངས་ནས་ཆོས་དུང་དང་ལྷུང་བཟེད་ལ་སོགས་པ་གནང་། སློབ་མའི་ཚོགས་རྣམས་ཀྱང་གཏད་ནས་བསྟན་པའི་བྱ་བ་དང་སེམས་ཅན་མང་པོའི་དོན་བྱ་བའི་ཁུར་གཏད་དོ།།
དེ་ནས་སྤྱི་ལོ་༡༢༥༣བོད་རབ་བྱུང་བཞི་བའི་ཆུ་གླང་ལོར་སེ་ཆེན་ཧུ་པེ་ལིས་བླ་མ་འཕགས་པ་ཕོ་བྲང་དུ་གདན་དྲངས་པར། དེ་དུས་⑺འགྲོ་མགོན་འཕགས་པ་དགུང་ལོ་བཅུ་དགུ་ཙམ་ལས་ཕེབས་མེད་ཀྱང་། སེ་ཆེན་ཧན་གྱིས་མི་གཞན་ལས་ལན་འདེབས་དཀའ་བའི་ཐེ་ཚོམ་མང་པོ་དྲི་བ་བཏོན་པར། དྲིས་ལན་རྒྱུ་མཚན་དང་བཅས་པ་གསུངས་པས་ཧ་ཅང་བཉེས་པར་གྱུར། ད་དུང་ཁོང་གིས་ཁྱེད་བོད་ཀྱི་ཡུལ་དུ་མི་ཆེ་བ་སུ་དང་སུ་བྱུང་། ཕོ་རྒོད་པ་སུ་བྱུང་། ཡོན་ཏན་ཅན་སུ་བྱུང་ཞེས་རྒྱུ་མཚན་དང་བཅས་དྲི་བ་གནང་བར་འཕགས་པ་རིན་པོ་ཆེ་ནས། ངེད་བོད་ལ་མི་ཆེ་བ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་བྱུང་། ཕོ་རྒོད་པ་མི་ལ་རས་པ་བྱུང་། ཁོང་གིས་ཚེ་སྟོད་ལ་དགྲ་བཏུལ། ཚེ་གཞུག་ལ་ཆོས་བྱས་གྲུབ་པ་ཐོབ་པ་ཡིན། ཡོན་ཏན་ཅན་བདག་གི་བླ་མ་ས་སྐྱ་པཎྟི་ཏ བྱུང་ཞེས་ལན་རྒྱུ་མཚན་དང་བཅས་ཐོགས་པ་[page 157] མེད་པར་གསུངས་ཤིང་། ད་དུང་ལོ་རྒྱུས་ཐོག་ཐང་བོད་དབར་འཐབ་པའི་ཟླ་དང་འགྲོགས་པའི་གཉེན་གྱི་མཛའ་མཐུན་འབྲེལ་བ་དམ་ཟབ་བྱུང་ཚུལ་དང་ཇོ་བོ་ཤྰཀྱ་མུ་ནི་གདན་དྲངས་ཚུལ་རྣམས་གསུངས། སེ་ཆེན་གྱིས་དེ་བཞིན་བདེན་ན་རྒྱལ་ཐོག་གི་ཡི་གེར་བྲིས་ཡོད་པས་ལྟོས་གསུངས་པ་དང་། རྒྱའི་སྔོན་གྱི་ཡིག་ཚང་ལ་བལྟས་པར་འཕགས་པས་ཇི་ལྟར་གསུངས་བ་བཞིན་བྱུང་བས་སེ་ཆེན་ལྷག་པར་དགྱེས། ད་དུང་འཕགས་པས་ངེད་ཀྱི་ཕ་མེས་ལ་མི་ཉག་རྒྱལ་པོས་གོས་ཆེན་གྱི་བླ་བྲེ་ཤ་བའི་ར་ཅོ་ནས་བཟུང་ཐུབ་པ་ཕུལ་ཡོད་གསུངས་པས། རྒྱལ་པོས་ས་སྐྱར་བལྟར་བཏང་བས་ཇི་བཞིན་འདུག་ཟེར་བས་རྒྱལ་པོ་ཡབ་སྲས་ཤིན་ཏུ་མོས་པར་གྱུར།
དེ་ནས་འགྲོ་མགོན་འཕགས་པས་རྒྱལ་པོས་དབུ་མཛད་པའི་དབང་ཞུ་བ་ཉི་ཤུ་རྩ་ལྔ་ལ་ལན་གསུམ་གྱི་བར་དུ་ས་སྐྱ་བའི་ཁྱད་ཆོས་དཔལ་ཀྱེེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་ལན་གསུམ་ཀྱི་བར་དུ་བསྐུར་བས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བཪྙེས་པ་ཡིན་ཞིང་། དེའི་དབང་ཡོན་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་། དབང་ཡོན་བར་མ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱིས་གཙོས་པའི་བོད་ཕྱོགས་ཁ་གསུམ་ཀྱི་བན་དྷེ་དང་། མི་སྡེ་སོགས་ཐམས་ཅད་ཕུལ་བ་ཡིན། དབང་ཡོན་གསུམ་པ་ལ་བླ་མའི་བཀའ་བཞིན་རྒྱའི་མི་ཡུར་ཆེན་པོ་ཕུལ། ད་དུང་གཡང་ཀྲིའུ་ལས་བྱས་པའི་རི་མོ་ལ་ཡི་གེ་ས་དང་རིན་པོ་ཆེ་ཡོད་པའི་ཐམ་ཀ་གནམ་ཀྱི་འོག་དང་ས་ཡི་སྟེང་འདི་ན་རྒྱ་གར་ལྷའི་སྲས་པོ་སྤྲུལ་པའི་སྐུ་མཆོག་སངས་རྒྱས་གནས་ལྔ་རིག་པའི་པཎྟི་ཏ་འཕགས་པ་ཏི་ཤྰི་ཞེས་པའི་མཚན་གསོལ། གཞན་ཡང་གསེར་དང་མུ་ཏིག་གི་སྣམ་སྦྱར་སོགས་དངོས་རྫས་མཐའ་ཡས་པ་གནང་སྟེ་བོད་ཀྱི་དབང་འཛིན་དུ་བསྐོས།
དེ་ནས་⑻ཆོས་རྒྱལ་འཕགས་པའི་ཐུགས་སྲས་སྒ་ཨ་གཉན་དམ་པ་ནི་ཆོས་རྗེ་ཁུ་དཔོན་གཉིས་ཀྱི་ཕྱག་ཕྱིར་ནང་སར་བྱོན་ནས་རྒྱལ་བློན་ཐམས་ཅད་ཀྱི་བཀུར་སྟི་ཚད་མེད་བྱས་ནས་སྤྱི་བོའི་གཙུག་ཏུ་བཀུར་བ་ན། དེར་བློན་པོ་མི་ཆེ་ཞེས་པ་མ་དགའ་ནས་རྒྱལ་པོ་ལ་ཕྲ་མ་བཅུག་པས། རྒྱལ་པོས་སྒ་ཨ་གཉན་དོན་མེད་ཀྱི་ཁྲིམས་ལ་སྦྱར་ཏེ་གཤེད་མ་རྣམས་ཀྱིས་ཁྲིད་ནས་སྒམ་ནང་དུ་བཅུག་སྟེ་ཆུ་བོར་བསྐྱུར་བས་ཡུལ་གཞན་དུ་ཁྱེར་བའི་ཚེ། ཆུ་ལེན་པར་ཡོང་བ་དག་གིས་ཪྙེད་དེ་ཚུར་བླངས་ནས་བལྟས་པས། ཨ་གཉན་གྱིས་བཞིན་གྱི་མདངས་གསལ་ཞིང་ཞལ་ནས་མཧྰ་ཀཱ་ལ་སྒྲོགས་ཤིང་བཞུགས་པ་མཐོང་བས། དེའི་སྐྱེ་བོ་ཀུན་ངོ་མཚར་དུ་གྱུར་ནས་བཀུར་སྟི་བྱས། དེའི་ཚེ་རྒྱལ་ཁབ་ལ་རིམས་ནད་བྱུང་ནས་གང་གིས་ཀྱང་མ་བཟློག་པ་ལ། རྒྱལ་པོ་བློ་མ་བདེ་ནས་མི་སེར་རྣམས་ལ་འདི་ལྟར། ཨ་གཉན་དམ་པ་ཞེས་པའི་སྐྱེས་བུ་དམ་པ་དེ་ལ་སྐྱོན་མི་མངའ་ཡང་། བདག་ནི་མ་རིག་པའི་སྒྲིབ་ནས་ཨ་གཉན་དམ་པ་ཁྲིམས་ལ་སྦྱར་བས་མ་འགྲིག་པར་ནད་རིམས་འདི་བྱུང་ད་ཨ་གཉན་དམ་པ་ས་ཆ་གང་དུ་ཡོད་པར་བཙལ་ཏེ་ཕྱིར་སྤྱན་དྲོངས་ཤོག་ཅེས་བཀའ་སྩལ་བར། ཚང་མསདེ་ལྟར་སྤྱན་དྲངས་གསོལ་བ་བཏབ་པ་ལ་[page 158] བརྟེན་ནས་རྒྱལ་ཁམས་ཀྱི་ནད་རིམས་རྣམས་ཀྱང་ཞི་བར་གྱུར་ཏོ།།
ནང་བཞུགས་བྱིན་རྟེན་གྱི་སྐོར་བཤད་པ།
དེ་ནས་འགྲོ་མགོན་འཕགས་པས་ཙན་དན་གྱི་སྐུ་རང་བྱོན་འདིས་ནང་བཞུགས་བྱས་ནས་མགོན་ཁང་ཞིག་བཞེངས་ན་བསྟན་འགྲོ་ཡོངས་ལ་ཕན་པ་རྒྱ་ཆེན་པོ་ཞིག་ཡོང་བར་དགོངས་ནས། སེ་ཆེན་རྒྱལ་པོ་ལ་ཞུས་པ། ངེད་ཀྱི་བླ་མ་གོང་མའི་གདན་དྲངས་པའི་རྟེན་ཆ་རྣམས་ངེད་ལ་ཚུར་གནང་ན། དེ་དག་གི་ནང་བཞུགས་བྱས་པའི་ཆོས་སྐྱོང་གི་སྐུ་བཪྙན་ཞིག་བཞེངས་བསམ་པ་ཡིན། དེའི་སྦྱིན་བདག་ཀྱང་ཁྱེད་ཡབ་སྲས་ནས་མཛད་དགོས་ཞེས་ཞུས་པ་ན། རྒྱལ་པོ་ཡབ་སྲས་ནས་ཀྱང་འཕགས་པའི་ཐུགས་བཞེད་ལྟར་སྒྲུབ་པར་ཞལ་གྱིས་བཞེས། དེ་ནས་མགྲོ་མགོན་འཕགས་པས་ཙན་དན་གྱི་སྐུ་རང་བྱོན་གཙོས་པའི་སྐུ་རྟེན་རྣམས་དྲེའུ་དཀར་པོ་ཅིག་ལ་བཀལ་ཏེ། སྒ་ཨ་གཉན་དམ་པ་ལ་གཏད་ནས་དྲེའུ་འདི་གང་དུ་ཉལ་བའི་སར་རྟེན་ཆ་འདི་དག་གིས་ནང་བཞུགས་བྱས་པའི་གུར་མགོན་གྱི་སྐུ་ཞིག་བཞེངས་ཤིག་ཅེས་ཨ་གཉན་དང་སེ་ཆེན་གྱི་སྲས་ཝང་གཉིས་ལ་གསུངས་ནས་བཏང་། དེ་ནས་ཁོང་རྣམ་གཉིས་དང་འཁོར་ཚོགས་བཅས་རིམ་གྱིས་ཕེབས་ནས་ད་ལྟའི་དཀར་མཛེས་ཡུལ་འདི་ལ་ཏྲེ་ཤོད་མཎྡ་ཐང་ཞེས་གྲགས་པའི་ལྟེ་བ་འདིར་ཕེབས་པ་ན། མཚོ་ཟངས་ཁ་ཙམ་ཡོད་པའི་ནང་དུ་དྲེའུ་དེའི་རྔ་མ་བཅུག་སྟེ་ཉལ་བ་ཇི་ཙམ་བསླང་ཡང་མ་ལངས་པར་བརྟེན། བླ་མའི་ལུང་བསྟན་པའི་ས་དེ་འདི་ཡིན་པར་ངོས་ཟིན་ནས། བོད་རབ་བྱུང་ལྔ་བའི་ཤིང་སྤྲེལ་སྤྱི་ལོ་༡༢༤༨ལ་གཙུག་ལག་ཁང་འདི་བཞེངས་པའི་སྦྱིན་བདག་ཧོར་སེ་ཆེན་གྱི་སྲས་ཝང་གིས་མཛད། བཟོ་བོ་ཨ་གཉན་པག་ཤི་རང་གི་གཙོར་མཛད་དེ་བཞེངས་པའི་⑼དཔལ་ལྡན་གུར་གྱི་མགོན་པོའི་སྐུ་འདིའི་ནང་རྟེན་གྱི་རིམ་པ་བཞུགས་ཚུལ་ནི།
ཐོག་མར་དབུ་སྐྲའི་ཐོར་ཅོག་ནང་དུ་པཎྟི་ཏ་ག་ཡ་དྷ་རས་རྒྱ་གར་ནས་སྤྱན་དྲངས་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ། སངས་རྒྱས་རབ་བདུན་གྱི་རང་བསྲེལ། བྱང་ཆུབ་ཤིང་ལས་གྲུབ་པའི་མི་བསྐྱོད་པའི་སྐུ། འཕགས་པ་རིན་པོ་ཆེའི་དབུ་སྐྲ་བུབས་རྣམས་བཞུགས་ཤིང་། སྤྱན་དབུས་མའི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་བདུན། སྤྱན་གཡས་པའི་ནང་དུ་ཤྰ་རིའི་བུའི་རིང་བསྲེལ་བདུན། སྤྱན་གཡོན་པའི་ནང་དུ་མོོད་གལ་གྱི་རྗའི་རང་བསྲེལ་བདུན། དབུའི་ནང་དུ་རོ་བའི་དབུ་ཐོད་དུམ་བུ། ཤངས་ཀྱི་ནང་དུ་སངས་རྒྱས་འོད་སྲུང་ཀྱི་ཚེམས། མགྲིན་པའི་ནང་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་གཙོ་བོར་གོང་དུ་ལོ་རྒྱུས་རྒྱས་པར་བཤད་[page 159] པའི་ཙན་དན་གྱི་མགོན་པོའི་སྐུ་རང་བྱོན་དང་། མ་གཅིག་ལབ་ཀྱི་སྒྲོན་མའི་ཤངས་མཚལ་གྱིས་བྲི་ས་པའི་གུར་མགོན་གྱི་སྐུ། བསིལ་བ་ཚལ་གྱི་ནག་ལས་གྲུབ་པའི་གུར་མགོན་གྱི་སྐུ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞུན་ཐིགས་ལས་བྱོན་པའི་ཞལ་བཞི་པའི་སྐུ། འཇམ་དབྱངས་ས་པཎ་གྱི་ཐུགས་དམ་རྟེན་ཀྱེ་རྡོར་ཀྱི་སྐུ། རྒྱུ་གསེར་ལས་གྲུབ་པའི་ཕྱག་ན་རྡོ་རྗེ་འབྱུང་འདུལ་གྱི་སྐུ། ཆུ་ཤེལ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་རྣམས་དང་། ལྟོ་བའི་ནང་དུ་སངས་རྒྱས་ཤྰཀྱ་ཐུབ་པའི་གསོལ་ལྷུང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་རྣམས་བཞུགས་ཤིང་།
གཞན་ཡང་འཕགས་པ་རིན་པོ་ཆེའི་ཕྱག་ཕྲེང་། ཤ་རིའི་རྗའི་སྐུ་ཆིངས། ཇོ་བོ་ཨ་ཏི་ཤའི་གདུང་རུས། པཎ་ཆེན་ཤྰཀྱ་ཤྲྰིའི་སྣམ་སྦྱར། པཎྟི་ཏ་དྷརྨཱ་པ་ལའི་གདུང་རུས། རྒྱ་གར་རྡོ་རྗེ་གདན་གྱི་རྟེན་མཧྰ་བོ་དྷིའི་ཞལ་ཕྱིས། དམ་པ་སངས་རྒྱས་ཀྱི་དབུ་སྐྲ། རྒྱ་གར་ཕྱག་ན་རྡོ་རྗེའི་སྒོམ་ཐག པཎྟི་ཏ་ཀཱ་མ་ལ་ཤྰི་ལའི་གདུང་རུས། གྲུབ་ཆེན་ཤ་བ་རི་པའི་སྐུ་ཤ། པཎྟི་ཏ་ག་ཡ་དྷ་རའི་གདུང་རུས། པཎྟི་ཏ་ཀ་ལིངྒ་པའི་དབུ་སྐྲ། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ། བལ་པོ་པཎ་ཆེན་མ་བོ་དྷིའི་དབུ་སྐྲ། དཔལ་ཆེན་རྒ་ལོའི་དབུ་ཞྭ། འབྲོག་མི་ཤྰཀྱ་ཡེ་ཤེས་ཀྱི་གདུང་ཐལ་དང་སྣམ་སྦྱར། ལོ་ཆེན་རིན་ཆེན་བཟང་པོའི་ཤངས་མཚལ། ཁྲོ་ཕུ་ལོ་ཙཱ་བའི་དབུ་སྐྲ། འབྲོམ་སྟོན་པའི་དབུ་སྐྲ། བཤེས་གཉེན་པོ་ཏོ་བའི་གདུང་རུས། བཤེས་གཉེན་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་གདུང་རུས། ས་ཆེན་ཀུན་དགའ་སྙིང་པོའི་གདུང་རུས། རྗེ་བཙུན་བསོད་ནམས་རྩེ་མོའི་གདུང་རུས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདུང་རུས། འཇམ་དབྱངས་ས་པཎ་གྱི་གདུང་རུས། འཇམ་དབྱངས་ས་པཎ་གྱི་གདུང་ཚ། ལྷོ་བྲག་མར་པའི་དབུ་ཐོད་དུམ་བུ་དང་དབུ་སྐྲ། མི་ལ་རས་པའི་ན་བཟའ། དྭགས་པོ་ལྷ་རྗེའི་གདུང་རུས། ཕག་མོ་གྲུབ་པའི་གདུང་རུས། ཨུ་རྒྱན་རིན་པོ་ཆེའི་དབུ་སྐྲ། འབྲི་གུང་འཇིག་རྟེན་མགོན་པོའི་སྒོམ་ཐག རྒྱལ་པ་རྒོད་ཚང་པའི་གདུང་རུས། ཞང་གཡུ་བྲག་པའི་ན་བཟའ། མ་གཅིག་རེ་མའི་སྐུ་ཤ། གྲུབ་ཆེན་ཨུ་རྒྱན་པའི་གདུང་རུས་སོགས་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་ཕལ་ཆེར་གྱི་གདུང་རུས། རིང་བསྲེལ། དབུ་སྐྲ། ན་བཟའ་སོགས་བྱིན་རླབས་ཀྱི་རྟེན་རྣམས་དང་། སྟོན་པ་སངས་རྒྱས་ཀྱི་ཆོས་ཁྲིའི་ས། བྱང་ཆུབ་ཤིང་གྱི་ལོ་འདབ་དང་འབྲས་བུ། གནས་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོ་རི། ཤྲྰི་ནྰ་ལེནྡྲ། བལ་ཡུལ་འཕགས་པའི་ཤིང་ཀུན། ཨོ་ཌ་ཡཱ་ན་ཤམྦྷ་ལ། རི་བོ་རྩེ་ལྔ། གངས་ཏི་སེ། ལྷ་ས་བསམ་ཡས་ཁྲ་འབྲུག་སོགས་གཙུག་ལག་ཁང་རྣམས་ཀྱི་ས་སྣ་དང་། ཆུ་བོ་གངྒྰ་སོགས་ཆུ་བོ་ཆེན་པོ་བཞིའི་ཆུ་སྣ། རིན་པོ་ཆེའི་བྱེ་མ། རྒྱ་མཚོའི་གླིང་གི་འཇག་མ་སོགས་མདོར་ན་རྒྱ་གར་ནག བལ་པོ། ལི་ཡུལ། རང་རྒྱལ་བོད་ཡུལ་རྣམས་ཀྱི་གཙུག་ལག་ཁང་མཆོད་རྟེན། གནས་ཆེན། གངས་བྲག མཚོ་ཆེན། དུར་ཁྲོད་ཀྱི་ས་སྣ། ་སྣ། ཆུ་སྣ། ཤིང་སྣ་དང་། ལྷ་རྟེན་རྣམས་ཀྱི་བག་རྡུལ་དང་། ན་བཟའ། གཞན་ཡང་པནྟི་ཏ་སངས་རྒྱས་[page 160] གསང་བའི་རྐང་མགྱོགས་ཀྱི་དངོས་གྲུབ་བཪྙེས་ནས། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་སོ་གཉིྶ། དུར་ཁྲོད་ཆེན་པོ་བརྒྱད་པོ་ལ་སོགས་པ་གླིང་བཞི་གླིང་ཕྲན་བརྒྱད་ནས་བསྡུས་པའི་ས་སྣ་རྡོ་སྣ་ཆུ་སྣ་ཤིང་སྣ་ཁྱད་པར་ཅན་རྣམས་དང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་རྒྱུད་སྡེ་བཞིའི་ལྷ་རྣམས་ཀྱི་སྙིང་པོ་དང་། ལྷག་ཏུ་མགོན་པོ་རང་གི་སྲོག་སྔགས་ཀྱི་ཤོག་དྲིལ། ཞབས་འོག་ཏུ་གནོད་སྦྱིན་ཕོ་མོའི་འཁོར་ལོ་སོགས་གཟུངས་གཞུག་གི་རིམ་པ་ཡང་གྲངས་ལས་འདས་པ་བཞུགས་སུ་གསོལ་བ་བཅས་གཙོ་བའི་སྐུ་དཔལ་ལྡན་གུར་གྱི་མགོན་པོའི་སྐུ་བཪྙན་ཆེན་མོ་ལེགས་པར་བཞེངས་པ་དང་། དེའི་གཡས་སུ་འཕྲིན་ལས་ཀྱི་མགོན་པོ་ཡབ་ལེགས་ལྡན་སྟག་ཞོན། དེའི་མདུན་དུ་ཞལ་ཤར་གཟིགས་ལ་རིམ་བཞིན་མོན་བུ་བྷ་ཏྲ་ནག་པོ། དེའི་གཡས་སུ་དམ་དམ་ཅན་པུ་ཏྲ་ཆེན་པོ། དེའི་གཡས་སུ་སྲས་མོ་རལ་གཅིག་མ་ཏེ། འདི་གསུམ་ལ་གུར་མགོན་གྱི་འཁོར་པུ་ཏྲ་མིང་སྲིང་གསུམ་ཞེས་གྲགས་པ་ཡིན། དེ་གསུམ་གྱི་གཡས་སུ་གསུང་གི་མོན་པ་ནག་པོ་རྭ་དུང་གི་སྒྲ་སྒྲོགས་པ། དེའི་གཡས་སུ་ཐུགས་ཀྱི་མོན་པ་སྰོ་ནག་སྤུ་གྲི་འཛིན་པ། དེའི་གཡས་སུ་སྐུ་ཡི་མོན་པ་ནག་པོ་རོ་ཕྱང་བ་འདི་གསུམ་ལ་མགོན་པོ་སྟག་ཞོན་གྱི་འཁོར་མོན་པ་གསུམ་ཞེས་གྲགས། གཙོ་བོའི་གཡོན་དུ་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། དེའི་མདུན་དུ་ཞལ་ནུབ་གཟིགས་ལ་ཡུམ་ནག་མོ་གནོད་སྦྱིན་མ། དེའི་གཡོན་དུ་ཡབ་ནག་པོ་གནོད་སྦྱིན། དེའི་གཡོན་དུ་དགེ་སློང་རུ་འདྲེན། དེའི་གཡོན་དུ་སྔགས་པ། དེའི་གཡོན་དུ་སྐྱེས་པ། དེའི་གཡོན་དུ་རྗད་མེད་ནག་མོ་རྣམས་འཇིགས་ཤིང་སྐྱི་གཡའ་བ་ཉི་མ་འབུམ་གྱི་གཟི་འོད་དང་ལྡན་པ་བཞུགས།
ལྷ་མོ་དང་སྟག་གཞོན་སོགས་འཁོར་རྣམས་ཀྱི་ནང་དུ་ཡང་གོང་དུ་བཤད་པའི་བྱིན་རླབས་རྟེན་དང་། ས་སྣ། རྡོ་སྣ། ཆུ་སྣ་ཤིང་སྣ་རྣམས་ཆ་ཚང་རེ་བཞུགས་ཞིང་། ལྷག་པར་དུ་དཔལ་ལྡན་ལྷ་མོའི་ནང་རྟེན་ལ། རྗེ་ན་རོ་པའི་ཤངས་མཚལ་གྱིས་བྲིས་པའི་རྗེ་བཙུན་སྒྲོན་མའི་སྐུ་དང་། ཀླུ་སྒྲུབ་ཀྱི་ཤངས་མཚལ་ལས་བྱོན་པའི་གསང་འདུས་འཇམ་པའི་རྡོ་རྗེ། ཨཱ་ཙརྱ་དམར་པོའི་ཤངས་མཚལ་གྱིས་བྲིས་པའི་དཔལ་ལྷ་མོའི་སྐུ། རྒྱལ་པོའི་ནོར་བུ་ལ་ཁྲུས་གསོལ་བའི་མི་ནོར་ཟས་གསུམ་འཕེལ་བའི་གཏེར་རྣམས་བཞུགས། དཔལ་མགོན་སྟག་ཞོན་གྱི་ནང་དུ་སྡེ་བརྒྱད་ཀྱི་སྲོག་སྙིང་དང་། ཨ་གཉན་པག་ཤི་རང་གི་དབུ་སྐྲ། ན་བཟའ། ཕྱག་ཕྲེང་རྣམས་དང་། དམག་དཔོན་གྱི་ཞབས་འོན་ཏུ་མགུལ་ལྷ་བཅུ་གསུམ་དང་། བརྟན་མ་བཅུ་གཉིས་བླ་རྡོ་དང་སྲོག་སྙིང་། སྔགས་པའི་ནང་དུ་ཀླུ་ཆེན་བརྒྱད་ཀྱི་སྲོག་འཁོར་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པའི་ཀླུ་གཏེར་མང་དུ་བཞུགས་ཤིང་། ཡུམ་ཆེན་མོ་གནོད་སྦྱིན་ཡབ་ཡུམ། པུ་ཏྲ་མིང་སྲིང་དང་། རུ་འདྲེན་གྱི་ནང་ཚན་དགེ་སློང་དང་བུད་མེད་བཅས་འདི་རྣམས་ལ་གཟུངས་གཞུག་གི་དམིགས་བསལ་མ་མཆིས་རུང་། སྐུ་རྟེན་ཐམས་ཅད་དུས་གཅིག་ཏུ་བཞེངས་འདུག་པས་གཟུངས་གཞུག་ལ་དབྱེ་པ་ཅི་ཡོད།
[page 161] མགོན་ཁང་གི་དབུ་རྩེར་གཙོ་བོ་མཉམ་མེད་ཤྰཀྱའི་རྒྱལ་པོ། དེའི་གཡས་སུ་རྣམ་པར་གཟིགས། དེའི་གཡས་སུ་གཙུག་ཏོར་ཅན། དེའི་གཡས་སུ་ཐམས་ཅད་སྐྱོབ། གཙོ་པའི་གཡོན་དུ་འཁོར་བ་འཇིག དེའི་གཡོན་དུ་གསེར་ཐུབ། དེའི་གཡོན་དུ་འོད་སྲུང་བཅས་སངས་རྒྱས་རབ་བདུན། དེའི་མདུན་ཕྱོགས་སུ་ཆོས་རྒྱལ་འཕགས་པ། དེའི་གཡོན་དུ་སྒ་ཨ་གཉན་དམ་པ་བཅས་བཞེངས། དཀྱིལ་དུ་བརྩེགས་གཅིག་ཕལ་པའི་སྟེང་དཔལ་དུས་ཀྱི་འཁོར་ལོའི་བློས་བསླང་། གཞན་ཀུན་རིགས་ཀྱི་ལྷ་ཚོགས་དང་རྒྱ་གར་ཤར་ལི་ཁྲུ་གང་ལོང་བ་གྲང་ཉེར་ལྔ་ལྷག་བཞུགས། ཁང་བཟང་གི་རྩེ་མོར་རྫ་མའི་རྒྱ་ཕིབས་དང་། གསེར་ཟངས་ལས་གྲུབ་པའི་གཉྫིར་དང་། དྲིལ་བུ། རྒྱལ་མཚན་སོགས་ཀྱིས་བརྒྱན་པ་དང་། གཙུག་ལག་ཁང་གི་ནང་དུ་བླ་བྲེ་དང་། གདུགས་རྒྱལ་མཚན། འཕན་དང་སྙན་ཤལ་གོ་མཚོན་ལ་སོགས་པའི་སྤྱན་གཟིགས་སོགས་མཆོད་པའི་ཡོ་བྱད་མང་པོའི་མཛེས་པར་བརྒྱན་པ་བཅས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་པ་གྲུབ་པ་ན། ཧོར་རྒྱལ་པོའི་ཕོ་བྲང་དུ་བཞུགས་པའི་འགྲོ་མགོན་འཕགས་པ་ལ་ཞུ་འཕྲིན་ཕུལ་བར། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལ་ཡེ་ཤེས་པ་དངོས་སུ་གཞུག་པའི་རབ་གནས་ཞུས་པར། དེར་འགྲོ་མགོན་འཕགས་པའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཚེས་བཟང་ཞིག་ལ་གོང་མའི་ཕོ་བྲང་ནས་རབ་ཏུ་གནས་པ་མཛད་དེ་ཕྱག་ནས་འབྲས་དཀར་འཐོར་བ་མཛད་པས། མགོན་པོའི་སྐུའི་མདུན་དུ་འབྲས་ཁ་བས་ས་སྐྱ་བ་ཙམ་བབས་པ་དང་། ནམ་མཁའ་འཇའ་འོད་ཀྱིས་ཁྱབ་པ། ལྷའི་སིལ་སྙན་གྱི་སྒྲ་སྒྲོགས་པ་ལ་སོགས་པའི་ངོ་མཚར་བའི་ལྟས་མང་པོ་སྐྱེ་བོ་རྣམས་ལ་མཐུན་སྣང་དུ་བྱུང་བར་གྲགས།
དེ་ལྟར་བྱིན་རླབས་ཀྱི་གཟི་འོད་རབ་དུ་འབར་བའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་འདི་ཉིད་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ལོ་ངོ་བརྒྱ་ཕྲག་དུ་མའི་བར་དུ་བཞུགས་ནའང་བོད་རབ་བྱུང་བཅུ་དྲུག་པའི་མེ་རྟ་སྤྱི་ལོ་༡༩༦༦ལོར་རིག་གནས་གསར་བརྗེ་ཆེན་པོ་ཞེས་མིང་དུ་བཏགས་པ་རྒྱལ་ཡོངས་སུ་ཟིང་འཚུབ་ཆེན་མོ་ལངས་པའི་སྐབས་མགོན་ཁང་འདིའི་ཁང་བ་ཙམ་མ་གཏོགས་ ནང་གི་ལྷ་རྟེན་གཅིག་ཀྱང་མ་ལུས་པ་བཅོམ་སྟེ་གཙང་ཕྱགས་བྱས་ནས་ཤུལ་མེད་དུ་བཏང་ངོ་། མགོན་ཁང་ནི་ཉེ་འཁོར་ན་ཡོད་པའི་ཁང་གསར་ཆུས་སྲིད་གཞུང་ལས་ཁུངས་བཙུགས།
དེ་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁེལ་པ་བརྒྱུད་ཏེ། སྤྱི་ལོ་༡༩༨༣ལོར་སྡེ་གྲོང་པ་རྣམས་ཀྱིས་ཆུས་མི་དམངས་སྲིད་གཞུང་ལ་སྒོར་དྲུག་སྟོང་ཞིག་ཕུལ་ཏེ་དགོན་[page 162] ཁང་ཕྱིར་ཉོས། དེ་ནས་ཁང་དམར་བློ་བཟང་ཐུབ་བསྟན་མཆོག་དང་སྡེ་གྲོང་པ་རྣམས་ཀྱི་སྦྱིན་བདག་བྱས་ཏེ་གྲོང་པའི་དབུ་འཛིན་ཨ་མགོན་བསོད་ནམས་ཡེ་ཤེས། དགེ་སློང་བཀྲ་ཤིས་ཚེ་རིང་། དགེ་སློང་ཡ་ཐ་མགོན་པོ་དབང་ཆེན་རྒྱལ་མཚོ། བློ་བཟང་དབང་རྒྱལ་སོགས་ཉམས་གསོ་ཚོ་ཆུང་བཙུགས་ཏེ་མགོན་ཁང་གི་རྒྱ་ཕིབས་སྤོས་རྒྱན་སོགས་བཤིག་རལ་དུ་སོང་བ་རྣམས་ཉམས་གསོ་དང་། རྟེན་གྱི་གཙོ་བོ་གུར་གྱི་མགོན་པོའི་སྐུ་རྒྱུ་སྨན་འདམ་ལས་གྲུབ་པ་ཁང་བརྩེགས་གཅིག་དང་ཕྱེད་ཅན། མགོན་པོ་སྟག་གཞོན། དཔལ་ལྡན་ལྷ་མོ། སངས་རྒྱས་རབ་བདུན། འགྲོ་མགོན་འཕགས་པ་སོགས་སྐུ་འདྲ་རྣམས་སྔོན་མ་ནང་བཞིན་བཞེངས། སྐུ་འདྲ་རྣམས་བཞེངས་སྐབས་རྒྱུ་སྨན་འདམ་ནང་དུ། གསེར་དངུལ། མི་ཏིག་བྱི་རུ་སོགས་རིན་ཆེན་སྐོར་དང་སྨན་སྣ་མང་པོ་རྣམས་གཙང་སྤྲ་ལེགས་པར་བཟོས་ཏེ་ཞིབ་མོར་འཐག་ནས་རིན་ཆེན་བྱེ་མར་བཟོས་ནས་སྨན་འདམ་ནང་དུ་བསྲེས་ཏེ་བཞེངས།
སྐུ་འདྲ་དེ་དག་གི་ནང་རྟེན་ནི་སྔོན་མའི་རྟེན་བྱིན་ཅན་རྣམས་འཇིག་ཟིན་ནའང་། བྱིན་རྟེན་རེ་གཉིས་ཞིག་ཆོས་དད་མང་ཚོགས་འགའི་ཉར་ཚགས་བྱས་ཏེ་ལྷག་པ་དང་། རྟེན་གསར་བའི་སྐོར་འགའ་ཡོད་པ་རྣམས་གཟུངས་གཞུག་ཏུ་ཕུལ་པ་ནི། མགོན་པོའི་སྐུ་དང་རྩ་སྔགས་ཤོག་གུའི་སྟེང་པར་བ་འབུམ་གཅིག རྒྱལ་བ་པཎ་ཆེན་གྱི་ན་བཟའ། སྒོམ་ཐག། དབུ་ཞྭ། ལག་ཤུབ། ལགབྲག་སྐལ་བཟང་རྣམ་རྒྱལ་གྱི་འབྲལ་སྤངས། སྔོན་མའི་མགོན་པོའི་གཟུངས་བཞུག་དུ་ཚ་ཚ་བདུན་ཡོད་པའི་ནང་ནས་ཚ་ཚ་རྡོག་གསུམ། རྒྱལ་དབང་བཅུ་གསུམ་པའི་རྟེན་འདུས་རིལ་བུ་དང་སྨན་སྣའི་སྐོར། པཎ་ཆེན་རིན་པོ་ཆེ་ཕྱག་ཚ་གསུམ། བྱ་ཁྱུང་གི་སྒོ་ང་གཅིག རྗེ་རིན་པོ་ཆེའི་ཕྲེང་རྡོག་གཅིག རྒྱལ་དབང་བཅུ་གསུམ་པའི་ཕྱག་ཚ་འཇིགས་བྱེད་སོགས་ཡོད་པ་གཟུངས་གཞུག་ཏུ་ལེགས་པར་ཕུལ་ལོ། ཞེས་ཏྲེ་ཧོར་ཡེ་ ཤེས་མགོན་པོའི་སྐུ་ཪྙན་མཐོང་གྲོལ་ཆེན་མོའི་ལོ་རྒྱུས་གསལ་བར་བཤད་པ་བྱིན་རླབས་གཏེར་མཛོད་ཅེས་པ་འདི་ནི་ཉེ་ལམ་དཀར་མཛེས་ཁུལ་གྱི་དགོན་སྡེ་རྣམས་ཀྱི་ལོ་རྒྱུས་དངོས་འཚོལ་ཞིབ་ཆེད་ས་དེ་ཀར་དངོས་སུ་བརྟག་དཔྱད་དུ་ཕྱིན་ནས་སྡེ་མགོན་ཁང་དང་འབྲེལ་ཡོད་ཚད་ལྡན་ཡིག་ཆ་རྣམས་གུང་བསྒྲིགས་ཏེ་ཅུང་ཟད་རྒྱས་པར་བཤད་པ་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་དགེ་མིང་བ་འཇིགས་མེད་བསམ་གྲུབ་ཀྱིས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཅུ་གཉིས་པར་པེ་ཅིན་དུ་སྦྱར་བ་རེ་ཞིག་རྫོགས་སོ།།
⑴སྡེ་མགོན་པོའི་དཀར་ཆག་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བསྒྲིགས་པ་ཞེས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་ཨེ་བ། རྟོགས་བརྗོད་སྣ་ཚོགས་ལྗོན་པ་ཞེས་པར་གསལ། སྡེ་དགེ་ཤིང་པར་མ།
[page 163] ⑵སྐུ་ཞོགས་ལམ་བྲག་ནས་མཁོ་སྤྲོད་བྱས་པའི་ཏྲེ་ཧོར་ཡེ་ཤེས་མགོན་པོའི་སྐུ་བཪྙན་ལོ་རྒྱུས་ཞེས་པའི་དེབ་ལག་བྲིས་མ་ཞིག་ཏུ་གསལ། ཁང་དམར་པས་བརྩམས།
⑶༡༩༩༠ལོར་བོད་ལྗོངས་དཔེ་སྐྲུན་ཁང་ནས་བཏོན་པའི་《བོད་ཀྱི་ལོ་རྒྱུས་རག་རིམ་གྱུ་ཡི་ཕྲེང་བ་》ཞེས་པའི་ས་བཅད་ལྔ་བར་གསལ།
⑷རྒྱལ་དབང་ལྔ་བས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ་གསལ།
⑸གོང་སྨོས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་གསལ།
⑹༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》ཀྱི་ལེའུ་ལྔ་བར་གསལ།
⑺གོང་སྨོས་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དུ་གསལ།
⑻ཏྲེ་ཧོར་ཡེ་ཤེས་མགོན་པོའི་སྐུ་བཪྙན་མཐོང་གྲོལ་ཆེན་མོའི་ལོ་རྒྱུས་ཞེས་པར་གསལ།
⑼ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བསྒྲིགས་པའི་སྡེ་མགོན་པོའི་དཀར་ཆག་ཏུ་གསལ།
ཨ་བསེ་དགོན་པའམ་ཨ་བསེ་མདོ་ལུང་དགོན་ནི། དཀར་མཛེས་རྫོང་གི་ལྷོ་ནུབ་མཚམས་སུ་སྤྱི་ལེ་ང་གསུམ་ཙམ་ཡོད་པའི་རོང་པ་ཚ་ཆུས་འདན་མ་ཞང་གི་མངའ་ཁོངས། འབྲོང་དེ་སུམ་ཆེན་མདོ་ཟེར་[page 144] བའི་འབྲོག་ས་ཞིག་ཏུ་ཆགས་ཡོད། བོད་རབ་བྱུང་བཅུ་བཞི་པའི་ས་ཁྱི་སྤྱི་ལོ་༨༣༨ལོར་བླ་མ་བུད་མགོ་སྐུ་ཐོག་དང་པོ་ཡོན་ཏན་རྒྱ་མཚོས་བཏབ་པའི་གྲུབ་མཐའ་ཪྙིང་མ་བ་ཡིན།
དགོན་པ་འདི་ལོ་རྒྱུས་ཐོག་གནོད་རྐྱེན་མང་པོར་ཐེབས་བས་གདན་སའང་དེ་བཞིན་སྤོར་དགོས་བྱུང་། ཐོག་མར་གདན་ས་བཏབ་ཡུལ་ནི་དེང་ཉག་རོང་རྫོང་གི་མངའ་ཁོངས་ཨ་བསེ་མདོ་ལུང་ཞེས་པ་དེ་ཡིན། དེའང་ཡུལ་ཨ་བསེ། ལུང་པར་མདོ་ལུང་ཟེར་བས་དེ་སྐད་ཐོགས། སྐབས་དེར་ཀཿ་ཐོག་བླ་མ་དྲི་མེད་ཞིང་སྐྱོང་གི་སྐུ་སྐྱེ་ཞིག་སྦྱིན་བདག་ཏུ་ཕེབས་ནས་བླ་མ་བུད་འགོ་ཡོན་ཏན་རྒྱ་མཚོས་སྟེ་ལྷ་ཁང་དམར་པོ་ཆུང་ཆུང་ཀ་བ་བཞི་ཙམ་ཡོད་པ་ཞིག་བཞེངས། དགོན་མིང་ལ་ཡུལ་གྱི་ཆ་ནས་ཨ་བསེ་མདོ་ལུང་དགོན་ཞེས་གྲགས། དེའི་དུས་སུ་བླ་སྤྲུལ། གྲྭ་ཚང་། སྐུ་གསུང་ཐུགས་རྟེན། མཆོད་རྫས་སོགས་དགོན་པ་འདི་ལ་ཅ་ལག་ཡོད་གྲངས་མ་ངེས་ཀྱང་། ཕྱིས་སུ་སྐབས་དེའི་ཡིན་ཟེར་བའི་དངོས་རྫས་མཐོང་རྒྱུ་ཡོད་པ་ནི་བཀའ་བརྒྱད་ཞལ་ཐང་དགུ་དང་བཀའ་སྲུང་མོ་མ་སྤྱང་ཞོན་མའི་ཐང་སྐུ་གཉིས་བཅས་ཉི་མ་དགུ་ལ་གྲུབ་རྟགས་ཀྱིས་བྲིས་པ་རེད་ཟེར་བའི་རས་ནག་པོའི་གོང་ཤམ་ཅན་ཞིག ཕྱིས་སུ་མདོ་ལུང་དགོན་ནང་རྒྱལ་གསོལ་འདོན་ཟེར་ནས་བཞག་ཡོད་པའི་རྔ་སྐྱ་འཁོགས་ཞིག་ཡོད་པ་དེ་དུས་མགོན་པོ་ཚོགས་བདག་དངོས་སུ་གནས་པའི་བསྟན་པ་འབྲུག་གྲགས་ཟེར་པའི་རྔ་དེ་ཡིན་པ་སྐད། ད་དུང་དུས་འགྱུར་མ་འོངས་པའི་བརྡ་སྟོན་ཚུལ་རྔ་རང་གྲགས་སོགས་ཡོད།
དེ་དུས་སྲིད་དབང་འཛིན་མཁན་དཔོན་པོ་ནི་ཁྲོམ་དཔོན་རྒྱལ་པོའི་གདུང་ཚ་སྡེ་ལ་ཨ་ཕྲུག དེའི་བུ་སྡེ་ལ་བསོད་ནམས་ནོར་བུ། དེའི་བུ་གསུམ་གྱི་ཆེ་བ་ལྷ་སྐྱབས། བུ་འབྲིང་བ་པ་སངས། བུ་ཆུང་བ་མགོན་པོ་གསུམ་བྱུང་བའི་ནང་ནས་བུ་ཆེ་བ་ལྷ་སྐྱབས་ཀྱི་རྒྱུད་པ་དེའི་དཔོན་ཐོབ། དེ་དུས་ཉག་སྐེད་དཔོན་གྱི་ཁྲལ་བསྡུ་རུབ་དམག་བུ་རྟ་སོགས་མང་པའི་རྐྱེན་གྱིས་ཨ་བསེ་བས་རང་ཡུལ་བཏང་ནས། སྡེ་ལ། མཁའ་རྒྱ། སྟག་ལ། བེ་ར། ཆུ་རྫོང་། བཞག་རི་སོགས་ཤོག་ཁག་རྣམས་ཀྱིས་འབྲོག་སྡེའི་ཚུལ་དུ་རྟ་ཁོག་སོགས་བཟུང་ཀྱང་། ཉག་སྐེད་དཔོན་གྱིས་དགྲ་ལན་གྲངས་མང་པོར་རྒྱབ་ནས་འདུག་མ་བཅུག་པས་ཡུལ་ལུང་སྟོད་སྨད་ནས་སྒ་ཞེས་(ད་ལྟ་ཡུལ་ཤུལ་ཁུལ་གྱི་མངའ་ཁོངས་ཡིན་)ཞེས་པའི་གྲུ་ཁ་བར་སྡེ་འཁྱར་ལ་སོང་བའི་དུས་དེར། ཨ་བསེ་དགོན་པ་ལའང་དམག་སྒར་རྒྱབ་ནས་གཏོར། སེར་མོ་བ་རྣམས་རྒྱང་ཕུད་བཏང་། དགོན་ཤུལ་ད་ལྟའང་མཐོང་རྒྱུ་ཡོད།
དེ་ནས་བླ་གྲྭ་མང་ཤོས་གཅིག་ཏུ་འདུམ་པར་མཛད་ནས་རྫ་མདོ་སྲོང་ཟེར་བའི་ས་ཆ་ལ་དགོན་པ་བཏབ། དགོན་མིང་སྔར་ལྟར་གྲགས། དུས་ཚོད་ག་དུས་ཡིན་པ་ཚོད་དཔག་དཀའ་ཡང་། སྐབས་དེའི་དགོན་བདག་ནི་བུད་མགོ་སྐུ་སྐྱེ་གཉིས་པ་ཉི་མ་རྒྱལ་མཚན་ན་ཕྲ་བའི་དུས་ཡིན་པ་འདྲ། དེ་དུས་འདུ་ཁང་ཆེན་པོ་ཞིག་རྟེན་དང་བཅས་པ་བཞེངས། གནས་དེར་བཀྲ་མི་ཤིས་པའི་རྟགས་མཚན་མང་པོ་བྱུང་[page 145] རྐྱེན། དུས་ཡུན་རིང་མ་ལོན་པར་གདན་ས་སྤོར་དགོས་པའི་ལུང་བབ། ས་དཔྱད་མཛད་མཐར། འབྲོང་དེ་ལུང་ཟེར་བ་ལ་གཏན་དུ་འཁེལ་ནས་གདན་སའི་གཞི་དེ་རུ་བཏབ་པར་མཛད།
འབྲོང་དེ་ལུང་ལ་དགོན་པ་བཏབ་མཁན་ནི། བུད་མགོ་ཉི་མ་རྒྱལ་མཚན་ཁོང་ཡིན། གནས་འདི་ངོ་མཚར་ཅན་ཞིག་ཡིན་པ་གདོན་མི་ཟ་སྟེ། རྒྱབ་རི་རྔ་ཡབ་དཔལ་རི་གཉིས་པ་ཡིན་ཚུལ་ནི་མཆོག་གྱུར་བདེ་ལྡན་གླིང་པས་མཛད་པའི་གནས་ཡིག་དང་། རིག་འཛིན་ཀློང་རྡོར་སྙིང་པོས་མཛད་པའི་གནས་ཡིག་དང་། རྒྱ་རོང་གཏེར་རྒན་མས་མཛད་པའི་གནས་ཡིག་སོགས་གསུངས་ནས་བསྔགས་པ་ཡང་ཡང་མཛད། དེས་མི་ཚད་བདེ་ལྡན་ཞིང་གི་གནས། རིགས་གསུམ་མགོན་པོ། བཀའ་བརྒྱད། རྗེ་ཕག་མོའི་གནས་སོགས་སོ་སོར་ཡོད་པ་དང་། ཕྱག་རྗེས་དང་ཞབས་རྗེས། ཆིབས་འབྲོང་ནག་གི་རྗེས། ཧལ་ལུའི་རྗེས་དང་། ཨོ་ཨཱ་ཧཱུྃ་དང་ཏྃ་སོགས་ཀྱི་ཡི་གེ་རང་བྱོན་མཇལ་བ་ཙམ་གྱི་ངོ་མཚར་ལྡན་པར་མ་ཟད། མཐའ་བསྐོར་གཅིག་ལ་སིདྡྷི་དུང་བདུན་གྱི་ཕན་ཡོན་ཡོད་པའི་གནས་ཡིག་ཏུ་གསུང་པ་དེ་ནི་དགོན་པའི་རྒྱབ་རིའོ། མདུན་རི་གཡས་ཟུར་གནས་ཆེན་ཙ་རི། གཡོན་ཟུར་རྟ་འབྲོང་གཉིས་འདུས་མདོ་གནས་ཆེན་ཕ་བོང་དབང་མོ་སོགས་ཀྱིས་བསྐོར་བའི་གནས་མཆོག་དེ་རུ་གདན་ས་བཏབ་དུས། ཉིན་མོར་གྱང་སྤར་གཉིས་གསུམ་ཙམ་བརྡུང་ཀྱང་། མཚན་མོར་དྲག་ཆར་གྱིས་བཤིག་པ་སོགས་རང་བྱུང་གི་རྒུད་སྐྱོན་མང་པོ་ཐེབས། དེ་ཡང་ཡ་མཚན་སྐྱེ་དགོས་པ་ཞིག་ནི། ནུབ་མོ་ཆུ་ལོག་དྲག་པོ་ཞིག་བྱུང་བས་རྡོ་ཐམས་ཅད་མནྡལ་བཞིན་སྤུངས་བས་དགོན་པའི་རྨང་རྡོ་སོགས་ལ་ཐུགས་ངལ་མི་དགོས་པ་བླ་གྲྭ་ཐམས་ཅད་ཐུགས་དགྱེས་པ་ཞིག་བྱུང་། ངག་རྒྱུན་ལྟར་ན། དགོན་པ་བཞེངས་པའི་དུས་སུ། ཡུལ་ལྷ་དེས་འཁུ་ལྡོག་བྱེད་ནས་ཉིན་མོར་གྲུབ་པའི་གྱང་རྣམས་མཚན་མོར་ཆར་བས་བཤིག་པ་དང་གྲྭ་བ་རྣམས་འདས་གྲོངས་བྱས་ནས་མ་འགྲུབ་པའི་ཚེ། དགོན་དེའི་བླ་གྲྭ་རྣམས་ཀྱིས་དྲག་པོའི་གཏོར་ཟོར་མཚོན་ཟོར་སོགས་འཕངས་པའི་དུས་སུ། བྲག་དེའི་ངོས་ནས་ཞིག་རལ་བྱུང་བ་སྐྱེ་འགྲོ་རྣམས་ཀྱིས་མཐོང་ཀྱང་། མཐར་འདུལ་མ་ནུས་པས་ཉི་མ་རྒྱལ་མཚན་གྱིས་ཕྱག་བྲིས་འཇུ་མི་ཕམ་ཕྱག་ཏུ་ཕུལ་དུས། ཡུལ་ལྷ་དེ་ནི་གུ་རུའི་བཀའ་དམ་ཅན་ཡིན་ཕྱིར་འདུལ་མི་ནུས་པས་དེ་བས་མཆོད་བསྟོད་བྱས་ན་ཕན་པས་ཁྱེད་ཀྱི་བླ་གྲྭ་དེ་སྤུས་ཀ་ཅན་ཞིག་འོང་གསུངས་ནས་ཡུལ་ལྷ་དེ་ལ་བསང་ཡིག་མཛད་ནས་གནང་། དེ་ལ་བརྟེན་ནས་བརྟེན་མཁར་ལབ་ཙེ་སོགས་སྤུས་ལྡན་དུ་བརྩིགས་ནས་སྐར་མ་རྒྱལ་ཕུར་ཉིན། དགོན་པས་བསང་མཆོད་མཛད་ཚེ། ནུབ་མོ་ཆུ་ལོག་དྲག་པོ་ཞིག་བྱུང་ནས་ཆེ་ཆུང་ཐམས་ཅད་དགོན་པའི་མདུན་དེར་ས་ཁུག་ཞིག་ཡོད་པ་དེར་སྤུངས་ནས་འདུག་ལ། དེ་ཕྱིན་ཆོ་འཕྲུལ་རྣམས་རང་སར་ཞི་ནས་ས་ཀ་བ་ཞེ་བརྒྱད་ཙམ་ཡོད་པའི་གཙུག་ལག་ཁང་བརྩེགས་གཉིས་ཅན་ཞིག་ལེགས་པར་གྲུབ། དགོན་མིང་ཡང་སྔར་ལྟར་ཞུ།
[page 146] དེ་ནས་རྟེན་བཞེངས་སྐོར་ལ་ཐུབ་པ་གཙོ་འཁོར་གསུམ། གུ་རུ་གཙོ་འཁོར་གསུམ། གསེར་སྐུ་ལི་མ་ཆ་ཤས་གཙོས་ཁྱོན་སུམ་བརྒྱ་ཙམ་ཡོད། མ་མགོན་དམ་གསུམ་གྱི་སྐུ། ཉི་མ་རྒྱལ་མཚན་སྐུ་གོང་མས་གྲུབ་རྟགས་ཀྱིས་བྲིས་པའི་བཀའ་བརྒྱད་ཐང་སྐུ་དང་། དཔག་བསམ་འཁྲི་ཤིང་གི་ཞལ་ཐང་གཙོས་ཐང་སྐུ་གཉིས་བརྒྱ་ལྷག་ཙམ། ཐུགས་རྟེན་སྐོར་ལ་བཀའ་གདམས་མཆོད་རྟེན་སྤུས་ལྡན་དང་། སྐུ་གདུང་ཆ་བརྒྱད། བླུགས་མ་ཆ་ལྔ་དྲུག་ཙམ། གསུང་རྟེན་གྱི་སྐོར་ལ་བཀའ་བསྟན་འགྱུར་ཆ་རེ། འབུམ་ཆ་གསུམ། ཪྙིང་མ་རྒྱུད་འབུམ། མཛོད་བདུན། བདུད་འདུལ། ཀློང་རྡོལ། སྟག་ཤམ་རྣམས་ཀྱི་གཏེར་ཆོས་རགས་རིམ་ཙམ་བཞུགས། མཆོད་ཆའི་སྐོར་ལ། རོལ་མོ། བྱ་མ་ལེབ་བཅས་ལས་ཟོག་ནོར་རྗ་ཆ་བདུན་གཙོས་རོལ་མོ་ཆ་ལྔ་བཅུ། བསིལ་སྙན་ཆ་བདུན། གྲྭ་གླིང་གཞི་མ་གཙོས་འཁར་རྔ་བཞི། གསེར་དངུལ་སྟོང་རག་ཟངས་སོགས་མཆོད་རྫས་ཆ་བདུན། བདུན་ཚར་རྐང་རིང་ཐུང་སོགས་ཤིན་ཏུ་མང་ངོ་།
དེའང་སྐབས་དེར་དགོན་པ་འདིར་བླ་སྤྲུལ་མཁན་པོ་བཅས་ཞལ་བཞུགས། གྲྭ་བའི་གྲངས་ཀ་ཧ་ལམ་ཉིས་བརྒྱ་ཡོད་པས་དེ་རྣམས་བཙུན་པ་ཤ་སྟག་ཡིན།
འདུས་པ་སྤྱི་ལ་རྒྱུན་ཚོགས་ཀྱི་སྐོར་ལ། རྒྱལ་དབང་པད་མ་འོད་འབར་གྱི་ཚེས་བཅུ། དགུ་ཆེན་ཡེ་ཤེས་རབ་འབར་དང་མགོན་པོ་ཚོགས་བདག་ཆ་ཚང་བསྒྲགས་མའི་གཏོར་བཟློག དགུ་གཏོར་སྨོན་ལམ། ཀར་གླིང་ཞི་ཁྲོ་ཉིན་བདུན་དང་སྨྱུང་གནས་ཉིན་གཉིས། ཚོགས་འཁོར་ཉིན་གཅིག བཀའ་མའི་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་ཆེན་པོ། དབྱར་གནས་གྲྭ་བ་བརྒྱད་ཅུ་ཙམ་ལོ་དུས་བཞིན་བཞུགས། དེའི་དུས་སུ་སྡེ་ལ་ལྷ་སྐྱབས་ཀྱིས་ལིང་གཤིས་བརྒྱ་དཔོན་ཚང་གི་རྗ་མོ་གནའ་མ་བསུས་པས་དེ་ལ་བརྒྱ་དཔོན་དབྲག་གི་སྐུ་འཁྲུངས། སྡེ་ལ་བརྒྱ་དཔོན་རྣམས་གདུང་རུས་གཅིག་ཏུ་གྱུར། དེ་ནས་བརྒྱ་དཔོན་དབྲག་གིས་དཔོན་ཐོག་ཅུང་བླངས་རྗེས། བརྒྱ་དཔོན་དབྲག་གིས་སྲས་འཆི་མེད་ཚེ་རིང་གིས་བླ་མ་མཛད་ནས་བསྙེན་བསྒྲུབ་ཞུས། འབྲུག་སྤྲུལ་གོང་མའི་དྲུང་དུ་ཁྲིད་གསན། རིག་གནས་བསླབས། ཕྱིས་སུ་མཁན་པོ་ཡེ་ཤེས་རྒྱ་མཚོ་ཞེས་མཚན་སྙན་གྲགས་ཅན་དེའོ། དེ་ནས་བརྒྱ་དཔོན་དབྲག་གི་ཚ་བོ་པད་མ་དབང་ཆེན་གྱིས་དཔོན་ཐོབ་བླངས་ནས། ཉག་མདའ་དཔོན་དྲུག་བཅུ་རེ་བཞི་ལས་མདའ་དཔོན་པད་མ་ཞེས་ཕྱི་ནང་ཀུན་གྱིས་མི་ནོར་བུ་འདྲ་བ་ཟེར་ནས་བསྔགས། དེའི་སྤུན་མཆེད་རིན་ཆེན་དར་རྒྱས་ཟེར་བ་བཙུན་པ་རྣམ་དག་ཞིག་བཞུགས་པ་དེས་དགོན་དཔོན་མཛད། སྤྲུལ་སྐུ་ཉི་མ་རྒྱལ་མཚན་གྱིས་བསྟན་བདག་མཛད། དེ་ནས་གཡོན་འབྲུ་སྲས་པོའི་ལུང་བསྟན་ལས། རྟ་ཁོག་སྟོད་སྨད་བདུད་ཀྱི་བསོ་སྒྲ་སྒྲོག བསྟན་པའི་རྒྱལ་མཚན་ཨ་རེ་བ་དན་ཙམ། ཞེས་གསུངས་བ་ནང་བཞིན། མཁའ་རྒྱ་ཨ་བསམ་གྱིས་དཀྲུག་ཤིང་བརྒྱབ་ནས་བླ་གྲྭ་ལྷན་འཛོམས་ཀྱི་ཆོས་སྡེ་སྐྱིད་པོ་འདི་མཐར་ཕྱོགས་གསུམ་ལ་འཐོར་ནས་སོང་། དེ་ནས་གྲྭ་བ་མང་ཤོས་བྱང་ཕྱོགས་རྔ་ཁོག་དང་ཟླ་ཐང་མ་ཕྱོགས་སུ་བྲོས་[page 147] བྱོལ་དུ་ཕེབས་ཏེ་ལ་ལ་གྲྭ་ལག་དགོན་དུ་ཞུགས། དེ་ནས་གྲྭ་བ་བཞི་བཅུ་ཙམ་འབྲི་ཆུའི་ནུབ་ངོས་སུ་མཁའ་རྒྱ་ཟེར་བའི་ཚོར་བར་བྲོས་བྱོལ་དུ་ཕེབས་ནས་ཨ་བསེ་མཁའ་རྒྱ་ཟེར། ད་ལྟ་ས་ཆ་དེའི་མིང་ལ་སྤང་བཟང་ལེགས་གྲགས་སྐད། དེ་ནས་གྲྭ་བ་ལྔ་བཅུ་ཙམ་ཨ་བསེ་བཞི་མདོར་བཞུགས་ནས་ཆོས་སྡེའི་གདན་ས་ཞིག་འདུན་པ་རེ་ཡང་མ་གྲུབ་པར་རྒྱང་མཐར་བསྐྲོད། དེའི་སྐབས་སུ་སྡེ་ལ་ཡ་མ་མགོན་པོས་སྤྲུལ་སྐུ་གཤིན་པོ་མགོ་མི་བསྐོར་མཁན་ཞིག་དགོས་བསམ་དུས། རྒྱ་རོང་གཏེར་རྒན་མའི་ཐུགས་སྤྲུལ། རྒྱལ་སྲས་ཨ་བན་གྱི་སྲས་སུ་འཁྲུངས་ནས། སྤྲུལ་སྐུ་པད་མ་རྒྱལ་མཚན་ཞེས་མཚན་གསོལ་བ་དེས་བླ་མའི་བྱ་བ་མཐའ་དག་རྫོགས་ནས་གཞན་དོན་གདུལ་བྱ་སྐྱོང་བའི་དུས་དེར། སྡེ་ལ་ཡ་མ་མགོན་པོ་བྱང་ཕྱོགས་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྗེའི་མདུན་དུ་སོང་ནས། རྒྱལ་སྲས་དེ་བླུ་རྒྱུ་བྱུང་ན་གཤིན་པོ་རྣམས་ལ་མགོ་མི་བསྐོར་མཁན་ཞིག་ཨེ་ཡོང་ཞུས་པས། དེས་གཤིན་པོ་རྣམས་ལ་མགོ་མི་བསྐོར་མཁན་ཞིག་ཡིན་ཞེས་གསུང་མཐར་མནའ་ཡིས་བཅད་པ་རེད། དེ་བླུ་རྒྱུ་བྱུང་ནས་ཪྙི་ཁོག་བྲག་དམར་དར་རྒྱས་དགོན་བཞེངས། གཞི་ཁྱོན་ས་ཀ་བ་བཅུ་བཞི་ཙམ། སྦྱིན་བདག་སྡེ་ལ་ཡ་མ་ཕེབས། རིམ་གྱིས་གཞན་བྱོལ་གྱི་གྲྭ་བ་རྣམས་ལ་འཕྲིན་བརྡ་བཏང་བས་ཕལ་མོ་ཆེར་འདུས་ནས་སྐབས་དེར་གྲྭ་བ་གཅིག་བརྒྱ་བཅོ་ལྔ་ཙམ་འཛོམས། གཞན་ཡང་སྤྲུལ་སྐུ་ལྔ། བླ་མ་བདུན། ལས་སྣེ་ཆ་ཚང་བ་བཞུགས། དེ་ནས་དམངས་གཙོ་བཅོས་བསྒྱུར་མ་བྱས་བར་དུ་གདན་ས་འདི་ཡིན་ནོ། སྐུ་རྟེན་གསེར་སྐུ་ཆེ་ཆུང་སུམ་ཅུ། འདམ་སྐུ་གུ་རུ་གཙོ་འཁོར་གསུམ། གནས་བརྟན་བཅུ་དྲུག་སོགས་མང་། གསུང་རྟེན་ལ། བཀའ་འགྱུར་གཉིས། འབུམ། བརྒྱད་སྟོང་། གཟུངས་འདུས། སྐལ་བཟང་རྣམས་ཀྱང་ཚར་གཉིས་རེ། ཐུགས་ཀྱི་རྟེན་ལ། མཚོ་ཕུ་མཁའ་སྤྱོད་སྐུ་གདུང་གསེར་དངུལ་བཀྲ་མ་གཅིག། རྒྱ་རོང་ཐེག་མཆོག་སྐུ་གདུང་ཟངས་གསེར་འཇམ་རིས་ཅན་གཅིག། མཆོད་ཆའི་སྐོར་ལ་གསེར་ཆས་དངུལ་ཆས་སོགས་མང་།
རྗེས་སུ་རྟེན་དང་མཆོད་རྫས། དགོན་པའི་ཡོ་བྱད་རྣམས་རྨེག་མེད་དུ་སོང་། བླ་གྲྭ་ལྷག་ཡོད་པ་ཚང་མ་ངལ་རྩོལ་བྱེད་དུ་བཅུག
དེ་ནས་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོ་༡༩༨༥ལོའི་ཟླ་བ་ལྔ་པའི་ཚེས་ལྔ་ལ་ཏང་གི་སྲིད་ཇུས་དོན་ཐོག་བབ་ནས་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། ཆོས་ཀྱི་མཛད་སྒོའི་སྐབས་སུ་གདན་ས་མེད་པས་ཛ་རི་ཛ་ཆུང་དཀྱིལ་འཁོར་ཟེར་བའི་ཐང་དུ་སྟོན་མོ་བཤམས། དེ་དུས་དགེ་རྟག་སྤྲུལ་སྐུ། པད་དགའ་སྤྲུལ་སྐུ། རྫོང་ཆོས་ལུགས་ཅུའུ་ཀྲང་བསོད་ནམས་རྣམ་རྒྱལ་སོགས་ཕེབས་ཅིང་། སྔར་གྱི་གྲྭ་ལྷག་དང་མཆོད་སྡེའི་མི་སེར་བཅས་སྟོང་ལྷག་དགའ་འཛོམས་བྱུང་ནས་རྟེན་འབྲེལ་ལེགས། དེ་ནས་གདན་ས་འདེབས་གནས་ས་དཔྱད་མཛད་[page 148] མཐར། འབྲོང་དེའུ་སུམ་ཆེན་མདོ་ལེགས་པར་དགོངས་ནས་སེ་ར་ཡང་སྤྲུལ་གཙོས་མེ་ཡོས་སྤྱི་ལོ་༡༩༨༧ལོར་བཏབ་མགོ་བཙུགས་ནས་ལྕགས་རྟ་སྤྱི་ལོ་༡༩༩༠ལོར་འདུ་ཁང་ཆེན་མོ་ས་ཀ་བ་ཉི་ཤུ་ཙམ་དང་བརྩེ་གས་གཉིས་ཅན་ཞིག་ལེགས་པར་གྲུབ། དེའི་རོགས་སྐྱོར་ལ་རྒྱལ་ཁབ་ཀྱི་སྒོར་མོ་ཆིག་ཁྲི་གཉིས་སྟོང་བདུན་བརྒྱ་ཙམ་གནང་བས་ཕན་པ་རྒྱ་ཆེར་བྱུང་། ད་དུང་གྲྭ་ཤག་དྲུག་ཅུ་ཙམ་བཞེངས་ཐུབ་པ་བྱུང་། སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ་སྐུ་རྟེན་གུ་རུ་གཙོ་སྐུ་འཁོར་གསུམ། ཐུབ་གཙོ་འཁོར་གསུམ། འཇམ་པའི་དབྱངས། གུ་དྲག། ཕུར་པ། དེ་དག་འདམ་སྐུ་ཡིན་ཏེ་གུ་རུ་གཙོ་ལ་ཁང་བརྩེགས་གཅིག་ཙམ་དང་དེ་མིན་གཞན་མི་ལུས་ཚད་ལྡན་ཡིན། གནས་བརྟན་བཅུ་དྲུག་འདམ་སྐུ་གྲུ་གང་ཙམ། གཞན་ཡང་གསེར་སྐུ་ལྔ་ཙམ། ཐང་སྐུ་སོ་དགུ་བཞུགས། གསུང ་གི་རྟེན་ལ་བཀའ་འགྱུར་ཆ་གཅིག འབུམ་ཆ་གཅིག་མཛོད་བདུན་ཆ་གཅིག གཟུགས་འདུས་ཆ་གཉིས། བརྒྱད་སྟོང་ཆ་གཅིག་བཅས་བཞུགས། དེ་མིན་ཡོ་བྱད་ལ་རོལ་མོ་སྤུས་ལྡན་གཙོས་རོལ་མོ་དྲུག སིལ་སྙན་སྤུས་ལྡན་གཅིག རྒྱ་གླིང་སྟོང་ཤན་ཅན་སོགས་མང་ངོ་།།
བླ་གྲྭ་བཞུགས་ཚུལ་ནི། སྔར་རྒྱ་རོང་གཏེར་རྒན་མའི་ཡང་སྤྲུལ། སྤྲུལ་སྐུ་པད་མ་རྒྱལ་མཚན་གྱི་ཡང་སྲིད། སྤྲུལ་སྐུ་ཡེ་ཤེས་བཟང་པོ་དགོན་བདག་ཡིན། མཁན་ཆེན་དྲི་མེད་འོད་ཟེར་གྱི་དངོས་སློབ་བླ་མ་དབུ་རྒྱན་གཙོས་པའི་བླ་མ་བཞི། མཁན་པོ་ཚུལ་ཁྲིམས་ནོར་བུ། མཁན་པོ་ནོར་བུ་དབང་པོ། དགེ་བསྐོས་ཚངས་དབང་རྡོ་རྗེ། དབུ་མཛད་ཕུན་ཚོགས་ཚེ་རིང་། གཞན་ཡང་དགོན་པ་འགོ་ཁྲིད་ཚན་ཆུང་གཙོ་བོ་འཇམ་དཔལ་རྒྱ་མཚོ། གཞོན་པ་ཚེ་རིང་བཀྲ་ཤིས་སོགས་གྲྭ་ཆེ་ཆུང་ཁྱོན་དྲུག་ཅུ་ཙམ་བཞུགས། གྲྭ་བ་དེ་དག་ཡོང་ཁུངས་ནི་གཙོ་བོ་འབྲོང་དེའུ་ཤོག་པ་ཡིན།
དགོན་པ་འདིར་ད་ལྟ་གསར་དུ་སྒྲིག་པའི་བཅའ་ཡིག་རྒྱས་པ་ཞིག་ཡོད་པ་ཁྱོན་ལེ་དགུ་ཡོད། གཙོ་བོ་དུས་བབ་གསར་པའི་གནས་ཚུལ་མཐུན་པའི་སྒྲིག་ལམ་བཀོད་ཡོད། ད་དུང་རང་ཁ་རང་གསོ་བྱེད་པའི་དོན་དུ་འབྲོག་ལས་དང་ཞོར་ལས་བཅས་ཀྱི་ཡོང་འབབ་རྣམས་ཆོས་ཀྱི་སྒྲུབ་པ་དང་གཙུག་ལག་ཁང་ཉམས་གསོ་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད་ལ། གྲུབ་མཐའ་ནི་སྔར་ནས་ད་བར་དུ་གསང་སྔགས་ཪྙིང་མ་བ་ཡིན་ནོ། ཞེས་ཡུས་ཧྲུའུ་སྒ་ཁོག་པ་ལབ་ཕན་འདུམ་བློ་བཟང་བློ་གྲོས་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་༡༩༩༥ལོའི་ཟླ་བ་གསུམ་ནང་པེ་ཅིན་ནས་བྲིས་པ་དགེ་ལེགས་འཕེལ།
༡.《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་འདེམས་སྒྲིག》དེབ་དང་པོ།
[page 149] ༢.《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས》
༣ 《ཨ་བསེ་དགོན་པའི་རྟེན་ཐོ་མདོར་བསྡུས》། བྲིས་མ་ཡིན།
གཞན་ཡང་ཨ་བསེ་དགོན་གྱི་གྲྭ་པ་དཔལ་འབྱོར་གྱི་ངག་རྒྱུན་བཅས་སོ།།
[page 211] ཤར་ཟླ་ཆུ་སྔོན་མོའི་གཡོན་ཟུར། ཧྲེ་ཤོད་དགེ་བསྙེན་ཁ་བ་ལུང་རིའི་མདུན་ཕྱོགས། ཉག་ཨ་འཛི་རོང་ལྕགས་ཀྱི་མདུད་པའི་སྐྱེད་པར་དགོན་སྡེ་འདི་ཆགས་ཡོད།
དེ་ལ་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས། གསུང་རྟེན་དུ་ལོ་ཙྰ་བ་བརྒྱ་དང་རྩ་བརྒྱད་ཀྱིས་བཀའ་དང་བསྟན་བཅོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཐུགས་རྟེན་དུ་སྲས་མི་བདུན་སོགས་བོད་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས་པའི་སྐབས། བཙུན་མོ་མར་རྒྱན་མས་ངག་གཡོ་ལས་པ་གོར་བེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས། སླར་དབུས་སུ་གདན་འདྲེན་དུས་རྨེ་ཉག་གི་ཕྱོགས་སུ་ཞབས་ཀྱིས་བཅགས་ནས་དམ་པའི་ཆོས་སྤེལ། དབེན་ཁྲོད་འདིར་བཞུགས་ཏེ་སྒྲུབ་པ་མཛད་དེ་འཁོར་སློབ་བསྐྱངས། གནས་མཆོག་འདི་མ་གཅིག་རྡོ་རྗེ་ཕག་མོའི་གནས་སུ་བྱིན་གྱིས་བརླབས་ཏེ་ས་ལ་འོག་མིན་མཁའ་སྤྱོད་རྡོ་རྗེ་ཕག་མོ་རྫོང་ཞེས་མཚན་གསོལ། བྱོན་སྐབས་ཕྱག་གི་བར་སྦ་ལྕག་དེ་འཁོར་སློབ་རིག་འཛིན་རྣགས་ལ་སྐུ་ཚབ་ཏུ་བཞག་པས་རྟེན་ཁྱད་པར་ཅན་བརྩིས་ཕྱིར་དེང་གི་བར་སྦ་ལྕག་གནས་ཞེས་མཚན་ཆགས། རབ་བྱུང་གོང་གི་ལོ་བརྒྱ་དང་བརྒྱད་ཅུ་གྱ་དྲུག་པ་སྟེ་ལྕགས་བྱ་ཙམ་ནས་སློབ་རྒྱུད་དེ་དག་གིས་རིམ་བཞིན་གདན་སའི་མཐིལ་མཛད་ཅིང་སྒྲུབ་ཕུག་དང་སྤྱིལ་བུ་མཚམས་ཁང་དང་ལྷ་ཁང་སོགས་བཞེངས་པ་ལས་དགོན་སྡེ་ཆུང་ངུ་ཞིག་གྲུབ་པར་སྣང་། དེའི་སྐོར་རྒན་རབས་རྣམ་པའི་ཞལ་རྒྱུན་གསལ་པོ་འདུག། དེ་ནས་མགོན་ས་མཐོ་ཆེ་བས་ཆ་དགའ་གྱང་རྒྱབ་ཅེས་པར་མར་སྤོས་ཏེ་གཙུག་ལག་ཁང་གྲྭ་ཤག་བཅས་བཞེངས་ནས་དེར་ཆགས་ཆུལ་བཤད་རྒྱུན་འདུག་ལ་དེའི་ཤུལ་ད་ལྟ་ཡང་སྣང་མོད། དུས་ནི་གསལ་པོ་མ་ངེས་པ་མ་ཟད་བཤད་སྒྲུབ་ཀྱི་བསྟན་པ་ཅི་ཙམ་དར་བ་ཡང་ངག་རྒྱུན་ཆད་པས་འབྲི་ཐབས་བྲལ། རབ་བྱུང་བཞི་པའི་ནང་ཀཿ་ཐོག་པའི་སློབ་མ་ལུང་བསྟན་བུ་བཞིར་གྲགས་པའི་གྲུབ་ཐོབ་མ་རིན་ཆེན་གྱིས་གུ་རུ་ཆོས་དབང་གི་ཐུགས་ཆེན་ཡང་སྙིང་འདུས་པའི་ཕྲིན་སྒྲུབ་སྤེལ་བས་ཉག་ཡུལ་དགོན་སྡེ་ཕལ་ཆེར་དེང་གི་བར་དར་བ་བཞིན་རང་དགོན་ལའང་དར་འཕེལ་བྱུང་ཞིང་ཀཿ་ཐོག་པའི་བཀའ་མདོ་སྒྱུ་སེམས་གསུམ་དང་ཁྱབ་ཆེ་བ་བྱུང་། རབ་བྱུང་བརྒྱད་པའི་མཇུག་ཙམ་ལ་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱི་བཀའ་དྲིན་ལས་ཉག་ཡུལ་དུ་ཀཿ་ཐོག་པའི་ཕྱག་བཞེས་སྲོལ་རྒྱུན་དར་ཁྱབ་བྱུང་སྐབས་ཀཿ་ཐོག་པའི་དགོན་ལག་ཏུ་གྱུར་ལ་མགོན་པའི་གསོལ་མཆོད་ཀྱང་དེ་དུས་རྒྱུན་ཚུགས། དེ་རྗེས་གཏེར་ཆེན་གློང་གསལ་སྙིང་པོའི་གཏེར་སློབ་རང་འདྲ་བ་བཞིའི་ཡ་རྒྱལ་ཤར་གཏེར་གྱི་བདག་པོ་རིག་འཛིན་ཆོས་རྒྱལ་གླིང་པ་དགོན་[page 212] འདིར་ཕེབས་ཏེ་གྱང་རྒྱབ་ལ་གྲོང་དང་ཐག་ཉེ་ཆེ་བ་དང་ད་ལྟའི་དགོན་ས་དཔལ་རི་པད་མའི་རྩེ་ཐོག་འདི་ལ་ཡོན་ཏན་དུ་མ་ལྡན་པས་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་སྤོས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་མཛད། འདག་སྐུ་མ་ནིང་སྡེ་ལྔ་དང་བཅས་གདན་དྲངས་ནས་བཞུགས་སུ་གསོལ་རབ་ཏུ་གནས་སྐབས། དོན་གཉིས་ཀྱི་དཔལ་དང་ལྡན་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བའི་སྐྱེས་ཆེན་དམ་པ་དུ་མ་འབྱུང་བའི་རྟེན་འབྲེལ་བརྡ་རྟགས་ཤར་བར་བརྟེན་དཔལ་ལྡན་བྱམས་འབྱོར་དགོན་ཞེས་མཚན་གསོལ་བ་ཡིན། བདུད་འདུལ་དང་ཀློང་གསལ་ཤར་གཏེར་རྣམས་རིག་འཛིན་ཆེན་པོ་ཁོང་གིས་དགོན་འདིར་སྤེལ། རིག་འཛིན་ཆོས་རྒྱལ་གླིང་པ་ནི་ལྕགས་མོ་ཡུལ་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་ལོར་སྐུ་བསྟམས། རིག་འཛིན་ཀློང་གསལ་སྙིང་པོའི་ཞབས་པད་བསྙེན་ཏེ་སྨིན་གྲོལ་ཟབ་ཁྲིད་མནོས། གཏེར་སློབ་མཆོག་ཏུ་གྱུར་ཏེ་ཟབ་གཏེར་སྤེལ་བས་བསྟན་འགྲོའི་དོན་མཛད་དགོས་ཞེས་བཀའ་ཕེབས་པ་ལྟར་ཟབ་མོ་གཏེར་གྱི་རྒྱ་གྲོལ་ལུང་ཟིན་གྱི་ཆོས་བདག་ཀུ་ལྦེ་བླ་མ་ལྷུན་གྲུབ་རྒྱན་མཚན་ནམ་ཐེག་ཆེན་ལྷུན་གྲུབ་ཀྱིས་ཡི་གེ་པ་བྱས་ཏེ་ཤོག་སེར་དག་པ་ཕབ། སྦ་ལྕགས་མཁའ་སྤྱོད་གནས་ནང་སྒྲུབ་པ་མཛད་ཅིང་གནས་ཀྱི་གསང་སྒོ་ཕྱེད། སྐུ་ལུས་དང་ཕྱག་ཞབས་རྗེས་ས་མཁྲེགས་རྡོ་ལ་འདམ་པོར་བཏབ་པ་ལྟར་དོད་པ་དེང་སང་ཡང་མིག་ལམ་གྱུར་པ་ཡོད། རིག་འཛིན་ཀློང་གསལ་སྙིང་པོ་ཉག་ཡུལ་དུ་གདན་དྲངས་ཏེ་གུ་རུ་སྐུ་ཚབ་སྡེ་ལྔ་བཞེངས་པའི་བདག་རྐྱེན་དང་སྐུལ་མ་གནང་། དགོན་འདིར་ཟབ་གཏེར་ཆོས་ཀྱི་འཁོར་ལོ་བསྐོར་བས་ཤར་གཏེར་གྱི་ཆོས་རྒྱུན་ཟམ་མ་ཆད་པར་སེང་ཧ་དམར་པོའི་གཏོར་ཟློག་དང་ཐོག་དང་ཐོས་གྲོལ་སོགས་དེང་གི་མར་རྒྱུན་འདོན་བྱས་ གཏེར་ཆེན་གྱི་གདུང་སྲས་མདོ་སྔགས་རྒྱ་མཚོ་ནས་གྲུབ་ཆེན་བསོད་ནམས་ནོར་བུ། འདྲེན་མཆོག་ནོར་བུ་ཆོས་དབྱིངས། རྒྱལ་སྲས་རྡོ་རྗེ་མགོན་པོ་སོགས་སྲས་དང་སློབ་རྒྱུད་བཅས་པས་འཁོར་ལོ་གསུམ་གྱི་བསྐྱངས་ཤིང་། ཤར་གཏེར་པའི་མ་དགོན་བདེ་ཆབ་ལས་གྱེས་པའི་དགོན་སྡེ་བཞི་ལས་བྱང་གི་བུ་དགོན་གཡུ་འབྲུག་སྔོན་པོ་གནམ་དུ་འཛེགས་པ་འདྲ་བ་དཔལ་ལྡན་བྱམས་འབྱོར་དགོན་ཞེས་བགྲང་བ་གྲགས། ས་ཞིང་མ་ལྷུན་ཞེས་པ་དེའང་གཏེར་ཆེན་ཉིད་ནས་བསྟན་རྩ་ལ་མི་འདྲ་བའི་ཕན་པ་ཆེན་པོ་ལྷུན་གྱིས་གྲུབ་པ་འོང་གསུང་ནས་ཕུལ་བར་གྲགས་
རབ་བྱུང་བཅུ་བཞི་པའི་མཇུག་ལ་ཉག་སྐེད་མགོན་པོ་རྣམ་རྒྱལ་སྤང་རིང་ཡུལ་དུ་ཆགས་ཏེ་སིད་དབང་དགུང་དུ་རེག་སྐབས། ཁོ་བོའི་བྱང་གི་དག་དགྲ་སྒོ་འགེགས་པའི་སྐྱབས་གནས་གཅིག་ཆོག་མ་ཡིན་ཟེར་ནས་མཆོད་གནས་ཐུན་མིན་དུ་བཟུང་ཞིང་བསྟན་པའི་སྦྱིན་བདག་བྱས་སྔར་གྱི་གཙུག་ལག་ཁང་གསོས་པ་དང་དགོན་པོ་མ་ནིང་སྡེ་ལྔའི་གསོལ་མཆོད་རྒྱུན་འདོན་གྱི་ལྷ་གཉེར་བསྐོ་བཞག་བྱས། དེ་དུས་ཙམ་ན་འགག་ཚ་བླ་བྲང་དུ་དབོན་བརྒྱུད་བར་མ་ཆད་པ་བྱུང་བ་རེ་རེ་ནས་དགོན་པའི་བསྟན་[page 213] བདག་མཛད་ལ་ཉག་དཔོན་གྱི་དབུ་བླའང་མཛད། ཉག་དཔོན་གྱི་ཞི་འབྱུ་བྱམས་གསུམ་ཁོ་བའི་གསེར་འབྲས་དགའ་གསུམ་ཡིན་ཟེར་ནས་བསྟན་པ་ལ་སྲི་ཞུ་ཆེན་པོ་བྱས་ནས་དགོན་འདིར་ཉག་བླ་པད་མ་བདུད་འདུལ་དང་། དྲི་མེད་ཞིང་སྐྱོང་དགོན་པོ། མདོ་མཁྱེན་བརྩེ་ཡི་ཤིས་རྡོ་རྫེ་མི་འགྱུར་ནམ་མཁའ་རྡོ་རྫེ་སོགས་ལན་དྲངས་དུ་མ་གདན་དྲངས་ཏེ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བཀོར་བ་དང་སྲུང་མ་ཁང་དུ་གསོལ་མཆོད་གསུང་བཅུག། དགུ་གཏོར་ཆེན་མོའི་སྐབས་དགོན་སྡེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་བརྩིས་ཏེ་རོང་ཐ་ཨ་བསོད་དང་སྟོབས་རྒྱལ་གཙོས་ཤར་གཏེར་ཆོས་རྒྱུན་འཛིན་པ་རྣམས་སྲུང་མ་ཁང་དུ་དགོན་པའི་བསྙེན་སྒྲུབ་ཀྱི་ལས་སྦྱོར་ལ་བཀུར། ཁྲོམ་མཆོག་སྤྲུལ་འཇིགས་མེད་མདོ་སྔགས་བསྟན་འཛིན་གཙོས་དབོན་པོ་བརྒྱད་བཅུ་ཞེས་པ་ཉག་བླ་པད་མ་བདུད་འདུལ་དང་རོང་ཐ་སྟོབས་རྒྱལ། ཟི་ལི་ཀརྨ་བསོད་ནམས། འགག་ཚ་རིག་འཛིན་སོགས་གདན་དྲངས་ནས་ལོ་གསུམ་རིང་ཕྱི་འཚམས་བཅད་རྒྱ་ངང་སྒྲུབ་པའི་གྲྭ་འཛུགས་མཆོག་སྤྲུལ་ནས་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོ་བསགས་སྦྱང་ནས་དངོས་གཞི་ཁྲེགས་ཆོད་དང་ཐོས་རྒལ་རྩ་རླུང་མུན་ཁྲིད་དང་བཅས་མྱོང་ཁྲིད་མཛད། བདེ་ཆབ་སྟོབས་རྒྱལ་ནས་དབོན་དེ་རྣམས་ལ་ཤར་གཏེར་ཆོས་གླིང་གི་སྨོན་གྲོལ་གནང་སྐབས་དབོན་པོ་ཐུན་མོངས་གིས་བསྐུལ་ངོར་བཀར་སྲུང་མ་ནིང་སྡེ་ལྔའི་གསོལ་བསྡུས་མཛད་པ་ད་ལྟའང་བཞུགས། གཞན་ཡང་བཉེན་སྒྲུབ་ལས་གསུམ་ཚུལ་བཞིན་མཛད་པས་ཡུལ་འདིར་བསྐལ་པ་རྫོགས་ལྡན་ལྟ་བུ་བྱ་བྲལ་དང་རྟོགས་ལྡན་གྱིས་རི་ཀླུང་ཐམས་བཅད་ཁེངས་པར་བྱུང་ལོ་གསུམ་རིང་གི་གསོལ་ཕོ་དང་མཐུན་རྐྱེན་ཉག་དཔོན་གྱིས་བགྱིས། མཇུག་སྒྲིལ་དུས་དབོན་པོ་བརྒྱས་ཅུ་ཀུན་སྟག་མོ་མཁར་ནང་སྤྱན་དྲངས་ཏེ་ཁྲོམ་མཆོགས་སྤྲུལ་ལ་དབོན་བརྒྱད་ཅུའི་ལྟ་སྒོམ་བཟང་ཞན་ཅི་འདྲ་ཡིན། མཐོ་དམན་ལྟར་ཡོན་འབུལ་དགོས་ཞེས་ཉག་དཔོན་ནས་འདྲི་བར་མཆོག་སྤྲུལ་གྱིས་ཟབ་ཆོས་ཉམས་སུ་བཞེས་པར་ཐམས་ཅད་རྟོགས་པ་ཀློང་རྒྱུར་ཁོ་ན་ཡིན་པས་མཆོག་དམན་མེད་གསུངས། ཉག་དཔོན་གྱིས། འོ་ད་རེས་བསམ་པའི་དོན་གྲུབ་ཡིན་ཟེར་ནས་གསེར་སྡེར་གང་རེ་འབུལ་བར་ཕུལ་བར་གྲགས། ཉག་དཔོན་གྱིས་ཁོའི་ལྔ་རིས་ཀྱི་བླ་གྲྭ་ཐམས་ཅད་བསྡུས་ནས་སྟོང་གྲྭ་ལན་མང་འཚོགས། ཆོ་གའི་ཕྱག་བཞེས་ནི་མགོན་པའི་སྒྲུབ་པ་ཁོ་ན་ལས་གཞན་ཡོད་རབས་མེད་སྟོང་དགྲའི་དབུ་བཞུགས་གཙོ་བོ་རོང་ཐ་སྟོབས་རྒྱལ་གྱིས་མཛད་པ་དང་བསྟན་པའི་བདག་པོ་འགག་ཚ་རིག་འཛིན་གྱིས་མཛད་པ་ཡིན་ཉག་དཔོན་གྱི་ཚོགས་གཏམ་ལས། ཡར་གྱི་སྦ་བཅག་གནས་ན་ཆོས་ཀྱི་གཞི་འཛིན། མར་གྱི་ཞི་བ་མགོན་ན་ཇོ་བོའི་སྐུ་བཞེངས་བར་གྱི་བྱམས་འབྱོར་མགོན་ན་ཕྱོགས་ཀྱི་རྩེ་གྲྭ་བསྡུས། ཞེས་བཤད་རྒྱུན་འདུག་པར་གཞིག་ན་དུས་དེའི་སྐབས་དགོན་པ་འདི་དར་བའི་སྒང་ཡིན་པར་མངོན་ནོ།
ཟིལ་དབོན་ཀརྨ་བསོད་ནམས་ནི་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ལོར་ཉག་སྐེད་ཉ་ངོ་ཟི་ལི་[page 214] གྲོང་དུ་སྐུ་བལྟམས། སྐུ་ནར་སོན་དུས་ཁོང་གི་གཅུང་ཀརྨ་ཚུལ་ཁྲིམས་དང་ལྷན་དུ་འཁོར་བ་སྤངས་ཚི་འདི་བློས་བཏང་སྟེ་མ་ཡུམ་རྒྱབ་ཏུ་ཁུར་ནས་རྫ་དཔལ་སྤྲུལ་རིན་པོ་ཆེའི་མདུན་ཕྱིན་ནས་ངེས་མེད་རི་ཁྲོད་འགྲིམ་པར་དམ་བཅའ་ཕུལ་ཡང་མ་གནང་བར། དཔལ་སྤྲུལ་གྱིས་ཁོ་བོ་ཉག་རོང་ས་སྟོད་བར་ཕྱིན་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་ནས་སླར་ལོག་དགོས་བྱུང་། ད་ཁྱོད་ཉག་རོང་བདུད་ཀྱི་ལུང་པ་ནང་བྱང་སེམས་ཆོས་ཀྱི་ཉི་མ་འཆར་བ་གྱིས་གསུངས་ཏེ་སྤྱོད་འཇུག་སོགས་ཟབ་ཆོས་མང་དུ་གནང་ནས་དོན་གྱིས་རྒྱལ་ཚབ་ཏུ་མངའ་གསོལ། བླ་མའི་བཀའ་བཞིན་རང་ཡུལ་དུ་ཕེབས་ཏེ་ཉག་སྐེད་ཉི་ལམ་སྒང་དུ་ཡུན་རིང་བཞུགས། གཞན་ཡང་ཞིང་ཡོན་ཏན་མགོན་པོ་དང་མཁྱེན་ཀོང་རྣམ་གཉིས་སོགས་དམ་པ་དུ་མའི་ཞབས་པད་བསྟེན་ཅིང་བཀའ་གཏེར་སྨིན་གྲོལ་ཤི་ཏུ་མང་པོ་མནོས། དེ་ནས་སྦ་ལྕག་མཁའ་སྤྱོད་གནས་འདིར་གཏན་བཞུགས་མཛད། ཉག་ཡུལ་སྟོད་སྨད་བར་གསུམ་ལ་སྤྱོད་འཇུག་གསུངས་བ་དང་རྫོགས་ཆེན་སྙིང་ཐིག་གི་སྔོན་འགྲོ་གསུངས་བ་སོགས་ཆོས་འཁོར་བསྐོར་བས་དམ་པའི་ཆོས་ཀྱི་གཞི་ཚུགས། དགོན་སྡེ་དུ་མར་བྱོན་ནས་ཆོས་དང་ཆོས་མིན་གྱི་དག་ཐེར་མཛད། རི་ཀླུང་རྒྱ་དང་དགེ་སྐུལ་རྒྱ་ཆེན་མཛད། དམར་ཆོག་གི་སྲོལ་དར་བའི་སྒང་ཡིན་ཡང་སྲོག་གཅོད་མཆོད་སྦྱིན་སྤང་བའི་བཅའ་ཡིག་བཀྲམ་པས་སྲོལ་ངན་འདི་ཆོས་ལུགས་གྲུབ་མཐའ་ཐམའ་ཅད་ཀྱིས་གཏན་སྤང་བྱུང་། རང་དགོན་དུ་ད་ལྟའི་དུས་སུའང་གྲྭ་པ་གསུམ་ཡན་གྱི་ཆོས་འཚོགས་སྐབས་མིས་གསོད་པའི་ཤ་དྲངས་མི་ཆོག་པའི་སྲོལ་བཟང་ཤིན་དུ་དམ་པོ་ཡོད། སླད་ཀྱང་བླ་སེན་རྣམ་པས་ཐུགས་དམ་གྱི་མཐིལ་དུ་མཛད་པར་འཚལ། རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོར་རྗེ་ཀརྨ་བསོད་ནམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བ་ལས། ཨ་རྦོ་ཀརྨ་ལྷུན་གྲུབ་དང་། སྒོ་ཀར་རྡོར། ཝ་ཚེ་སྒྲུབ། བྱ་བདེ་གསལ། ཆ་བྱང་ཆུབ་སོགས་གཙོས་པའི་གྲྭ་བཞི་བཅུའི་གྲངས་ཀྱིས་འགན་བཞེས་མཛད་པ་དང་། ལྭ་དཀར་དཔོན་གྱིས་རྗེ་ཀརྨ་བསོད་ནམས་ལ་མི་ཕྱེད་ཞའི་དད་མོས་ཆེ་བས་ལྷ་ཁང་གི་ཐེབས་རྩ་ནོར་རྫས་དང་ཚོན་ཆེན་སོགས་འརྗལ་བའི་སྟོབས་ལས་གཙུག་ལག་ཁང་བཞེངས་སྐབས། གྱང་ངོས་ལྡེབས་རིས་འགའ་རང་འཁྲུངས་བྱུང་བས་ཀུན་ངོ་མཚར་བའི་གནས་ལ་བཀོད། རྟེན་འདུ་ཁང་ཀ་རིང་གཉིས་པ་ཞིག་ལེགས་པར་གྲུབ་སྟེ་བརྟེན་པ་ལྷའི་ཁྱད་ཆོས་བཀའ་གཏེར་གསར་ཪྙིང་རིས་མེད་ཀྱི་ལོ་པཎ་བླ་བརྒྱུད་སོགས་ཀྱི་འབག་སྐུ་རྫ་བཟོ་སྒྲོས་གཙང་གསུང་འབྱོན་ལ་ཁད་པ་བརྒྱ་ལྷག་བཞེངས་ཏེ་འདུ་ཁང་ནང་གི་རྒྱ་མཐོང་ཁ་དྲ་མིག་ནང་བཀོད། འོག་གི་འདུ་ཁང་གི་ལོགས་རིས་ནི་དབུས་སུ་སྟོན་པ་གཙོ་འཁོར་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་སྣར་ཐང་སྤར་ལྟར་ཆེས་རྒྱས་པ་ལྷ་གྲངས་མང་བ། གཡས་སུ་གུ་རུ་གཙོ་འཁོར་དང་པད་མ་བཀའ་ཐང་ལྟར་གུ་རུའི་སྐྱེས་རབ་ཆཚང་། གཡོན་དུ་གཙོ་བོ་རྗེ་བཙུན་འཇམ་པའི་དབྱངས་དང་ཇོ་ནང་ཏ་ར་ནྰ་ཐའི་རྒྱ་གར་ཆོས་འབྱུང་ལྟར་ཉན་ཐོས་གཏད་རབས་བདུན་སོགས་ནས་རྒྱན་དྲུག་མཆོག་གཉིས་ཇོ་[page 215] བོ་རྗེ་ཡན་གྱི་མཛད་རྣམ་ཆད་ལུས་མེད་པ་བཅས་བཀོད་ཡོད། ཁྱམས་སུ་ཆོ་འཕྲུལ་ཆེན་པོ་དང་། འཁོར་བའི་འཁོར་ལོ་ཆ་ལྔ་པ་སོགས་བྲིས། དེ་ནས་འདུ་ཁང་ཪྙིང་བ་དེ་མགོན་ཁང་དང་གསར་པ་དེ་ཚོགས་ཁང་བྱས། ཆོས་གླིང་གཏེར་ཆོས་གཙོར་གྱུར་སྙིང་ཐིག་ངན་སོང་སྦྱོང་བ་དང་ཡང་དག་སོགས་ཀྱི་སྒྲུབ་ཆེན་བཙུགས། འཇིགས་མེད་གླེང་པའི་ཟབ་གཏེར་རྣམ་ཀྱང་ཤིན་ཏུ་དར། རྗེ་ཀརྨ་བསོད་ནམས་ནས་དཔལ་ལྡན་བྱམས་འབྱོར་དགོན་ཊྰཀྐི་འབུམ་རྫོང་ལྷ་རྒྱལ་གླིང་ཞེས་མཚན་གསོལ། གཞན་ཡང་ཁོང་གིས་སྦ་ལྕག་རི་ཁྲོད་ཀྱི་ཕག་མོ་རྫོང་སྒྲུབ་ཕུག་ཏུ་འདག་སྐུ་བཞེངས་བ་དང་ལྷ་ཁང་ཞིག་ཀྱང་བཞེངས་པ་ད་ལྟའང་མཇལ་དུ་ཡོད། ཁོང་དབེན་ཁྲོད་དེར་བཅད་རྒྱ་མཛད་དེ་སྐུ་དངོས་མི་མཇལ་ཡང་སྒོ་ཕྱི་ནང་བྱས་ནས་སྤྱོད་འཇུག་དང་སྙིང་ཐིག་སྔོན་དངོས་ཀྱི་བཤད་ཁྲིད་མང་དུ་སྩལ། ཚིག་སྙན་ལ་དོན་རླིངས་པའི་གཏམ་ཚོགས་དང་བསྟོད་ཚོགས་འགྲེལ་བཤད་སྐོར་གྱི་གསུངས་རྩོམ་པོད་གཅིག་ཙམ་ད་ལྟའང་བཞུགས། ཁོང་ནི་ཀུན་སྤངས་རྣལ་འབྱོར་པ་ཆེན་པོ་ལགས་པས་སྦ་ལྕག་དབེན་ཁྲོད་དུ་སྤོང་བ་བསམ་གཏན་ལ་ཐུགས་གཞོལ་ནས་མཐར་དགུང་གྲངས་བརྒྱད་ཅུ་གྱ་བཞི་པའི་དུས་མྱ་ངན་ལས་འདས། འདའ་ཁར་སློབ་མ་གླན་ནེ་བ་འགའ་ལ་ང་ཤི་རྗེས་ཁྱེད་རྣམས་ཡིག་བརྒྱ་འབུམ་ཐེར་རེ་ཐོན། རོ་དེ་ཞུགས་ལ་འབུལ་ནས་རུས་བུ་རྣམས་རྨེ་ཁོག་མཛོ་མོ་རྡོ་དཀར་མདའ་ནས་ཆུར་སྐྱུར། དེའི་བར་གཞན་ལ་བཤད་ན་ང་དམྱལ་བ་ནང་འཕེན་མཁན་ཁྱོད་ཚོ་ཡིན་ཞེས་ཞལ་ཆེམས་ལྟར་མཛད་ཅེས་དང་། སློབ་མ་ལ་ལས་བླ་མ་འཇལ་ལུས་གྲུབ་ནས་སྐྲ་སེན་ལས་མ་ལྷག་ཅེས་ལབ་མཁན་ཡང་བྱུང་། གང་ལྟར་གསང་རྒྱ་སྡོམ་ཆེ་བས་སྐུ་གདུང་ཅི་འདྲ་གྱུར་དང་ཞུགས་ལ་འབུལ་ཚུལ་སློབ་བུ་འགས་མ་གཏོགས་མ་ངེས། ཞལ་ལས་སྐྱེས་པའི་སློབ་མ་གཙོ་བོ་ལྷ་བཟང་རིག་འཛིན་གར་གྱི་དབང་ཕྱུག་དང་། རོང་ཐ་མོག་སྤྲུལ་སྐལ་བཟང་། བླ་མ་ཀར་རྡོར། ཉི་མ་སོགས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པ་བཅུ་ཕྲག་འགའ་བྱུང་བ་ཡིན་ནོ།
ཆ་བྱང་ཆུབ་རྒྱལ་མཚན་ནི། ཉག་སྐེད་ཆ་དགའ་ལ་སྐུ་འཁྲུངས། ནར་སོན་པའི་དུས་ཀཐོག་ཏུ་ཕེབས་ནས་ཞིང་སྤྲུལ་ཡོན་ཏན་མགོན་པོ་དང་སི་ཏུ་སོགས་ཆོས་ཀྱི་རྒྱ་མཚོ་སོགས་བསྟེན་ཏེ་མདོ་སྔགས་གཞུང་ལུགས་དུ་མར་གསན་བསམ་མཛད་པས་ལལ་རིག་སྨྲ་བའི་དབང་པོར་གྱུར། གཏེར་ཆེན་གསང་སྔགས་གླིང་པའི་ཆོས་བདག་ཏུ་གྱུར་ཏེ་ཀཐོག་གནས་ཡི་གེ་པ་བྱས། བྱམས་འབྱོར་རང་དགོན་དུ་ཀརྨ་བསོད་ནམས་གཙོས་འདུ་ཁང་གསར་སྐྲུན་སྐབས་ཕྱག་རོགས་འགན་བཞེས་པ་གཙོ་བོ་ཞིག་ཡིན་སྐུ་ཚེའི་མཐར་སྦ་ལྕག་གནས་ནང་སྐུ་མཚམས་བཞུགས་ཏེ་སྒོམ་སྒྲུབ་ཁོ་ན་མཛད་པས་རྟོགས་པའི་གདེངས་ཚད་བཪྙེས། ཞོར་དུ་གསོ་བྱེད་སྨན་གྱི་ཕྱག་ལེན་བསྟར་བས་གཙོང་ནད་སེལ་བ་ལ་ཁྱད་ཆོས་ཐུན་མིན་ཡོད་སྐུ་གཤེགས་དུས་གཟིམ་ཁང་ཕྱི་ནང་ཀུན་དྲི་བཟང་དང་འཇའ་འོད་ཀྱིས་ཁྱབ་པའོ། ལྷ་[page 216] བཟང་རིག་འཛིན་ནི། ཉག་སྟོད་མོ་རོང་ཡུལ་དུ་ཡབ་ལྷ་བཟང་ཀརྨ་དབང་ལྡན་དང་ཡུམ་བསོད་ནམས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ས་རྟ་ལོར་སྐུ་འཁྲུངས། ཆུང་དུས་སུ་རྫོགས་ཆེན་མི་འགྱུར་ནམ་མཁའ་རྡོ་རྗེའི་མདུན་བཅར་བས་སྐུ་ལུས་མ་སྤང་པར་ཟངས་མདོག་དཔལ་རི་ལ་བྱོན་ནུས་པ་འོང་ཞེས་ལུང་བསྟན་ནར་སོན་ནས་ཀཿ་ཐོག་ཏུ་དྲི་མེད་ཞིང་པོན་ཏན་མགོན་པོའི་ཞབས་པད་བསྟན་ཏེ་གསན་བསམ་མཐར་ཕྱིན། རྫ་དཔལ་སྤྲུལ་རི་པོ་ཆེའི་ཞབས་ལ་གཏུགས་པས་ཁོང་གིས་སྨྱོ་ཤུལ་ལུང་རྟོགས་ཀྱི་སྐུ་མདུན་བཅར་དུ་མངགས། དེ་ནས་རྫོགས་ཆེན་སྔོན་དངོས་ཐུན་མིན་རྣམས་ཞུས། རྫོགས་ཆེན་བསྟན་པའི་བདག་པོར་མངའ་གསོལ། གཞན་ཡང་རིས་མེད་ཀྱི་བླ་མ་དུ་མ་བསྟེན་ནས་ཆོས་བཀའ་ལུང་དབང་གསུམ་ཤིན་ཏུ་མང་པོ་གནོས། དབེན་གནས་སྦ་ལྕག་གི་གོང་དུ་རི་ཁྲོད་གསར་བཏབ་མཛད་དེ་སློབ་ཚོགས་སྟོང་ལས་བརྒལ་བ་བསྐྱངས། གསུང་རྩོམ་ལ་ཆགས་མེད་བདེ་སྨོད་འབྲུ་འགྲེལ་དང་སྤྱི་དོན་གྱི་ཆ་ལག་དགེ་སྡིག་ཕན་གནོད་སྐོར་དང་གཞུང་འགྲེལ་སོགས་པོད་ཆེན་ལྔའི་པར་ཤིང་ད་ལྟ་ས་བྱོན་དགོན་དུ་བཞུགས། དཔལ་སྤྲུལ་ལ་དམ་བཅའ་ཞུས་པ་ལྟར་སྤྱོད་འཇུག་ཚར་བརྒྱ་ཡན་བཤད་ཁྲིད་གནང་། ཞི་དྲག་དམ་པ་རིགས་བརྒྱའི་ལྷ་ཆ་ཚང་བརྒྱ་རྡོ་ལ་བརྐོས་པ་སོགས་དགེ་རྩ་རྒྱ་ཆེ་བསྒྲུབས། མཁན་སྐལ་བཟང་དབང་ཕྱུགག་གདན་དྲངས་ནས་འདུལ་བ་མདོ་རྩ་གསུངས་པ་དང་བ་གནས་སྤྲུལ་རྒྱན་ལོ་གདན་དྲངས་ནས་བཀའ་མའི་གྲོལ་གསུངས་པ་སོགས་མཐུན་རྐྱེན་བསྒུབས། ཁོང་གིས་དགོན་འདི་ལ་ཟབ་ཆོས་མང་དུ་བསྩལ་བས་རྟོགས་པ་མཆོག་ལྡན་གྱི་སློབ་མ་མང་པོ་བྱུང་། གཞན་ཡང་ཐུགས་སྲས་དམ་པ་པད་མ་ཆོས་ལྡན་དང་། མཁས་དབང་ཧོ་ལུ་བླ་མ་ལེགས་བཤད། བ་གནས་མཆོག་སྤྲུལ་རྒྱན་ལོ་མཁན་པོ་སྐལ་དབང་ཕྱུག་ར་ཁྲིད་གཏེར་སྟོན་བྱང་ཆུབ་རྡོ་རྗེ། སྤྲུལ་ཨ་བློ། སྤྱི་ཕུད་རྒྱལ་མཚན་སོགས་དམ་པ་དུ་མ་བྱུང་། དམ་པ་འདེའི་སྐུ་རིང་ལ་དགོན་འདིར་ཆོས་ཀྱི་དབུ་འཕང་དགུང་ལ་རེག་པར་གྱུར། མཐར་དགུང་གྲངས་བདུན་ཅུ་དོན་གཉིས་པར་སྐུ་གཤེགས་ཏེ་ཞུགས་ལ་འཕུལ་བས་རུས་བུ་ལ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་རང་བྱོན་དུ་དོད་པ་སོགས་ངོ་མཚར་བའི་རྟགས་མཚན་ཀུན་གྱི་དད་པའི་རྟེན་དུ་གྱུར།
བླ་མ་པད་མ་ཆོས་ལྡན་ནི། ཆུང་དུས་ནས་བླ་མ་རིག་འཛིན་གར་གྱི་དབང་ཕྱུག་བསྟེན་ཏེ་ཟབ་ཆོས་སྨིན་གྲོལ་རྒྱ་མཚོ་ལྟ་བུ་མནོས་ལ་ཐུགས་ཉམས་སུ་བཞེས། རྨེ་གཞུང་གསེར་མཁར་རི་ཁྲོད་གསར་འདེབས་མཛད་དེ་འདུ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་རྫོགས་ཆེན་སྔོན་དངོས་ཀྱི་ཆོས་འཁོར་ཚད་མེད་བསྐོར་བས་སྐལ་ལྡན་གྱི་སློབ་ཚོགས་སྟོང་ཕྲག་མང་པོ་[page 217] རིག་འཛིན་གྱི་བྲལ་དུ་བཀོད། མཛོད་བདུན་དང་ཡ་བཞི་བརྒྱ་ཚར་གསུངས་པས་ཚིག་དོན་གཉིས་ཐུགས་ལ་བཟུང་སློབ་མའི་གཙོ་བོ་དབོན་ཚུལ་ཁྲིམས་རྒྱ་མཚོ། བླ་མ་ཨ་ངག། བླ་མ་པད་མ་རྒྱལ་མཚན་སོགས་ཆོས་རྒྱུན་སྤེལ་ནུས་པ་མང་པོ་བྱོན་ཏེ། དབོན་པོ་ཚང་གི་གླག་རྫ་ཆུང་རི་ཁྲོད་བཏབ་ཏེ་འཁོར་སློབ་བསྐྱངས་བ་དང་། ཨ་ངག་གིས་རྨེ་མགོ་ཉལ་རི་ཁྲོད་བཏབ་ཏེ་ཆོས་འཁོར་བསྐོར་བའོ།
མཁས་དབང་བླ་མ་ལེགས་བཤད་ནི་ཉག་སྐེད་མཁའ་ཉ་གྲོང་དུ་ཧོ་ལུ་ཚང་གི་ཁྱིམ་གཞིས་སུ་ཡབ་བསམ་གྲུབ་དང་ཡུམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ལོར་བལྟམས། དགུང་གྲངས་བཅོ་སྔའི་དུས་ནས་བླ་མ་རིག་འཛིན་གར་གྱི་དབང་ཕྱུག་འབྲལ་མེད་དུ་བསྟེན་ཅིང་མདོ་སྔགས་རིག་གནས་བཅས་གསན་བསམ་མཛད་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད། སྔ་འགྱུར་བཀའ་མ་དང་གཏེར་མཛོད། ཡ་བཞི་སོགས་ཀྱི་སྨོན་གྲོལ་རྒྱ་མཚོ་ལྟ་བུ་མནོས་ཏེ་བསྙེན་སྒྲུབ་ལ་གཞོལ་བས་བྱིན་རླབས་ཀྱི་རྟགས་མཚན་མངོན་དུ་གྱུར། རྫོགས་ཆེན་སྙིང་ཐིག་སྔོན་དངོས་ཀ་ལྷུན་བཅས་བུམ་པ་གང་བྱོའི་ཚུལ་དུ་མན་ངགས་ཚོགས་སྤུགས་སུ་སྩལ་ཏེ་བླ་མའི་དབུ་ལྗོན་ནང་གི་རྡོ་རྗེ་དེ་སྤྱི་བོར་བཞག་ནས་གསང་མཚན་རྡོ་རྗེ་དམ་ཚིག་གསོལ། རྡོ་རྗེ་ཐེག་པའི་བསྟན་པ་སྐྱོང་བར་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་གོས་དཀར་ལྕང་ལོ་ཅན་གྱི་སྡེར་བཞུགས་པའི་སྔགས་བཙུན་སྙིང་ཐིག་གི་གནས་འབྱོར་པའི་བརྟུལ་བཞུགས་འཛིན། བླ་མ་རིག་འཛིན་གྱི་བཀའ་འབུམ་པོད་ལྔའི་ཤིང་པར་གསར་བཞེངས་དང་། ཆུ་འཁོར། གདུང་རྟེན། འཁོར་ཆུང་བརྒྱ་ཕྲག་མང་པོ། སྐུ་བཪྙན་འབུམ་ཕྲག་དུ་མ་བཞེངས་པ་སོགས་ཕྱག་རྗེས་མང་པོ་བཞག། སྦ་ལྕག་ཏུ་གདན་སའི་མཐིལ་མཛད་ཅིང་དངོས་སློབ་མཁས་ཆེན་ཚུལ་ཁྲིམས་མཐར་ཕྱིན་སོགས་ཕྱོགས་ཀྱི་འདུས་པ་བརྒྱ་ཕྲག་མང་པོ་ལ་རྫོགས་ཆེན་སྔོན་དངོས་དང་སྤྱོད་འཇུག ཡོན་དན་མཛོད། སེམས་ཉིད་ངལ་བསོ་སོགས་གཞུང་གི་འཆད་ཉན་མཁན་པོ་ལོ་མང་མཛད། རང་དགོན་བྱམས་འབྱོར་དུ་མ་ཎི་དུང་སྒྲུབ་ཀྱི་དབུ་བཞུགས་ལོ་འགའ་མཛད། མཁན་ཆེན་འབྱོར་ལྡན་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་སྨིན་གྲོལ་གསན་པ་དང་། བདེ་ཆ་མཆོག་སྤྲུལ་འཇམ་དབྱངས་བློ་གསལ་རྡོ་རྗེའི་མདུན་ཆོས་གླིང་ཟབ་གཏེར་གྱི་སྨིན་གྲོལ་མནོས། གཞན་ཡང་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་སོགས་དམ་པ་དུ་མ་ལས་ཟབ་ཆོས་ཅི་རིགས་ཞུས། སྐུ་ཚེ་ཧྲིལ་པོ་དབེན་པར་མ་གཏོགས་དུད་ནག་ཐབ་ཕུག་འོག་ཏུ་ནམ་ཡང་བྱོན་མི་སྲིད། བྱ་བྲལ་གུ་དབྱངས་ཀྱི་མཛད་སྤྱོད་ཆེན་པོ་ཐུགས་ལ་འཆང་བས་ཡོ་བྱད་ཀྱང་རྫ་མའི་སྣོད་དང་། རྫའི་མཆོད་ཆུ་བུམ་པ་དང་བདུན་ཚར་བཅས། ན་བཟའ་དུག་པ། བཟའ་འོག་གི་ཆོས་གོས། མཛོད་བདུན་དང་ཡ་བཞི་ཙམ་ལས་ཅི་ཡང་མེད། གསུང་རྩོམ་སྙིང་ཐིག་སྔོན་འགྲོའི་འབྲུ་འགྲེལ་དང་དག་ཡིག། ཞལ་གདམས། གཟུངས་འབུལ། རུས་ཆོག་སོགས་པོད་གཅིག་བཞུགས། མཐར་དགུང་གྲངས་དྲུག་ཅུ་རེ་བཞི་དུས་སྙུན་ཅུང་ཟད་ཀྱང་མེད་བཞིན་རྣམ་སྣང་ཆེས་བདུན་གྱི་རྒྱ་མ་ཉམས་བཞིན་ཞི་བར་གཤེགས་སོ། ཟིལ་དབོན་ཀརྨ་བསོད་ནམས་ཀྱིས་ཡང་སྲིད་དེ་མ་ཐག་པ་འཇམ་དབྱངས་རྒྱལ་མཚན་ནི། ཡབ་ཨ་ཆོས་དང་ཡུམ་བསོད་ནམས་སྒྲོལ་མ་[page 218] གཉིས་ལ་རབ་བྱུང་བཅོ་ལྔ་པའི་ས་བྱ་ལ་སྐུ་འཁྲུངས། བླ་མ་བྲག་དཀར་གྱིས་ཟིལ་དབོན་ཡང་སྲིད་དུ་ངོས་བཟུང་། བྱམས་དགོན་དུ་ཆོས་ཁྲི་ལ་མངའ་གསོལ། ནར་སོན་རྗེས་ཁྲོམ་མཆོག་སྤྲུལ་བདུན་ལོ་གསུམ་རིང་ཀློང་གསལ་སྔོན་དངོས་མུན་ཁྲིད་བཅས་ཞུས་ཏེ་ཐུན་མིན་གྱི་བླ་མར་བཀུར། རྫོགས་ཆེན་དགོན་དུ་ཐུབ་བསྟན་ཆོས་རྡོར་སོགས་བསྟེན་ནས་སྙིང་ཐིག་ཡ་བཞིའི་སྨིན་གྲོལ་ཟབ་རྒྱས་ཞུས་གཞན་ཡང་རོང་ཐ་མཆོག་སྤྲུལ་འཇམ་དབྱངས་བློ་གསལ་རྡོ་རྗེའི་མདུན་ཆོས་གླིང་ཟབ་གཏེར་དང་བླ་མ་ཆོས་འགྲུབ་མདུན་གདམས་ངག་མཛོད། མཁན་ལེགས་བཤད་འབྱོར་ལྡན་བདུན་རིན་ཆེན་གཏེར་མཛོད་སོགས་ཞུས་ནས་སྒྲུབ་པ་ཉམས་བཞེས་མཛད་པས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད། སྔོན་འགྲོ་གནད་བསྡུས་དང་ཀུན་འཁོར་སོགས་བཀའ་རྩོམ་འགའ་ཞིག་ཡོད། རང་དགོན་བྱམས་འབྱོར་དུ་དབྱར་གནས་དང་ཞིང་སྒྲུབ་མཁན་པོ་མཛད། ཞལ་སློབ་གྲྭ་སུམ་ཅུ་ཙམ་ལ་སྙིང་ཐིག་སྔོན་འགྲོ་ཟབ་ཁྲིད་མཛད་པས་སློབ་མས་འབུམ་ལྔ་བསགས་སྦྱང་རྣམས་མཐར་ཕྱིན། དབེན་གནས་སྦ་ལྕག་རི་ཁྲོད་དུ་སྒྲུབ་པ་མཛད་པས་སྣང་སེམས་ལ་རང་དབང་ཐོབ་པའི་རྟགས་རྡོ་ལ་ཞབས་རྗེས་དམ་པོར་བརྫིས་པ་ལྟར་མངོན་གསལ་དོད་པོ་ད་ལྟའང་བཞུགས། དགུང་གྲངས་བཞི་བཅུ་ཞེ་བཞིའི་དུས་རྨེ་མགོ་ཉལ་རི་ཁྲོད་དུ་སྐུ་གཤེགས། གདུང་སྦ་ལྕག་གནས་ནང་དྲངས་ནས་ཞུགས་ལ་འབུལ་བའི་གདུང་དང་རིང་བསྲེལ་གྱི་བྱུར་བུར་གཏམས།
ཆ་སྤྲུལ་འཆི་མེད་ནི། ཡབ་སྦྱིན་པ་དང་ཡུམ་དབལ་སྐྱིད་གཉིས་འདུས་པའི་ཁྱིམ་གཞིས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ལོར་སྐུ་བལྟམས། ཀཿ་ཐོག་སི་ཏུ་རིན་པོ་ཆེས་མཁན་རྡོ་རྗེ་དཔལ་རྒྱལ་གྱི་ཡང་སྤྲུལ་དུ་ངོས་འཛིན། བླ་མ་ཆོས་འགྲུབ་རིན་པོ་ཆེ་དང་མཁན་སྐལ་བཟང་དབང་ཕྱུག་སོགས་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་སྨིན་གྲོལ་སྔོན་དངོས་བྱས་མནོས་ཤིང་ཐུགས་ཉམས་སུ་བསྟར། རང་དགོན་ལ་དབྱར་གནས་དང་ཞིང་སྒྲུབ་ཀྱི་མཁན་པོ་ལོ་མང་པོར་མཛད། གུ་རུ་མཚན་བརྒྱད་སོགས་གསེར་སྐུ་ལི་མ་གཏེར་མ་བཞི་བཅུ་ཙམ་དང་། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་དང་དགེ་རྩེ་པཎ་ཆེན་བཀའ་འབུམ་སོགས་པོད་དྲུག་ཅུ་ཙམ་དགོན་གཞུང་ལ་ཕུལ་སྐུ་ཚེ་ཧྲིལ་པོར་འཚོ་བྱེད་ལག་ལེན་ལ་བྱང་ཆུབ་པས་གཅོང་ནད་མཐར་དག་བསལ་གསེར་མཁར་རི་ཁྲོད་དུ་གཏན་བཞུགས་མཛད་དེ་དམ་ཆོས་བྱང་ཆུབ་སྒྲུབ་པར་ཐུགས་རྩེ་གཅིག་ཏུ་གཞོལ། མཐའ་དགོན་པའི་སྤྲུལ་སྐུ་ཡིན་པའི་རྐྱེན་གྱིས་བརྩོན་ར་མི་ཉག་ལ་དྲངས་ཏེ་ཞི་བར་གཤེགས་སྒོམ་ཆེན་པད་མ་རྒྱལ་མཚན་ནི། ཡུལ་ཉག་སྐེད་སྐུར་ཐར་ཞེས་པའི་གྲོང་དུ་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ལོར་སྐུ་གཏམས་དགུང་གྲངས་བཅོ་བརྒྱད་དུས་སྦ་ལྕག་གནས་སུ་བླ་མ་རིག་འཛིན་དང་པད་མ་ཆོས་ལྡན་གཉིས་ཀྱི་ཞབས་པད་བསྟེན་ནས་མན་ངག་རྫོགས་ཆེན་གྱི་གདམས་ངག་བུམ་པ་གང་བྱོས་ཚུལ་དུ་མནོས་ལ་ཀ་ལྷུན་གཉིས་ཀྱི་ཉམས་བཞེས་ཁོ་ན་ལ་ཐུགས་[page 219] བརྩོན་གནང་སྟེ་ཆ་དགའི་ལུང་སྟོད་སྟག་ཆུ་གཤོང་ཞེས་པར་ལོ་ལྔའི་རིང་སྐུ་མཚམས་བཅད་རྒྱ་བཞུགས། རྗེས་ནས་གསེར་མཁར་རི་ཁྲོད་དུ་གཏན་བཞུགས་མཛད་མུས་ལ་ས་ཁྱི་ལོར་བཞི་རྒོལ་བྱུང་བས་སླར་སྦ་ལྕག་གནས་སུ་སྤོས། ཆོས་བྱེད་མི་ཆོག་པའི་ཁྲིམས་ཤིན་ཏུ་དམ་ནའང་། ཉག་ཡུལ་སྟོད་སྨད་བར་གསུམ། རྨེ་གླག་ཤོད་གསུམ། དཀར་མཛེས། བྲག་འགོ་སོགས་ནས་སྐུ་བཅར་བ་དང་ཆོས་འབྲེལ་ཙམ་རེ་རེ་ཞུ་བ་ནི་ལྐོག་ནས་ཉིན་རེ་ལ་མི་བཅུ་ཙམ་རེ་ལ་མི་བཅུ་ཙམ་རེ་ཆད་མེད་བྱུང་། དགོན་པ་ཉམས་གསོ་བྱས་རྠེས་བྱམས་དགོན་གཞུང་ལ་དབུས་ལི་གསེར་སྐུ་བཅུ་ཕྲག་གཅིག་ལྷག་དང་། བཀའ་གདམས་མཆོད་རྟེན། མཛོད་བདུན་སོགས་སྐུ་རྒྱུ་ཕྱག་རྫས་ཡོད་དོ་ཅོག་དགོན་གཞུང་ལ་ཕུལ། ཁྱིམ་གཞིས་ལ་ཅོད་ཌྰ་ཞིག་ལས་ཅིའང་མ་གནང་། ཁོང་གི་ཞལ་ནས་བྱ་ཁྭ་ཏ་ཤི་བ་འདྲ་ཞིག་དགོས་གསུང་པ་བཞིན་དགུང་གྲངས་བརྒྱད་ཅུ་པའི་དུས་ཞི་བར་གཤེགས་སྐབས་ཤུལ་དུ་ལུས་པ་ནི་རྫོགས་ཆེན་སྙིང་ཐིག་གི་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་པོད་གཅིག་ཙམ་ལས་ཅིའང་མེད་པའི་ཀུན་སྤང་གི་བྱ་བྲལ་བ་ཆེན་པོ་ཞིག་ཡིན་བླ་མ་ཀརྨ་བདེ་གསལ་ནི། ཉག་སྐེད་ཉི་ཐག་གྲོང་བྱ་རུས་ཚང་ཞེས་པའི་ཁྱིམ་གཞིས་སུ་སྐུ་འཁྲུངས། ཀཿ་ཐོག་ཏུ་གྲྭ་སར་སར་ཕེབས་ཏེ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཞབས་ལ་གཏུག་སྟེ་རྗོགས་ཆེན་སྔོན་དངོས་ཞུས་པ་རོང་ཐ་སྟོབས་རྒྱལ་མདུན་ཤར་གཏེར་སྨིན་གྲོལ་ཞུས། གཞན་ཡང་བླ་མ་དུ་མ་བསྟེན་ནས་བཀའ་གཏེར་སྨྲིན་གྲིལ་རྒྱས་པ་མནོས་ལ་སྒྲུབ་པ་ལ་གཅིག་ཏུ་གཞོལ་བས་བླ་མ་མཚན་ཉིད་དང་ལྡན་པ་ཞིག་བྱོན། བླ་མ་བསམ་གཏན་ནི། ཉག་སྐེད་མཁར་ཉ་གྲོང་ཨ་རྦོ་ཚང་གི་ཁྱིམ་གཞིས་སུ་སྐུ་བལྟམས། ཀཿ་ཐོག་ཏུ་ཕེབས་ཏེ་ཐོས་བསམ་གྱི་རྩལ་རྫོགས། མཁན་ཆེན་ངག་གི་དབང་པོ་མན་དག་བཞེས་ཏེ་ཐུན་མིན་གྱི་བཟུང་། རོང་ཐ་སྟོབས་རྒྱལ་མདུན་ཆོས་གླིང་ཟབ་གཏེར་རྣམས་ཀྱི་སྨིན་གྲོལ་ཞུས། རང་དགོན་བྱམས་འབྱོར་དུ་དབྱར་གནས་མཁན་པོ་ལོ་མང་པོར་མཛད། མཐར་ངོ་མཚར་བའི་རྟགས་བཅས་གཤེགས།
མཆོག་སྤྲུལ་འགྱུར་མེད་རྡོ་རྗེ་ནི། རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོར་ཉག་སྐེད་མཁར་ཉ་གྱང་རའི་ཡུལ་དུ་ཡབ་དཀོན་མཆོག་དང་ཡུམ་བསོད་ནམས་ལྷ་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། མཁན་བསོད་ནམས་ཆོས་འགྲུབ་ཀྱིས་བླ་མ་བསམ་གཏན་གྱི་ཡང་སྲིད་དུ་ངོས་བཟུང་ཏེ་རང་དགོན་བྱམས་འབྱོར་གྱི་ཆོས་ཁྲི་ལ་མངའ་གསོལ། ཀཿ་ཐོག་ཏུ་གྲྭ་ས་ལོ་དགུར་བཞུགས་ཏེ་མཁན་རྒྱལ་མཚན་འོད་ཟེར་དང་ཨ་ཤེར་རྣམ་པའི་མདུན་གཞུང་བརྒྱའི་བཤད་ཁྲིད་མནོས། མཁན་ཆེན་འབྱོར་ལྡན་མདུན་རིན་ཆེན་གཏེར་མཛོད་དང་། བཀའ་མ། རྙིང་རྒྱུད། བཀའ་བསྟན་འགྱུར། སྙིང་ཐིག་ཆོས་སྐོར་མང་དུ་ཞུས། དགེ་སྤྲུལ་འགྱུར་མེད་བསྟན་པ་རྣམ་རྒྱལ་དང་བླ་མ་དཔལ་ལྡན་ཤེས་མདུན་ཀློང་གསལ་དང་སྙིང་ཐིག་སྔོན་དངོས་རྩ་རླུང་བཅས་ཞུས། རང་དགོན་བྱམས་འབྱོར་དུ་དབྱར་གནས་མཁན་པོ་ལོ་ཤས་མཛད་[page 220] རྒྱལ་བའི་བཀའ་འགྱུར་དག་ཚར་གཉིས་གསུངས། དགུང་གྲངས་ལྔ་བཅུ་ང་བཞི་པར་ཞི་བར་གཤེགས་བླ་མ་ཆོས་གྲགས་ནི། བདེ་ཆ་སྟོབས་རྒྱལ་གྱི་གདུང་སྲས་ཡིན་པ་གྲགས་རང་ལུགས་གདངས་རྟ་དབྱངས་སོགས་ཕྱག་ལེན་ལ་མཁས་པའི་ཚད་ཅིག་ཡིན། ཁོང་གི་བཀའ་དྲིན་ལས་རང་དགོན་གྱི་ཕྱག་ལེན་སོགས་འཁྲུལ་མེད་བྱུང་བ་ངེས་གཞན་ཡང་ཆ་དགའ་ལྕགས་ཐག་ཚེ་རིང་ཚང་བླ་མ་དགེ་ལེགས་ནི། རྫོགས་ཆེན་དགོན་དུ་གྲྭ་སར་ཕེབས་ཏེ་མཁན་པོ་ཨ་བུ་ལྷ་སྒང་ཞབས་ལ་གཏུག་སྟེ་ཐུན་མིན་གྱི་བླ་མར་བཀུར། བླ་མ་ཆོས་འགྲུབ་དང་རོང་ཐ་འཇམ་དབྱངས། རྫོགས་སྤྲུལ་རིན་པོ་ཆེ་སོགས་ཀྱི་མདུན་བཀའ་གཏེར་དུ་མ་ཞུས། རང་དགོན་འབྱམ་འབྱོར་དུ་དབྱར་གནས་མཁན་པོ་ལོ་མང་པོ་མཛད། ལྟུང་བ་ཕྲ་མོས་ཀྱང་མ་གོས་པའི་ཁྲིམས་ལྡན་དྲི་བསུང་གིས་ཉེ་འཁོར་ཀུན་ལ་ཁྱབ། མཐར་ཁོ་བོའི་བླ་མ་ཨ་བུ་ལྷ་གང་སེང་གེ་ཞིག་ཆིབས་ནས་བྱོན་བྱུང་བས་འཆི་བ་ལ་སླེབས་པའོ་ཞེས་ཆོས་གོས་རྣམ་གསུམ་མནབ་པ་དང་ལྷུང་བཟེད་མཁར་སིལ་བཅས་མདུན་དུ་བཤམས་ཕྱག་མཉམ་བཞག་ངང་སྐུ་གཤེགས་པའོ། སྒོ་འཇོ་བླ་མ་ཆོས་བཟང་ཁྲོམ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ལོ་ལྔ་རིང་ཀློང་གསལ་སྔོན་དངོས་རྩ་རླུང་མུན་ཁྲིད་བཅས་ཞུས་ལ་ཉམས་སུ་བསྟར། རང་དགོན་བྱམས་འབྱོར་དུ་དབྱར་གནས་མཁན་པོ་ལོ་ཤས་མཛད། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་འབྱོངས་བས་ཁྲོ་གཏུམ་ཅན་ཞིག་ཡིན་ཡང་སྐུ་མདུན་བཅར་བ་དང་འཚེ་སེམས་སོགས་རང་ཡལ་དུ་འགྲོ་བ་ཞིག་ཡིན། སྐུ་ཚེ་ཕལ་ཆེར་སྦ་ལྕགས་རི་ཁྲོད་དུ་བསྙེན་སྒྲུབ་ལ་བརྩོན། མཐར་ས་ཁྲི་ལོར་གཤེགས།
ཁྱོ་ཡུལ་རྒྱག་ཚང་ཉི་མ་རྒྱ་མཚོའི་སྤྲུལ་སྐུ་ལུང་རྟོགས་ནི། ཡུལ་གྱང་ར་ཞེས་པར་ཡབ་ཚེ་རིང་ནོར་བུ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་སྐུ་བལྟམས། རྒྱག་ཚང་བླ་བྲང་དུ་གདན་སར་བཀོད་ཅིང་བསྟན་འགྲོའི་དོན་མཛད། མཁན་སྐལ་བཟང་དབང་ཕྱུག་ལས་བསྙེན་པར་རྫོགས་ཏེ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས། གཞན་ཡང་བླ་མ་ཆོས་འགྲུབ་དང་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་རྗེ་དབོན་ཚུལ་ཁྲིམས་རྒྱ་མཚོ། རོང་མཐའ་འཇམ་དབྱངས་བློ་གསལ་རྡོ་རྗེ་སོགས་དམ་པ་དུ་མའི་ཞབས་པད་བསྟེན་ཏེ་གསན་བསམ་སྒོམ་པ་མཐར་ཕྱིན། དགུང་གྲངས་བཞི་དྲུག་པར་རྐྱེན་དབང་དུ་འདས་སོ། མཁན་ཕྱིན་བླ་མ་ཚུལ་ཁྲིམས་མཐར་ཕྱིན་ནི། ཡབ་རིག་འཛིན་རྡོ་རྗེ་དང་ཡུམ་གཡུ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་ཉག་སྐེད་ཉེ་ཐག་ཅེས་པའི་གྲོང་དུ་སྐུ་བལྟམས། ཆུང་དུས་ནས་དཀར་པོ་དགེ་བའི་བག་ཆགས་སད་དེ་ཆོས་འཆད་ཉན་དང་། འབྲི་ཀློག་གི་ཚུལ་མཛད་པ་དང་བྱམས་སྙིང་རྗེ་རང་ཤུགས་སུ་འཁྲུངས་པ་ཞིག་ཡིན། ཡབ་ཀྱི་སྤུན་དང་ཁོང་གཉིས་བན་དེ་སུ་བྱ་ཤྭ་རྟགས་འཕང་བས་ཁོང་ཐོབ། མཁན་ཆེན་དགེ་འདུན་རབ་རྒྱས་མདུན་རབ་ཏུ་བྱུང་བས་མཚན་ཚུལ་ཁྲིམས་མཐར་ཕྱིན་གསོལ། སྦ་ལྕགས་བླ་མ་ལེགས་བཤད་མདུན་སྤྱོད་འཇུག་ཞུས་ཏེ་ཚིག་དོན་ཀུན་ཐུགས་[page 221] ལ་བཟུང་། རོང་ཐ་མཆོག་སྤྲུལ་འཇམ་དབྱངས་བློ་གསལ་རྡོ་རྗེའི་མདུན་ཆོས་གླིང་ཟབ་གཏེར་སྨིན་གྲོལ་དང་བསྙེན་པར་རྫོགས་ཏེ་ཉེས་ལྟུང་དྲི་མས་མ་གོས། དགུང་གྲངས་ཉེར་གཉིས་པའི་དུས་ཀཿ་ཐོག་གྲྭ་སར་ཕྱིན་ཏེ་མཁན་པད་མ་མཐར་ཕྱིན་མདུན་ལོ་ལྔའི་རིང་དུ་ཉིན་མཚན་ལྟོ་སྦྱར་ཏེ་གཟིམ་པའང་ཆེར་སྤངས་ནས་མདོ་སྔགས་རིག་གནས་དང་བཅས་མཐར་ཆགས་སུ་ཞུས་ཏེ་མཁས་པའི་གྲགས་སྙན་གྱི་རྔ་གསང་ལྡིར་སྐྱོར་དཔོན་ཆེ་བ་ལོ་གཉིས་མཛད་རྗེས། མཁན་ཨ་ཤེར་མདུན་ཤེར་ཕྱིན་སོགས་གཞུང་མང་དུ་ཞུས། ཀ་ཐོག་དུ་ལོ་བརྒྱད་བཞུགས་ཏེ་གསན་བསམ་རྒྱ་ཆེར་མཛད། འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་ཐུགས་ལ་འཁྲུངས། བླ་མ་དཔལ་ལྡན་དང་པད་མ་ཐུགས་རྗེ་དབང་ཕྱུག་གི་ཞབས་པད་བསྟེན་ཏེ་སྙིང་ཐིག་སྔོན་ཡོད་ཡོངས་རྫོགས་དང་། བཀའ་བརྒྱད་པོད་དགུ། སྙིང་ཐིག་པོད་གཉིས་སོགས་ཞུས། གཞན་རྩང་མདོ་རྡོ་རྗེའི་རྗེས་སུ་ཀཿ་ཐོག་པའི་མཁན་ཁྲི་ལ་མངའ་གསོལ་རྒྱུའི་སི་ཏུ་ཡང་སྤྲུལ་སོགས་ཀྱིས་ཐུགས་ཐག་བཅད་ཟིན་ཀྱང་། བཞི་རྒོལ་དང་འཕྲད་ནས་རང་ཡུལ་དུ་བྱོན། རིག་གནས་གསར་རྗེ་སོགས་ཀྱི་དུས་སུའང་ཆོས་ལུགས་གསར་སྤེལ་བྱེད་མི་ཁྱོད་ཡིན་ཞེས་འཐབ་རྩོད་དྲག་པོས་ཡང་ཐུགས་མུག་གཏན་ནས་མི་སྲིད་ཅིང་། འཐབ་པོ་རྣམས་ལའང་སྙིང་རྗེའི་དབང་གིས་འདི་ཕྱིའི་བདི་ཕྱིའི་བདེ་བའི་སྨོན་ལམ་གནད་སྨིན་རེ་མཛད། མཆོག་སྤྲུལ་བློ་དགའ་སོགས་བློ་གསར་རྣམས་ལ་སྡོམ་གསུམ། སྤྱོད་འཇུག་ཤེར་ཕྱིན། དབུ་མའི་སྐོར་སོགས་ཤིན་ཏུ་གསང་ཐབས་ཀྱིས་འཆད་ཉན་གྱི་སྲོལ་རྒྱུན་མ་ནུབ། དེང་སང་རང་དགོན་དུའང་ཐོས་བསམ་བྱེད་མི་གྲྭ་བཙུན་བཅུ་ཕྲག་འགའ་བཞུགས་ཤིང་། གཞུང་འཆད་ཉན་ནུས་པའང་མང་དུ་སྣང་བ་དམ་པ་འདིའི་བཀའ་དྲིན་ལས་བྱུང་བ་ཁོ་ནའོ། དེ་ནས་བསྟན་པ་སླར་གསོ་བའི་དུས་རང་དགོན་བསྐྱངས་ཤིང་། ཞིང་སྤྲུལ་འཕྲིན་ལས་མགོན་པོའི་བདག་རྐྱེན་དང་། མཁན་རྒྱལ་མཚན་འོད་ཟེར་དང་འཇམ་དབྱངས་སོགས་ཀྱི་བཀའ་གནང་དང་དུ་བླངས་ནས་མེ་སྟག་ལོར་ཀཿ་ཐོག་བཤད་སྒྲུབ་ནོར་བུ་ལྷུན་པོའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཏེ་སྔར་བཞིན་མདོ་སྔགས་རིག་གནས་དང་བཅས་གཞུང་ལུགས་མང་པོའི་སློབ་ཚོགས་བརྒྱ་ཕྲག་ཙམ་ལ་འཆད་ཉན་ལོ་ངོ་བཞིའི་རིང་མཛད་པས་འཆད་སྤེལ་ནུས་པའི་མཁན་པོ་བཅུ་ཕྲག་གཉིས་ལྷག་ཙམ་བྱུང་། དེ་ནས་ཆ་ཆབ་མདོ་ཕྱོགས་སུ་སྐུ་ཚོགས་མང་པོ་ལ་ཡིད་བཞིན་མཛོད་དང་ངེས་སྒྲོན་སོགས་འཆད་ཉན་མང་དུ་བགྱིས། རབ་བྱུང་དང་བསྙེན་རྫོགས་སྟོང་ལས་བརྒལ་བ་བསྒྲུབས། དབྱར་གནས་གསར་འཛུགས་མཛད། སླར་རང་ཡུལ་དུ་བྱོན་ནས་དངོས་རྫས་རྒྱ་དངུལ་འབུམ་ཕྲག་ལྷག་ཙམ་དང་། གསེར་སྐུ་ལི་མ་ཆ་ཤས། གསུང་རྟེན་པོད་བརྒྱ་ཕྲག་ཙམ། བཀའ་གདམས་མཆོད་རྟེན། ཐ་ན་གསོལ་ཟས་མར་དང་། ཟ་ཡན་དགོན་གཞུང་ལ་འབུལ་ནས་སྦ་ལྕག་རི་ཁྲོད་དུ་ཀ་ལྷུན་གྱི་ཉམས་བཞེས་ཐུགས་དམ་གྱི་མཐིལ་དུ་མཛད། གར་དབང་གླིང་པའི་ལུང་བྱང་ལས། རི་ཡི་འབྲས་མིན་རོ་དང་རྩེ་མོའི་[page 222] མཚམས་ཅེས་ལུང་བསྟན་པ་ལྟར། དགུང་གྲངས་རེ་གསུམ་པར་ཆུ་སྤེལ་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་རྡོ་རྗེ་འཆང་གི་རྒྱ་མ་ཉམས་པ་གཤེགས་ཕྲལ་མཁའ་ལ་མཇའ་མཚོན་སྣ་ལྔས་མིག་མང་རིག་སུ་སྤྲེལ་ལ་བ་དང་འུར་གྱི་སྒྲས་ཡུལ་ཀུན་ཁྱབ་པ་མདུན་གསུམ་མཚམས་བཞུགས་ལ་འརྗལ་དུས་མཁའ་ལ་མཇའ་མཚོན་དང་ཤར་དུ་འོད་ཟླུམ་རྒྱར་འདོམ་གསུམ་ཙམ་པ་གཉིས་འཆར། ཐུགས་ལྗགས་སྤྱན་གསུམ་མེས་མ་སྨད་པ་དང་། རིང་བསྲེལ་གྱི་བྱུར་བུས་གཏམས་ཏེ་ཀུན་དད་པའི་གནས་ལ་བཀོད་པའོ།
སྤྲུལ་སྐུ་གནས་བརྟན་ནི། ཡབ་དབང་དགེ་དང་ཡུམ་རྟ་མགྲིན་སྐིད་གྱི་སྲས་སུ་རབ་བྱུང་བཅོ་སྔ་པའི་ཆུ་ཕག་ལོར་བལྟམས། བླ་མ་ཆོས་འགྱུར་ཀྱིས་རྟགས་བརྒྱད་བཀྲ་པའི་དཀར་ཕོར་ནང་མར་གྱི་བཀང་བ་ཞིག་བསྐུར་ནས། མཚན་འཇམ་པའི་ཉི་མ་གསོལ། ནར་གསོན་དུས་བླ་མ་ཆོས་འགྲུབ་ཀྱི་ཞབས་པད་བསྟེན་ནས་སྙིང་ཐིག་སྔོན་འགྲོ་བསགས་སྦྱང་བཅས། ཞུས་བླ་མའི་མཚན་དང་སྐུ་ཉམས་ནམ་དྲན་དུས་མཚན་མོ་སྤྱན་ཆབ་ཁོ་ན་བྱུང་བ་ཚེ་རབས་ལས་ཀྱི་བླ་མ་ཡིན་པ་ཤེས་བརྟན་མཁས་བཙུན་པའི་ཡོན་ཏན་ཅན་བླ་མ་ཆོས་གྲགས་མདུན་རབ་ཏུ་བྱུང་། ཉག་དགུ་ཞི་སྦྲུལ་དཔལ་ལྡན་མདུན་སྔོན་དངོས་རྩ་རླུང་བཅས་ཞུས་ཏེ་ཐུན་མིན་གྱི་བླ་མར་གྱུར། ཀཿ་ཐོག་བཤད་གྲྭར་ལོ་གཉིས་བཞུགྶ། མཁན་འབྱོར་ལྡན་སོགས་ཀྱི་མདུན་དུ་བཀའ་གཏེར། སྙིང་ཐིག་སྐོར་ཐིག་སྐོར། བཀའ་བརྒྱད། དགོངས་འདུྶ། བཀའ་བསྟན། སྙིང་རྒྱུད་སོགས་སྨིན་གྲོལ་རྒྱ་ཆེར་མནོྶ། མཁན་ཆེན་བླ་མ་དེས་རྫ་ཚབ་དགོན་པའི་མདོ་རྒྱུད་བླ་མའི་ཡང་སྲིད་དུ་ངོས་བཟུང་། རང་དགོན་དུ་ཞིང་གྲུབ་དང་སྙུང་གནས་མཁན་པོ་ལོ་ཤས་མཛད། མཛད་སྤྱོད་ཐམས་ཅད་མ་བཅོས་ལྷུག་པའི་གནས་སྦྱོར་ཁོ་ནའི་ཚུལ་ཡིན་པས་ཀུན་ཀྱང་ཡིད་དབང་མེད་དུ་འཕྲོག་པའི་སྐྱབས་མཆོག་དུ་འགྱུར་བཞིན་པའོ། གཞན་ཡང་བཅོས་མིན་གྱི་སྙིང་རྗེ་མངའ་བ་བླ་མ་འབྲུག་དགེ་སོགས་བླ་གཞོན་གསུམ་དང་བཅས་པའི་དགོན་འདི་སྐྱོངས་བཞིན་པའོ། གྲྭ་ཚོགས་སྔོན་དུས་རབ་བྱུང་བཅུ་གཅིག་སྐོར་ཅི་ཙམ་ཡོད་མི་གསལ། ཀརྨ་བསོད་ནམས་བཞུགས་དུས་སྐོར་བཞི་བཅུ་ཡན་མན། དེ་ཚུན་ཉུང་དུས་བདུན་བཅུ་མང་དུས་བརྒྱ་ལྷག་ཙམ་དང་ད་ལྟའི་དུས་བརྒྱ་ལྷག་ཙམ་བཞུགས། དགོན་སྡེ་འདི་ལ་ཚེས་དུས་སྒྲུབ་མཆོད་ལ་སོགས་ནི། ལྭ་དཀར་ཚང་གི་བདག་རྐྱེན་ལས་བཀའ་མའི་ཡང་དག་དང་སྙིང་ཐིག་ངན་སྦྱོང་གཉིས་སྒྲུབ་ཆེན་ལ་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་སྟ་གོན་ནས་ཚེས་བཞི་ཉིན་དངོས་གཞིའི་གཞུང་བསྲང་སྟེ་སྔ་ཆོག་ཕྱི་ཆོག་ཚར་རེ་འདོན། ཉིན་དགུང་ཀུན་ཐུབ་རྒྱལ་མོ་གཉིས་དང་རྐང་རུས་གཅིག་ཞྭ་ནག་བཅས་ཀྱི་འཆམ། ཀུན་རྩེ་ཞྭ་ལྡོ་དྲིལ། སྨན་ཐོད། གདན་པ་བཅས་འཛོམ་པ་གསེར་སྐུ་མཚར་དུ་མངར་བ་ལྟར་ཁྲིམས་ཤིན་དུ་དམ། ཚེས་དགུ་ཉིན་གཏོར་འབུལ། ཚེས་བཅུ་ཉིན་སྒྲུབ་ཁག་གཇིས་ཀྱི་སྦྱིན་བསྲེག་རྒྱས་འབུལ། ཟླ་བ་བཞི་པའི་ནང་སྐབས་དང་བསྟུན་ནས་སྐྱ་སེར་ཀན་སྙིང་ཐིག་སྡུག་བསྔལ་རང་གྲོལ་ལ་རྟེན་ནས་མ་ཎི་དྲུང་སྒྲུབ་ཁ་བསྐང་[page 223] བཅས་མ་གྲུབ་བར་དུ་འདོན། ཐོག་མར་ཪྙིང་ཐིག་སྔོན་འགྲོ། བླ་མ་ཀུན་ལ་ཐེག་ཆེན་གསོ་བྱོང་གི་ལུང་འབོག་རྗེས། སྲུང་བྱ་རྣམས་བཤད་བསྡུད་རེ་འཆད་ཀུན་སྙུང་གནས་ཡན་ལག་བརྒྱད་ལ་བརྟེན་དགོས། དུས་རྣམས་ཀུན་ཏུ་ངག་སྡོམ་དགོས་ཆབ་བཀྱེ་དུས་མ་ཎི་འུར་དབྱངས། ཉིན་དགུང་བླ་མས་བློ་ལྡོག་རྣམ་བཞི་དང་མ་ཎི་ཕན་ཡོན་སོགས་ཆོས་ཐུན་རྒྱས་པ་འཆད། ཕྱི་དྲོ་རྒྱལ་ཚབ་དེས་ཉིན་རེའི་མ་ཎི་རྩིས་བགྲང་བྱས་ཏེ་མཐར་བསྔོ་སྨོན་དང་གསོན་གཤིན་གྱི་སྔོ་ཡིག་རྣམས་མ་ཎི་འུར་དབྱངས་དང་སྦྲགས་ཀུན་གྱི་རྣ་ལམ་དུ་ཐོས་པ་བྱས་ཏེ་མཐར་སྔོ་སྨོན་གྱི་མཚམས་སྦྱར། གསོས་ཀ་དང་ཚོགས་བསྡུས་ཙམ་གྱིས་གྲོལ། དེ་ལྟར་ཚར་ཉིན་ལྕམ་དྲལ་སོགས་གསོལ་ཀ་དང་ཚོགས་ཤིན་ཏུ་ཟབ་རྒྱས་ཕུལ། ཐུགས་ཆེན་གནས་བསྲེག་རྗེས་བསྔོ་ཡིག་རྣམས་བསྲེགས་ནས་སྰཙྪ་བཏབ། རྡོ་རྗེ་སློབ་དཔོན་གྱིས་འཇིགས་གླིང་གསོན་བསྔོའི་མཐུན་འགྱུར་དང་དལ་བུས་གསུངས་ཏེ། གྱུར་ཅིག་ཅེས་པ་ཀུན་མགོ་སྒུར་ནས་རྗེས་ཟློས་དང་བཀྲ་ཤིས་བཅས་གྲུབ་བོ། སྒྲུབ་པ་དེ་དང་པོ་རབ་བྱུང་བཅུ་དྲུག་པའི་ས་གླང་ལོར་དབོན་ཚུལ་ཁྲིམས་རྒྱ་མཚོ་དང་མཁན་འབྱོར་ལྡན་གཉིས་ཁྲི་བཞུགས་མཛད། དེ་ནས་རིམ་པར་ཊྰིཀྐ་མཁན་ཨ་དགེ དབོན་དགེ་འདུན་རྒྱ་མཚོ། ཊྰིཀྐ་མཁན་འཇམ་དབྱངས། དེ་ཚུན་བླ་མ་ལེགས་བཤད། ད་སྐབས་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོ་བདེ་ཆ་འཇམ་དབྱངས་དང་གཞན་ཕན་ཟླ་བ་སོགས་ཁྲི་གཞུགས་བླ་མ་རེ་གྲངས་སྲོལ་འདུག།
བསྙུང་གནས་དང་ཞིང་སྒྲུབ་ནི། ཟླ་བ་ལྔ་པའི་ཚེས་ཉེར་གསུམ་ཉིན་གྲལ་འཛིན་བྱས་ནས་ཕྱི་ཉིན་ཐོ་རངས་ཐེག་ཆེན་གསོ་སྦྱོང་དུས་ཁྲིམས་ཡན་ལག་བརྒྱད་ཀྱི་སྡོམ་པ་བླངས་དགེ་པཎ་གསུང་སྙུང་ཆོག་ལ་བརྟེན་ནས་བསགས་སྦྱང་ཤིན་ཏུ་རྒྱས། ཉིན་དགུང་བླ་མས་ཆགས་མེད་ཀྱི་བདེ་སྨོན་འགྲེལ་ཞིབ་ཁྲིད་གསུངས་གུང་ཚིག་གསོལ། ཕྱི་ཚིག་འདོན་ནས་བསྔོ་ཡིག་དང་མ་ཎི་བསྐུལ་མཐར་གྲོལ། ཕྱི་ཉིན་དེ་དང་འདྲ་བ་ལས་ཉིན་གཅིག་ལ་བཟའ་བཏུང་གཅོད་ནས་ངག་སྡོམ། དེ་འདྲའི་ཆ་གསུམ་དགུང་ཚིག་གསོལ་རྟེན་མར་ཆུར་ཅུང་ཟད་རེ་འགྱིད། དེ་ཚར་བྱེད་བླ་མ་ཆོས་འགྲུབ་བདག་རྐྱེན་ལས་ཞིང་སྒྲུབ་ལ་ཀློང་ཆེན་སྙིང་ཐིག་ཞིང་གྲུབ་ཆོ་ག་བཟང་སྤྱོད་དང་སྦྲགས་མར་མེ་དང་ཡོན་ཆབ་མེ་ཏོག་ཤིན་དུ་རྒྱས། དུས་ཁྲིམས་ཡན་ལག་བརྒྱད་ཀྱི་སྡོམ་པ་བླངས་ཏེ་ཉིན་གུང་དགུང་ཚིགས་གསོལ་ བླ་མས་ཆགས་མེད་བདེ་སྨོད་འགྲེལ་ཆོས་འགྲུབ་གསུང་ཅན་ཟབ་རྒྱས་རེ་འཆད་གསོལ་ཟས་མར་ཞུན་སྐྱོགས་ཆེན་རེ་དང་ཐུད། འཁུར་བ་སོགས་རྒྱས། དེ་ལྟར་ཆོ་ག་གཉིས་ཀྱི་དུས་སུ་ཆོས་གོས་རྣམ་གསུམ། རྩེ་ཞྭ། རྡོ་དྲིལ་སོགས་ཡོ་བྱད་འཛོམ་ངེས་དགོས། ཟླ་བ་དྲུག་པའི་ཚེས་གཉིས་ནས་ཉིན་གསུམ་བར་སྔ་དྲོ་ཟིལ་དབོན་ཀརྨ་བསོད་རྣམས་ལ་གདུང་མཆོད་སྤྱོད་འཇུག་མཆོད་པ་རྒྱས་སྤྲོས། ཕྱི་དྲོ་མོ་སྦོས་ལྕགས་འབངས་ཚང་གིས་བཀའ་འགྱུར་ཞིག་དགོན་གཞུང་ལ་ཕུལ་བ་བདེ་ལ་རྒྱལ་བཀའ་དག་ཚར་རམ་ཞལ་ཕྱི་ཅི་ནུས། གསོལ་[page 224] ཟས་ཐུད་ཆུང་ངུ་རེ་ལས་མེད། དེ་ནས་ཚེས་བཅུ་ནི་བླ་མ་པད་མ་ཆོས་ལྡན་བདག་རྐྱེན་ལས། དཀྱིལ་འཁོར་བྲིས་ཐིག་བཤམས་པ་སོགས་སྔོན་དུ་གཏང་ནས། ཚེས་ལྔ་ལ་གྲལ་འཛིན། ཀློང་གསལ་ཚེ་སྒྲུབ་ཚར་གཅིག་གསུང་ནས་གྲོལ། ཕྱི་ཉིན་དངོས་གཞི་ལ། བི་མ་ཆོས་སྤྱོད། ཀློང་གསལ་ཚེ་སྒྲུབ་དང་གསོལ་འདེབས་རིགས། སྐུ་གསུམ་ཆོ་ཀ་དབྱངས་རོལ་མོ་སོགས་ཀྱི་མཆོད་པ་མར་མེ་མེ་ཏོག་སོགས་མཆོད་སྦྱིན་བློས་དཔག་པར་དཀའ་བ་བྱས་ཕྱི་ཆོག་སྙིང་ཐིག་རིག་འདུས་ཚོགས་བསྐང་བཅས་མཐར་རྒྱན་པ་བྱས། ཚེས་བཅུ་ཉིན་ཆོ་ག་སྔར་དང་འདྲ་བ་ལ་ཁྲོམ་ཡོངས་ལ་བཟའ་བཏུང་གྱ་ནོམས་པ་དང་ཚོགས། བླ་མས་ཀློང་གསལ་ཚེ་སྒྲུབ་ཀྱི་དབང་ཟབ་སྤྲོལ་བཅས་ཀྱིས་གྲོལ། ཆོགས་པས་ཊྰ་དྲིལ་རྩེ་ཞྭ། ཆོས་དགོས་རྣམ་གསུམ་སོགས་དགོས།
རབ་བྱུང་བཅུ་བདུན་པ་བསྟན་པ་སླར་འཆར་བའི་སྐབས་མཁན་ཆེན་ཚུལ་ཁྲིམས་མཐར་ཕྱིན་གྱིས་ཐུགས་བཞེད་བཞིན་ཀཿ་ཐོགས་ལུགས་ཀྱི་ཚེས་གཅིག་ནས་བཅུའི་བར་ས་སྟ་གོན་སྔོན་དུ་འགྲོ་བ་འཆམ་དང་གདངས་རིལ་རྗ་བཅས་གསར་ཏུ་བཙུགས། ད་ལྟ་ནི་སྒྲུབ་པ་དེ་ཡིན་ནོ། གསོལ་ཟས་ཐུད་གོར་དང་མར་རྒྱ་གཉིས་ཙམ་རེ། མར་ཞུན་སྐྱོགས་ཆེན་གསུམ་རེས་མོ་འབུལ་དགོས། དེ་ནས་ཟླ་བ་དེའི་ཚེས་བཅུ་གཉིས་ནས་རལ་གྲིམ་འཆོས་པ་རུང་ཁང་བྱིན་རླབས་སོགས་དབྱར་གནས་ཀྱི་དགོས་རིགས་སྔོན་དུ་བཏང་ནས་ཚེས་བཅོ་ལྔ་ཉིན་གསོ་སྦྱོང་སོགས་དང་དབྱར་ཁས་ལེན་སོགས་ཤར་ཀཿ་ཐོག་པའི་ཕྱག་སོལ་ཇི་བཞིན་ཞག་ལྔ་བཅུ་རིང་དུ་བཞུགས། ཚེས་བཅུ་དང་ཉེར་ལྔ་ལ་རིག་འདུས་ཀུན་དྷར་མ་དང་ཡུམ་ཀའི་ཚོགས་ཆོས་རེ་འབུལ། ཟླ་བ་བརྒྱད་པའི་ཚེས་སུམ་ཅུ་ཉིན་དགག་དབྱེ་དང་ལྗོངས་རྒྱུ་བཅས་ལེགས་པར་གྲུབ། ཁྲིམས་ཤིན་ཏུ་དམ་ཞིང་དབུ་གཡས་གཡོན་དུ་ཅུང་ཟད་བཟུར་ཀྱང་ཆད་པ་མར་མེ་ཀོང་རྗ་རེ་སོགས་ཡོད་པའི་དགེ་འདུན་ཁྲིམས་ཀྱི་འཚོ་ཞེས་ཞེས་གསུངས་བ་བཞིན་ལགས། གསོལ་ཟས་ཉིན་རེར་མར་རིལ་དང་ཆུར་བ་སྤར་གང་ཙམ་རེ་དང་། དུས་ཆེན་ལ་མར་ཞུན་སྐྱོགས་ཆུང་རེ་ལས་ཆེར་མེད། ཡོན་ཆབ་མར་མེ་ཉིན་ལྟར་རྒྱས། ཡོ་བྱད། ཆོས་གོས་རྣམ་གསུམ། རྩེ་ཞྭ། ལྷུང་གཟེད། མཎྡལ། སྤྱི་བླུགས། ཆབ་རུ། གདན་བ་ཡིག་ཆ་སོགས་ཐམས་ཅད་འཛོམ་དགོས། ཀུན་སྤྱོད་ཤིན་ཏུ་དུལ་བ་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་ཡིན་སྙམ་པ་སུས་མཇལ་ཀྱང་ཡིད་དབང་མེད་དུ་འཕྲོག། གྲྭ་རེ་རེ་ནས་ཚོགསཀྱི་དབུས་སུ་སྡོམ་གསུམ་དང་རྒྱུན་ཆགས་གསུམ་པ་སོགས་བློ་རྒྱུགས་ཕུལ་བ་དང་། བློ་གསལ་མཁས་པས་སྡོམ་འགྲེལ་དང་སོར་མདོ་སོགས་བཤད་རྒྱུགས་འབུལ་དགོས། དགུ་གཏོར་ལ་གུ་རུ་ཆོས་དབང་བཀའ་བརྒྱད་གསང་རྫོགས་དང་། བདུད་འདུལ་ཕུར་པ་ ཆོས་གླིང་སེང་གདོང་མ་སྟེ་སྒྲུབ་ཁག་གསུམ་ལས་གཙོ་བོ་སེང་གདོང་མའི་ཁོག་དབུབ། འཆོད་གཏོར་གཙོ་འཁོར་རྣམས་ཡོངས་རྫོགས། ཆེ་མཆོག་གཏོར་མ་འདོམ་གང་ཕྱེད་ཙམ་རེ་བཅའ། འཁོར་རྣམས་ཁྲུ་གང་ཙམ་རེ་གཞན་ཡང་སྨན་གཏོར་བསྐང་[page 225] གཏོར་སོགས་སྣང་བ་འགྱུར་ངེས་རྔམ་རྔམ་རྫིག་རྫིག་ཞིག་བཤམས། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔའི་ཕྱི་དྲོ་མགོན་པོ་གཞི་བཏུས། སེང་གདོང་མའི་བགེགས་མཚམས་གཅོད་སོགས་ལས་བྱང་ཚོགས་བསྐང་ཙམ་བཅས། ཕྱིར་ཉིན་མགོན་པོ་སྔ་བར་ཀུན་ལྡན་མ་དང་ལེའུ་བདུན་རྗེས་ཅ་གསོལ། སེང་གདོང་གཞུང་བསྲང་། མགོན་པོ་མཆོད་རབས་མ་དགོན་དགར་གསུམ་གསོལ་ཀ། དགོན་པོ་དངོས་གྲུབ་འབྱུང་གཏེར་སོགས་ཚང་བར། སེང་གདོང་སྨད་ལས་བཟློག་པ་ཁྲི་བཟློག་སོགས་བཏོན། དེ་ལྟར་མགོན་པོ་མ་གཏོགས་སྒྲུབ་ཁག་གཞན་གཉིས་ཀྱང་འདོན་ཚུལ་ཕྱོགས་འདྲ། ཚེས་ཉེར་དགུ་ཉིན་ལས་གཞུང་སྔར་ལྟར་དང་ སེར་སྦྲེང་ཆེན་པོས་སྐྱེད་པ་རྣམས་ཀྱིས་གཏོར་མ་བཏེགས་ནས་གྲལ་དུ་མཉམ་འགྲོ་བྱས། ཟོར་འཕེན་ཆོམས་རྔམས་སྐྲ་ཟིང་ཟིང་བྱེད་པ་ཞིག་བྱེད་མཐར་བཟློག་གཏོར་རྣམས་རྒྱུགས་ཏེ་མེ་དཔུང་དུ་བསྲེག། དར་ནག་ཕྱར། རོལ་མོ་རྣམས་དཀྲོལ་ཏེ་མཐར་སེར་སྦྲེང་དང་བཅས་འདུ་ཁང་དུ་བཞུགས་ཏེ་ཆོ་གའི་མཐའ་དབྱུང་ཕྱིར་ཉིན་ཀུན་དྷར་མ་དང་མ་ཎིའི་ཚོགས་བསྐང་། མགོན་པོ་མཆོད་རབས་བཅས་གྲུབ་རྗེས་བཀྲ་ཤིས་རྒྱས་བ་ཞིག་མཐར་གྲོལ། བླ་གབ་མེད་པར་བསང་དང་དར་ཕྱར། བསང་མཆོད་ནོར་བུ་རྒྱ་མཚོ་གསོལ་ཀ་སོགས་བསང་རྔན་རྒྱས་པ་སྲུང་མའི་མཆོད་གཏོར་བསང་ནང་དུ་འབུལ། གསོལ་ཟས། ཉིན་དྲུག་ལ་རིམ་པ་འདུས་རྟེན། རྟེན་ཆེན། རྟེན་ཆུང་ཆེས་ལས་ཀྱི་ཤི་བའི་ཤ་སྐལ་ཆེ་ངེས་པ་རེ། ཐུད་གོར། མར་ཞུན་སྐྱོགས་ཆེན་དང་། འཁུར་བ་གཉིས་བཅས་སོ། དེ་ནས་ཞག་གསུམ་ཙམ་ལ་གསོལ་ཀ་དང་མ་ནིང་ཚོགས་བསྐང་ཟབ་རྒྱས་རེ་འབུལ་ཏེ་གྲོལ་བའོ།
སྔར་མཚོ་དབུས་སྤྱི་བ་ཟེར་བའི་གྲྭ་ཆ་ཤས་ཡོན་སྦྱར་ནས་བསམ་ལྷུན་འབུམ་ཐེར་རེ་འདོན་སྲོལ་ཡོད་ཀྱང་རབ་བྱུང་བཅུ་དྲུག་པའི་ནང་ནུབ་སོང་། གོང་གི་དེ་རྣམས་ཀྱི་དུས་སུ་བསྟན་པའི་བདག་པོ་ནི། རབ་བྱུང་བཅུ་དྲུག་པའི་མཇུག་ཏུ་རིག་འཛིན་ཆོས་རྒྱལ་གླིང་པ་དང་། དེའི་ཆོས་བདག་ཀུ་ལྦེ་བླ་མ་ལྷུན་གྲུབ་རྒྱལ་མཚན་ཟེར་བ་དེས་སྦ་ལྕག་ཕག་མོ་རྫོང་གི་འོག་ཟུར་དུ་ཆོས་རྒྱལ་གླིང་པའི་རྟ་དམར་སྒྲུབ་པས་གྲུབ་པ་ཐོབ་རྫུ་འཕྲུལ་ལ་མངའ་བཪྙེས་རྡོ་ལ་ཞབས་རྗེས་དོད་པ་དང་གྲུབ་ཁང་གི་ཤུལ་ད་ལྟ་འང་ཡོད། དེས་ཉག་གུ་རུ་དགོན་གྱི་གནས་རྡོ་རྗེ་ཡོངས་རྫོང་ལ་རྫུ་འཕྲུལ་གྱིས་བྲག་ངོས་སུ་རྟའི་ཆིབས་རྗེས་ད་ལྟ་མཇལ་དུ་ཡོད། དམ་པ་དེས་ཀྱང་ལོ་ཤས་སུ་བསྟན་བདག་མཛད། ཀློང་གསལ་གཏེར་པད་མ་མཁའ་སྤྱོད་དབང་པོ་སྦ་ལྕག་གནས་སུ་བསྒྲུབ་ལ་གཞོལ་ཏེ་གྲུབ་པ་ཐོབ། རང་དགོན་ལ་སྨིན་གྲོལ་ཟབ་མང་བོས་བསྐྱངས། བསྟན་འགྲོའི་དོན་བསམ་གྱི་མི་ཁྱབ་པ་མཛད་མཐར་གནས་འདིར་མྱ་ངན་ལས་འདས་ཏེ། ཁོ་འཆི་བའི་རྗེས་སུ་མཛུབ་མོ་དེ་ཆོས་ལ་གནས་འདིར་རྡོ་འབུམ་དུ་ཞོག། རོ་དེ་ཉག་ཆུ་ནང་དུ་འཕང་། ཉག་སྟོད་ཁ་བ་ལུང་རི་མཐོང་ས་ཞིག་ཏུ་རོ་འདི་ལུས་འགྲོ། དེར་བསྲེག་སྦྱོང་དགོས་ཞེས་ཞལ་ཆེམས་གནང་བ་ལྟར་བགྱིས། རང་སྡེ་ནི་ཐག་ཟེར་བའི་གྲོང་འདབས་སུ་སྐུ་གདུང་ཡོད་དར་ཞེས་རྒན་པོ་[page 226] རྣམས་ཀྱི་བཤད་སྲོལ་ཀྱང་ཡོད་ཕྱག་བསྐོར་བྱས་ན་གྲིབ་སོགས་གདོན་ནད་ཐམས་ཅད་ཞི་བ་ཞིག་ཡོད་པ། ཕྱིས་རིག་གནས་གསར་བརྗེ་སྐབས་རྡོ་མཁར་ལྟ་བུ་དེ་གཤེགས་པ་ལས་རྫ་བུམ་ཞིག་གི་ནང་གདུང་རུས་སྐྱ་ཁྲོམ་མེ་བསྲེག་ཟིན་པ་ཁ་ཚང་ཞིག་བྱུང་བས་ཀུན་ཀྱང་སྔོན་གྱི་ལོ་རྒྱུས་ལ་ཡིད་ཆིས་ཐོབ། གདུང་རུས་རྣམས་བརྐུས་ནས་སླར་ཡང་སྦས་ཡོད། དེ་རྗེས་སུ་འགག་ཚ་བླ་མ་འཇམ་དབྱངྶ། འག་ཏྲེ་རབ་འབྱམས་རྡོ་རྗེ་སོགས་ཀྱིས་བསྐྱངྶ། ཉག་དཔོན་སྐབས་འགག་ཚ་བླ་མ་རིག་འཛིན་དང་། སྐྱིད་དར་བླ་མ་སངས་རྒྱས་བསྟན་འཛིན། ཀརྨ་འཕྲིན་ལས་དེ་ནས་ཆ་བྱང་ཆུབ་དང་ཀརྨ་རྡོ་རྗེ། བསྟན་རྒྱས་དང་ཀརྨ་ནོར་རྗ་སོགས་ཀྱིས་བསྐྱངྶ། དེ་རྗེས་ཤོག་དཔོན་ཚུལ་ཁྲིམས་སོགས་བླ་གྲྭ་བཅོ་བརྒྱད་བསྐོས་ཏེ་ཁྲིམས་ཤིན་ཏུ་དམ།
སྤྱི་པ་ལ། བནྡེ་ལྔས་བཀའ་མའི་སྒྲུབ་ཆེན་བསྙུང་གནས་ཞིང་སྒྲུབ་དགུ་གཏོར་རྣམས་ལོ་གསུམ་དང་། གྲྭ་བཞིས་ཚེས་བཅུ་ལོ་གཉིས། གྲྭ་གསུམ་གྱིས་དབྱར་གནས་ལོ་གཉིས་འགན་བཞེས་དགོས། ཚར་བའི་ལོ་དུས་འབུལ་ནོར་གྱ་ནོམ་པ་འབུལ་སྲོལ་ཡོད། དེ་རྣམས་དཔེ་གྲྭ་གཅིག་ལ་མཚོན་ན། དང་པོ་སྤྱི་ཆིན། དེ་ནས་ཚེས་བཅུ། དབྱར་གནས་བཅས་ཆ་ཚང་ཁུར་དགོས། ཆོས་པ་རྣམ་དག་སྐུ་ཚེ་ཧྲིལ་པོར་དབེན་པ་ཁོ་ནར་བཞུགས་མི་ཡིན་ན། སྤྱི་ཆེན་མ་གཏོགས་གཞན་གཉིས་དང་དགོན་དཔོན་སོགས་འགན་བཞེས་མི་དགོས། སྔོན་སྲོལ་དེ་ལྟར་ཡིན་ཀྱང་ད་སྐབས་དབྱར་དགུན་གྱི་ཚོགས་པ་ཐམས་ཅད་ལ་སྤྱི་པ་གྲྭ་བརྒྱད་ཀྱིས་ལོ་གཉིས་རེས་མོས་ལས་གཞན་མེད། ཀཿ་ཐོག་པའི་ཆོས་ཁྲི་ལ་མངའ་གསོ་བའི་མཁན་པོ་ཞིག་ཡིན་ན་མ་གཏོགས་གཞན་མཁན་པོ་དང་བླ་སྤྲུལ་སུ་ཡིན་ཀྱང་སྤྱི་པ་ཁུར་དགོས་པའི་ཁྲིམས་ཡོད།
ད་ནི་འདིར་བཤད་སྒྲུབ་ཇི་ལྟར་དང་ཚུལ་ཞུ་བ་ལ། རབ་བྱུང་བརྒྱད་པའི་སྐོར་ལྕགས་མདུད་ཤེར་རྒྱལ་གྱིས་ཉང་གུར་སོགས་ཀྱི་ཟབ་གཏེར་དང་མགོན་པོ་སོགས་སྨིན་གྲོལ་ཅི་རིགས་པ་འཆད། ཆོས་གླིང་དང་ཀློང་གསལ་རྣམ་གཉིས་ཀྱིས་རང་གཏར་གཙོར་གྱུར་དེ་མཚུངས་དང་། དེ་ནས་ཁྲོམ་སྤྲུལ་དང་དྲི་མེད་ཞིང་སྐྱོང་སོགས་ཉག་དཔོན་གྱིས་དྲངས་པ་ཐམས་ཅད་དགོན་འདིར་གསོལ་མཆོད་རེ་དང་ཆོས་རྒྱུན་རེ་སྤེལ་བའི་ཁྲིམས་ཡོད། ཤར་ཀཿ་ཐོག་པའི་ཀུན་གཟིགས་མཧྭ་པཎྡི་ཏ་བྱམས་མགོན་སི་ཏུ་ཆོས་ཀྱི་མཚོ་བྱོན་ནས་བདུད་ཀློང་གཉིས་ཀྱི་སྨིན་བྱེད་དང་། ཆོས་རྒྱལ་གླིང་པའི་ཟབ་གཏེརཡང་ཟབ་ཤེལ་གྱི་མེ་ལོང་གི་ཁྲིད་ལུང་བཅས་སྩལ་ཏེ་ཉག་དགོན་ཀུན་ལས་ཐུགས་བརྩེ་བ་ཆེན་པོས་བསྐྱངས། དེ་མཉམ་དུ་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་བྱོན་ཏེ་ཆོས་འཁོར་ཅི་རིགས་པ་བསྐོར་རོ། ཟིལ་དབོན་ཀརྨ་བསོད་ནམས་ཀྱིས་རྫོགས་ཆེན་སྙིང་ཐིག་གི་སྔོན་དངོས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། འབའ་ཕུག་ཆོས་དཔལ་རྒྱ་མཚོས་སྙིང་ཐིག་པོད་གཉིས་ཀྱི་སྨོན་གྲོལ་གནང་། བླ་མ་ཆོས་འགྲུབ་ཀྱིས་སྔོན་དངོས་དང་ཤར་གཏེར་གྱི་[page 227] དབང་ལུང་སྲོག་གཏད་དང་བཅས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་སོགས་འདུས་པ་བརྒྱ་ཕྲག་ཙམ་ལ་གསུངས། མཁན་ཆེན་སྐལ་བཟང་དབང་ཕྱུག་གིས་སྔོན་འགྲོ་དང་སྤྱོད་འཇུག་འདུལ་བསྟན་དར་སྤེལ་རྒྱ་ཆེ་མཛད་པས་བཀའ་དྲིན་གཞལ་དུ་མ་མཆིས། རྗེ་དབོན་ཚུལ་ཁྲིམས་རྒྱ་མཚོ་དང་། ཊྰཀྐི་མཁན་ཆེན་ཨ་དགེ་སོགས་ཀྱིས་སྙིང་ཐིག་ཐུགས་ཆེན་སྡུག་བསྔལ་རང་གྲོལ་སྨིན་བྱེད་དང་། ཆོས་འཆད་ཉན་མཛད། མཁན་ཆེན་འབྱོར་ལྡན་གྱིས་ཟབ་མོ་ལྟ་སྲོལ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོས་འཁོར་བསྐོར་བའོ། ཁྱད་པར་དུ་རང་ལུགས་ཤར་གཏེར་རིག་འཛིན་ཆེན་པོ་ནས། རྒྱལ་སྲས་རྡོ་རྗེ་མགོན་པོའི་བར་རང་ལུགས་ཀྱི་ཟབ་གཏེར་སྨིན་གྲོལ་ཡོངས་རྫོགས་སྩལ་ཅིང་རྒྱལ་སྲས་རིན་པོ་ཆེ་རང་དགོན་གྱི་ཕུ་སྟོད་ཞྭག་བཞུགས་མཛད་སྐབས་ས་འདི་ལ་མིང་ཅི་ཟེར་ཞེས་དྲིས་པས། སློབ་རྣམས་ཀྱིས་རྫི་མདོའི་ཞུས། འོ་རྫི་མདོ་མ་རེད། ཟངས་མདངས་དཔལ་རི་རེད་ཅེས་གསུངས་ནས་ཕྱག་མཉམ་བཞག་ལྟ་བུ་ཚུགས་མ་ཤོར་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས། དེའི་སྲས་བདེ་ཆ་ཨ་བསོད་དང་སྟོབས་རྒྱལ་གཉིས་ཏེ། ཨ་བསོད་ཀྱིས་འཁོར་གསུམ་མདའ་གཞུ། གྲི་དང་མེ་མདའ། མནབ་གོས་ཡན་རང་དགོན་ལ་གནང་བས་ད་ལྟའང་མདའ་བཞུ་ཙམ་ཡོད། སྟོབས་རྒྱལ་གྱིས་དགོན་འདེར་ཆོས་གླིང་པའི་ཟབ་གཏེར་སྨིན་གྲོལ་ཟབ་རྒྱས་ལན་གཉིས་ཙམ་གསུངས། དེའི་སྐུ་སྲས་མཆོག་སྤྲུལ་འཇམ་དབྱངས་བློ་གསལ་རྡོ་རྗེས་ཆོས་གླིང་སྨིན་གྲོལ་སྔར་ལན་གཅིག་དང་། བཤད་སྒྲུབ་ཀྱི་ཁག་ལ་རང་དགོན་དུ་བཤད་གྲྭ་སྔར་མ་ཡོད་མོད། ཕལ་ཆེར་ཀཿ་ཐོག་ཏུ་གྲྭ་སར་ཕྱིན་པ་རྣམས་བླ་མའི་གོ་སར་བྱིན་པ་ལས་གཞན་ལ་བླ་མའི་མཚན་ཐོ་མེད། གཞན་ཡང་བདེ་ཆ། ཁོང་གདོང་། ཁྲོམ་དགེ། བཿ་གནས། ཀླུ་རབས། སྨྱོ་ཤུལ། བྲག་རྗོང་སོགས་སྐྱེ་ཆེན་དམ་པའི་ཞབས་པད་བསྟེན་པའི་སློབ་མ་མང་དུ་བཞུགས། འདིར་ཡང་བླ་མ་ཀརྨ་བསོད་ནམས་སྐུ་རིང་ལ་སྔོན་འགྲོ་སོགས་དང་། བླ་མ་རིག་འཛིན་སྐུ་དུས་གཞུང་པོད་ལྔ་དང་། གསར་ཪྙིང་། སྤྱོད་འཇུག། སྔོས་འགྲོ་སོགས་ཤིན་ཏུ་དར། བླ་མ་ལེགས་བཤད་ཀྱིས་སྤྱོད་འཇུག། སྔོན་འགྲོ། ཡོན་མཛོད། སེམས་ཉིད་ངལ་གསོ། དག་ཡིག་སྙན་ངག་སོགས་འཆད་སྤེལ་མཛད། ཟིལ་སྤྲུལ་གྱིས་སྔོན་འགྲོ་བདེ་སྨོན་འགྲེལ་སོགས་ཉུང་རེའི་འཆད་ཉན་དང་། ཁྱད་པར་དུ་མཁན་ཆེན་ཚུལ་ཁྲིམས་མཐར་ཕྱིན་གྱིས་དབུ་མ་ཤེར་ཕྱིན་སོགས་དང་། སུམ་རྟགས་དག་གསུམ་བྲིས་ལན་ཝར་སོགས་ཧ་ཅང་དར། ད་ལྟའི་དུས་སུའང་མཁན་དེའི་དངོས་སློབ་རྣམ་པས་འཆད་ཉན་གྱི་སྲོལ་རྒྱུན་འཕེལ་བཞིན་པའོ། སྒྲུབ་གྲྭ་སྔར་ནས་བན་རྒན་བསྒྲེང་བ་བདུན་རེས་མོས་ལོ་གསུམ་ལ་རྩ་གསུམ་བསྙེན་པ་སོགས་དང་། ཁྱད་པར་མ་ཎི་དུང་རེ་འདོན་སྲོལ་སྣང་། ནས་གྲོ་མར་ཆུར། ཇ་སོགས་གསོལ་ཕོག་བཅས་ལྕགས་རི་ཕྱི་རོལ་དུ་བྱོན་བཞུགས་མི་ཆོག་ཐུག་བཞི་གནས་འབྱོར་ཁོ་ན་ལ་བརྩོན་ཏེ། དུང་བརྡས་ཐུན་གྲོལ་སྡོམ་བྱེད། ནང་ནུབ་དུ་གསོལ་ཀ་དང་བསང་མཆོད་ནོར་བུ་རྒྱ་མཚོ་སོགས་བཏོན།[page 228] སྤྱིར་སྔར་དུས་སུ་བན་རྒན་རྣམ་པ་ཀུན་ཉིན་གུང་ཅུང་ཟད་ཙམ་ལས་ཐུན་བཞི་དང་བཟླས་སྒོམ་ལ་གུས་རྟག་གིས་བརྩོན་པ་དང་། གཞོན་པ་དང་། གཞོན་པ་རྣམས་ཐོས་བསམ་དང་བསགས་སྦྱང་ལ་འབད་པ་ཁོ་ན་ཡིན། སྤྱི་ཁག་དེ་རྣམས་ལ་སྤྱི་རྟེན་དངུལ་དང་མར་ཆུར་སོགས་རྩིས་སྤྲོད་དགོས་པ་དང་། དགོན་གཞུང་གི་ས་ཞིང་ལ། མ་ལྷུན་ནས་ཁལ་ཉེར་ལྔ། ཉི་ལམ་སྒང་ཁལ་ཉི་ཤུ། ལུག་ཐུ་བྲེ་བཅུ། སྐུ་ལོ་བྲེ་བཅུ། སྐུ་ཐར་ཁལ་བཞི མཁར་ཉ་ཁལ་བཅུ། ཉི་ཐབ་ཁལ་གསུམ་བྲེ་བཅུ་ཙམ་སྤྱིན་པ་རང་རང་གིས་ལས་དགོས། དགོན་པའི་གྲྭ་ཁང་སྔོན་ཞེ་ལྔ་དང་ད་སྐབས་ལྔ་བཅུ་ཡོད།
ད་སྐབས་བླ་སེར་ཐུན་མོང་དངོས་རྫས་ལས་དངུལ་མཆོད་མི་དམན་ཙམ་དང་ཟངས་རག་གི་མཆོད་ཆ། ཐང་ག་སོགས་ཧ་ལམ་ཐབས་མི་ཆག་ཙམ་དུ་ཡོད། ཁྱད་པར་དུ་ད་ལྟར་གསུང་རྟེན། བཀའ་བསྟན། ཪྙིང་རྒྱུད་ཆ་གཉིས། གཏེར་མཛོད་གསུམ། བཀའ་མ་གཉིས། བཀའ་དགོངས་ཡོངས་རྫོགས། བདུད་ཀློང་། ཉག་བླ་བསོད་རྒྱལ། ཆོས་གླིང་། འཇིགས་གླིང་། འཕྲོས་གཏེར། ཀློང་ཆེན། མི་ཕམ། རོང་ཟོམ། མཁྲེན་བརྩེ། དཔལ་སྤྲུལ། དགེ་པ། ཀུན་བསོད། བླ་མ་རིག་འཛིན། ངག་དགའ། ཆོས་འགྲུབ་སོགས་ཀྱི་གཏེར་ཆོས་དང་བཀའ་འབུམ། གདམས་ངག་མཛོད། བཀའ་རྒྱུད་སྔགས་མཛོད། ཤེས་བྱ་ཀུན་ཁྱབ། ཐོན་མིའི་གསང་མཛོད། ས་སྐྱ་གོང་མ་རྣམ་ལྔ། བཀའ་བདམས་དང་བཀའ་རྒྱུད་སྐོར། དཔལ་སྤུངས་སི་ཏུ་པ་ཆེན་སོགས་དང་། གཞན་ཡང་སྟག་བླའི་སྡོམ་འགྲེལ་སོགས་བྲིས་མ་དང་སྤར་མ་ཐམས་ཅད་སྡོམ་པོད་ཉིས་སྟོང་ལྷག་ཙམ་ཡོད། ལྔ་རིག་སྨྲ་བ་རྣམས་ལ་ནོར་བུ་ལྟ་བུའི་དཔེ་བཀོན་ཅི་རིགས་པ་བཞུགས།
རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཀྱི་ཕྱི་དྲོས་དུས་སུ། ཇ་ཐབ་ཀྱི་མེ་མཆེད་དེ་འདུ་ཁང་གཉིས་དང་རུང་ཁང་བཅས་འབྱར་མ་ཡིན་སྟབས་ཇ་བར་ཙམ་གྱིས་ལྷག་མེད་བསྲེགས། རང་དགོན་གྱི་ཡུལ་སྡེ་དང་། ཁྱད་པར་དུ་འབྱུང་དགོན་ཡུལ་སྡེ་བླ་སེར་ཚང་མ་ཕེབས་བྱུང་བས་རང་སྲོག་ལའང་མི་འཛེམ་པའི་མེ་འགོག་ཐབས་དང་ཆ་ལག་བསལ་བ་སོགས་བཀའ་དྲིན་གཞལ་དུ་མ་མཆིས། རང་དགོན་གྱི་བླ་སེར་རྣམས་སྲོག་བློས་འདོར་བའི་སྒོ་ནས་སྐུ་གསུང་ཐུགས་རྟེན་རིགས་དང་ཅ་ལག་ཐ་ན་འཁོར་ལོ་དང་ཁྲི་དང་ཅོག་ཙེ་ཡན་བསལ་རྒྱུ་ཪྙིད། ཟངས་སྣོད་ཀྱི་རིགས་དང་། ཇོ་དར་སོགས་ཀྱི་པར་ཤིང་ཙམ་ལས་ཅ་ལག་མ་བརླག་ཅིང་། སྐྱ་སེར་ཀུན་ལ་མེས་མ་སྨད་པ་ངོ་མཚར་ཆེའོ། དེ་ནས་དགོན་སྡེའི་བླ་སེར་ཐུན་མོང་གིས་མི་བཅུ་བསལ་དེས་གཙོ་འགན་ཐོག་ཡུལ་སྡེ་དུད་རེ་རེས་ཐེབས་བཞག་རྒྱ་དངུལ་ལྔ་སྟོང་ཡན་མན་ཁྱོན་ཁྲི་དངུལ་བསྐྱད་འདུས། ཡུལ་གཞན་ལ་བསླང་བས་ཁྲི་དངུལ་གཉིས་ཙམ། ཁྱད་པར་དུ་ཀཿ་ཐོག་པའི་ཞིང་སྤྲུལ་ཕྲིན་ལས་མགོན་པའི་བཀའ་དྲིན་རྨད་དུ་བྱུང་བ་ལས་ཁྲི་དངུལ་གཉིས་དང་སྐུ་ལི་གསར་ལྔ་བཅུ་བཅས། རྒྱ་སྤྲུལ་སྐུ་ཚོ་ཧེ་ཧྥ་སིས་སྟོང་[page 229] དངུལ་གཉིས། མཆོག་སྤྲུལ་བློ་གྲོས་བསྟན་པའི་རྒྱལ་མཚན་དགོན་འདིར་ཕིབས་ཏེ་གནང་སྦྱིན་གྱ་ནོམ་པ་དང་ཕུར་འདུར་སོགས་ཀྱིས་གཞི་བྱིན་གྱིས་རླབས། གཞན་ཡང་། བདེ་ཆ་ཡུལ་དགོན་དང་ཞི་བ་དགོན་སོགས་ཀྱིས་གཟིགས་སྟངས་བསམ་གྱིས་མི་ཁྱབ། འབྱུང་དགོན་སོགས་ཉག་ཡུལ་དགོན་སྡེ་བླ་སྤྲུལ་ཀུན་ནས་བྱམས་བརྩེ་འབུམ་དུ་བརྡལ་བས་གཟིགས་སྟངས་རྒྱ་ཆེ་མཛད་བས་བཀའ་དྲིན་གཟོ་མེད་དུ་གྱུར། རྒྱལ་ཁབས་ཀྱིས་རོགས་བསྐྱོར་ཆེན་པོས་ཁྲི་དངུལ་གཉིས་ལྷག་དང་། རྩོམ་སྒྱུར་ཅུས་ཁྲི་དངུལ་གཉིས་དང་། རྫོང་གི་ཆོས་ལུགས་ལས་ཁུངས། ལ་ཧོ། པད་མ། བསོད་ནམས་དབང་མོ། པད་མ་ཚུལགཁྲིམས་རྣམས་ཁྱིས་གཟིགས་སྟངས་དང་བཀོད་སྒྲིག་རྒྱ་ཆེ་མཛད་རང་ཅག་བླ་སེར་ཡུལ་སྡེ་ཐམས་ཅད་ཀྱིས་ཤུགས་སྒྲིམས་ཏེ་མཁན་ཚུལ་ཁྲིམས་མཐར་ཕྱིན་གྱི་ཞལ་བཀོད་ལྟར་འདུ་ཁང་ཀ་རིང་བཅུ་གཉིས་པ་དྲི་གཙང་ཁང་སྒོ་ཁྱམས་དང་བཅས་པ་འགྲན་ཟླ་བྲལ་བ་ཞིག་བཞེངས་ཟིན་ནས་བརྟེན་པ་ལྷའི་བཟོ་བཀོད་ལ་བརྩོན་བཞིན་པའོ། ཁྲིམས་ཀྱི་ཐད་ལ་སྔོན་དུས་རབ་བྱུང་མ་གཏོགས་གཅིག་ཀྱང་ཚོགས་གྲལ་དུ་ཞུགས་མི་ཆོག་དང་། སྒྲུབ་སྐོར་འདོན་ཆ་སྐོར་ཡིག་རྒྱུགས་སྤྲོད་དགོས་པ། གར་བྱོན་ཡང་གཟན་ཤམས་དང་འབྲལ་མེད་དགོས་པ། ཆེར་སོན་དུས་སྔོན་དངོས་བསགས་སྦྱངས་ལ་འབད་དགོས་པ། ཁྱིམ་པའི་ལས་ཚོང་དང་སོ་ནམ་སོགས་ལྟ་ཅི། ཡུལ་དུ་ཁྱིམ་པ་ལ་ཤིང་ཁུར་གཅིག་ལེན་འགྲོ་ནའང་གནས་ནས་དབྱུང་བའི་སྟེང་བཤགས་པ། ཕྱག་དང་སྐོར་བ་དགོས་པ་སོགས་དམིགས་སུ་བཀར་བ་ལས་ཞིབ་ཕྲ་བཅའ་ཡིག་ཆེན་མོ་ལས་གསལ་བ་བཞིན་ནོ། ཞེས་པའང་མཁན་པོ་བསོད་ནམས་བསྟན་པས་བསྒྲིགས་པ་ལ་སླར་བྱ་ཚེ་རིང་གིས་ཉ་སྐེད་ཉི་ཐག་ཏུ་ལེགས་བསྒྲིགས་བགྱིས་པ་དགེའོ།།
དགོན་འདི་སྟག་མོ་སྒང་རྒྱུན་བསྲིང་བའི་བྲག་གདོང་སྟེང་དུ་བཞུགས། དགོན་སྡེ་གསར་དུ་འཛུགས་དུས་བོན་པོས་ཕྲག་དོག་གིས་མ་བཟོད་པས་ངན་སྔགས་བྱད་ཟོར་ལས་ཟློག་ཚུལ་ངག་རྒྱུན་འདུག་དེ་ནས་རབ་བྱུང་དྲུག་པའི་འགོར་ཐོག་མར་འདེབས་པོ་ནི། ཤར་ཀཿ་ཐོག་པ་དམ་པ་བདེ་གཤེགས་ཀྱི་སློབ་ཚོགས་སྐར་ཙཚོགས་ལྟ་བུ་ལས། ལུང་བསྟན་བུ་བཞིའི་ཡ་གྱལ་ཙྭ་སྡེ་བ་ནམ་མཁའ་རྡོ་རྗེ་ཡིན། དེའི་སློབ་མ་ཉ་བྲོ་བ་དྲུང་ཐུགས་རྗེའི་ཡེ་ཤེས་དང་། རྡོ་རེབ་རྒྱ་དཔོན་པ་སྟོན་པ་དབལ་འབྱོར། དཔལ་འབར་བ་ནམ་མཁའ་རྡོ་རྗེ་སོགས་ཀྱི་དངོས་སློབ་ཉག་རོང་བླ་མ་ཚུལ་ཁྲིམས་རྒྱལ་ཚན་ནི། ལྷ་དབང་ཚང་ལ་འཁྲུངས། ཆུང་ནས་དད་བརྩོན་སྙིང་རྗེའི་རིགས་སད། རྡོ་རེབ་རྒྱ་དཔོན་པ་སྟོན་པ་དབང་འབྱོར་དང་དཔལ་འབར་ནམ་མཁའ་རྡོ་རྗེ་སོགས་ཀྱི་ཞབས་ལ་བསྟེན་ཏེ། མདོ་རྒྱུད་སེམས་གསུམ་[page 230] སོགས་དབང་ཁྲིད་མན་ངག་དང་བཅས་བུམ་པ་གང་བྱོའི་ཚུལ་དུ་མནོས། དེ་ནས་བཟུང་ཀཿ་ཐོག་པའི་བསྟན་པ་ལ་ཞབས་འདེགས་ཅི་ནུས་བསྒྲུབ་ཏེ་དགོན་ལག་ཏུ་གྱུར། དཔལ་རྟགས་སུ་ཉང་གཏོར་རྡོ་རྗེ་ཕག་མོའི་སྐུ། ལི་སྐུ་ཚེ་དཔག་མེད། དམ་རྒྱ་ཐམ། སྦུབ་ཆོལ་རྒྱ་ནག་མ་སོགས་གནང་སྦྱིན་མཛད་པ་རྣམས་རག་འཕྲུལ་ཚང་གི་རྟེན་གཙོ་བོ་ཡིན། གྲུབ་བཪྙེས་ཀྱི་བླ་མ་ཚུལ་ཁྲིམས་རྒྱལ་མཚན་དེས་རག་འཕྲུལ་གནས་རི་དེའུ་འབུར་སྟེང་དུ་དགོན་གཞིས་སྤོས་ཏེ་རི་ཁྲོད་ལྟ་བུའི་ལྷ་ཁང་ཆུང་ངུ་ཞིག་བཞེངས། ལྷ་ལུང་དཔལ་ཀརྨ་བདེ་ཆེན་ནམ་དཔལ་འབྱོར་རྒྱ་མཚོ་ནི་ས་སྟག་ལོར་བལྟམས། སྐུ་ལ་དྷི་ཡི་རྟགས་མཚན་དོད་ལ། ལྐོག་གྱུར་ལ་མངོན་ཤེས་མངའ་བ། གྲུབ་པའི་གོ་འཕང་ལ་མངའ་བཪྙེས་པ་དེའི་འཁོར་འབངས་མངའ་ཐང་ཤིན་ཏུ་དར། དེའི་དབོན་བརྒྱུད་ལས་བདེ་ཆེན་རྡོ་རྗེ་རབ་བྱུང་བདུན་པའི་ས་སྤྲེལ་ལོར་སྐུ་འཁྲུངས། ཀཿ་ཐོག་མཁན་ཡི་ཤེས་རྒྱལ་མཚན་ཞབས་ལ་གཏུགས། སྙན་རྒྱུད་དམན་ཁྲིད་སྐོར་ཞུས། དེ་ནས་རག་འཕྲུལ་དབོན་བརྒྱུད། བསོད་ནམས་འཕྲིན་ལས་སོགས་གདུང་བརྒྱུད་ལས་འཕྱོས་པའི་སྤྲུལ་སྐུ་མང་དུ་བྱོན་དེ། རག་འཕྲུལ་བླ་རབས་བཅུ་གསུམ་བྱུང་བར་གྲགས། དེ་དུས་ཙམ་ན། གནས་དེ་དང་ཉག་ཆུའི་བར་དར་འཕྲུལ་དཔྱང་བ་སོགས་མངའ་ཐང་ཇེ་རྒྱས་གྱུར། རག་འཕྲུལ་དགོན་པ་གནམ་སྔོན་དགུང་ས་མཐོ་ན། ཉག་དཔོན་དོང་མོས་ལ་ལྷུང་ཞེས་གཡོ་ཅན་འགས་ཕྲ་མ་བཀྱེས་བས། ཉག་དཔོན་གྱིས་དགོན་སྡེ་གཏོར། རག་འཕྲུལ་སྤྲུལ་སྐུ་མཚོན་གྱིས་མ་ཆོད་པས་གཡང་གསར་ལ་སྒྲིལ་ཏེ་བཀྲོངས།
རབ་བྱུང་བཅུ་བཞི་པའི་དུས་ཙམ་ལ་ན་རག་འཕྲུལ་དགོན་སྡེ་ཤུལ་ལུས་རྣམས་ཀྱང་། ད་ལྟའི་དགོན་གཞི་འདིར་སྤོས་ནས་ལྷ་ཁང་ཆུང་ངུ་ཞིག་གསར་གཟོ་བྱས་མཚན་ཡོན་ཏན་འབྱུང་ཁུངས་དགོན་གསོལ། ཚོགས་པ་དེར་བསྡུས་ཏེ། ཉག་དཔོན་གྱིས་ཞི་འབྱུང་བྱམས་གསུམ་ཁོ་བའི་སེར་འབྲས་དགའ་གསུམ་ཡིན་ཟེར་ནས་གཙུག་ཏུ་བཀུར། དབྱར་གནས་དང་། མགོན་པོ་འབུམ་ཐེར། བཀའ་འགྱུར་སོགས་ལོ་དུས་ལྟར་བཏོན་བཅུག། ཉག་སྟོད་སྨད་སྡེ་སྨད་དགེ་ཁྲོམ་ཐར་ཕྱོགས་ནས་བསྡུས་པའི་སྟོང་གྲྭ་བཙུགས། གྲྭ་ཁྲིམས་བསྡུ་བ་དང་གྲྭ་གཏད་འཛུགས་པ་སོགས་ལུགས་གཉིས་ཀྱི་ཁྲིམས་ཤིན་ཏུ་དམ། དེ་དག་གི་དུས་སུ་ལྕགས་དུད་ཤེས་རབ་རྒྱལ་མཚན་གྱི་གདུང་རྒྱུད་འཛིན་པ། ཆོས་ཡུལ་ཨ་མཆོད་ཚང་ལ་བབ་པ་ཡིན་པས། ད་ལྟའི་བར་བླ་རབས་བདུན་ཙམ་བྱོན་པ་རྣམ་ས་ནས་དགོན་འདི་ལ་བཀའ་དྲིན་བསྐྱངས་བ་ཡིན་ནོ། རབ་བྱུང་བཅོ་ལྔ་པའི་དུས་ཙམ་ན། སྔར་དགོན་པའི་འདུ་ཁང་ཆུང་ངུའི་ནང་དུ་འབའ་སྤྲུལ་རྡོ་རྗེ་འཆང་གིས་རྒྱལ་བའི་བཀའ་འགྱུར་གྱི་ལྗགས་ལུང་གསུངས། གདུལ་བྱ་མང་ཆེ་བའི་འདུ་ཁང་ནང་དུ་མ་ཆུད་པར། དབའ་སྤྲུལ་ནས་གཙུག་ལག་ཁང་གསར་པ་བཞེངས་དགོན་ཏུ་ཞལ་བཀོད་དང་། རྒྱལ་སྲས་བསོད་ནམས་ལྡེའུ། བཙན་གྱིས་ལུང་བསྟན་ལྟར་འདུ་ཁང་སྲིད་དུ་ཁྲུ་བརྒྱ་དང་ལྔ་[page 231] ཡོད་ཅིང་། ཞེང་དུ་ཁྲུ་བདུན་ཅུ་དོན་ལྔ་ཅན་རྟེན་དང་བརྟེན་པར་བཅས་བཞེངས། ལྭ་དཀར་དཔོན་གྱིས་མཐུན་རྐྱེན་རྒྱ་ཆེ་དང་ཁྲོམ་དགེ་བླ་བྲང་གིས་རྟ་བཅུ་གསུམ། འདུ་ཁང་རྟེན་དུ་གནང་སྦྱིན་ལས་འགྲན་ཟླ་དང་བྲལ་བ་གྲུབ། འབའ་ཕུང་དགོན་གྱི་སྤྲུལ་པའི་ལྷ་བཟོ་བསོད་དགས། བྱམས་ཆེན་ཐོག་རྩེག་ལྔ་པ་ཅན་དང་། དུས་གསུམ་སངས་རྒྱས། གུ་རུ། སྤྱན་རས་གཟིགས། གནས་བརྟེན་བཅུ་དྲུག་བྱང་སེམས་ཉེ་སྲས་སོགས་བཞེངས། ལོག་རིས་སངས་རྒྱས་དང་གུ་རུ་སྐྱེ་རབས། ཞི་དྲག་སོགས་ཀྱར་མཚར་ཅན་བཞེངས་ཏེ་ད་ལྟའི་དུས་སུའང་མ་ཉམས་པ་འདིའོ།
ཁྱད་པར་དུ་ཚ་ཉག་ཤེས་རབ་མཐར་ཕྱིན་དང་ཧོར་པོ་ཤྰཀྱ་རྒྱལ་མཚན། མཁས་གྲུབ་ཡེ་ཤིས་རྒྱལ་མཚན་སོགས་ཀྱི་གསང་གབུམ་གཅིག་ཏུ་བསྡུས་པ་སྙིགས་མའི་དུས་སུ་བླ་མ་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་བ་མཁན་ཆེན་ལེགས་བཤད་མཁས་ལྡན་ནི། རང་དགོན་ཉེ་འདབས་སུ་ཡབ་ཚེ་རིང་ནོར་བུ་དང་། ཡུམ་པོ་ཆུང་གི་སྲས་སུ་རབ་བྱང་བཅོ་ལྔ་པའི་མེ་ཁྱི་ལོར་སྐུ་བལྟམས། ཆུང་དུས་ནས་རྫ་གནོད་ཕྱག་ཏུ་བཟུང་བཞིན་རྡོ་སྟེང་དུ་ཡང་ཡང་བརྡབ་ཀྱང་གས་ཆག་མེད་པའི་སྒྱུ་རྩལ་འགྲན་པ་སོགས་བྱིས་པ་གཞན་ལས་ལྷག་པར་གྱུར། ཤིང་ཕུར་དེར་སྐུད་པ་རིང་པོ་བཏགས་ནས་ཀི་ལི་ཀི་ལ་གསུང་བཞིན་བསྙེན་མཚམས་ཟླ་ཤས་རེ་བཞུགས། ཕྱུག་རྫི་སོང་བར་གཞི་བདག་མི་རྟ་ནག་པོ་བོན་པོའི་ཐ་ཚིག་ལ་གནས་པ་ཞིག་གིས་མདའ་སྣུན་བྱུང་བར་དྲན་མེད་དུ་བརྒྱལ། སངས་པ་ན་རི་བྲག་ཐམས་ཅད་ཟང་ཐལ་དུ་མཐོང་བ་དང་ལྷ་འདྲེ་དང་གཏམ་ལབ་པ་ཟས་བྱིན་འཕྲོག་སོགས་འཁྲུལ་ཉམས་སྣ་ཚོགས་འཆར་བར། ལས་རབས་གླིང་པས་ཤང་ཚལ་གནང་བ་དེ་མྱོང་བས་སྙུན་ལས་གྲོལ། དགུང་གྲངས་བདུན་པར་ཞང་པོ་བློ་གྲོས་བསྟན་འཕེལ་ལས་ཡི་གེ་བསླབ། འཇམ་སྡུད་བཟང་གསུམ་ཁ་དོན་རྒྱུན་པར་མཛད། མཁས་དབང་བླ་མ་ཆོས་གྲུབ་བྱམས་འབྱོར་དགོན་དུ་གཏེར་ཆེན་ཆོས་རྒྱལ་གླིང་པའི་ཟབ་གཏེར་སྲོག་གཏད་བཅས་ཡོངས་རྫོགས་སློབ་ཚོགས་གྲལ་དུ་ཞུས། དང་པོ་ཆོས་སྒོ་འདྲེན་པའི་བླ་མ་ཡིན་ཞེས་ཐུགས་གརྩིགས་སུ་མཛད། བཅུ་བདུན་པའི་དུས་ཀུན་གཟིགས་སྐྱབས་རྗེ་ཀཿ་ཐོག་སི་ཏུ་རིན་པོ་ཆེ་ཉག་ཡུལ་རང་དགོན་དུ་བྱོན་པའི་མདུན་རབ་ཏུ་བྱུང་སྟེ་མཚན་ཐུབ་བསྟན་ལེགས་བཤད་འབྱོར་ལྡན་གསོལ། ཀཐོག་རྒྱུད་སྡེ་བཤད་གྲྭ་ནང་དུ་ཕེབས་དགོས་ཚུལ་གྱིས་བཀའ་བསྒོས་བཞིན་ཞང་པོ་བླ་མས་སྟ་གོན་བསྒྲིགས་ཏེ་བྱོན་པའི་སྔར་ནུབ་རྨི་ལམ་ན། ཁང་ཆེན་རྒྱན་གྱིས་སྤྲད་པའི་དབུས་ཁྲི་སྟེང་དུ་སྐྱབས་རྗེ་སི་ཏུ་རིན་པོ་ཆེ་ཞུགས་བཞིན་པའི་ཕྱག་ན་ཚོགས་ཆེན་པོ་ཚོགས་རྫས་བཅས་བློས་དཔག་མི་ནུས་པ་ཞིག་གནང་ནས། སྔོན་ཚེ་བླ་མ་ཀཿ་ཐོག་པའི་མདོ་སྒྱུ་སེམས་གསུམ་ཡོངས་རྫོགས་ཀྱི་ཆོས་བཀའ་ལོངས་སྤྱོད་རྒྱ་ཆེ་ཡང་ཁྱོད་ཀྱི་སྐལ་བ་འདི་ཙམ་ལགས། ཞེས་གསུངས་པར་རྨིས་པས་ཕྱིས་ཀཿ་ཐོག་ཏུ་ཕེབས་དུས་སི་ཏུ་རིན་པོ་ཆེའི་གཟིམ་ཤག་རེད་འདུག་གསུངས། དེ་ནས་བཤད་གྲྭར་ཞུགས་ཏེ་མཁན་[page 232] ཀུན་དཔལ་བདུན་མདོ་སྔགས་རིག་གནས་དང་བཅས་མང་དུ་གསན། མཁན་ཆེན་ངག་དགའི་མདུན་ལོ་གསུམ་རིང་དེ་མཚུངས་སུ་ཐོས་བསམ་མཛད་དེ་མདོར་ན་རྒྱུད་སྡེ་ནང་ལོ་ལྔ་ཞུགས་ཏེ་གསན་བསམ་མཛད་པས་གཞན་དྲིང་མི་འཇོག་པའི་སྤོབས་པ་རབ་ཏུ་རྒྱས་ཏེ་མཁན་པོས་བསྔགས་པའི་སིལ་མ་བཀྲམ། མཁན་ཆེན་ངག་དགའི་མདུན་བསྙེན་པར་རྫོགས་ཏེ་དགོས་དབང་གིས་ཐུབ་བསྟན་དུལ་བའི་སྡེ་ཞེས་མཚན་གསོལ། སི་ཏུ་རིན་པོ་ཆེའི་མདུན་རིགས་གཏེར་སོགས་མཛོད་ལྔ། བཀའ་དགོངས་སྙིང་རྒྱུད། བཀའ་བསྟན། མཛད་མདུན། ཡ་བཞི། བདུད་ཀློང་། གནམ་ཆོས། འཇའ་མཚོན། ཀཿ་ཐོག་པའི་ཁྲི་ཆེན་སྐོར། ཀློང་གསལ་སྔོན་དངོས་རྩ་རླུང་སོགས་དང་། མཁན་ཆེན་ཨ་སྟོབས་མདུན་ལྔ་འགྱུར་བཀའ་མ་མོག་ཕྲིན་དང་། གཞུང་པོད་དམ་གཙང་བྱམས་གསུམ། ཀུན་མཁྱེན་ངག་དགའི་སྙིང་ཐིག་སྐོར་ཡོངས་རྫོགས་དང་། ཀཿ་ཐོག་མདོ་དབང་བྲང་རྩི་ཆུ་རྒྱུན་ཞི་ཁྲོ་ཕུར་གསུམ། སྙིང་ཐིག་སྔོན་དངོས་སྙན་བརྒྱུད་བཅས་རྗམ་པ་གང་བྱོའི་ཚུལ་དུ་ཡོངས་རྫོགས་མནོས། གཏེར་ཆེན་དྲི་མེད་མདུན་མ་ཏི་སེང་གདོང་། བླ་མ་དགོངས་འདུས་སོགས། བླ་གྲོས་རྒྱ་མཚོའི་མདུན་དགོངས་པ་ཟངས་ཐལ། ཀུན་མཁྱེན་ངག་དགའ་སོགས་ཀྱི་བཀའ་འབུམ་སྐོར་སོགས་མདོར་ན་བོད་གངས་ཅན་གྱི་ལྗོངས་བཀའ་བསྟན་གསར་ཪྙིང་རིས་མེད་ཀྱི་ཆོས་ཡོད་དོ་ཅོག་ཕལ་ཆེར་མ་གསན་པ་མེད། དེ་དག་ཀྱང་གོ་ལོ་ཐོས་ལོ་ཙམ་དུ་མ་བཞག་པར། ཉམས་གཤིས་དང་བསམ་བྱུང་གིས་གཏན་ལ་ཕབས་ཏེ་མཁས་བའི་ཡང་རྩེར་སོན།
རབ་ཚེས་མེ་འབྲུག་ལོར་བཤད་གྲྭའི་མཁན་ཁྲིར་མངའ་གསོལ་ཏེ། སྔ་ཕྱི་ལོ་བདུན་རིང་ལ་ཐོས་པའི་བག་ཆགས་འཇོག་པའི་གཞུང་བརྒྱ། བསམ་པས་སྒྲོ་དོགས་ཆོད་པའི་གཞུང་ཉེར་ལྔ། སྒོམ་པས་ཉམས་སུ་ལེན་པའི་གཞུང་ལྔ་བཅས་གདམས་པ་མན་ངག་གི་ལུགས་ལྟར་སློབ་མའི་རྒྱུད་ཐོག་དུ་ཏུ་ཕོག་པ་བྱེད་པས་གྲགས་པར་ཐོན་པའི་མཁན་པོ་བཅུ་གསུམ་བྱུང་། དེ་ཡང་ནུས་ལྡན། ཨོ་རྒྱན་བསྟན་འཕེལ། བསོད་ནམས་ཀུན་དགའ་བསྟན་འཛིན། འཇམ་དཔལ་རྒྱ་མཚོ། མཁན་རྒྱལ་མཚན་འོད་ཟེར་སོགས་མང་དུ་བྱུང་།
དེ་ནས་ཉིན་དགོན་བྲག་གདོང་རི་ཁྲོད་དུ་གཏན་བཞུགས་མཛད་ནས་ཕལ་ཆེར་སྐུ་མཚམས་བཞུགས་ཏེ་ཐུན་གསེང་དུ་སྐལ་ལྡན་སློབ་ཚོགས་ལ་སྔོན་དངོས་ཀྱི་བཀའ་དྲིན་རྩལ། འཆད་སྤེལ་རྣམས་ཆེ་ལོང་ཙམ་སྨྲོས་ན་བཀའ་འགྱུར་ཚར་བརྒྱད། ཪྙིང་རྒྱུད་ལྔ། བསྟན་འགྱུར་གཅིག། བཀའ་མ་གསུམ། བདུད་ཀློང་གཅིག།
མདོ་དབང་ཁམས་ལུགས་གསུམ། ཞི་ཁྲོ་ཕུར་གསུམ། མཛོད་མདུན་ངལ་གསོ་སྐོར་གསུམ་སོགས་དུ་མ། འཇའ་མཚོན་གཉིས། མཁའ་ཁྱོབ་རང་གྲོལ། ལས་གླིང་། ཀུན་མཁྱེན་ཡབ་སྲས། དམ་པ་ཡབ་སྲས། དཔལ་སྤྲུལ། སྨིན་གླིང་སྐུ་མཆོད། མི་ཕམ་སོགས་ཀྱི་བཀའ་འབུམ་སོགས་སྐུ་ཚེ་ཧྲིལ་པོར་སྨིན་[page 233] གྲོལ་འཆད་ཉན་ཁོ་ན་བགྱིས་པའི་སྨོས་ཀྱི་མི་ལང་། ཡུལ་སྡེ་ནང་དུ་མ་ནི་དུང་སྒྲུབ་བཙུགས་ཏེ། མ་ནི་དུང་བཅོ་ལྔ། སིངྡྷི་དུང་ལྔ་བཅས་འགྲུབ། གསུང་གནས་གཟུང་ཕུག་ཏུ་སྐུ་གསུམ་ལྷ་ཁང་སུམ་བཞེངས་ཏེ་བུམ་སྒྲུབ་མཛད་པས། སྨན་སྣོད་དང་མཁའ་ལ་འཇའ་ཤར་བས་སྨན་གྲུབ་འཇའ་ཟུག་མར་གྲགས། གསུངས་ལས་སྐྱེས་པའི་སློབ་མ་སྤྲུལ་སྐུའི་རིགས་ལ་ཞིང་སྤྲུལ་བདེ་ཆེན་རྡོ་རྗེ། སི་ཏུ་དབུ་རྒྱན་ཆོས་ཀྱི་ཉི་མ། རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། རྗེ་དབོན་ཚུལ་ཁྲིམས་རྒྱ་མཚོ་སོགས་དང་། རྨོག་སྤྲུལ་ཀུན་བཟང་སྐུ་མཆེད། རྒྱ་རོང་ཀརྨ་དམ་ཆོས་ ས་མང་བློ་བཟང་། ཉག་རོང་བླ་མ་ལེགས་བཤད། དྲི་མེད་བདེ་ཆེན་གཏེར་སྲས་སྐུ་མཆེད་སོགས་གངས་ཅན་མཐའ་དབུས་ཀུན་ཏུ་སློབ་བརྒྱུད་ཀྱིས་ཁྱབ་སྟེ་བསྟན་པ་སྤྱི་དང་བྱེ་བྲག་གི་དབུ་འཕང་མཁའ་དང་མཉམ་པར་གྱུར། རབ་རྒྱལ་ས་གླང་ལོར་མཁྱེན་སྤུལ་ཆོས་ཀྱི་བློ་གྲོས་མདུན་ཕེབས། གནང་རྒྱད་རྒྱ་ཆེ་དང་བཅས་ཉག་འབྱུང་དགོན་དུ་ཆིབས་བསྐྱོད་དེ་ཕྱོགས་ཀྱི་འདུས་པ་རྣམས་ལ་མོས་པ་ལྟར་སྨོན་གྲོལ་གནང་། རྗེ་དབོན་ཚུལ་ཁྲིམས་རྒྱ་མཚོ་དང་མཇལ་འཕྲད་མཛད་དེ་ཆོད་ཀྱི་བདུད་རྩི་གསོལ་རེས་མཛད། མཁྲིས་རིམས་ལྟ་བུའི་སྙུན་ཚུལ་ཅུང་ཟད་སྟོན། ཞལ་འཕྲོས་ལ་བརྟགས་པས་ཞི་བར་གཤེགས་པ་ཤེས་ཏེ་དགོན་པའི་བླ་གྲྭ་ཡོངས་ནས་བཞུགས་ཞུས་ཕུལ་ཡང་། དུས་ལ་འབབས་ན་དཔག་བསམ་ཤིང་ཡང་འགྱེལ། ཞེས་གསུངས་པས་ལན་མ་གནང་ཁོ་བོ་ལ་སྤྲུལ་སྐུ་རེ་ཡོད་ཤས་ཆེ་ཡང་མ་བསླུ་ནའང་བསྟན་འགྲོའི་དོན་རེ་ལོས་འགྲུབ་གསུངས། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་གླང་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ཕྱག་མཉམ་བཞག་དང་སྤྱན་ནམས་མཁའ་ལ་གཟིགས་ནས་ཉིན་ཕྱེད་ཙམ་བཞུགས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས། བདུན་གསུམ་ཐོག་ལ་དྲུག་བསྟོད་ཨ་དགེ་དང་ཀཿ་ཐོག་མཁན་བསོད་རྣམས་སོགས་ཕེབས་ཏེ་ཞུགས་ལ་ཕུལ་བས། གདུང་ཆེན་ཁ་དག་དམར་པོ་སྲན་ཟླུམ་ཙམ་བྱུང་། སྐབས་དེ་དག་ལ་མཁའ་ལ་འཇའ་མིག་མང་རིས་དང་ཐིག་ཟླུམ་སྣ་ཚོགས་འཆར། བདུན་གསུམ་དུས་ས་གཡོ་བ་སོགས་ས་མཐོར་གཤེགས་པའི་རྟགས་མཚན་ཡོངས་སུ་རྫོགས་པའོ། རང་དགོན་དུ་རྗེ་འདིའི་ཐུགས་སྲས་དང་གྲོལ། ཚུལ་ཁྲིམས་བློ་གྲོས། རྡོ་རྗེ་ཉི་མ། བཀའ་སྲུང་གནས་སྐྱབས་སོགས་མཁས་བཙུན་བཟང་པོས་བརྒྱན་པའི་བླ་མ་བཅུ་ཕྲག་ཙམ་བཞུགས་པ་དེ་རྣམ་པས་ད་ལྟའི་བར་དགོན་གཞི་ལ་ཐུགས་བློ་རྣམ་དཀར་གྱི་མཛད་བཟང་སྤེལ་བཞིན་པའོ།
མཁན་ཆེན་དེའི་ཡང་སྲིད་ནི། རིས་མེད་བསྟན་པའི་མངའ་དག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་ལུང་བསྟན་ཞུས་པ་ལས། མཁན་ཆེན་འབྱོར་ལྡན་ཡང་སྤྲུལ་ནི་སྐལ་བུ་ལྷ་ཡི་ལུང་བསྟན་བཞིན། མདོ་ཁམས་ཟལ་མོ་གང་གི་ཆར། ཡུལ་ནི་བཀྲ་མ་ལུང་ཞེས་ན། མདུན་ཕྱོགས་ཆོས་ཀྱི་ཕུང་པོ་མཛེས། ཐབས་ཤེས་བསམ་དང་མཚོ་གཉིས་ལས། ཕུ་ནི་ཆུ་འབྲུག་ལོ་པ་ཡིན། མི་འགྱང་རྒྱ་[page 234] གྲམ་གདོང་ལྔའི་ཕྲག། འཛེགས་ན་བསྟན་འགྲོའི་དོན་ཆེན་འགྲུབ། མཁྱེན་སྤྲུལ་པས་ཕུལ། ཞེས་སོགས་ལུང་བསྟན་ཞལ་གསལ་དང་། ཀ་ཐོག་ཚེ་དོན་པ་དཔལ་ལྡན་ལྷ་མོ། བབས་ཏེ་གོང་བཞིན་གསུངས་པའི་སྟེང་ཀ་བསྟན་ལ་ཕན་པ་དང་གསུང་གནས་གཟུང་ཕུག་དུ་བསྙེན་བསྒྲུབ་ཡན་ལག་བཞི་འབྲེལ་གྱི་བུམ་སྒྲུབ་ཚོགས་པས་འབྲེལ་ཚད་དོན་ལྡན་སོགས་ཀྱི་ལུང་བསྟན་ལྟར། ཡལ་མོ་གང་ཉག་སྐུ་ལུང་འབྲོག་ལྡེར་སི་ཏུ་ཆོས་རྣམས་ཀྱི་བློ་གྲོས་དང་གྲུབ་ཆེན་ཆོས་དབྱིངས་རང་གྲོལ་རྣམ་གཉིས་དང་འཁྲུངས་གཞིས་གཅིག་པ། སྤྲུལ་མདོ་སྦྲ་སར་ཞེས་པའི་དུད་ཚོ་རིགས་རུས་ཕུན་སུམ་ཚོགས་པར། རབ་བྱུང་བཅུ་དྲུག་པའི་ཆུ་དྲུག་ལོར། ཡབ་བསམ་བསྟན་དང་ཡུམ་ཤེས་རབ་མཚོ་གཉིས་ཀྱི་སྲས་སུ་མཚན་དཔེའི་དཀྱིལ་འཁོར་བཞད་མ་ཐག་འཇའ་འོད་དང་དྲི་བསུང་གི་ཁྱབ།
དགུང་གྲངས་བཞི་དུས། ཀཿ་ཐོག་མཁན་རྒྱལ་མཚན་འོད་ཟེར་དང་འཇམ་དབྱངས་རྒྱལ་མཚན། བླ་མ་གནས་སྐབས་བཅས་ཁྱིམ་དུ་བྱོན། གོང་མའི་ལྕགས་ཀྱི་སོར་གདུབ་གཞན་མང་པོའི་གྲལ་ནས་ངེས་འཛིན་ཏེ་ལན་མང་དུ་ཕྱག་གིས་བཟུང་། ན་བཟའ་སྐུ་ཆས་དང་བཅས་ཁྲི་སྟེང་དུ་མངའ་གསོལ་ཏེ་ཁྲུས་གསོལ་སོགས་མཛད་པ་ལ་སྐུ་རྣམ་སྣང་ཆོས་བདུན་ལོ་ནས་ཁྲི་སྟེང་ཉིན་རིང་དུ་བཞུགས། མཐར་ཁོ་རྣམ་པ་བྱོན་སྐབས་སྔོན་གྱི་བག་ཆག་སད་དེ་ཁོ་བོ་ཀཿ་ཐོག་འགྲོ་ཟེར་ནས་ཕྱིར་བཤོལ་མི་ཐུབ་པ་ཙམ་བྱུང་། དགུང་གྲངས་ལྔ་པའི་དུས་ཀ་ཐོག་ཏུ་གདན་དྲངས་ནས་སི་ཏུ་ཆོས་ཀྱི་ཉི་མ་དང་། མཁན་ཆེན་རྒྱལ་མཚན་འོད་ཟེར་གཙོས་མཁན་སྤྲུལ་བླ་གྲྭ་ཡོངས་ཀྱི་གཙུགས་ལག་ཁང་ཁམ་གསུམ་ཟིལ་གནོན་དུ་མི་འཇིགས་སེང་གེའི་ཁྲི་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ། དེ་ནས་ལོ་གཅིག་ཙམ་མཁན་ཆེན་རྒྱན་མཚན་འོད་ཟེར་གྱི་ཞབས་པར་བསྟེན་བཞིན་བཞུགས་པ་ལ། ཆུ་ཁྱི་ལོར་རང་དགོན་དུ་བླ་མ་གནས་སྐབས་ཀྱིས་བདག་གིར་མཛད་དེ་འབྱུང་དགོན་ཡུལ་སྡེ་བཅས་པས་གཙུག་ཏུ་བཀུར་ཞིང་ལྐོག་ཐབས་སུ་ཡི་གེ་བསླབ་པའི་ཚེགས་མེད་ཀྱིས་མཁྱེན། དེ་ནས་མཁན་རང་བྱུང་སོགས་ཀྱི་མདུན་ནས་རྒྱུད་བླ་ངེས་སྒྲོན། སྙིང་ཐིག་སྔོན་འགྲོ། སྤྱོད་འཇུག། སྡོམ་འགྲེལ། གསང་སྙིང་སོགས་ཐོས་བསམ་མཛད། བྱམས་དགོན་དུ་མཁས་པའི་དབང་པོ་མཁན་ཚུལ་ཁྲིམས་མཐར་ཕྱིན་མདུན། སྤྱོད་འཇུག། སྡོམ་འགྲེལ། སོགས་སློབ་གཉེར་མང་དུ་མཛད། མཁན་རྒྱན་མཚན་འོད་ཟེར་མདུན་སྔ་མོ་དུས་ཟིང་ཆེ་དུས་གསང་སྟོབས་ཀྱི་མདུན་བཅར་ཞུས་པ་ནས་ཕྱིས་བསྟན་པ་སླར་འཆར་བའི་སྐབས་ཞི་བར་མ་གཤེགས་བར་འབྲལ་མེད་དུ་འགྲོགས་ཏེ། གསུམ་ཚིགས་གསུམ་རིམ་ནོད་ཀྱི་བསྙེན་པར་རྫོགས་ཏེ་ཉེས་པའི་དྲི་མས་མ་གོས། རྫོགས་ཆེན་སྙིང་ཐིག་སྔོན་འགྲོ་སྐོར་དང་ དངོས་གཞི་དམར་ཁྱིད་གནང་སྨིན་ལ་བསྟེན་པས་རྟོགས་པའི་རྩལ་འཕང་བསྙེས། ཁྲིད་ཡིག་ཡེ་ཤིས་བླ་མ། མཁན་ངག་དགའ་སྙན་བརྒྱུད་སྐོར་ཡོངས་རྫོགས། ཀློང་གསལ་སྔོན་དངོས་རྩ་རླུང་། མཆོག་སྤྲུལ་རིན་པོ་ཆེ་གཅིག་པུས་ཞུས་ངོར་བདུད་ཀློང་།[page 235] བཀའ་མ། ཡ་བཞི། སྙིང་ཐིག་པོད་གཉིས། ཀར་གླིང་། ཡང་སྙིང་འདུས་པ་སོགས་སྨིན་གྲོལ་རྒྱ་ཆེ་དང་། ངེས་སྒྲོན། སྤྱོད་འཇུག་ཤེར་ལེའུ་ཀེ་ཏ་ཀ། དོན་རྣམ་ངེས། དབུ་མ་རྒྱན་འགྲེལ། མཁས་འཇུག་ལན་གཉིས། སྡོམ་གསུམ་དཔག་སྙེ། ཡོན་དགའི་མཆན་འགྲེལ། གསང་སྙིང་སྐོར་སོགས་ཐོས་བསམ་མང་དུ་མཛད་པས་མཁྱེན་པའི་རྩལ་རྫོགས། མཁན་འཇམ་དབྱངས་མདུན་རྩིས་སོགས་ཐུན་མོང་རིག་པའི་སྐོར་དང་། མདོ་འགྲེལ་པོད་བཞི། མཛོད་བདུན། རང་ཟོམ་བཀའ་འབུམ། ཀ་ཐོག་པའི་ཁྲིད་ཆེན་སྐོར། ཪྙིང་རྒྱུད། བཀའ་མ། བདུད་ཀློང་སོགས་ཀྱི་ལུང་གི་རིམ་པ་རྣམས་ཞུས། སྤྲུལ་སངས་རྒྱས་ཚེ་རིང་མདུན་གཏེར་མཛོད་སྨིན་བྱེད་ཡོངས་རྫོགས་དང་ལུང་གི་རིམ་པ་རྣམས་སྨུག་སངས་མཁན་དོན་རྒྱལ་མདུན་ཞུས། ཁྲོམ་མཆོག་སྤྲུལ་ཨ་རིག་མདུན་སྔོན་དངོས་ཡོངས་རྫོགས་དང་། མཁན་དམ་པ་མུན་སེལ་མདུན་ངག་དགའི་སྙན་བརྒྱུད་སྐོར་སོགས་ཞུས། ཁོང་ལ་དམ་པའི་འོད་ཆོག་གི་སྨིན་བྱེད་ཅིག་དགོས་གསུང་བཞིན་ཕུལ། ཞེས་ཀཿ་ཐོག་པའི་བསྟན་རྩ་ལའང་བསྟན་པ་ཅུང་ཟད་སྤེལ་ཆོག་རྒྱུའི་དུས་བྱུང་བ་ནས་བཟུང་གུར་ཆེན་པོ་བདག་རྐྱེན་སྒྲུབ་ཏེ་ཀ་ཐོག་ཏུ་ཚེས་བཅུ་ཆེན་པོའི་དརྗ་བཟུང་། ཀ་ཐོག་ཏུ་སྒྲུབ་གྲྭབཅུ་ཕྲག་གཉིས་ཙམ་ལ་གསོལ་ཕོགས་བཅས་རྒྱུན་འཇགས་སུ་འཛུགས། འབག་བཅའ་བ་དང་། སྡོམ་བུ་ལ་བརྟེན་ནས་ཀཐོག་པའི་བསྟན་པ་ལ་བྱ་བ་རྒྱ་ཆེར་སྒྲུབས། འབྱུང་དགོན་དུའང་བསྟན་པའི་གཞི་མ་རྨང་ནས་གསོས་ཏེ་འདུ་ཁང་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་དང་། རབ་བྱུང་བསྙེན་རྫོགས་སྟོང་ལ་ཉེ་བ་བསྒྲུབས། མཁན་ཆེན་རྒྱན་མཆན་འོད་ཟེར་ལ་སློབ་མ་སྐར་ཚོགས་ལྟ་བུའི་ཁྲོད་ན་ཆུ་ཤེར་དབང་པོའི་དཀྱིལ་འཁོར་བཞིན། སི་ཏུ་ཆུས་ཀྱི་རྒྱ་མཚོས་ན་བཟའི་པཎ་ཞུ་བཟོས་པ་དང་། འཇམ་དབྱངས་ཀྱི་ལི་སྐུ་ངོ་མཚར་ཅན། གདན་བཅས་གནང་། སླར་ཡང་བསྟན་པ་སྤྱི་དང་བྱེ་བྲག་རྣམས་ལ་ཐུགས་བརྒྱུད་སྟོབས་ཆེ་དགོས་ཚུལ་དང་ཁྱེད་སྐུ་ཁམས་བརྟན་ངོས་རྣམ་དཀར་གྱི་འཕྲིན་ལས་མཁའ་དང་མཉམ་པའི་ཤིས་སྨོན་གྱི་ཞལ་ཁྲོད་གནང་། བླ་མའི་གདུང་རྟེན་ལ་མཆོད་བསྔོས་རྒྱ་ཆེར་བསྒྲུབས། ལྷ་ལྡན་དུ་བྱོན་ཏེ་དངོས་རྫས་གྱ་ནོམ་པའི་ཇོ་བོ་བསམ་ཡས་གཙོས་དགོན་སྡེ་རྣམས་ལ་མཆོད་འབྲེལ་ཟབ་རྒྱས་མཛད། སློབ་ཚོགས་ཉིས་སྟོང་ཉེ་བར་སྨར་ཁམས་སུ་རིན་ཆེན་གཏེང་མཛོད་སྨིན་གྲོལ་ཡོངས་རྫོགས། ཀཿ་ཐོག་ཏུ་རིན་ཆེན་གཏེར་མཛོད་གཅིག་འབྱུང་དགོན་ཏུ་རིན་ཆེན་གཏེར་མཛོད་གཅིག་བཅས་གསུམ་དང་། རང་དགོན་དུ་བདུད་ཀློང་གཉིས་ཀྱི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། ཤར་རྒྱལ་པ་ཀཿ་ཐོག་པའི་བསྟན་པའི་བདག་པོ་གནང་ཏེ་ཞིང་སྤྲུལ་རིན་པོ་ཆེས་སྟོང་གྲྭ་ཆེན་པོའི་སྐབས་སུ་གཙོ་འགན་བཞེས་པ་དང་ད་ལྟའང་འགན་བཞེས་བཞིན་པའོ།
མཁན་པད་མ་མཐར་ཕྱིན་ནི་རང་དགོན་གྲོང་སྡེའི་ནང་དུ་བལྟམས། སྨྱོ་ཤུལ་ལྗོན་པ་ལུང་དུ་མཁས་དབང་ཨ་ཕྲིན་མདུན་སློབ་གཉེར་ལོ་མང་དུ་མཛད་པས་མཁས་པའི་རྩེར་སོན། ཀཿ་ཐོག་ཏུ་མཁན་ཨ་[page 236] ཤེར་མདུན་མདོ་སྔགས་ཀྱི་གཞུང་དུ་མ་ནོས་པས་འཆད་རྩོད་རྩོམ་གསུམ་ཐོགས་མེད་དུ་མཁྱེན་པའི་ཀ་ཐོག་པའི་རྒྱུད་སྡེ་བཤད་གྲྭའི་མཁན་པོ་ལོ་མང་མཛད་དེ་ ཞལ་སློབ་མཁན་ཚུལ་ཁྲིམས་མཐར་ཕྱིན་སོགས་གྲགས་པ་ཐོན་པའི་མཁས་པ་མང་དུ་བྱུང་། དེ་ནས་ཆབ་མདོ་ཁམས་པ་སྒར་དུ་མཁན་པོ་མངགས་ཏེ་ལོ་ཤས་བཞུགས་འཐར་ཡུལ་སྟོང་ཞིག་ཏུ་འདས་ཞེས་གྲགས། དུས་མཆོད་སྒྲུབ་ཁག་སྔོན་རག་འཕྲུལ་བླ་རབས་སྐབས་སྲོལ་ཅི་ཡོད་ཡིག་ཆ་མ་མཐོང་། རབ་བྱུང་བཅུ་བཞི་ཡན་མན་ནས་ད་ལྟའི་བར་བོད་ཟླ་དང་པོའི་ཚེས་གཅིག་ནས་བཀའ་མ། དོང་སྤྲུགས། རྡོར་སེམས་གཉིས་ཞག་བདུན། དེ་ནས་ཐུགས་ཆེན་ཡང་འདུས་ཀྱི་སྒོ་ནས་མ་ནི་སྒྲུབ་པ་སྐྱ་འདུ་སེར་ཚོགས་ལྷན་དུ་ཞག་བདུན། དེ་ནས་བདུད་འདུལ་ཞིང་སྐྱོང་གསོལ་མཆོད་འབུམ་ཏེར་གཅིག། ཟླ་བ་བཞི་པའི་ཚེས་གཅིག་ནས་ཀློང་གསལ་པད་མ་འོད་འབར་གྱི་རྗམ་སྒྲུབ་དང་། བདུད་ཕུར་གྱི་སྒྲུབ་པ་སྟ་གོན་དངོས་གཞི་བཅས་ཞག་བཅུ། འཇིགས་གླིང་ཞིང་སྒྲུབ་ཞག་བདུན་དང་། དཔལ་མོའི་ལུགས་སྙུང་གནས་ཆ་གསུམ་བཅས་སྐྱ་སེར་ཐམས་ཅད་སྡོམ་འབོག་པ་དངཚོགས་བསགས་རྒྱ་ཆེར་བསྒྲུབ་ལ། ཟླ་དྲུག་པའི་ཚེས་བཅུ་ཉིན་ཚོགས་འཁོར་སོགས་མཆོད་འབུལ་ལ་བརྩོན་པ་ཉིན་གཉིས་ཙམ། ཟླ་དགུ་པའི་ནང་བཀའ་བརྒྱད་གསང་རྫོགས། གུར་དྲག་ར་ཊ་གླིང་རྟ་ནག་རྣམས་ཀྱི་གཏོར་ཟློག་དང་རྡོ་གྲུབ་ཀྱི་གཅོད་འདུལ་བཅས་ཟླ་བཅུ་གཅིག་པའི་ནང་དུ་བླ་མ་མཆོད་ཆོག། རབ་གནས་དང་། མ་ཏི་སེང་གདོང་། རྒྱ་རོང་གཏེར་དོན་ཟབ་གཏེར་གཤིན་དམར་གཉིས་ཀྱི་གཏོར་ཟོར། ཟླ་བཅུ་གཉིས་ནང་གུར་དྲག་ཡི་ཤེས་རབ་འབར་དང་། ཉང་གི་བཀར་བརྒྱད་བདེ་འདུས་ལ་རྟ་དབྱངས་སྨིན་ལུགས་ཀྱིས་འགེབས་ནས་ནམ་དུས་ཚེས་བཟང་པོར་གནས་ཆེན་བྱིན་འབེབས། བསང་རྔན་དང་ཆུ་སྦྱིན་སོགས་ཀྱི་སྲོལ་ཡོད། ད་ལྟའི་དུས་སུ་འང་རིམ་པར་སྔོན་མའི་སྒྲུབ་ཁག་རྣམས་ལོ་རེ་བཞིན་གསར་འཛུགས་བྱེད་བཞིན་པའོ། སྐུ་གསུང་ཐུགས་རྟེན་ནི། ཁྲུ་གང་ཙམ་གྱི་གསེར་སྐུ་སྒྲོལ་ལྷ་ཉེར་གཅིག་གནས་བསྟན་བཅུ་དྲུག། འཇིགས་པ་བརྒྱད་སྐྱབས་དེ་ལས་ཅུང་ཆུང་བའི་ཉེ་སྲས་བརྒྱད། སངས་རྒྱས་རབ་བདུན་ ས་པཎ་ཀརྨ་པ། ལི་མ་འཇམ་དཔལ། གུ་རུ་ཞལ་གསུངས་མ། གདུགས་དཀར། སྤྱན་གཟིགས་དུས་གསུམ་སངས་རྒྱས་ཚེ་དཔག་མེད་དངུལ་སྤྱན་ཟངས་ཞལ། བྱམས་སྐུ་རྒྱ་ནག་ལུ་མ། སྟོན་སྐུ་རྡོར་གདན་མ་བཅས་སྒྲོལ་སྐུ་ཆབ་ལེ་ཁྲུ་གསུམ་པ་ཅན་རྟེན་སྒམ་དུ། ལི་སྐུ་ཐུབ་པ། ཉང་གཏེར་ཕག་མོ། སྤྱན་གཟིགས་ལི་མ་ཁྱུད་གང་པ་ཇ་སྒམ་བརྒྱ་རིན་མ། བྱམས་པ། སྒྲོལ་མ་རྡོ་རྗེ་ཕག་མོ། ཛམྦྷ་ལ་བཅས་གཏེར་མ། བཀའ་གདམས་མཆོད་རྟེན། སྣར་ཐང་བཀའ་བགྱུར་གཙོས་པོད་གསུམ་བརྒྱ་ཙམ་དང་། དུང་འཁོར་གཉིས་དང་འཁོར་ཆུང་མང་པོ། ཐང་ཀ་བརྒྱད་བཅུ། རྒྱན་མཚན་དང་ཀ་འཕན་རིགས། འཆམ་གོས་ཆ་ཉི་ཤུ་དཀྱིལ་འཁོར་དྲ་ཆས། གདུང་རྟེན་གསེར་དངུལ་བཀྲ་མའི་ཆ་བརྒྱད་ཁྲུ་གསུམ་ཙམ་རེ། གསེར་དངུལ་གྱི་མཆོད་ཆ་ཆ་རེ་དང་། [page 237] གཞན་མཆོད་ཆ་དུ་མ། གསེར་དངུལ་བཀྲ་མའི་དུང་ཆ་གཉིས་དང་དུང་དམར་འདུ་ཁང་སྟེང་གི་གསེར་ཏོག། རྒྱལ་མཚན་བཞི། ཆོས་འཁོར་བཅས་དང་དངུལ་ཀོང་བརྒྱ་དང་སུམ་བཅུ་སོ་གསུམ། དངུལ་ཏིང་བདུན་ཚར་གསུམ། དངུལ་སྒོར་བདུན་བརྒྱ། བྱི་རུ་དང་དངུལ་ཁྲོག་རིགས་དུ་མ། རོལ་མོ་རིགས་རག་འཕྲུལ་རྒྱ་ནག་ཧོར། བལ་རོལ། རྒྱ་རོལ་སོགས་བཟང་ངན་ཁྱོན་ཉེར་གསུམ། སྤྲུལ་བློ་དགའི་གསེར་སྐུ་ལི་མ་སྤུས་ལེགས་བཅུ་གཉིས་ཐང་ཀ། མི་ཕམ་བཀའ་འབུམ་སོགས་མང་དུ་ཡོད་པ་རྣམས་རིག་གནས་གསར་བརྗེའི་སྐབས་སུ་བརླག། དེང་སང་གསེར་སྐུ་བརྒྱ་དང་ཉེར་ལྔ། ཪྙིང་པ་བཅོ་ལྔ་ དངུལ་མཆོད། གསེར་གླིང་གཉིས། དུང་དམར་འཆམ་དགོས་སོགས་དང་གསུང་རྟེན་ལ་བཀའ་བསྟན། ཪྙིང་རྒྱུད། བཀའ་མ་རྨིན་ལུགས་དང་། ཟུར་ལུགས། རིན་གཏེར་སོགས་རིས་མེད་ཀྱི་དབུ་ཕྱག་རྫོགས་ཆེན་ཆོས་སྐོར་གྱི་ཁྲིད་ཡིག་རྣམས་དང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་པོད་གཉིས། ཚངས་དབྱངས་རྒྱ་མཚོ། གྲུབ་དབང་ཤྰཀྱ་ཤྲྰིའི་རྣམ་ཐར། དཔལ་ཡུལ་ཀརྨ་སྐུ་ཆེན། རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན། བུ་སྟོན་ངོར་མཁན་ཆེན། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་ཇོ་བོ་རྗེའི་རྣམ་ཐར་སོགས་གསར་ཪྙིང་སྐྱེས་ཆེན་དམ་པའི་རྣམ་ཐར་སྐོར་སོགས་མདོར་ན་གནས་སྐབས་སུ་འགྲན་ནུས་མེད་ཙམ་གྱི་དཔེ་མཛོད་ཆེན་མོ་འདི་ནི་སྔར་ནས་ཡོད་སྟེང་དུ་མཁན་ཆེན་འབྱོར་ལྡན་སྐུ་སྐྱེ་གོང་འོག་གི་བཀའ་དྲིན་ལས་བྱུང་བའོ། མཆོད་ཡོན་ནི་ཧོར་ལྭ་དཀར་དང་། འབའ་ཕུང་། ཁྲོམ་དགེ་ཉག་སྐེད་ས་ནག་ཚོ་དང་སྔོན་ལྕགས་མདུད་ཚང་གི་སྐབས་བློ་བཙན་རྒྱ་མཚོ་དང་། དགོན་པོ་གཉིས་བྱུང་། ཕྱི་མ་ལ་བུ་ཨ་སྨུག་སོགས་དང་དཔོན་གདུགས་པ་ཚོ། དཔོན་ཟླ་དབྱངས། རྩེ་འབུར་རྒྱལ་མཚན་སོགས་དཔོན་པོ་རྣམས་དང་ཡོན་མཆོད་དུ་གྱུར་ད་སྐབས་སུ་མཆོད་སྦྱིན་ཡོན་གྱི་བདག་པོ་དུད་གྲངས་བདུན་ཅུ་དོན་བདུན་ཡོད། མཆོད་བསྔོས་རྟེན་དུ་ནས་ཁལ་ལྔ་བཅུའི་ས་ཞིང་ཡོད། བླ་སེར་གཉིས་རེ་དང་སྤྱི་བླ་བཅས་ཀྱི་ལོ་གསུམ་རེར་རེར་མོ་བྱས་ནས་དགོན་པའི་བསྟན་བདག་བགྱིས་ཏེ་སྐྱོང་བའོ། ད་སྐབས་སུའང་མཆོག་སྤྲུལ་རིན་པོ་ཆེས་གཙོས་བླ་མ་བཅུ། བནྡེ་བརྒྱད་བཅུ་ལྷག་ཙམ་ཡོད་པ་རྣམས་སྔོན་གྱི་ཕྱག་སྲོལ་བཞིན། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཐུགས་མཐུན་ཁྲིམས་གཙང་ངང་བཞུགས་ཤིང་། སྤྱི་པ་གྲྭ་བརྒྱད་རེས་ལོ་གཉེས་ལ་འགན་བཞེས་མཛད་དེ། ཚོགས་པའི་མཐུན་རྐྱེན་དང་ཕྱི་ནང་གི་ཁྲིམས་སོགས་ལག་ལེན་བསྟར་བཞིན་དོན་གཉིས་སྤྱོད་པའི་མཛད་བཟང་སྤེལ་བཞིན་པའོ།
[page 238] དགོན་པ་ཐོག་མར་འདེབས་མཁན་རྡོ་རྗེ་རྒྱལ་མཚན་དང་། ད་ལྟ་དགོན་གསར་རྡོ་རྗེ་རྒྱལ་མཚན་གདན་ས་ལ་མིང་ཐོགས་ཡོད། ཁོ་ནི་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱི་དངོས་སློབ་ཡིན། རྒྱལ་མཚན་བཅུ་གསུམ་ལས་མཚོ་ཁ་ཐར་རྒྱལ་མཚན་དང་དགོན་གསར་རྡོ་རྗེ་རྒྱལ་མཚན་གཉིས་དུས་མཉམ་ཡིན། དགོན་པ་བཏབ་དུས་རབ་བྱུང་དྲུག་པའི་དཀྱིལ་ཙམ་ཡིན། ཆོས་བརྒྱུད་ནི་ཪྙིང་མའི་ཆོས་བརྒྱུད་ཡིན། ཁྱད་པར་འོག་མིན་སྨིན་གྲོལ་གླིང་དང་། ཁང་བརྩེ་རྒར་པའི་འཁྲུལ་ཞིག་ཡབ་སྲས་ཀྱི་ཕྱག་ལན་སྲོལ་རྒྱུན་ལྟར་ཡིན། ཀཿཐོག་དགོན་ལག་བརྒྱ་དང་ཞེ་བདུན་གྱི་ནང་ནས་གཅིག་ཡིན། བྲག་དབོན་སྤྲུལ་པདྨ་ནོར་བུ་འཁྲུངས་ཡུལ་སྐུ་ལུང་ཞིང་དགོན་ཡིན། གྲུབ་ཆེན་པདྨ་བདུད་འདུལ་གྱི་ངོས་འཛིན་མཛད། གྲི་རིང་བླ་བྲང་དུ་བྱོན་ནས་ཊ་རུ་ཁྲོལ་བ་སོགས་ངོ་མཚར་བ་དུ་མ་མཛད། ཁྱེད་ཀྱི་དབུ་སྐྲ་འདི་མ་བྲེག་གསུང་ཡང་། ཨ་ཞང་གི་ཤིག་ཚང་ལས་མི་འདུག་གསུང་ནས་བྲེག་པ་ཡིན། བླ་མ་ཁྱེད་བདུད་འདུལ་རྡོ་རྗེས་རྣམ་འཁྲུལ་ཡིན་པས་ཁོ་དང་མི་འདྲ་འཛམ་གླིང་གི་བླ་མ་ཡིན་ཡང་ད་རྟེན་འབྲེལ་ཅུང་མ་ལེགས་ཀྱང་རང་དགོན་ལ་ཕན་ཐོགས་ཅི་བསམ་འགྲུབ་གསུང་། དེ་ལས་གཞན་རྣམས་ལོ་རྒྱུས་སྔ་མ་ལྟར། དགོན་སྙིང་ནོར་རྗ་གླིང་གོང་ན་པད་མ་ནོར་བུའི་སྒྲུབ་གྲྭ་ཡོད། སྔར་བླ་བྲང་གོང་འོག་གཉིས་ཡོད། གོང་མ་དྲག་དཔོན་ཚང་། འོག་མ་ཨ་བསོ་ཚང་ལ་བླ་མ་སྨོན་ལམ་ཞེས་པ་དེ་མིས་ཁང་བྲག་ལ་ལོ་བདུན་བཞུགས་ནས་མཐར་ཀླུ་མོ་རབ་བྱོན་ནས་བླ་བྲང་འོག་མ་དང་དགོན་པའི་ས་ཞིང་བཅས་བླ་མ་རྣམས་ལ་ཕུལ་ཞིང་སྐྱབས་གནས་ཞུས། ཁོང་མྱ་ངན་ལས་འདའ་སྐབས་སྐུ་ལུས་ཁྲི་གང་ལས་མ་ལྷག་པ་རེད། དབོན་པད་མ་རྒྱལ་མཚན་ནི། དགོན་པ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་མཛད་མཐར་སྤྱི་ལོའི་༡༩༤༩ལོར་སྐུ་ཆོས་དབྱིངས་སུ་དེངས་སོང་། མཁར་བཟུང་བླ་མ་ནི་གཏེར་སྟོན་ཡིན། ཀློང་གྲོལ་རོལ་པ་རྩལ་ཞེས་རྫ་ཀ་མཆོག་སྤྲུལ་བདུན་ལོ་བཅུ་བཞི་བཞུགས་ནས་བླ་མ་དང་ཐུགས་དགོངས་དབྱེར་མེད་དུ་གྱུར། མཆོག་སྦྲུལ་ཁོང་གིས་དབུ་ཞྭ་གནང་ནས་རྒྱལ་བ་མཆོག་དབྱངས་རྣམ་འཕྲུལ་ཡིན་པར་གསུང་འགྲོ་དོན་འབར་ཁོག་ཡོད་པ་སོགས་མང་པོ་གསུང་འབའ་རོང་ཁོག་གཙང་ཤིང་རྡོ་རྗེ་གྲོ་ལོ་གཏེར་གནས་ནས་ཕུར་པ་ཞིག་བྲག་ནུ་མ་འདྲ་བ་ཡོད་ས་ནས་ཁྲོམས་གཏེར་བཞེངས། དགའ་བ་བྲག་དང་རག་མ་རྟ་མགྲིན་གནས་སེང་རྗེས་སོགས་ལ་གཟབ་གཏེར་བཞེངས། གཏེར་ཆོས་པོད་བཅུ་ཙམ་ཡོད། སྒྲོམ་བུ་ཕུར་བ། གཏེར་དྲིལ། ཛཾ་སྐུ་སོགས་ཡོད་རྡོ་ལ་ཞབས་རྗེས་བཞག་པ་དང་། གུ་རུ་རིན་པོ་ཆེ་དང་གེ་གསར་ཞལ་མཇལ། ཟང་མདོག་དཔལ་རི་བྱོན་པ་སོགས་ངོ་[page 239] མཚར་གྱི་རྟགས་མང་དུ་ཡོད། སྤྱི་ལོར་༡༩༥༤ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྤྲུལ་པདྨ་ནོར་བུའི་ཡང་སྤྲུལ་ཡོན་ཏན་འབྱུང་གནས་ཁོང་ནི་ལྷ་སྲས་ཆོས་འཕེལ་རྒྱ་མཚོའི་མདུན་དུ་བྱོན་ནས། སོར་བྱང་སྔགས་གསུམ་གྱི་སྡོམ་པ་ནོད། ཐོས་བསམ་དབང་ཁྲིད་གསན་པ་མཐར་ཕྱིན་ནས་རང་དགོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། སྤྱི་ལོ་༡༩༤༧ལོར་དགོང་ས་ཆོས་དབྱིངས་སུ་གཤེགས།
སྐུ་གསུང་ཐུགས་རྟེན་བཞུགས་ཚུལ་ནི་གུ་རུ་རིན་པོ་ཆེ་གཙོ་འཁོར་གསུམ་ཟངས་གསེར་ལས་གུབ་པ། ཁ་སར་པ་ཎི་མདའ་ཚད་མ་ལི་མ། གསེར་གླིང་ཆ་གཅིག་དངུལ་གླིང་ཆ་གཉིས། ཏོང་གླིང་ཆ་གཉིས་སོགས་མང་ངོ་། དེ་དག་ནི་རིག་གནས་གསར་རྫེ་བྱ་ངན་གྱི་ནང་མིང་མེད་དུ་བརླག་སོང་།
དེ་རྗེས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་གྲོལ་ཚོགས་ཐེངས་གསུམ་པའི་དགོངས་དོན་ཆོས་ལུགས་ཀྱི་སྲིད་ཇུས་སྤེལ་ནས་བཟུང་རྒྱལ་ཁབ་ཀྱི་རོགས་དངུལ་དང་མི་དམངས་ཀྱི་རང་སྟོབས་ཀྱི་ལས་ཀ་དང་དཔལ་འབྱོར་ཞལ་འདེབས་ཅི་ནུས་ཕུལ་ནས་དགོན་པ་ཉམས་གསོ་དང་སྔར་གྱི་ལྷ་ཁང་བཞེངས་ནས་ནང་བརྟེན་ནི་མཁའ་ཁྱབ་རང་གྲོལ་ཐང་སྐུ་སྤུས་ལེགས་ཉི་ཤུ། གུ་རུ་རིན་པོ་ཆེ་གཙོ་འཁོར་གསུམ། རྡོ་རྗེ་སེམས་དཔའ། ཤཀྱ་ཐུབ་པ། འོད་དཔག་མེད་རྣམས་འདམ་སྐུ། མགོན་ཁང་ནང་མ་མགོན་འགར་གསུམ་དང་ཆོས་སྐྱོང་དགོངས་འདུས་འདམ་སྐུ་ལུས་ཚད་མ། བཀའ་བསྟན་འགྱུར་ཆ་གཅིག། གསེར་སྐུ་རོལ་མོ་སྐོར། འཕན་གདུགས། མཆོད་ཆ་སོགས་མི་དམན་པ་བཞུགས། ལྷ་ཁང་གསེར་ཏོག་བཅས། བླ་བྲང་ཁག་གཅིག། ཇ་ཁང་། ཚོགས་ཟངས། གྲ་ཁང་ཉི་ཤུ། བླ་མ་ཨ་བད། བླ་མ་ཉི་མ། གྲྭ་པ་བཞི་བཅུ་ཡོད། མཆོད་སྡེ་ཁག་བདུན་ཅུ་ཡོད། སྔ་སྲོལ་ལྟར་དགོན་པའི་གྲྭ་པ་རྣམས་ཀྱི་ཕྱག་ལེན་དང་བསླབ་གསུམ་གྱི་མཛད་སྤྱོད་མི་ཉམས་པར་སྦྱོང་བརྩོན་ལྷོད་མེད་ཀྱིས་རྒྱུན་སྐྱོང་བཞིན་ལགས། དུས་མཆོད་ནི་ཧོར་ཟླ་དྲུག་པའི་ནང་མཁའ་ཁྱབ་རང་གྲོལ་གྱི་ས་སྒྲུབ་པ་ཉིན་བདུན། ཧོར་ཟླ་དགུ་པའི་ནང་བདུད་འདུལ་ཕུར་པའི་གཏོར་བཟློག། ཐོས་གྲོལ་བསྙེན་གནས་སོགས་རྒྱུན་ཚོགས་ཡོད་པ་རེད།
ཉག་ས་སྟོད་ཡང་དབེན་དགོན་ནི། གྲུབ་ཆེན་པདྨ་བདུད་འདུལ་གཏེར་ལུང་ལས། ངོ་མཚར་ལྷོ་གླིང་གངས་ཅན་ཤར་གྱི་ཕྱོགས:ས་རོང་བཞིའི་དབུས་གནས་ཨ་འཛི་རོང་ཚན་གྲག:ས། སྦས་ཡུལ་ཀོ་སྰ་ལ་ཡི་གནས་ལྔ་རུ: སྐུ་བཟུང་ཐུགས་ཡོན་ཕྲིན་ལས་གནས་ཆེན་ལྔ།: ཞེས་གསུངས་པ་ལྟར་ཉག་ཨ་རྫི་རོང་གི་སྟོད་ཆར། རྫ་ཆབ་སྔོན་མོའི་གཡས་ཀྱི་ཟུར། སྐུའི་གནས་ཆེན་ཞལ་དཀར་སྟོང་རག་བྲག། གསུང་གི་གནས་ཨ་བསེ་བྲག་དཀར། ཐུགས་ཀྱི་གནས་ཤང་ལང་བྲག་ ཡོན་ཏན་གྱི་གནས་དགའ་བ་བྲག། ཕྲིན་[page 240] ལས་གནས་སྣ་བྲག་དཀར་སྟེ་ལྔ་ལས་སྐུའི་གནས་ཞལ་དཀར་སྟོང་རག་དང་། དཀར་ཕྱོགས་སྐྱོང་བའི་གཞི་བདག་ཙ་དྷྰ་བདེ་མཆོག་ཕོ་བྲང་། རི་འགུགས་དཔལ་གྱི་རྡོ་རྗེ་ཡོང་འཛིན་རྡོ་རྗེ་བྲག་སྟེ་གནས་ཆེན་བཞིའི་དབུས། གངས་ལྡན་ཉེར་གཅིག་གཙོ་བོ་ཁ་བ་ལུར་རིའི་མདུན་ངོས། གནམ་འཁོར་ལོ་རྩིབས་དགུ་དང་། ས་པདྨ་འདབ་བརྒྱད་སོགས་དཔྱད་བཟང་ཕུན་སུམ་ཚོགས་པའི་དབུས་རབ་བྱུང་བརྒྱད་པའི་འགོར་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་དགོན་འདི་ཐོག་མར་བཏབ་མཚན་ཡང་དབེན་དགོན་ཞེས་གསོལ། འདུ་ཁང་ཀ་བཞི་མ་ཞིག་བཞེངས་ཏེ་ལྕགས་མདུད་ལྷ་ཁང་ཞེས་གྲགས་ཆོས་རྒྱུད་ཪྙིང་མ་དང་ཤར་པའི་དགོན་ལག་ཏུ་གྱུར་དེ་རྗེས་སུ་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ནས་གུ་རུ་གཙོ་འཁོར་གསུམ་བཞེངས། རབ་ཏུ་གནས་པའི་དུས་མེ་ཏོག་གི་ཆར་དང་འཇའ་འོད་སྣ་ཚོགས་འཁྲིགས། གུ་རུའི་གསུང་བྱོན་པས་གསུང་བྱོན་མ་ཞེས་གྲགས་ཏེ་བྱིན་རླབས་གུ་རུ་དངོས་དང་མཉམ་པར་གསུངས། ལྕགས་མདུད་ས་སྟོད་ཚང་ནས་མ་དགོན་མགར་གསུམ་བཞེངས་ཏེ་སྒྲུབ་མི་རྒྱུན་པར་བཞུགས་པས་དགོན་པོ་དངོས་སུ་འགྲུབ་པའི་རྟགས་མཚན་མངོན་དུ་གྱུར། དེ་ནས་དགོན་པོ་གསོལ་མཆོད་ཀྱི་རྒྱུན་དེང་གི་བར་དུ་དར། དེ་རྗེས་ས་སྐྱ་པའི་བླ་མ་དགའ་ཨ་ནན་ཏ་ཟེར་བ་ཞིག་བྱོན་ཏེ་གོང་གི་ལྷ་ཁང་ཟུར་དུ་གཙུག་ལག་ཁང་ཞིག་བཞེངས། ཀུན་འབྱུང་ཕན་བདེ་འོད་གསལ་བདེ་ཆེན་གླིང་ཞེས་མཚན་གསོལ་ཏེ་ཆོས་རྒྱུད་ས་སྐྱའི་སྒྲུབ་མཐར་བསྒྱུར་ནས་དགུན་གཏོར་གྱིས་རྡོར་གྲུབ་པ་དང་གར་འཆམ་བཅས་ད་ལྟ་ཡང་དར་སྨྱོ་ཤུལ་ངག་དབང་བསྟན་འཛིན་གྱི་སྲས་མོ་ཨ་རིག་དང་། མཛེས་དྲན་པ་ཚོའི་མི་རྒྱུད་ཞིག་པོ་གླང་པ་ཟེར་བ་གཉིས་ཀྱི་སྲས་ཡིད་བཞིན་དབང་རྒྱལ་ཟེར་བའི་སྤྲུལ་སྐུ་ཞིག་བླུས་ནས་དགོན་འདིར་བཞུགས་ཀྱང་དགུང་གྲངས་སུམ་ཅུའི་སྐོར་བཤེགས་སོང་བས་དེ་ཚུན་སྤུལ་སྐུའི་མིང་ཐོག་པ་མ་བྱུང་། བླ་མ་སྨོན་ལམ་ཟེར་བ་དགོངས་པ་ཀློང་རྡོལ་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་བྱོན་ཏེ་ཆོས་དབྱིངས་རིན་པོ་ཆེ་དང་། ཆགས་མེད་བདེ་སྨོན་ལ་འགྲེལ་བ་སྔ་ན་མེད་པའི་ངོ་མཚར་ཅན་སོགས་བཀའ་འརྗམ་མང་དུ་ཡོད་པ་དེ་ཀླུ་རབ་འཇམ་པའི་བདེ་བའི་ཉི་མ་ལ་གཟིགས་འབུལ་ཞུས་བས་གཟེངས་བསྟོད་དརྗགས་དབྱུང་། དེས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། གཞན་ཡང་སྤྲུལ་ཨ་རྡོའི་དངོས་སློབ་བླ་མ་སངས་རྒྱས་སོགས་དགེ་བའི་བཤེས་གཉེན་མང་དུ་བྱོན་ནས་དགོན་འདིར་ཡུན་དུ་བསྐྱངས་བར་མཛད། རྫོགས་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བྱོན་ཏེ་འཇའ་མཚོན་གླིང་པའི་ཟབ་གཏེར་སྐོར་སྨིན་གྲོལ་རྒྱ་ཆེར་གསུངས། དེ་ནས་རྫོགས་ཆེན་དགོན་ལག་ཏུ་གྱུར་ཏེ་གྲྭ་ས་ཡང་རྫོགས་ཆེན་དུ་བྱོན་པ་མང་། ཀཿཐོག་སི་ཏུ་རིན་པོ་ཆེ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ་བྱོན་ཏེ་བདུད་ཀློང་གཉིས་ཀྱི་གཏེར་ཆོས་སྨིན་གྲོལ་རྒྱ་ཆེར་གསུངས། ཡུལ་སྡེ་ཀུན་དགེ་བ་ལ་བཀོད་ཅིང་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབ་ཏེ་བསྟན་པ་བླ་ལྷག་ཏུ་གྱུར།
[page 241] རབ་བྱུང་བཅོ་ལྔའི་སྐོར་གཏེར་ཆེན་འགྲོ་འདུལ་གར་དབང་གླིང་པ་བྱོན་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལྗགས་ལུང་ཡོངས་སུ་རྫོགས་པར་བསྩལ། དེ་སྐོར་དུ་བླ་མ་བཅོ་ལྔ་དང་གྲྭ་པ་དགུ་བཅུ་ཙམ་རེ་བཞུགས། སྒྲུབ་ཁག་སྐོར་ལ་བླ་མ་ཆོས་འགྲུབ་ཀྱི་ཕྱག་བཞེས་ལྟར་བདེ་ཆེན་ཞིང་སྒྲུབ་དང་སྙུང་གནས་ཆ་བརྒྱད། དཀོན་མཆོག་སྤྱི་འདུས་ཀྱི་ཚེས་བཅུ་གར་འཆམ་བཅས། དབྱར་གནས་ཞག་ལྔ་བཅུ་ རྫོགས་ཆེན་གྱི་བླ་མ་རྣམས་ལ་གདུང་མཆོད། ཀར་གླིང་ཞི་ཁྲོ་སྨོན་ལན། དགུན་གཏོར་ཀྱེ་རྡོར་བཅས་དང་། གསེར་སྐུ་ལི་གཏེར་ཁོ་ན་རིན་ཐང་ཞལ་དུ་མེད་པ་དང་། མཆོད་ཆ་སྤུས་ལྡན་རྣམས་རིག་གནས་གསར་རྗེའི་སྐབས་སྦས་ཡོད་པ་ལ་སླར་ཡང་ལས་སྨོན་བཟང་པོའི་མཐུས་རྒྱལ་བསྟན་གསར་དུ་འཆར་བའི་སྐབས་སུ་སྔོན་གྱི་དགོན་ཤུལ་གྱང་རལ་ཙམ་ལས་མེད་པ་དང་། ཉི་མ་འཆར་དཀའ་བ་དང་དབྱར་དུས་འབབ་ཆུ་དྲག་པོས་གནོད་པ་སོགས་རྐྱེན་དག་གིས་སྐྱ་སེར་ཀུན་བློ་གཅིག་དྲིལ་གྱིས་དགོན་སྡེ་སྤོས་ཏེ། ཆབ་མདོ་ནར་ཆེན་ཀུན་བཟང་འགྲོ་འདུལ་དང་མཁྱེན་བརྩེ། རྫོགས་སྤྲུལ་སོགས་དམ་པ་དུ་མའི་དངོས་སློབ་བླ་མ་བསྟན་པ་རྒྱལ་མཚན་དང་ཁྲོམ་དགེ་མཆོག་སྤྲུལ་འཇིགས་མེད་རྣམ་རྒྱལ་སོགས་ཀྱིས་ས་བསླང་མཛད། འདུ་ཁང་རྟེན་དང་བརྟེན་པ་བཅས་རགས་རིམ་གྲུབ་བཞིན་པ་འདིའོ། བླ་མ་ཨ་ཆུང་དང་ཁྲོམ་དགེ་ཨ་རིག་ཡང་སྤྲུལ་མཁའ་སྤྱོད་སྤྲུལ་སྐུ་བདེ་ཆེན་མཚོ་ཕུ་སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ་མཁན་འཇིགས་མེད་ཕུན་ཚོགས་སོགས་བྱོན་ནས་རབ་ཏུ་གནས་ཏེ་བཀྲ་ཤིས་པར་བྱས། ས་སྟོད་ཡང་དབེན་དགོན་ཀུན་བྱུང་ཕན་བདེ་འོད་གསལ་བདེ་ཆེན་ཆོས་གླིང་ཡོངས་འདུས་ཐང་བཟང་དགོན་ཞེས་མཚན་གསོལ། དགེ་འདུན་པ་མཁན་པོ་དང་བླ་མ་གྲྭ་པའི་གྲངས་ལྔ་བཅུ་ཙམ་ཡོད་པ་ལས་ཀུན་རབ་བྱུང་མིན་པ་གཅིག་ཀྱང་གྲལ་དུ་བཞུགས་མི་ཆོག་ཅིང་། དེ་དང་འགལ་ཏེ་ས་སྐྱར་བབས་ན་སྒོར་བདུན་བརྒྱ་དང་མང་ཇ་སྒོ་དར་སོགས་ཀྱི་བཤགས་པ་དགོས་སྤྲུལ་སྐུ་དཔལ་ལྡན་ནི་བོད་ལྗོངས་སུ་སྟག་ལུང་ཁར་རི་བོ་དགེ་ལྡན་པའི་སྤྲུལ་སྐུ་སྟག་ལུང་མ་རིན་པོ་ཆེ་ཟེར་བའི་དངོས་སློབ་དཀར་མཛེས་བེ་རི་ཉིན་དགོན་ན་དགེ་སྟག་སྤྲུལ་སྐུའི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་ནམ་གྲགས་པ་མཐའ་ཡས་ལ། སྟག་ཕུ་རྡོ་རྗེ་འཆང་གིས་ཁོ་བོའི་སྐྱེས་བ་ཕྱི་མ་ལ་མདོ་སྨད་ཉག་ཨ་འཛི་རོང་གི་སྟོད་ཆར་ གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བའི་མདུན་དུ་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོ་ལ་མིང་དཔལ་ལྡན་དགོན་པོ་ཟེར་ཞིག་ཡོད་པ་དེ་ཁོའི་སྐྱེ་སྤྲུལ་ཡིན་པས་དགེ་སྟག་ཁྱེད་ནས་ཞིབ་གཟིགས་དགོས་པ་ཁྱེད་ལ་རག་ལས་བས་བཀའ་དྲིན་མ་ཆུང་ཞེས་གསུངས་ནས་ཞི་བར་གཤེགས། དེ་ནས་དགེ་སྟག་སྤྲུལ་སྐུ་རང་ཕྱོགས་སུ་བྱོན་ནས། ཉ་སྟོད་སྨད་བར་གསུམ་དུ་བཙལ་བའི་དགུང་གྲངས་བདུན་པའི་དུས་སུ་ཕ་མ་དང་མིང་དགུར་སྙིང་བཅས་པར་བཏབ་པ་ལྟར་སྟག་ཕུ་རྡོ་རྗེ་འཆང་གི་སྤྲུལ་སྐུར་ངོས་བཟུང་སྟེ་སྐུ་བདག་མཛད། དེ་ནས་གདན་སར་བཀོད་དགོས་པ་དང་བླུ་བཏང་དགོས་ཚུལ་ཁྱིམ་གཞིས་ལ་གླེང་ཡང་ཞང་པོ་དང་ཉེ་འབྲེལ་[page 242] རྣམས་ཀྱིས་བླུ་ཁ་མ་གཏད་པས་ཐབས་གཞན་མ་ཪྙིད། རྗེས་སུ་དགེ་སྟག་སྤྲུལ་སྐུས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་མདུན་ཁྲིད་དེ་ལོ་བཞི་ཙམ་ལ་སྨིན་གྲོལ་གདམས་ཁྲིད་མང་དུ་ཞུས་ཏེ་ཤེས་རབ་ཀྱི་འདབ་སྟོང་བཞད། གྲྭ་ལག་ཕྱག་ཚ་སྤྲུལ་པའི་སྐུ་རིན་པོ་ཆེའི་མདུན་རིན་ཆེན་གཏེར་མཛོད་སྨིན་གྲོལ་ཡོངས་རྫོགས་དང་གཞན་ཡང་ལོ་ཕྱེད་གཉིས་ཙམ་ལ་ཡ་བཞི་སོགས་ཟབ་མོའི་གདམས་ཁྲིད་སྐོར་མང་དུ་ཞུས། དེའི་སྐབས་ཤིག་ལ་རྫོང་དུ་བཙོན་ཁང་དུ་ལོ་ཤས་བཞུགས་དགོས་པ་ལས་སླར་རང་ཁྱིམ་དུ་བཞུགས་ཏེ་ཕལ་པའི་གྲལ་དུ་སོ་ནམ་སོགས་མང་དུ་མཛད་དགོས་པས་འོ་བརྒྱལ་ཆེ་ཙམ་བྱུང་། རྒྱལ་བསྟན་གསར་འཆར་སྐབས་སུ་ཞི་བ་དགོན་དང་། ཡང་དགོན་སོགས་ལ་ཞལ་བཀོད་དང་། ཡུལ་སྡེ་ལ་དགེ་སྐུལ་སོགས་མདོར་ན་བསྟན་འགྲོའི་དོན་བྱ་བ་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་ལགས། ད་ལྟར་ཚེས་བཅུ་ཞིང་སྒྲུབ། དབྱར་གནས། སྙུང་གནས་སྒྲུབ་མཆོད། དགུན་གཏོར་བཅས་ཀྱི་སྒྲུབ་ཁག་རྣམས་ཚུགས་ཡོད། ཡུལ་སྡེ་ལའང་རི་རྒྱ་ཀླུང་རྒྱ། དམེ་རྐུན་སོགས་ཀྱི་ཁས་ལེན་བྱ་དགོས་པ་སོགས་དམིགས་བསལ་གྱི་ཁྲིམས་རྣམས་དང་། བླ་གྲྭ་ཡོངས་ནས་བསྟན་པ་སྤྱི་དང་བྱེ་བྲག་ལ་ཞབས་འདེགས་ཐུགས་ལ་རྣོམ་བཞིན་པའོ།
ཀུ་ལུང་འབྲོག་པ་བསམ་གྲུབ་དགོན་འདི་ཐོག་མར་འདེབས་པ་པོ་ནི་ཨ་དཀར་ཀླུ་འབུམ་དུང་གི་རུས་ལས་འཁྲུངས་པའི་རིག་འཛིན་ཆོས་ཀྱི་གྲགས་པས་ཁྲོམ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ལ་ལུང་ལ་ལུང་བསྟན་ཞུས་ཏེ་རིག་མ་སློང་བར་གྲུབ་ཆེན་གྱིས། གསེར་གྱི་མཆོད་རྟེན་སེར་པོའི་ངོསཿ དུང་གི་ཨ་ཡིག་ལམ་ལམ་འབརཿ ཞེས་གསུངས་པ་ལྟར་མཛམས་མ་གསེར་མཚོ་མ་ཁབ་ཏུ་བཞེས་པ་ལ་སྲས་ཨ་གསེར་འཁྲུངས། སྐུ་ན་ཕྲ་དུས་ནས་མདོ་སྔགས་རིག་གནས་བཅས་ལ་ཐོས་བསམ་མཛད་ཅིང་མཁས་པའི་དབང་པོར་འགྱུར། རྒྱུད་སྡེ་ཟབ་མོ་ལ་སྒོམ་སྒྲུབ་མཛད་པས་གྲུབ་པ་བརྙེས་ལྷ་འདྲེ་དབང་དུ་སྡུད་ཅིང་དམ་ལ་བཏགས། མཚན་སྙན་གྱིས་གྲགས་པ་འབར། ཁོང་གིས་སྐུ་ཚེ་སྨད་ཙམ་དུ་ཁྲོམ་ན་བ་ཁོག་ཏུ་དགོན་པ་བཏབ། རྟེན་གསུམ་ཡང་བཞེངས་ཏེ་བསྟན་པ་འཕེལ་རྒྱས་བྱུང་། དེའི་དབོན་པོ་ཨ་གསེར་བསོད་ནམས་སྙན་གྲགས་ཀྱིས་བསྟན་པ་སྐྱོང་སྐབས་བླ་གྲྭ་དྲུག་ཅུ་ཙམ་རེ་ཡོད་མྱོང་ཞེས་ངག་རྒྱུན་འདུག། དེའི་བུ་གཏེར་སྟོན་ཀུན་བཟང་དཔལ་གྱི་ཉི་མས་ཁྲོམ་སྨད་ངོ་ཡར་ག་ཞེས་གུ་དྲག་ཡེ་ཤེས་རབ་འབར་གྱི་སྒྲུབ་གནས་སུ་བཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས། སྐལ་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་བསྐྱངས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྤྲུལ་བ་ཡིན་པར་གྲགས། དེའི་སྐུ་སྲས་ཨ་གསེར་འཇིགས་མེད་རྣམ་རྒྱལ་ནི་མཚོ་ཕུ་[page 243] གྲུབ་ཆེན་གྱི་སྤྲུལ་སྐུ་ཡིན་པ་དང་ཨ་གསེར་རིག་མཁས་ནི་བླ་མ་རང་རིག་གི་སྤྲུལ་སྐུ་ཡིན་པར་གྲགས། ཨ་གསེར་རིག་མཁས་ཀྱི་སྲས་ཀུན་བཟང་དཔལ་གྱི་ཉི་མའི་སྤྲུལ་སྐུ་ཉི་ཟླ་རྡོ་རྗེ་དང་ཀཿཐོག་ཞིང་སྐྱོང་གི་སྤྲུལ་སྐུ་འགྱུར་མེད་རིག་འཛིན། གཏེར་ཆེན་དྲི་མེད་ཀྱི་སྤྲུལ་སྐུ་འཆི་མེད་ཚེ་དབང་བཅས་ཨ་པད་ཀྱིས་ངོས་འཛིན་གནང་ཞིང་ད་ལྟ་བསྟན་འགྲོའི་དོན་མཛད་བཞིན་བཞུགས་པའོ། སྔོན་བླ་བྲང་ཁང་དང་གཙུག་ལག་ཁང་དུ་རྟེན་གསུམ་བཞེངས་པ་རྒྱ་ཆེ་བ་ཡོད།
རབ་བྱུང་བཅུ་དྲུག་པའི་དཀྱིལ་ཙམ་ལ་སྡེ་འཁྲུགས་ནང་དམེ་བྱུང་སྟེ་ལི་ཐང་དང་དཀར་མཛེས་ཕྱོགས་གཉིས་ལ་ཡུལ་གྱར་བའི་ཤུལ་དུ་སྡེ་ཉུང་བས་དགོན་པ་བདག་གཉེར་མ་ཐུབ་པའི་རྐྱེན་གྱིས་བསྟན་པ་ཉམས་དམས་དང་རིག་གསར་བརྗེ་བྱུང་བས་དགོན་པའི་རྟེན་དང་བརྟེན་པ་ཀུན་མེས་འཇིག་པར་མ་ཟད། གྲྭ་ཁང་ཡང་གྱང་ཧྲལ་ཙམ་ལས་ལྷག་མ་མེད་པར་གྱུར། དེང་ཆོས་སྒོ་ཕྱེ་ཆོག་པ་དང་ཁྲོམ་ན་བ་ཁོག་གུར་མོ་ཆེ་ཕུལ་སྟེ་དབྱར་འཚོགས་དགུན་འཚོགས་ཀྱི་དུས་མཆོད་བཙུགས། སྐུ་རྟེན་གུ་རུ་སྐུ་ཟངས་ཕྱེས་བླུགས་པ་མཐོ་ཚད་ཙམ་བཅུ་གཅིག་དང་། རབ་བྱུང་བཅུ་བདུན་པའི་འབྲུག་ལོ་ལ་གཙུག་ལག་ཁང་ཀ་རིང་བཞི་ཞིག་བཞེངས་ཏེ་ཐུབ་པའི་སྐུ་མཐོ་ཚད་གཉིས་དང་སྒྲོལ་མའི་སྐུ་མཐོ་ཚད་གཅིག་བཅས་ལི་མ་ཡིན། གསུང་རྟེན་བཀའ་འགྱུར་ཆ་གཉིས་སྡེ་དགེ་པར་མ། ཐུགས་རྟེན་སྐུ་གདུང་མཆོད་རྟེན་གཉིས་རྒྱུ་ཟངས་ནག་ལས་གྲུབ་པ་བཞུགས། ད་ལྟ་བླ་མ་མཆོད་པ་ཉིན་བཞི་དང་། བདུད་ཕུན་གྱི་སྤྱི་གཏོར་ཉིན་བདུན། བསྙུང་གནས་ཆ་བཞི་བཅས་ཀྱི་དུས་མཆོད་དངོས་སུ་ཚུགས་པ་དང་། ཚེས་བཅུ་དང་རིལ་བུ་བུམ་སྒྲུབ་དགུ་གཏོར་རྣམས་ཀྱི་དུས་མཆོད་འཛུགས་རྒྱུའི་གྲ་སྒྲིག་ཡོད་པ་ཡིན་ནོ།།
ཉག་རོང་ཀུ་ལུང་ཞེས་པའི་ས་ཆར་ཨོ་རྒྱན་མཁའ་མཉམ་གླིང་པའི་གཏེར་གནས། གནས་ཆེན་ཤང་ལང་བྲག་དཀར་གྱི་གནས་ལག་སྙིང་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས་ཀྱི་གནས། ཀུ་ལུང་བྲག་དཀར་ཞེས་པའི་ཉེ་འདབས་སུ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སློབ་མ་ལྕགས་བླ་ནོར་བུ་ཞེས་པ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུར་དཔལ་སྤུངས་སི་ཏུ་མཆོག་གིས་ངོས་བཟུང་བ་དེས། རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ལོ་ལ་གཙུགག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་གྲུང་ནས་འགྱར་མེད་ཚེ་དབང་མཆོག་གྲུབ་གདན་དྲངས། ཁོང་གིས་རབ་གནས་མཛད་ཅིང་མཚན་གསང་སྔགས་བསྟན་རྒྱས་གླིང་གསོལ། ཡུལ་ཀུ་ལུང་ཞེས་པར་འབྲོག་དགོན་ཞིག་ཀྱང་ཡོད་པས་ཀུ་ལུང་རོང་དགོན་ཞུ། དེ་དུས་བླ་སེར་བཅོ་བརྒྱད་ཙམ་ཡོད། ཀློང་གསལ་ཡེ་ཤེས་རབ་འབར་གྱི་སྒྲུབ་མཆོད་དང་། མ་[page 244] ཎི་དུང་སྒྲུབ། བསྙུང་གནས་ཆ་བརྒྱད་སོགས་སྒྲུབ་པའི་ཕྱག་བཞེས་གནང་། དེ་རྗེས་མཚོ་ཕུ་དྷརྨ་བཛྲ་དགོན་འདིར་བྱོན་ཏེ་དབང་ལུང་གནང་ནས་ཁྲོ་ཟུར་ཚེ་བདག་ཟློག་འཆམ་བཅས་བཙུགས། གཞན་ཡང་དགུ་གཏོར་བཀའ་བརྒྱད་དང་བདུད་ཕུར་གྱི་སྒྲུབ་མཆོད་ཡོད། དྲུག་སྟོན་མཁན་པོ་འཇམ་དབྱངས་བྱོན་ནས་དབྱར་གནས་བཙུགས་ཏེ་སྡོམ་གསུམ་ཞལ་ཁྲིད་གནང་། དེ་ནས་བླ་མ་སྐལ་བཟང་དབང་ཆེན་དང་གར་དབང་གླིང་པ། སྤྲུལ་སྐུཆོས་འཕེལ་རྒྱ་མཚོ། རྒྱ་རོང་ཨ་པད། ཀཿཐོག་མཁན་པོ་ཨ་ཤེལ་སོགས་བྱོན་ནས་སྨིན་གྲོལ་ཆོས་ཀྱི་ཆར་འབེབས་པ་ཡིན། དགོན་འདིའི་གདན་ས་སྐྱོང་བའི་བླ་བྲང་ཁག་བཞི་ལས། གེ་བླ་ཚང་བླ་རབས་དྲུག་ནི་ཆོས་གྲགས་དང་། བསྟན་འཛིན་དབང་ཕྱུག་ཡེ་ཤེས་རྡོ་རྗེ། ཀུན་གྲོལ། པདྨ་དབང་ཕྱུག ད་ལྟ་བློ་གྲོས་ཉི་མ་འཚོ་བཞིན་པ། མགར་བ་ཚང་བླ་རབས་གསུམ་ནི། བསམ་བསྟན་དང་། རིག་ཐར། བསོད་ནམས་བློ་གྲོས། ད་ལྟ་འཚོ་བཞིན་པ། མགར་ཆུང་ཚང་བླ་རབས་གཉིས་ནི་རིག་འཛིན་མགོན་པོ་དང་ད་ལྟ་དཀོན་མཆོག་སྐྱབས་འཚོ་བཞིན་པ། བླ་མ་ཚང་བླ་རབས་གཉིས་ནི་ཚུལ་ཁྲིམས་ནོར་བུ་དང་ཨ་ཕྲིན་བཅས་ནི། བླ་མ་དེ་དག་ཀྱང་སྔ་འགྱུར་རྙིང་མའི་ཆོས་རྒྱུན་གྲྭ་ས་ཀཿཐོག་ལས་བྱུང་ཞིང་བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱ་བ་རྒྱ་ཆེ་བ་མཛད་པ་ཤ་སྟག་བྱུང་།
སྐྱེས་ཆེན་རིམ་བྱོན་གྱིས་བཞེངས་པའི་རྟེན་གསུམ་ནི། སྐུ་རྟེན་གསེར་སྐུ་ལི་མ་ཆེ་ཆུང་ཉི་ཤུ་ཙམ་དང་གཏེར་མ་བཅུ་ཙམ། ཟངས་གསེར་ལས་གྲུབ་པ་བཅོ་ལྔ་ཙམ་ཡོད་པ་དང་། ཐང་སྐུ་གསེར་བྲིས་བརྒྱད་ཅུ་ཙམ་ཡོད། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ་གཅིག་དང་། རྙིང་རྒྱུད་གཅིག རྡོ་གྲུབ་བཀའ་འབུམ་གཅིག་བདུད་ཀློང་གཏེར་ཆོས་གཅིག། འབུམ་ཆ་ལྔ། འདོན་ཆ་སོགས་ཁྱོན་པོད་ལྔ་བརྒྱ་ཙམ་ཡོད། ཐུགས་རྟེན་གསེར་དངུལ་ཟངས་རག་ཤིང་སོགས་ལས་གྲུབ་པ་གདུང་རྟེན་ལྔ་ཙམ་ཡོད། མཆོད་ཆ་གསེར་དངུལ་བཀྲ་མ་ཆ་ཚང་ལྔ་དང་། རོལ་མོ་སྦུ་ཆལ་ཆ་བཅུ་དྲུག སིལ་སྙན་ཆ་བཞི་བཅས་རྒྱ་ཧོར་སོགས་ཡིན། དུང་ཆེན་ཆ་བཞི་ཟངས་རག་ལས་གྲུབ་པ། རྒྱ་གླིང་ཆ་ལྔ་དངུལ་ཏོག་ཟངས་ལས་གྲུབ་པ་ཡིན། གསེར་འབག་སྤུས་ལེགས་སྔ་དང་ཤོག་འདམ་གྱི་འབག་ཉི་ཤུ་ཡོད། གོས་ཆེན་ཁྲོ་ཆེས་རྒྱན་བཞི་ལས་འཚེམ་པའི་འཕན་ཆེ་བ་བཞི་དང་རྒྱལ་མཚན་ཆེ་བ་བཞི་ཆུང་བ་བཞི་ཡོད། ཚོགས་ཟངས་ཆེན་མོ་བརྒྱད། ཟོ་ཁྲ་བཅུ་དྲུག་དང་རྟིལ་དཀར་བཅུ་སོགས་ཡོད། ཡོན་སྦྱོར་བ་སྡེ་དུད་ཀ་བརྒྱད་ཅུ་ཙམ་ཡོད། རབ་བྱུང་བཅུ་དྲུག་པའི་དཀྱིལ་ཙམ་ལ་བླ་མ་བཞི་གྲྭ་པ་བརྒྱད་ཅུ་གྱ་ལྔ་ཙམ་རེས་ཁྲོ་ཟུར་ཚེ་བདག་གཏོར་ཟློག་དང་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ། ཚེས་བཅུ་བླ་མ་གསང་འདུས་བོད་ཟླ་བཅུ་པའི་ཚེས་བཅུ་ལ་འཆམ་བཅས་ཡོད། དབྱར་སྔ་མའི་དབྱར་གནས་ཀྱང་ཡོད། དེ་ལྟར་དགོན་པ་དར་རྒྱས་འགྲོ་བཞིན་པའི་སྐབས་སྟན་པར་ཉམས་ཉེས་བས་མིང་གི་ལྷག་མ་ཙམ་དུ་གྱུར། དེ་[page 245] ནས་ཆོས་ཀྱི་བྱ་བ་བྱེད་ཆོག་པའི་དུས་སླར་ཡང་མཆོད་ཡོན་དུ་གྱུར་པའི་སྡེ་དུད་ཀ་བརྒྱ་དང་ཉི་ཤུ་ཙམ་གྱིས་རང་མོས་ལྷག་བསམ་ངང་ནས་རྒྱུ་རྩ་ཐེབས་བཞག་དང་ངལ་རྩོལ་ཤུགས་བཏོན་ཏེ་ལྷ་ཁང་དང་གྲྭ་ཁང་ཞིག་གསོས་བྱས། ཆོས་ལུགས་ལས་དོན་ཁང་གིས་དགོན་པ་སྒོ་ཕྱེ་ཆོག་ཅེས་བཀའ་དང་ཉམས་གསོ་ཆེད་སྒོར་ཁྲི་གཅིག་དང་སྟོང་གསུམ་སྦྱིན། བླ་གྲྭ་གྲངས་དྲུག་ཅུ་རེ་གཉིས་འདུས་ནས་སྔོན་གྱི་དུས་མཆོད་རྣམས་རིམ་གྱིས་བཙུགས་ཏེ་དགུ་གཏོར་གུ་དྲག་ཡེ་ཤེས་རབ་འབར་དང་བདུད་ཕུར། སྒྲུབ་མཆོད་ཐོས་གྲོལ། བསྙུང་གནས་ཆ་བཞི། ཚེས་བཅུ་འཆམ་བཅས་འཚོགས་བཞིན་ཡོད། ད་ལྟ་ཡོད་པའི་རྟེན་གསུམ་ནི་གསེར་སྐུ་གངས་ཆེན་མཚོ་ལི་མ་ཡོངས་གྲགས་གཅིག་དང་། ཐུབ་པ་ལི་མ་གཅིག ཐང་ག་ལྔ་བཅས་བཞུགས། བཀའ་འགྱུར་ཆ་ཚང་གཉིས་དང་བསྟན་འགྱུར་ཆ་ཙང་གཅིག སྙིང་ཐིག་ཆོས་སྐོར་པོད་སུམ་ཅུ་ཙམ། འཇིགས་གླིང་བཀའ་འབུམ། མི་ཕམ་བཀའ་འབུམ་སོགས་བཞུགས། རོལ་མོ་སྦུབ་ཆ་ལེགས་པ་ཆ་གཅིག་དང་སིལ་སྙན་ཆ་གཉིས། གསེར་འབག་གཅིག་འཆམ་གོས་འབག་བཅས་ཆ་ཚང་ཉི་ཤུ་དང་འཕན་ཡོ་བྱད་ཀྱང་མི་དམན་པ་བཞུགས་ལ་དགེ་འདུན་པའི་ཐུགས་ནང་མཐུན་པ་དང་བཤད་སྒྲུབ་ལས་གསུམ་གྱིས་ཡུལ་དགོན་གཉིས་ལ་ཕན་པའི་ཆོས་མཐུན་གྱི་མཛད་པ་བཟང་པོའི་རྒྱུན་སྐྱོང་བཞིན་བཞུགས་པ་ལགས་སོ།
ཉག་ཧར་བག་གསང་བདག་དགོན་ནི། མདོ་ཁམས་ས་ཡི་ཐིག་ལེ། གངས་རི་ཉེར་གཅིག་གི་གཙུག་རྒྱན། དྲེ་ཤོད་གངས་ཀྱི་ར་བ་ཁ་བ་ལུང་རི་མཆེད་གསུམ་གྱི་མདུན་ཞོལ། ཉག་ཆུ་ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པའི་གཡས་ཕྱོགས། ལྷ་མོ་སྤུན་གསུམ་གྱི་གནས། དན་ཅན་སེངྒེ་རྒྱ་བོའི་གཡས་ཟུར་དུ་རྩི་ཤིང་ནགས་ཚལ་དང་མེ་ཏོག་དང་འབྲས་བུ་སྨན་སྣ་བརྒྱ་ཕྲག་དུ་མས་གཏམས་པའི་དབེན་པའི་ཡོན་ཏན་ཚང་བའི་གནས་སུ། སྤྱི་ཕུད་བླ་མ་འགྱུར་མེད་ལུང་རྟོགས་རྒྱ་མཚོས་རབ་བྱུང་བཅུ་གསུམ་པའི་ནང་དགོན་པ་འདི་གསར་འདེབས་མཛད། གསང་ཆེན་འོད་སྐུར་གྲོལ་བའི་རྟེན་འབྲེལ་གྱི་རྟགས་ལས་གསང་བདག་དགོན་ཞེས་མཚན་གསོལ། གཙུག་ལག་ཁང་ཀ་བ་དྲུག་པ་སྤུས་ལྡན་བཞེངས། རྗེས་ནས་ལོགས་རིས་དུས་གསུམ་སངས་རྒྱས། གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། བཀའ་བརྒྱད་བདུན་བརྒྱ་ཉེར་ལྔ། ཞི་བ་རིགས་བརྒྱ་དང་བཅས། དྲག་པོ་ཡེ་ཤེས་རབ་འབར། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཀར་གླིང་ཞི་དྲག་སེང་གདོང་སྡེ་ལྔ། གཞི་བདག་སྲུང་མ་བཅས་བྲིས་ཉམས་ངོ་མཚར་ཅན་དང་། འཇིམ་སྐུ་སངས་རྒྱས་དང་གུ་རུ་སོགས་བཅུ་ཙམ། སྐུ་[page 246] གསུང་ཐུགས་རྟེན་རྒྱ་མི་ཆུང་བ་ཡོད་ཀྱང་རིག་གནས་གསར་རྗེའི་སྐབས་རྗེས་ཤུལ་ཙམ་ཡང་མེད་པར་བྱས། ཡོན་བདག་ཁྱིམ་གྲངས་སྔོན་དུས་སུ་ལྔ་བཅུ་ཙམ་དང་། བླ་གྲྭ་སྔོན་སུམ་ཅུ་ཡན་མན་ཙམ་ཡོད། རྒན་རབས་རྣམས་བསྙེན་སྒྲུབ་དང་། གཞོན་པ་རྣམས་རབ་བྱུང་བསྙེན་རྫོགས་སོགས་ཚུལ་བཞིན་དུ་ཕྱག་ལེན་མཛད་པ་ཁོ་ན་ཡིན།
སྐྱེས་ཆེན་དམ་པ་བྱོན་ཚུལ་ཡང་། ཉག་བླ་པདྨ་བདུད་འདུལ་བྱོན་ནས་ཟབ་ཆོས་མཁའ་ཁྱབ་རང་གྲོལ་སོགས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། ཁོང་གི་དངོས་སློབ་རྡོ་རྗེ་བཅུ་གསུམ་ཞེས་གྲགས་པའི་ནང་ཚན་མེ་ལོང་རྡོ་རྗེ། མཆོག་ལྡན་རྡོ་རྗེ། ཡེངས་མེད་རྡོ་རྗེ། དཔལ་བཟང་རྡོ་རྗེ་སོགས་དགོན་གནས་འདི་ནས་བྱུང་། ཁྱད་པར་དུ་ཡེངས་མེད་རྡོ་རྗེ་ལ་གུ་རུ་རིན་པོ་ཆེའི་ཞལ་དངོས་སུ་བསྟན་ཏེ་དབང་ཕྱུག་ཉེར་བརྒྱད་ཀྱི་གར་འཆམ་གྱི་དག་སྣང་ཤར་བས། ཀཿཐོག་གཙོས་དགོན་སྡེ་ཀུན་ན་དབང་ཕྱུག་ཉེར་བརྒྱད་ཀྱི་འཆམ་ཡོད་དོ་ཅོག་དགོན་འདི་ནས་དར་བར་གྲགས་ཏེ་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་མཐོང་ཚད་ངན་སོང་གི་སྐྱེ་སྒོ་ཆོད་པ་གུ་རུས་ལུང་བསྟོན་པར་མཛད། ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ་དགོན་འདིར་བྱོན་ཏེ་བདུད་ཀློང་གཉིས་ཀྱི་སྨིན་གྲོལ་ཡོངས་རྫོགས་གསུངས་ནས་དངོས་རྗེས་གནང་སྦྱིན་དང་བཅས་ཤར་ཀཿཐོག་པའི་དགོན་ལག་ཏུ་གྱུར། ཨ་བསེ་ཀླུ་རབ་དགོན་སྔོན་དར་རྒྱས་སུ་སོང་བ་ཡང་གསང་བདག་དགོན་གྱི་བླ་གྲྭ་མང་པོ་ཡར་བྱོན་ནས་བསྟན་པའི་ཐུགས་ཁུར་བཞེས་པ་ལས་བྱུང་བ་ཡིན། སྒྲུབ་སྐོར་ཕྱག་བཞེས་ལ། སྙུང་གནས་ཆ་བརྒྱད། ཚེས་བཅུ་པདྨ་འོད་འབར་སྒྲུབ་ཁོག་དང་བཅས། དབྱར་གནས་ཞག་ལྔ་བཅུ། དགུན་གཏོར་དྲག་པ་ཡེ་ཤེས་རབ་འབར་གཏོར་བཟློག ཀར་གླིང་ཞི་ཁྲོ་དང་སྐུ་གསུམ་ཆོ་ག་སོགས་གཙོ་བོ་ཀཿཐོག་པའི་ལོགས་ཁོ་ན་ཤིན་ཏུ་དར། དད་ལྡན་གྱི་སྦྱིན་བདག་ཁྱིམ་ཁག་སུམ་ཅུ་སོ་གཅིག་དང་གྲྭ་ཁང་ཉི་ཤུ་ཙམ་ཡོད། གྲྭ་པ་བཅུ་གསུམ་ཙམ་ལས་མི་བཞུགས། བན་དེ་རེ་རེས་སྒོར་སུམ་བརྒྱ་རེ་བསྡུས་ནས་གཙག་ལག་ཁང་སྔོན་དུས་ལྟར་བཞེངས་པའོ། ཕྱིས་ཀྱང་ཡུལ་སྡེ་ལ་རི་རྒྱ། ཀླུང་རྒྱ། རྐུན་དང་བཤའ་ཁྲིམས་སོགས་དང་། དགེ་འདུན་ནང་བཅའ་ལ་ཀུན་རབ་བྱུང་དང་བསྙེན་རྫོགས་ཚད་ལྡན་དང་ཤར་ཀཿཐོག་ཏུ་ཆོས་གྲྭར་ཕྱིན་ཏེ་ཐོས་བསམ་ལ་འབད་པའི་བློ་གསར་འགའ་ཞིག་བཞུགས། གྲྭ་སྐྱ་སར་བབས་ན་སྒོར་ལྔ་བརྒྱ་རེ་དང་ཕྱག་སྐོར་སོགས་ཀྱིས་བཤགས་པ་ཚུལ་བཞིན་བགྱི་དགོས་པ་སོགས་ནང་ཁྲིམས་དམ་པ་ལས་མི་འདའ། སླད་ཀྱང་བསྟན་འགྲོའི་དོན་ལ་སྷག་བསམ་ཆེན་པོའི་སྒོ་ནས་དགེ་འདུན་ཀུན་ཐུགས་མཐུན་ཁྲིམས་ལྡན་དུ་བཞུགས་ངེས་པའོ།།
[page 247] མདོ་སྨད་འབྲུ་ཆུ་གསེར་ལྡན་དང་། ཤར་ཟླ་ཆུ་གཉིས་ཀྱི་བར་འབྲི་ཟླ་ཟ་མོ་སྒང་གི་ཆར། རོང་ཆེན་བཞི་ཞེས་གྲགས་པའི་ནང་ཚན་ཉག་རོང་ལྕགས་ཀྱི་མདུད་པའི་སྟོད། ཡུལ་ལྷ་དགེ་བསྙེན་ཁ་བ་ལུང་རིའི་མདུན་ཞོལ། ས་ཡི་དཔྱད་བཟང་པོར་རབ་བྱུང་བཞི་པ་ཙམ་ལ་འགྲོ་དགོན་ཆོས་རྒྱལ་འཕགས་པ་གོང་མའི་དབུ་བླར་བྱོན་ནས་ཡར་ཕེབས་དུས་སགོན་གནས་འདི་བཏབ་ཏེ་ཆོས་བརྒྱུད་ས་སྐྱ་ཡིན་པ་རྒན་རབས་རྣམས་ཀྱི་ངག་འཕྲོས་འདུག དེ་ནས་རེ་ཞིག་ལྕགས་མདུད་ཤེས་རབ་རྒྱལ་མཚན་བྱོན་ཏེ། འདུ་ཁང་བཞེངས་པར། ཤིང་དང་རྡོ་སོགས་ཕྱག་ལྕགས་ཀྱིས་དེད་དེ་གཙུག་ལག་ཁང་བཞེངས། ནང་རྟེན་དུ་འོད་དཔག་མེད། ཐུབ་སྐུ། ཉེ་སྲས་བརྒྱད། དམ་གཙང་བྱམས་གསུམ་གསུང་བྱོན་མ་སོགས་བཞེངས། ཨ་ཀྱེ་གྲོང་པའི་འཐུང་ཆུ་དེ་རྗེ་ནས་ཆུ་གཏེར་དུ་དྲངས། ཆུ་མིག་དེ་ན་དང་པོ་གསེར་སྐྱོགས་གང་གཏེར་དུ་དྲངས་ཏེ་འདུ་ཁང་གི་ལྷ་དང་མཆོད་རྟེན་གྱི་ཉི་ཟླ་ལ་བཀྱེ་བར་མཛད། དེ་དུས་སུ་ཨ་བསེ་མདོ་ལོག་དགོན་དང་འདི་གཉིས་སྔ་བར་གྲགས། ཆོས་རྙིང་མ་དང་ཤར་ཀཿཐོག་པའི་ཕྱག་བཞེས་ཁོ་ནར་བསྒྱར། བཀའ་བརྒྱད་གསང་རྫོགས་དང་གུ་དྲག་མེ་འཁྱིལ། ཀར་གླིང་ཐོས་གྲོལ་སོགས་དར། དེ་རྗེས་རིག་འཛིན་ཀློང་གསལ་ཉག་ཡུལ་སྟོད་སྨད་ཀུན་ཏུ་བྱོན། ཁྱད་པར་དུ་རིག་འཛིན་ཆིན་པོ་ཀློང་གསལ་ང་འདྲ་མ་ཞེས་པའི་ཕྱག་བཟོ་མཛད། རང་དགོན་དུ་ཕེབས་ཏེ་རྗེ་ཉིད་ཀྱི་ཕྱག་བཟོ་ཀློང་གསལ་སྐུ་ང་འདྲ་མ་དང་། གུ་རུ་རིན་པོ་ཆེ་གྱི་སྐུ་གཟི་འོད་འབར་བ་ཞིག་བཞེངས་ཏེ་རབ་གནས་མཛད་ཅིང་། དཔལ་རི་པདྨ་འོད་གླིང་གི་གུ་རུ་དངོས་དང་བྱིན་རླབས་མཉམ་གསུངས་ནས་དགོན་པ་ལ་དཔལ་རི་དགོན་བཞེས་གསོལ། དེ་དུས་སྐོར་ནས་གུ་དྲག་ཡེ་ཤེས་རབ་འབར་བདུད་ཕུར་སོགས་བདུད་ཀློང་གི་ཟབ་གཏེར་རྣམས་དར། དེ་རྗེས་རབ་བྱུང་བཅུ་གསུམ་པའི་ནང་ཨ་ཀྱེ་ཞི་དཔོན་ཚང་། བླ་མ་ཀརྨ་རྣམ་རྒྱལ་ལམ་དཔལ་ལྡན་ཀྱང་ཟེར། དཔལ་སྤུངས་སི་ཏུའི་ཡང་སྤྲུལ་པདྨ་ཉིན་བྱེད་ཀྱི་ཞབས་པད་བསྟེན། རང་ཡུལ་དུ་ལོག་རྗེས་དགོན་འདི་བཀའ་བརྒྱུད་པ་དཔལ་སྤུངས་དགོན་ལག་ཏུ་བསྒྱུར། འདུ་ཁང་ཉམས་གསོ་ཆེད་སི་ཏུ་རིན་པོ་ཆེས་ལྷ་མཁན་གསུམ་བཏང་སྟེ། བཀའ་བརྒྱུད་པའི་བླ་བརྒྱུད། བདེ་མཆོག་དགྱེས་རྡོར། དུས་འཁོར། རྗེ་འབངས་ཉེར་ལྔ། གྲུབ་ཆེན་བརྒྱད་ཅུ་སོགས་རྗེ་ཉིད་ཀྱིས་ཞལ་བཀོད་ལྟར་བྲིས། འདུ་ཁང་ལོགས་རིས་སྤུས་ལྡན་བྲིས་ཟིན།
སི་ཏུ་སྤྲུལ་པའི་སྐུས་དཔལ་སྤུངས་ནས་རབ་ཏུ་གནས་པར་མཛད་པས་མཁའ་ལ་འཇའ་གུར་འཁྲིགས། འདུ་ཁང་ཕྱི་ནང་ཀུན་ཏུ་སྤོས་ངད་ཀྱིས་ཁྱབ། འབྲས་དཀར་ཕྱོགས་ཀུན་ཏུ་འཐོར་བྱུང་བ་ཀུན་ངོ་མཚར་[page 248] བའི་གནས་ལ་ཡིད་ཆེས་ཤིང་དད་པའི་ས་ལ་བཀོད། དེང་གི་བར་ཡང་བཀའ་རྒྱུད་པའི་སྲུང་མའི་བསྐང་གསོ་རྒྱུན་མ་ནུབ་པར་གནས། ཨ་ཀྱེ་སྐུ་ཤུལ་སྤྲུལ་སྐུ་ནི། སྣང་བ་བདེན་མེད་དུ་མངོན་སུམ་རྟོགས་པའི་གྲུབ་ཐོབ་ཆེན་པོ་ཞིག་སྟེ་དགོན་འདིར་ལོ་ཡུན་བསྐྱངས་མཐར། གོང་དུ་རི་ཁྲོད་འདི་གསར་བཏབ་མཛད་དེ་བཞུགས། ཆུ་གཏེར་དྲངས་རྡོ་དཀར་ལ་ཞབས་རྗེས་འདམ་ལ་བཏབས་པ་ལྟར་མཛད། མཚམས་འདིར་ཉག་དཔོན་མགོན་པོ་རྣམ་རྒྱལ་གྱིས་ཨ་ཀྱེ་དཔོན་སྡེ་རྨིག་མེད་དུ་བཏང་། བྲག་མགོ་ཆོས་སྐོར་འབྲོག་སྡེ་རྣམས་ཡུལ་འདིར་བསྡུས་ནས་རྡོ་གྲུབ་ཆེན་དང་རྫོགས་ཆེན་པའི་དངོས་སློབ་ཚེ་ཕྱུག་བླ་མ་ཀརྨ་ཟེར་བ་དེ་བླ་དཔོན་བསྐོས་ཏེ་ཕྱོགས་འདིའི་ས་སྟོད། ཟུར། ཀྱེ་བསེ། རྟ་དགོན་སྡེ་དཔོན་ཤོག་ཁག་བཞི་དགོན་འདིར་འདུས་དགོས་བྱུང་། བླ་མ་དེའི་སྐུ་དུས་སུ་བདེ་ཆ་ཤར་གཏེར་ཆོས་རྒྱལ་གླིང་པའི་ཟབ་གཏེར་རྣམས་ཤིན་ཏུ་དར་ཏེ་གདུལ་བྱ་རྣམས་ཕན་བདེ་ལ་བཀོད།
དེ་ནས་ལོ་མང་ཞིག་ནས་ཉག་རོང་དཔོན་ཉམས་སྨད་དུ་གྱུར་རྗེས་ཆོས་སྐོར་འབྲོག་སྡེ་རྣམས་རང་ཡུལ་ལོག རབ་བྱུང་བཅོ་ལྔ་སྐོར་སྤྲུལ་སྐུ་ཨ་བློ་དེ་ཉིད་བཟང་རོག་ཨ་གདན་བརྒྱུད་པ་ལས་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་ཐམས་ཅད་ཚེགས་མེད་པར་མཁྱེན། རྫོགས་སྤྲུལ་ཐུབ་བསྟན་ཆོས་རྡོས་ཆུང་དུས་ནས་ཡི་གེ་འབྲི་ཀློག་ཐམས་ཅད་ཚེགས་མེད་མཁྱེན། རྫོགས་ཆེན་ཐུབ་བསྟན་ཆོས་རྡོས་རྫོགས་ཆེན་ཚང་གི་སྤྲུལ་སྐུ་ཞིག་ཡིན་པར་ངོས་བཟུང་ཏེ་རྫོགས་ཆེན་དུ་གྲྭ་སར་ཕྱིན། མཁས་པའི་རྩེར་སོན། རྡོ་གྲུབ་ཆེན་སྤུལ་སྐུ་དང་བླ་མ་མི་ཕམ་རིན་པོ་ཆེའི་ཞབས་པད་བསྟེན། ཁང་བརྩེགས་མཆོད་རྟེན་བཞེངས་པའི་ལག་ལེན་དང་ཕན་ཡོན་སོགས་གསུང་རྩོམ་ཀྱང་ཆ་ཤས་བཞུགས། རྒྱལ་བ་རིན་པོ་ཆེས་དབུས་སུ་ཕེབས་དགོས་ཚུལ་གསུང་ཤོག་འབྱོར་ཡང་མ་གྲུབ། རང་ཡུལ་དུ་བྱོན་ནས་རྫོགས་ཆེན་དང་རྡོ་གྲུབ་སྒར་གྱི་ལུགས། སྙིང་ཐིག་འདོན་རྟ་དབྱངས་འབུལ་དཀྲོལ་ཐམས་ཅད་དེར་བསྒྱུར་ཏེ་རྫོགས་ཆེན་དགོན་ལག་ཏུ་བསྒྱུར། ཕལ་ཆེར་རྒྱལ་གླིང་པ་དང་ཀློང་གསལ་གཏེར་ཆོས་གཉིས་ཤིན་ཏུ་དར། ཉག་སྟོད་ན་མཁས་པའི་རྒྱལ་པོ་གཅིག་པུ་འདི་ཡིན་ཞེས་གྲགས། དགོན་པ་ལ་ཆོས་ཁྲིམས་དམ་དུ་བསྡམས་ཏེ་བཅའ་ཡིག་ལས་འགལ་ན་ཆད་པ་དྲག་པོ་བྱེད་སྲོལ། ཡུལ་སྡེ་རི་རྒྱ་དང་ཀླུང་རྒྱ་དམེ་རྐུན་སོགས་མི་ཆོག་པའི་ཁྲིམས་བསྒྲགས། གལ་ཏེ་ཅུང་ཟད་འགལ་ན་དངུལ་ཊཾ་བརྒྱ་རེའི་ཉེས་ཆད་གཅོད་པ་སོགས་བསྟན་འགྲོའི་དོན་ལ་ཐུགས་ཁུར་རྒྱ་ཆེ་མཛད། ར་ཁྲིད་བྱང་ཆུབ་གླིང་པ་ཞེས་པ་ཡབ་བདེ་ཆ་གྲུབ་བརྙེས་རོང་ཐ་ཨ་བསོད་དང་ཡུམ་བོ་ཆུང་གི་སྲས་སུ་བལྟམས། ལོ་ཡུན་དུ་དགོན་འདིར་བཞུགས། རི་ཁྲོད་དུ་ཆུ་མིག་ནས་ཕྱག་རྡོར་གྱི་གསེར་སྐུ་གཏེར་དུ་དྲངས། ཆོས་བདག་ཀླུ་རབ་སྤྲུལ་སྐུ་ཆོས་རྡོར་ལུང་གི་ཟིན། མཐར་གོ་འཇོ་ཕྱོགས་སུ་བསྐྱོད་དེ་དགོན་པ་གསར་བཏབ་མཛད་དེ་གཏན་བཞུགས་མཛད། ཟབ་གཏེར་སྐོར་ཀྱང་རྣོ་ལ་མྱུར་བ་བླ་རྫོགས་ཐུགས་གསུམ་སོགས་པོད་བཅུ་ཕྲག་ལྷག་བཞུགས། འགྲོ་དགོན་མཁའ་དང་མཉམ་པར་གྱུར། ཉག་བྱམས་དགོན་གྱི་དབེན་རི་སྦ་ལྕག་བླ་མ་རིག་འཛིན་གྱི་སློབ་[page 249] མ་བཞི་སྟེ་བསོད་ནམས་བྱ་བཏང་སྤྲོས་མེད་ཁོ་ན་མཛད་དེ་སྨད་དར་མདོའི་ཕྱོགས་སུ་འགྲོ་དོན་མཛད། ར་ཁྲིད་བྱང་ཆུབ་རྡོ་རྗེ་སྟོད་ཀྱི་ཕྱོགས་སུ་བྱོན། བསྟན་འཛིན་རྡོ་རྗེ་དང་མཁས་གྲུབ་གཉིས་རང་ཕྱོགས་བཞུགས་པས་འགྲོ་དོན་དེ་ཙམ་མི་བྱུང་། བླ་མ་བློ་གསལ་ནི། ཀཿཐོག་ཞིང་སྐྱོང་གི་དངོས་སློབ་རག་འཕྲུལ་ཡིན་ཞེས་ངོས་འཛིན། མཁན་ཆེན་ངག་དབང་དཔལ་བཟང་དང་། བླ་མ་ལུང་རྟོགས་གཉིས་ཀྱི་ཞབས་པད་བསྟེན། ཡོན་ཏན་འབྱུང་ཁུངས་དགོན་དང་། དཔལ་རི་དགོན་གཉིས་ཁྱད་མེད་དུ་བསྐྱངས། སྣང་བ་བདེན་མེད་དུ་རྟོགས་པས་དགོན་གྱི་ཉེ་ཆར་ཕྱག་མཛུབ་ཀྱིས་རྡོ་ལ་རི་མོ་བྲིས་པ་ད་ལྟ་མཇལ་དུ་ཡོད། དགོན་སྡེ་ཐམས་ཅད་བདེ་ལ་བཀོད་དེ་ཡུལ་ཕྱོགས་ཁ་དགེ་ཞིང་བཀྲ་ཤིས་པ་བྱས། དེ་ནས་བོད་ཁམས་ལོག་སྨོན་གྱི་འོག་ཏུ་གྱུར་ནས་ཡུན་དུ་ལུས་པ་ལས་སླར་སྟོན་པའིཐུགས་རྗེའི་འོད་སྣང་འགོག་མེད་དུ་འཆར་བའི་སྐབས་མེ་ལོང་སྤྲུལ་སྐུ་རྒྱ་ཤོད་འཆི་མེད་ཀྱིས་གཙོས་མཁན་འཇམ་དབྱངས་འསྟན་འཛིན་དང་། བླ་མ་ཨ་པད། སྤྲུལ་སྐུ་པདྨ་རྣམ་རྒྱལ་སོགས་ཀྱིས་ཐུགས་བསྐྱེད་ལས་བསྟན་འགྲོའི་འོད་སྣང་ཁྱབ་བཞིན་པ་འདིའོ།
སྒྲུབ་ཆོགསྐོར་ལ། སྔར་ལྕགས་མདུད་ཤེར་རྒྱམ་ཡན་ས་སྐྱ་པའི་ཀུན་རིག་ཙམ་ལས་འདོན་ཆོག་ཕྱག་སྲོལ་ཅི་མཛད་མིམཝ་ཤེས། ཤེར་རྒྱམ་ནས་ཀཿཐོག་སྔ་རབས་པའི་བཀའ་མ་དང་རད་གླིང་ཉང་གུར་སོགས་ཀྱི་ཟབ་གཏེར་ཅི་རིགས་དར་དེ་རྗེས་ཀློང་གསལ་བྱོན་དུས་ནས་རྗེ་ཉིད་ཀྱི་གཏེར་ཆོས་དང་ཆོས་གླིང་གི་ཟབ་གཏེར་སོགས་ཅི་རིགས་པའི་སྒྲུབ་ཆོག་རྒྱ་ཆེ་དར་ཡང་རེ་རེའི་ཟིན་བྲིས་ཞལ་གསལ་མི་སྣང་། ལྕགས་འདུན་ཤེས་རབ་རྒྱལ་མཚན་དང་། ཀློང་གསལ་ནས་བཟུང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་དགོན་འདིར་བྱོན་ཏེ་ཀློང་གསལ་ཟབ་གཏེར་སོགས་སྨིན་གྲོལ་གནང་། སྒོ་རྒྱན་སུམ་པིད་ཉིད་ཀྱིས་ཕྱག་བྲིས་མཛད་པ་ད་ལྟའང་ཡོད་པ་འདིའོ། དེ་ནས་སྔར་ཀློང་གསལ་པའི་སྐུ་རིང་ནས་ཀཿཐོག་དགོན་སྡེ་ཡིན་པ་ཏེ་ཤར་ཀཿཐོག་པའི་དགོན་ལག་ཏུ་གྱུར། ད་ལྟ་མཁན་འཇམ་དབྱངས་བསྟན་འཛིན་དང་བླ་མ་ཨ་པད་སོགས་ཀྱང་ཀཿཐོག་ཆོས་གྲ་རྒྱུད་སྡེར་ལོ་མང་བཞུགས་ཏེ། ཀཿཐོག་པའི་ཕྱག་སྲོལ་ཁོ་ན་ལ་རྩལ་འདོན་མཛད་ནས་སྔར་སྲོལ་བཟང་པོའི་མཛད་རྗེས་ཉམས་གུད་དུ་མ་སོང་། ར་ཧོར་སྤྲུལ་པའི་སྐུ་དགོན་འདིར་བྱོན་ཏེ་སྨིན་གྲོལ་རྒྱ་ཆེར་གསུངས་པ་དང་། མཁན་ཆེན་ལེགས་བཤད་འབྱོར་ལྡན་འདིར་ཞབས་བསྐྱོད་དེ་དགེ་ཚུལ་སློང་དག་ཐེར་མཛད་དེ་དབྱར་གནས་གསར་འཛུགས་དང་། དགེ་འདུན་གྱི་གྲངས་ཡང་། སྔར་ཅི་ཡོད་མི་གསལ་ཞིང་། རབ་བྱུང་བཅོ་ལྔ་ནང་བླ་གྲྭ་དྲུག་ཅུ་ཙམ་དང་། རབ་བྱུང་བཅུ་དྲུག་པའི་ནང་འཞི་བཅུ་ཙམ། ད་ལྟ་བླ་སྤྲུལ་དང་བཅས་དྲུག་ཅུ་ཙམ་བཞུགས། དུས་ཐམས་ཅད་དུ་ཡང་བླ་སྤྲུལ་རྣམས་ཀྱིས་དཔེ་ཆ་དང་བསྙེན་བསྒྲུབ་ལ་གཞོལ། བན་དེ་རྣམས་རབ་བྱུང་དང་བསྙེན་རྫོགས་སྒྲུབ་པ་ཁོ་ན་མི་གཏོགས་དགོན་ནང་དུ་བཞུགས་མི་ཆོག བན་གསར་ལོ་བཅུ་སྐོར་རྣམས་[page 250] འདོན་ཆོགཆོས་སྤྱོད། ཐོས་གྲོལ་དབྱར་གནས་འདོན་ཆ། གཏོ་རིམ་སོགས་ཡིག་རྒྱུགས་བྱང་ཐུབ་པའི་སྲོལ། གཞན་ཡང་ཕམ་པ་བཞི་དང་། ཆང་། དམེ་འཁྲུགས་སོགས་སྔར་ནས་ད་བར་ཁྲིམས་དམ་པོའི་སྲོལ་རྒྱུན་མ་ནུབ། བརྟེན་བཞེངས་སྐོར། སྔར་གསེར་སྐུ་རིགས་སྐུ་འདྲ་མིན་བཞི་བཅུ་ཞེ་ལྔ་དང་སྒྲོལ་སྐུ་འཛམ་གླིང་གཡས་བཞགཐུབ་སྐུ་ལི་མ་ཁྲུ་གང་ཙམ་ཅན་གསུམ། ཐུབ་སྐུ་རྡོར་གདན་མ་ལྔ། ཀློང་གསལ་གཏེར་བྱོན་གུ་རུ་གཙོ་འཁོར་གསུམ། རྡོ་རྗེ་ལི་མ་གཅིགཉེ་སྲས་བརྒྱད་ཁྲུ་གང་ཙམ་པ་གཅིགཐུབ་སྐུ་ཁྲུ་གང་ཙམ་པ་གཅིགསྒྲོལ་མ་ཉེར་གཅིག་སོགས་ཡོད། གསེར་ཐང་བདུན། ཐང་ག་ཉེར་དྲུག་བཅས་ཀྱི་སྐུ་རྟེན་ཡོད། གསུང་རྟེན་གྱི་སྐོར། བཀའ་འགྱུར་ཆ་གཉིས། རྒྱུད་འབུམ། འབུམ་ཆ་བཞི། མཛོད་བདུན་ཆ་བཞི། བཀའ་འབུམ་སྐོར་པོད་བརྒྱ་ཙམ། གཏེར་མ་སྐོར་པོད་བརྒྱ་དང་ལྔ་བཅུ། འདོན་ཆ་སྐོར་པོད་བརྒྱ་ཙམ་བཞུགས། འབུད་དཀྲོལ་སྐོར་ལ་གྲ་ཉི་ཟེར་མ་དང་བཅས་འཁར་རྔ་གསུམ། རོལ་མོ་སྤུས་ལེགས་བཅུ་གསུམ། འབྲིང་ཙམ་བཅོ་བརྒྱད། སིལ་སྙན་སྤུས་ལེགས་གསུམ། འབྲིང་ལྔ། གསེར་དངུལ་བཀྲ་མའི་མཆོད་ཆ་གཅིག སྟོང་གི་མཆོད་ཆ་གསུམ། ཟངས་རག་དྲུགཉེར་སྤྱད་རྣམས་སྨོས་ཀྱིས་མི་ལང་ཀྱང་། ད་ལྟར་མཁར་ཇ་ཉི་ཟེར་མ་དང་རོལ་མོ་ཆ་ཤས་ལས་ཐམས་ཅད། རིག་གནས་གསར་བརྗེའི་སྐབས་རླག་སོང་། ད་ལྟར་སྐུ་གསུང་ཐུགས་རྟེན་གསར་བཞེངས་རྣམས་ཀློང་གསལ་ཕྱག་བཟོས་གུ་རུ་སྐུ་ཆག་པོ་སླར་གསོ་བར་མཛད་པ་དང་། འདམ་སྐུ་སྔར་ཡོད་དོ་ཅོག་གསར་བཞེངས་མཛད། གསུང་རྟེན་བཀའ་འགྱུར་ཆ་གཅིགའབུམ་ཆ་གསུམ། མཛོད་བདུན། ཡ་བཞི། བཀའ་གཏེར་འདོན་ཆའི་སྐོར་པོད་སུམ་བརྒྱ། འཁར་རྔ་གྲ་ཉི་ཟེར་མ་སོགས་མི་དམན་ཙམ་ཡོད། དེང་སྐབས་སུ་སྤྲུལ་སྐུ་གཉིས། མཁན་པོ་གཅིག བླ་མ་བདུན། གྲྭ་པ་ཞེ་བདུན། བཅས་ཀྱི་དབྱར་དགུན་དུ་བཅའ་བ་ཟླ་རེ་སྡོམ་སྟེ། དབུ་མཛད། ལས་དོན་བཅས་རང་རང་གི་འགན་རྣམས་མ་སྦྱར་བར་ལེགས་པར་བསླབ་དགོས་པ་དང་། བླ་མ་གསར་བསྐོས་པའང་ལོ་ངོ་ལྔ་བདུན་ཙམ་ལ་དབང་ལུང་དང་སྔོན་དངོས་བསྙེན་སྒྲུབ་སོགས་མ་བྱས་ན་བླ་མའི་གོ་སར་མི་བྱིན་པ་དང་། བན་བཙུན་ཆུང་ངུ་རྣམས་ཀྱི་ཀློག་རྒྱུགས་དང་། རབ་བྱུང་གི་སྡོམ་པ་དག་ཐེར་ཆོག་ངེས་རེ་མ་གཏོགས་དགོན་གྲལ་དུ་འཛུད་མི་ཆོག་པའི་ཁྲིམས་བཅས་ལེགས་པར་སྡོམ་བཞིན་པས་དགོན་པ་ཇེ་རྒྱས་སུ་འགྲོ་བའི་ལམ་ལ་བརྩོན་བཞིན་ཡོད། ཅེས་པའང་དགོན་པའི་རྒན་པ་རྣམས་ཀྱི་ཞལ་རྒྱུན་དང་ཡིག་ཆ་ལ་གཞི་བྱས་ནས་མཁན་བསོད་ནམས་བསྟན་པ་དང་བྱ་ཚེ་རིང་གཉིས་ནས་བསྒྲིགས་པ་དགེའོ། །
[page 251] སྤྱིར་ཉག་རོང་དུ་ཆགས་སྔ་བའི་དགོན་ཁག་བཞི་སྟེ། མཚོ་ཁ་ཨྰརྱ་གླིང་། ལྕགས་མདུད་ཨོ་རྒྱན་གླིང་། རྩྭ་ར་དགེ་འདུན་གླིང་ཞེས་གྲགས་པ་ལ། ལུང་བསྟན་བུ་བཞིའི་ཡ་གྱལ་འབྲུ་ཚ་སྒང་རིན་ཆེན་གྱིས། བུ་རོང་བཞག་གསུམ། ཁ་བ་དཀར་པོ་ཡན་ཆད་ལ་དགོན་པ་བརྒྱ་རྩ་བཏབ་པའི་གྲས་སུ་ཡང་ཡུལ་འདིར་རབ་བྱུང་ལྔ་པ་ཙམ་ལ་འབྲུ་ཚ་སྒང་རིན་ཆེན་གྱིས་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་མཐུས་གཙུག་ལག་ཁང་ཐེག་དགུས་མཚོན་ཀ་བ་དང་ལྡན་པའི་རི་དབུས་ཀྱི་ཀ་གདན་ཉིད་གཏེར་མ་ཡིན་ཞེས་བཤད་སྲོལ་ཡོད། འོག་མིན་ཨོ་རྒྱན་འཕེལ་རྒྱས་གླིང་ཞེས་མཚན་གསོལ། རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ཏུ་ཕེབས་དུས་རྩྭ་ར་དགོན་དུ་ཕེབས་ནས་མཁའ་སྤྱོད་མའི་སྐུ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཁྲིད་གནང་བའི་ལོ་རྒྱུས་རིན་སྤུངས་ངག་དབང་ཆོས་རྒྱལ་གྱིས་མཛད་པའི་རྣམ་ཐར་ན་གསལ། རྩྭ་ར་དགོན་དང་། འབྲོག་ཐང་དགོན་གཉིད་གཅིག་གྱུར་གྱི་ཚུལ། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་རྡོ་འགྱ་སྤྲུལ་སྐུའི་བཀའ་གནང་ལྟར་འབྲོག་ཁང་བླ་མ་ཚེ་རིང་བསམ་གྲུབ་དང་། བླ་མ་བསྟན་འཛིན་གཙོས་གྲྭ་འཁོར་ཡུལ་སྡེ་དང་བཅས་པས་བློ་མཐུན་སེམས་མཐུན་གྱིས་རི་ནུབ་ལྷ་ར་མགོ་དགོན་པ་དང་ཆབས་ཅིག་ཏུ་འདུས་ཏེ་བསྟན་པ་འཕེལ་རྒྱས་སུ་བྱུང་། དེ་ནས་བཟུང་དགོན་གཉིས་གཅིག་ཏུ་གྱུར། དུས་མཆོད་སྐོར། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གར་འཆམ་དང་། བདུད་འདུལ་ཕུར་པའི་གཏོར་བཟློགཞི་ཁྲོ་ན་རག་དོང་སྤྲུགས། ཀར་གླིང་ཞི་ཁྲོ་དམྱལ་སྣང་འཆམ་བཅས་ཞག་བདུན་རེ་ཡོད། སྙུང་གནས་ཆ་བཞི། སྒྲུབ་གྲྭར་བླ་གྲྭ་བདུན་རྒྱུན་བཞུགས་ཡོད། ས་ཡི་རྒྱ་ཁྱོན་མུའུ་སྟོང་ཕྲག་ལྷག་ཡོད། ཡོན་གྱི་འབྱུང་ཁུངས། ལྕགས་མདུད་རི་ནུབ་ཚང་གིས་གནང་བའི་ས་ཞིང་ནས་ཁལ་བཞི་བརྒྱའི་ས་དང་། གྲྭ་སྒེར་ལ་བགོས་པའི་གཏན་འབབ་བསྡུ། ལོ་རེར་ནས་ཁལ་བརྒྱད་བརྒྱ་ལྔ་བཅུ་རེ་བསྡུ་རྒྱུ་ཡོད་པ་དང་། མཛོ་མོ་བརྒྱད་བཅུ་ཐམ་པ་ལ་མར་རྒྱ་མ་ཉིས་སྟོང་རེ་བསྡུ་རྒྱུ་ཡོད། ཚོང་པ་མི་ལྔ། ལོ་རེར་མི་རེས་སྒོར་ཉིས་སྟོང་ལྔ་བརྒྱ་རེ་སྤྲོད་དགོས། རིག་གནས་གསར་བརྗེ་བྱུང་བས་ཐམས་ཅད་རྨེག་མེད་དུ་བརླགས། གཙུག་ལག་ཁང་དང་གྲྭ་ཤག་བཅས་བཤིག་ནས་ས་ཞིང་དུ་བསྒྱུར་ཏེ་ནས་ལོ་མང་པོ་ལ་གྲོ་ནས་རྒྱ་གྲོ་སོགས་རྨོས་པའི་དུས་བྱུང་། ད་ལན་ཆོས་དད་རང་དབང་གི་ཉི་མ་ཤར། སྤྲུལ་སྐུ་རྡོ་ལོ་རིན་པོ་ཆེ་དང་པདྨ་རྒྱལ་མཚན་གཉིས་ཀྱི་རྒྱབ་སྐྱོར་འོག་གཙུག་ལག་ཁང་གི་རྨང་བཏིང་བ་ལ་བར་སྣང་ནས་དུང་དཀར་ཆ་གཅིག་གི་སྒྲ་འུ་རུ་རུ་གྲགས། ཇ་ཁང་དུ་མི་ཡི་རྗེས་ལས་ཉིས་འགྱུར་ཆེ་བའི་ལྕགས་ལྷམ་གྱི་རྗེས་བཞག་པ་སོགས་ངོ་མཚར་བ་མང་པོ་བྱུང་། འདུ་ཁང་། གཙུག་[page 252] ལག་ཁང་། མགོན་ཁང་། གཉེར་ཁང་། ཇ་ཁང་། རོལ་ཁང་། གྲྭ་ཤག་ལྔ་ཅུ་ཙམ་བཅས་གྲུབ། ནང་གི་རྟེན་ལ་འོག་ཁང་དུ་གུ་རུ་རིན་པོ་ཆེ་དང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་སོགས་ཉེར་གཅིགབར་གྱི་རྟེན་ཁང་དུ་རིགས་གསུམ་སེམས་དཔའ། སྟེང་ཁང་དུ་འོད་དཔག་མེད་སོགས་གཙོ་འཁོར་ལྔ། ཡང་སྟེང་དུ་གདུགས་དཀར་རྣམ་རྒྱལ་མ་རྣམས་འཇིམ་སྐུ་ཡིན། མགོན་ཁང་དུ་མ་མགོན་མགར་གསུམ་འཇིམ་སྐུའོ། ཐང་ག་གསར་རྙིང་ལྔ་བཅུ་ཙམ། གསེར་སྐུ་ལི་མ་གསུམ་གཙོས་འདྲ་མིན་སྣ་ཚོགས་སུམ་ཅུ་ཙམ། གསུང་རྟེན་བཀའ་འགྱུར་ཆ་གསུམ། བསྟན་འགྱུར། འབུམ་སོགས་པོད་ལྔ་བཅུ་ཙམ། འབགལྷ་ཁང་ཕྱི་ནས་སྐོར་ཁང་དུ་མ་ཎི་དུང་བརྒྱ་ཡི་ལག་སྐོར་དང་། དུས་འཁོར་དུང་བཞི་བཅས་བཞུགས། སྒྲུབ་མཆོད་སྐོར་ལ་ཀར་གླིང་ཞི་ཁྲོའི་སྒྲུབ་མཆོད། མཁའ་ཁྱབ་རང་གྲོལ། བདུད་འདུལ་ཕུར་པའི་གཏོར་བཟློགཚེས་བཅུ་ཆེན་མོ་འཆམ་དང་བཅས། བཞི་གསུམ་དབྱར་གནས་བཅས་འཚོགས་རྒྱུ་ཡོད། རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོ་འདིར་བླ་མ་ཚེ་རིང་བསམ་གྲུབ་མཆོག་དང་ཨ་སྐལ་གཙོས་གཞན་མཁན་པོ་བཞི། འདུས་པ་གྲྭ་བརྒྱད་ཅུ་གྱ་བཞི་བཞུགས། དགོན་པའི་སའི་རྒྱ་ཁྱོན་ནི་ས་ཁལ་ཉེར་བཞི་ཙམ་ཡོད།
དེ་ལྟར་བཞུགས་པའི་དགེ་འདུན་པའི་ཚོགས་རྣམས་ཐུགས་མཐུན་ཁྲིམས་གཙང་དང་ལྷག་བསམ་རྣམ་དག་གིས་བསྟན་འགྲོའི་བྱ་བ་འགྲུབ་པའི་རེ་འདུན་ཆེན་པོས་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་ཉམས་བཞེས་དང་བཅས་ཆོས་མཐུན་གྱི་མཛད་སྤྱོད་གནང་བཞིན་དུ་མཆིས་ལགས་སོ། ཞེས་སྐལ་བཟང་བསྟན་འཛིན་གྱིས་བྲིས་པ་དགེའོ།
དཔལ་ལྡན་ཞི་བ་དགོན་ནི་ཉག་ཨ་ཛི་རོང་གི་ལྟེ་བ། ཉག་ཆུ་སྔོན་པོ་དལ་གྱིས་འབབ་པའི་གཡས་སུ་སྔོན་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་གཉིས་ཤར་རྒྱལ་མོ་རོང་ནས་བོད་དབུ་ས་སུ་བྱོན་པའི་ལམ་བར་དགོན་འདིའི་ཉེ་འདབ་སྤུང་རིའི་ཕུག་ཏུ་ཕེབས་ཏེ་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས། གྲུབ་རྟགས་ཀྱིས་རྡོ་ལ་ཞབས་རྗེས་བཞག་པ་ད་ལྟའི་བར་དུ་སྐྱེ་འགྲོ་ཀུན་གྱི་མིག་གི་བདུད་རྩིར་གྱུར་ཅིང་། གནས་འདི་རྒྱལ་མོ་མུར་རྡོར་དང་མཚུངས་པར་གསུངས་པས་མིང་མུ་རྡོར་དུ་ཆགས་པ་དང་། གནས་དེར་དགོན་པ་བཏབ་པས་དགོན་ཤུལ་ད་ལྟའང་ཡོད།
སྐབས་དེར་བེེ་རོའི་འབྲི་སྨྲིག་ཅིག་འབར་ཁུ་བླ་མ་ཚང་ཁྱིམ་དུ་ལུས་པས་དེའི་རྟེན་འབྲེལ་གྱིས་དུད་ཚང་དེར་བླ་རྒྱུན་དང་བྲིས་རྒྱུན་བར་མ་ཆད་པར་བྱུང་བར་གྲགས། དེ་ནས་རིམ་བཞིན་སྔ་ཀན་དགོན་[page 253] དང་། ལུང་ནག་དགོན། དགོན་པ་འགོ་རག་ན་དགོན་སོགས་ཡུལ་འདིར་དགོན་པ་ཆུང་ངུ་བྱུང་བ་རྣམས་ཕྱིས་ཁྲག་འཐུང་བདུད་འདུལ་རྡོ་རྗེའི་རྣམ་རོལ། ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་དཔལ་ཆོས་ཀྱི་རྡོ་རྗེ་ཉག་ཡུལ་དུ་བྱོན་སྐབས་གནས་འདིར་ཕེབས་ནས་གནས་འདིར་དགོན་པ་ཞིག་འདེབས་དགོས་གསུངས། གོང་གི་དགོན་ཆུང་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་དགོན་ཆེན་གཅིག་བཏབ་པ་ལ་མཚན་ཞི་བ་ལྷ་ཐིམ་དགོན་གསོལ།
དེ་ནས་བཟུང་ཤར་རྒྱལ་བ་ཀཿཐོག་པའི་དགོན་ལག་ཏུ་གྱུར། ཀཿཐོག་ཆོས་འབྱུང་ལས་དྲི་མེད་ཞིང་སྐྱོང་དཔལ་ཆོས་ཀྱི་རྡོ་རྗེ་དེ་ཉིད་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ལོར་འཁྲུངས་ཚུལ་འཁོད་པར་བརྟག་ན། དགོན་པ་འདི་བཏབ་ནས་ལོ་ཉིས་བརྒྱ་བརྒྱད་ཅུ་ལྷག་ཙམ་སོང་བར་མངོན།
དེ་ནས་ར་ལོང་ཐར་པ་རྒྱལ་མཚན་ནམ་ཉག་ཕྲུག་བྱང་ཆུབ་སེང་གེས་ཞབས་ཀྱིས་བཅགས། བྱིན་གྱིས་བརླབས། དུས་དེ་ཙམ་དུ་དགོན་ཟུར་གྱི་ཨ་ཁྱུང་ཚང་གི་གྲྭ་ཆུང་རྡོ་རྗེ་དཔལ་རྒྱལ་བྱ་བ་དེ་ཀཿཐོག་ཏུ་གྲྭ་སར་སོང་ནས་མཁན་པོར་གྱུར། སླར་རང་དགོན་དུ་ཕེབས་ནས་འདུལ་བའི་བསྟན་པ་བཙུགས། དགོན་ཟུར་དུ་ཆགས་པའི་གྲོང་པ་ཐམས་ཅད་སྤོ་དགོས་པའི་བཀའ་ཕེབས་པ་བཞིན་གྲོང་ཚོ་གཞི་སྤོས་ནས་ར་གེ་ཞེས་པའི་སར་ཆགས། དེ་ཕྱིར་དགོན་འདིའི་དང་ཆོས་འདུལ་བའི་སྡེའི་ཐོག་དེ་མཁན་རྡོ་རྗེ་དཔལ་རྒྱལ་གྱིས་བཙུགས་ཞེས་གླེང་། སྐབས་དེར་དགོན་འདི་ཉག་རྐེད་དཔོན་གྱིས་བདག་པོ་བྱས་ནས་ཕོ་བྲང་ངམ་བླ་བྲང་བརྩེགས། ངག་རྒྱུན་དུ་ཉག་དཔོན་གྱིས་བཀའ་གཙིགས་བསྒྲགས་དགོས་ཟེར་ནས་མཁན་རྡོ་རྗེ་དཔལ་རྒྱལ་ལ་རབ་བྱུང་གི་སྡོམ་པ་ཞུ་བཅུག་པ་ཡིན་ཟེར། ཡང་ཉག་དཔོན་གྱིས་ས་སྟོད་དབེན་དགོན་མན་ཆད། བཞག་སར་ཆོས་གྲགས་དགོན་ཡན་ཆད་ཀྱི་བླ་སེར་ཐམས་ཅད་དགོན་འདིར་བསྡུས་ནས་ཚེས་བཅུ་དང་དགུན་གཏོར་འཚོགས་པའི་སྲོལ་བཙུགས། དེའི་དབང་གིས་ད་ལྟར་དགོན་འདིའི་དགུན་གཏོར་སྐབས་སྒྲུབ་ཁག་དྲུག་བདུན་རེས་འདོན་དགོས་པའི་རྒྱུ་མཚན་དེ་ལས་བྱུང་། ཉག་དཔོན་གྱིས་ཞི་འབྱུང་བྱམས་གསུམ་ཁོ་བོའི་སེར་འབྲས་དགའ་གསུམ་ཡིན་ཟེར་ནས་དགོན་འདིར་བསྡུས་ཤིང་། དབུ་བླ་པདྨ་བདུད་འདུལ་སོགས་ཀྱིས་མཛད། ལོ་རེར་མ་དགོན་གཉིས་ཀྱི་གསོལ་མཆོད་འབུམ་ཐེར་རེ་བཏོན། དེའི་དབང་གི་ད་ལྟའང་དགོན་འདིའི་སྲུང་མའི་གཙོ་བོ་མགོན་པོ་དང་མ་མོ་གཉིས་ཡིན། དེ་ནས་རྫོགས་ཆེན་མི་འགྱུར་རྡོ་རྗེ་བྱོན་ནས་རྫོགས་ཆེན་ཆོས་སྐོར་གྱི་དབང་ལུང་ཟབ་རྒྱས་སྩལ།
སྐབས་དེར་ཞི་དགོན་དང་ཉག་དཔོན་བར་གྱི་འབྲེལ་བ་དང་། ཉག་དཔོན་གྱིས་དགོན་པའི་བདག་པོ་བྱས་ཚུལ་ལ། ཉག་བླ་པདྨ་བདུད་འདུལ་གྱི་རྣམ་ཐར་དུ་འདི་ལྟར་སྣང་སྟེ། དེ་ནས་སྐབས་ཤིག་ཞི་བ་དགོན་དུ་ཉག་དཔོན་གྱིས་བླ་ཆེན་བཅུ་གསུམ་དྲངས་ཏེ། དེ་དག་ནི་པདྨ་བདུད་འདུལ། རྣམ་རྒྱལ་མདོ་སྔགས་བསྟན་འཛིན། མི་འགྱུར་ནམ་མཁའ་རྡོ་རྗེ། ཟི་ལི་ཀརྨ་བསོད་ནམས། ཀཿཐོག་རིག་འཛིན་[page 254] འཇིགས་མེད་མགོན་པོ། ས་སྐྱ་ཕྱོགས་གླང་། དུང་རལ་རལ་གླིང་པ། ཀརྨ་མཁུ་ཁྲིབ་རྡོ་རྗེ། དཔལ་རི་མཁྱེན་བརྩེ་བཅས་ཏེ་དེ་དག་དབུ་བཞུགས་མཛད་ནས་བླ་གྲྭ་བརྒྱ་ལྷག་ཙམ་ལ་བུམ་སྒྲུབ་འཛུགས་སྐབས། ཉག་དཔོན་ཨ་མགོན་གྱིས་འདི་ལྟར་སྨྲས་ཏེ། བླ་མ་ཁྱེད་དག་གིས་རིལ་བུ་འཕུར་འཕེལ་ཨེ་ཐུབ། ཁྱེད་ཚོས་མ་ཐུབ་ན་ངས་ག་པུར་སོགས་རྫས་སྦྱོར་གྱིས་འཕེལ་ཐབས་དང་འཕུར་ཐབས་བྱ་རྒྱུ་ཡིན་ཞེས་བཙན་ཚིག་བསྒྲགས་པར་བླ་མ་སུས་ཀྱང་ཁས་བླང་མ་ཕོད། པདྨ་བདུད་འདུལ་གྱིས་འཕེལ་འཕུར་ཐུབ་པར་ཞལ་གྱིས་བཞེས་ཤིང་། ཞལ་བཞེས་བཞིན་དུ་སྒྲུབ་ཁང་སྟེང་འོག་ཐམས་ཅད་རིལ་བུས་ཁྱབ་པ་དང་། གཟུང་ཐག་ལས་རྒྱུ་བ་སོགས་དཔོན་སློབ་འཁོར་ཚོགས་ཐམས་ཅད་ཀྱི་ཆུ་བུར་མིག་གི་དགའ་སྟོན་དུ་གྱུར་པས། ཉག་དཔོན་ཤིན་ཏུ་ཡི་རངས་ཞིང་བླ་མ་ལ་དད་པ་སྙིང་ནས་ཐོབ་པའོ་ཞེས་དང་། དེ་ནས་ཡང་ཉག་དཔོན་གྱིས། ད་ནི་དགོན་པ་འདིར་ཇོ་བོ་ཁྱད་འཕགས་ལྷ་སའི་ཇོ་བོ་དང་ངོ་མཉམ་པ་ཞིག་བཞེངས་དགོས་པས། ཁྱེད་ཅག་གི་བྱིན་རྟེན་བཟང་པོ་ཐམས་ཅད་ཁྱེར་ཤོག དེ་ལས་ཁྱད་པར་ཅན་གཞན་མེད་ཟེར་ནས་མནའ་སྐྱེལ་དགོས་ཟེར་བས། པདྨ་བདུད་འདུལ་གྱིས་སྤོས་ཆག་པ་གང་མདུད་དེ་ཕུལ་བས་རྟེན་གྱི་གཙོ་བོ་སྤོས་མདུང་ཁུག་དྲུག་དང་ལྡན་པ་ཞིག་ད་ལྟར་ཡང་ཡོད་པ་དེ་དང་། རྣམ་རྒྱལ་མདོ་སྔགས་བསྟན་འཛིན་ནས་དུང་དཀར་གཡས་འཁྱིལ། མི་འགྱུར་ནམ་མཁའི་རྡོ་རྗེས་ཞལ་འདོན་གསེར་གྱི་ཕྱག་བྲིས་ཅན། ཀརྨ་བསོད་ནམས་ནས་དཔལ་སྤྲུལ་རིན་པོ་ཆེས་གནང་བའི་སྤྱོད་འཇུག་ཀཿཐོག་རིག་འཛིན་འཇིགས་མེད་མགོན་པོས་གནམ་ལྕགས་ཀྱི་ཕུར་པ། གཏེར་ཆེན་དུང་རལ་གླིང་པས་གྲུབ་རྟགས་ཀྱིས་རལ་གྲི་མདུད་པ་ཞིག ས་སྐྱ་ཕྱོགས་གླང་ནས་གསེར་སྐུ་སྤྱན་དངུལ་ཟངས་མཆུ་ཅན། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་དྭགས་པོའི་བཀའ་འབུམ། དཔལ་རི་མཁྱེན་བརྩེས་གཏེར་རྫས་སྒྲོམ་བུ་བཅས་གཙོས་ནང་རྟེན་ཁྱད་པར་ཅན་བགྲང་ལས་འདས་པ་ཕུལ་ཏེ་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་ཇོ་བོའི་སྐུ་བརྙན་ཐོག་བརྩེགས་གཉིས་ཅན་བཞེངས་ཤིང་། ཉག་དཔོན་གྱི་བཀའ་ལྟར་ཇོ་བོའི་ཞལ་ཉག་དཔོན་ཕོ་བྲང་གི་ཕྱོཊ་ཏེ་བྱང་གི་ཕྱོཊ་སུ་བསྟན། ཕྱོཊ་གླང་ཞི་དགོན་དུ་བྱོན་མྱོང་མིན་ལ། ཉག་བླའི་རྣམ་ཐར་ལས། འཁོན་རིགས་ས་སྐྱ་བ་ཆེན་པོ་སྤྲུལ་སྐུ་དཔལ་ལྡན་ཕྱོཊ་ཀྱི་གླང་པོ་ཞེས་བྱ་བ་དེ་ཉིད། ཉག་རོང་དཔོན་གྱིས་ཞི་བ་དགོན་དུ་དྲངས། པདྨ་བདུད་འདུལ་སློབ་འཁོར་འགའ་དང་བཅས་མཇལ་དུ་བྱོན། གསེར་དངུལ་སོགས་ཀྱི་འབུལ་བ་གྱ་ནོམས་པ་ཕུལ། ས་ཕྱོགས་ཀྱི་དབང་ལུང་རྒྱས་པ་ཞུས་ཞེས་འབྱུང་། དེ་ནས་ཉག་དཔོན་མགོན་རྣམ་རྒྱལ་གྱི་སྲས་བསོད་ནམས་སེངྒེ་དེ་ཉིད་དགོན་འདིའི་བསྟན་པའི་བདག་པོར་མངའ་གསོལ། དགོན་འདིའི་ཕོ་བྲང་དུ་བཞུགས། ཉག་གི་དགོན་པ་ཁག་ནས་གྲྭ་ཁྲལ་བསྡུས། ཉིན་རེར་གྲྭ་བདུན་རེ་ལས་མི་ཉུང་བ་ཀཿཐོག་གི་ལུགས་ལྟར་མགོན་པོ་དང་མ་མོ་རྒྱུན་དུ་བསྒྲུབས་པས། ཉན་དཔོན་དང་རང་དགོན་ལ་དགྲ་དང་འཚེ་བ་སོགས་འབྱུང་ཉེ་བའི་དུས་[page 255] ཆོས་སྐྱོང་མངོན་སུམ་རྒྱུ་བ་དང་། བོང་བུ་འཚེར་བ་སོགས་རྟགས་མཚན་མངོན་དུ་གྱུར།
བོད་དམག་གིས་ཉག་རྐེད་དཔོན་བཅོམ་སྐབས་སྲས་བསོད་ནམས་སེང་གེ་ལྷ་སར་ཁྲིད་ནས་རྐེད་བཅད། དགོན་འདིའི་ཕོ་བྲང་ལྷ་ཁང་དུ་བསྒྱུར་བས་ད་ལྟར་ལྷ་ཁང་གོང་འོག་གཉིས་ཡོད་དོན་དེ་ནས་བྱུང་། གོང་གསལ་དུས་འགྱུར་གྱི་དབང་གིས་དགོན་པ་ཅུང་ཉམས་པའི་དུས་བྱུང་བར། སྔར་དགོན་འདིའི་ཁོངས་སུ་གཏོགས་པ་ཇ་བཟི་ཀརྨ་བསྟན་འཛིན་སོགས་གྲྭ་པ་བཅུ་གསུམ་གྱིས་གཙོ་བོ་བྱས་ནས་ཇ་བཟི་དགོན་གསར་དུ་བཏབ། དུས་དེ་ཙམ་དུ་ཉག་བླ་པད་མ་བདུད་འདུལ་དགོན་འདིར་བྱོན་པར། བོད་དཔོན་ཕུར་བ་པདྨ་བདུད་འདུལ་མཇལ་དུ་འོང་སྟེ་དར་ཉིན་མོ་བདེ་ལེགས་ཤིག་ཕུལ་བྱུང་བས། ཁྱེད་ཅག་མྱ་ངན་མ་བྱེད་དང་ད་ལན་རྟེན་འབྲེལ་བཟང་ངོ་གསུང་བཞིན་ཕྱག་ལ་མཚལ་བྱུག་སྟེ་དར་དེའི་སྟེང་དུ་ཕྱག་ཐེལ་མཛད། ཉིན་མོ་བདེ་ལེགས་མཚན་བདེ་ལེགས་སོགས་ཀྱིས་མཐའ་བརྒྱན་པར་མཛད་དེ་དར་ནམ་མཁའ་ལ་འཕངས། མ་འོང་པར་དགོན་འདིར་གྲྭ་པ་བརྒྱ་ལྷག་ཙམ་གྱིས་འཆམ་བྱེད་པ་དང་གྲྭ་ཁང་བརྒྱ་ཚོ་འགའ་ཡོད་པའི་དུས་འོང་། དེ་དུས་བསྟན་པ་ནམ་མཁའ་དང་མཉམ་ཞེས་ལུང་བསྟན། བཀྲ་ཤིས་མཐར་རྒྱས་གླིང་ཞེས་མཚན་གསོལ་ལོ།།
དེ་ནས་དགོན་འདིའི་མཁས་དང་བཙུན་པའི་གཙུག་རྒྱན་བླ་མ་དཔལ་ལྡན་ནི་ཡུལ་སྒྲོམ་པ་ཞེས་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་རིག་པ་དང་བྱང་སེམས་ལྷན་སྐྱེས་སུ་མངའ། བྱིས་པའི་རོལ་རྩེད་ཐམས་ཅད་དམ་པའི་སྤྱོད་ཚུལ་ཁོ་ན་མཛད། ཡི་གེ་དང་རིག་པ་བཟོའི་གནས་ཐམས་ཅད་ཚེགས་མེད་དུ་མཁྱེན། སྐུ་ནར་སོན་ནས་འབར་ཕུག་ཆོས་དཔལ་རྒྱ་མཚོ་ལས་རབ་ཏུ་བྱུང་། དེ་ནས་བཟུང་ཉེས་ལྟུང་གི་དྲི་མ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པས་བཙུན་པའི་ཚད་མར་གྱུར། དཔལ་རྒྱལ་བ་ཀཿཐོག་ཏུ་གྲྭ་སར་བྱོན། དྲི་མེད་ཞིང་སྐྱོང་འཇིཊ་མེད་ཡོན་ཏན་མགོན་པོ་རྩ་བའི་བླ་མར་བཀུར་ནས་ཟབ་མོ་གནད་ཀྱི་གདམས་པས་ཕྱུག་པར་མཛད། ཀཿཐོག་པའི་མཐོང་བ་རྒྱུད་པའི་ཕྱག་ལེན་རྒྱལ་དབང་པདྨ་འོད་འབར་བུམ་སྒྲུབ་ཀྱི་གདངས་དབྱངས་དང་། ས་བཅད། གར་འཆམ་སོགས་ཀྱི་ཕྱག་སྲོལ་ཁུངས་དག་བསླབས། རང་དགོན་དུ་འབྱོར་རྗེས་སྔར་ཡོད་ཀྱི་ཕྱག་སྲོལ་དག་ཐེར་དང་དེའི་ཟིན་བྲིས་རྒྱས་པ་མཛད། དེ་ནས་བཟུང་ད་ལྟའི་བར་ཀཿཐོག་སྔར་ལུགས་ལ་འགྱུར་ལྡོག་མ་བྱུང་ཞིང་། དབྱངས་གར་ཕྱག་ལེན་ཐམས་ཅད་རང་རྐྱ་ཕེར་པས་ཀུན་གྱི་ཡིད་སྨོན་བྱེད་པའི་ཡུལ་དུ་གྱུར་པ་ནི་བླ་མ་འདིའི་བཀའ་དྲིན་ཏེ། ཕྱིས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དགོན་དགོན་འདིར་གདན་དྲངས་ནས་པདྨ་འོད་འབར་གྱི་མཆོད་པ་ཕུལ་བྶ། བླ་མས་ཀཿཐོག་སྔ་རབས་ཀྱི་ལུགས་མ་འཆུག་པ་འདུག་གསུངས་ནས་ཕྱག་ཐལ་མོ་སྦྱར། སི་ཏུ་རིན་པོ་ཆེས་དགོན་འདིར་བཞུགས་རིང་སྒྱུ་འཕྲུལ་ཞི་བའི་དབང་ལུང་གནང་བ་དང་དེའི་སྒྲུབ་མཆོད་རྒྱུན་འཛུགས་མཛད། གུ་རུ་མཚན་བརྒྱད་ཀྱི་གསེར་ཐང་དང་། ཆ་ལང་། མཆོད་ཆས་སྤུས་ལེགས་ཆ་ཚང་[page 256] སོཊ་རྟེན་གྱི་གནང་བ་རྒྱ་ཆེར་བསྩལ། སྐབས་དེར་ཨ་སྡུག་ལ་འོག་ཚོ་ནས་དོང་སྤྲུག་རྒྱུན་འཛུགས་ཀྱི་རྟེན་དུ་བསྟན་འགྱུར་ཆ་ཚང་ཞིག་ཕུལ། རྒྱལ་རོང་གཏེར་སྨྱོན་གྱི་སྲས་ཐེག་མཆོག་རྡོ་རྗེ་སྒྲོམ་བླ་དཔལ་ལྡན་ཆོས་བདག་ཏུ་དགོངས་ནས་དགོན་འདིར་བྱོན། དམ་ལྡན་དཀོན་མཆོག་བསྟན་འཛིན་ལ་གནོད་སྦྱིན་ཙིའུ་དམར་ཕབ་སྟེ་ལེགས་ཉེས་ཀྱི་ལུང་བསྟན་ཞུས།
སྐུ་ཚེ་སྨད་དུ་འཚོ་བ་བྱ་བཏང་གི་སྤྱོད་པ་མཛད་ནས་གནས་ངེས་མེད་དུ་འགྲིམ་ཞིང་མཐར་ཨ་བསེ་ཀླུ་རབ་ཏུ་དགོངས་པ་དབྱིངས་སུ་བསྡུས་སོ།།
འབར་ཁུ་བླ་མ་ཚོགས་གཉིས་རྡོ་རྗེ་ནི་པུང་རི་ཞེས་པར་སྐུ་འཁྲུངས། བླ་མ་དགོན་པ་སྐྱབས་ནི་ཀཿཐོག་སི་ཏུ་རིན་པོ་ཆེའི་དངོས་སློབ་སྟེ་སྐུ་ཚེ་ཧྲིལ་པོར་ཆོས་ཀྱི་བྱ་བ་ཁོ་ན་མཛད། བདུད་ཀློང་གཉིས་ཀྱི་ཆོས་སྐོར་ཆ་ཚང་དབུ་མེད་ཀྱིས་ཕྱག་བྲིས་མཛད་ནས་ད་ལྟ་དགོན་འདིར་བཞུགས། བླ་མ་རིན་པོ་ཆེ་དེའི་ཡང་སྤྲུལ་ནི་རྒྱ་རི་ཉི་མ་རྒྱལ་མཚན་གྱི་སྲས་འབྲིང་བ་བློ་གྲོས་ཡིན་པར་ངོས་བཟུང་ནས་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། དུས་དབང་གིས་ད་ལྟ་ཕྱི་རྒྱལ་དུ་བཞུགས།
དབོན་བླ་འཇིགས་མེད་བསྟན་འཛིན་ནི། བེེ་རོ་ཙ་ནས་སྨོན་ལམ་དབང་གིས་དགོན་འདིའི་བསྟན་བདག་ཏུ་གྱུར། གྲུབ་པའི་མཚན་མ་མངོན་དུ་གྱུར་ཅིང་ཆོས་སྐོང་བྲན་དུ་འཁོལ། ཕྱིས་སུ་བཙོན་ཁང་དུ་བཞུགས་སྐབས་གྲུབ་པའི་རྟགས་མཚན་དུ་མ་ངོམ་པ་ཀུན་གྱི་མཐོང་ཆོས་སུ་གྱུར། དེ་ནས་དགོངས་པ་ཆོས་དབྱིངས་སུ་བསྡུས་པས་སྐྱེ་འཆི་ལ་རང་དབང་ཐོབ་པའི་མཚན་མ་མངོན་དུ་གྱུར།
སྤྲུལ་སྐུ་དཔལ་ལྡན་ནི། ཉག་རོང་གོ་རྩ་ཞེས་པར་སྐུ་འཁྲུངས། མཁན་ཆེན་ངག་གི་དབང་པོ་ནས་གྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཐུགས་སྤྲུལ་ཡིན་པར་ངོས་འཛིན། སྨིན་གླིང་ངག་དབང་ཆོས་གྲགས་དང་མཁན་ངག་དགའ་སོགས་ཀྱི་ཞལ་སློབ་ཏུ་གྱུར། བདེ་ཀློང་ནས་དུང་དཀར་དང་། མེ་ལོང་། སྒྲོམ་བུ། གསེར་སོགས་གཏེར་ནས་བཞེས། རྡོ་ལ་ཞབས་རྗེས་བཞག་པ་སོགས་ངོ་མཚར་བའི་མཛད་པ་དུ་མས་ཨོ་རྒྱན་པདྨའི་རྒྱལ་ཚབ་ཏུ་བཞུགས་པར་ཀུན་གྱིས་ཡིད་ཆེས་པར་གྱུར་ཅིང་། མཐར་བཙོན་དུ་སྐུ་གཤེགས་སོ།།
ས་ནག་སྒྲོམ་པ་བླ་མ་ཁུན་བཟང་ནི། འཇུ་མི་ཕམ་རིན་པོ་ཆེ་དང་བླ་མ་བསོད་ནམས་མཐའ་ཡས་སོགས་ཀྱི་དངོས་སློབ་ཏུ་གྱུར། སྐུ་ཚེ་ཧྲིལ་པོར་དབེན་གནས་འཕོ་བ་སྒར་དུ་བཞུཊ་ཤིང་ལུང་བསྟན་གྱི་བདག་པོར་གྱུར། ཞི་དགོན་གྱི་བསྟན་པའི་སྲོག་ཤིང་མཛད་ནས་འཁྲུལ་ཞིག་བྱང་ཆུབ་གླིང་པའི་མཁའ་ཁྱབ་རང་གྲོལ་གྱི་སྒྲུབ་པ་འཛུགས་དགོས་པའི་དགོངས་པ་བཞིན། བླ་མ་ཨ་རྡོར་ནས་རྟེན་བཞག་གིས་གོང་གི་སྒྲུབ་པ་རྒྱུན་འཛུགས་མཛད་པ་དང་། དགོན་འདིར་དབྱར་གནས་འཚོགས་ཐུབ་པ་སོགས་བྱུང་།
སྤྲུལ་སྐུ་གསུང་རབ་ནི། ཡུལ་ཁྲ་སྐྱ་ཞེས་པར་སྐུ་འཁྲུངས། བླ་མ་ཡེ་ཤེས་རྡོ་རྗེ་ནས་བླ་མ་ཀརྨ་སྦྱིན་[page 257] པའི་སྤྲུལ་སྐུར་ངོས་བཟུང་། སྤྲུལ་སྐུ་བསྟན་འཛིན་དང་། གཅུང་རིན་པོ་ཆེའི་སློབ་མར་གྱུར། འདུལ་བ་གཞི་གསུམ་ཕྱག་ལེན་མཛད་ནས་ཉེས་ལྟུང་གི་དྲི་མས་མ་གོས་ཤིང་དབྱངས་ཕྱག་ལེན་ལ་མཆོག་ཏུ་མཁས། བཀའ་གཏེར་ཐམས་ཅད་ཀྱི་ཕྱག་སྲོལ་ཁོང་དུ་ཆུད། ཐོས་པ་སློབ་གཉེར་མཛད་པའི་སློབ་དཔོན་ཆེན་པོ་ཞིག་སྟེ། སྐུ་ཚེ་ཧྲིལ་པོ་སློབ་གཉེར་དང་སྒྲུབ་པ་ལ་བརྩོན།
བླ་མ་རིན་པོ་ཆེ་འགྱུར་མེད་ནི། ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱི་གདུང་རྒྱུད་ལས་འཁྲུངས། སྐུ་ཚབ་བསྟན་འཛིན་ལ་མཉེས་པ་གསུམ་གྱིས་བསྙེན་ནས་མདོ་སྔགས་ཀྱི་གཞུང་ལུང་རྒྱས་པ་གསན། བླ་མའི་ལུང་བསྟན་ལྟར་ལྷ་ལྡན་དུ་བྱོན། ཆབ་མདོ་གྲུབ་དབང་ཀུན་བཟང་འགྲོ་འདུལ་དང་མཇལ། ཚེ་རབས་ལས་ཀྱི་བླ་མ་ཡིན་པས་སངས་རྒྱས་དངོས་མཐོང་གི་དད་པ་འཁྲུངས། འཇིག་རྟེན་ཐ་མ་པའི་སྣང་བ་འགགས། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བར་ངོས་འཛིན། བྲམ་ཟེ་སྐྱེ་བདུན་གྱི་གདུང་རུས་གཏེར་ནས་དྲངས། གུ་རུའི་ཞལ་མཇལ། ཀུན་བཟང་འགྲོ་འདུལ་གྱི་ལུང་བསྟན་བཞིན་བདེ་ཀློང་རི་ཁྲོད་བཏབ།
མཚམས་ཁང་བཞེངས་གྲུབ་སྟེ་ཆབ་མདོ་ནས་བླ་མས་རབ་གནས་མཛད་པའི་ཕྱག་ནས་དངོས་སུ་འཐོར་བྱུང་བ་ཀུན་གྱི་མཐོང་ཆོས་སུ་གྱུར། དགོན་པ་ཉམས་གསོའི་སྐབས་དགོན་པ་འདི་ལ་འབུལ་བ་དང་ཐུགས་ཁུར་རྒྱ་ཆེར་མཛད། མཐར་དགུང་ལོ་དོན་དགུ་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ།
དེང་གི་དགོན་འདིའི་བསྟན་པའི་བདག་པོ་ཉ་ངོར་གནས་བརྟན་ནི། ཇ་བཟི་ཨ་མྱེ་སྤྲུལ་སྐུས་སྒྲོམ་བླ་དཔལྡན་གྱི་སྐྱེ་བར་ངོས་བཟུང་། ཁོང་ནི་བཅུ་ཕྲག་རིག་པའི་གནས་དང་ཁྱད་པར་རིག་པ་བཟོའི་གནས་ལ་མཆོག་ཏུ་མཁས་ཤིང་། དགོན་པའི་བྱ་བ་ཆེ་
ཕྲ་ཐམས་ཅད་ལ་ཐུགས་ཁུར་འགན་བཞེས་ཀྱི་བཀའ་དྲིན་ལ་བརྟེན་ནས་ལྷ་ཁང་དང་ཇ་ཁང་ཐམས་ཅད་སྤུས་ལེགས་གྲུབ། ཁོང་ནི་གདངས། མཆོད་པ་ཕྱག་ལེན། གར་འཆམ་སོགས་ལའང་ཐོཊ་པ་མེད་པ་ཞིག་སྟེ། ཉག་ཕྱོཊ་ཀྱི་རྒྱལ་བ་ཀཿཐོག་པའི་དགོན་ལག་དུ་མའི་སློབ་དཔོན་དུ་གྱུར་ནས། ཀཿཐོག་སྔ་རབས་ཀྱི་ཕྱག་སྲོལ་གྱི་རྒྱུན་སྤེལ། ཀཿཐོག་དང་། དཀར་མཛེས། ཨ་བསེ་ཀླུ་རབ། བྱམས་འབྱོན། ཡེ་ཤེས་སོགས་ཀྱི་རྟེན་གཞལ་ཡས་ཁང་གི་བཀོད་པ་དང་བརྟེན་པ་ལྷའི་སྐུ་བརྙན་སོགས་གསར་དུ་
བཞེངས་པ་ལ་ལྷག་བསམ་གྱི་ཐུགས་བསྐྱེད་དང་ཁྱད་དུ་འཕགས་པའི་བཟོ་རྩལ་གྱིས་ཞབས་ཕྱི་རྒྱ་ཆེར་འགྲུབ། རིག་པ་བཟོ་ལ་འཇུག་པའི་བློ་གསར་གཙོ་བོར་གྱུར་པའི་སློབ་བུ་མང་པོ་བསྐྱངས། ད་ལྟ་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར་བསྟན་པ་རིག་གནས་ཐམས་ཅད་ཀྱི་གསོས་སུ་འཚོ་ཞིང་བཞེས་པ་ལགས་སོ། །
སྔར་དགོན་པ་འདིའི་རྟེན་དང་བརྟེན་པ་བཞུགས་ཚུལ་ནི། ལྷ་ཁང་ཆེན་མོ་གཞུ་འདོམ་བཅོ་བརྒྱད་ཅན། ལྷ་ཁང་འབྲིང་བར་གཞུ་འདོམ་བཅོ་ལྔ། རྣམ་སྲས་ལྷ་ཁང་། གསེར་ཁང་གཉིས། ཇ་[page 258] ཁང་ཆེན་མོ། སྒྲུབ་གྲྭ་ཁང་ཚན་བདུན། དུང་འཁོར་ཁང་བཅས་སོ།།
སྐུ་རྟེན་ལ། ཇོ་བོ་རྒྱ་ནག་ལི་མ་ཁྲི་རྒྱབ་ཡོལ་དང་བཅས་པ་འབྱོན་སྒྲོས་ཅན་གཅིག ཐུབ་སྐུ་ཆབ་མདོ་ལི་མ་ཁྲུ་གསུམ་ཅན་གཉིས། ཇོ་བོ་ཆབ་མདོ་ལི་མ་ཁྲུ་གང་བ་གཅིག ཕུར་པ་ལི་སྐུ་ཁྲུ་གཉིས་ཅན་གཅིག གསེར་སྐུ་ལི་མ་ཉེར་ལྔ། གསེར་སྐུ་དཀྱུས་མ་དོན་བདུན། སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས། གུ་རུ་གསུམ། རྡོར་སེམས། འོད་དཔག་མེད། སྤྱན་རས་གཟིགས། བྱམས་ཆེན། ཇོ་བོ། ཐང་རྒྱལ། གྲོ་ལོད། བཀའ་བརྒྱད། གུར་དྲག་ཕུར་པ། སེང་གདོང་མ་བཅས་ཁང་རྩེགས་གཉིས་ཙམ་རེ་ཡོད།
གསུང་རྟེན་ལ། བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཅིག རྙིང་མ་རྒྱུད་འབུམ་ཆ་གཅིག རིན་ཆེན་གཏེར་མཛོད་ཆ་གཉིས། བཀའ་མ་སྐོར། ཉང་གི་བཀའ་བརྒྱད། བླ་དགོངསའདུས། མཛོད་བདུན་ཆ་བཅུ། ཡ་བཞི་ཆ་ལྔ། གཏེར་བུམ་ཆ་ལྔ། མཁའ་ཁྱབ་རང་གྲོལ་ཆ་བཞི། དཔེ་ཆ་སྐོར་པོད་སུམ་བརྒྱ་བདུན་ཅུ། འབུམ་ཆ་བརྒྱད། བརྒྱད་སྟོང་ཆ་བཅུ། སྐལ་བཟང་ཆ་བཅུ་དྲུག གསེར་བྲིས་པོད་ལྔ། བདུད་ཀློང་ཆོས་སྐོར་བྲིས་མ་ཆ་ཚང་། འདོན་ཆ་སྐོར་པོད་བཞི་བརྒྱ། སྣ་ཚོཊ་སྐོར་པོད་ཉིས་བརྒྱ། དུང་འཁོར་གཅིག འཁོར་ཆེན་དྲུག འཁོར་ཆུང་བརྒྱ་དང་བཅུ་གསུམ་བཅས་སོ། ཐུགས་རྟེན་ལ། སྐུ་གདུང་གསེར་དངུལ་བཀྲ་མ་ཁང་རྩེགས་གཉིས་ཙམ་ཅན་གཉིས། སྐུ་གདུང་གསེར་དངུལ་བཀྲ་མ་ལུས་ཚད་མ་གཉིས།
བཀའ་གདམས་མཆོད་རྟེན་ཁྲུ་གང་བ་བདུན། རག་གི་མཆོད་རྟེན་བརྒྱད། བདུད་འདུལ་མཆོད་རྟེན་ཁང་རྩེགས་ལྔ་པ་ཅན་གཅིག་བདུད་འདུལ་མཆོད་རྟེན་འབྲིང་པོ་གཉིས། འཁོར་འབར་མཆོད་རྟེན་ལུས་ཚད་ཅན་བཞི། མཆོད་རྟེན་བྱིན་རླབས་ཅན་གཉིས། ཤིང་གི་མཆོད་རྟེན་ཆ་བརྒྱད་ལུས་ཚད་མ་ཆ་ཚང་བཅས་སོ།
གདན་ས་འདིར་དུས་གཅིག་ལ་སྤྲུལ་སྐུ་གཉིས། བླ་མ་བཅུ་གསུམ། གྲྭ་པ་བརྒྱ་དང་ལྔ་བཅུ་ཙམ་རེ་ཡོད། ད་ལྟར་བཞུགས་པའི་སྐུ་གསུང་ཐུགས་རྟེན་གསེར་སྐུ་ལི་མ་ཁྲུ་གང་བ་གཅིག ལི་མ་ཞོ་ལྔ་ཡོད་པ་ཡན་བཅུ། གསེར་སྐུ་ཞོ་ལྔ་ཅན་རེ་དྲུག ཐང་ག་གྱ་ལྔ། བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཅིག གཏེར་མཛོད་ཆ་གཉིས། རྙིང་རྒྱུད་ཆ་གཅིག བདུད་ཀློང་བྲིས་མ་ཆ་གཅིག ཀོང་སྤྲུལ་བཀའ་འབུམ། གདམས་ངག་མཛོད། གཞན་ཡང་བཀའ་འབུམ་སྐོར་དང་འདོན་ཆ་བྲིས་མ་སོཊ་པོད་སུམ་བརྒྱ་ཙམ་བཞུགས། འཁོར་ལོ་ཆེ་ཆུང་བརྒྱ་དང་བདུན། བཀའ་གདམས་མཆོད་རྟེན་གཅིག སྦུབ་ཆལ་ཆ་ཉེར་བདུ
ན། སིལ་སྙན་ཆ་ལྔ། འཁར་རྔ་གསུམ། གསེར་འབག་ལྔ། ཤོག་འབག་བཞི་བཅུ། ཀ་འཕན་སོ་གསུམ། རྒྱལ་མཚན་ཆེ་ཆུང་དྲུག དཀྱིལ་འཁོར་དྲྭ་ཆས་ཆ་ཚང་། མཆོད་ཆས་ཆ་ཚང་། དེ་མིན་གཞན་རྣམས་རིག་གནས་གསར་བརྗེའི་སྐབས་བརླགས་ཟིན།
[page 259] དགོན་འདིའི་འགན་ཁུར་པ་ནི། བསམ་གཉེན་དང་དགེ་སྐོས། སྤྱི་པ་བཅས་གསུམ། བསམ་གཉེན་མི་བཞི་རེས་ལོ་གསུམ་རེར་རེས་མོ་ཡིན་པར། དེའི་འགན་ནི་དགོན་གཞུང་གི་སྤྱི་ཁྱབ་ཀྱི་བྱ་བ་ཐམས་ཐག་གཅོད་བྱ་རྒྱུ། དགེ་སྐོས་ནི་བླ་མ་གཅིག་དང་གྲྭ་པ་གཉིས་སྟེ་མི་གཉིས་ལོ་གསུམ་རེརརེས་མོ་ཡིན་ལ། འཚོགས་པ་ཐམས་ཅད་ཀྱི་སྒྲིག་ཁྲིམས་འགན་བཞེས་བྱ་དགོས། སྤྱི་པ་ལ་
ཁག་གསུམ་སྟེ། སྤྱི་ཆེན་མི་ལྔ་རེས་ལོ་གསུམ་རེས་མོ་ཡིན། སྤྱི་རྐང་ས་ཞིང་ཁལ་ལྔ་བཅུའི་ས། གྲོ་ནས་ཁལ་ཉིས་བརྒྱ་ལྔ་བཅུ། ཊཾ་ཆུང་ཆིག་ཁྲི་ཉིས་སྟོང་། ཆུར་བ་ཁལ་ལྔ་བཅུ་བཅས་ཏེ། སྨྱུང་གནས། ཚེས་བཅུ། དགུན་གཏོར་བཅས་ལོ་རེར་འཚོཊ་པ་གསུམ་གྱི་འཚོ་བའི་འགན་ཁུར་དགོས་པས། བོད་ཟླ་བཞི་པའི་ཚེས་ཉེར་ལྔ་ནས་ཉེར་དྲུག་རིང་སྨྱུང་གནས་འཚོགས། ཚེས་བཅུ་ལ་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་བཅའ་བ་སྡོམ། ཚེས་ཉེར་བདུན་ཉིན་ནས་ས་ཆོག་སྟ་གོན། ཟླ་བ་དྲུག་པའོ་ཚེས་གཅིག་
ནས་དངོས་གཞིའི་དབུ་བཟུང་། རིག་འཛིན་ཀློང་གསལ་གྱི་ཆོས་སྐོར་པདྨ་འོད་འབར་དང་རྒྱ་ཞང་ཁྲོད་ཀྱི་ཚེ་བདག་འཚོགས་པའི་སྐབས་སྨིན་གླིང་ཀུན་ཐུབ། རྡོར་བྲག་ཀུན་ཐུབ། ཀློང་གསལ་ཀུན་ཐུབ་རྣམས་འཆམ་དགོས།
དགུན་གཏོར་ནི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་བཅའ་བ་སྡོམ། ཚེས་ཉེར་གསུམ་ཉིན་འཚོགས་འགོ་བཙུགས་ནས་ཀློང་གསལ་གུར་དྲག མངའ་བདག་ཉང་གི་བཀའ་བརྒྱད། བདུད་འདུལ་ཕུར་པ། རནྟ་གླིང་པའི་རྟ་མགྲིན། མ་ཏི་རཏྣའི་བདུད་འདུལ་དྲག་མོ། རང་རིག་སེང་ཕུར་བཅས་བདུན་སྒྲུབ་འཚོགས་དགོས།
ཞི་དགོན་གྱི་ཆོས་སྡེའི་དུད་གྲངས་ནི། སྤུང་རི་བར་དུད་གྲངས་སུམ་ཅུ། ར་ལང་པར་དུད་གྲངས་ཉི་ཤུ། ཁྲ་སྐྱ་བར་དུད་གྲངས་སོ་གསུམ། གོ་རྩ་བར་བཅུ་གཅིག སྒྲོམ་པར་བཅུ། ཉ་ངོར་སོ་གསུམ། ཆུང་སྐོར་གཉིས། ས་ནག་པ་དུད་ཚང་བཞི་བཅས་ཁྱོན་དུད་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོད།
དེ་ལྟར་ཞི་བ་ལྷ་ཐིམ་དགོན་འདི་རིག་གནས་གསར་བརྗེའི་སྐབས། ཀཿདཔལ་རྫོཊ་གསུམ་སོགས་ཀྱི་དགོན་ཁག་རྣམས་དང་འདྲ་བར་རྟེན་དང་བརྟེན་པ་ཐམས་ཅད་བཤིག་སྟེ། གཙུག་ལག་ཁང་དང་། སྒྲུབ་ཁང་། གྲྭ་ཤག་ཡན་ཆད་ས་རྡོའི་ཕུང་པོར་གྱུར།
དེང་གི་ཆར་བླ་མ་རིན་པོ་ཆེ་འགྱུར་མེད་དང་། གནས་བརྟན་ཟུང་གི་བཀའ་དྲིན་དང་། བླ་གྲྭ་བརྒྱ་ལྷག་གི་ཐུགས་མཐུན་འབད་འབུང་། གོང་སྨོས་ཆོས་སྡེ་དུད་གྲངས་རྣམས་ཀྱིས་ལྷག་བསམ་དཀར་པོས་རོགས་སྐྱོར་དད་འབུལ་བཅས་ལ་བརྟེན་ནས་ལྷ་ཁང་དང་ཇ་ཁང་ལེཊ་པར་གྲུབ་སྟེ་གཞན་གྱི་ཡིད་སྨོན་བྱེད་པའི་ཡུལ་དུ་གྱུར་པ་དང་། འཚོཊ་པ་ཚེས་བཅུ་དང་། དགུན་གཏོར། མཁའ་ཁྱབ་རང་གྲོལ་ཙམ་འཚོགས་ཐུབ་པ་ལགས་སོ། །
[page 260] བདེ་ཆེན་ཇོ་མོ་དགོན་ནི་རབ་བྱུང་བཅུ་གསུམ་པར་ཉག་བླ་གྲུབ་ཆེན་པདྨ་བདུད་འདུལ་བྱོན་ནས་ལུང་བསྟན་ཏེ། ས་འདིར་བླ་མ་རང་གི་ཕྱག་གིས་རི་མོ་བྲི་བར་གནང་ཞིང་། ལྷ་ཁང་གིས་དཔེ་ཚད་ཀྱིས་ཞལ་བཀོད་གནང་ནས་ཇོ་མོ་བདེ་ཆེན་དགོན་ཞེས་མཚན་གསོལ་བ་ལྟར། རྗེས་འབྲངས་བ་ཇོ་མོ་རིན་ཆེན་སྒྲོལ་མ། ཨ་སྒྲོན། ལྕགས་ལི། ཀརྨ་སྒྲོལ་མ་སོགས་ཇོ་མོ་བརྒྱད་ཀྱིས་འགོ་བཟུང་ནས་ལྷ་ཁང་ཀ་བཞི་མ་བཞེངས། ཟི་ལི་དབོན་པོ་ཀརྨ་བསོད་ནམས་བྱོན་ནས་ལྷ་ཡི་ཞལ་བཀོད་གནང་། བླ་མ་རྡོ་རྗེ་དཔལ་ལྡན་གྱིས་དགོན་བདག་མཛད། ཨ་བསེ་བིས་མགོ་སྤྲུལ་སྐུ་ཉི་མ་རྒྱལ་མཚན་བྱོན་ནས་སྒྲོལ་སྐུ་སྨན་འདམ་གྱིས་བྱིན་རློབས་ཅན་
བཞེངས་ཐོག་རྗེ་ཆེན་གྲུབ་པའི་རྒྱལ་མོ་ཞེས་མཚན་གསོལ། ཟླ་རེའི་ཚེས་བཅོ་བརྒྱད་ལ་སྒྲོལ་མ་མཆོད་པ་རྒྱུན་ལྡན་གསུངས། ལྷ་བཟོ་བླ་མ་རིག་འཛིན་གར་གྱི་དབང་ཕྱུག་བྱོན་ནས་བདེ་ཆེན་ཞིང་སྒྲུབ་ཀྱིས་བསྟན་རྩ་གནང་ནས་ཟླ་བ་དང་པོ་འབུམ་འགྱུར་ལ་ཞིང་སྒྲུབ་ཉིན་བདུན་དང་། ས་ག་ཟླ་བར་སྙུང་གནས་ཆ་གསུམ། བཅུ་པར་འདས་མཆོད་ཉིན་གཅིག་བཅས་དུས་མཆོད་དང་། དབྱར་བཅའ་དགུན་བཅའ་བཅས་བཞུགས་པའི་སྒྲིག་ལམ་ཡོད། ཇོ་མོ་ལྔ་བཅུ་ལྷག་བཞུགས། བཞུགས་གནས་ཇོ་ཁང་བཞི་བཅུ་ཞེ་གཉིས།
འཚོ་རྟེན་ཞིང་ཁལ་བརྒྱད། དངུལ་ཊཾ་སྒོར་སྟོང་ཕྲག་གཅིག་ཡོད། སྤྱི་པ་མི་དྲུག་རེས་དགོན་བདག་དང་ལས་འགན་མཛད་དོ། འདི་ནི་སྔོན་གྱི་ལོ་རྒྱུས་རག་བསྡུས་ཙམ་ཡིན། བསྟན་པ་འཕེལ་གྲིབ་སོང་བའི་ལོ་རྒྱུས་མི་འདུག འོན་ཀྱང་ས་ཁྱི་ལོ་དང་ཁྱད་པར་རིག་གནས་གསར་བརྗེའི་འགལ་རྐྱེན་དབང་གིས། ནང་རྟེན་རིག་གནས་དགེ་འདུན་འདུས་སྡེ་བཅས་མིང་གི་ལྷག་མ་ཙམ་དུ་གྱུར། རི་ཁྲོད་དགོན་ཤུལ་ཕལ་ཆེར་རྨང་རྗེས་ཙམ་དུ་གྱུར།
དེང་དུས་ཀྱི་གནས་ཚུལ་ནི། དགོན་འདིས་འདུ་ཁང་གཉིས་དང་མགོན་ཁང་ཙམ་མང་ཚོགས་ཀྱིས་སྲུང་སྐྱོབ་ཀྱིས་ཕྱི་ཡི་བཀོད་པ་ཙམ་ལུས། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཁྲིད་སྟོན་འོག མི་རིགས་ཆོས་ལུགས་སྲིད་ཇུས་སླར་གསོ་བྱུང་བས། དགོན་ཡུལ་མང་ཚོགས་ཐམས་ཅད་ཀྱིས་མ་བསྐུལ་རང་མོས་ཀྱིས་སླར་ཉམས་གསོ་བྱེད་པའི་འགོ་བརྩམས། ཤི་གསོན་རང་མོས་ཀྱིས་ཕུལ་བ་གཞི་བྱས་ནས་ཐུགས་ཆེན་རི་ཁྲོད་འདུ་ཁང་གསར་དུ་བཞེངས། གནའ་རྟེན་ཇོ་བོ་ནམ་མཁའ་བཀྲ་ཤིས་ལྷག་ཡོད་པར་ཡུལ་རྟེན་དུ་བཞུགས་གསོལ་དང་། ཐུབ་ཆེན་ནམ་མཁའ་རྒྱལ་པོ་སོགས་རྟེན་དང་བརྟེན་པར་བཅས་གསར་དུ་བཞེངས། དགོན་པར་མི་རབས་འགའ་ནས་བཞེངས་[page 261] པའི་བྱམས་ཆེན་སོགས་སྔར་ཡོད་འདམ་སྐུ་ཆེ་ཆུང་བརྒྱ་དང་དྲུག་ཅུ་རེ་དྲུག་དང་། སངས་རྒྱས་སྟོང་སྐུ་སོགས་ངོས་རིས་དང་གསུང་རྟེན། བཀའ་འགྱུར། བསྟན་འགྱུར། རྙིང་རྒྱུད་སོགས་དང་། མཆོད་ཆས། མཆོད་རྫས་དགོན་མཁོ་ཙམ་གྲུབ། ད་ལྟ་སྤྲུལ་སྐུ་གཅིག མཁན་གསར་གཅིག བླ་མ་ལྔ། གྲྭ་པ་བདུན་ཅུ་ཙམ། གྲྭ་ཁང་ཞེ་བདུན་གྲུབ། སྔར་ཡོད་ཀྱི་དུས་མཆོད་རྣམས་ཚུགས། འཚོ་རྟེན་ནི་མང་ཚོགས་ཀྱིས་ཡོན་འབུལ་དང་རང་ཁ་རང་གསོ་བྱེད་པ་ལས་སྤྱི་པར་རྟེན་རྩ་གང་ཡང་མེད།
ཁུངས་ལྡན་ལོ་རྒྱུས་ཡིག་ཆ་འཐོར་ལ་རྒན་པའི་ངག་རྒྱུན་ཤེས་པ་དཀོན་ཕྱིར་ཇི་བཞིན་ཆ་ཚང་བ་བརྗོད་པར་དཀའ་མོད། ཕྱོགས་མཚོན་ཙམ་ཞིག་གླེང་བའོ། །
དགོན་འདི་ཐོག་མར་ཕྱག་འདེབས་པ་པོའི་མཚན་ལ་གྲུབ་ཆེན་པདྨ་བདུད་འདུལ་ཞུ། རབ་བྱུང་བཅུ་བཞི་པའི་མེ་སྟག་ལོ་ལ་བཏབ། དགོན་པའི་མཚན་ལ་ཇོ་མོ་བདེ་མཚོ་རྒྱལ་དགོན་གསོལ་ནས་གཙུག་ལག་ཁང་ཆུང་བ་དེ་བཞེངས། དེ་ནས་གཙུག་ལག་ཁང་ཀ་རིང་གཉིས་པ་ཞིག་བཞེངས། དགོན་འདིར་ཇོ་བཙུན་བརྒྱ་དང་བཅུ་གསུམ་འཛོམས་པའི་རྟེན་འབྲེལ་བསྒྲིགས། དགོན་འདི་གྲུབ་མཐའ་རྙིང་མ་པ་ཡིན་ཡང་ཆོས་རྒྱུད་གྲུབ་ཆེན་པདྨ་བདུད་འདུལ་གྱི་ཆོས་རྒྱུད་འཛིན་པ་ཤར་རྒྱལ་བ་སྐལ་བཟང་དགོན་པའི་དགོན་ལག་ཡིན།
དགོན་འདིའི་བསྟན་པའི་བདག་པོ་ནི། ཤང་གཤོང་སྙིང་ཡེ་རིན་ཆེན་བླ་བྲང་ཚང་མཆོག་སྤྲུལ་སྐལ་བཟང་དབང་ཆེན་དང་། དབོན་ཚུལ་ཁྲིམས་རྣམ་རྒྱལ། དབོན་པདྨ་བསྟན་འཛན་སོགས་བླ་སྤྲུལ་རིམ་བྱོན་དང་། ཨ་གུག་ཆོས་མཙོ་དང་ཚེ་དབང་སྒྲོལ་མ་བཅས་ནས་ད་ལྟ་བླ་མ་ཉི་ཤར་དང་སངས་རྒྱས་ཆོས་མཚོ་ལ་མ་ཐུག་བར་བསྟན་པའི་འགན་བཞེས་སྲོལ་ཡོད། སྔོན་དུས་ཇོ་བཙུན་བཞི་བཅུ་ཙམ་དང་། གྲྭ་ཤག་བཞི་བཅུ་ཞེ་བཞི། ཆོས་སྡེ་དུད་གྲངས་བརྒྱ་དང་ལྔ་བཅུ་ཙམ་བཅས་ཡོད། ཇོ་བཙུན་རྣམས་ཀྱང་བཅའ་འདོན་གཤོམ་གསུམ། འབུད་དཀྲོལ་རྡུང་གསུམ་སོགས་གང་ལའང་ཐོགས་པ་མེད་པར་ཁང་གཅིག་སྒར་པའི་ཕྱག་བཞེས་བཞིན་རང་རྐང་ཚུགས་པ་ཡོད། དགོན་འདིའི་ཚོགས་མཆོད་ནི་བོད་ཟླ་བཞི་པའི་ནང་ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་སྒོ་ནས་གྲུབ་ཆེན་པདྨ་བདུད་འདུལ་གྱི་འདས་མཆོད་ཉིན་བཞི། བོད་ཟླ་བདུན་པའི་ནང་མཁའ་ཁྱབ་རང་གྲོལ་གྱི་སྒོ་ནས་སྙིང་ཐིག་གི་
རིག་འཛིན་འདུས་པའི་ཚེས་བཅུ་དང་། ཡུམ་ཀ་བདེ་ཆེན་རྒྱ་མོའི་ཉེར་ལྔ་རྒྱུན་འཛུགས་ཆག་མེད་ཡིན། བླ་མ་མཐའ་ཡས་ཀྱིས་གདུང་མཆོད་ཉིན་གསུམ། ས་ཟླ་བཞི་པའི་ནང་བསྙུང་གནས་ཆ་བརྒྱད། ཟླ་བ་བཞི་[page 262] པའི་ཚེས་བཅུ་ཉིན་རྟེན་འབྲེལ་ཉེས་སེལ་གྱི་སྒོ་ནས་གཏེར་ཆེན་བསོད་རྒྱལ་གྱི་འདས་མཆོད་ཉིན་གཅིག ཟླ་བ་དགུ་པའི་ཚེས་ཉེར་གཉིས་ནས་བསྙེན་གནས་ཆ་བཞི་བཅས་གོང་གསལ་དུས་མཆོད་ཚང་མ་ད་ལྟ་ཡང་ཡོད། ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་ནི། དད་འབུལ་རང་མོས་ཀྱི་ཡོན་དང་། ཇོ་བཙུན་རེ་ལ་ས་ཞིང་བྲེ་དོ་རེའི་མཆོད་ཞིང་གི་ཡོང་འབོར་ལ་བརྟེན་ནས་སྤྱི་པ་གཉིས་ཀྱིས་ལོ་གཉིས་རེར་རེས་མོས་བྱས་ནས་འཚོགས་དགོས། དགོན་འདིའི་རྟེན་གྱི་གཙོ་བོ་ནི། རྒྱུ་ཟངས་གསེར་ལས་གྲུབ་པའི་སྒྲོལ་མའི་སྐུ་ཕྱར་ཁྲུ་གང་། གུ་རུ་དང་། ཐུབ་པ་ཆ་མདོའི་ལི་མ་མཐོ་གང་དང་སོར་གཉིས་ཙམ། བཀའ་གདམས་མཆོད་རྟེན་སྤུས་ལེགས་མཐོ་གང་ཅན་གཉིས་བཅས་ཡོད།
གོང་གསལ་ཚང་མ་བར་སྐབས་སུ་བརླགས་སོང་། རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོར་མཁན་འཇིགས་མེད་ཕུན་ཚོགས་ཉག་རོང་བྱོན་སྐབས། དགོན་འདི་ལ་ཞབས་ཀྱིས་བཅག་ནས་རིན་པོ་ཆེས་དགྱེས་བཞིན་འཛུམ་པའི་སྒོ་ནས་ཇོ་བཙུན་རྣམས་ལ་སྒོར་གསུམ་རེ་དང་དར་རེ་ཕུལ། ཇོ་བཙུན་རྣམས་ནས་ཀྱང་དགོན་འདིའི་རྟེན་མཆོད་ཆས། ལུས་ལོངས་སྤྱོད་དང་བཅས་པ་མཎཊལ་གྱིས་ཚུལ་དུ་ཕུལ། རིན་པོ་ཆེ་ནས་ཀྱང་ཚོཊ་རྫོགས་པའི་ཆེད་དུ་བཞེས་ཚུལ་མཛད། སྨིན་གླིང་མི་འགྱུར་དཔལ་སྒྲོལ་གྱི་ཡང་སྲིད་སྨན་མཚོ་དགོན་འདིའི་བསྟན་པའི་བདག་པོར་མངའ་གསོལ་ནས་གོང་གསལ་ཚང་མ་མར་གནང་། སྨན་མཚོ་ནས་རྒྱལ་སྲས་ལག་ལེན་དང་། སྔོན་འགྲོའི་ཆོས་འཁོར་བསྐོར། དུས་དེ་ནས་མཁན་རིག་བྱེད་བྱོན་ནས་སྤྱོད་འཇུག་གསུངས། མཁན་པདྨ་ཆོས་སྒྲོན་བྱོན་ནས་སྔོན་འགྲོ་གསུངས། ད་ལྟ་བླ་རུང་མཁན་པོའི་སྒར་ནང་ཇོ་བཙུན་བདུན་ཙམ་བཞུགས། ཨོ་རྒྱན་ཆོ་མཚོ་དང་། དབང་མོ་རྣམ་གཉིས་ལོ་བདུན་རེ་བཞུགས་ནས་ད་ལྟར་སྐྱོར་དཔོན་མཛད་བཞིན་མཆིས། ཀུན་བཟང་ལྷ་མོ། དཔལ་མོ་སྒྲོལ་མ། ལྷ་མོ་བཅས་ད་ལྟར་མཁན་པོའི་སྒར་ཡོད་ཅིང་དེར་ལོ་གཉིས་ཙམ་ཟིན་པ་དང་། སངས་རྒྱས་ཆོས་སྒྲོན་དེར་ལོ་ལྔ་ཙམ་སོང་།
རྒྱལ་བསྟན་ཡང་དར་གྱི་སྐབས་དགོན་པ་ཉམས་གསོས་པའི་སྐོར་ལ། ལྷ་ཁང་ཆུང་བ་གཞི་ནས་ཉམས་གསོ་དང་། རྟེན་གྱི་གཙོ་བོར་རྒྱུ་སྨན་འདམ་ལས་གྲུབ་པའི་གྲུབ་ཆེན་པདྨ་བདུད་འདུལ་གྱི་སྐུ་བརྙན་ལུས་ཚད་མ་གསར་དུ་བཞེངས། ལྷ་ཁང་ཆེ་བ་ཀ་རིང་གཉིས་པ་ཅན་དེའི་ཀ་གདུང་ཚང་མ་རུལ་ཚར་བས་གཞི་ནས་བཅོས་པར་མ་ཟད། སྟེང་བརྩེགས་ཀྱི་རྟེན་གཙོ་ཇོ་བོ་བརྩེགས་ཐོན་མ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལུས་ཚད་མ་སོགས་བཞེངས། གཞན་ཡང་ལྷ་ཁང་འདིའི་ལྕགས་མདུན་དགོན་གྱི་གུ་རུ་སྤར་མ་ཁྲུ་གང་ཅན་སུམ་ཅུ་སོ་གསུམ་བཞུགས། འོག་ཁང་ནང་གུ་རུའི་སྐུ་བརྩེགས་ཐོན་མ་དང་མཆོག་སྤྲུལ་ཆོས་འཕེལ་རྒྱ་མཚོ། འགྲོ་འདུལ་པདྨ་གར་དབང་གླིང་པ་བཅས་ཀྱི་སྐུ་བརྙན་མདའ་ཚད་མ་རེ་བཞེངས། ལྷ་ཁང་གི་ལྡེབས་སུ་འཁྲུལ་ཞིག་ཡབ་སྲས་གསུམ་དང་། སེང་གདོང་མ། སྤྱན་རས་[page 263] གཟིགས་སོགས་བྲིས།
དེང་སང་དགོན་པ་འདིར་ཇོ་བཙུན་སུམ་ཅུ་སོ་གཅིག གྲྭ་ཤག་ཉེར་དགུ མཆོད་གཞིས་སམ་ཚོང་སྡེ་དུད་གྲངས་ཉིས་བརྒྱ་ཙམ་བཅས་ཡོད། ད་ལྟར་མཆོག་སྤྲུལ་སྐལ་བཟང་དབང་ཆེན་གྱི་སྐུ་ཚ་བླ་མ་ཉི་ཤར་གྱིས་བསྟན་བདག་འགན་བཞེས་གནང་བ་དང་། སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་ཇོ་མོ་བདེ་ཆེན་མཚོ་རྒྱལ་དགོན་གྱི་ཆོས་ཁྲི་ལ་མངའ་གསོལ་བའི་སངས་རྒྱས་ཆོས་མཚོ་གཉིས་ཀྱིས་བདག་པོ་མཛད་དེ་བསྟན་འགྲོའི་དོན་མཛད་དང་མཛད་བཞིན་མཆིས། ཅེས་པ་འདི་བསྟན་པའི་བདག་པོ་སངས་རྒྱས་མཚོ་མོའི་ཞལ་རྒྱུན་དང་ལོ་རྒྱུས་ཀྱི་ཡིག་ཆ་འགའ་ལ་གཞི་བྱས་ནས་དགེ་རྒན་ཀརྨས་བྲིས།
བླ་མ་རང་རིག་རྡོ་རྗེ། རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ལོར་སློབ་དཔོན་ཆེན་པོ་པད་འབྱུང་དང་། ལོ་ཆེན་བེེ་རོ་ཙ་ན། གྲུབ་ཆེན་པདྨ་བདུད་འདུལ། གནས་ཆུང་ཆོས་སྐྱོང་རྒྱལ་པོ་དང་ཁོང་ཉིད་ཀྱི་དག་སྣང་སོགས་ལུང་བསྟན་ལ་བརྟེན་ནས་འཁྲུལ་ཞིག་ཡབ་སྲས་ཀྱི་རྡོ་རྗེ་སློབ་མ་བརྒྱ་རྩ་དང་། ཉག་སྟོང་སྡེ་བཞིའི་སློབ་མ་དད་ལྡན་རྣམས་ཀྱིས་ད་ལྟ་སྙིགས་དུས་ཀྱི་ཚེ་ཐུང་འདི་འདྲ་ཞིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པ་དང་། བདག་ལས་གཞན་གཅེས་པའི་ཁེ་དང་རྒྱལ་ཁ་མི་ལ་སྟེར། གྱོང་དང་ཕམ་ཁ་རང་གིས་ལེན། ལྟ་སྤྱོད་བཟང་པོ་འདི་ཉག་རོང་ལུང་པ་མ་ཟད། བོད་ཁ་བ་ཅན་ལ་བཞག་པའི་ལག་ཇེས་འདི་འདོར་མི་རུང་ཟེར་ནས་ཁང་གཅིག་སྒར་སྟེང་འོག་བར་གསུམ་འདི་བཞེངས། དེའང་ཉག་སྟོད་ཀླུ་རབ་སྒར་དང་བར་ཤང་ལང་གཤོང་ཕོ་བ་སྒར། སྨད་ཆོས་ཁྲི་སྒར་གསུམ་ཡིན་ཏེ། ཀླུ་རབ་ནི་ཉག་སྟོང་སྡེ་བཞིས་དགའ་སྤྲོ་དང་ལེན་གྱི་སྒོ་ནས་བཞེངས་པ་རེད། ལྷ་ཁང་སྟེང་མ་དེའི་ངོས་རིང་སར་འདོམ་སོ་གསུམ་དང་ངོས་ཐུང་སར་འདོམ་བཅོ་བརྒྱད་ཅན་བརྩེགས་གསུམ་པ་ལྕགས་ཕོ་འབྲུག་ལོ་ལ་ཉག་སྐེད་རྒྱུ་རུ་ཚང་དང་ཉེ་སྦྲེལ་ནས་རྒྱ་རི་རྡོ་རྗེ་རྣམ་རྒྱལ་དང་། ཆུ་སྒོ་དཔལ་ལྡན་རྡོ་རྗེ། རྒྱ་ར་གཤོང་ཆོས་སྐྱོང་མགོན་པོ། གྱང་པ་ཚང་བཅས་ཀྱིས་རྒྱུ་ནོར་ཕུལ་ནས་ཉག་སྟོང་སྡེ་བཞིའི་ལྷ་ཁང་འོག་མ་དེ་ཞེང་ལ་འདོམ་ཉེར་གཅིག་ཅན་དབྱིབས་གྲུ་བཞི་བ་གསུམ་བརྩེགས་འདི་ལ་ཀ་བ་བརྒྱ་ཡོད། བཤད་གྲྭའི་ལྷ་ཁང་ཐོག་བརྩེགས་གསུམ་པ་དང་ཀ་རིང་དྲུག་པ་ཡིན། སྒྲུབ་གྲྭའི་ལྷ་ཁང་ཀ་རིང་བཞི་པ་ཡིན། ཁྱོན་ལྷ་ཁང་གསུམ་དེ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ཡོས་ལོ་ལ་བཞེངས།
སྡར་ཡོད་ལྷ་ཁང་གྱང་ཧྲལ་རྒྱ་ཆེ་ཆུང་། མཐོ་དམའ་མང་ཉུང་ཀ་ལས་བརྒྱ་དང་བརྒྱད་ཅུ་བ་ད་[page 264] ལྟ་ཡོད་པའི་ལྷ་ཁང་ཀ་བ་བརྒྱ་ཡོད་པ། ཨོ་རྒྱན་སྨིན་གྲོལ་གླིང་དང་ཨ་བསེ་ཀླུ་རབ་དགོན་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་ལོ་རྒྱུས་ནི་སྤྱིར་ཨོ་རྒྱན་སྨིན་གྲོལ་གླིང་པའི་གདུང་རྒྱུད་ནི་སྨིན་གླིང་གཉིས་ཀྱི་རིགས་ཟེར་བའི་ཁྱད་པར་དུ་འཕགས་པ། ཨོ་རྒྱན་གཏེར་བདག་གླིང་པ་ནི་རྒྱལ་དབང་ལྔ་པ་ཆེན་པོའི་ཡོངས་འཛིན་དུ་མངའ་གསོལ་བ་དང་། བླ་མ་རང་རིག་རྡོ་རྗེས་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལ་དབང་ལུང་མན་ངག་སོགས་ཕུལ་བ། དེ་ནས་བླ་མ་རང་རིག་རྡོ་རྗེའི་སྲས་ཆེ་བ། གྲུབ་ཆེན་པདྨ་བདུད་འདུལ་གྱི་རྣམ་རོལ་ཡབ་རྗེ་པདྨ་དབང་ཆེན་ནི། གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་དང་། བོད་སྐྱོང་ཆེན་པོ་རྡོ་རྗེ་གྲགས་ལྡན་ཏེ། ལྷ་དང་བླ་མ་ཟུང་དུ་འབྲེལ་ཏེ་བཀའ་ལུང་གི་ཆེད་དུ་བསྔགས་ཤིང་། བོད་དབུས་འགྱུར་ཚལ་དུ་ཡབ་སྲས་གཉིས་བྱོན་ཏེ་གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་ལུང་ལྟར་གསང་ཆེན་སྨིན་གྲོལ་གླིང་པའི་གདུང་རྒྱུད་དང་བཅས་པ་དེང་སང་གི་བར་དུ་ཨོ་རྒྱན་གཏེར་བདག་གླིང་པའི་གསེར་ཁྲི་ལ་མངའ་གསོལ་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོ། ཁྲི་ཡབ་རྗེ་དམ་པ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པན་གནང་། ཁོང་གི་ལྕམ་སྲིང་དེ་ཁྲི་ཆེན་ལ་ཡུམ་གནང་ནས། སྨིན་གླིང་གི་མཛད་འཕྲིན་དམ་པ་འཚོ་ལིང་སྐྱོང་བར་བཞུགས་པའོ།། ཆོས་རྒྱལ་གཏེར་བདག་གླིང་པའི་འདའ་ཁ་ཞལ་ཆེམས་ལ་དབུ་སྔས་གྲ་མིག་ནང་ནས་པོད་བདུན་ཚུར་བླངས་ཏེ་མ་འོངས་པ་ན་འདི་ཡི་ནང་ཡི་གེ་བཞག་མི་དེ་ང་ཡིན་གསུངས། ཡང་ཤར་ཕྱོགས་སུ་གོམ་པ་བདུན་བྱོན་ཏེ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་གསུངས་ནས་འདས་སོང་། སྔོན་ནས་བླ་མ་རང་རིག་རྡོ་རྗེ་ལྷ་སར་ཐེངས་གཉིས་བྱོན་པས། དང་པོ་སྨོན་ལམ་ཆེན་པོའི་སྐབས་སུ་གནས་ཆུང་རྒྱལ་པོ་ཕབ་དུས་གནས་ཆུང་གིས་རྟེན་མདུང་རྒྱལ་མཚན་ཅན་ཞིག་བསྣམ་ནས་བྱོན་པས་ཁྲོམ་ཚོགས་མང་པོའི་དཀྱིལ་དུ་སྔགས་འཆང་རལ་ནག་ཅན་བླ་མ་རང་རིག་རྡོ་རྗེའི་ཕྱག་ཏུ་ཕུལ། ཁྲོམ་ཚོགས་ཐམས་ཅད་ཧ་ལས་ནས་ཅི་ཡིན་གང་ཡིན་ཟེར་དགོས་པ་ཞིག་བྱེད་པ་ཡིན། ཡང་སྐོར་གཉིས་པ་གནས་ཆུང་ཆོས་སྐྱོང་ཕབ་སྐབས་སུ་གསེར་གྱི་མེ་ལོང་ཧྲྰི῝་ཡིག་ཅན་དང་གོས་ཆེན་སྤང་ཁེབ་སྟོང་སྐུད་ཚར་ལོ་ཅན་དེ་ཡང་བླ་མ་རང་རིག་རྡོ་རྗེའི་ཕྱག་ཏུ་གནང་བ་དང་བཅས་ད་ལྟར་ཀླུ་རབ་མགོན་ཁང་ནང་དུ་ཡོད། དེ་ནས་སྟོད་དེར་མན་ཆད། ནུབ་ཕྱོགས་རྫ་མོན་ཡུལ་ཚུན་ཆད། བྱང་དོ་སྐྱ། ཤར་ཕྱོཊ་མི་ཉག་ཡན་ཆད། བོད་དབུས་གཙང་རུ་བཞི་ཡི་གང་ཆེ་གང་གཉེན་ཐམས་ཅད་སྐབས་དེར་བླ་མ་རང་རིག་རྡོ་རྗེའི་སློབ་མར་མ་གྱུར་པ་མེད། རྣམ་ཐར་མགུར་འབུམ་གཉིས་ལ་གཟིགས་ན་གསལ།
རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས། ཉག་རོང་ཡུལ་ནས་དགོན་སྡེ་སུམ་ཅུ་ལྷག་བསྡུས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྨིན་གླིང་གཉིས་པ་ཟེར་བ་ཞིག་ཚུགས་ཐུབ་པ་བླ་བྲང་ཡང་རྩེ་ཕོ་བྲང་དཀར་པོ་ལ་དཔེ་ལེན་རྒྱུའི་བཀའ་གནང་། དེ་ལྟང་ཡང་དུས་ཕྱིས་སུ་ཉག་དགོན་ཐམས་ཅད་བླ་མ་རང་རིག་རྡོ་རྗེའི་ཆོས་[page 265] བདག་གྲུབ་དབང་འོད་ཟེར་རྡོ་རྗེའི་སློབ་མར་གྱུར་ནས་དགོན་ལག་མང་དུ་ཕུལ། སྨིན་གླིང་མཁན་གཅུང་རྣམ་གཉིས་དེ་བས་སློབ་ཚོགས་རྒྱས་པས་ཉག་དགོན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་འཁོར་འབངས་དབང་ཐང་ཐམས་ཅད་ཕུལ་བ་དང་། དེ་ལྟར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སོགས་ནས་ཆོས་ཞུ་སློབ་མ་དུ་མ་ཞིག་བྱུང་བས་རང་རང་གི་ལམ་སྣ་ཟིན་པ་སོགས་གཏད་སོ་རེ་རྙེད་པ་གྲངས་ལས་འདས་པ་བྱུང་བ་དང་། མི་གསོད་པ་དང་། རྐུ་བྱེད་པ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཅན་ནི་ཡེ་མ་བྱུང་།
ད་སྐབས་སྨིན་གླིང་ངེས་དོན་དགའ་ཚལ་གཉིས་མ་དགོན་བུ་དགོན་ཆུ་བོ་གཅིག་འདྲེས་དང་། དབྱངས་རོལ་སོགས་སྨིན་གླིང་གི་ལུགས་ལྟར་ཡིན། སྔར་ཡོད་གྲྭ་གྲངས་བཞི་བརྒྱ་ལྷག་ཙམ་ཡོད། ད་དུང་བཤད་གྲྭ་གཞུང་གི་གྲྭ་པའི་གྲངས་ལྔ་བཅུ་དང་ཕྱི་གྲྭ་ལྔ་བཅུ་བཅས་ཁྱོན་བརྒྱ་ལྷག་ཡོད། གཞུང་ལུགས་སྦྱོང་རྒྱུའི་སྐོར་ལ། འདུལ་བ། སྡོམ་གསུམ། སྤྱོད་འཇུག གསར་རྙིང་། དབུ་མ། ཤེར་ཕྱིན། ཚད་མ་སོགས་གསར་རྙིང་ཕྱོགས་རིས་མེད་པར་ཐོས་བསམ་གྱིས་སློབ་གཉེར་བྱེད་སྲོལ་ཡོད། སྒྲུབ་གྲྭ་བླ་མ་ཉི་ཤུས་བཀའ་དགོང་ཕུར་གསུམ། གཏེར་གསར་སྐོར་རྣམས་ཉམས་བཞེས་མཛད། ཀུ་ངོ་རྣམས་ཀྱི་སྐུ་མདུན་ནས་
སྒྲུབ་སྦྱངས་དབང་ལུང་ཁྲོད་གསུམ་རྣམས་རྫོགས་པར་མཛད་ནས་བཞུགས་དགོས། བཤད་གྲྭ་གཉིས་ལ་ལོ་ཕོག་ཡོད།
དགོན་གཞུང་གི་ཚོགས་པ་ནི། བླ་མ་མཆོད་པ་བཞི། ཚེས་བཅུ་ཆེན་པོ། དབྱར་གནས། སྒྲུབ་མཆོད། ཟླ་དགུ་པའི་དུས་གཏོར། ལོ་མཇུག་ཏུ་དུས་རིམ་ཆེན་པོའི་གཏོར་བཟློག སྦྱིན་བདག་དགོན་སྤྱི་ཆེ་ཆུང་གཉིས་དང་ཉག་སྟོང་དཔོན་རྣམས་ཀྱིས་ཐུགས་ཁུར་མཛད་ནས་བཞེས་འདྲེན་ཕུལ། དགོན་ཆ་ཤས་ནས་བླ་བྲང་གཉེར་ཕྱག་གིས་ལས་ཁུར་མཛད་དགོས། བླ་བྲང་གྲྭ་འཁོར་ཐམས་ཅད་དང་། མགོན་བླ། རྒྱུན་ལང་། ཇ་མ། འབུད་ཤིང་ནོར་ཁག་བཅས་ལ་ཟ་འབྲུ་ལོ་ཕོག་དང་། ཞལ་དྲང་ལ་གྲོ་ནས་ཁལ་སུམ་སྟོང་ལྔ་བརྒྱ་ལྔ་བཅུ་ང་གསུམ་འགྲོ་སོང་གཏོང་དགོས། སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་སོགས་མཐའ་
ཡས་པ་ཞིབ་ཏུ་འབྲི་མི་ནུས། སྒྲུབ་གྲྭར་རྒྱུན་བཞུགས་བླ་མ་བཅུ་གསུམ། གྲྭ་པ་ཆོས་ཞུ་བརྒྱད་བརྒྱ་ཙམ་རེ་དང་། དགོན་ལག་སུམ་ཅུ་སོ་ལྔ་ཡོད། གྲུབ་མཐའ་ནི་གྲུབ་དབང་པདྨ་བདུད་འདུལ་གྱི་དགོངས་པ་ལྟར་གསར་རྙིང་ཕྱོགས་རིས་མེད་པའི་གྲུབ་མཐའ་འཛིན་པ་ཡིན། མཁན་པོ་བསྟན་འཛིན་ནི་མི་ཕམ་རིན་པོ་ཆེའི་མདུན་ལོ་བདུན་དང་མཁན་པོ་ཀུན་བཟང་བསོད་ནམས་མདུན་ལོ་གསུམ་སློབ་སྦྱོང་མཛད། མཁན་རིན་པོ་ཆེ་མཁྱེན་བརྩེ་ནོར་བུ་ནི་དགའ་སྡན་བྱང་རྩེ་རིན་པོ་ཆེ་སོགས་བསྟེན་ནས་བཤད་སྒྲུབ་ཀྱི་བསྟན་པ་སྐྱོང་པ་སོགས་དང་། དུས་མཆོད་ནི་སྨིན་གླིང་པའི་བཀའ་གཏེར་དང་འཁྲུལ་ཞིག་ཡབ་སྲས་ཀྱི་གཏེར་ཆོས་དང་ཀཿཐོག་པའི་བདུད་ཀློང་སོགས་ཀྱི་སྒྲུབ་མཆོད་ལོ་རེ་བཞིན་[page 266] ཡོད། དུས་མཆོད་ཆེན་མོ་གྲུབ་ཆེན་པདྨ་བདུད་འདུལ་ཟླ་བཞི་ཚེས་སུམ་ཅུ་ལ་ཉིན་བདུན། ཟླ་དྲུག་ཚེས་བཅུ་ལ་ཚེས་བཅུ་ཆེན་མོ་ཉིན་བདུན། དབྱར་གནས་ཟླ་གཅིག་དང་ཕྱེད། གྲྭ་བརྒྱ་ཙམ་གྱིས་མཐར་སྒྲུབ་མཆོད་ཉིན་བདུན། ད་སྐབས་དབྱར་གནས་མ་ཚུགས། ཟླ་དགུ་པ་ནང་སྟོན་གཏོ་ཉིན་བདུན། ཟླ་བཅུ་གཉིས་པའི་ན་དགུ་གཏོར་ཆེན་མོ་ཉིན་བདུན། ཟླ་བཅུ་པ་ནང་བླ་མ་རང་རིག་འདས་མཆོད། ཟླ་དང་པོ་ནང་རྒྱལ་སྲས་ཆོས་རྡོར་འདས་མཆོད། ཟླ་བཞི་པའི་ནང་འཇམ་དཔལ་བདེ་བའི་ཉི་མའི་འདས་མཆོད། ཟླ་གསུམ་པའི་བླ་མ་འོད་ཟེར་རྡོ་རྗེ་འདས་མཆོད། ཁྱོན་སྡོམ་དུས་མཆོད་བརྒྱད་ཡོད།
ཕྱིས་སུ་དགོན་པ་འདི་ས་གནས་སྟོང་པར་གྱུར། མི་སེར་ཐམས་ཅད་གནས་སྤོས་ནས་དགོན་འདི་ལོ་གསུམ་སྟོར་པར་གྱང་ཧྲལ་མ་གཏོགས་ཡི་གེ་ལྡེབ་གཅིག་ཀྱང་ལྷག་མེད། ད་ཆ་གོང་རིམ་ནས་སྒོར་ཆིག་ཁྲི་ལྔ་སྟོང་གནང་བྱུང་བས་དེས་ཉམས་གསོ་བྱེད་མུས་ཡིན། དེ་སྔོན་འབྲུ་མཛོད་ཁང་བྱས་ནས་མ་ཞིག་པའི་མདོ་སྨད་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཁང་ཀ་བ་བརྒྱ་ཐམ་པ་ཅན་ནང་། སངས་རྒྱས་གཙོ་འཁོར་བདུན་རེ། གསེར་ཞུན་མར་བྱུག་པའི་སྟོང་སྐུ་ལྔ། མཛེས་རིས་བཟོ་རྐོས་སོགས་ཤིན་ཏུ་ལེགས། དེའི་ནང་གདུགས་རྒྱལ་མཚན་ཆ་ཚང་། མཆོད་ཆས་ཆ་ཚང་། སྤྲུལ་སྐུ་ངག་དབང་བསྟན་འཛིན་གྱི་སྐུ་གདུང་། དངུལ་དང་ཟངས་གསེར་སོགས་ལས་གྲུབ་པ་སྤུས་ལྡན། སྨན་འདམ་ལས་གྲུབ་པའི་བླ་མ་རང་རིག་རྡོ་རྗེའི་སྐུ་འདྲ་ལུས་ཚད་མ། འཆམ་འབག གོས་གདན་རིང་། སྣོད་ཐབ་ཆས་སོགས་ཆ་ཚང་ཡོད། ནང་རྟེན་ལ་སྐུ་རྟེན་སྨན་འདམ་གྱི་མཁན་སློབ་ཆོས་གསུམ། ཚེ་དཔག་མེད། སྤྲུལ་སྐུ་ཐམས་ཅད་ཀྱིས་བླ་སྐུ་བརྒྱད་དང་གསེར་སྐུ་གསུམ། ཞལ་ཐང་ཆེ་ཆུང་མང་ཙམ། གསུང་རྟེན་བཀའ་འགྱུར་གཅིག བསྟན་འགྱུར་གཅིག འདོན་ཆ་སྐོར་ཆ་ཚང་། ཐུགས་རྟེན་གསེར་དངུལ་ལས་གྲུབ་པའི་མཆོད་རྟེན་ལུས་ཚད་མཆིས།
དགོན་པའི་ལས་ཁུར་ཨ་ཡན། སྤྱི་ཕུད་དབོན་བླ་མ་བློ་ལུ་ཡིན། ཤང་གཤོད་སྐལ་དགོན་ནས་བྱོན་པ་ཨ་མྱ་བླ་མ་འཆི་མེད། ས་ཁུར་དང་རོགས་ཞུ་བ་ཆ་ཤས་བཅས་ཡོད། རིག་གནས་གསར་བརྗེའི་དུས་བརླག་སོང་བ་རྣམས་ནི། གསེར་ཏོག རྒྱལ་མཚན། ཆོས་འཁོར། གསེར་ཁང་བརྒྱད། གསེར་སྐུ་བདུན་སྟོང་སུམ་བརྒྱ་ལྔ་བཅུ། ལྷ་ཆེན་བརྒྱད། ཤིང་པར་བརྒྱད་བརྒྱ་གྱ་དྲུག གསེར་དངུལ་གྱི་མཆོད་རྟེན་བཅུ། ལུས་ཚད་མཆོད་རྟེན་བཅུ་གསུམ། གསེར་དངུལ་མཆོད་ཆས་ཆ་ཚང་མང་པོ། དངུལ་ཏིང་བདུན་ཚར་ཉི་ཤུ། གོས་ཆེན་རྒྱ་སེར་གྱི་འཕན། རྒྱལ་མཚན། གོས་འཇམ་གྱི་འཕན། རྒྱལ་མཚན་མང་པོ། ཞལ་
ཐང་ཆེ་ཆུང་དྲུག་བརྒྱ། འཆམ་གོས། ཞལ་འབག གསེར་དངུལ་དུང་ཆེན་བཅུ་གསུམ། དུང་དཀར་གསེར་དངུལ་རྒྱན་ཆ་ཕྲ་ལྡན། དགོན་གཞུང་ཟངས་ཆེན་བདུན། ཡང་སྣོད་ཆས། སྐྱོག་ས་ཟོ་ཁྲ། བླ་སྤྲུལ་རྣམ་པའི་[page 267] གཟིམ་ཁང་། མཁོ་ཆོས་ཡོ་བྱད་བཅས། སྤྱི་དངུལ་ཁྲི་གསུམ་སྟོང་བརྒྱད། གུར་མོ་ཆེ་གསེར་ཏོག་ཅན། གུར་སྤུས་ལྡན། བླ་བྲང་གཞུང་གི་གསེར་དངུལ་རིན་པོ་ཆེའི་རིགས། སྐྱོག་ཟོ་ཁྲ་ཤངས་དངུལ་ཏིག སྒ་སྟན་སྣོད་ཆས། འབྲུ་བང་། ཕྱོགས་སུ་འབྲུ་བང་། གཞི་ཁག་བཅུ་གསུམ། ནོར་ཁག་ལྔ། རྟ་དྲེལ། དགོན་ཁག་བཅས་བླ་བྲང་མཛོད་ཁང་། ལྷ་ཁང་གསུམ་བཅས་གྱང་ཧྲལ་དུ་སོང་། གདུང་རྒྱུད་བླ་སྤྲུལ་ལྔ། མཁན་པོ་གཅིག གྲྭ་པ་བདུན་ཅུ། ལོ་བཅོ་བརྒྱད་ཡན་ཆད་གྲྭ་པ་ལྔ་ཡོད། འཚོ་བ་ནི་སྐྱེ་རྒ་ན་འཆི་སྐུ་རིམ། རིམ་གྲོ་འགྲོ་བ། སེམས་ཅན་བདེ་སྨོན་སོགས་ལས་དད་རྫས་ཙམ་བྱུང་བ་ལ་བརྟེན་ནས་ཡོད། ཅེས་པའང་སྔོན་གྱི་ཨ་བསེ་གཡུ་རས་རྒྱལ་པོའི་ལོ་རྒྱུས་བཤད་སྲོལ་དང་། སྒྲུང་ཡིག་ཇོ་ཆེན་དགོན་པའི་ཆོས་འབྱུང་། ཀླུ་རབ་ལོ་རྒྱུས། བླ་མ་རང་རིག་རྡོ་རྗེའི་རྣམ་ཐར་ལུང་བསྟན་སོགས་དང་། སྐུ་ཚ་བསྟན་འཛིན་དང་བུས་སྤྲུལ་ཉི་མ་རྒྱལ་མཚན་གཉིས་ཀྱི་ལུང་བསྟན་དང་རྗེ་བཙུན་ཀུན་བཟང་ཆོས་སྒྲོན་གྱི་ཞལ་རྒྱུན་མང་པོ་ཡོད་པ་སྔོན་ནས་དགོན་པའི་རྩིས་སྤྲོད་ཡི་གེ་བཅས་ལ་ཁུངས་བཅོལ་ནས་ད་སྐབས་ཀྱི་བན་རྒན་ཚོའི་ངག་རྒྱུན་འཁྲུལ་མེད་ཀུན་ལ་བརྟེན་ནས་ཨ་མྱ་བླ་མ་འཆི་མེད་དང་ཆོས་འཕེལ་གཉིས་ཀྱིས་བྲིས་པ་ལ་སླར་བྱ་ཚེ་རིང་གིས་དར་རྩེ་མདོར་ལེགས་སྒྲིག་བྱས་པའོ།།
རབ་བྱུང་བཅུ་གཅིག་པའི་མེ་ཡོས(སྤྱི་ལོ་1627)ལོར་ལྕགས་མདུན་བླ་མ་རྡོ་རྒྱལ་པས་ཕྱག་འདེབས་གནང་། ཁོང་ནི་གནས་ཤང་ལང་བྲག་གི་ཉེ་འདབས་སུ་བསེ་ཁྱུང་སྦྲ་མི་རིགས་ལས་བྱུང་བའི་ཡབ་འཕགས་པ་ཚེ་རིང་དང་། ཡུམ་ཀོ་ཟ་ཨ་རྡའི་གཉིས་ལ་སྲས་ལྕམ་སྲིང་གཉིས་འཁྲུངས་པ་ལས། མིང་པོ་ཀཿཐོག་ཡེ་ཤེས་རྒྱལ་མཚན་གྱི་སྤྲུལ་པའི་རྣམ་རོལ་དུ་ངོས་བཟུང་ཏེ་མཚན་ལ་ཤེས་རབ་རྒྱལ་མཚན་གསོལ། ཀཿཐོག་བྱང་སེམས་ཆོས་རྗེ་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་སེམས་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་གསན། མཁས་བཙུན་བཟང་གསུམ་དང་ཁྱད་པར་གྲུབ་པའི་རྣམ་ཐར་ཚད་མེད་པའི་སྙན་གྲགས་ཕྱོགས་ཀུན་
ཁྱབ། ཉང་ཡུལ་གཙོ་བོར་གྱུར་པའི་ཕྱོགས་ཀུན་ཏུ་རིས་མེད་རྒྱལ་བསྟན་གསལ་བའི་སྒྲོན་མེ་རུ་གྱུར་ཏེ། རལ་གྲི་ཞིག་མདུད་པ་བྱས་པས་དེ་ཕྱིན་ཆད་ལྕགས་མདུད་ཚང་ཟེར། དཔེར་ན་ལྕགས་མདུད་རི་ནུབ་དང་ལྕགས་མདུད་ཉག་རོང་སོཊ་གྲགས། དེའི་སྲིང་མོ་དགེ་བཙུན་མ་ཞིག་ཡོད་པ་དེར་གཞི་བདག་རྨ་སྲས་དུང་ལོའི་སྲས་གཅིག་འཁྲུངས་པས་མིང་པོ་ནས་བཀའ་བཀྱོན་ཕོག སྲིང་མོས་བུ་འདི་འཇིག་རྟེན་མི་ཞིག་དང་བསྡེབས་ཏེ་བྱུང་བ་ཞིག་ཡིན་ན་ཕྱེ་མར་རློག་ཅིག་ཅེས་དམོད་བོར་ཏེ་ཁང་སྟེང་སྟེ་འཕང་ནས་རྡོ་ལ་ཕོག་ཀྱང་ཅི་ལའང་མ་སྐྱོན་པ་མ་ཟད། སྐུ་སྨད་[page 268] རྡོ་ལ་ནུབ་པ་སོགས་ངོ་མཚར་བའི་གྲུབ་རྟགས་བསྟན། དེའི་དོན་གྱིས་རྡོ་རྒྱལ་སྤྲུལ་སྐུར་གྲགས། དེ་ནས་ཁྲོམ་ཁྲི་དཔོན་རྒྱལ་པོའི་སྲས་མོར་བཙུན་མོ་བཞེས། ཞང་པོ་རྗེ་ལ་རྒྱ་ནག་རྒྱལ་པོའི་ཐམ་ག་ཡོད་པ་ཀུན་
འདི་ལ་གནང་སྟེ། ཆོས་སྲིད་ཟུང་སྦྲེལ་གྱི་ཡུལ་སྡེ་སྐྱོང་ཞིང་དགོན་པ་འདིས་མཚོན་ནས་དགོན་པ་མང་པོ་གསར་བཞེངས་དང་ཞིག་གསོ་མཛད་འདུས་པ་རྣམས་ལ་མདོ་སྔགས་ཆོས་ཚུལ་དུ་མ་དང་བཀའ་གཏེར་གྱི་སྨིན་གྲོལ་འཆད་སྤེལ་གནང་ངོ་། དམ་པ་དེས་གནས་དུས་རྟེན་འབྲེལ་བཟང་པོ་ལ་བརྟེན་རྒྱ་རྭ་གཤོང་བརྒྱད་ཟུར་དུ་མཆོད་གནས་ཀྱི་རྟེན་འདུ་ཁང་ཞིག་བཞེངས་དགོས་དགོངས་ཏེ། ཤིང་ཆ་རྣམས་གྲྭ་པ་ཞིག་ལ་ཤིང་གཅིག་དྲུད་ནས་ཕྱི་མིག་མ་བལྟ་གསུངས། བླ་མའི་ངག་བཞིན་དྲུད་དེ་སོང་བས་རྫུ་འཕྲུལ་གྱིས་ཤིང་ཆ་རྣམས་རང་བཞིན་གྱིས་མར་སོང་བས་སྤུར་ལོ་ཞེས་པའི་ས་དེར་སླེབས་ཚེ་འུར་སྒྲ་ཆེ་རྐྱེན་གྲྭ་པ་དེས་ཕྱི་མིག་བལྟས་པས་ཤིང་ཆ་དེར་བསྡད། དགོན་པའང་དེར་བཞེངས་རྒྱུ་རྟེན་འབྲེལ་འགྲིགས་ཏེ་བཞེངས། མཚན་ལ་རབ་བརྟན་དགོན་གསོལ། ལྷ་ཁང་སྤྱི་ཁང་བཅས་གྲུབ་ནས་གྲྭ་ཁྲལ་བསྡུས་ཏེ་གྲྭ་ལྔ་བརྒྱ་ཡས་མས་ཙམ་ཡོད་པ་འདྲ།
རྡོ་རྒྱལ་པ་འདི་ནས་བཟུང་མགོན་པོ་རྡོ་རྗེ་བར་རྒྱལ་རབས་བཅུ་གཉིས་བར་ལ་དགོན་འདིའི་བླ་དཔོན་དགེ་བསྐོས་ཐམས་ཅད་འགན་ཁུར་མཛད་ཅིང་ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་ཀྱང་རི་ནང་ཚང་གི་བདག་རྐྱེན་ལས་བྱུང་། རྡོ་རྒྱལ་པའི་གདུང་བརྒྱུད་ལས་འཁྲུངས་པའི་ལྕགས་མདུད་བཟའ་ཤར་གཏེར་ཆོས་རྒྱལ་གླིང་པའི་གསང་ཡུམ་ཡིན་སྟབས་དེའི་སྲས་ཀུན་བཟང་རྣམ་རྒྱལ་དང་དེའི་ཡང་སྲིད་འཇིགས་མེད་ཆོས་མཆོག་སོགས་ཤར་གཏེར་ལྕགས་ཀོང་བའི་བརྒྱུད་པ་ནས་རོང་ཐའི་བརྒྱུད་པ་བར་མ་ཆད་པར་དགོན་འདིར་བྱོན་ཞིང་། དེང་སང་གི་བར་དུ་དགོན་འདིར་བསྟན་པའི་བདག་པོར་མཛད་བཞིན་བཞུགས་པ་ནི་གདུལ་བྱའི་བོསད་ནམས་
མི་དམན་ཞིང་ཐུགས་བསྐྱེད་དུས་སུ་སྨིན་པས་སྐལ་བཟང་འགྲོ་བའི་དེད་དཔོན་དུ་གྱུར། བར་སྐབས་ཤིག་བླ་མ་ཡེ་ཤེས་ཞེས་པ་རས་པ་དམ་ཚིག་རྡོ་རྗེའི་སློབ་མ་ཞིག་ཡོད་པ་དེ་བྱོན་ནས་ཀློང་ཆེན་སྙིང་ཐིག་གི་རྩ་རླུང་ཁྲིད་སྦྱངས་སྐབས་ཁྲིད་སྦྱོང་བྱེད་མི་སུམ་བརྒྱ་ལྷག་ཙམ་ཡོད་པར་གྲགས། དེ་དུས་གྲུབ་མཐའ་རྙིང་མ་དང་། ཆོས་རྒྱུད་ཀཿཐོག་པའི་བཀའ་གཏེར་རྙིང་མ་དང་རྫོགས་ཆེན་སྙིང་ཐིག་སྐོར་ལགས།
བསྟན་པའི་སྦྱིན་བདག་ལྕཊ་མདུད་རི་ནང་ཚང་ཡང་ཉག་རྐེད་དཔོན་གྱིས་བཅོམ་ནས་ཡུལ་སྡེ་ཐམས་ཅད་རང་བརླཊ་བྱས་ཏེ་མི་ཉག་གི་ཡུལ་སོཊ་སུ་ས་མཐར་སོང་བས་ད་ལྟའང་མི་ཉག་གི་ཡུལ་དུ་རྒྱ་ར་གཤོད་པ་ཟེར་བའི་དུད་གྲངས་མང་པོ་འདུག སླར་བོད་ས་གནས་སྲིད་གཞུང་གིས་ཉག་སྐེད་དཔོན་གྱི་སྲིད་དབང་འཕྲོག་ཚེ་ཟུར་དུ་ཡོད་པའི་དུད་གྲངས་ཆ་ཤས་ཀྱིས་གླག་བླ་གནུབས་ཟུར་སྐལ་བཟང་རྒྱ་མཚོ་གདན་འདྲེན་ཞུས་ནས་རབ་བརྟན་དགོན་གྱི་ཤིང་ཆ་འཕྲོས་ལྷག་རྣམས་ཀྱིས་འདུ་ཁང་[page 269] ཆུང་ངུ་ཞིག་བཞེངས། དེ་དུས་གྲྭ་བཅོ་ལྔ་ཙམ་གྱིས་བསྙུང་གནས་ཆ་བརྒྱད་ཚོགས་སྲོལ་ཙམ་ལས་གཞན་སྒྲུབ་མཆོད་ཅི་ཡོད་ཁུངས་དག་མ་ངེས། དེ་ཚུན་ཆད་ཨ་དཀར་དགོན་གྱི་མཚན་ཐོགས། མཚན་དོན་ཐད་གནུབས་ཟུར་མཁན་སྐལ་བཟང་རྒྱ་མཚོས་བཏབ་པས་ཨ་སྐལ་དང་། ཨ་དཀན་མཁར་ནག་པའི་ཆགས་གནས་ཡིན་པས་ཨ་དཀར་ཟེར་བ་གཉིས་འདུག་ཀྱང་མཁས་དབང་བསོད་ནམས་ཆོས་གྲུབ་ཀྱིས་ཨ་དཀའ་ཞེས་ཕྱག་བྲིས་གནང་འདུག་པ་ནི་ཡོངས་གྲགས་ལགས། དེའི་ཚེ་ཉག་སྐེད་ཀྱི་སྟག་ཟན་(བློན་པོ་)སྦྱིན་པ་ཞེས་པ་དེ་ཡུལ་འདིར་དཔོན་གྱི་གོ་ས་ཡོད་ལ་མངའ་ཐང་ཆེ། ས་ཞིང་དང་དུད་གྲངས་མང་བར་བརྟེན་འདུ་ཁང་ཀ་རིང་བཞི་ཡི་ཚད་ཡོད་པ་ཞིག་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྟག་གི་ལོ་གསར་བཞེངས་མཛད་ནས་ཕྱིའི་ལྷ་ཁང་ནང་གི་རྟེན་གསུམ་ཤིང་རྐོས་རི་མོ་རྣམས་ཕྱོགས་ཡོངས་ལ་དཀོན་པའི་སྤུས་དག་གྲུབ། གྲྭ་པ་བརྒྱད་ཅུ་སྐོར་དང་། འཚོགས་དུས་མཆོད་ལ། བདེ་ཆེན་ཞིང་སྒྲུབ་དང་ཀར་གླིང་ཐོས་གྲོལ། དབྱར་གནས་ཞག་ལྔ་བཅུ་པ་དེ་ཚོང་པོ་སྤྱི་པས་གཏོང་སྒོ་བྱེད་པ་ཡོན་བདག་སོགས་མིན། བླ་མ་རྒྱ་གར་ཚང་དང་། མཁན་པོ་ལ་ཤེས་རབ་བློ་གྲོས་ཞེས་པ་ཀཿཐོག་རྒྱུད་སྡེ་མཁན་པོ་དང་ཕྱོགས་མཚུངས་ལྟ་བུ་གྱུར་པ་དེ་ཉིད་དང་། གླག་བླ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན། ལྕགས་མདུད་དབོན་ཚུལ་ཁྲིམས་རྒྱ་མཚོ་སོགས་བྱོན་ནས་ཁྱིམ་པ་རྣམས་རྣམ་དཀར་ལ་ཕྱོགས་པ་དང་། རབ་བྱུང་རྣམས་ནི་འདུལ་ཁྲིམས་གཙང་ཞིང་ཐུགས་མཐུན་པ་སོགས་མི་ཆོས་གཙང་མའི་ཁྲིམས་ཀྱིས་བསྡམས་ཏེ་ས་སྟེང་གི་མཛེས་རྒྱན་དུ་གྱུར་ཏོ། །སྔོན་གྱི་སྐུ་གསུང་ཐུགས་རྟེན་སྐོར་ནི་ལྷ་ཁང་ཀ་རིང་བཞི་པ་ཀ་ཐུང་བཅུ་དྲུག་གི་རྩེག་གཉིས་པ་གཙང་ཁང་སྒོ་ཤུབ་བཅས་པ་ལས། འོག་ཁང་འཚོཊ་ཁང་ཆེན་མོ་བརྩེཊ་གཉིས་པ་ནང་གཡས་གཉེར་ཁང་སྒོ་ཤུབ་རྒྱུ་ཁང་མགོན་བླ་ཁང་བརྩེཊ་གསུམ་པ་ནང་གསེར་ཁང་། ནང་བང་། ཇ་ཁང་གཉེར་ཁང་བར་བ་གསུམ་པ། ཀུན་དགའ་རྭ་བ་གྲྭ་ཁང་སོ་གསུམ་བཅས་ཕྱིའི་བཀོད་པ་དང་། ནང་གི་རྟེན་གསུམ་ནི་སྐུ་རྟེན་གཙང་ཁང་ནང་གཙོ་བོ་སྟོན་པ། མར་མེ་མཛད། ཚེ་དཔག་མེད། བྱམས་པ། སྒྲོལ་མ། རྒྱ་ཆེན་སྡེ་བཞི། ཀུན་མཁྱེན་ཀློང་ཆེན་པ་དང་འཇིགས་གླིང་། སངས་རྒྱས་སྟོང་སྐུ་སོཊ་ཤིན་ཏུ་མང་།
སྒྲུབ་མཆོད་སྐོར་ཟླ་བ་དང་པོའི་ཚེས་གསུམ་ལ་ས་ཆོག་ཐིག་རྡུལ་ཚོན། ཚེས་བདུན་མཆོད་པ་རྒྱན་བཀོད། ཚེས་བརྒྱད་ནས་བཅུ་བཞི་བར་ཐོས་གྲོལ་སྨོན་ལམ་འཚོགས། ཟླ་བ་ལྔ་པའི་ཚེས་བདུན་ནས་ཉིན་བདུན་ལ་ཞིང་སྒྲུབ་འཚོགས། མར་ངོ་ཉི་ཤུ་བརྒྱད་ལ་བསྙུང་གནས་ཆ་བཞི། ཟླ་དྲུག་པའི་ཚེས་བཅུ་གསུམ་ལ་ཡར་འདུས་ནས་དབྱར་གནས་བཞུགས། ཟླ་བརྒྱད་པའི་ཚེས་གསུམ་ལ་གྲོལ། ཟླ་དགུ་པའི་ཚེས་གསུམ་ནས་ཉིན་བདུན་བར་མགོན་པོ་ཚོགས་བདག་གི་གསོལ་ཁ་ཁྲི་ར་ཕུལ། ཟླ་བཅུ་གཉིས་ཚེས་ཉེར་བཞི་ཉིན་ལ་འཚོགས་ནས་བདུད་ཕུར་གཏོར་ཟློག་གསུངས་ཏེ་ཉེར་དགུ་ལ་གཏོར་མ་འཕེན། [page 270] དགེ་སྐོས་མི་བཞིས་ལོ་བཞི་རེ་འགན་བཞེས་དགོས། སྨོན་ལམ་སྤྱི་པ་མི་གཉིས་རེས་ལོ་གཉིས་རེ་ལ་སྤྱི་རྐང་ཡོད། ཞིང་སྒྲུབ་སྤྱི་པ་མི་གཉིས་རེས་ལོ་གཉིས་རེ་ལ་སྤྱི་རྐང་ཡོད། དེ་གསུམ་གྱི་སྤྱི་རྐང་གིས་དགོན་རྙིང་ནང་རྒྱ་དཀའ་བླ་མ་ཚང་གི་ས་རྒྱ་ཉོས་ནས་གཏོང་སྒོ་བྱས། དགོན་གཞུང་ཆོས་ཁྲིམས་མི་གཉིས་ནས་སྙུང་གནས་འགན་ཁུར་དགོས།
དེ་རྗེས་བསྟན་པའི་མེ་རོ་བསླང་དེ་ཆོས་སྒོ་འབྱེད་པའི་ཚེ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་དངོས་སློབ་ཨོ་རྒྱན་ཚེ་དབང་རིག་འཛིན་གྱི་ཐུཊ་སྲས་རོང་ཐ་སྟོབས་རྒྱལ་སྤྲུལ་སྐུ་གདུང་སྲས་འཇམ་དབྱངས་བསྟན་འཛིན་མཆོག་ནི་ཤིང་མོ་བྱ་ཡི་ལོརསྐུ་འཁྲུངས། འཇིགས་གླིང་གཉིས་པ་གྱུར་པ་ཨོ་རྒྱན་ཚེ་དབང་རིག་འཛིན་སོཊ་བཤེས་གཉེན་དམ་པ་དུ་མར་བསྟེན་ཏེ་མདོ་སྔཊ་སྤྱི་དང་ཐུན་མོང་རིག་གནས་ཀུན་ལ་གསན་བསམ་མཐར་ཆགས་སུ་མཛད། མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་གྱི་ཡང་རྩེར་སོན། ཉེས་པའི་ལས་ཕྲ་མོ་ལ་ཡང་འཛེམས་ཤིང་ཡོན་ཏན་གྱི་ཆ་ཕྲ་མོ་ཚུན་ཆད་སྦས་པའི་རྣལ་འབྱོར་གྱི་མཚན་དོན་འཆང་ཞིང་གནས་དབེན་རྫ་ཆེན་ཏེའུ་དཀའ་ཕྱུག་མོ་སུམ་བརྩེགས་མི་ཡུལ་དུ་འཕོས་པ་ལྟ་བུ་ཡང་དབེན་ལྷའི་དགའ་ཚལ་དུ་བཤད་སྒྲུབ་ཀྱི་སྡེ་བཙུགས། འདུས་པ་བཅུ་ཕྲག་ལྔ་ཙམ་ལ་ཆོས་ཀྱི་འཁོར་ལོ་བསྐོར། ཀུན་བཟང་བླ་མ་དང་ཟིན་བྲིས་སྦྲགས་པ། མདོ་སྔགས་ཆོས་ཚུལ་མང་པོ་གནང་ཞིང་དགོན་འདིའི་བསྟན་པའི་མངའ་བདག་ཏུ་གྱུར་པ་དང་། བླ་སེར་ཀུན་གཞན་ལས་འཕགས་པའི་མཁས་བཙུན་གྱི་ཁྱད་ཆོས་ཅུང་ཟད་མངའ་བ་ནི་དམ་པ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བའོ། །ད་ལྟ་གྲྭ་ལྔ་བཅུ་ཙམ་ལ་རབ་བྱུང་ཞེ་བརྒྱད་ཀྱིས་ཚོགས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུངས་བཀའ་གཏེར་དག་སྣང་གི་འཐུས་ཀ་ལྡན་པའི་སྙན་བརྒྱུད་ཕུར་པ་དང་འདས་མཆོད་ཚོགས་གཉིས་ཤིང་རྟ། སྨིན་གླིང་རྡོར་སེམས། ཀར་གླིང་ཞི་ཁྲོ་བདེ་ཆེན་ཞིང་སྒྲུབ་སོགས་གདངས་དབྱངས་རོལ་མོ་ཐམས་ཅད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་བཞིན་འཁྲུལ་མེད་ཡིན་ཁུལ་དང་། ཁྲོམ་གྱི་མཁས་དབང་ཉི་མ་རྒྱལ་མཚན་བྱོན་ཏེ་དགེ་འདུན་འདུས་པའི་ཚོགས་ལ་དབྱར་གནས་པའི་སྲོལ་བཙུགས། སྡོན་གསུམ་དང་སྤྱོད་འཇུག་སོགས་གཞུང་བཤད་ཀྱི་དབུ་འཛུགས་པ་སོགས་སྔ་རྗེས་ཀུན་ཏུ་བཀའ་དྲིན་གྱིས་བསྐྱངས། དགེ་འདུན་པའི་ཚོགས་ཐམས་ཅད་ཀྱང་འབུམ་ལྔ་དང་རྫོགས་ཆེན་སྙིང་ཐིག་གི་ཁྲིད་དེ་སྔོན་འགྲོ་བློ་སྦྱངས་དངོས་གཞིའི་ཁྲིད་བཅས་ཐམས་ཅད་བགྲུབ་པ་ལགས། ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་ནི་ཡོན་ཁ་གང་བྱུང་རྣམས་དང་། རང་གི་གྲོ་ཆས་ཁྱེར་འོང་བ་ལས་སྤྱི་པ་ཡོན་བདག་སོགས་གཞན་མ་ལགས་སོ། །དགོན་པ་འདི་ལ་གྲྭ་ཁང་སོ་བརྒྱད་ཡོད་པ་ཐུགས་མཐུན་ཞིང་ཁྲིམས་གཙང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་གཞོལ་བ་ལགས་སོ།།
[page 271] ཐོག་མ་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་པ་ཡིན་ཏེ། དེ་ཡང་དགོངས་འདུས་ལུང་བསྟན་ལས། མི་ཡི་སེངྒེ་ཤེས་རབ་སྟོབས་དང་ལྡནཿཆ་ལུགས་མ་ངེས་ཅིར་ཡང་སྟོན་བྱེད་ཅིངཿབསྟན་པའི་སྲོལ་འཛིན་རྒྱལ་མཚན་མིང་ཅན་ཞིགཿ གདུག་པ་འདུལ་བའི་འགྲོ་བ་དཔག་མེད་འདྲེནཿདེ་དང་དེ་ཚུལ་བསྟན་པ་མཐར་ཐུག་པཿངེས་པ་བསྟན་པའི་མེ་རོ་ཡང་ཡང་བསླངཿཞེས་ལུང་གིས་ཟིན་པའི་སྐྱེས་བུ་ཉིད་ཡབ་འཕགས་པ་ཚེ་རིང་དང་། ཡུམ་གོ་ཟ་ཨ་དྷི་མ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་ཡོས་ལོར་སྐུ་བལྟམས། ཀཿཐོག་པ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན། སྐུ་ཆུང་ངུའི་དུས་ནས་ཀཿཐོག་བྱང་སེམས་ཆོས་རྗེ་སོགས་ལས་མདོ་སྔགས་སྤྱི་དང་ཀཿཐོག་སྔ་རབས་པའི་ཕྱག་སྲོལ་བཀའ་གཏེར་སྨིན་གྲོལ་ཟབ་རྒྱས་གསན། ཐོས་བསམ་སྒོམ་པའི་རྩལ་རྫོགས་ཏེ་གྲུབ་པའི་ས་མཐོར་གཤེགས་པས་སྙན་གྲགས་ཕྱོགས་ཀུན་དུ་ཁྱབ། དེ་ནས་རང་ཡུལ་དུ་བྱོན་ཏེ་བསྟན་འགྲོའི་དོན་རླབས་ཆེན་མཛད། སྐབས་ཤིག་ཨ་ཁུ་དབང་རྒྱལ་གྱི་ཉམས་ཚད་ཕྱིར་རྣོ་ངར་ལྡན་པའི་གྲི་འདོམ་གང་པ་ཙམ་མདུན་དུ་བཞག་པས་རྗེས་དར་སྐུད་ལྟར་མདུད་པ་མཛད་པས་དེ་ཕྱིན་ལྕགས་མདུད་པ་ཞེས་མིང་ཐོགས། དེང་སང་ཡང་ལྕགས་མདུད་ཉག་རོང་། ལྕགས་མདུད་རི་ནུབ་སོགས་མིང་ཐོགས་པའི་རྒྱུ་མཚན་དེ་ལས་བྱུང་། རྗེས་ནས་རབ་བྱུང་བརྒྱད་པའི་ལྕགས་ཕག་ལོར་དགོན་རྙིང་གསར་བཏབ་མཛད་དེ་མཚན་ཨོ་རྒྱན་གླིང་ཞེས་གསོལ། དགེ་ཚུལ་སློང་གི་སྡོམ་རྒྱུན་མང་དུ་སྤེལ་བས་འདུལ་བ་གཞི་གསུམ་ཕྱག་ལེན་གཙང་དག་མཛད། རབ་བྱུང་རྣམས་ལ་བྱ་རྒྱུད་ཆོ་ག་དང་འབྲེལ་བསྙུང་གནས་ཆ་བརྒྱད་དང་། ཁྱིམ་པ་རྣམས་ལ་ཉ་སྟོང་ཚེས་བརྒྱད་དང་དུས་ཆེན་གྱི་ཟླ་བ་ཡོད་རིགས་ལ་བསྙུང་གནས་ཆ་བརྒྱད་ཀྱི་སྲོལ་བཏོད་པ་ད་ལྟའི་བར་དུ་བྱུང་། དགེ་འདུན་འདུས་སྡེ་རྣམས་ལ་མདོ་སྔགས་སྤྱི་དང་ཁྱད་པར་བཀར་གཏེར་སྨིན་གྲོལ་རྒྱ་ཆེར་སྤེལ། སྐལ་ལྡན་གྱི་དངོས་སློབ་ལ་རྫོཊ་ཆེན་སྙན་རྒྱུད་ཟབ་ཆོས་རྣམས་མནོག་ཆོས་སུ་བསྩལ། སྒྲུབ་པ་ཉམས་བཞེས་མཛད་པའི་སློབ་མ་ར་ལང་ཐར་པ་རྒྱལ་མཚན་སོཊ་མང་དུ་བྱུང་བར་གྲགས། ཆོ་འཕྲུལ་ཟླ་བ་ལ་ལོ་གསར་བྱེད་ན་སེམས་ཅན་སྲོག་གཅོད་ཉེས་པར་དགོངས་ནས། ཉག་ཕྱོགས་ཀུན་ཏུ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་དང་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་རང་རང་གི་གཞི་བདག་ལ་བསང་མཆོད་སོཊ་ལོ་གསར་གྱི་སྲོལ་བཏོད་པས་ད་ལྟའི་བར་བྱུང་བར་གྲགས། དེ་ནས་རབ་བྱུང་བཅུ་པར་རིག་འཛིན་ཀློང་གསལ་སྙིང་པོ་ཉག་ཡུལ་སྟོད་སྨད་བར་གསུམ་དུ་བྱོན་ཏེ་གུ་རུའི་སྐུ་ཚབ་ལྔ་བཞེངས་པ་ལས། རང་དགོན་དུ་ཉག་བླ་པདྨ་མཁའ་སྤྱོད་དབང་པོས་སྦྱིན་བདག་མཛད་དེ། རིག་འཛིན་ཀློང་གསལ་གྱིས་ཕྱག་བཟོ་གུ་རུའི་སྐུ་བརྩེགས་ཚད་གདན་ཁྲི་བཅས། ཕྱག་གཡས་ཐུགས་[page 272] ཀར་རྡོ་རྗེ། ཡོན་མཉམ་བཞག་ཀ་པ་ལ་ཚེ་བུམ་གྱིས་མཛེས་པ་ཞིག་བཞེངས་ཏེ་གུ་རུ་དངོས་སུ་བྱིན་གྱིས་བརླབས་ཏེ་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་ཕན་བདེ་ལ་འགོད་པར་མཛད་དེ་དེང་གི་བར་དུ་ཆག་ཉམས་མ་བྱུང་བ་འགྲོ་བའི་དཔལ་མགོན་དམ་པར་བཞུགས་པ་དེ་ལས་སྐབས་སྐབས་སུ་སངྡྷིའི་རང་སྒྲ་སྒྲོགས་པ། སྐུ་ལས་བདུད་རྩི་བབས་པས་མྱོང་བ་ཙམ་གྱིས་ནད་གདོན་བར་ཆད་ལས་གྲོལ་བ་སོཊ་མཐོང་ཆོས་སུ་གྱུར། རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོས་རང་གཏེར་གཙོར་གྱུར་སྨིན་གྲོལ་རྒྱ་ཆེ་སྩལ་བས་ད་ལྟའི་བར་དུ་བདུད་ཀློང་རྣམ་གཉིས་ཀྱི་ཟབ་གཏེར་རྒྱ་ཆེར་དར། ཁོང་ལོ་ཤས་སུ་དགོན་འདིར་བཞུགས་པས་སྒྲུབ་ཁང་གི་ཤུལ་ད་ལྟའང་ཡོད། གྲུབ་བརྙེས་ཀུ་ཝེ་བླ་མ་ཐེག་ཆེན་ལྷུན་གྲུབ་དང་ཉག་དགེ་བླ་མ་ཀརྨ་ནོར་བུ་སོགས་བན་བཅུ་གསུམ་ཙམ་བསྙེན་སྒྲུབ་ཁོ་ན་ལ་གཞོལ་བས་སྒྲུབ་པའི་རྒྱལ་མཚན་བཙུགས། ཚོགས་པ་སྟོང་ལས་བརྒལ་བ་བྱུང་། པདྨ་མཁའ་སྤྱོད་དབང་པོ་དང་། ཀུ་ཝེ་བླ་མ་རྣམ་གཉིས་ཀྱིས་གནས་ཆེན་རྡོ་རྗེ་ཡོངས་རྫོགས་བྲག་དམར་དཀྱིལ་ནས་རྫུ་འཕྲུལ་གྱིས་ཆིབས་རྒྱུགས་མཛད། འདྲེ་མོ་གདུག་པ་ཅན་དམ་ལ་བཏགས་ཏེ་བྲག་ལ་འདྲེ་མོས་སྤར་རྗེས་ད་ལྟ་མིག་གི་དབང་པོའི་ཡུལ་དུ་གྱུར། དེ་ཡང་ཀཿཐོག་གི་དགོན་ལག་ཡིན་ནོ། །
ཡེ་ལེ་བླ་མ་ཚུལ་ཁྲིམས་ཀྱིས་དགོན་རྙིང་དུ་འདུ་ཁང་དང་ས་ཁྱོན་ཆུང་ཞིང་རི་གཟར་བའི་རྐྱེན་གྱིས་མི་བདེ་བར་དགོངས་ནས་གྲ་མདའ་ཀརྨ་བྱོན་ནས་ས་བསླང་མཛད་དེ་གཙུག་ལག་ཁང་གི་རྨང་འདིང་སྐབས་མཁའ་ལ འཇའ་ཤར། མངོན་སྤྱོད་དྲག་པོས་འདྲེ་སྲིན་དམ་ལ་བཏགས་ཏེ་ཡུལ་ཁམས་བདེ་ལ་བཀོད། རབ་བྱུང་བཅུ་བཞི་པའི་འགོ་ཙམ་ལ་ད་ལྟའི་དགོན་འདི་གསར་འདེབས་བྱས་ཏེ་མཚན་ཨོ་རྒྱན་ཆོས་གླིང་བཤད་སྒྲུབ་པདྨའི་དགའ་ཚལ་ལམ། དཔལ་ལྡན་གུ་རུ་དགོན་ཞེས་གསོལ། ཡེ་ལེ་ཚུལ་ཁྲིམས་ནི་རྡོར་གྲུབ་འཇིགས་མེད་འོད་ཟེར་དང་། འཇིགས་མེད་རྒྱལ་བའི་མྱུ་གུ འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ཀྱི་སློབ་མ་སྟེ། དེ་ནས་རྫོགས་ཆེན་པའི་དགོན་ལག་ཏུ་བསྒྱུར་ཏེ་སྙིང་ཏིག་གི་ཆོ་ག་དར། བླ་མ་རིག་འཛིན་འདུས་པ། ཡི་དམ་དྲག་པོ་དཔལ་ཆེན་འདུས་པ། མཁའ་འགྲོ་ཡུམ་ཀ་སོགས་ཀྱི་སྒྲུབ་པ་གསར་དུ་བཙུགས། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གཞུང་བཤད་ཅི་རིགས་མཛད། དེ་ནས་ཡེ་ལེ་བླ་བརྒྱུད་རིམ་པར་ནམ་མཁའ། པདྨ་བསྟན་འཛིན། ཐེ་མཆོག་བསྟན་འཛིན་སོགས་བཅུ་གསུམ་ཙམ་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། བཤད་གྲྭ་ཐོག་མར་འཛུགས་པ་པོ་ནི་སྤྱིར་སྔར་ནས་ཆོས་མདོ་སྔགས་གཉིས་ལ་འཆད་ཉན་གྱི་སྲོལ་རྒྱུན་མ་ནུབ་མོད། ཁྱད་པར་དུ་མཁན་ཆེན་སྐལ་བཟང་དབང་ཕྱུག་རིན་པོ་ཆེས་དགོན་འདིར་བཤད་གྲྭ་ཐོག་མར་བཙུགས། མཁན་རིན་པོ་ཆེ་ཁོང་རང་སྡེ་ཚེ་གཤོང་ཡུལ་དུ་རབ་བྱུང་བཅུ་བཞིའི་དཀྱིལ་ཙམ་ལ་སྐུ་འཁྲུངས། སྐུ་ནར་སོན་དུས་ཀླག་བྲག་རྫོང་མཁན་ཆེན་བསོད་ནམས་ཆོས་འགྲུབ་རིན་པོ་ཆེའི་མདུན་རབ་ཏུ་བྱུང་སྟེ་ཞབས་པད་ཡུན་དུ་བསྟེན་ནས། མདོ་སྔགས་ཀྱི་[page 273] གཞུང་ལུགས་ཅི་རིགས་པ་ལ་གསན་བསམ་མཛད། སྤྲུལ་སྐུ་འཇམ་དབྱངས་ནི་ཡབ་དེལ་ནང་དཔལ་དྲུང་དང་ཡུམ་བསོད་ནམས་བདེ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་སྐུ་ལྟམས། བླ་མ་ཤེས་རབ་ཀྱིས་སྤྲུལ་ཐུབ་བསྟན་ཆོས་རྡོར་ལ་ལུང་བསྟན་ཞུས་པས་ཡེ་ཤེས་ཚུལ་ཁྲིམས་ཀྱི་ཡང་སྲིད་དུ་ངོས་བཟུང་། དགུང་གྲངས་ལྔའི་དུས་རང་དགོན་དུ་ཆོས་ཀྱི་ཁྲི་ལ་མངའ་
གསོལ། དགུང་གྲངས་བཅུ་གསུམ་ཐོག་རྫོཊ་ཆེན་མཁན་གཞན་འགའི་ཞབས་པད་བསྟེན་ཏེ་ཐུན་མོང་དང་ཐུན་མིན་གྱི་མདོ་སྔགས་
གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་ཚུལ་བཞིན་མཛད་པས་མཁས་པའི་རྩེར་སོན། མཁན་གཞན་འགས་འབྲི་གུང་ཉི་མ་
ལྕང་རའི་ཆོས་གྲྭ་ལ་མཁན་པོ་མངགས་ཏེ་གཞུང་ཆེན་བཅུ་གསུམ་གཞན་དགའི་འགྲེལ་ཐོག་ནས་འཆད་སྤེལ་མཛད། གཞུང་ཆེན་
བཅུ་གསུམ་གྱི་འགྲེལ་པར་དུ་བཀོད། སློབ་ཚོགས་བཞི་བརྒྱ་ལས་བརྒལ་བར་བྱུང་། དེ་ནས་ལྷ་ལྡན་དུ་བྱོན་ཏེ་ཇོ་བོ་རིན་པོ་ཆེའི་
མདུན་དུ་མཎ་ཌལ་འབུམ་ཐེར་བཅུ་གསུམ་བསགས། སྒྲུབ་གནས་ཕལ་ཆེར་བྱོན་ཏེ་གནས་འབྲེལ་དང་ཆོས་སྐོར་མཛད། དེ་ནས་
རང་ཡུལ་དུ་བྱོན་ནས་རབ་བྱུང་བཅོ་ལྔ་པའི་ཤིང་གླང་ལ་བཤད་སྒྲུབ་སྔར་ལས་དར་རྒྱས་སུ་བཏང་། རབ་བྱུང་བཅུ་དྲུག་པའི་ཤིང་
རྟ་གཤེགས་སོ། །དེ་ཡི་ཡང་སྤྲུལ་ནོར་བུ་ནི་ད་ལྟའི་མཁྱེན་རྟོཊ་མངོན་བཞིན་པའོ།། གཞན་དགའི་གཞུང་ཆེན་བཅུ་གསུམ་དང་གསང་ཆེན་གཟུངས་ཆེན་སྡེ་ལྔ་སོགས་པར་ཤིང་གསར་རྐོ་མཛད་པ་ད་ལྟ་མ་ཉམས་པ་བཞུགས། ཀཿརྫོགས་སུ་གྲྭ་སར་བྱོན་རྒྱུ་སོགས་ཀྱི་བཅའ་ཁྲིམས་སོགས་བསྟན་པའི་ཐུཊ་ཁུར་ཡུན་དུ་མཛད། དེ་རྗེས་ཡེ་ལེ་སྤྲུལ་སྐུ། མཁན་ཉི་མ་སོཊ་ཀྱིས་རང་དགོན་འདིར་བཤད་སྒྲུབ་ལས་གསུམ་བྱ་བས་བསྟན་པ་དགུང་ལ་རེག་པར་གྱུར་ཏོ། །བཤད་གྲྭར་མི་ལྔ་བཅུ་ཙམ་བཞུགས། སྒྲུབ་པ་ཉམས་ལེན་གཙོ་བོར་སྐྱོང་བའི་བླ་མ་དང་སྒྲུབ་གྲྭ་པ་ཉེར་ལྔ་ཙམ་ཡོད།
སྐུ་གསུང་ཐུཊ་རྟེན་རིཊ་ལ། དགོན་རྙིང་ན་རིག་འཛིན་ཀློང་གསལ་གྱི་ཕྱག་བཟོ་གུ་རུ། གནས་བརྟན་བཅུ་དྲུག ཕུར་པ། ཕྱག་རྡོར། སྒྲོལ་མ། རྒྱན་དྲུག་མཆོག་གཉིས། སློབ་དཔོན་ཤྲྭི་སིངྷ། ཀློང་ཆེན་དང་འཇིཊ་སོཊ་གླིང་སྨན་འཇིམ་གྱི་སྐུ། བཀའ་འགྱུར། མཛོད་བདུན། ཡུམ་རྒྱས་པ་བཅས་དང་། དཀོར་གཉེར་བླ་མ་གཅིག་གིས་རྒྱུན་པར་གསོལ་མཆོད་མི་ཆད། དགོན་གསར་ལྷ་ཆེན་ཁང་དུ་བྱམས་ཆེན། གུ་རུ། འོད་དཔག་མེད། མར་མེ་མཛད། སྤྱན་རས་གཟིཊ་སོགས་མང་ངོ་།།
བཀའ་འགྱུར། བསྟན་འགྱུར། རྙིང་རྒྱུད། རིན་ཆེན་གཏེར་མཛོད། མཛོད་བདུན། ཡ་བཞི། བླ་མ་དགོངས་འདུས། འཇིགས་གླིང་བཀའ་འབུམ་སོགས་བཞུགས། གཞུང་ཆེན་བཅུ་གསུམ་དང་འཇུག་འགྲེལ། གསང་སྙིང་འགྲེལ་སོགས་པར་སྡེབ་ཉིས་སྟོང་སུམ་བརྒྱ་དགུ་བཅུ་གོ་བརྒྱད་བཞུགས། སྐུ་གདུང་མཆོད་རྟེན་ཟངས་གསེར་ལས་གྲུབ་པ། མཆོད་རྟེན་ཆ་བརྒྱད། མཆོད་ཆ་སྐོར་ལ་གསེར་དངུལ་བཀྲ་[page 274] མའི་མཆོད་ཆ། རྒྱ་གླིང་། དུང་དམར། རོལ་མོ་སིལ་སྙན་སོགས་མང་། དགོན་གཞུང་འདུ་ཁང་ལ་ཀ་རིང་བཅུ་གཉིས། གྲྭ་པ་བརྒྱ་དང་བརྒྱད་ཅུ་ཙམ། གྲྭ་ཁང་བརྒྱ། བཤད་གྲྭ་འདུ་ཁང་ཀ་རིང་བཞི་པ་ཅན། མཁན་སློབ་ཆོས་གསུམ་སྐུ་བརྩེགས་ཚད། ཀློང་ཆེན་འཇིགས་གླིང་། བཀའ་འགྱུར། དཔེ་པོད་སུམ་བརྒྱ་ལྷག་ཙམ། མཆོད་རྟེན་ཆ་བརྒྱད། བཞུགས་ཁང་བཞི་བཅུ་ཙམ། བཤད་གྲྭ་ལྔ་བཅུ། སྒྲུབ་གྲྭ་ཉེར་ལྔ་རྣམས་ད་ལྟ་བཞུགས། འཕན་ཡོད་བྱད་རོལ་སོགས་མི་དམན་པ་ཙམ་ཡོད།
དུས་མཆོད་སྐོར་ལ། སྔོན་དུ་ཀློང་གསལ་དང་རྒྱལ་གླིང་པའི་ཟབ་གཏེར་སྐོར་དར་རྒྱས་བྱུང་ཡང་སྒྲུབ་མཆོད་རེ་རེའི་ལོ་རྒྱུས་ཞལ་གསལ་མ་ངེས། ཡེ་ལེ་ཚུལ་ཁྲིམས་སྐུ་རིང་ལ། བོད་ཟླ་དང་པོའི་ཚེས་གཅིག་ནས་རབ་གནས་ཉིན་གསུམ། ཟླ་བ་བཞི་པར་རྫོགས་སྤྲུལ་ཐུགས་བསྟན་ཆོས་རྡོར་དགོན་འདིར་བྱོན་ནས་སིལ་སྙན་བྲ་ཉི་ཟེར་མ་གནང་ནས་བཀའ་མའི་སྒྲུབ་པ་དང་དོང་སྤྲུགས་སྒྱུ་འཕྲུལ་ཞི་བ། ཐོས་གྲོལ་ཏེ་སྒྲུབ་ཁག་གསུམ་གྱི་ཞག་བདུན། དེ་ནས་ཚེས་ཉེར་གཉིས་ནས་སྐྱ་སེར་སུམ་བརྒྱ་ཡན་མན་གྱིས་བདེ་ཆེན་ཞིང་སྒྲུབ་ཆོ་ག་དང་འབྲེལ། སྙུང་གནས་ཆ་བརྒྱད་ཞག་བདུན་མཁན་པོས་ཆགས་མེད་བདེ་སྨོན་ཆོས་འགྲུབ་ཀྱིས་འགྲེལ་སྟེང་ནས་ཆོས་ཀུན་ཟབ་རྒྱས་རེ་འཆད། ཟླ་བ་ལྔ་པའི་ཚེས་གཅིག་ཉིན་བཤད་གྲྭ་མཁན་སློབ་ཡོངས་ཀྱིས་གསོལ་ཀ་དང་བདུད་ཕུར་གཏོར་བཟློག་ཉིན་གསུམ། ཟླ་དྲུག་པའི་ཚེས་གཅིག་ནས་རིག་འདུས་དང་དཔལ་ཆེན་འདུས་པ། ཡུམ་ཀ་སྟེ་རྩ་གསུམ་ཚེས་བཅུ་ཆེན་མོ་རྫོགས་ཆེན་ཕྱག་སྲོལ་ལྟར་ཚོགས། ཚེ་བཅུ་བཞི་ནས་རུང་ཁང་བྱིན་གྱིས་བརླབས་ཏེ་དབྱར་གནས་ཟླ་བ་ཕྱེད་དང་གཉིས་འདུལ་བ་དང་མཐུན་པར་བཞུགས། ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་མ་ཏི་སེང་གདོང་གཏོར་བཟློག་ཉིན་བདུན། ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་ཆེན་པོའི་འདས་མཆོད་ཉིན་གསུམ། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་དཔལ་ཆེན་འདུས་པ། གུང་དྲག་ཡེ་ཤེས་རབ་འབར་དང་། གུར་དྲག་མེ་འཁྱིལ། རྟ་ནག་ལྕགས་རལ་གྱི་སྒྲུབ་པ་བཅས་ལོ་མཇུག་གི་གཏོར་བཟློག ཟོར་འཆལ་གཏོར་རྒྱག་བཅས་དང་རྒྱུན་པར་བཤད་སྒྲུབ་གཉིས་ཀྱིས་ཚེས་བཅུ། ཉེར་ལྔ་ལ་ཚོགས་མཆོད་རྒྱས་སྤྲོས་བཅས་ཀྱི་སྲོལ་ད་ལྟའང་བཞུགས་པའོ།།
ཡོན་གྱི་འབྱུང་ཁུངས་འགན་བཞེས་ཀྱི་གོ་རིམ་ལ། སྔོན་དུས་སུ་འབྱོར་ལྡན་རྣམས་ཀྱིས་ཞབས་འདེགས་དང་ཞེ་དགུའི་སྤྱིའི་ཡོན་འབུལ་རྣམས་བསགས་ནས་རྟེན་རྩ་བཞག་པ་ལ་མར་དོ་བཞི་བཅུ་ཙམ། ས་ཞིང་ཁལ་ལྔ་བཅུ་ཙམ། འབྲོག་ཟོག་བརྒྱད་ཅུ། མཛོ་མོ་ཉི་ཤུ་རྩ་ལྡ། དངུལ་ཁྲི་གསུམ་བཅས་ཀྱི་རྟེན་ཡོད་དོ། །མ་རྩ་ཡོད་པ་དེ་དག་ལག་བསྟར་སྤྲོད་མཁན་སྤྱི་པ་ཆེ་དྲུག ཆུང་ལྔ་བཅས་ཀྱིས་འགན་བཞེས་མཛད་ནས་གཏོང་སྒོ་བླ་མའི་ཕྱག་མཛོད་དང་གཉེར་པ་སོཊ་ཤེས་ལྡན་དག་གིས་མཁན་པོ་སོཊ་ཀྱིས་འགན་སྤྲད་པ་ལ། མཁན་པོ་མདོ་སྔགས་རིག་གནས་དང་བཅས་མཁས་བཙུན་འཛོམས་པ་ཞིག་ཁྲི་ལ་[page 275] མངའ་གསོལ། བཤད་གྲྭ་ནང་ལོ་གསུམ། སྒྲུབ་གྲྭར་ལོ་གསུམ་བཞུཊ་པ་ཞིག་བླ་མའི་མཚན་གསོལ། དེ་མིན་ལོ་འགའ་ལ་སྒོམ་སྒྲུབ་བྱེད་པ་ཙམ་ལ་བླ་མ་ཞེས་མིང་ཙམ་ལས་ཐོབ་ཐང་མེད། ཆོ་གའི་ཕྱག་ཡོན་གདངས་རྟ་དབྱངས་འབུད་དཀྲོལ་སྐད་གདངས་དང་བཅས་ལྡན་པ་དེ་དབུ་མཛད་དང་། གཏོར་མའི་བཅའ་བཟོ་བཀའ་གཏོར་མ་འདྲེས་པ་ཤེས་པ་མཆོད་དཔོན་དང་འཆམ་གྱི་རྩ་ཐིག་མཁས་པ་ལ་འཆམ་དཔོན་སོཊ་རང་རང་གིས་གཙོ་བོ་འགན་བཞེས་མཛད་པའི་སྲོལ་ཡོད།
ཡུལ་དགོན་གཞན་དང་འབྲེལ་བ་ལ། སྔ་རབས་སུ་ཀཐོག་པའི་ཆོས་བརྒྱུད་འཛིན་པ་ཁོ་ན་ཡིན། རིག་འཛིན་ཀློང་གསལ་སྙིང་བྱོན་པའི་སྐབས་དག་ཏུ་བདེ་ཆེ་ཤར་གཏེར་པ་ཆོས་རྒྱལ་གླིང་པའི་ཟབ་གཏེར་རྣམས་དར་རྒྱས་ཆེ། དེ་རྗེས་ཡེ་ལེ་ཚུལ་ཁྲིམས་སྐུ་རིང་དུས་རྫོགས་ཆེན་དགོན་ལག་ཏུ་བསྒྱུར་ཏེ་སྙིང་ཐིག་སྲོལ་དེང་གི་དབར་དུ་དར་བ་ཡིན་ནོ། །ཞེས་པ་འདི་ནི་བསོད་ནམས་བསྟན་པ་དང་བྱ་ཚེ་རིང་ཟུང་ནས་དགོན་པ་རང་གི་ལོ་རྒྱུས་གཞི་བྱས་ནས་ལེགས་པར་བསྒྲིགས།
རབ་བྱུང་བཞི་པའི་ནང་རྨོག་གྲུབ་ནམ་མཁའ་ཆོས་དབང་གིས་ཊྰ་ཀྵི་དྲུག་བསྟོད་དགོན་དང་མཉམ་འདེབས་ཞེས་གླེང་སྲོལ་འདུག་སྟེ། ཕྱི་ལྟར་ཞི་བ་བང་མཛོད་དགོན། ནང་ལྟར་འོག་མིན་གསང་སྔགས་གླིང་ཞེས་མཚན་གསོལ་བར་གྲགས། ཆོས་བརྒྱུད་རྙིང་མ་དང་ཀཿཐོག་པའི་དགོན་ལག་ཏུ་གྱུར། སྐྱེས་ཆེན་དམ་པ་བྱོན་ཚུལ་ནི། བླ་མ་ཀརྨ་དཔལ་ལྡན་ཟེར་བ་དེ་རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་སྟེ་དགོན་འདི་ཡུན་དུ་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ཚུལ་སོཊ་པདྨ་བདུད་འདུལ་གྱི་རྣམ་ཐར་ན་གསལ། ཉག་བླ་གཏེར་ཆེན་བསོད་རྒྱལ་དགོན་གྱི་ཉེ་འདབས་ཞི་བའི་གྲོང་དུ་སྐུ་བལྟམས་པ་ནས་དགོན་ནས་ངོ་མཚར་བའི་རྟཊ་མཚན་རྒན་རབས་རྣམས་ལ་གླེང་རྒྱུ་འདུག ད་ལྟའི་དུས་འདིར་ཡང་སྟག་ལུང་ཁོག་གི་སྤྲུལ་སྐུ་སྟག་ལུང་མ་རིན་པོ་ཆེའི་དངོས་སློབ། དཀར་མཛེས་བེ་རི་དགོན་ན་དགེ་སྟག་མཆོག་སྤྲུལ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་ནམ་རྟཊ་པ་མཐའ་ཡས་ལ་སྟག་བུ་རྡོ་རྗེ་འཆང་ཁོ་ནི་སྐྱེ་བ་ཕྱི་མར་མདོ་སྨད་ཉག་ཨ་འཛིན་རོང་པའི་སྟོད་ཆར་གངས་རི་ཆེན་པོ་མདུན་དུ་མེ་བྱི་ལོ་ལ་མིང་དཔལྡན་མགོན་པོ་ཟེར་བ་དེ་ཁོ་བོའི་ཡང་སྤྲུལ་ཡིན་པས་དེ་དུས་སུ་སྐུ་བདག་ཁྲི་བཀོད་ཁྱོད་ལ་རག་ལས་ཚུལ་གྱི་གསུང་གླེང་མཛད་ནས་ཞི་བར་གཤེགས། དེ་རྗེས་དགེ་སྟག་སྤྲུལ་པའི་སྐུར་ཉག་ཡུལ་དུ་བཙའ་བའི་དུས་སུ་དགུང་ལོ་བདུན་པའི་དུས་སུ་སྟག་བུ་རྡོ་རྗེ་འཆང་གི་ཡང་སྤྲུལ་དུ་ངོས་འཛིན་ཞུས་ཏེ་ཁྲི་ལ་མངའ་གསོལ། ཁྲུས་བཅས་གྲུབ་པ་མཛད་ནས་གདན་སར་འདྲེན་ཡང་ཞང་པོ་མཛའ་བཤེས་གླེན་[page 276] པ་རྣམས་ཀྱིས་མ་བཏང་། རྗེས་སུ་དགེ་སྟག་སྤྲུལ་སྐུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མདུན་མངགས་ཏེ་ལོ་ངོ་བཞི་ཙམ་རིང་སྨིན་གྲོལ་གདམས་ཁྲིད་བཅས་མང་དུ་གསན། ཀཿཐོག་ཕྱག་ཚ་སྤྲུལ་སྐུའི་མདུན་རིན་ཆེན་གཏེར་མཛོད་སྨིན་གྲོལ་ཞུས་ཏེ་ཐོས་བསམ་སྒོམ་པའི་རྩལ་ཡོངས་སུ་རྫོཊ། ད་ལྟར་དགྱེས་པའི་ཞལ་བཟང་ངོམས་བཞིན་དུ་དགོན་སྡེ་འདི་དང་ཉག་ཡུལ་ཀུན་ཏུ་བསྟན་འགྲོའི་དོན་མཛད་བཞིན་ཞུཊ་པའོ། །གཞན་ཡང་སྔོན་ཉག་བླ་པདྨ་བདུད་འདུལ་དགོན་འདིར་བྱོན་ནས་ཟབ་ཆོས་ཉིན་གྲོལ་རྒྱ་ཆེར་གསུངས། རྫོགས་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བྱོན་ནས་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། དབང་གདམས་ངག་ཟབ་རྒྱས་གསུངས། དེ་ནས་ཀཿཐོག་སི་ཏུ་མཧྰ་པཎྚི་ཏ་ཆོས་ཀྱི་རྒྱ་མཚོ་བྱོན་ནས་བདུད་ཀློང་གཉིས་ཀྱི་སྨིན་གྲོལ་རྒྱ་ཆེར་གསུངས་ཏེ་ཤར་ཀཿཐོག་པའི་དགོན་ལག་ཏུ་གྱུར། ལས་གླིང་བདུད་སྲས་གྲུབ་དབང་རིག་འཛིན་རྡོ་རྒྱལ་དང་སྤྲུལ་ཆོས་འཕེལ་རིན་པོ་ཆེ་དང་མ་ཡུམ་བསོད་ནམས་སྒྲོལ་མ་བཙས་གནས་འགྲམ་ཟླ་མཚམས་སུ་བཞུགྶ། དགོན་འདིར་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ཡང་དགོན་འདིར་བྱོན་ཏེ། དངོས་སློབ་བླ་མ་བསྟན་པ་ལ་ཚེ་གྲུབ་ཨ་ཡུར་མདའ་འཐེན་གྱི་དབང་བསྐུར་བས་ཚེ་མདའ་སྔ་ཁྲུ་གང་དང་སོར་བཞི་རེ་འཐེན་ས་དགོན་འདིར་ཡིན་ཚུལ་འགྲོ་འདུལ་གར་དབང་གླིང་པས་གསུངས། ད་ལྡའི་དུས་སུའང་སྤྲུལ་པའི་གཏེར་ཆེན་ལས་གླིང་ཡང་སྤྲུལ་འཇིཊ་མེད་ཕུན་ཚོགས་འབྱུངས་གནས་དགོན་འདིར་ལན་གཉིས་བྱོན་ཏེ། ཡུལ་སྡེ་ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་བྱས་པའོ། །དགོན་འདིར་སྒྲུབ་མཆོད་སོགས་ཇི་ལྟར་དར་ཚུལ་ནི་སྔ་འགྱུར་ཀཿཐོག་པའི་ཕྱག་སྲོལ། ཧོར་ཟླ་དྲུག་པའི་ཚེས་བཅུ་ཆེན་པོ་ལ་པདྨ་འོད་འབར་ཞག་བདུན་དང་། དེ་རྗེས་དབྱར་གནས་ཞག་ལྔ་བཅུའི་རིང་ལ་གཞི་གསུམ་གྱི་ཕྱག་ལེན་འཕྱུཊ་མེད་བཅས་ཟླ་བ་བཞི་པའི་ཚེས་བཅུ་བཞི་ནས་དཔལ་མོ་ལུཊ་ཀྱི་བསྙུང་གནས་ཀཿཐོག་པའི་ལུཊ་དང་པོར་དགོན་འདིར་དར་ཏེ་བསྙུང་གནས་ཆ་བརྒྱད་དང་། བཀའ་མའི་དོང་སྤྲུགས་ཀྱི་སྒྲུབ་མཆོད་ལྟ་གོན་བཅས་ཞག་བདུན། ཧོར་ཟླ་གཉིས་པའི་དུས་དྲག་པོ་ཡེ་ཤེས་རབ་འབར་གཏོར་བཟློག་བཅས། གཞན་ཡང་བར་ཅི་རིགས་པར་ཀློང་གསལ་ཆོས་སྐོར། ཀར་གླིང་ཐོས་གྲོལ་ལས་གླིང་སོགས་ཀྱི་ཟབ་གཏེར་རྣམས་དར། འདུ་ཁང་ཀ་བ་བཞི་པ་ལོགས་རིས་སུ་དུས་གསུམ་སངས་རྒྱས། གནས་བརྟན་བཅུ་དྲུག གཡས་ངོས་སུ་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། བཀའ་བརྒྱད་ཞི་བ་དང་ཁྲ་བོ་ཡོངས་རྫོགས། ཡེ་ཤེས་རབ་འབར་གཙོ་འཁོར། མགོན་པོ་གཙོ་འཁོར་ཡོངས་རྫོགས། གཡོན་ངོས་སུ་ཐུགས་ཆེན་ཕྱག་སྟོང་སྤྱན་སྟོང་། ཀར་གླིང་ཞི་ཁྲོ། སེང་གདོང་རིགས་ལྔ་དང་། ཁྱམས་སུ་རྒྱལ་ཆེན་སྡེ་བཞི། སྲིད་པ་འཁོར་ལོ། ཚེ་རིང་མཆེད་ལྔ་དང་གཞི་བདག རི་རབ་གླིང་བཞིའི་བཀོད་པ་བཅས་སོ། །
སྔོན་དགོན་པ་འདིར་རིན་པོ་ཆེ་ཟི་ཁྱིམ་ལས་གྲུབ་པའི་ཇོ་བོ་ཁ་སར་པ་ཎིའི་སྐུ་ཁྲུ་གང་བ་གཙོས་སྐུ་[page 277] གསུང་རྟེན་དང་འདུ་ཁང་སོཊ་རྒྱ་མི་ཆུང་བ་ཞིག་ཡོད་ཀྱང་། རིག་གནས་གསར་བརྗེའི་སྐབས་རྟེན་རྣམས་བརླགས། མཛེ་ནད་ཅན་རྣམས་དགོན་འདིར་བསྡུས་ནས་འདུ་ཁང་ཞིག་སྟེ་གྱང་རལ་དུ་གྱུར།
ད་ལྟར་དུས་ཚེས་བཟང་པོ་སླར་འཆར་བའི་སྟོབས་ལས་ལོ་རེར་བསྙུང་གནས་ཆ་བརྒྱད་རེ་དང་། ཚེས་བཅུ། དགུན་གཏོར་ཙམ་གྱི་སྒྲུབ་མཆོད་ཚུགས། འདུ་ཁང་ཕྱེད་ཙམ་ལས་ཚར་ཞིང་སྤྱི་ཁང་དང་རུང་ཁང་ལས་ཟིན་པའོ། །དགོན་འདིར་སྔོན་དུས་དགེ་འདུན་སེར་མོ་བ་ཉི་ཤུ་ཡན་མན་རེ་བཞུཊ། ད་ལྟའི་དུས་སུ་གྲྭ་པ་བཅོ་ལྔ་ཙམ་ལས་མེད་ཀྱང་ཀུན་ཁྲིམས་དང་ལྡན་ཞིང་། དགོན་པའི་བྱ་བ་ལ་འདུན་སྟོབས་ཆེར་བསྐྱེད་བཞིན་པ་དང་། ཆོས་ཁྲིམས་ཐད་ལ་དགོན་འདིར་དུས་སུ་མོ་ཁྲིམས། རི་རྒྱ། ཀླུང་རྒྱ་རྐྱེན་གྱོད་དང་། དམེ་འཁྲུགས་སོགས་ཁྲིམས་གཞན་ལས་ཤིན་ཏུ་དམ། གྲྭ་པ་རྣམས་ལས་མཐའ་ལོག་པ་ལ་སྔར་སེམས་ཅན་དུད་འགྲོ་མཛོ་རེ་དང་། ལྕག་ཚན་བརྒྱད་བརྒྱ་ཡིན་ཡང་ད་སྐབས་སྒོར་བདུན་བརྒྱ། མང་ཇ་སྒོ་དར། ཕྱག་སྐོར་འགྱོད་བཤཊ་རྒྱ་ཆེའི་སྲོལ་རྒྱུན་ཡོད། ཆོས་ལྡན་སྦྱིན་བདག་སྔོན་དུས་སུ་ཁྱིམ་ཉེར་ལྔ་ཙམ་ཡོད་ཀྱང་། དེང་སྐབས་བཅུ་བདུན་ལས་མེད། སླར་ཡང་སྟོན་མཆོག་ཐུབ་པའི་དབང་པོའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་རིང་ལུཊ་མི་ནུབ་པའི་ཆེད་དུ་བླ་སྤྲུལ་ལྷན་གྱིས་ཐུགས་བསྐྱེད་ཀྱིས་བསྟན་འགྲོའི་དོན་ལ་བརྩོན་བཞིན་པའོ། །
གཟུར་ལྷ་འབུམ་དགོན་ནི་སྔར་དགོན་ཆུང་རྣམས་བར་ལམ་ཉམས་རྒུད་སོང་ཕྱིས། ཐམས་ཅད་གཅིག་ཏུ་བསྡོམས་ནས་ཡུལ་དེའི་དཀྱིལ་ལྷ་འབང་ཞེས་པའི་ས་གནས་དེར་བཏབ་པ་རེད་ཅེས་བཤད་སྲོལ་དང་། ལྕགས་མདུད་རྡོ་རྒྱལ་པས་དགོན་པ་ཐོག་མར་བཏབ་པ་རེད་ཅེས་བཤད་སྲོལ་ཙམ་ལས་དུས་དང་ལོ་རྒྱུས་གསལ་པོར་ཤེས་མཁན་མི་འདུག བར་ལམ་རབ་བྱུང་བཅུ་གཉིས་པ་ཙམ་ལ་ལྕགས་མདུད་གཟུར་པ་ལུ་ཟེར་ཚང་གིས་དབོན་པོ་བླ་མ་ལྷུན་གྲུབ་བཀྲ་ཤིས་ཀྱིས་ཡོན་བདག་བྱས་ནས་ཟེ་ཆེན་རྒྱལ་ཚབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ལ་ཨོ་རྒྱན་ཆེན་པོས་ལུང་བསྟན་པའི་གནས་གཟུར་ལྷ་འབུམ་གསང་སྔཊ་ཆོས་གླིང་དང་། དགོན་རིག་འཛིན་མཁའ་སྤྱོད་གླིང་། སིབ་དགོན་བདེ་ཆེན་གླིང་། འཇུ་མོ་ཧོར་གསང་སྔགས་དགོན་བཅས་བཞི་བཏབ་པའི་ནང་ཚན། འདིར་ལུང་བསྟན་ལྟར་དབོན་པོ་བསོད་ནམས་ནོར་བུ་ཁོང་གཉིས་ཀྱིས་འདུ་ཁང་འོག་མ་དེ་བཞེངས། རྟེན་གཙོ་སངས་རྒྱས་གཙོ་འཁོར། གནས་བརྟན་བཅུ་དྲུག་བྲག་རི་མ། མཁན་སློབ་ཆོས་གསུམ་མཚན་བརྒྱད་སོགས། ཕྱི་[page 278] ནང་གི་བཀོད་པ་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས། དགེ་རྩེ་པཎ་ཆེན་དང་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་བྱོན་ནས་རབ་གནས་མཛད།
ལྷ་འབུམ་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་གསོལ། ཚེས་བཅུ་དང་དགུ་གཏོར་བཅས་དུས་མཆོད་བཙུགས། སྔ་འགྱུར་ཪྙིང་མའི་ཆོས་རྒྱུད་འཛིན་པའོ། དེ་རྗེས་དབོན་ཨ་ཚངས་དང་བླ་མ་བསྟན་འཛིན་བཀྲ་ཤིས་གཉིས་ཀྱི་རིང་ལ་མཚོ་ཕུ་སྒྲུབ་ཆེན་དང་། རྡོར་ལོ་གཉིས་གདན་དྲངས།
དེ་ཡང་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱིཡང་སྲིད་སྲོང་བཙན་དཔལ་གྱི་རྡོ་རྗེའམ། རིག་འཛིན་དཔལ་ལྟན་བཟང་པོ་ནི་ཤིང་སྟགལོར་སྐུ་འཁྲུངས། ཀྲང་མཚོ་ཕུ་དགོན་གྱི་གསེར་ཁྲིར་བཀོད། བསྟན་པའི་བདག་པོར་མངའ་གསོལ། དེའི་སྐུ་མཆེད་གུ་རུ་པདྨའི་ཐུགས་སྲས་རྡོ་རྗེ་བདུད་འདུལ་ཆུ་ཕག་ལོར་སྐུ་འཁྲུངས། ཚ་ཉག་བླ་མ་དམ་པ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན། མི་ཉག་སེང་གེ་དགོན་དུ་བཞུགས། ཀཿཐོག་གྲྭ་སར་བྱོན། པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོའི་ཡང་སྤྲུལ་འཇིགས་མེད་ཡོན་ཏན་མགོན་པོ་རྩ་བའི་བླ་མར་བསྟེན། བཀའ་གཏེར་གྱི་སྨིན་གྲོལ་རྒྱ་ཆེར་གསན། ལྕགས་ལའི་དབུ་མཛད། དར་མདོར་ལོ་མང་བཞུགས། མཐར་རྒྱ་པོ་བློན་པོའི་ཁོང་དུ་དམ་སྲིན་སླད་ནས་དུག་དྲངས་ཀྱང་གནོད་པས་མ་ཚུགས། སྐུ་གཟི་གདངས་དང་ལྡན། དབོན་རི་སེང་གེ་དགོན་དུ་སྒྲུབ་པ་མཛད་ཨོ་རྒྱན་པདྨའི་ལུང་བསྟན་ཐོབ། ཕྱག་ན་པད་མའི་ཞལ་གཟིགས་ནས་གྲུབ་པ་བཪྙེས། ཉག་སྟོད་གཟུར་ལྷ་འ་དགོན་དུ་ཕེབས། ཁོང་རྣམ་གཉིས་ཀྱིས་ཐུགས་ཁུར་དང་ཡོན་བདག་མཛད་ནས་འདུ་ཁང་གོང་མ་ཀ་རིང་དྲུག་པ་དེ་བཞེངས། རྟེན་གཙོ་གསེར་དངུལ་གྱི་མཆོད་རྟེན་ཐོག་བརྩེགས་གཉིས་པ་དང་། ངོས་རིས་ལྷ་དང་འཕན་ཡོ་བྱད། ཐང་ཀ་གསེར་ཏོག་རྒྱལ་མཚན། རི་དགས། ཆོས་འཁོར་སོགས་ཕྱི་ནང་གི་བཀོད་པ། གྲྭ་ཤག་མཐར་ལྕགས་རི། ཕྱོགས་བཞིའི་མཐའ་རྟེན་བཅས་བཞེངས། རྡོར་ལོ་སྐུ་ཚེ་དེ་ཉིད་དུ་བཞུགས་ནས་ཁྲོ་ཟུར་གཏེར་ཆེན་ཡབ་སྲས་ཀྱི་ཆོས་སྐོར་སྨིན་གྲོལ་རྒྱ་ཆེར་གནང་། གཏེར་མཚན་བདུད་འདུལ་འཇའ་མཚོན་གླིང་པར་གྲགས། སྨད་ཤེལ་བྲག་རྟག་ཚངས་ཕུག་གནས། རྡོ་རྗེ་ཕག་མོའི་སྐུ་རང་བྱོན་གྱི་གཡོན་ཕྱོགས་ནས་དཔལ་དགུའི་སྒྲུབ་རྟེན། གནམ་ལྕགས་ཕུར་པ། ཨོ་རྒྱན་ཕྱག་བྲིས་ཤོག་སེར་སྣ་ལྔ་མཚོ་རྒྱལ་དས་དམ་བཅའ་བཅིང་བ། བཀའ་བརྒྱད་དྲག་པ་སྤྱི་འདུས་གདན་དྲངས། གནས་ཆེན་ཤང་ལོང་བྲག་དཀར་ནུབ་ངོས་གཏེར་སྲུང་ར་ཧུ་ལའི་རྐེད་པ་ནས་སེར་སྐུ་དང་གཡང་སྒྲུབ། ཀཿཐོག་བྱང་སེང་ནས་ཛམ་སྐུ་སོགས་རྫས་གཏེར་མང་ཙམ་བཞེས། གཏེར་ཆོས་པོད་གཉིས་ཙམ་བཞུགས། རབ་བྱུང་བཅུ་བཞི་པར་སྐུ་འདས་རྗེས་འདས་ལོག་བྱུང་ནས་འདས་ལོག་མཐོང་བ་དོན་ལྡན་བྲིས། ཇོ་བོ་བཀྲ་ཤིས་རབ་བརྟན་ཞེས་མཚན་གྱི་ཅོད་པན་གཟུང་ནས་[page 279] རིགས་དྲུག་འདུལ་བའི་ཇོ་འཁོར་དྲུག་བཞེངས། རང་སྣང་དབང་དུ་འདུས། གཞན་སྣང་ཟིལ་གྱིས་གནོན། མདོ་ཁམས་སྟོད་སྨད། ཁ་བ་དཀར་པོ་ཡན་ཆད། ཕྱོགས་སོ་སོར་གྲུབ་ཐོབ་ཁྲ་འཁོར་ཅན་ཞེས་གྲགས་ནས་འགྲོ་དོན་དཔག་མེད་མཛད། དགོན་པ་དར་རྒྱས་བྱུང་། ཁྲོ་ཟུར་གྱིས་དགོན་ལག་མཛད། ཁོང་སྐུ་མཆེད་གཉིས་གྱིས་མི་ཉག་སེང་གེ་དགོན་དང་། ཀྲང་མཚོ་ཕུ་དགོན་གཉིས་མ་དགོན་གནང་། བུ་དགོན་དུ་སྒྲེ་བོ་ཕུན་ཚོགས་དགོན། བོ་རྫིས་སྐུ་ལུང་དགོན། གཞག་གསར་མཐའ་དམར་དགོན། སྨེ་སྨད་དགོན་སོག་དགོན། སྐུ་ལང་འབྲོག་དགོན། རྒྱ་ར་ཨ་སྐ་དགོན། ཁྲ་སྐྱ་དགོན། གཟུར་ལྷ་འབུམ་དགོན་བཅས་ལ་ཁྲོ་ཟུར་རང་གཏེར་གྱིས་ཆོས་སྐོར་སྨིན་གྲོལ་གནང་ཞིང་སྒྲུབ་མཆོད་འཆམ་སོགས་བཙུགས་ནས་དགོན་ལག་མཛད། རྡོར་ལོ་དགུང་གྲངས་རེ་དགུ། ལྕགས་ལུག་ལོ་ཟླ་བ་བཅུ་པའི་ཚེས་གསུམ་ལ་དགོངས་པ་ཆོས་དབྱིངས་སུ་བཤེགས།
དགོན་འདིར་སྔ་ཕྱིར་ཀཐོག་དྲི་མེད་ཞིང་སྐྱོང་། དགེ་རྩ་འགྱུར་མེད་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ། རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། སི་ཏུ་ཆོས་ཀྱི་རྒྱལ་མཚན་སོགས་བྱོན་ནས་རབ་གནས་དང་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་གནང་། སྔོན་ཟེ་ཆེན་དང་། རྗེས་ཀཿཐོག་པའི་དགོན་ལག་དང་གྲྭ་པ་ཆོས་རྒྱུན་ཕྱོགས་གཉིས་ལ་བྱོན་སྲོལ་ཡོད།
རྗེས་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར་དྲི་གཙང་ཁང་གསར་བཞེངས་དང་། རྟེན་གཙོ་བྱམས་ཆེན་མཐོང་བ་དོན་ལྡན། དུས་གསུམ་སངས་རྒྱས། གུ་རུ། འཇམ་དཔལ། ཉེ་སྲས་བརྒྱད། མཚན་བརྒྱད། གནས་བརྟན་བཅུ་དྲུག། ཀླུ་སྒྲུབ་དང་ཐོགས་མེད་གཉིས་བཅས་སྨན་འདམ་གྱི་སྐུ་བཪྙན་སྟེང་དུ་སངས་རྒྱས་སྟོང་སྐུ་གྲུབ་ཐོབ་བརྒྱད་ཅུ། སེམས་ཀློང་མན་ངག་སྟེ་གསུམ། བླ་རྒྱུད་བཅས་གསར་དུ་བཞེངས། གསེར་གདུང་ཆེན་མོ་གཅིག། དངུལ་གདུང་ཆེ་ཙམ་གཉིས། གསེར་ཁང་ལྔ། གསུང་རྟེན་བཀའ་འགྱུར་ཆ་གཉིས། བསྟན་འགྱུར། གཏེར་མཛོད། ཪྙིང་རྒྱུད། དགེ་པཎ་བཀའ་འབུམ། ཡ་བཞི། མཛོད་བདུན། གཏེར་བོད། བདུད་ཀློང་སོགས་པོད་སྟོང་ཕྲག་ལྷག་ཙམ། སྤར་ཤིང་ཐར་མདོ་དང་གསང་སྙིང་གཉིས་ཀྱི་ར་ཆེན། ཇོ་དར་ཐང་ག་སོགས་ལྡེབ་ཆིག་སྟོང་སུམ་བརྒྱ་ལྷག་བཞུགས། ཉེར་སྤྱོད་སྐོར་ལ། སྦུབ་ཆལ་བཞི་བཅུ། ལ་སྙན་མ་ཎི་སོགས་བཞི། གསེར་ཏོག་གཉིས། རྒྱལ་མཚན་གཉིས། རི་དགས་ཆོས་འཁོར། གསེར་འབག་ལྔ་བཅུ། འཁར་རྔ་སྤུས་ལེགས་བཞི། ཐང་ཀ་སུམ་བརྒྱ་ཙམ། འཆམ་གོས་ཉིས་བརྒྱ་ལྷག། མཆོད་ཆས་ཆ་ཚང་བཞི། རྒྱ་གླིང་ཆ་དྲུག། རྐང་གླིང་ཆ་དྲུག་སོགས་མཆོད་རྫས་ཡོ་བྱད་མང་དུ་ཡོད་ཀྱང་ཡི་གེ་ཉོག་པར་འཇིགས་ནས་མ་བྲིས་སོ།
དགོན་འདིའི་དུས་མཆོད་ནི། ཕྱག་བཞེས་གཙོ་བོ་སྨིན་གླིང་དང་བདུད་ཀློང་གཉིས་ལས། དབོན་བསོད་ནམས་ནོར་སྐུ་རིང་ནས་བཟུང་བོད་ཟླ་དང་པོའི་ཆོ་འཕྲུལ་ཆེན་མོའི་ཟླ་བའི་ནང་སྨོན་ལམ། [page 280] བཀའ་མའི་སྒྲུབ་མཆོད། ཚོགས་ཆེན་དང་དོང་སྤྲུག་གཉིས། དེང་དུས་གསར་བཙུགས་རྡོར་སེམས་ཁྲོ་བོ་སྒྲུབ་ཁག་བཞི་བདུན་སྒྲུབ་དང་རྩ་གར་གྱི་འཆམ། སྨྱུང་གནས་ཆ་གཉིས་བཅས། བཞི་པ་ས་ག་ཟླ་བའི་ནང་ཀར་གླིང་ཁྲོ་བོའི་བུམ་སྒྲུབ་ཉིན་བདུན། ཡེང་མེད་རྡོ་རྗེའི་དག་སྣང་དབང་ཕྱུག་ཉེར་བརྒྱད་དང་། དུཿཤན་དམྱལ་སྣང་དགེ་སྡིག་ཤན་འབྱེད་ཀྱི་འཆམ་བཅས་དང་། ཡུལ་པས་དཀར་པོ་ཆ་བརྒྱད། དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་བཅས། ལྔ་པའི་ཚེས་གཅིག་ནས་དབྱར་བཅའ་ཞག་སུམ་ཅུ་ལ་བསྙེན་སྒྲུབ་དང་། སྦྱོང་བཅའ་ཐུན་བཞིར་འབད་དགོས། དྲུག་པའི་ཚེས་བཅུ་ཀློང་གསལ་པདྨ་འོད་འབར་ཀཿཐོག་ཕྱག་བཞེས་འཁྲུལ་མེད་བསྙེན་སྒྲུབ་ཞག་བདུན་འཆམ་དང་། བདུད་འདུལ་ཕུར་བའི་སྒྲུབ་ཆུང་བཅས། དེའི་དམར་ཕྱོགས་ནས་ཟླ་བ་བརྒྱད་པ འི་བར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། མཁན་ཆེན་པདྨ་བཛྲའི་ཟིན་བྲིས་ལྟར་ཉམས་མེད་དང་། དགུ་པར་སྟོན་གཏོ། མ་ཏི་རཏྣའི་སེང་གདོང་བདུད་འདུལ་དྲག་མོའི་གཏོར་བཟློག་ཉིན་ལྔ། ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་སྒྲིག་པའི་བསྐང་འབུམ། སྟག་ལུང་གིས་བསྐང་རྒྱུན་བཟློག་རྒྱུན་དང་ལྡན་པ། བཅུ་པར་འདས་མཆོད་རྡོར་སེམས་ཉིན་གཉིས། དེང་སང་དགོན་ཡུལ་སྤྱི་རིམ་དུ་སེང་ནག་ཁྲམ་མདོས་ཚད་ལྡན་ཉིན་གསུམ་བཅས་དང་། བཅུ་གཅིག་པར་རབ་འབར་འཁྲུལ་སྦབས་གཏོར་བཟློག་བཅས་ཉིན་ལྔ། བཅུ་གཉིས་པར་དགུན་བཅའ་དང་དགུན་གཏོར་སྨིན་གླིང་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱིས་བསྙེན་སྒྲུབ་ལས་གསུམ། སྒྲིག་ལམ་ཕྱག་བཞེས་དབྱངས་རོལ། བསྒྲལ་འཆམ་བཅས་སློབ་ཁྲིད་གནང་བའི་ཁུང་ལྡན་དང་མ་ཏི་སེང་གདོང་གཏོང་གཏོར་བཟློག་བཅས། དེང་སང་ཁྲོ་ཟུར་བཀའ་བརྒྱད་ཐིག་ལེ་ཀློང་གྲོལ་གཏོར་བཟློག་བསང་འཆམ་བཅས་སུ་བསྒྱུར་ནས་ཡོད། གཞན་ཡང་ཡུལ་འདིར་རཏྣའི་གུ་དྲག་མེ་འཁྱིལ། ཡེ་ཤེས་རབ་འབར། ཉང་གི་བཀའ་བརྒྱད་འདུས་ཆེན། བདུད་ཕུར། མ་ཏི་སེང་གདོང་། ཀར་གླིང་ཞི་ཁྲོ་སྙིང་ཐིག་ཆོས་བསྐོར་བཅས་དར་ཁྱབ་ཆེ་བ་ཡོད།
སྒྲུབ་གྲྭ་མཚམས་པ་བ་གསོལ་ཕོགས་ལྡན་པ་ལྔ་བཞུགས། ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་ནི་སྔར་ནས་བསྟན་པའི་ཞབས་འདེགས་སུ་བོད་སྤྱི་ཁྱབ་པ་དབང་ནས་གནང་བ་དང་། ཁྱིམ་བདག་འབྱོར་ལྡན་རྣམས་ནས་ཕུལ་བའི་སྤྱི་ཞིང་། མཆོད་ཞིང་། སྒྲུབ་གྲྭ། ལྷ་སྲུང་བཅས་ལ་སྤྱི་རྐང་ཡོད་གྲངས་ཁྱོན་བསྡོམ་ཞིང་ཁལ་བརྒྱད་ཅུ་གྱ་བཞི་དང་བྲེ་བཅོད་ལྔའི་ས། དངུལ་ཊཾ་ཁྲི་གཅིག་སྟོང་གསུམ་ལྔང་བརྒྱ། འབྲུ་རིགས་ཁལ་སྟོང་ཁྲག་གཅིག་དང་བཞི་བཅུ་བཅས། དེ་རྣམས་གྲྭ་པ་རེས་བསྐོར་གྱིས་སྤྱི་གཉེར་མི་དྲུག་འཚོ་འབུལ་མི་ལྔ། ཚེ་འབར་སྤྱི་པ་མི་གསུམ་བཅས་ཀྱིས་སྤྱོད་སྒོ་མ་རྩ་དེ་ལ་བརྟེན་པ་ཡིན། དགེ་འདུན་གྲངས་ལ་སྔར་སྤྲུལ་སྐུ་གཉིས། བླ་མ་ཉེར་གཅིག གྲྭ་པ་བརྒྱ་ཕྲག་གཅིག་ཕྱེད་ཙམ་རེ་བཞུགས་པ་དང་། བཞུགས་ཤག་གྲྭ་ཁང་ང་ལྔ་ཡོད།
[page 281] བསྟན་པའི་བདག་པོ་ནི། དུས་སྐབས་རང་རང་གིས་སྐབས་བསྟུན་གྱིས་བསྟན་པ་ལ་ལྷག་བསམ་དཀར་ཞིང་སྐྱེས་ཐོབ་ཀྱི་མཁྱེན་སྤྱན་ལྡན་པའི་བསྟན་འཛིན་སྐྱེས་བུ། སྔོན་བྱོན་དབོན་པོ་ལྷུན་གྲུབ་བཀྲ་ཤིས། དབོན་པོས་བསོད་ནམས་ནོར་བུ། བླ་མ་བསྟན་འཛིན་བཀྲ་ཤིས། སྤྲུལ་སྐུ་ཐེག་མཆོག་སོགས་བྱོན་ནས་དགོན་བདག་དང་། བླ་མ་རྒན་རབས་རྣམས་དང་། ཤོག་དཔོན་བདུན། ཆོས་ཁྲིམས་དགེ་བསྐོས་གསུམ་བཅས་ཀྱིས་ལས་འགན་བཞེས་པ་ལས། སྤྲུལ་སྐུ་རྒྱུན་འཛིན་སོགས་ཀྱིས་དགོན་བདག་མཛད་པ་མ་བྱུང་། དགོན་པའི་མདའ་འོག་ཆོས་སྡེ་དུད་ཚང་དགུ་བཅུ་གོ་གསུམ་ཡོད། དེ་ལ་དགོན་པར་བུད་ཤིང་གི་ཁྲལ་ཙམ་ལས་གཞན་བསྡུ་རྒྱུ་མེད། དགོན་འདིར་མོ་ཁྲིམས་དམ་པ་དང་། དགེ་འདུན་པར་འཚོགས་པར་ཆང་རག་དང་། བསྔོས་ཤ་དྲངས་མི་ཆོག་པ། ཡུལ་སྡེ་སྤྱི་ལ་རྔོན་ཁྲིམས། རྐུ་ཁྲིམས་དང་། ཕག་དང་བོང་བུ་མི་གསོ་བའི་སྒྲིག་ལམ་བཅས་ཡོད།།
ཉག་ཨ་འཛི་རོང་དུ་ཆགས་སྔ་བའི་དགོན་པ། ཀཿཐོག་པའི་ཤར་གྱི་དགོན་ལག རབ་བྱུང་ལྔ་པའི་འགོ་ཙམ་ལ་འབྲུ་ཚ་སྒང་རིན་ཆེན་གྱིས་འགོན་པ་བཏབ། གཙུག་ལག་ཁང་ཆེན་མོ་ཞིག་བཞེངས་པ་ལ་མཚན་འབྲོག་ཁང་སངས་རྒྱས་གླིང་གསོལ། གྲུབ་མཐའ་རྙིང་མ་ཡིན། མདོ་སྒྱུ་སེམས་གསུམ་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་པ་སྤེལ། ཆོས་བརྒྱུད་འཛིན་པའི་སློབ་མ་ལྔ་ཕྲག་ཟུང་གིས་བསྟན་པའི་རྒྱུན་འཛིན། དེ་སག་གིས་འོད་གསལ་གདུང་ལ་ལྷ་ཁང་བཞེངས། ཀ་ལྷུན་ཟུང་གི་བསྟན་པ་དགུང་ལ་བཏེགས། འཇའ་ལུས་པ་མང་དུ་བྱུང་། དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་བྱོན་ནས་མགོན་ཁང་གསར་དུ་བཞེངས་པ་དང་། ནང་རྟེན་ས་སྐྱའི་གུར་མགོན་སྐུ་ཆེ་བ་ཐོག་བརྩེགས་མ་དང་ལྡེབས་རིས་བཅས་གྲུབ་ནས་རབ་གནས་མཛད་ཚེ། ལྡེབས་རིས་ཀྱིས་འབྲུག་གི་སྐད་འདོན་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་བས་འབྲུག་ཁང་དགོན་ཡང་ཟེར། དེ་རྗེས་ལ་སྟོད་ནམ་མཁའ་རིན་ཆེན། སྡི་རི་ཆོས་ཀྱི་གྲགས་པ། བསེར་པའི་རྡོ་རྗེ་རྒྱལ་མཚན་བཅས་བྱོན་ནས་ས་གནས་ཐམས་ཅད་མགོན་པོའི་སྒྲུབ་གནས་སུ་བྱིན་གྱིས་བརླབས། ས་གནས་དེ་གར་འཁྲུངས་པའི་བསོད་ནམས་མཐའ་ཡའ་ལ་མགོན་པོའི་ཆོས་བདག་ཏུ་མངའ་གསོལ། རྟེན་ལ་རབ་གནས་དང་ཆོས་ཀྱི་བདུད་རྩིས་ཚིམས་པར་མཛད། དེ་རྗེས་ལྕགས་མདུད་ཤེར་རྒྱལ་པ་བྱོན་ནས་མགོན་པོའི་དབང་ཁྲིད་མན་ངག་བཅས་གནང་། དེ་དུས་མགོན་པ་འདི་བསྟན་པ་དར་བའི་དུས་ཡིན་པས། ཇ་བཟི་ཆ་པོས་མན་ཆད། ལ་སྐེད་ཀྵི་ལོ་ཚུན་ཆད། རྒྱ་ར་གཤོང་གཡག་དྲུང་ཡན་ཆད་འབྲོག་ཁང་མགོན་གྱི་མངའ་འོག་ཏུ་འདུས། བླ་གྲྭ་བརྒྱད་ཅུ་ཡོད། དེ་རྗེས་[page 282] སོག་དམག་གིས་བོད་ཀྱི་བཀའ་རྙིང་གི་དགོན་པ་ཐམས་ཅད་བཅོམ་པའི་སྐབས་ཨོ་རྒྱན་སྨིན་གྲོལ་གླིང་གི་རྗེ་བཙན་མ་མི་འགྱུར་དཔལ་སྒྲོན་དང་། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གཉིས་དགོན་འདིར་ཕེབས་ནས་ལོ་གསུམ་བཞུགས། ཡུལ་འདིའི་གཞི་བདག་རྣམས་དམ་ལ་བཏག་སྟེ་དབང་དུ་བསྡུས། བྲན་དུ་བཀོལ་ཏེ་དགོན་འདིའི་བསྟན་པའི་བདག་པོར་བཞུགས། བཀའ་གཏེར་ཆོས་ཀྱི་སྐལ་ལྡན་རྣམས་ཚིམས་པར་མཛད། གཞན་ཉག་ཡུལ་ལྕགས་མདུད་དགོན་དང་རྩྭ་རེ་དགོན་སོགས་སུ་སོག་དམག་གིས་བཅོམ་ནས་གྱོང་གུད་ཆེན་པོ་བྱུང་ཡང་། དགོན་འདིར་རྗེ་རྣམ་གཉིས་ཀྱི་ཐུགས་རྗེས་སོག་དམག་གིས་གནོད་པ་མེད་པར་རྣམ་པར་རྒྱལ་ཞིང་། སྐུ་འཚོ་ཞིང་གཞེས་བཞིན་དུ་བར་ཆད་མེད་པར་ཨོ་རྒྱན་སྨིན་གྲོལ་གླིང་དུ་སླར་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་མཁའ་ཁྱབ་ཏུ་སྤེལ་བ་ད་ལྟའི་བར་དུ་གནས་པའོ། དེའི་ཕྱིར་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་ལག་ཐམས་ཅད་གྱི་ཐོག་མ་རུ་བཀོད་ཡོད། དེ་དུས་ནས་བཟུང་ལྕགས་མདུད་རི་ནུབ་དཔོན་གྱི་མཆོད་གནས་སུ་བཀུར་ཞིང་། ཡབ་མེས་རིམ་བྱོན་ནས་སྐལ་བཟང་མགོན་པོའི་བར་བསྟན་པ་སྐྱོང་། ཉག་སྐེད་མགོན་པོ་རྣམ་རྒྱལ་གྱིས་དཔོན་པོ་བྱས་ནས་ལྕགས་མདུད་རི་ནུབ་ཚང་གི་དཔོན་པོ་ཐམས་ཅད་མགོ་བརྡུང་ཤུལ་བརླག་བྱེད་སྐབས། འདིར་དགོན་གྱི་བླ་གྲྭ་ཐམས་ཅད་ཀྱང་སྤོས་ནས་དགོན་པ་འཛིན་མཁན་མེད་པར་ལོ་སུམ་ཅུ་ལྷག་ལ་ས་སྟོང་དུ་གྱུར། དགོན་པ་ཐམས་ཅད་མེ་ཡིས་འཇིག ཉག་སྐེད་དཔོན་པོ་བོད་ས་གནས་སྲིད་གཞུང་གིས་རྩ་བརླག་ཏུ་གཏང་རྗེས་སླར་ཡང་དགོན་པའི་བསྟན་བདག་བླ་མ་ཀླུ་དུག་ཚང་དང་གྲྭ་འཁོར་ཆ་ཤས་ཡང་བསྐྱར་དུ་ཆགས་ནས་སྔར་གྱི་མགོན་ཁང་དེ་ཉིད་སླར་གསོ་མཛད། དེ་ཡི་ནང་དུ་འཚོགས་ནས་བླ་མ་སྷག་བསམ་མགོན་པོའི་གྲུབ་ཐོབ་དང་། དེ་ཡི་སྐུ་ཚ་པདྨ་བདུད་འདུལ་གྱི་དངོས་སློབ་ཚུལ་ཁྲིམས་རྡོ་རྗེ་སྒྲུབ་ཕུག་ཏུ་བཞུགས་དུས་སྡེར་ཆགས་གཟིག་ཅིག་ཁོང་གི་པང་དུ་ཉལ་བར་གྲགས། དེ་ཡི་མཆེད་ཡ་བླ་མ་ཨོ་རྒྱན་ནོར་བུ་རྒྱ་དཔོན་སྤྲུལ་སྐུའི་སློབ་མ་ཡིན། དེ་ཡི་སྐུ་ཚ་བླ་མ་བསྟན་འཛིན་གྱིས་གུ་རུའི་ཞལ་མཇལ་བར་བཤད། དེ་ཡི་སྐུ་ཚ་བླ་མ་ཚེ་རིང་བསམ་གྲུབ་ད་ལྟ་བཞུགས་པ་འདི་རྣམས་ཀྱིས་བསྟན་པའི་སྲོག་བཟུང་ནས་ལོ་རེར་མགོན་པོའི་གསོལ་ཀ་ཟླ་བ་རེ་དང་། མཁའ་ཁྱབ་རང་གྲོལ་ཞག་བདུན། བདེ་ཆེན་ཞིང་སྒྲུབ་ཞག་བདུན། པདྨ་བདུད་འདུལ་འདས་མཆོད་གུ་དྲག་མེ་རླུང་འཁྱིལ་པའི་གཏོར་བཟློག་ཚད་ལྡན་བཅས་འཚོགས་རྒྱུན་མཆིས། དེ་དུས་དགེ་འདུན་པ་བཅོ་ལྔ་ཙམ་བཞུགས། ཚོགས་རྟེན་འབྲོག་ཁང་དང་དུས་ནང་བཅས་ལ་ནས་ཁལ་སུམ་ཅུ་ཙམ་གྱི་ས་ཞིང་ཡོད། ལྷ་ས་རྟེན་གྱི་སྐོར། གོང་སྨོས་ཀྱི་མགོན་ཁང་དེར་ཚོགས་བདག་མགོན་པོའི་སྐུ་སྨན་འདམ་ལས་གྲུབ་པའི་ཁྲུ་བདུན་པ་དང་། གསེར་སྐུ་ཐུབ་པ་ཚེ་དཔག་མེད། ཕྱག་རྡོར་སོགས་ལི་མ་བཅུ་གཉིས་དང་། འཁང་རག་ལས་གྲུབ་པའི་ཐུབ་སྐུ་དང་གུ་རུ་སོགས་ལྷ་སྐུ་སུམ་བཅུ། གསུང་རབ་འབུམ་ཆེན་ཚར་གཅིག འདོན་ཆ་སོགས་ཡི་གེ་སྣ་ཚོགས་གླེགས་བམ་བདུན་ཅུ། ཐུགས་[page 283] རྟེན་མཆོད་རྟེན་གཅིག ཆ་ལང་ལེགས་པོ་རིན་ཐང་ཆེ་བ་ཆ་དྲུག སིལ་སྙན་གཉིས ཟངས་ཀྱི་མཆོད་ཆ་ཆ་ཚང་གཉིས། འཁང་རྔ་ཤིན་ཏུ་ལེགས་པ་རྒྱ་དངུལ་རྡོ་ཚད་བརྒྱ་རིན་དང་། ཡང་ཆུང་བ་གཉིས། དུང་དཀར་སྤོས་ལྡན་ཆ་གསུམ་དངུལ་ཤན། མི་འཁྲུགས་པའི་གསེར་ཐང་བདུན། ཐང་ཀ་བཅོ་བརྒྱད། འཕན་དང་རྒྱལ་མཚན་སོགས་ཡོ་ཆད་སྣ་ཚོགས། དངུལ་ཏིང་བདུན་ཚར་བཅུ་དང་། མཚན་ཐུབ་མང་པོ་སོགས་དགོས་ཆ་དུ་མ་ཞིག་ཡོད། དེ་ནས་རབ་བྱུང་བཅུ་དྲུག་པ་ལྕགས་ཕོ་འབྲུག་གི་ལོ་ལ་འབྲོག་ཁང་དགོན་པ་ལ་ཙྭ་ར་རྡོ་འགྱའ་སྤྲུལ་སྐུའི་བཀའ་བཞིན་རི་ནང་ལྷ་ར་འགོ་ལ་དགོན་པ་གསར་དུ་བཏབ་པ་དང་ཆབས་ཅིག་ཏུ་འདུས་ནས་དགོན་པ་གཉིས་གཅིག་ཏུ་གྱུར། བླ་མ་བསྟན་འཛིན་དང་ཚེ་རིང་བསམ་གྲུབ་གཉིས་ལྷ་ར་འགོ་མགོན་པའི་ཁྲི་པར་མངའ་གསོལ། བྱ་བ་ལས་ཀྱི་འཁོར་ལོ་ལ་འཇུག་འབྲོག་ཁང་དགོན་དུ་ཡང་ཚོགས་པ་སྔར་བཞིན་འཚོགས་པ་ཡིན། དེ་ནས་རིག་གནས་གསར་རྗེ་བྱུང་ནས་སྐུ་གསུང་ཐུགས་རྟེན་ཡོད་དོ་ཅོག་ལྷག་ལུས་མེད་པར་གྱུར། ལྷ་ཁང་དང་ཚོགས་བདག་གི་སྐུ་ལྷག་ནས་དེར་སྡོད་མི་དམངས་རྣམས་ཀྱིས་ལྐོག་ནས་ས་ཚགས་རེ་བྱེད་ནས་ཞིག་ཏུ་མ་ཤོར། དེ་རྗེས་དམ་ཆོས་ཀྱི་བྱ་བ་སྤེལ་པར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ནས་སྒོར་ཆོག་ཁྲི་ཉིས་སྟོང་སུམ་བརྒྱ་བྱུང་བས། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་བླུས། ལྷ་ཁང་ཐོག་བརྕེགས་སྐོར་ཁང་གསར་དུ་བརྗེས། ད་ལྟར་རྩྭ་ར་དགོན་གྱི་བླ་གྲྭ་ཉི་ཤུ་ཙམ་རེས་དབྱར་འཚོགས་སྙུང་གནས་ཆ་གཉིས་དང་། དགུན་འཚོགས་གུར་དྲག་མེ་འཁྱིལ་གྱི་གཏོར་ཟློག་ཚད་ལྡན་འཚོགས་རྒྱུ་མཆིས། འཚོགས་རྟེན་རང་ཟས་རང་གྲོན་གཙོ་བོར་བྱས། སྦྱིན་བདག་རྣམས་གྱི་དད་འབུལ་ཕྲན་བུ་རེ་ལས་རྟེན་གཞི་གང་ཡང་མེད། ཚོགས་གཙོའི་འགན་བཞེས་པ་ནི་བསླབ་གསུམ་ནོར་བུའི་མཛོད་འཆང་བླ་མ་ཚེ་རིང་བསམ་གྲུབ་མཆོག་དང་རྗེ་དབོན་བློ་གྲོས་རྒྱ་མཚོའོ། མ་དགོན་ནི་ཤར་རྒྱལ་བ་ཀཿཐོག་པ་དང་། ཨོ་རྒྱན་སྨིན་གྲོལ་གླིང་གཉིས་སོ། རང་དགོན་དང་འབྲེལ་འདྲིས་ཤིན་ཏུ་ཆེ་བ་ནི་རྩྭ་ར་དགེ་འདུན་འཕེལ་རྒྱས་གླིང་དང་ཨ་བསེ་ཀླུ་རབ་དགོན། བེ་ལོ་རི་ཁྲོད་རྣམས་ལགས་སོ། ཞེས་པ་འདིའང་བྱ་ཚེ་རིང་གིས་ལེགས་སྒྲིག་བགྱིས་པའོ།།
ཉག་སྨད་ལྕགས་མདུད་ནོར་ཁོག་དགོན་པའི་འབྱུང་ཁུངས། སྔོན་རབས་སྔ་མོ་ཞིག་ལ་སྟོང་འགེ་ལ་བོན་དགོན་ཞིག་དང་། མཚོ་སྒང་ལ་བན་དགོན་ཞིག་ཡོད་ཀྱང་། ཕྱིས་སུ་གྲུབ་མཐའ་མ་མཐུན་པའི་མཐུ་གཏད་བྱས་ནས་དགོན་པ་འཐོར། དགོན་འདི་སུས་བཏབ་པ་དང་རབ་བྱུང་སོགས་མི་གསལ། དེའི་རྗེས་ལྕགས་བདུད་རྡོ་རྒྱལ་གྱི་གདུང་རྒྱུད། ལྕགས་མདུད་བསོད་ནམས་མགོན་པོ་ནོར་ཁོག་ཏུ་བྱོན་ནས་[page 284] རི་ནུབ་འབྲུག་མོ་རྫོང་ལ་དཔེ་བྱས་ནས་རྡོ་གཏེར་མཁར་བཞེངས། མི་རབས་ཆ་ཤས་རིང་ལ་དམ་པའི་ཆོས་ཀྱི་བསྟན་པ་སྤེལ། དེ་རྗེས་ཉག་སྐེད་དཔོན་གྱི་ལྕགས་མདུད་རྡོ་གཏེར་མཁར་དམག་གིས་བསྐོར་ཏེ་མེར་བསྲེགས། ཕྱིས་ས་གནས་སྲིད་གཞུང་གིས་ཉག་སྐེད་དཔོན་བཅོམ་རྗེས་ནོར་ཁོག་གྲྭ་རྒན་རྣམས་ལ་ལྷ་ཁང་བྱ་བའི་ཆེན་དུ་གནང་བ་ཞུས་པ་ལྟར་གནང་ནས་རབ་བྱུངབཅུ་གསུམ་པའི་ནང་ཚན་རྡོ་མཁར་ཉམས་གསོ་བྱས། འདི་ནི་ནོར་ཁོག་དགོན་རྙིང་ངོ་། དགོན་སར་ཕྱག་འདེབས་པ་པོའི་མཚན་ཡོངས་གྲགས་ནི་རྒྱ་ཚང་བླ་མ་ཤེས་རབ་རྒྱལ་མཚན་གྱིས་རབ་བྱུང་བཅོ་ལྔ་པའི་ཤིང་གླང་ལོར་དགོན་པ་འཚེར་སར་ནས་སྤོས། ཨོ་རྒྱན་ངོ་མཚར་བསམ་གཏན་ཆོས་གླིང་ཞེས་མཚན་གསོལ། དགོན་པ་འདི་གྲུབ་མཐའ་རྙིང་མ་ཡིན་ལ་ཆོས་རྒྱུད་དང་གྲྭ་ས་ནི་རྒྱལ་བ་ཀཿཐོགས་པའི་ལུགས་ལྟར་ཡིན། དགོན་པ་འདི་ཊྰ་ཀྐི་དྲུག་བསྟོད་དགོན་པའི་དགོན་ལག་ཡིན།
དགོན་འདིའི་གདན་རབས་དང་མཁན་རབས་ནི། བཀའ་གདམས་པའི་དགེ་བཤེས་དང་ངོས་མཉམ་པའི་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ། རྟེན་རབ་བྱུང་ཡིན། ཀཿཐོག་གི་ཆོས་འབྱུང་ནང་འཁོད་པའི་སྒྲ་ལ་མཁས་པའི་མཁན་ཆེན་ཤེས་རབ་སེང་གེ རྟེན་རབ་བྱུང་། འཇམས་དཔལ་གཤིན་རྗེའི་གྲུབ་ཐོབ་ཆེན་པོ་མཆོག་སྤྲུལ་བློ་འཕེལ་རྟེན་སྔགས་འཆང་། ཨ་གཙུག་བླ་མ་གྲུབ་ཐོབ། མཆོག་སྤྲུལ་བློ་འཕེལ་གྱི་སྐུ་ཚབ་མཁན་ཨ་ཁྱི། རྟེན་རབ་བྱུང་། མཁན་ཨ་རི། རྟེན་རབ་བྱུང་། ད་ལྟ་ཆ་མདོ་རི་བོ་ཆེ་ན་བཞུགས། སྨར་ཁམས་སྤྲུལ་སྐུ་འཇམ་འཇམ་དཔལ་རྡོ་རྗེ། རྟེན་སྔགས་འཆང་། དབོན་པོ་བསོད་ནམས་ཚེ་རིང་། རྟེན་རབ་བྱུང་ཡང་སྲིད་རིན་པོ་ཆེ་འགྱུར་མེད་གཞན་ཕན་ཚུལ་ཁྲིམས་བློ་གྲོས། རྟེན་རབ་བྱུང་། དགོན་འདིར་དབོན་པོ་ཚུལ་ཁྲིམས་རྒྱ་མཚོའི་གསུང་འབུམ་དང་རྟེན། འོད་དཔག་མེད་ཀྱི་སྐུ་རྒྱུ་ཤངས་གསེར་ལས་གྲུབ་པ་བརྩེགས་འཐེམ་མ། ཉག་བླ་ཡེ་ཤེས་རྡོ་རྗེའི་སྐུ་གདུང་རྒྱུ་གསེར་དངུལ་དང་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་ཅན་མདའ་ཚད་མ། ལྗག་རྩོམ་སྐོར་ལ། བྲག་རྫོང་དགོན་མཁན་ཆེན་བསོད་ནམས་ཆོས་འགྲུབ་གྱི་རྣམ་ཐར། རྒྱལ་སྲས་ལག་ལེན་གྱི་འགྲེལ་ཆེན། མགོན་པོ་མི་འཁྲུགས་པའི་གནས་འདྲེན་རྒྱས་པ། སྒྲོལ་མའི་གཡང་སྒྲུབ། སྐྱ་སེར་མཆོག་དམན་ཀུན་ལ་མ་ཎིའི་པད་བསྐུལ་དང་། ཇོ་འཁོར་རྒྱས་འབྲིང་སྡུས་གསུམ། གཞན་གྲྭ་བཙུན་དང་ཇོ་སེར་ཀུན་ལ་གདམས་པས་ཉམས་འགུར་དང་ཞལ་གདམས་དུ་མ་ཞིག་མཆིས། འདི་དག་ཚང་མ་ཕྱིས་སུ་གཏོར་བརླགས་གཏང་ཚར། དགོན་འདིའི་བསྟན་པའི་འགན་བཞེས་ནི་མཆོག་སྤྲུལ་བློ་འཕེལ་རབ་བྱུང་བཅོ་ལྔའི་ནང་འཁྲུངས། ཁོང་སྐུ་མཆེད་རྣམ་གཉིས་ཀྱིས་ཐུགས་ཁུར་ཆེར་བཞེས་མཛད། རྟེན་གྱི་སྐོར་ལ། རྒྱུ་གསེར་ཟངས་འོད་དཔག་མེད་ཀྱི་སྐུ་བརྩེགས་འཐེམས་མ། བདེ་བཤེགས་སོ་ལྔ་ཆ་མདོའི་ལི་མ་མཐོ་གང་ཅན། གུ་རུ་མཚན་བརྒྱད། གནས་བརྟན་བཅུ་དྲུག་དང་། [page 285] སྒྲོལ་མ་ཉེར་གཅིག རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད་ལུས་ཚད་མ་བཅས་བཞུགས། གསུང་རྟེན། བཀའ་འགྱུར། བསྟན་འགྱུར། རྙིང་རྒྱུད། གཏེར་མཛོད། འབུམ་སོགས་བཞུགས། རོལ་མོའི་སྐོར། གསེར་དངུལ་གྱི་མཆོད་ཆའི་རིགས་ཆ་གཉིས། ཆ་ལང་ཆ་ཉི་ཤུ། སིལ་སྙན་ཆ་བཞི། ཤངས་རག་གི་དུང་དམར་ཆ་དྲུག་སོགས་སོ། དུས་མཆོད་དང་སྒྲུབ་མཆོད་ལ་བོད་ཟླ་ལྔ་པའི་ནང་བདེ་ཆེན་ཞིང་སྒྲུབ། བོད་ཟླ་དྲུག་པའི་ནང་དབྱར་གནས་ཞག་ལྔ་བཅུ། བོད་ཟླ་དྲུག་པའི་ནང་ཀཿཐོག་ལུགས་ལྟར་གར་འཆམ་བཅས་ཡོད། བོད་ཟླ་༡༢པའི་ནང་བཀའ་བརྒྱད་བདེ་བཤེགས་ཡོངས་འདུས། ཡེ་ཤེས་རབ་འབར། བདུད་ཕུར་སོགས། ཀཿཐོག་པའི་ལུགས་ལྟར་གར་འཆམ་བཅས་ཡོད། མཆོག་སྤུལ་བློ་འཕེལ་གྱིས་གེ་སར་གྱི་འཆམ་བཞག་ནས་གེ་སར་ལྷ་ཁང་དང་། ཤོག་འདམ་གྱི་འབག འཆམ་གོས་བཅས་ཆ་ཚང་བཞེངས་གྲུབ་ཀྱང་། དུས་དབང་གི་གཏོར་བརླག་སོང་། རང་རྫོང་གི་ལོ་རྒྱུས་ཐོག་གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་ཀྱི་ཐོག་མའོ།།
ཚོགས་པའི་གཏིང་སྒོའི་འབྱུང་ཁུངས། དགོན་པ་ལ་ས་ཞིང་གཞི་ལག་བརྒྱད་དང་། ས་ཁལ་ལྔ་བཅུ་ཙམ་གྱི་ས་ཞིང་ཡོད། དུད་ཁག་སོ་སོའི་དད་འབུལ་རང་མོས་ཀྱི་མཆོད་ཞིང་དང་། མཛོ་མོ། འབྲི། འབྲུ་རིགས་དང་། མར་ཆུར་གྱི་ཐོན་འབོར་ལ་བརྟེན་ནས་འཚོགས་སྤྱི་ཁག་ལྔའི་ལོ་གསུམ་རེར་རེས་མོས་བྱེད་སྲོལ་ལགས། དགེ་འདུན་འདུས་པའི་ཞལ་གྲངས་གྲྭ་བརྒྱ་དང་བཅུ་ཙམ་ཡོད། ཆོས་སྡེའི་དུད་གྲངས་༨༠ཡོད། གཙུག་ལག་ཁང་ཀ་རིང་བཞི་པ་དང་གྲྭ་ཤག་༤༠ལྷག་ཡོད། གོང་གསལ་ས་ཆེན་པོ་ན་བཞུགས་པའི་གྲུང་རྗེ་གོང་མ་རྣམས་ཀྱི་གདུལ་བྱའི་ལྷག་མ་སྐྱོང་ཕྱིར་ལྕགས་མདུད་དབོན་པོ་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྲིད་འགྱུར་མེད་གཞན་ཕན་ཚུལ་ཁྲིམས་བློ་གྲོས་གསེར་ཁྲི་ལ་མངའ་གསོལ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཐུགས་ཁུར་རླབས་ཆེན་གནང་བཞིན་མཆིས། ད་ལྟ་གཙུག་ལག་ཁང་རྙིང་པ་ཀ་རིང་བཞི་པ་དེ་ཉམས་གསོ་དང་གྲྭ་ཤག་བརྒྱད་ཙམ་ལས་ཚར། ཡང་སྲིད་རིན་པོ་ཆེའི་ཐུགས་དགོངས་ལྟར་གླག་བྲག་རྫོང་མཁན་པོ་རིག་རྣམ་གདན་དྲངས་ནས་རང་དགོན་གཙོས་ཡུལ་ཕྱོགས་ཀུན་གྱི་བླ་གྲྭ་བརྒྱ་ལྷག་ཙམ་ལ་དགེ་ཚུལ་སློང་སྒྲུབ། རྟེན་གྱི་གཙོ་བོ་རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངསག་རྒྱས་དང་། གུ་རུ། སྒྲོལ་མ་བཅས་རྩེགས་འཐེམས་མ། ཐང་ཀ་སྐོར། ཐོས་གྲོལ་ཞི་དྲག་ཐང་ལྡེབ་གཉིས་དང་། བླ་རྒྱུད་དང་སྲུང་མའི་སྐོར་ཐང་ལྡེབ་གཅིག བདུད་ཕུར་ལྟ་འཁོར་ཆ་ཚང་ཐང་ལྡེབ་གཅིག གུ་རུ་མཚན་བརྒྱད་ཐང་ལྡེབ་གཅིག གནས་བརྟན་བཅུ་དྲུག་ཐང་སྡེབ་གཅིག་བཅས་གོང་གསལ་ཐང་སྐུ་ཚང་མ་ཀ་ཤོག་གང་རེ་ཅན་ཤ་སྟག་ཡིན། གསུང་རྟེན། སྡེ་དགེའི་ཤིང་སྤར་གྱི་བཀའ་འགྱུར། བསྟན་འགྱུར། སྔར་ནས་ལྷག་པའི་འབུམ་འཐོར་མ་ཡོད་ད་ལྟ་ཆ་ཚང་གསོས་ཚར། རོལ་མོའི་སྐོར། སྔར་གྱི་ཆ་ལང་། རྒྱ་ཇིས་གར་མ། གྲ་སེར་ཐོད་མ། རྒྱ་ཧོར། མཁར་རྔ་ཆེ་བ་གཅིག་[page 286] བཅས་ལྷག་འདུག དུས་མཆོད་དང་འཆམ་བཅས་ཡོད།
ད་ལྟ་ཚོགས་པའི་གང་སྒོ་འབྱུང་ཁུངས་དད་འབུལ་རང་མོས་ཀྱི་བསྔོ་བརྟེན་དང་། གསོན་པོའི་ཡོན་ལ་གྲྭ་རེ་ལ་འབྲི་རེ་བགོས་ནས་དེའི་མར་ཆུར་དང་བསོད་སྙོམས་ཙམ་ལ་བརྟེན་ནས་དབྱར་དགུན་ཚོགས་པ་འཚོགས་དགོས། གཞན་གྲྭ་བན་ལོག་གཉིས་ཀྱི་བཤགས་པ་འབྲི་གཉིས་རྩིས་པའི་ཁྱོན་བསྡོམས་འབྲི་༥༠ཡོད། ད་ལྟ་དགེ་འདུན་པའི་ཞལ་གྲངས་ཞེ་བརྒྱད་ཙམ་དང་། དགོན་པའི་མངའ་འོག་ཆོས་སྡེ་དུད་གྲངས་ཉིས་བརྒྱ་ཙམ་ཡོད། གཞན་ནགས་ཀྱི་རི་ཁྲོད་ནི་ཁྱུང་ལུང་རུས་པ་དམ་ཚིག་རྡོ་རྗེའི་བཞུགས་གནས་ཡིན།
ནོར་ཁོག་གི་ཉེ་འདབས་སུ་ཞིང་སྐྱོང་སེང་གེའི་གནས་ཙ་རི་དང་འདྲ་བར་བྱིན་རླབས་ཤིན་ཏུ་ཆེ། ཤར་གཏེར་རིག་འཛིན་ཆོས་རྒྱལ་གླིང་པ། གྲུབ་ཆེན་པདྨ་བདུད་འདུལ། ཉག་བླ་བསོད་རྒྱལ་སོགས་སྐྱེས་ཆེན་མང་པོ་བྱོན་མྱོང་བས་སྦས་གནས་ཁྱད་པར་ཅན་བཞུགས་གནས་ཀྱི་རྩེ་མོ་ན་པདྨ་བདུད་འདུལ་གྱིས་དུག་སྦྲུལ་དམ་ལ་བཏགས་པའི་རྗེས་དང་། གནས་འདབས་སུ་པདྨ་བདུད་འདུལ་གྱི་ཞབས་རྗེས། ཨ་ཐག་བྲག་ཁང་ནང་ཉག་བླ་བསོད་རྒྱལ་གྱི་ཆོས་ཁྲི་བཅས་ད་ལྟའང་གསལ་པོ་མཇལ་རྒྱུ་ཡོད། གཞན་ཡང་གཞི་བདག་དང་གནས་རི་ཟུང་འབྲེལ་རི་བོ་ཆེ་ནི། ཤར་རྨ་རྒྱལ་སྤོམ་རའི་སྲས། རྒྱ་རོང་གཏེར་ཆེན་ཐུགས་གཏེར་གླིང་པའི་རི་བོ་ཆེགནས་ཆེན་དུ་དགོངས་ནས་འདའ་ཁར་རི་བོ་ཆེ་བྱོན་ནས་འདས་སོང་། རོ་བོ་ཆེའི་གཡས་ཕྱོགས་སུ་སྐུ་གདུང་སྦུར་སྦྱོང་མཛད་དགོས་པའི་ཞལ་ཆེམས་བཞག་པའི་ལོ་རྒྱུས་སྣང་། དབོན་ཨ་བསོད་ཀྱི་ཟིན་བྲིས་དང་ཡང་སྲིད་འགྱུར་མེད་ཀྱི་ཞལ་གསུང་ལྟར་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོའི་བོད་ཟླ་བདུན་པའི་ཚེས་༡༠ཉིན་དགེ་རྒན་ཀརྨ་ནས་སྒྲིགས་པའོ།།
དེ་ཡང་སྔ་འགྱུར་གྱི་ཆོས་སྡེ་ཉྰཿརྩེ་དགོན་པའི་ལོ་རྒྱུས་མདོ་ཙམ་སྨྲོས་ན། ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་སློབ་མཆོག་རྡོ་གྲུབ་རྒན་འཇིགས་མེད་འཕྲིན་ལས་འོད་ཟེར་དེའི་སློབ་མ་ཁྱུང་རས་པ་དམ་ཚིག་རྡོ་རྗེ་ཡིན། ཡུལ་འདིར་རས་པ་དམ་ཚིག་རྡོ་རྗེ་དང་གྲུབ་ཆེན་གྲ་མདའ་ཀརྨ་སོགས་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅག དུས་རབས་རྗེས་མར་རྒྱ་ཚོགས་གཏེར་ཆེན་ཨོ་རྒྱན་ཆེ་མཆོག་འགྲོ་འདུལ་གླིང་པ་བྱོན་ནས་ཉྰཿརྩེ་དང་དྣར་མདོའི་བར་ཕ་རི་གནས་མཆོག་ཆོས་དབྱིངས་རྡོ་རྗེ་བྲག་དཀར་ཞེས་འཇམ་དཔལ་སྐུའི་གནས་ཤིན་རྗེ་ཚེ་བདག་གི་གནས་རི་ནགས་དཀྱིལ་བྲག་རི་རྩེ་གསུམ་ཤིན་ཏུ་ངོ་མཚར་བ་ཞིག་གུ་རུའི་ཞབས་རྗེས་ལྔ་ཕྱག་རྗེས་བཅས་རྫོགས་ཆེན་པདྨ་རིག་འཛིན་སོགས་སྐྱེས་མཆོག་དག་གི་[page 287] ཞབས་རྗེས་ཤིན་ཏུ་མང་པོ་བཞུགས། རང་བྱུང་ཤར་གྱི་སྒོ་མོ་འགྲིམ་ཚད་ངན་སོང་སྒོ་ཁེགས་ཞེས་སྒྲུབ་ཕུག་འཛུལ་དཀའ་བའི་ཕུག་པ་ཞིག་ཀྱང་ཡོད། ལྷ་ལུང་དཔལ་གྱི་རྡོ་རྗེས་གཏེར་བླང་ཤུལ་བྲག་ལ་རང་བྱུང་གི་གྲུ་གསུམ་གྱི་རྗེས་གསལ། གཏེར་སྟོན་གྱིས་གསེར་སྐུ་ཐུབ་སྐུ་ཁྱབ་འཕགས་པ་ཤིག་བླངས། གཡས་ཕྱོགས་སྒྲུབ་ཕུག་ངོ་མཚར་ཅན་ཡོད། ཞབས་སུ་གེ་སར་རྒྱལ་པོའི་སྒྲུབ་ཕུག་བྲག་ལ་རང་བྱུང་གི་བུ་ག་གཡས་གཅུས་ཅན། ཕུག་དབྱུག་པ་བཅུག་ཚེ་སིནྡྷུ་ར་ནག་པོ་སྤོས་དྲི་ཅན་ངོ་མཚར་བ་ལོན་པ་ཞིག་ཡོད། གླིང་གེ་སར་དང་ཁྲོ་ཐུང་འདན་མ་གསུམ་མི་རྟ་ཀུན་གྱི་ཞབས་རྗེས་ཡོད། ཚུར་རི་གནས་མདུན་ཞབས་རྗེས་མང་པོ་དང་། སྟག་རྗེས། གཡུང་དྲུང་བོན་གྱི་གནས་རི་བཅས་བཞུགས་སོ། དེའི་ཐད་ཀར་ལྗོན་སྐྱབས་ལུང་པའི་གཡས་རོལ་རྡོ་དུང་བྲག་ནག་རི་འཛེར་ཅན་དེ་རྡོ་རྗེ་ཕུར་བའི་གནས་ཁྱད་པར་ཅན་དུ་གྲགས། སྔར་ཉྰཿརྩེའི་དགོན་རྙིང་དེ་ཉྰ་རྩེ་ཕ་རི་དགོན་པ་ལ་ཁ་ན་ཁྲོམ་དགེ་མཁའ་སྤྱོད་ཀྱིས་ས་འདུལ་མཛད། ལྕམ་པ་དབོན་པོ་ཨོ་རྒྱན་རང་གྲོལ་གྱིས་དབུ་མཛད་ནས་དེར་དགོན་བདག་ལྕམ་པ་བླ་རབས་གདུངས་རབས་ཞེས་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པའི་བླ་བྲང་ཡིན་པར་གྲགས། ས་དེར་དགོན་པ་བཞེངས་ནས་ལོ་ངོ་འདི་ཙམ་ཞེས་ཁ་ཚོན་གཅོད་མི་ནུས་ཀྱང་ཧ་ལམ་མི་རབས་བཅུ་ཙམ་ཡོད་ཚོད་འདུག གནའ་རབས་ཀྱི་ཡི་གེ་བྲིས་པ་ནི་མེད་སྟབས་ཇི་བཞིན་ངེས་པ་མི་འདུག་ནའང་དེ་དུས་ཀྱི་ལོ་རྒྱུས་ལ་དཔག་ན་ཉག་བླ་པདྨ་བདུད་འདུལ་དང་། ཉག་རྐེད་དཔོན་རྣམས་ཀྱི་སྔོན་ནས་ཡིན་པར་མངོན། ལོ་ཅི་ཙམ་ཆག་ཡོད་པ་མི་ཤེས། མཐར་མེས་ཚིག་ནས་འཇིག་སོང་།
དེའི་རྗེས་སུ་སྣར་མདོའི་ཡར་སྟོང་། གནས་ཨོ་རྒྱན་ཕུན་ཚོགས་ཡེ་ཤེས་བསྟན་འཛིན་སོགས་ཀྱིས་ས་འདུལ་མཛད་ནས་དགོན་པ་སྤུས་ལེགས་ཀ་རིང་བཞི་པ་ཞིག་གསར་བཞེངས་མཛད། ཨོ་རྒྱན་བསྟན་འཛིན་ཆོས་འཁོར་གླིང་ཞེས་མཚན་གསོལ། དེའི་དུས་སུ་བླ་མ་པདྨ་གཙོ་བོར་མཛད་བླ་གྲྭ་༥༠ཡོད་པར་གྲགས། དེ་ཙམ་གྱི་དུས་ན་ཁྲི་བ་མང་བར་ཡོད་སྟབས་སྐྱ་མི་བཅུ་ལ་རྐང་ཐང་ལྔ་ཞེས་གཞན་གྱི་འཕྱ་སྨོད་བྱས། བྰཿགནས་ཚང་གི་སློབ་མ་ལྕམ་པ་དབོན་པོ་རྡོ་རྗེ་རིག་འཛིན་ཞེས་བླ་མ་ནུས་མཐུ་ཅན་བཞུགས།
བླ་མ་ཨོ་རྒྱན་རིག་འཛིན་ཞེས་པ་ཉག་བླ་མཐའ་ཡས་རྡོ་རྗེའི་དངོས་སློབ་རེའི་མགོར་སྐར་རྟགས་ལེན་པའི་རྟགས་མཚན་མངའ་བ་རྣལ་འབྱོར་རྟོགས་ལྡན་མཁྱེན་པ་ཅན་ཡང་རབས་ཅིག་ཡོད། རྗེས་སུ་སྐུ་བཤེགས་ཚེ་སྐུ་གདུང་གྲུ་གང་ལས་མི་ལྷག་པར་དབང་པོ་མངོན་སུམ་ཡིན། བླ་མ་སངས་རྒྱས་བསྟན་འཛིན་ཉག་བླ་ཡེ་ཤེས་རྡོ་རྗེའི་དངོས་སློབ་སྐུ་ཚེ་དང་སྒྲུབ་པ་སྙོམས་པ་ཞིག་ཡོད། རྗེས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བཤེགས།
ལྕམ་པ་དབོན་པོ་ཆོས་གྲགས་རྒྱ་མཚོ་བླ་བྲང་གདུང་རྒྱུད་ཅན་དེ་རྩ་བའི་བླ་མ་འགྱུར་ཕྲག་མ་དང་། སྤྲུལ་ཆོས་རྡོར་ལ་བསྟེན་ནས་མཉམ་མེད་མཁྱེན་རྟོགས་ཅན་རང་གི་ཞང་པོ་དེ། ཤི་གསོན་གཉིས་ལ་གྲོང་[page 288] ཆོག་གི་འགྲོ་དོན་མཛད་མཁན་དེ་མཐར་ཁྲིམས་འོག་ཏུ་ལུང་བསྟན་དང་བཅས་མཚན་མོར་ཕཊཿསྒྲ་དང་སྦྲག་ནས་མི་ཉག་ཏུ་སྐུ་ཞི་བར་གཤེགས་ཏེ་གྲགས་པ་སྙན་པས་ཁྱབ་པར་བྱས། གཞན་ཡང་བར་གྱི་བླ་མ་འགྱུར་མེད་དང་སེང་གེ་དབང་ཕྱུག་བཞུགས། སྤྲུལ་ཆུང་པདྨ་ཡེ་ཤེས་བཞུགས་མྱོང་། སྤྲུལ་སྐུ་སྐལ་བཟང་བསྟན་འཛིན་དེ་རབ་བྱུང་བཅུ་དྲུག་ལ་སྐུ་འཁྲུངས། རང་དགོན་དུ་སྐབས་རེ་བཤད་གྲྭ་ཚུགས་ལུང་དང་དབང་གནང་རྒྱུ་སོགས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་བསྐྱངས། ལྟ་གྲུབ་གང་གི་ཐད་ནས་ཀྱང་མཁས་པའི་ཚད་དུ་མངོན་པར་གྲགས། རྗེས་སུ་ཞིང་རའི་ནང་སྐུ་ལ་བསྙུན་ཅི་ཡང་མེད་བཞིན་ཉིན་པར་ཕཊཿཤད་ལན་གསུམ་བརྒྱབ་ནས་ཞི་བའི་དབྱིངས་སུ་གཟིམས། དེང་སང་གི་སྤྲུལ་བསྟན་འཛིན་ནོར་བུ་སྐུ་གོང་མ་ནི་གྲུབ་དབང་པདྨ་བདུད་འདུལ་གྱི་ཆོས་བདག་བྰཿགནས་ཨོ་རྒྱན་ཕུན་ཚོགས་ཡིན། ནང་རྟེན་སྐོར་ལ་ཇོ་བོ་དང་མར་མེ་མཛད་བྱམས་པ་མགོན་པོ་གུ་རུ་གཙོ་འཁོར་གསུམ་ཐང་རྒྱལ་མི་ལ་རས་པ་ཀུན་མཁྱེན་ཀློབ་ཆེན་རབ་འབྱམས། ཕྱག་རྡོར། མགོན་ཁང་ནང་མ་མགོན་མགར་གསུམ་སྔགས་སྲུང་མ་གཟའ་རྣམ་སྲས་ཚེ་རིང་མ་ཡི་དམ་གུ་རུ་དྲག་པོ་བཅས་ཆ་ཚང་ཡོད། གསུང་རབ་བཀའ་འགྱུར་བསྟན་འགྱུར། རྙིང་མ་རྒྱུད་འབུམ་གདམས་ངག་མཛོད། རིག་མཛོད་ཤེས་བྱ་ཀུན་ཁྱབ་བཀའ་ཐང་སྐོར་མཛོད་ཆེན་བདུན་སྙིང་ཐིག་ཡ་བཞི་གཏེར་པོད་སོགས་ཡིག་ཆ་ཁ་ཚང་བཞུགས། གཞན་ཡང་གཏེར་ནས་བཞེངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་རང་བྱོན་ངོ་མཚར་ཅན་དེ་མིན་གུ་རུ་རྡོར་སེམས་དང་ཚེ་དཔག་མེད་སྐུ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་སོགས་སྐུ་བྱིན་རླབས་ཅན་སུམ་ཅུ་ལྷག་ཙམ་ཡོད། བླ་མ་རིན་ཆེན་བསོད་ནམས་ལྷུན་འགྲུབ་ཀྱི་སྐུ་གདུང་གསེར་དངུལ་གྱི་མཆོད་རྟེན་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་རྒྱན་ཅན་ནང་རྟེན་ཚད་ལྡན་ཁྲུ་གསུམ་ལྷག་ཡོད་པ་ཞིག་བཞེངས། རྗེས་རབ་གནས་མཛད་ཚེ་ནམ་མཁའ་འཇའ་འོད་ཀྱིས་ཁྱབ་པ་སོགས་མཚན་རྟགས་ངོ་མཚར་བ་དུ་མ་བྱུང་། དེ་ལྟར་མ་དགོན་བྲག་རྫོང་དགོན་བུ་དགོན་ཉྰ་རྩེ་དགོན་ཡིན། གྲུབ་དབང་རྫོགས་ཆེན་པའི་ལུགས་ལྟར་དར་ཁྱབ་ཆེ་བ་ལགས་སོ། ཆོས་ཐེབས་ཀླུ་བར་རང་རིག་རྡོ་རྗེའི་ཆོས་སྐོར་འཇམ་དཔལ་སྨྲ་སེང་དམར་སེར་གྱི་སྒྲུབ་མཆོད་རྒྱས་པ་ཚོགས་རྟེན་དེ་ནས་བཞག་བླ་མ་ཆོས་འགྲུབ་རིན་པོ་ཆེ་རྟེན་རྩ་བཞག་ནས་ཀར་གླིང་ཐོས་གྲོལ་སྒྲུབ་མཆོད་ཡོད། གཏེར་སྟོན་ཨ་པད་ཚང་གི་ཞལ་འདེབས་དང་། རྗེ་ཆོས་འགྲུབ་རིན་པོ་ཆེའི་རྟེན་རྩ་བཞག་ནས་དབྱར་ཟླ་དྲུག་པའི་ནང་མེ་ཏོག་རྒྱས་པའི་དུས་སུ་བདེ་ཆེན་ཞིང་སྒྲུབ་རྒྱས་པ་ཚོགས་འཁོར་བཅས་ལེགས་པར་འཚོགས་རྒྱུ་ཡོད། དེ་ལྟར་ལྷ་རྟེན་ཆོས་གསུམ་མཆོད་ཆ་ལྷ་ཁང་དང་བཅས་པ་དུས་དབང་གིས་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ། རྗེས་སུ་དེའི་ཤུལ་དུ་ལྷ་ཁང་གསར་བཞེངས་བྱས། ལྷ་ཁབ་ཤོད་དུ་ལྷ་རྣམས་གྲུབ། སིལ་སྙན་གྲ་ཉི་ཟེར་མ། གྲ་ནང་ཐོད་མའི་ཆ་ལང་རྒྱ་གླིང་། དུང་དམར། དུང་དཀར་ཆ་གཅིག་ལེགས་པར་གྲུབ་ནས་རང་མགོ་ཐོན་པའི་ཆ་རྐྱེན་རེ་གྲུབ་ཡོད། དེང་[page 289] སང་ནི་སྤྲུལ་ཆེ་ཆུང་གཉིས། བླ་མ་གཅིག་བཅས་གྲ་གྲངས་བདུན་བཅུ་དོན་བརྒྱད་གྱིས་དབྱར་དགུན་གྱི་ཆོས་ཐེབས་རྣམས་འཚོགས་བཞིན་པའོ། ཚོགས་རྟེན་ཡོང་སྒོ་གང་ལས་འབྱུང་ན་སྤྱི་བ་བསྐོས་ནས་རེས་བསྐོར་བ་དང་། ཡང་ན་ཡོན་ཁའི་རྒྱུན་ལས་སྒྲུབ་པ་ཁོ་ནའོ།།
ཉག་རོང་གི་སྨད་རག་ཤུལ་ཞེས་པར་ཆགས་པས་རག་ཤུལ་དགོན་ཞེས་མཚན་དེ་ལྟར་ཆགས། ཐོག་མར་ཕྱག་འདེབས་པ་པོ་མཆོག་སྤྲུལ་གུ་རུ་རིག་འཛིན་དེ་ཉིད་ཡིན། ཁོང་ནི་མདོ་ཁམས་བྰཿགནས་ཕྱོགས་སུ་སྐུ་འཁྲུངས་ཤིང་ཐུན་མོང་ཀྱི་རིག་གནས་སོགས་གསན་སྦྱངས་མཛད་པའི་མཁས་དབང་དམ་པ་ཞིག་ཡིན། ཕྱོགས་མེད་ཀྱི་བླ་མ་རྣམས་བསྟེན་ནས་མདོ་རྒྱུད་མན་ངག་བཅས་ཀྱི་ཁྲིད་རྫོགས་པར་མནོས། དམ་པ་དེས་ཧ་ལམ་རབ་བྱུང་བརྒྱད་པ་ཙམ་གྱི་སྐབས་དགོན་པ་འདི་ཐོག་མར་བཞེངས་པ་འདྲ། དེའི་རྗེས་དགོན་འདིར་བརྒྱུད་པའི་བླ་མ་ནི་དབོན་པོ་གསང་སྔགས་དང་། ལྕམ་པ་ཆེས་འགྲུབ། རྒྱལ་མཚན། བླ་མ་དཔལ་བཟང་སོགས་ཡིན། འགག་ཚ་རིག་འཛིན་གྱིས་རབ་བྱུང་བཅུ་བཞི་པའི་འགོ་ཙམ་ལ་སླར་གཙུག་ལག་ཁང་རྒྱས་པར་བཞེངས་ནས་བཤད་སྒྲུབ་ཀྱི་སྡེ་རྒྱ་བསྐྱེད། དེ་དུས་གྲྭ་མང་དགོན་ཟེར། དེ་གླག་བྲག་རྫོང་གི་ཐོག་མ་དང་དུས་མཉམ་པའི་འགག་ཚ་རིག་འཛིན་དགོན་སྡེ་གཉིས་ཀྱི་དགོན་དཔོན་ཡིན། དེའི་སྐབས་ཉག་དགོན་གྱི་ཡུལ་སྡེ་རྣམས་ལ་གནོད་འཚེ་བྱུང་སྐབས། རག་སྡེ་ཤར་མི་ཉག་ཏུ་ངོ་ལོག་ནས་འཁྱམས་པས་དགོན་པའང་ཉམས་ཆག་བྱུང་སྟེ། རག་དགོན་མིང་གི་ལྷག་མ་ཙམ་གྱུར། རག་སྡེ་རང་ཡུལ་དུ་འཁོད་སྐབས། རྡོ་གྲུབ་རིན་པོ་ཆེའི་དངོས་སློབ་རྡོ་རྗེའི་གདུང་བཞིའི་ནང་ཚན་རས་པ་དམ་ཚིག་རྡོ་རྗེའི་རས་པ་བརྒྱ་ཙམ་རལ་མེད་ཀྱི་འགྲོ་དོན་དུ་ཕེབས་ཚེ་རག་སྡེར་ཐོན་དེ་དཔུག་ལུང་དགོན་པ་གསར་ཏུ་འབྱུང་བའི་ལུང་བསྟན་བྱུང་། དམ་པ་གང་བྱོན་པ་ནི། བྰ་གནས་ཡེ་ཤེས་བསྟན་འཛིན་བྱོན་ནས་བར་དོ་དྲུག་ཁྲིད་ཀྱི་སྨིན་གྲོལ་གནང་། ཁང་གདོང་བླ་མ་མགོན་པོས་གཙུག་ལག་ཁང་དང་རྟེན་གསུམ་ལ་རབ་ཏུ་གནས་པ་གནང་། ལྷ་སའི་རྡོ་རྗེ་བྲག་རིག་འཛིན་སྐུ་ཕྲེང་དགུ་པ་མཉམ་ཉིད་རྡོ་རྗེ་ཁམས་སུ་བྱོན་སྐབས་ཞབས་ཀྱིས་བཅག་ནས་བྱང་གཏེར་བཀའ་ལུང་བཀའ་ཕུར་གཤིན་གསུམ་སོགས་ཀྱི་དབང་གནང་། མགོན་སྤྲུལ་རྡོ་རྗེ་འཆང་ཚུལ་ཁྲིམས་བཟང་པོ་ལན་གྲངས་དུ་མར་བྱོན་ནས་སྨིན་ཁྲིད་ཀྱི་ཆོས་བསམ་ལས་འདས་པ་དང་། ཁྱད་པར་སྙིང་ཐིག་ཡ་བཞི་གནང་། རྡོ་རྗེ་སློབ་དཔོན་གནས་སྤྲུལ་རྒྱལ་པོའི་སྨིན་ཁྲིད་དབང་དང་ཁྱད་པར་ཚེ་བུམ་ཚོགས་སྒྲུབ་ཀྱི་གོང་བཞུགས་ཅི་རིགས་དང་ཕྱག་ལེན་གྱི་རིམ་པ་རྣམས་རྒྱ་ཆེར་གནང་། གླག་བླ་[page 290] ཆོས་འགྲུབ་བྱོན་ནས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་། དུས་མཆོད་འགའ་བཙུགས། རང་སྡེ་རག་ཤུལ། སྤྲུལ་སྐུ་རྟོགས་ལྡན་ནས་བཀའ་ཆོས་དང་དབང་ལུང་གནང་། ཁང་གདོང་འགྱུར་མེད་རྡོ་རྗེ། ནོར་ཁོག་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ། རྒྱ་གཉེར་རིག་འཛིན་སྙན་གྲགས་སོགས་དམ་པ་དུ་མ་བྱོན།
དགོན་བདག་ནི་ཉག་མགོན་ཡན་འགག་རྩ་རིག་འཛིན་ཡིན། དགོན་པ་སླར་བཞེངས་མཛད་སྐབས་འདྲ་བླ་དཔལ་བཟང་། རག་ཤུལ་བསྟན་འཛིན་ཉི་མ་འདིས་གཙུག་ལག་ཁང་ཆུང་བ་ཞིག་བཞེངས། ཤ་འགྱིས་སྤྲུལ་སྐུ་ཨོ་རྒྱན་ནོར་བུ། རག་ཤུལ་བསྟན་འཛིན་ཉི་མའི་སྐུ་ཚེ་ལ་མཁན་པོ་ཨོ་རྒྱན་རིག་འཛིན། བླ་མ་མཁན་བཙུན། རག་ཤུལ་སྤྲུལ་སྐུ་རྟོགས་ལྡན། ཕྱག་དྲུག་དེ་རྣམས་མཁན་པོ་ཡིན། འདུས་པ་བརྒྱད་ལྷག་ཙམ་ཡོད། ཉུང་མཐའ་དྲུག་ཅུ་ཙམ་ཡོད། ཆོས་སྡེ་དུད་གྲངས་བརྒྱ་དང་སུམ་ཅུ་ཙམ་རེ་ཡོད། རྟེན་གསུམ་ནི་གཙུག་ལག་ཁང་ཆེ་ཆུང་གསུམ་དང་མགོན་ཁང་བཅས་ཡོད། གཙུག་ལག་ཁང་ཆེ་བ་སུམ་ཐོག་ཅན་ཕྱི་ནང་སྤུས་ལྡན་ཟངས་གསེར་གྱི་གན་ཛི་ར་བཅས་ཡོད། འོག་ཁང་དུ་ཐུབ་པ། མར་མེ་མཛད་དང་བྱམས་པ་མི་ཚད་མ། བྱིས་པ་ལོ་བཅོ་ལྔའི་ཚད་ཙམ་གྱི་ཉེ་སྲས་བརྒྱད་བཅས་ཟངས་གསེར་ཁོ་ནའོ། གནས་བསྟན་བཅུ་དྲུག་འདམ་སྐུ། སྟེད་ཁང་དུ་གུ་རུའི་སྐུ། བཀའ་བསྟན་ཆ་བཞི། སྙིང་རྒྱུད་ཆ་གཅིག པར་ཤིང་སྟོང་ཙམ། གསེར་ཁང་། སྐུ་གདུང་མཆོད་རྟེན་ཟངས་གསེར་ལས་གྲུབ་པ་ཁྲུ་བཞི་ཙམ་གཉིས། ཐུགས་ཆེན་སྡུག་བསྔལ་རང་གྲོལ། མཁན་སློབ་ཆོས་གསུམ་ཟངས་གསེར་གྱི་ཕྱར་ཁྲུ་ཚོད་ཙམ། གསེར་སྐུ་ལི་མ་བཀའ་གདམས་མཆོད་རྟེན་སོགས་བཞི་བཅུ་ཙམ། རོལ་མོ་བཟང་བ་ཆ་སུམ་ཅུ། དངུལ་མཆོད་ཆ་གཅིག ཐང་ཀ་ཤན་ལེགས་ཅན་བདུན་ཅུ། གཙུག་ལག་ཁང་གཉིས་པའི་ནང་འོག་ཁང་དུ་དུས་གསུམ་སངས་རྒྱས། སྐུ་ཆུང་བ་མི་ཚོད་ཙམ་ཉི་ཤུ་ལ་ཉེ་བ། ལོགས་སུ་རས་གཞིར་སྐྱེས་རབས་དཔག་བསམ་འཁྲི་ཤིང་སྤུས་ལྡན། སྟེང་ཁང་དུ་གུ་རུ་ཡབ་ཡུམ་གསུམ་དང་། ས་པཎ། རྗེ་བློ་བཟང་གྲགས་པ། མགོན་ཁང་ནང་བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་སྐུ་སུམ་ཅུ་ལ་ཉེ་གཙོས་འདག་བཟོ་རྣམས་ཡོད་པ་རེད། ཟླ་བ་དང་པོའི་ཚེས་གསུམ་ལ་སྨོན་ལམ་ཀུན་རིག་དངོས་ལྟར་ཀུན་ཉིན་བཅུ་ཙམ་དེའི་རྗེས་སུ་བསྙུང་གནས་དང་ཆོ་ག་བཅས་ཞག་བཅུ་དྲུག ཟླ་བ་བཞི་པའི་ནང་ཞིང་སྒྲུབ་ཆོ་ག་ཉིན་བདུན་དང་རྡོར་སེམས་ཆོ་ག་ཉིན་བདུན། ཟླ་བ་གཉིས་པ་དང་གསུམ་པའི་ནང་མཁན་པོ་དེའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ངམ་བྱང་གཏེར་སྔོན་འགྲོའི་བཀའ་མ་སྦྱོང་བ་བདུན་མ་གང་རུང་ཟླ་གཅིག་བར་ཁྲིད་དེ་ཐུན་དང་འཕོ་བ་སྦྱོང་དགོས། ཟླ་བ་ལྔ་པའི་ནང་བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་གྲོལ་སུམ་སྒྲུབ་རྡུལ་མཚོན་སྦྱིན་སྲེག་བདག་དབང་དངོས་ལྟ་ཀུན་ལ་ཞག་བཅོ་ལྔ། ཟླ་བ་དྲུག་པའི་ནང་དབྱར་གནས། ཟླ་བ་བཅུ་གཉིས་པའི་ནང་གཤིན་རྗེ་ཚེ་བདག་གི་གཏོར་ཟློག་ཟོར་འཆམ་བཅས་ཡོད། དུས་རྒྱུན་སེར་མོ་རྣམས་དུས་བཞི་བྱས་ནས་ཁང་ཚན་གྱིས་མིང་བཏགས་ནས་ཉརཝིན་རེའི་དུས་[page 291] གཉིས་སུ་ཡི་དམ་དང་སྲུམ་མ་ཆགས་མེད་གསུང་སྲོལ་ཡོད་ཀྱང་། དེ་ནས་རག་ཤུལ་ཁྲི་ཆེན་དང་། རྟོགས་ལྡན་བཅས་ཀྱི་བླ་རབས་བཅུ་གསུམ་བྱོན་ཡོད། གཞན་ཡང་བླ་མ་ལྕམ་པ་རྒྱལ་མཚན་གྱི་ཡང་སྲིད་ནོར་བུ་ཆོས་དབྱིངས་དང་། གོ་ཤུལ་བླ་མ་ཀུན་བཟང་བསོད་ནམས་དང་། ལས་གྲུབ་གཟུངས་ཤུལ་བྱ་བྲལ་བ་ཆོས་གྲགས་རྒྱ་མཚོ་དང་བླ་མ་གཏེར་ཆེན་གྱི་ཡང་སྲིད་ཨ་བླ་ཉི་མ་སོགས་བླ་རབས་དུ་མ་སོང་། གཟུངས་ཤུལ་བྱ་བྲལ་བ་ཆོས་གྲགས་རྒྱ་མཚོ་ནི། ཉག་སྨད་རག་ཤུལ་དུ་སྐུ་འཁྲུངས། ཆུང་དུས་ནས་ཐུགས་རིག་གསལ་ལ་བྱམས་བརྩེ་ལྡན་པ་ཞིག་ཡིན། དགུང་ལོ་བཅོ་ལྔ་ཙམ་གྱི་བར་སྐྱེས་པ་ཕལ་པ་ཞིག་གི་ལས་ཀ་བྱས་ཏེ་བཞུགས་སྐབས་ཕས་འཁོར་བ་འཛིན་བཅུག་སྟེ། ལྟོ་ལའེ་བཤའ་བཅུག་པས། རྫིའུ་མངགས་སྐབས་ཕྱག་འཚལ། སྤྲང་པོ་རྣམས་ལ་ཟས་གོས་ཀྱི་སྦྱིན་པ་གཏོང་བ་ཞིག་ཡིན། དེ་དུས་གནས་ནང་བླ་མ་ཡེ་ཤེས་བསྟན་འཛིན་དེར་གདན་དྲངས་ཏེ་སྔོན་འགྲོ་གསུངས། རྡོ་གྲུབ་ཆེན་སོགས་ལ་ཆོས་ཞུ་པར་གསོལ་བ་བཏབ་པས་ཕས་གནང་སྟེ་ལོ་བཅོ་ལྔ་ཙམ་ལ་ཐོས་བསམ་མཛད། མཆོག་སྤྲུལ་ཚུལ་ལོ་ལས་འསྙེན་པར་རྫོགས། དབེན་པའི་རི་ལ་དམ་ཆོས་སྒྲུབ་པ་ལས་འཁོར་ནག་གི་ཚེ་འདི་མི་སྒྲུབ་རྒྱུ་དམ་བཅས། གྲོང་མཆོག་ཆོས་འདོན་པ་ལའང་ཐུགས་སུན་མཛད་དེ་དགུང་ལོ་ཉེར་ལྔ་ཙམ་ལ་མཁས་བཙུན་དབེན་ཁྲོད་ལ་བྱོན་ནས་བྱ་བ་ཐམས་ཅད་དང་བྲལ་བའི་རྫོགས་པ་ཆེན་པོའི་སྔོན་འགྲོའི་ཐུན་བཞིའི་རྣལ་འབྱོར་ཁོ་ན་ལ་ཐུགས་རྩེ་གཅིག་ཏུ་གཞོལ། དེ་ནས་རིགས་གསུམ་མགོན་པོའི་གནས་ཙམ་ཡེང་ལ་སྤོས་པས། ཕ་ཡུལ་དང་ཐག་རིང་བས་མི་སྤོས་ཞེས་བཀའ་བཀྱོན་པ་མ་ཉན་པར་སྐུ་ཉེ་རོགས་བྱས་ནས་བྲོ་ཁང་ཆུང་ངུ་ཞིག་བསྐྲུན། རྫ་མ་ལས་གྲུབ་པའི་མཆོད་ཆ་དང་སྣོད་ཆས་རང་གིས་བཟོས་ནས་དེར་བཞུགས། གསོལ་བ་དཀོན་ཡང་བསྙུང་གནས་མཛད། བླ་མ་ཡེ་ཤེས་རྡོ་རྗེ་དཔལ་སྤྲུལ་གྱི་སྤྲུལ་སྐུ་ཡིན་པར་ངོས་འཛིན་མཛད། གནས་དེར་གྲུབ་པའི་རྟགས་རྡོལ་ཧ་རི་ཎའི་ས་སོགས་རང་བྱོན་དོད་པ་དང་། རྡོ་འབུམ་ནང་གི་སྐུ་འདྲ་ས་མིན་རྡོ་མིན་རེད་པ་སོགས་ངོ་མཚར་བ་བྱུང་། བླ་མ་ཆོས་འགྲུབ་ལས་རྫོགས་ཆེན་ཡེ་ཤེས་བླ་མ་ཁྲིད་ཞུས་པས་རྟོགས་སྐྱེས། གཞན་ཡང་སྔོན་ཤུལ་ལག་གྲགས་པ་དང་བླ་མ་རིག་འཛིན་འོད་གསལ། སྤོ་ཟུར་ཕུར་པ་སོགས་བཤེས་གཉེན་དུ་མར་བསྙེན་ནས་བཀའ་གཏེར་སྨིན་གྲོལ་བཞེས། སྤྲུལ་ཚུལ་ལོ་ལ་རྒོད་སྡེམ་གྱི་དབང་ལུང་གསུངས་སྐབས་གཤིན་རྗེ་ཚེ་བདག་གི་གོང་བཞུགས་མཛད། གཏོར་མ་ལས་བདུད་རྩི་བབས་པ་སོགས་རྟགས་མཚན་བཟང་པོ་བྱུང་། བསྙུང་གནས་ཆ་བདུན་བརྒྱ་ལྷག་མཛད། བཛྲ་གུ་རུ་དུང་གཅིག་བསྙེན། གནད་ཆེན་བདུན་ན་ཕུག་པ་དང་ཕ་བང་། གད་ཕུག་སོགས་ལ་གནས་བཅའ། འཁོར་སློབ་མང་ལ་བཀུར་བ་ཆེར་བྱུང་བས་ཡང་བསྐྱར་གནས་སྤོར་ཏེ་བྱ་བྲལ་བའི་བརྟུལ་ཞུགས་འཆང་། ཚེ་ཐར་གཏོང་བ་དང་རྔོན་རྒྱ་མཛད་ཅིང་ཁྱོ་ཡུལ་སྤོ་བ་སོགས་སྲོལ་ངག་གི་རྒྱུན་གཅོད་པ་སོགས་དགེ་བ་ལ་བསྐུལ་བ་གྲངས་ལས་འདས། ཞལ་སློབ་གླག་ཁོག་གི་[page 292] མཁན་ཆེན་རྣམ་བཞི་དང་ཉྰ་རྩེ་བསྟན་འཛིན། ཁྱོད་ཡུལ་དང་སྤོ་རོང་འདྲ་པ་རག་ཤུལ་སོགས་ཡུལ་གྲུ་ལ་སློབ་ཆེན་ཤིན་ཏུ་མང་། སྤོ་པ་རོང་ལ་དགོན་པ་ཞིག་ཀྱང་བཞེངས་པའི་བདག་རྐྱེན་གནང་པ་སོགས་བསྟན་འགྲོ་ལ་སྨན་པའི་མཛད་འཕྲིན་ཆེ། མཐར་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། བྰཿགནས་བསམ་གཏན་གླིང་གི་དགོན་ལག་ཡིན་པས། མཆོག་སྤྲུལ་དམ་པ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་གྱིས་མདོ་རྒྱུད་སེམས་ཀློང་སྔོན་འགྲོ་ཁྲིད་དབང་ལུང་སོགས་དུ་མས་བཤད་སྒྲུབ་ཀྱི་སྲོལ་བཙུགས་ནས་པདྨ་འོད་གླིང་དགོན་ཞེས་མཚན་གསོལ། སློབ་ཆེན་བུག་གཉེན་གྱི་རྣམ་སྤྲུལ་སྐྱབས་རྗེ་ཤུ་ལ་བྷ་དྲའི་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས། མཁན་པོ་ཨོ་རྒྱན་རིག་འཛིན་དང་། འཇམ་དབྱངས་དཔལ་གྲུབ་སོགས་མཁན་རབ་བཅུ་ཙམ་གྱི་བཤད་སྒྲུབ་ཀྱི་སྲོལ་བསྐྱངས་བས་གྲུབ་མཐའ་ནི་རྙིང་མ་བའི་བྱང་པ་རྡོ་རྗེ་བྲག་ལ་གཏོགས་པ་ཡིན།
དགོན་འདིར་སྔོན་སྐུ་གསུང་ཐུགས་རྟེན་ནི། དམ་པ་ཐོག་མའི་ཕྱག་བཞེས་མཛད་པའི་ལྷ་ཁང་ཆེ་ཆུང་གཉིས། བཤད་གྲྭ་ཁང་གཅིག སྒྲུབ་གྲྭ་ཁང་གཅིག གསེར་ཁང་གཅིག་བཅས་དང་སྐུ་རྟེན་གཙོ་བོ། སྨན་འདམ་ལས་བཞེངས་པའི་གུ་རུ། གསེར་ཟངས་ལས་བཞེངས་པའི་ཐུབ་པ། དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། མཁན་སློབ་ཆོས་གསུམ། མགོན་པོ་ཕྱག་དྲུག་དང་། གདུགས་དཀར་སྐུ་བཅས་བཞུགས། གསུང་རྟེན་རྒྱལ་བའི་བཀའ་བསྟན་ཆ་དྲུག་དང་རྙིང་མ་རྒྱུད་འབུམ་སོགས་དང་། བྱང་པ་རྡོ་རྗེ་བྲག་གི་ཆོས་སྐོར་ཆ་ཚང་། དཔེ་ཆ་རིགས་སྣ་ཚོགས་བཅས་ཡོད། གཞན་ཡང་གཏེར་ཆེན་འགྲོ་འདུལ་གླིང་པའི་གཏེར་ཆོས་སྐོར་དང་བཅས་བཞུགས། ཤིང་པར་གྱི་སྐོར་ལ་ལྷ་གཟུངས་རྒྱས་པ། ཟ་མ་གཏོགས་གདུགས་དཀར་འཁོར་ལོ། རྡོ་རྗེ་གཅོད་པ། བཏགས་གྲོལ་འདྲ་མིན་མང་པོ་དང་། དེ་མིན་མཁོ་དགོས་དང་བསྟུན་པའི་ཤིང་པར་ཆུང་ཕྲ་མང་པོ་བཞུགས། ཐུགས་རྟེན་ལ་གསེར་ཟངས་ལས་བཞེངས་པའི་མཆོད་རྟེན་ལུས་ཚད་མ་གཉིས་ལ་གཟི་བྱུ་རུ་རིན་པོ་ཆེའི་ཕྲ་སྤྲས་པ་བཞུགས། དེ་མིན་ས་རྡོ་ལས་བཞེངས་པའི་མཆོད་རྟེན་ཆེ་ཆུང་བརྒྱ་ལྷག་ཙམ་དང་། གཞན་ཡང་ཀྲ་མདའ་ཀརྨ་མཆོག་གིས་གཏེར་ནས་དྲངས་པའི་གནམ་ལྕགས་ཕུར་བུ་མངོན་སུམ་རྟགས་ཐོན་པ་བཅས་རྟེན་དུ་ཡོད། མཆོད་རྫས་དང་རོལ་མོ་འདྲ་འབག་སོགས་ཀྱང་ཡོད། རིག་གནས་གསར་རྗེའི་སྐབས་ལ་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་རོལ་མོ་བཅས་བརླགས། གཙུག་ལག་ཁང་དང་གྲྭ་ཁང་སོགས་མེ་སྐྱོན་གྱིས་བསྲེགས་ནས་ཤུལ་ཙམ་ལས་མ་ལུས།
ད་སྐབས་གཙུག་ལག་ཁང་དང་གྲྭ་ཁང་བདུན་ཅུ་ཙམ་གྲུབ་ཚར། སྐབས་འདིར་བླ་གྲྭ་ལྔ་བཅུ་ཙམ་བཞུགས། དུས་མཆོད་ལ་སྨོན་ལམ་དང་ཚེ་བདག་དགུ་སྒྲུབ། འགྲོ་བ་ཀུན་གྲོལ། སྤྱི་སྲུང་ལ་ཚོགས་བདག་སྒྲུབ་པ། རྒྱུན་གསོལ་བ་ཆོ་འཕྲུལ་ཟླ་བའི་ནང་བསྙེན་གནས་ཆ་དྲུག་བརྒྱ་ལྷག་ཙམ་རེ་འཚོགས་རྒྱུ་[page 293] བཅས་ཡོད། ཅེས་པའང་རག་ཟུལ་དགོན་གཞུང་གིས་བྲིས་པའི་ལོ་རྒྱུས་དང་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་རིན་པོ་ཆེས་བྲིས་པ། འབོལ་ཆོ་དབང་དང་མགར་བསོད་ནམས་གཉིས་ཀྱི་ཞལ་གསུང་བཅས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བྱ་ཚེ་རིང་གིས་སུག་ལས་བགྱིས་པ་དགེའོ།།
མདོ་སྨད་ཤར་ཟླ་ཆུ་སྔོན་མོའི་སྟོད་ཆར་གྱི་གཡོན་ཟུར། ཉག་ཨ་འཛི་རོང་གི་མངའ་ཁོངས་རྨེ་གླག་ཤོད་གསུམ་ཅེས་གྲགས་པའི་ནང་ཚན། རྨེ་ཁོག་འབྲོག་པའི་ཡུལ་ལྗོངས། རི་དམའ་ལ་ཐང་ཡངས་པ། རྩྭ་གཟན་དང་འཐུང་ཆུ་འཛད་མེད་དུ་མངའ་བ། རྨེ་ཆུ་བསིལ་ལྡན་ཁམ་པ་ཆུ་ཕྲན་སྟོང་རྩ་དང་བཅས་པའི་གཡས་ཕྱོགས། ནོར་བུ་རིན་པོ་ཆེའི་ཏོག་ལྟར་ཀུན་ནས་མཛེས་པའི་གནས་ཆེན་རྨེ་རྒྱལ་ལྷ་ཕྱུག་གནས་ཕྲན་དུ་མ་དང་བཅས་པས་བསྐོར་བའི་ཉེ་ཞོལ། རྨེ་ཡུལ་ས་ཡི་ལྟེ་བར། རྟ་ཁོག་ལུང་པའི་དཀྱིལ་ན་གསེར་གཞུང་དགོན་བཀྲ་ཤིས་ཆོས་འཁོར་གླིང་རྟེན་དང་བརྟེན་པ་བཅས་ཆགས། དེ་ཡང་སྔོན་དུས་ཀྱི་དགོན་པའི་ལོ་རྒྱུས་ཁ་གསལ་གྱི་ཡིག་ཆ་མེད་ཀྱང་སྤྱིར་གནའ་རབས་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། བེེ་རོ་ཕུག་པ་ཞེས་ད་ལྟ་ཕུག་པའི་བྲག་སྐྱིབས་མཇལ་དུ་ཡོད་པ་དེ་སྔོན་ལོ་ཆེན་བེེ་རོ་ཙ་ན་ཚ་བ་རོང་ནས་དབུས་སུ་བྱོན་སྐབས་སྒྲུབ་ཕུག་འདིར་བཞུགས་ཚུལ་བཤད་རྒྱུ་ཡོད། དེའི་ཟུར་དུ་དགོན་ཀོག་ཞིག་ཤུལ་མང་དུ་ཡོད་ཅིང་། རྡོ་མཁར་སོགས་ལ་བལྟས་ནའང་རྙིང་དགོན་ཞིག་ཆགས་ཡོད་ངེས་ཀྱང་ལོ་རྒྱུས་ཇི་བཞིན་མ་ངེས། རབ་བྱུང་བཅུ་བཞི་པའི་ལོར་ལི་ཐང་གཡོན་ཟུ་འབྲོག་སྡེ་ནང་འཐབ་རྐྱེན་གྱིས་དུད་གྲངས་བརྒྱ་ཙམ་ཡུལ་འདིར་བྱོལ་ནས་རི་ནུབ་བོད་གཞུང་ལ་མགོ་བཏགས་ཏེ་ཡུན་དུ་བསྡད་ཀྱང་སླར་ཕལ་ཆེར་རང་གནས་སུ་སོང་། ཤུལ་ལུས་རྣམས་རྨེ་པ་སངས་དགོན་པའི་གྲས་སུ་ཞུགས། ཆོས་བརྒྱུད་རྙིང་མ་དང་ཤར་གཏེར་རིག་འཛིན་ཆོས་རྒྱལ་གླིང་པའི་ཆོས་སྐོར་ཤིན་ཏུ་དར། དེ་ནས་ཝ་ཤུལ་རྨེ་པ་རྣམས་ར་ལི་འབྲོག་པ་དང་འཁྲུགས་རྐྱེན་གྱིས་ཡུལ་བུད་དེ་རྔ་ཁོག་ཕྱོགས་སུ་གཞི་སྤོས། ཤུལ་ལུས་ཀྱི་བླ་གྲྭ་རྣམས་སྦྲ་གུར་ལ་བརྟེན་ནས་དབྱར་དགུན་གྱི་སྒྲུབ་སྐོར་མ་ཆད་ཙམ་དུ་གྱུར། ཡུལ་སྡེ་རྣམས་ཀྱི་གསེར་ལོ་མང་བར་བརྐོས་པས་གསེར་རྐོ་འབྲོག་སྡེ་ཞེས་མིང་ཆགས་པ་དེ་ནས་བྱུང་། ཕྱིས་སུ་གཡང་རྫི་ལ་ཁའི་ཡུལ་དུ་ཟབ་མོ་གཅོད་ཀྱི་གྲུབ་ཐོབ་མ་དྷྰིཿགཅོད་པ། མཆོག་སྤྲུལ་ངག་དབང་སྨོན་ལམ་གཙོས་བླ་མ་བསོད་ནམས་དོན་གྲུབ། དགེ་བཤེས་ནམ་མཁའ་སོགས་ཀྱིས་རི་ཁྲོད་གསར་འདེབས་མཛད། ཁོང་རྣམས་པ་གྲུབ་མཐའ་དགེ་ལྡན་ཡིན་སྟབས། དབྱར་ཟླ་བར་འཇིགས་བྱེད་ཉིན་དགུ། ཟླ་བ་དྲུག་པའི་ནང་མགོན་པོ་ཕྱག་དྲུག་དང་དཔལ་ལྡན་ལྷ་མོ་བཅས་ཞག་བཅུའི་རིང་དུ་ཁྲི་འདོན་རེ་དང་། ཟླ་བ་བཅུ་[page 294] པའི་ཚེས་ཉེར་ལྔ་ལ་ལྔ་མཆོད་རྒྱས་འབུལ། གཞན་ཡང་རྙིང་མའི་ཆོས་སྐོར་ཀྱང་ཅི་རིགས་དར། དེ་དུས་སུ་བླ་གྲྭ་སུམ་ཅུ་ཡན་མན་བཞུགས། དེ་སྐོར་དུས་ཀཿཐོག་མཁན་ངག་གི་དབང་པོའི་དངོས་སློབ་བླ་མ་ཨ་ངག་རྨེ་ཕྱོགས་སུ་ངེས་མེད་རི་ཁྲོད་འགྲིམ། སྐུ་ཚེ་མཐར་འགོ་ཉལ་ཡུལ་དུ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལོ་ལ་རི་ཁྲོད་གསར་འདེབས་མཛད་དེ་གདུལ་བྱ་ཤིན་ཏུ་དར། སློབ་ཚོགས་བརྒྱ་ཕྲག་ཙམ་རེ་འདུས། ཁོང་སྐུ་མཚམས་བཅད་རྒྱ་དམ་པོར་མཛད་དེ་སྒོ་འདག་སྦྱར་དང་ཆུ་ཝ་བླུག་བྱས་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། ཉག་མཁན་ཆེན་སྐལ་བཟང་དབང་ཕྱུག་གདན་འདྲེན་ཞུས་ཏེ། འདུས་སྡེ་ཉིས་བརྒྱ་ཙམ་ལ་བསྟན་འགྱུར་གྱི་ལུང་རྒྱུན་ཡོད་དོ་ཅོག་དང་། ར་ལི་མཁན་ཨོ་རྒྱན་རིག་འཛིན་གདན་དྲངས་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང་རྒྱུན་སྤེལ། བླ་མ་ཨ་ངག་ཚུན་ཆད་གཙོ་བོ་ཤར་ཀཿཐོགས་པའི་ཆོས་རྒྱུན་འཛིན་ཞིང་ཀཿཐོག་པའི་དགོན་ལག་ཏུ་གྱུར། ཆོས་རྒྱལ་གླིང་པའི་བརྒྱུད་འཛིན་བདེ་ཆ་སྤྲུལ་སྐུ་རྣམས་དང་བྱམས་དགོན་གྱི་ཟིལ་སྤྲུལ་སོགས་དང་ཤིན་ཏུ་འབྲེལ་ཆེ་ཞིང་ཆོས་གླིང་གི་ཟབ་གཏེར་དུ་མ་གསན་ཏེ་ཉམས་སུ་བསྟར། གུ་རུ་ཞལ་མཇལ་ཀུན་དྷར་མ་སོགས་ཀྱི་ཚོགས་མཆོད་རྒྱུན་པར་འབུལ། གཞན་ཡང་ཀློང་ཆེན་སྙིང་ཐིག་རྩ་གསུམ་དང་། བདུད་ཀློང་གཉིས་ཀྱི་ཆོ་ག་ཆེ། གྲྭ་སུམ་ཅུ་ཙམ་ཡོད་པ་རྣམས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་སྔོན་དངོས་ཉམས་བཞེས་མཛད་པ་ཁོ་ན་ཡིན། ཡོན་བདག་གྲྭ་ཁུངས་ཆོས་སྡེ་དུད་གྲངས་བརྒྱ་ཙམ་ཡོད།
རྟེན་གྱི་རིགས་ལ། སྔོན་གྱི་བླ་མ་རྣམས་བྱ་བཏང་སྤྲོས་མེད་གུ་ཡངས་མཛད་སྤྱོད་ཀྱིས་འབུལ་ནོར་དུ་མ་ཡོད་པ་རྣམས་མར་མེ་སོགས་མཆོད་སྦྱིན་ཆེད་དུ་གཏོང་བ་ལས་གསེར་དངུལ་སོགས་རྒྱས་སྤྲོས་མ་མཛད་པས་ཡོད་མི་དར། ཟངས་གསེར་ལས་གྲུབ་པའི་རྗེ་ཡབ་སྲས་ཀྱི་སྐུ་མདའ་ཚད། མགོན་པོ་ཕྱག་དྲུག དཔལ་ལྡན་ལྷ་མོ། རྗེ་ཡབ་སྲས་གསུམ་གྱི་གསེར་ཐང་བཞི། འབུམ། མདོ་བསྐལ་གསེར་གསུམ་རྗེ་བླ་མའི་བཀའ་འབུམ་སོགས་ཡོད་ཀྱང་ཕྱིས་སུ་ཤུལ་མེད་གྱུར། བླ་མ་ཨ་ངག་སྐུ་བཤེགས་རྗེས་རི་ཁྲོད་ཀྱང་ཉམས་སོང་། སླར་སྤྲིན་གསེབ་ཀྱི་ཉི་ཟེར་བཞིན་བསྟན་པ་སླར་འཆར་བའི་སྐབས་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་རྨེ་པ་རྟ་ཁོག་གནམ་ཆ་ཟེར་བའི་དབེན་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་གནས་དུ་མགོན་སྡེ་གསར་དུ་བཏབས་ཏེ་བཀྲ་ཤིས་ཆོས་འཁོར་གླིང་ཞེས་མཚན་གསོལ། གཙུག་ལག་ཁང་ཀ་བཞི་པ་བསྐོར་ཁང་དང་གསེར་ཏོག་རྒྱལ་མཚན་ཆོས་འཁོར་བཅས་རྟེན་དང་བརྟེན་པ་ལེགས་པར་བཞེངས། བྱམས་དགོན་ལྷ་བཟོ་བསོད་བསྟན་གདན་ཞུས་ཏེ་མཁན་སློབ་ཆོས་གསུམ་རྩེག་ཚད་རེ་བཞེངས་ཏེ། ནང་གཞུག་ཏུ་རིང་བསྲེལ་རྣམ་བཞི་སོགས་རྟེན་ངོ་མཚར་ཅན་དང་། གཟུངས་དང་གནོད་སྦྱིན་འཁོར་ལོ་བཅས་བསྡུས་སྒྲུབ་ཚད་ལྡན་འབྲེལ་ཚད་དོན་ལྡན་དུ་བྱས། ཙན་དན་ལས་གྲུབ་པའི་སྒྲོལ་སྐུ་ཉེར་གཅིག གུ་རུ་སོགས་གསེར་སྐུ་བདུན་ཙམ། གསུང་བརྟེན་དུ་བཀའ་འགྱུར། བསྟན་[page 295] འགྱུར། རིན་ཆེན་གཏེར་མཛོད། ཀློང་ཆེན་མཛོད་བདུན། བླ་མ་རིག་འཛིན་བཀའ་འབུམ་སོགས་པོད་བརྒྱ་ཕྲག་ཁ་ཤས། ཐུགས་རྟེན་ཟངས་རག་ལས་གྲུབ་པའི་མཆོད་རྟེན་མདའ་ཚད། རོལ་མོའི་རིགས་དང་མཆོད་ཆས་ཆ་ཚང་དང་། དངུལ་གྱི་མཆོད་ཀོང་སུམ་ཅུ་ཡོད།
ཚོགས་པ་སྒྲུབ་ཆོག་ལ། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་ཉེར་ངགུའི་བར་ལས་གླིང་ཕུར་པ་ཡང་གསང་ཁྲོས་པའི་གཏོར་བཀློག ཟླ་བ་བཞི་པའི་ནང་སྙུང་གནས་ཆ་བརྒྱད། ཟླ་བདུན་པའི་ཚེས་བཅུ་གསུམ་ནས་ཉིན་བརྒྱད་བར་ཉག་བླའི་རིག་འཛིན་འདུས་པའི་སྒྲུབ་པ་བཅས་དང་། གཞན་ཡང་ཀློང་གསལ་སྐུ་གསུམ་ཆོ་ག་མི་འཁྲུགས་པ་སོགས་དང་འདུད་འཇོམས་ཀྱི་ཕུརཔ་སོགས་ཀྱང་ཅི་རིགས་འདོན། སྤྱི་པ་གྲྭ་གཉིས་ཀྱིས་ལོ་གཉིས་བར་ཚོགས་པ་ལ་མཆོད་སྦྱིན་བགྱིས་པ་ཀུན་ཀྱང་རེས་མོས་སུ་དེད་སྲོལ་དང་། སྤྲུལ་སྐུ་པདྨ་བཟང་པོ་གཙོས་བླ་མ་ཀུན་བཟང་དང་གྲྭ་སུམ་ཅུ་ཙམ་ཡོད། དགེ་འདུན་པ་ཀུན་ཀྱང་རབ་བྱུང་ཁྲིམས་ལྡན་ལ་བརྟེན་ཕྱུགས་མེད་ཀྱི་བླ་མའི་ཞབས་པད་བསྙེན་ནས་འབུམ་ལྔ་སོགས་བསགས་སྦྱོང་ཚད་ལྡན་ལ་བརྩོན་བཞིན་པ་དང་། སྐབས་སུ་དགེ་བརྐོས་ཨ་དཀོན་དང་ཨ་ཉི། རྡོ་རྗེ་རྒྱལ་མཚན་བཅས་ཀྱིས་འགན་བཞེས་བཞིན་ཡོད། ཡོན་གྱི་བདག་པོའི་དུད་གྲངས་ལྔ་བཅུ་ང་གསུམ་ཡོད། ཡུལ་སྡེ་དེ་དག་ཀྱང་རི་རྒྱ་སྔོན་ཁྲིམས་དམེ་རྐུན་སོགས་མི་ཆོག་པའི་དམ་བཞག་ཚུལ་བཞིན་བགྱིས་པའོ།
མདོ་སྨད་ཉག་ཨ་འཛིན་རོང་གི་མངའ་འོག་ཏུ་ར་ལུ་ཁོག་ཅེས་པའི་ས་ཡི་ཆ་ལ་འབྲོག་སྡེ་དུད་ཀ་བརྒྱ་ཙམ་གྱི་ཚོ་བ་དྲུག་ཅན་ཞིག་ཡོད་པ་དེ་ལ་ར་ལུ་བ་ཟེར། ཡུལ་དེར་ཆུ་ཕྲན་གཉིས་འདུས་པའི་བར་ན་བྲག་གདོང་སྲ་ལ་བརྟན་པའི་སྟེང་ནགས་ཚལ་གྱིས་མཐའ་ནས་སྐོར་ཅིང་སྤང་མེ་ལོང་འདྲ་བའི་མཐིལ་དུ་སྔ་མོ་ཞིག་ནས་ཆོས་ལུགས་གྲུབ་མཐའ་འབྲུག་པ་བཀའ་བརྒྱུད་ཡིན་པར་གྲགས་པའི་བྱང་བླ་བྲང་དགོན་ཞེས་པ་ཞིག་ཆགས་ཀྱང་སོག་དམག་གིས་འཇིག དེ་ནས་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་ལ་ཁང་པ་ཀ་བ་བཞི་པ་ཞིག་ཤུལ་དེ་ལ་བསྐྲུན་ཏེ་སྔོན་གྱི་བླ་སེར་རྣམས་སླར་འདུས་ནས་ཤར་གཏེར་རིག་འཛིན་ཆོས་རྒྱལ་གླིང་པ་གདན་དྲངས། བཀའ་གཏེར་སྨིན་གྲོལ་གྱིས་བསྟན་པ་དར་བར་མཛད་ཅིང་སྒྲུབ་པའི་རྒྱལ་མཚན་བཙུགས། དབུས་བདེ་ཆབ་དགོན་པ་མ་དགོན་གཅིག་ལ་བུ་དགོན་རླུང་རྟའི་ལྷ་བཞིའི་གྲངས་ལྡན་དུ་ཡོད་པའི་ཡ་གྱལ་སྨོན་འདུན་དགོན་བསམ་གཏན་ཆོས་གླིང་ཞེས་རིག་འཛིན་ཆོས་རྒྱལ་གླིང་པས་མཚན་གསོལ། དུས་དེ་ནས་བཟུང་སྔ་འགྱུར་རྙིང་མ་བའི་གྲུབ་མཐའ་བཟུང་ཞིང་ཆོས་[page 296] རྒྱུན་ཆོས་གླིང་པ་ཡིན།
རབ་བྱུང་བཅུ་བཞི་པའི་ཤིང་བྱི་ལོ་ལ་སྐུ་ཞབས་ཕུན་རབ་པས་ཉག་རོང་དབང་བཟུང་པའི་སྐབས་བདེ་ཆབ་སྟོབས་རྒྱལ་རིན་པོ་ཆེའི་དབུ་འདྲེན་འོག་དགོན་པ་རྒྱ་བསྐྱེད། དེ་དུས་སྔར་སོག་དམག་གིས་འཇིག་སྐབས་སྟོན་པའི་སྐུ་ལི་མ་བྱིན་ལྡན་ཞིག་ཡོད་པ་དེ་འཕུར་སོང་བས་གནོད་མ་ཚུགས་པ་དེ་ནང་རྟེན་བྱས། ས་འོག་ནས་བཏོན་པའི་སྟོན་པའི་དབུ་བརྙན་ཆད་པོ་རག་ལས་གྲུབ་པ་ཞིག་ཀྱང་ལོན། དེ་ལ་གཞི་བྱས་ཏེ་ཐུབ་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་བྱིས་པ་ལོ་བཅོ་བརྒྱད་ཙམ་གྱི་ཚད་ཡོད་པ་དེ་ལ་ཐུབ་སྐུ་འོད་འབར་མ་གྲགས་པ་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ། དེ་ནས་སྨུག་རོང་བླ་མ་རིག་འཛིན་དོན་གྲུབ་ཀྱིས་སྔོན་གྱི་ལྷ་ཁང་ཀ་བ་བཞི་པ་དེ་བཤིག་ནས་དེའི་ཤུལ་དུ་གཙུག་ལག་ཁང་ཀ་རིང་དྲུག་པ་གཙང་ཁང་སྒོ་འབེབས་བཅས་ལེགས་པར་བཞེངས། ཤིང་རྐོས་སོགས་བཟོ་དབྱིབས་བཅས་ལེགས་པར་བཞེངས་ལ་ཤིང་རྐོས་སོགས་བཟོ་དབྱིབས་མཛེས་པ་ཕྱིའི་བཀོད་པ་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་ལ་དཔེ་བྱས་པ་ཡིན་པར་གྲགས། ཐོག་བརྩེགས་གཉིས་གསེར་ཏོག་ནོར་བུ་སུམ་བརྩེགས་བཅས་ཕྱིའི་བཀོད་པ་ལེགས་པར་གྲུབ། དགོན་པ་རྒྱ་སྐྱེད་དང་དབྱར་གནས་ཐོག་མར་བཙུགས། ལྷ་ཁང་གི་གཞི་ཁྱོན་ཀ་རིང་བཞིའི་ཚད་དང་གྲྭ་ཁང་ཞེ་ལྔ་ཙམ་དང་གྲྭ་གྲངས་བརྒྱ་དང་ཉི་ཤུ་ལྷག་ཙམ་དང་དགེ་ཚུལ་སློང་དྲུག་ཅུ་ཙམ་དེའི་སྐབས་བཞུགས་པ་ལགས། ར་ལི་བླ་མ་ཨོ་རྒྱན་རིག་འཛིན་ནི་རབ་བྱུང་བཅོ་ལྔའི་ས་བྱ་ལོར་ཡབ་ས་བུ་རྒྱ་ཁོ་དང་ཡུམ་ཆོས་རས་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བླ་མ་ཆོས་འགྲུབ་ཀྱི་ཞབས་པད་བསྟེན་ཏེ་སྔོན་འགྲོ་སོགས་ཞུས། བླ་མས་ཚེ་རབས་ལས་ཀྱི་བླ་མ་མཁན་ངག་དགའ་ཡིན་པས་ཁོ་བོས་འདུལ་མི་ནུས་གསུངས་ནས་ངག་དགའི་མདུན་མངགས། ཀཿཐོག་ཏུ་ཕྱིན་ཏེ་མདོ་སྔགས་རྒྱ་མཚོ་ལྟ་བུ་ལ་གསན་སྦྱངས་པས་དཔྱིས་ཕྱིན་པར་མཁྱེན། མཁན་ཆེན་ངག་ཆུང་གི་མདུན་ཡ་བཞི་དང་སྙིང་ཐིག་པོད་གཉིས། མཛོད་བདུན་གསུང་ཐོར་དང་བཅས་ལན་གྲངས་མང་དུ་ཞུས།
ནང་གི་རྟེན་གསུམ་སོགས་ཀྱི་སྐོར་ནི། གཙང་ཁང་ནང་དུ་དུས་གསུམ་སངས་རྒྱས་དང་ཚེ་དཔག་མེད་རྩེག་ཙམ། ཉེ་སྲས་བརྒྱད། གནས་བསྟན་བཅུ་དྲུག་དང་རྗེ་འབངས་ཉེར་ལྔ་བཅས་རྫ་སྐུ་ཡིན་པ་དང་། རྒྱ་མཐོང་ཁ་ན་གུ་རུའི་སྐུ་འདམ་ལས་གྲུབ་པ་མི་ཚད་ཙམ། ནང་རྟེནགུ་རུའི་སྐུ་གཏེར་མ་བྱིན་ལྡན་ཞིག་ཡོད་ཟེར། གཡས་གཡོན་དུ་མཁན་སློབ་གཉིས་དང་མདུན་ན་ཀུན་རིག་རྣམ་པར་སྣང་མཛད། འཁོར་དུ་གུ་རུ་སྟོང་སྐུ་ཁྲུ་གང་གང་རེ་བཅས་རྫ་མ་ལས་གྲུབ་པ་ཡིན། འདུ་ཁང་ནང་ཐུབ་སྐུ་འོད་འབར། སྤྱན་རས་གཟིགས་བཅུ་གཅིག་ཞལ་རྒྱབ་ཡོལ་བཅས་ཟངས་གསེར་ལས་གྲུབ་པ་ཚད་བྱིས་པ་ལོ་བརྒྱད་ཙམ་དང་། གཡོན་དུ་གུ་རུ་སྣང་སྲིད་ཟོལ་གནོན་རྒུ་ཟངས་གསེར་ལས་གྲུབ་པ་དེའང་བྱིས་པ་ལོ་བརྒྱད་ཙམ་ཀྱི་ཚད་ཙམ་བཅས་བཞུགས་པའི་ཁང་བཟང་མཆོད་ཁྲི་བཅས་མདུན་དུ་རྒྱུ་གསེར་ལས་གྲུབ་པའི་ཡི་གེ་[page 297] ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དབུའི་ལྡེབ་རྒྱ་གར་སྐད་དུ་ཞེས་ཆོས་གླིང་གཏེར་བྱོན། བཀའ་འགྱུར་སྡེ་དགེ་པར་མ་གཅིག བསྟན་འགྱུར་སྡེ་དགེ་པར་མ་གཅིག འབུམ་གཅིག མཛོད་བདུན་གཅིག ཆོས་གླིང་གཏེར་ཆོས་ཆ་ཚང་གཅིག་དང་འདོན་ཆ་སྐོར་བྲིས་མ་པོད་བརྒྱད་ཅུ་ཙམ་བཞུགས། ཐང་ག་སངས་རྒྱས་སྐྱེས་རབས་སྡེ་དགེ་པར་མ་ལྡེབ་སུམ་ཅུ་སོ་བདུན་གོས་ཤམས་ཅན། གུ་རུ་མཚན་བརྒྱད་ཐང་ག་ཆ་ཚང་གཉིས་ལ་ལྡེབ་བཅོ་བརྒྱད་གོས་ཤམས་ཅན། སྟོང་བཤགས་ཀྱི་ལྷ་ཐང་ལྡེབ་གཉིས་གོས་ཤམས་ཅན། ཐུབ་པ་སྟོང་སྐུ། སྨན་ལྷ་མཆེད་བརྒྱད། མི་འཁྲུག་པ་བཅས་ཐང་ལྡེབ་ལྔ་གོས་ཤམས་ཅན། མ་ནིང་ལྡེ་ལྔ་ཁྲུ་ལྔ་ཙམ་དང་ཐང་མོ་ཆེ་བདེ་ཆེན་ཞིང་བཀོད་དང་ཚེ་དཔག་མེད་ཞིང་བཀོད་ཐང་ལྡེབ་གཉིས་ལ་ཁང་རྩེགས་གཅིག་ཕྱེད་ཀྱི་ཚད་ཙམ་གོས་ཤམས་བཅས་སྤུས་ལེགས་བཞུགས།
ད་ནི་དགོན་འདི་ལ་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་མཛད་ཚུལ་ཞུ་བ་ལ་སྔོན་བྱོན་སྐྱེས་ཆེན་དམ་པ་རྫོགས་ཆེན་མི་འགྱུར་ནམ་མཁའ་རྡོ་རྗེ་དང་སྨིན་གླིང་མཁན་ཆེན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཆོས་གླིང་སྤྲུལ་སྐུ་ཤྰཀྱ་སོགས་ཀྱིས་ཞབས་ཀྱིས་བཅགས། བཀའ་གཏེར་སྨིན་གྲོལ་གྱི་རྒྱུན་སྤེལ། ཀཿཐོག་སི་ཏུ་རིན་པོ་ཆེ་བྱོན་ནས་བདུད་ཀློང་གི་དབང་ལུང་གསུངས་རྗེས་གྲྭ་ས་ཀཿཐོག་དགོན་ཡིན་པའི་སྲོལ་ཚུགས། བླ་མ་ཆོས་འགྲུབ་བྱོན་ནས་དབྱར་གནས་བཙུགས་ཏེ་འདུལ་བ་དང་སྡོམ་གསུམ་གྱི་ལྗགས་ཁྲིད་གནང་བ་དང་དབང་ལུང་དུ་མ་གསུངས། དབོན་པོ་ཚུལ་ཁྲིམས་རྒྱ་མཚོས་ཀྱང་དབྱར་གནས་མཁན་པོ་མཛད་པར་ཆེད་དུ་བྱོན་པ་སོགས་བཀའ་དྲིན་ཆེ། ཀཿཐོག་བཤད་གྲྭ་ནས་ཐོན་པའི་མཁན་ཨ་ཚེའམ་ཐུབ་བསྟན་ཤེས་རབ་གྲགས་པས་སྒྲུབ་པའི་ཁྲི་བ་མཛད་པ་དང་འཇུ་བ་མཁན་པོ་པདྨ་རྡོ་རྗེ་ནས་དབྱར་གནས་མཁན་པོ་མཛད་པ་སོགས་ཁོང་རྣམ་གཉིས་ཀྱང་བསྟན་པར་མཛད་རྗེས་ཆེ། ཁྱད་པར་དུ་བདེ་ཆབ་ཚང་རོང་ཐ་ཨ་བསོད་དང་སྟོབས་རྒྱལ། རྒྱལ་སྲས། འཇམ་དབྱངས་བློ་གསལ་རྡོ་རྗེ་སོགས་སྤྲུལ་སྐུ་རྣམ་པས་རྒྱུན་པར་དུས་མཆོད་སྐབས་ཀྱི་ཁྲི་བར་བྱོན་སྲོལ་ཡོད་ལ་སྨིན་གྲོལ་གྱི་ཆོས་པར་རྒྱུན་སྤེལ།
ལོ་རེ་བཞིན་དུས་མཆོད་ཚོགས་པ་ཡོད་ཚུལ་ནི། བོད་ཟླ་དང་པོའི་ཚེས་བརྒྱད་ལ་གྲལ་འཛིན་བྱས་ནས་ཆོས་གླིང་ཐོས་གྲོལ་གྱི་སྨོན་ལམ། བཀའ་བརྒྱད་གསང་རྫོང་གཏོར་མ་བཅས་པ་དང་ཆོས་གླིང་སེང་གདོང་མ་དམར་མོ། ཚེ་སྒྲུབ་ཡང་ཟབ་རྒྱ་མཚོ་བཅས་ཀྱི་སྒྲུབ་མཆོད། བོད་ཟླ་བཞི་པའི་ཚེས་གཅིག་ནས་བཟུང་སྨྱུང་གནས་བརྒྱད་ཉིན་བཅུ་དྲུག་འཚོགས་པ་དང་། ཚེས་བཅུ་བདུན་ནས་ཞིང་སྒྲུབ་ཉིན་གསུམ། དེ་ནས་སྤྱོད་འཇུག་ཉིན་གཉིས་འཚོགས། དེ་ནས་བཀའ་ཚོགས་ཆེན་འདུས་པ་དང་དོང་སྤྲུགས། རྡོར་སེམས་བཅས་ཉིན་བཅུ་གསུམ་འཚོགས། བོད་ཟླ་དྲུག་པར་དབྱར་སྔོན་མ་ལ་གསོ་སྦྱོང་། བཅུ་དྲུག་ནས་དབྱར་གནས་ཉིན་ཞེ་ལྔ་དང་ལྗོངས་རྒྱུ་ཉིན་ལྔ་བཅས་ཉིན་ལྔ་བཅུ་བཞུགས། བོད་ཟླ་དགུ་པ་ནང་[page 298] དགུན་བཅའ་ཟླ་ཕྱེད་ལ་འཚམས་སྡོམ་དགོས། ཆོས་ཁྲིམས་དང་སྒྲིག་ལམ་བཅའ་ཡིག་ལྟར་སྤྲད་པའི་འགན་བཞེས་ཚུལ་ནི། དགོན་དཔོན་སེང་སྐོར་བསོད་ནམས་དཔལ་ལྡན་ཡིན། དེའི་འོག་ན་དཔོན་ཕུན་རབ་པས་སྐོས་པའི་ཀ་རིང་བཞི་ཞེས་པ་ཨ་དཀོན་དཔལ་ཆེན་དང་། སེང་སྐོར་ཚེ་ལོ། མཁན་ཤུལ་གྲགས་པ། གཡག་སྐོར་ནོར་བུ་བསྟན་འཛིན་བཅས་ཀྱིས་ཕ་ཤུལ་བུ་ཚས་འཇུག་སྟེ་སགན་བཞེས། ཡོན་བདག་དང་གྲྭ་ཁུངས་གཉིས་ཀ་ཡིན་པའི་ཆོས་སྡེ་ནི། སྔོན་ར་ལུ་ཚོ་དྲུག་སྡེ་བ་ཞེས་པ་སོག་པོ་ནས་ཆད་ཏེ་སེང་སྐོར་དང་གདོང་ཤུལ། མཁན་ཤུལ། ཨ་དྲིལ་སོགས་ཚོ་བ་དྲུག་ཉག་ཡུལ་ར་ལུ་ས་ཆ་ཤར་དུ་ར་ལི་ཀ་དཀར་སྤུང་དང་གནས་ནས་གློག་ཤེས་རྔ་མོང་སྣེའི་བར། ལྷོ་རུ་གནས་ཆེན་བྲག་དཀར་ནས་ཙོའི་བར། ནུབ་ཏུ་ཙོ་གྲ་དབྱིས་སོགས་ནས་ལྕགས་རྐོང་གོང་ལྡིང་སྟེང་ནས་ཆུ་བཤར་སྟོད་ཀྱི་བར། བྱང་དུ་ལྕགས་ཀྱི་རི་མཐོ་སྤུན་གསུམ་ནས་ཧ་ཧེ་གསོང་ཟོར་གཉན་པོའི་བར་དུ་གཞི་ཆགས་པའི་འབྲོག་སྡེ་ཆགས་ཏེ་ཁྱིམ་ཚང་སྦྲ་ནག་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཙམ་ཡོད་ཅིང་། དེ་ལས་བྱུང་བའི་གྲྭ་པ་བརྒྱ་དང་བདུན་ཙམ་རེ་དུས་གཅིག་ལ་དགོན་དུ་རྒྱུན་པར་བཞུགས་པ་དང་བཞུགས་ཤག་གྲྭ་ཁང་བཞི་བཅུ་ཞེ་ལྔ་ཙམ་བཞེངས་གྲུབ་ཏེ་དར་རྒྱསམསགྲོ་བཞིན་པའི་དུས་རབ་བྱུང་བཅུ་དྲུག་པའི་རྟ་ལོ་ལ་ཨ་དཀོན་དང་སེང་སྐོར་བར་ལ་རྩོད་པ་བྱུང་སྟེ་གྱོད་གཞི་ཆེན་པོར་གྱུར་པས་དགོན་པའི་བླ་སེར་རྣམས་ཀྱང་འཐོར་ནས་དགོན་པ་སྟོང་པར་གྱུར། ནང་གི་རྟེན་གསུམ་ཨ་དཀོན་བས་ཁྱེར་ནས་མི་ཉག་ལ་ཕྱིན། སེང་སྐོར་ཁྱིམ་ཚང་ལྔ་བཅུ་ང་གཉིས་རྫ་ཧྲེ་ལེ་སྲང་ལ་གཞི་སྤོས། དེ་ནས་རོང་ཚ་དང་རྒྱུསབཟང་སོགས་ལ་ཆགས། སྔར་བཞིན་ཆོས་འཚོགས་དུས་མཆོད་རྒྱུན་འཚོགས་བཞིན་པར་རབ་བྱུང་བཅུ་བདུན་པའི་བྱ་ལོ་ལ་སྔོན་གྱི་རང་ས་ར་ལུ་ཁོག་ལ་སངས་སྐོར་དུད་ཀ་བརྒྱད་ཅུ་ཙམ་ཆགས་པ་བྱུང་སྟེ་བླ་གྲྭ་ལྔ་བཅུ་ང་གསུམ་གྱིས་སྔོན་གྱི་དགོན་སྙིང་ཉམས་གསོ་བྱ་རྒྱུ་དང་ཚོགས་དུས་མཆོད་ཀྱང་ཟླ་བ་དང་པོ་ནང་སྨོན་ལམ་དང་བཞི་པའི་བསྙུང་གནས་ཞིང་སྒྲུབ་སྤྱོད་འཇུག་བཅས་པ། ཟླ་དྲུག་པའི་ནང་ཡང་གསང་བླ་མའི་སྒྲུབ་མཆོད་ཚེས་བཅུ། དབྱར་གནས་དགེ་ཚུལ་སློང་བཞི་བཅུ་ཞེ་གསུམ་ཙམ་རེ་བཞུགས་བཞིན་པ། ཟླ་དགུ་པའི་དགུ་གཏོར་ཕུར་པ་དགུ་སྒྲུབ་དང་ཆོས་གླིང་ཐོས་གྲོལ་གནས་སྟོང་། བཀའ་འགྱུར་དག་ཚར་གཅིག་བཅས་ཀྱིས་སྒྲུབ་པ་ཕྱག་བཞེས་གནང་བཞིན་པ་དང་། ཚོགས་པའི་དབུར་སྟོན་པའི་སྐུ་ལི་མ་ཁྲུ་གཉིས་ཅན་དང་གུ་རུ་སྐུ་གསེར་ཟེངས་ལས་གྲུབ་པ་ཁྲུ་གཉིས་ཀྱི་ཚད་ཅན་སོགས་དང་བཀའ་འགྱུར་གཅིག ཆོས་གླིང་གཏེར་ཆོས་ཁ་ཚང་། མཆོད་ཆ་རོལ་མོ་སོགས་ཆ་ཚང་བ་འདུག་གོ།
[page 299] དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་ཀཿཐོག་པའི་འབྲུ་ཚ་སྒང་པ་སྟེ། ཁོང་གིས་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པའི་ནང་དགོན་པ་འདི་འཐུས་པར་གྲགས་པ་ལྟར་ཡིན་ན། ཀ་དམ་པ་བདེ་གཤེགས་རབ་བྱུང་གཉིས་པ་སྤྱི་ལོ་༡༡༢༢ལོར་འཁྲུངས་ནས་ལོ་ངོ་བཞི་པར་ཆོས་རྗེ་སྒང་པ་འདི་འཁྲུངས་ཤིང་། རབ་བྱུང་གསུམ་པའི་ས་ཡོས་༡༡༥༩ལོར་ཁམས་ཀཿཐོག་བཏབ་པའི་དུས་དང་ཉེ་དགོས་པས་བོད་རབ་བྱུང་གསུམ་པ་དང་། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྨད་ཙམ་དུ་ཡིན་དགོས་སོ། ལྕགས་མདུད་དགོན་གྱི་ལོ་རྒྱུས་ན་གསལ་བའི་འབྲུ་ཚ་སྒང་པ་བརྩོན་འགྲུས་འབུམ་གྱིས་བཏབ་པ་ཡིན་ན། བོད་རབ་བྱུང་ལྔ་པ་དང་། སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཡིན་དགོས་འདུག བཏབ་པའི་ཡུལ་ནི། འདིར་ཉག་རོང་རྫོང་ཤང་ལང་གཤོང་གི་ལུང་པར་གོ་འབྱམས་གསང་སྔགས་ཆོས་གླིང་དགོན་ཞེས་པ་ཆགས། དེ་ནི་ཀཿཐོག་པའི་འབྲུ་ཚ་སྒང་པས་སྤ་རོང་བཞག་གསུམ་དུ་དགོན་གནས་བརྒྱ་དང་རྩ་བརྒྱད་བཏབ་པའི་ནང་འཐུས་པར་གྲགས། ཀུན་མཁྱེན་ཀཿཐོག་པས་མདོ་རྒྱུད་སེམས་གསུམ་གྱི་བསྟན་པ་ཁམས་སུ་དར་བར་མཛད་ལ། ཕྱིས་སུ་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་བསྟན་པ་དབུས་གཙང་ཁམས་ཀྱུན་ཏུ་རྒྱས་པར་མཛད། རོང་སྟོན་ནམ་མཁའ་རྡོ་རྗེ་སྒང་དགོན་དུ་ཕེབས་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་དང་ཁྲིད། མན་ངག་ལུང་དང་བཅས་པས་འདུས་སྡེ་མཆོག་དམན་ཀུན་ལ་བྱིན་རླབས་ཉེ་བརྒྱུད་དུ་ཐོབ་པར་མཛད། ཐོ་མར་རོང་སྟོན་པ་འདིར་ཕེབས་སྐབས་ཐམས་ཅད་ཀྱིས་བླ་མ་ལ་རྒྱུས་ཆེར་མེད་སྟབས་གོ་ནར་འབྱམས་སུ་སོང་བས་རྟེན་འབྲེལ་གྱི་དབང་གིས་དགོན་པ་ལ་གོ་འབྱམས་ཞེས་མིང་ཆགས་པ་བྱུང་། སྔར་ལྕགས་མདུད་དགོན་པ་འཇང་དམག་གིས་མེར་བསྲེག་དུས་འཁོར་ཆུང་ཞིག་བར་སྣང་ནས་བྱུང་སྟེ་ས་དམར་ཐོག་བབས་པས་དགོན་གནས་ཀྱི་ས་མིག་ཏུ་གྱུར། དེ་རྗེས་ལྕགས་མདུད་ཤེས་རབ་རྒྱལ་མཚན་སྐུ་འཁྲུངས་ནས་ལྕགས་མདུད་དགོན་པའི་དགོན་གནས་སོར་ཆུད་མཛད། ལྕགས་མདུད་ཤེས་རབ་རྒྱལ་མཚན་ལ་ཞབས་མི་བདེ་བ་ཞིག་བྱུང་། ལས་སྨོན་གྱི་བག་ཆགས་བཟང་པོ་མངའ་བས་ཞང་པོས་དབང་ཁྲིད་རྒྱས་པར་གནང་། འུ་རུ་ཕུག་བྱ་བའི་དབེན་པའི་རི་ལ་སྒོམ་དུ་བཅུག མཚན་ཆོས་ཀྱི་རྒྱལ་མཚན་གསོལ། སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་མཛད་སྲོལ་བཞིན། ལྟོ་གོས་གཏམ་གསུམ་གྱི་འདུན་མ་རྒྱབ་ཏུ་བོར། ལུས་དང་སྲོག་ལ་མ་ལྟོས་པར་ལོ་མང་སྒྲུབ་ལ་པ་བརྩོན་པས་མཐར་ཉམས་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས། ཕྱག་རྫོགས་རོ་གཅིག་པའི་དགོངས་པ་མངོན་དུ་གྱུར། སྒང་དགོན་ནས་འཕུར་ཏེ་ཆབ་ཡེང་སྤང་ཐོག་ཏུ་བབས། དེ་གའི་རྒན་མོ་ཞིག་གིས་བླ་[page 300] མ་ཇི་ལྟར་ཕེབས་ཞུས་ཚེ། ང་འཕུར་ནས་འོང་གསུངས། རྒན་མོས་འུ་རུ་བླ་མ་འགྲོ་ཤེས་ན་འཕུར་མ་དགོས་ཞུས་པས་ཡུལ་པའི་ཞལ་རྒྱུན་དུ་ལུས་པ་བྱུང་། དེ་ནས་ཞང་པོ་ཚང་ལ་རྟ་འཁྲིད་ཤོག་གསུངས་ནས་བླ་བྲང་དུ་ཕེབས། ཞང་པོ་ལྕགས་མདུད་པ་ཐུགས་དགྱེས་པ་ཆེན་པོས་ཆ་ལང་རྒྱ་ནག་མ། གསེར་སྐུ་འཛུམ་བག་མ། ཆོས་གོས་ཉ་རྒྱ་མ་སོགས་ཞང་སྐལ་ཡིན་གསུངས་ཏེ་འབུལ་བ་གྱ་ནོམ་པ་མཛད། ད་ནི་བསྟན་པ་དང་འགྲོ་བའི་དོན་གྱིས་ཤིག་གསུངས་ནས་སྒང་དགོན་དུ་བསྐྱལ། ཡུན་མི་རིང་བའི་ནང་སྒང་དགོན་དུ་གནས་སྤོས་ཏེ་ས་དམར་ནང་དུ་ལྷ་ཁང་བཞེངས། ལྷ་ཁང་གི་ནང་རྣམས་ཤིང་ཐག་ལྷས་ཏེ་ཞལ་ཞལ་བྱུགས་པས་ས་དམར་ཇོ་དཀྲིས་དགོན་ཟེར་བ་བྱུང་། ས་གནས་འདིར་བླ་མས་དབང་ལུང་ཁྲིད་བཅས་ཀྱིས་འདུས་སྡེ་དང་སྐྱེ་བོ་ཕོ་མོ་ཐམས་ཅད་དད་པའི་གནས་ལ་བཀོད། ཐུགས་སྲས་ཀྱི་བུ་སློབ་ཨ་ཕྲུག་ཤྭ་བ་རྟོགས་ལྡན་སོགས་གྲུབ་པ་བཪྙེས་པ་དུ་མ་བྱུང་། ཐོས་བསམ་སྒོམ་པའི་རྒྱལ་མཚན་བླ་ན་མཐོ་བར་མཛད། དགོན་པའི་བསྟན་བདག་ཁུར་དུ་བཞེས། དུས་དེ་ཙམ་ན་ཤང་གཤིས་པའི་སྤྱི་རིམ་རྣམས་གོ་འབྱམས་དགོན་དུ་ཚོགས་པ་སྐུ་ཚེ་དེ་ཉིད་དུ་མཛད་འཕྲིན་རྒྱས་ཏེ་བླ་བྲང་ཆགས་ཀྱང་བླ་མ་རང་ཉིད་ནི་བྱ་བཏང་ཀུ་ས་ལི་པའི་སྤྱོད་པ་སྐྱོང་། ཆོས་ཀུན་སྒྱུ་མར་རོལ་པའི་ཉམས་རྟོགས་ཀྱི་འབྱམས་ཀླས། དགུང་གྲངས་དྲུག་ཅུ་ལ་ཟིན་དུས་ཞིང་དུ་གཤེགས། སློབ་མ་རྣམས་ལ་ཞལ་གདམས་དང་སྒྲིག་བཀོད་ཀྱང་གནང་། ཨོ་རྒྱན་འཇིགས་མེད་ཅེས་པ་རྒྱལ་ཚབ་ཏུ་མངའ་གསོལ། ཕྱིས་སུ་པདྨ་མཁའ་སྤྱོད་དབང་པོ་ལུང་པའི་ཉིན་རི་བྲག་སེང་གེའི་གནས་སུ་སྒྲུབ་པ་ཡུན་རིང་མཛད། རིག་འཛིན་ཀློང་གསལ་སྙིང་པོ་ཉག་ཡུལ་སྟོད་སྨད་ཀུན་ཏུ་ཕེབས་ནས་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་མཛད་དེ་ཞིང་འདིར་བྱོན་ནས་བྱིན་གྱིས་རླབས། བདུད་འདུལ་ཀློང་གསལ་གྱི་ཆོས་རྒྱུན་དབུ་ཚུགས། ཁྱད་པར་གཡང་ཤར་བྲག་ཙ་རིའི་གནས་ཡིན་པེ་ངོས་འཛིན། བསྟན་སྐྱོང་གི་ཕོ་ཉ་ཞིང་སྐྱོང་ཀུན་དགའ་གཞོན་ནུ་མངའ་གསོལ། བཀའ་བརྒྱད་གསང་རྫོགས་དང་། མ་ཏིའི་སེང་གདོང་། བདུད་ཀློང་ཆོས་སྐོར་བཅས་དགོན་འདིས་རྟེན་ཡུལ་གཙོ་བོ་ཟབ་ཁྱད་ཅན་དུ་གྱུར།
དེ་ནསགྲུབ་ཆེན་པདྨ་བདུད་འདུལ་དགོན་གནས་འདིར་ཕེབས་ནས་དམ་རྫས་ཨ་མ་རིལ་བུ་གཏེར་དུ་བཞེས། གནའ་ལ་སྒྲུབ་པ་མཛད་དེ་གྲུབ་རྟགས་ངོ་མཚར་བ་དུ་མ་ད་ལྟ་ཡང་མཇལ་རྒྱུ་ཡོད། དགོན་གནས་སུ་ཞག་བདུན་ཙམ་གུར་ནང་བཞུགས་ནས་གནས་དང་སྡེ་དགོན་ཀུན་ལ་བཀྲ་ཤིས་པའི་བུམ་པ་འཇོག་པ། རི་འཁྲུས་དང་རྟེན་བཞུགས་སོགས་རྒྱས་པ་གནང་། གོ་འབྱགས་གསང་སྔགས་གླིང་ཞེས་མཚན་གསོལ། དེ་ནས་བཟུང་སྐལ་བཟང་དགོན་པའི་སྤྲུལ་སྐུ་རྣམས་ཕེབས་ནས། ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་དབང་ལུང་ཁྲིད་གསུམ་དང་དགོན་གནས་ཉམས་གསོ་སོགས་མཛད་ནས་ཐུགས་ཡིད་གཅིག་ཏུ་གྱུར། སྔོན་ཆད་བླ་བྲང་གཅིག་ཡིན་དེ་ཕྱིས་སུ་བླ་ཞག་གསུམ་དུ་གྱེས་ཏེ། རྒྱ་མགོ་ཚང་དང་ལི་མན་[page 301] ཚང་། བླ་མ་ཚང་ཞེས་སུ་གྱུར་ཏེ། སྔར་གྱི་རྟེན་ལྕགས་བདུད་པས་གནང་བའི་གསེར་སྐུ། ཆ་ལང་ཆོས་གོས་རྣམས་དང་། སོག་དམག་གིས་ཕུལ་བའི་རྨོག་སོགས་བགོས། དེ་དག་ཕལ་ད་ལྟ་ང་རང་སོ་སོའི་རྩར་བཞུགས། བླ་ཞག་གསུམ་གྱི་བླ་མ་རྣམས་ཀྱིས་དགོན་འདི་བདག་གིར་བཞེས་པའི་དགོན་པ་ཡིན། ད་ལྟ་ཕན་ཆད་བླ་རབས་བཅུ་དྲུག་ཡིན་པའི་བཤད་སྲོལ་ཡོད། འ་རུ་བླ་མ་ཆོས་ཀྱི་རྒྱལ་མཚན་ནས་མགོ་ཚང་པ་ཡིན། དུས་ཚོད་སྔ་བ་དང་བར་ལམ་རྐྱེན་ཞན་བྱུང་བས་ད་ལྟ་སྔར་གྱི་ཡིག་ཚགས་མེད་པས། བླ་རབས་རེ་རེ་བཞིན་མིང་མི་གསལ། འགྱུར་མེད་རྡོ་རྗེ། ཀུན་བཟང་བཀྲ་ཤིས། ཀུན་བཟང་ནམ་མཁའ་གསུམ་བཞུགས་ལ་ཕྱིསསུ། སྐྱེ་མེད་རྡོ་རྗེ། རིག་འཛིན་རྒྱ་མཚོ། འགྱུར་མེད་ཚུལ་ཁྲིམས་གསུམ་གྱིས་ཐུགས་འཁུར་བཞེས། ཁྱད་པར་སྐྱེ་མེད་རྡོ་རྗེ་ནི་ཉག་བླ་ཡེ་ཤེས་རྗེས་སྤྲུལ་སྐུ་ཡིན་པས་བསྟན་འགྲོ་ལ་ཕན་ཐོགས་པར་ཞེས་དབུགས་དབྱུང་ཐོབ། འཇམ་དཔའ་བདེ་བའི་ཉི་མས་ཆོས་དཔའ་རྒྱ་མཚོ་རུ་ངེས་བཟུང་བ་དང་། སྤྲུལ་སྐུ་ཞེས་མགོ་ལ་ཞཱ། རྟལ་རྒྱན་ཆ་སོགས་མ་གནང་ཡང་། ངེས་པ་དོན་གྱི་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་བླ་ན་མཐོ་བ་ཨ་འཇི་ཉག་གི་ཡུལ་གྱི་མཁས་གྲུབ་དམ་པ་རྣམས་དང་དོ་མཉམ་པ་བྱུང་། སྨིན་གླིང་མཁན་ཆེན་མཁྱེན་བརྩེ་ནོར་བུའི་ཞལ་སློབ་ཀྱི་གཙོ་བོར་གྱུར་ནས་མཁན་རིན་པོ་ཆེ་གནས་འདིར་གདན་དྲངས། གཤིན་དྲེགས་པ་འཇོམས་བྱེད་ཀྱི་དབང་ལུང་གནང་ནས་སྨིནགྲོལ་གྱི་ལམ་ལ་བཀོད། དགོན་འདིར་མཁའ་ཁྱབ་རང་གྲོལ་གྱི་སྒྲུབ་མཆོད་དང་། གཤིན་རྗེ་དྲེགས་འཇོམས་ཀྱི་གར་ཐིག་དབྱངས་རོལ་བཅས་གསར་འཛུགས་དང་། སྔར་ཡོད་ཀྱི་ན་རག་དོང་སྤྲུག་དང་། མ་ཏི་འོང་གདོང་དང་། བདུད་འདུལ་ཁྲོ་འོད། དབྱར་གནས་སོགས་དག་གཏེར་གནང་ནས་ཕྱག་བཞེས་རྣགས་མ་འཆུག་པར་མཛད། མཁའ་ཁྱབ་རང་གྲོལ་གྱི་དབང་ལུང་དང་། བཀའ་འགྱུར་གྱི་ལྗགས་ལུང་གནང་བ་སོགས་དགོན་འདིའི་བསྟན་པ་ལ་བདག་རྐྱེན་ཆེན་པོ་གནང་བ་ཡིན། སྔར་དགོན་པ་འདིར་མཁའ་ཁྱབ་རང་གྲོལ་དང་དྲེགས་འཇོམ་གྱི་ཚོགས་པ་ལ་གྲྭ་པ་རྣམས་རེས་བསྐོར་ནས་འགན་འཁུར་དགོས་པ་ཡིན། གཏོང་རྩ་ནི་གྲོ་ནས་དང་དངུལ་ཡིན། དེ་བུན་སྐྱེད་བཏང་ནས་སྐྱེད་ཁ་དེས་གཙོ་བོ་བྱེད། མ་འཐུས་པ་རྣམས་གྲྭ་པ་རང་རང་གིས་རྡོ་བརྐོ་གླ་ནས་མ་ཎི་རྡི་འབུམ་བཞེངས་པ་དང་། ལུས་ཀྱི་ངལ་རྩོལ་ལ་བརྟེན་ནས་དུས་མཆོད་སོ་སོའི་བཏོགང་སྒོ་མཛད་རྒྱུ་དེ་ཡིན། གཞན་དགོན་སོ་སོ་དང་འདྲ་བར་སྐུ་གསུང་ཐུགས་རྟེན། མཆོད་ཆས་ཡོ་བྱེད་སོགས་ཆ་ཚང་པ་སྤུས་ལེགས་པ་བཞུགས་ཀྱངལོ་ཉི་ཤུ་ལྷག་གི་རིང་ཁག་ཅིག་གཞུང་བཞེས་གནང་བ་ཕུད། གཞན་རྣམས་བདག་མེད་དུ་གྱུར་ནས་ཁང་སྟོང་ཙམ་དུ་གྱུར།
རིམ་བཞིན་ཆོས་སྒོ་ཕྱེས་པ་ནས་བཟུང་ལྷལ་ཁང་ཉམས་གསོ་དང་། དུས་མཆོད་རྣམས་ཉམས་གསོ་བྱས། རྟེན་གསུམ་དང་མཆོད་ཆ་ཡོ་བྱེད་ཐམས་ཅད་རྒྱུན་མ་ཆད་པ་ཙམ་རེ་ཉམས་གསོ་བྱས། ལྷག་པར་དུ་དུས་མཆོད་རྣམས་ཀྱི་ཀར་ཐིག་དབྱངས་རོལ་རྣམས་སྔར་རྒྱུན་གྱི་ཕྱག་བཞེས་[page 302] ཐམས་ཅད་སོར་ཚུད་པར་བྱས། མཆོད་རྒྱུན་གཏོང་རྩ་མེད་པའི་རྐྱེན་གྱིས་ད་ཆར་བླ་མ་རེ་དང་། དགེ་བསྐོས། གཉེར་པ་སོགས་རེས་མོས་དབྱར་དགུན་གྱི་སློང་མོ་ལ་ཕྱིན་ནས་དེས་དུས་མཆོད་རྣམས་མ་ཆད་པར་བྱས། ད་ཡོད་ལྷ་ཁང་ཉམས་གསོ་བྱས་རྗེས་པའི་པའི་སྐུ་བརྙན་སོགས་འཇིམ་སྐུ་ཐོག་རྩེག་ཅན་གསུམ། རྒྱལ་ཁབ་ཀྱིས་སྒོར་ཁྲི་གཅིག་གནང་བ་དེས་བཀའ་བསྟན་ཆ་ཚང་བླུས། བསྐལ་བཟང་ཚར་བརྒྱ། འཇིམ་སྐུ་ཐུབ་པ་སྟོང་གཅིག ཟངས་གསེར་གྱི་མཆོད་རྟེན་གཅིག གཞན་ཉེ་བར་ཁོ་བའི་ཡོ་བྱད་རྣམས་བསྡུས་ཙམ་བཞུགས། སྔར་བླ་གྲྭ་བདུན་བཅུ་ཙམ་ཡོད་ཀྱང་། ད་སྐབས་དབོན་པོ་བླ་མ་གསུམ་དང་། གྲྭ་ཚང་བཅས་ལྔ་བཅུ་ཙམ་བཞུགས། བླ་གྲྭ་རྒན་པ་རྣམས་ཀྱི་གསུང་རྒྱུན་ཁུངས་ཐུབ་རྣམས་བསྡུས་ནས་མདོ་ཙམ་སྨོས་པ་ཡིན། སྤྱི་ལོ་༡༩༩༤ཟླ་བ་༡༠པའི་ཚེས་༡༠ལ་གོ་འབྱམས་གསང་སྔགས་ཆོས་གླིང་གི་བླ་མ་ལས་སྣེ་ལྷན་རྒྱས་ནས་བྲིས་པ་སླར་བྱ་ཚེ་རིང་གིས་ལེགས་སྒྲིག་བྱས་པ་ཡིན།
དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། ཆོས་རྗེ་འབྲུ་ཚ་སྒང་པ་བརྩོན་འགྲུས་འབུམ་ཡིན། བཏབ་པའི་དུས་ནི་བོད་རབ་བྱུང་ལྔ་པའི་ལྕགས་ཡོས་སྤྱི་ལོ་༡༤༩༡ལོར་ལྕགས་མདུད་ཤིས་རབ་རྒྱལ་མཚན་གྱི་ཉམས་གསོ་དང་རྒྱ་བསྐྱེད་གནང་བ་ཞིག་ཡིན་པར་གསལ།
དེ་ནས་དགོན་པ་འདི་འདེབས་པ་པོ་ལྕགས་མདུད་ཤེས་རབ་རྒྱལ་མཚན་ནི། ཁམས་ཀྱི་རོང་བཞིའི་དབུས་ཉག་རོང་ཉག་ཆུ་སྔོན་མོའི་གཡས་ཤང་ལང་བྲག་དཀར་གྱི་མདུན་ཞོལ། ཡུལ་བོ་བུ་གཏམ་ཏོང་ཞེས་བྱ་བའི་གྲོང་དུ་ཡབ་དབྲ་རིགས་ལྷ་རྒོད། ཡུམ་ཀོང་རོང་བཟའ་ཨ་རྡི་མ་ཞེས་བྱ་བའི་སྲས་སུ་རབ་བྱུང་བརྒྱད་པའི་ས་ཡོས་སྤྱི་ལོ་༡༤༥༩ལོར་འཁྲུངས། ཞག་བཅུ་བཞིའི་ནངས་པར་ཡབ་འདས། བོན་པོ་རྣམས་ལྷག་མེད་དུ་བརྟུལ་བའི་རྟེན་འབྲེལ་བསྒྲིགས། དགུང་ལོ་གསུམ་བཞེས་པ་ན་ཁོང་གི་ཨ་ཁུ་རྒྱལ་མཚན་དབུས་ནས་ཕེབས་ཏེ། བུ་མོ་ཞིག་ཆུང་མར་བླངས་ནས་ཕྱིས་སུ་སྲས་མིང་སྲིང་དྲུག་བྱུང་། དགུང་ལོ་ཉེར་ལྔ་བར་བླ་མ་རྒྱ་སེང་བ་ལ་རྟོགས་འབུལ་ཞུས་ཀྱང་སློབ་དཔོན་མེད་པའི་རྟོགས་འབུལ། རྒྱུད་གཞུང་མ་མཐོང་བའི་བཤད་པས་མི་ཕན་པས་ཡར་ཀཿཐོག་ཏུ་སོང་ལ་འཆད་ཉན་གྱིས་གསུངས་པ་ལྟར། ཀཿཐོག་ལ་བྱོན་ནས་དྲུང་རབས་བཅུ་གསུམ་གྱི་ཐོག་མ་དྲུང་བྱང་ཆུབ་རྒྱལ་མཚན་གྱི་མདུན་ནས་བསྙེན་རྫོགས་དང་། དེ་ནས་དགུང་ལོ་སོ་གསུམ་བཞེས་པའི་ནུབ་གཅིག་མནལ་ལམ་དུ་བུད་མེད་གཅིག་གི་ཁྱོད་འདི་ལྟར་མ་འདུག དགོན་པ་བཏབ་པའི་དུས་ལ་བབ་པ་ཡིན་ཟེར་བ་དང་། ཁོང་གིས་[page 303] བཏབ་ས་གར་ཡོད་དགོངས་མ་ཐག་ཏུ་བུད་མེད་དེས་ཆོས་རྒྱལ་མྱ་ངན་མེད་པའི་མཆོད་རྟེན་གྱི་རྩར་སོང་དང་ལུང་བསྟན་གཅིག་འོང་། ལམ་ན་བུད་མེད་གོས་སྔོན་ཅན་གྱིས་བཤོལ་ན་དེའི་ངག་ལ་མ་ཉན་ཟེར་བ་རྨིས། ནངས་པར་གཟིམ་ཁང་དུ་ཉི་མ་ཤར་བ་དང་། འབྱོན་པར་ཆས་པའི་ལམ་ཁར་སྔར་གྱི་ཞང་སྨན་དེས་བཤོལ་ཡང་དེའི་ངག་ལ་མ་ཉན་ནས། མཆོད་རྟེན་རྩར་སླེབས་པའི་དགོང་མོ་མནལ་ལམ་དུ། མི་ཆེན་པོ་ཐོག་རྩེག་ཙམ་ཞིག་བྱུང་ནས་ཕྱག་འཚལ་བ་དང་། ཁྱོད་གང་ནས་ཡིན་དྲིས་པས་མི་དེས་ལེའུ་མགོ་ནས་ཡིན། ཁྱོད་གདན་འདྲེན་ལ་ཡོང་བ་ཡིན། ཁྱོད་ཀྱི་དགོན་པ་བཏབ་ན་ངའི་ཡུལ་དུ་ཐོབ་དང་། ངས་ཆོས་དང་མཐུན་པའི་སྡོང་གྲོགས་བྱེད་ཟེར། ཁྱོད་ཀྱི་ཡུལ་དུ་ས་ཅི་འདྲ་བ་གཅིག་ཡོད་བྱས་པས། ཕྱག་གཉིས་སྤྲད་མཛུམ་མོ་ཐམས་ཅད་གྱེན་དུ་བསླངས་ནས་འདི་འདྲ་གཅིག་ཡོད་ཟེར། དེས་ན་ངས་དགོན་པ་བཏབ་ན་ས་རྐོ་རྡོ་སློག་ཤིང་བཅད། རོ་བསྲེག རྟ་བཤའ་ཅི་བྱས་ཀྱང་ཁྱོད་ཀྱིས་བཟོད་པ་སྒོམས་བྱས་ནས་དགེ་བསྙེན་གྱི་སྡོམ་པ་སྩལ། མཚན་དུ་དགེ་བསྙེན་བཟོད་པ་རྡོ་རྗེ་བཏགས་སོ། དེ་ནས་འབྱོན་པར་ཆས་པའི་ཚེ་མི་གཅིག་གིས་ནས་ཁལ་ཕྱེད་གཅིག་འབུལ་བ་ལ་རྟེན་འབྲེལ་གྱི་ཆེད་དུ་བྲེ་གང་བཟུང་། དེ་ནས་དཔོན་སློབ་རྣམས་ལྷེ་མུང་དུ་སླེབས་ནས་ཇ་བསྐོལ་བའི་ཚེ་གྲོགས་པོ་རྣམས་ཀྱིས་དགོན་པ་བཏབ་ས་ཅི་ལྟ་བུ་ཞིག་ཡོད་ཞུས་པས། བླ་མས་གཞི་བདག་གི་ཕྱག་རྒྱ་བཅའ་བ་ལྟ་བུ་ཞིག་ཡོད་གསུངས། དེ་ནས་བཙལ་བས་མ་རྙེད་པར་ཉི་མ་ཕྱེད་ཡོལ་ཙམ་ན་ཆུ་མིག་རྩར་སླེབས་ནས་དོ་ནུབ་འདིར་འདུག་གསུངས་པའི་ཚེ། མགར་བ་ཨ་གཅོད་ཀྱིས་རྟ་གཅིག་ཁྲིད་ནས་དོ་ནུབ་ཡུལ་དུ་བྱོན་དང་། ནངས་པར་དགོན་པ་འདེབས་ས་ཤེས་ཟེར། གང་ན་ཡོད་བྱས་པས་གཤམ་འདི་ན་ཡོད་ཟེར་བས་གཟིགས་ཚེ་འདི་འདྲ་མིན་གསུངས། ས་དེ་གསུང་པས་ཨ་གཅོང་ཀྱིས་དེ་ན་དགྲ་ཇག་ཡོད། ལ་ཡང་མཐོ་ཆུ་ཡང་མེད། ལེའུ་མགོ་ལ་རེད་ཟེར་བ་དང་། དེ་ནས་རྗེ་ཉིད་རྟ་དེ་བཅིབས་ནས་ཁྱོད་རང་རྣམས་དལ་བུས་ཤོག་གསུང་ཏེ་ཁོང་མགྱོགས་པོར་བྱོན། ལེའུ་མགོ་ལ་ནགས་ཆེན་པོ་གཅིག་གི་རྩར་སླེབས་པའི་ཚེ། སྤང་ཆེན་པོ་གཅིག་གི་དཀྱིལ་དུ་ན་ཆུང་བདུན་གྱིས་བྲོ་འཁྲབ་པར་གཟིགས་ནས། འདི་རྣམས་རོང་པ་འགའ་ཡིན་སྙམ་པ་དང་རླུང་བསེར་བུ་ཞིག་ཏུ་གྱུར་ནས་ཡལ་བའི་ཚེ། དྲན་པས་ཟིན་ནས་དེའི་མལ་དུ་ཏིང་འཛིན་གྱི་ས་བཟུང་ནས་བཞུགས། དེ་ནས་གྲོགས་པོ་རྣམས་སླེབས་པ་དང་། ནངས་པར་ནས་བྲེ་གང་དེ་སྤང་དེ་གར་ཁྱབ་པར་གཏོར་དང་། ནས་འབྲུ་འདིའི་གྲངས་ཀྱི་བན་དེ་འོང་། བླ་མ་དུང་བཟུང་བ་ཉིས་བརྒྱ་བཞི་བཅུ་འདུས་པའི་རྟེན་འབྲེལ་ཡོད་གསུངས། དེ་ནས་རྒྱུད་འཛིན་བྱང་རྒྱལ་ཡབ་སྲས་ལ་ཐོས་གྲོལ་དབང་ལུང་། ཁྲོ་འབག་ཙ་ཀླི་སོགས་གནང་ནས་བཀའ་གཏད་དོ།
ལྕགས་མདུད་ཐོགས་དོན་ནི། ཤེས་རབ་རྒྱལ་མཚན་གྱིས་ཡུལ་སོ་སོར་མ་ཎི་ཇོ་འཁོར་སོགས་འགྲོ་དོན་མཛད་སྐབས་ཁུ་བོ་དབང་རྒྱལ་གྱིས་རལ་གྲི་གཅིག་ཕུལ་ནས་འདའི་ཇོ་འཁོར་གྱི་སྲོ་ཤིང་བརྡུང་བར་[page 304] ཞུས་པས་གྲི་ཕྱག་ཏུ་བླངས་ནས་གྲི་ལ་མདུད་པ་བརྒྱབ་པས་དེ་ནས་བཟུང་ལྕགས་མདུད་ཅེས་མིང་དུ་གྲགས་སོ། ལྕགས་མདུད་པ་ཀཿཐོག་བྱོནསྐབས་སྲིང་མོ་ལ་ནུབ་འགར་སྐྱེས་པ་ཞིག་རུམ་དུ་འོང་བ། དེའི་མཐེ་མོ་ལ་གྲུ་གུ་ཞིག་བཏགས་པས་དགེ་བརྙེན་དུང་ལོ་ལ་བཙས། ཕྱིས་སུ་སྲས་མཚན་དང་ལྡན་པ་ཞིག་བལྟམས་པ་ན། ལྕགས་མདུད་པ་བྱོན་དུས་སྲིང་མོ་ཨ་ཇོ་མགོ་མ་ཐོན་གསུངས་ནས་བཀའ་བཀྱོན་དྲག་པོ་གནང་། སྲིང་མོ་ནས་རང་གི་བུ་འདི་འཇིག་རྟེན་མི་མིན་གྱི་བུ་ཞིག་སྟེ། བསྟན་པ་དང་སེམས་ཅན་ལ་ཕན་མི་མི་ཐོགས་པ་ཞིག་ཡིན་ན་ཤི་བར་གྱུར་ཅིག ཅེས་དམོད་བོར་ཞིང་སྐར་ཁུང་ནས་རྡོ་གཅལ་སྟེང་དུ་འཕང་སྐབས་སྐུ་ཡི་སྐེད་པ་མན་ཆད་རྡོ་ལ་འདམ་ལྟར་ཟུག་འདུག་པས་ལྕགས་མདུད་རྡོ་རྒྱལ་བ་ཞེས་མཚན་ཐོགས། དེ་ནས་སྲིང་མོ་མ་བུ་ལ་གསེར་རྣམ་ཤན་གང་དང་བ་གཅིག་གནང་ནས་ཁྱོད་མ་བུ་གཉིས་མི་ཉག་ཕྱོགས་སུ་སོང་གསུངས་པ་བཞིན་མི་ཉག་ཕྱོགས་སུ་འགྲོ་སྐབས་གསེར་གཏོར་བཞིན་སོང་བས་མི་ཉག་གསེར་ཕྱེ་ཐང་ད་ལྟའི་བར་དུ་སལ་ཡང་མིང་ཐོགས། བླ་མ་ཞིག་ལ་མོ་བཏབ་པས་པ་ཡིས་ལྷ་སྒོམ་པ་ཡིན་པས་འགྱོད་མེད་གསུངས་པས་བ་ལྷ་སྒོམ་ཞེས་ད་ལྟ་ཇོ་བོ་བཞུགས་ས་དེ་ལ་དེ་ལྟར་ཐོགས་པ་ཡིན། དེའི་སྐབས་སུ་བོན་པོའི་བླ་བྲང་ལ་ནོར་ཆ་ནག་པོ་རྒྱལ་མཚན་ཞེས་པ་རྫུ་འཕྲུལ་མངོན་ཤེས་ཡོད་པ་དེས་ཁྱིམ་པ་རྣམས་ལ། དེ་རིང་ཕ་རིའི་ལམ་དེ་ན་སུ་འགྲོ་ཡང་མངགས་མི་ཉན་ང་ལ་བོས་ཤོག་བྱས། ཉིན་དེར་རྡོ་རྒྱལ་བ་སྟེ་བྱིས་པ་ཆུང་ངུ། འདེས་བ་རྫི་བྱས་བ་དེ་གནས་ནང་ཤོར་བའི་རྗེས་རྡོ་རྒྱལ་ཡང་སོང་ནས་ཡུན་རིང་ཞིག་ལོན་པས། མ་སེམས་བདེ་ནས་མོ་ཡང་སོང་། ནག་པོ་རྒྱལ་མཚན་གྱིས་དྲིས་པར་ཁྱེད་ཀྱི་ཟེར་བ་ལྟ་བའི་རྟགས་ཅན་མ་སོང་། བྱིས་པ་དང་། བ། རྒན་མོ་གསུམ་ཐལ་ཟེར་བས་དེ་རེད་ཟེར་ནས་མགྱོགས་པར་རྟ་ལ་ཞོན་ནས་གནས་ནང་རྩྭ་མཚེར་དུ་སླེབས་དུས། ངའི་རྩྭ་ར་ནང་མ་འདུག་ཟེར་བ་དང་། རྡོ་རྒྱལ་གྱིས་ཁྱོད་ལ་རྩྭ་ར་གང་ན་ཡོད། འདི་ངའི་ས་ཡིན་གསུངས་པ་དང་། ནག་པོ་རྒྱལ་མཚན་ཁྲོས་ནས་ཁྱོད་ལ་ངའི་ས་དེ་རང་དགར་འཕྲོག་མི་འཇུག ངེད་གཉིས་གྲུབ་རྟགས་འགྲན་དགོས་ཟེར་ནས། རྟ་ལས་མར་བབས་སྟེ་ལྕག་ཚན་སྟེང་དུ་རྡོ་རྗེ་སྐྱི་ཀྲུང་བཅའ་སྐབས། རྡོ་རྒྱལ་བ་རྩྭ་འཇག་མའི་སྟེང་དུ་སྐྱིལ་ཀྲུང་བཅས་པས་བོན་པོས་ས་ཤོར་སོང་། དེ་ནས་བ་ཉི་མ་འགའ་འཚོ་སྐབས་ཉིན་གཅིག་བ་དེ་ལྕང་མ་ཞིག་ལ་ཐིམ་པས། མ་བུ་གཉིས་སེམས་སྡུག་ནས་ལྕང་མ་དེ་གཅོད་སྐབས་མགོན་པོས་གཏེར་ཆོས་རྣམས་རྙེད། ལྕང་རྒན་དེ་ད་ལྟར་ཡང་འཇལ་རྒྱུ་ཡོད། སླར་བཱཿགནས་ནས་ཞང་པོ་ལྕགས་མདུད་པའི་དྲུང་དུ་བྱོན་ནས་གཏེར་ཆོས་རྣམས་ཕུལ། ལྕགས་མདུད་པས་མགོན་པོའི་བསྙེན་སྒྲུབ་ཚད་ལྡན་འཛད། སླར་སྨིན་བྱེད་ཀྱི་ཐོག་མ་དེ་ཨ་ལྕགས་ལྷུན་གྲུབ་རྒྱལ་མཚན་ལ་གནང་ནས་ཤྲཱི་མ་ཧཱ་ཀ་ལ་དུང་ཕྱུར་བཏོན། ལྷ་སྲིན་སྡེ་བརྒྱད་བྲན་བཞིན་དུ་འཁོར་བ་ཡིན་ནོ། དེ་ལྟར་རྡོ་རྒྱལ་ཡུམ་སྲས་གཉིས་ཀྱང་འཇིག་རྟེན་མི་ཡི་ཟོལ་དུབསྟན་ཡང་ཕལ་པའི་སྤྱོད་ཡུལ་ལས་འདས་ཚུལ་ཡུམ་[page 305] སྲས་བ་དང་བཅས་པའི་ཞབས་རྗེས་འསལ་བོར་ཡོད། ལྕགས་རྐང་དངགནས་ནང་བ་ཤིང་ཐིམ་ཞེས་ད་ལྟར་ཡང་མཇལ་རྒྱུ་ཡོད་པས་ཀུན་ཀྱིས་ཡིད་ཆེས་པ་དང་། ཁྱད་པར་བ་བདག་ཐུབ་པ་མོའམ། མཁའ་འགྲོ་བྷ་ར་སེང་ཧ་གནས་ནང་སྒྲུབ་ཕུག་ཏུ་བཞུགས་ནས་འཇའ་ལུས་གྲུབ་པར་གྲགས་སོ།
ལྕགས་མདུད་རྡོ་རྒྱལ་པའི་དཔོན་རབས་སྐབས། རྡོ་རྒྱལ་བའི་ཡབ་དུང་ལོ། དེའི་ཡབ་རྨ་རྒྱལ་སྤོམ་ར། དེའི་ཡབ་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ཡིན་པས། རུས་རྒྱུད་ལྷ་ལས་ཆད་པ་ཡིན་ན། རྡོ་རྒྱལ་པའི་བཙུན་མོ་ཁྲོམ་ཁྲི་དཔོན་རྒྱལ་པོའི་བུ་མོ་ཁབ་དུ་བཞེས་ནས། དེའི་སྲས་གྲུབ་ཆེན་མྱུ་གུ་རྒྱལ་མཚན་དང་། ལྕགས་མདུད་ཀླུ་འབུམ་རྒྱལ་ཡིན། རོང་པོ་ནམ་མཁརརྒྱལ་མཚན་གྱི་ལུང་བསྟན་ལས། ཀླུ་མཁའ་སྐྱིད་དུ་ ཉག་གི་རྒྱལ་མཚན་བཙུགས་ཞེས་ཀླུའི་མིང་ཅན་ལྕགས་མདུད་ཀླུ་འབུམ་རྒྱལ། བློན་པོ་ཉག་གི་ལོ་ཅན་ཨ་སྐ་བླུ་འབུམ་ཏོག་ཅེས་ཁོང་གཉིས་ཀྱིས་ཕྱོགསབཞིའི་དགྲ་མགོ་མནན་པས། ཉག་སེང་ཆེན་ཁོག་པ་ལྕགས་ཀྱིས་བཟུང:མགོན་བོ་ཚོགས་ཀྱི་བདག་པོ་བྲན་དུ་འཁོར་ཞེས་རོང་སྟོན་ལྕགས་རྣའི་ལུང་བསྟན་པ་བཞིན་ནོ། རྡོ་རྒྱལ་པའི་དཔོན་རབས་རགས་རིམ་ནི། ལྕགས་མདུད། ཀུན་མགོན་པོ་ནས་ཕུར་བ་མགོན་པོ་སོགས་དཔོན་རབས་མང་དུ་བྱུང་ཞིང་། དེ་ལས་ཉག་ཚའི་རྒྱུད་པ་ནི། ལྕགས་མདུད་བརྡ་ཀེ་ཚང་། ལྕགས་མདུད་ནོར་ཁོག་པ། ལྕགས་མདུད་ཀུ་ལུང་། ལྕགས་མདུད་རྗི་པ་ལི་ཟེར་ཚང་། ལྕགས་མདུད་མ་ལྔ་བུ་དྲུག་ཏུ་གྱེས། གཞན་ཡང་རྡོ་བྲེག་རིག་འཛིནཆེན་པོའི་ཡང་སྲིད་བསྐལ་བཟང་པདྨ་དབང་ཕྱུག གཏེརཆེན་བསོད་རྒྱལ་སོགས་དམ་པའི་སྐྱེས་ཆེན་རྣམས་ཀྱི་འཁྲུངས་ཡུལ་དང་། གནས་འདི་མཁས་གྲུབ་དམ་པ་ཀོང་སྤྲུལ་རིན་པོ་ཆེ་མི་ཕམ་སོགས་ཀྱི་ཞལ་ལུང་རྣམས་སུ་གསལ། ལྕགས་མདུད་འབྲུག་མོ་རྫོང་ནི། སྔོན་གླིང་རྗེ་གེ་སར་རྒྱལ་པོའི་སྐབས་འབྲུ་དགའ་ལྡན་ཆོས་སྐྱོང་བེར་ནག་ཅན་གྱི་གཞུགས་གནས་བླ་མཁར་ཡིན། གཞན་ཡང་དཔལ་རི་མཁྱེན་རྩེའི་གདུང་རབས་གོང་མས་འགྲེལ་ཚུལ་ནི། མགོ་ཞེས་པའི་ས་ཆར་བཀའ་བརྒྱད་ཀྱི་སྒྲུབ་གནས་རྡོ་རྗེ་ཕག་མོས་བྱོན་གྱིས་བརླབས་ཤིང་། སློབ་དཔོན་ཆེན་པོས་ཟླ་བ་དྲུག་ཏུ་སྒྲུབ་པ་མཛད་ཅིང་ལན་བདུན་བྱོན་པའི་ས། གནས་བདག་གཉེན་ཆེན་ཐོད་པ་རྩལ་ཞིས་བྱ་བ། ས་བཅུའི་སེམས་དཔའ་ཆེན་པོ་ཡུལ་ཆེན་ལྷ་མོ་ཀླུ་མོ་གཉེན་མོ་བཞི་དང་སྲས་འཁོར་སྤྲུལ་པ་བཅས་ཀྱིས་བསྐོར་བའི་གནས་སུ་ཕྱིའི་མཚོ་ཆེན་བརྒྱད་ཀྱི་ནང་ན་སྔོ་མཚོ་གོང་འོག་ཅེས་པ་ལྷ་བདུད་མཚོ་གཉིས་སུ་གྲགས་པའི་མཚོ་གོང་མར་བྲག་དཀར་རྒྱ་སྟག་འགྱིང་པ་ལྟ་བུ་ཞིག་ཡོད་དོ། རེ་ཞིག་སྟོད་ནས་འོང་བའི་གཉན་ལྷ་དེའི་བུ་ལྷ་མོ་ཆེན་ཐམ་ཟེར་བའི་མདའ་རྩལ་ལ་ཐོག་པ་མེད་པ་ཞིག་སླེབས་ནས་དེར་བསྡད་སྐབས་མཚོ་གོང་འོག་ཏུ་ཆུ་གླང་གཉིས་འོང་ནས་བརྡུང་བཙོག་བྱས་པས། ཕྱི་ཉིན་མཚོ་གོང་ནས་སྐྱེས་པ་ཞིག་གླང་གཅིག་ཤོས་བདུད་གླང་ཡིན་པས་དེ་ལ་མདའ་རྒྱོབ་ཟེར་བ་ན། ངས་ཧ་མི་གོ་ཟེར་བས་འོ་ན་ངས་མཚོ་གླང་ལ་མེ་ལོང་བཏགས་ཟེར། ཕྱི་ཉིན་དེ་བཞིན་མེ་[page 306] ལོང་མེད་པ་ལ་མདའ་རྒྱབ་པས་ཆུ་གླ་མཚོ་ནང་མཆོངས། ལྷ་རྒྱལ་བདུད་ཕམ་ཀི་བསྭོའི་སྒྲ་ཆེན་པོ་གྲགས། དེ་ནས་སྔར་གྱི་སྐྱེས་པ་དེ་འོང་ནས་ཁྱོད་ལ་བརྔན་པ་སྟེར་བས་སང་ཉིན་བྲག་སྟེང་འདིར་སྲོག་ཆགས་འཇིགས་སུ་རུང་བ་ཅིག་འོང་། རབ་ལག་པ། འབྲིང་མདའ། ཐ་མ་ཡང་བྱེ་མ་སྤར་གང་གཏོར་ཐུབ་ན་ཁྱོད་ལ་དངོས་གྲུབ་ཐོབ་ཟེར། ཕྱིན་ཉིན་འབྲོང་ཆེན་པོ་ཞིག་བྱུང་བས་ཐེ་ཚོམ་གྱིས་སའང་གཏོར་མ་ནུས། དེའི་ཕྱིན་ཉིན་སྟག་ཆེན་པོ་ཞིག་བྱུང་བས་དེ་བཞིན་ཅི་ཡང་མ་ནུས། དེ་ནས་སྔར་གྱི་སྐྱེས་པ་དེ་འོང་ནས་ཁྱོད་ལྟ་བའི་མི་ཐབས་སྡུག སྔར་གྱི་འབྲོང་དང་རྒྱ་སྟ་དེ་ངེད་ཀྱི་བུ་མོ་ཆུང་བ་འབྲིང་བ་ཆོས་རྒྱུད་དང་། མི་བརྒྱུད་ཀྱི་དབང་ཐང་དར་ཞིང་སྔར་སུ་ལའང་མ་སྦྱིན་ཡང་ཁྱོད་ཀྱིས་གོ་མ་ཆོད། དེ་ནི་བུ་མོ་ཆེ་བ་དེ་རྨ་རྒྱལ་སྤོམ་ར་ལ་སྦྱིན་ཚར། སླར་ཡང་དེ་མངག་འོང་། དེ་ལ་སྔར་བཞིན་ཅི་ཡང་མ་བྱ་མ་ནུས་ན་དངོས་གྲུབ་མེད་ཟེར། དེའི་ཕྱི་ཉིན་རེ་འབྱམས་ཤིག་བྱུང་བ་དེར་བྱེ་མ་སྤར་གང་གཏོར་ནས་བུད་བུད་མེད་ཡིད་དུ་འོང་བ་ཞིག་ཏུ་གྱུར། དེ་དང་ལྷན་དུ་མཉམ་དུ་བསྡད་ནས་བུ་ཞིག་ཀྱང་བཙས་པས་ལོ་གསུམ་འཁོར་བའི་བཙས་སྟོན་བྱེད་སྐབས་རྨ་རྒྱལ་སྤོམ་ར་འོང་ནས་ཆུང་མ་ཤོར། དེ་ནས་བུ་དེ་དང་མཉམ་དུ་བསྡད། ཀླུ་ཟོག་དང་ཀླུ་རྟ་ཡང་བགོས་སྐལ་བྱིན་ནས་བུ་དེ་ཆེར་སོང་། དེ་ནས་མོ་སྐྱིན་དུ་རྨ་རྒྱལ་སྤོམ་རའི་སྲས་དགེ་བསྙེན་དུང་ལོ། དེའི་སྲས་ལྕགས་མདུད་རྡོ་རྒྱལ་བའི་རྒྱུད་པ་ལྕགས་མདུད་རི་ནུབ་ཚང་གི་བུ་མོ་ཞིག་གཞི་བདག་གིས་ཁྱེར་ནས་དེར་སླེབས་པས་བུ་དེ་དང་ཁྱིམ་ཐབས་བྱས་ཤིང་སྨ་ཁོག་ཏུ་ཏུས་ས་བཟུང་། ཝ་ཤུས་ལ་མགོ་བཏགས། ལྕང་མོའི་བུ་མགོ་བཏགས། མགོ་ལ་ཤོག་ཝ་ཤུལ་རྣམས་མངའ་འོག་ཏུ་བསྡུས་ནས་ལྕང་མོ་མགོ་ལོག་ཞེས་ད་ལྟའི་བར་དུ་མིང་ཐོགས་པ་ཡིན་ནོ།
བླ་སྤྲུལ་གྱི་གདུང་རབས་ནི། ཤེས་རབ་རྒྱལ་མཚན་གྱི་ལུང་བསྟན་ལྟར། ཨ་ལྕགས་ལྷུན་གྲུབ་རྒྱ་མཚོ་ནས་བཟུང་བླ་མ་ཆོས་ཀྱི་དུང་འབུད་པ་བརྒྱ་དང་བཞི་བཅུ་བྱོན་པ་ཡིན་ནོ། ལྕགས་མདུད་རྡོ་རྒྱལ་གདུང་རྒྱུད་ལས་འཁྲུངས་པའི་བསྟན་པའི་ཉིན་བྱེད་དབང་པོ་ཉག་རྗེ་བླ་མ་ཀརྨ་རིག་སྔགས་གྲུབ་པའི་དཔའ་བོ་འཇིགས་མེད་ཆོས་ཀྱི་སེང་གེའོ། གྲུབ་ཆེན་པད་མ་བདུད་འདུལ་ནི། རྣམ་ཐར་ཤེལ་གྱི་མེ་ལོང་ལས། རལ་གྲི་བྲག་ལ་བདུད་འདུལ་མིང་ཅན་འབྱུང:་ཨོ་རྒྱན་གླིང་དུ་བསྟན་པའི་རྒྱལ་མཚན་འཛུགས་ཞེས་ཤེས་རབ་རྒྱལ་མཚན་གྱི་ཡང་སྲིད་དུ་སྐུ་འཁྲུངས། མདོ་སྔགས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་ཟབ་གཏེར་དུ་མ་བཞེངས། མཐར་འཇའ་ལུས་འོད་སྐུར་གཤེགས། ལྕགས་མདུད་སྤྲུལ་སྐུ་ཞིང་སྐྱོང་རྒྱལ་མཚན་ནི་ཉག་སྟོད་ཨ་གསེ་རྟའུ་ཚང་ལ་འཁྲུངས། འབའ་གླིང་བྱང་དཀར་དགོན་དུ་བྱོན་ནས་སྒྱ་དཔོན་སྤྲུལ་སྐུ་བསྟན་འཛིན་ནོར་བུའི་ཞབས་ལ་གཏུགས། ཨ་ཚེ་པདྨ་རྒྱལ་མཚན་ནི། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་སློབ་ཆེན་ཡོན་ཏན་རྣམ་གསུམ་ལས། བུ་ང་ལས་ཡོན་ཏན་ཨ་ཚེ་པདྨ་རྒྱལ་མཚན་ཆེ། གསན་བསམ་གྱི་ཡོན་ཏན་མཐར་ཕྱིན་ནས་མཧཱ་པཎྚི་ཏའི་མཚན་ཐོགས་པ་དེས་[page 307] དགོན་དུ་རྒྱུད་གསང་བ་རྙིང་པོ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་སོ། བླ་མ་རང་གྲོལ་རྡོ་རྗེ་ནི། གྲུབ་ཆེན་པདྨ་བདུད་ལྕགས་མདུད་དགོན་དུ་བཞུགས་སྐབས་སྤྲེལ་ཟླའི་ཚེས་བཅུ་ཉིན་གནས་མཆོག་ཤང་ལང་བྲག་དཀར་ནས་འཛམ་བུ་ཆུ་གསེར་བ་རྡོལ་ནས་འཇའ་སྣ་མང་པོ་ལྕགས་མདུད་དགོན་ལ་ཟུག གྲུབ་དབང་རིན་པོ་ཆེས་བླ་མ་རང་གྲོལ་རྡོ་རྗེ་ལ་འཛམ་བུ་ཆུ་གསེར་རྫུ་འཕྲུལ་གྱིས་སྒོ་ནས་བུམ་པ་གང་བླངས་དགོས་པའི་བཀའ་གནང་བ་བཞིན་བླངས་ནས་ད་ལྟར་སྐུ་འདྲ་དང་གྱང་རིས་སྐུ་འབག་སོགས་ལ་བྱུག་ཡོད། ལྕགས་མདུད་དགོན་བླ་བྲང་ཁག་གསུམ་ཡོད་པ་ལས་བསྟན་པ་དེ་དང་སེམས་ཅན་ལ་ཕན་ཐོགས་པའི་བླ་མ་མང་པོ་བྱོན། ལྕགས་མདུད་དགོན་བླ་བྲང་ཁག་གསུམ་ཡོད་པ་ལས་བསྟན་པ་དེ་དང་སེམས་ཅན་ལ་ཕན་ཐོགས་པའི་བླ་མ་མང་པོ་བྱོན། ལྕགས་མདུད་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱི་ཡང་སྤྲུལ་སྤྲུལ་སྐུ་ཐུབ་ལ་ནི་ཁྲོམ་དགེ་ཟླ་བ་སྒྲོན་མེའི་སྲས་སུ་འཁྲུངས། དགུང་ལོ་བཅུ་དྲུག་ལ་ལྕགས་མདུད་དགོན་པའི་མི་འཇིགས་གདོང་ལྔའི་ཁྲི་ལ་བཀོད། སྤྱི་ལོ་༡༩༥༥ལོར་ལྷ་ས་ནས་རྒྱ་གར་ལ་བྱོན། དེ་ནས་ཨ་མེ་རིག་ཀ་ལ་བྱོན་ནས་ད་ལྟར་ལྕགས་མདུད་དགོན་པའི་དགོན་ལག་བཅུ་གཉིས་ཙམ་བཏབ་སྟེ་སངས་རྒྱས་ཀྱི་བསྟན་པ་ཕྱི་རྒྱལ་ལ་སྤེལ་ནས་བསྟེན་འགྲོའི་དོན་མཛད་བཞིན་མཆིས།
སྤྲུལ་སྐུ་སྙན་གྲགས་ནི། ཤེས་རབ་རྒྱལ་མཚན་གྱིས་དགོན་པ་ས་འདུལ་མཛད་སྐབས་མཐོང་སྣང་ལ་ཆོས་ཀྱི་དུང་འབུད་པའི་བླ་མ་བརྒྱ་དང་བཅུ་གསུམ་གྱི་ནང་ཚན་ལྕགས་མདུད་བླ་མ་གཏེར་ཆེན་ཀློང་གསལ་སྙིང་པོའི་ཆོས་བདག་བླ་མ་རིག་འཛིན་གྱི་ཡང་སྲིད་དུ་ངོས་བཟུང་། མཆོག་སྤྲུལ་ཚུལ་ལོའི་ཞབས་ལ་གཏུགས་ནས་གསན་བསམ་མཐར་ཕྱིན་མཛད། མཁས་གྲུབ་ཀྱི་གོ་འཕང་མཐོན་པར་གཤེགས། དུས་ཕྱིས་གསང་བ་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་སྤེལ་ནས་མདོ་ཁམས་སྨད་ལ་མཆོག་གི་ཞལ་སློབ་ཏུ་གྱུར་བ་ཕྱིན་དུ་མང་ཞིང་། གནས་ལུགས་རྟོགས་པའི་སློབ་མ་མང་དུ་བསྐྱངས། མཚན་དོན་དང་མཐུན་པས་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ། ཤིང་ཕོ་ཁྱི་ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་གཤེགས་སོ།།
ཀཿཐོག་པའིམཐའ་རྟེན་དུ་ལྕགས་རི་རྒྱ་སྒོའི་མདུད་པ་ཚུལ་དུ་ཡོད་པར་ཆོས་རྗེས་འབྲུ་ཚ་སྒང་པ་བརྩོན་འགྲུས་འབུམ་གྱིས་རབ་བྱུང་ལྔ་པའི་ལྕགས་ཡོས་ལོར་དགོན་པ་བཏབ་ནས་མདོ་སྒྱུ་སེམས་གསུམ་འཆད་ཉན་གྱི་རྒྱུན་སྤེལ། དེ་རྗེས་འཇང་དམག་གིས་བཅོམ། དེ་རྗེས་ཤེས་རབ་རྒྱལ་མཚན་གྱིས་རབ་བྱུང་བརྒྱད་པའི་ལྕགས་ཕག་ལ་དགོན་ཉམས་གསོ་མཛད་དེ་སྔར་ཡོད་ཀྱི་སྟེང་དུ་ལྷ་ཁང་བཅུ་གསུམ་བཞེངས། ཨོ་རྒྱན་ལྷུན་གྲུབ་གླིང་ཞེས་པའི་མཚན་གསོལ། སྔ་འགྱུར་བཀའ་གཏེར་གྱི་འཆད་ཉན་སྤེལ་བ་དང་། ཆོས་རྗེ་ཤེས་རབ་རྒྱལ་མཚན་ཉིད་ཉག་ཁྲི་སྡེ་བརྒྱད་ཀྱི་དབུ་བླ་གནང་ནས། ཉག་གི་གྲྭ་པ་ཐམས་ཅད་དུས་གཅིག་ལ་ལྕགས་མདུད་དགོན་པར་འཚོགས་པ་དང་། ཁྱད་པར་དུ་མདོ་སྨད་ཀྱི་སྤྱི་ཁྱབ་ཆེན་པོ་ལྕགས་མདུད་རྡོ་རྒྱལ་བ་སྟེ་ཉག་རོང་གི་བླ་དཔོན་གཉིས་ཀ་ཚ་ཞང་གཉིས་ཡིན་པས། ཉག་རོང་དགོན་ཁག་ཐམས་ཅད་ལྕགས་མདུད་དགོན་པའིདགོན་ལག་ལྟ་བུར་གྱུར། རྟེན་གྱི་གཙོ་བོར་སྔར་ཤེས་[page 308] རབ་རྒྱལ་མཚན་གྱི་ཐུགས་སྲས་རྡོ་རྗེ་རྒྱལ་མཚན་གྱིས་རྒྱུ་སྨན་འདམ་ལས་བཞེངས་ཤིང་རྗེས་རབ་གནས་མ་ཕྱིས་པདྨ་བདུད་འདུལ་གྱིས་འཛམ་གླིང་ཆུ་གསེར་གྱི་གསེར་ཆབ་གསོལ་བ། བསམ་ཡས་མེས་འཇིག་སྐབས་དགོན་འདི་མེས་འཇིག་ཀྱང་གུ་རུའི་སྐུ་ལ་མ་གནོད་ཅིང་། ཐོག་ལན་བདུན་ཕོག་ཀྱང་ན་བཟའ་ཙམ་ལའང་གནོད་པ་མ་བྱུང་བར་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གུ་རུ་གསུང་འབྱོན་དེ་དང་། དེའི་འཁོར་དུ་གུ་རུ་མཚན་བརྒྱད་ཀྱི་བརྙན་ལས་མཚོ་སྐྱེས་རྡོ་རྗེའི་སྐུ་བརྙན་ཕུན་ཚོགས་དགོན་དུ་འཕུར་ནས་དེར་བཞུགས་པའི་གཞན་བདུན་དང་། མགོན་པོ་ཚོགས་བདག་གི་བེང་། སྐོར་ཁང་གི་འཁོར་ཆུང་ལས། དུས་ཆེན་སྣམས་སུ་སིདྡྷི་རང་སྒྲ་གྲགས་པ་ལས་གཅིག་གོ་འབྱམས་དགོན་དུ་འཕུར་བ་དུང་འཁོར་གྱི་ནང་བཞུགས་སུ་བྱས། གཞན་ཡང་རྗེ་ཤེས་རབ་རྒྱལ་མཚན་གྱིས་བཞེངས་པའི་རྡོ་རྗེ་འཆང་ཐོག་རྩེག་མ་དང་འཁོར་གྲུབ་ཆེན་བརྒྱད་ཅུ། ཉིད་ཀྱི་གཏེར་ནས་དྲངས་པའི་སྤྱན་རས་གཟིགས་ཀྱི་སྐུ་མཐོང་བ་ཀུན་གྲོལ། པད་འབྱུང་རྒྱ་ནག་མ། རྒྱ་ནག་རྒྱལ་པོས་ཕུལ་བའི་སིལ་སྙན། རོལ་མོ་རྡོ་ཏིག་མ། གསེར་དངུལ་གྱིས་བྲིས་པའི་འབུམ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཤིན་ཏུ་མང་པོ་བཞུགས་པ་ལ་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ནས་རབ་གནས་དང་སྨིན་གྲོལ་གནང་། སྨིན་གྲོལ་གླིང་པ་དམག་གིས་བརླགས་པའི་རྗེས་སོག་པོ་ཇུན་གར་དམག་ཉག་ཡུལ་དུ་ལྷགས་ཏེ་གྲུབ་མཐའ་ཆགས་སྡང་གིས་བཀའ་བརྒྱུད་དང་རྙིང་མ་ལ་ཤིན་ཏུ་སྡང་བས་ལྕགས་མདུད་དགོན་དུ་གྲྭ་སྟོང་ཕྲག་མང་པོ་འདུས་པའི་དགོན་ཆན་དུ་གྱུར་པའི་སྐབས་དགོན་པ་བཅོམ། དེ་རྗེས་ཡང་སྐྱར་བསྐྱར་གསོ་བྱས། བླ་མ་པད་མ་བདུད་འདུལ། སྤྲུལ་སྐུ་སེམས་དཔའ་རྡོ་རྗེ་སོགས་བྱོན་ཏེ་སྨིན་གྲོལ་གནང་། ཨ་ཝ་བླ་མ་དང་། སྙན་གྲགས་གཉིས་ནས་བཀའ་འགྱུར་ལུང་སྔ་ཕྱི་ལན་གཉིས་གསུངས། གོང་སྨྲོས་ཤེས་རབ་རྒྱལ་མཚན་གྱི་ལྕམ་སྲིང་རིགས་ལས་ད་བར་བྱུང་བའི་བླ་བྲང་ཁག་གསུམ་གྱི་བླ་རབས་རྣམས་ནས་དགོན་འདིའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། ད་ལྟའི་འདུ་ཁང་གསར་པ་འདིའི་ཕྱིའི་བཀོད་པ་བནང་གི་རི་མོ། དྲི་གཙང་ཁང་གི་འཇིམ་སྐུ་ཆེན་པོ་དང་། འཇིམ་སྐུ་ཆུང་བ་ལྔ་བརྒྱ། བཀའ་འགྱུར། རྙིང་རྒྱད། གཏེར་མཛོད་ཐམས་ཅད་མས་གྲོང་བླ་མ་འགྱུར་མེད་རིག་འཛིན་ནས་ཕྱག་རྫས་དང་ཐུགས་ཁུར་བཞེས་པ་ལས་བྱུང་བ་ཡིན།
ཚོགས་དུས་མཆོད་སྐོར་ལ། མཁན་ཆེན་པདྨ་རྒྱལ་མཚན་སོགས་ཀྱིས་རྒྱུད་གསང་བ་སྙིང་པོ་ལ་སོགས་བཤད་སྒྲུབ་རྒྱ་ཆེར་སྤེལ། གཞན་ཡང་ཀར་ཀླིང་ཞི་ཁྲོ། བདུད་འདུལ་ཕུར་པ། གུ་རུ་དྲང་པོ་རབ་འབར་གྱི་སྒྲུབ་ཆེན། ཕྱི་བླ་མ་སྟར་སྒྲུབ་པའི་བཛྲ་གུ་རུ་ཡི་སྒྲུབ་གྲྭར་སྔར་མཚམས་པ་མི་བཅུ་ཡོད། ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ། མ་ཧཱ་ཡོ་ག་སྒྲུབ་སྡེ་བཀའ་བརྒྱད་བདེ་གཤེགས་འདུས་པ། ཨ་ཏི་ཡོ་ག་བླ་མ་གསང་བ་འདུས་པའི་སྒྲུབ་མཆོད་ཚེས་བཅུ་བཅས་ཁུངས་ཐུབ་ཡོད། ན་རོག་དོང་སྤྲུག་ལས་རབ་གླིང་པའི་ཕུར་པ་ཡང་གསང་ཁྲོས་པ། སྨིན་གླིང་རྡོར་སེམས། ཀར་གླིང་ཞི་ཁྲོ། རིག་འཛིན་[page 309] ཐུགས་ཐིག་སོགས་ཀྱི་སྒྲུབ་པ་ཡོད། བྱང་དཀར་དགོན་གྱི་སྨིན་གླིང་ཕྱག་ཆ་ཚང་དགོན་འདིར་བཞུགས་པ་གླིངསྟོད་སྤྲུལ་སྐུའི་ཐུགས་ཁུར་མཛད་པའི་བཀའ་དྲིན་ལས་བྱུང་བའོ། ད་སྐབས་གཙུག་ལག་ཁང་ཉམས་གསོ་དང་། སྐུ་གསུང་ཐུགས་རྟེན་བསྐྱར་བཞེངས་བྱས། དགེ་འདུན་འདུས་པའི་སྡེ་ནས་དགེ་ཚུལ་སློང་གསར་བསྐྲུན་དང་། ཆོ་གའི་ཕྱག་ལེན་དག་ཐེར་བྱས། བཀའ་གཏེར་གྱི་དུས་མཆོད་འཚོགས། སྤྱི་ལོ་༡༩༩༣ཧོར་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ལ་ཆོས་རྗེ་མཁན་འཇིགས་མེད་ཕུན་ཚོགས་མཆོག་གདན་དྲངས་བ་བྱོན་ནས། བླ་མ་ཨ་འཇམ་གཙོས་བླ་གྲ་ཡོངས་ནས་སྔོན་ལྕགས་མདུད་རྡོ་རྒྱལ་བ་གཏེར་ནས་སྤྱན་དྲངས་གནང་རོགས་ནན་ཟབ་ཞུས་ཚེ། སྐུ་རྗེས་དེ་རེ་ཞིག་མི་མངོན་ཡང་ཞབས་རྗེས་དེ་རྟེན་འབྲེལ་ཉེས་སེལ་ཚོགས་འཁར་གྲངས་མང་ཐོན་དང་། ལོན་འོང་གསུངས་པས། རྗེ་ཅི་སྐད་གསུངས་བ་ལྟར་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་ཞབས་རྗེས་ངོ་མཚར་བ་དེ་འབད་མེད་དུ་རྙེད། རྗེས་དེ་ཉིད་ཀྱིས་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་ལ་རབ་གནས་མཛད་སྐབས། མགོན་པོ་ཚོགས་བདག་གིས་ཚོགས་བསྡུས་ཚིགས་བཞི་ཞིག་དག་སྣང་ངང་གསུངས། དེ་ནས་ཤར་གྱི་རྡོ་རིང་མདུན་བྱོན་སྐབས་རྡོ་རིང་རྩེ་ནས་གཏེར་ཞིག་བླངས་ཏེ་ཟུར་ན་ཡོད་པའི་མི་རྣམས་ཀུན་གྱི་མཐོང་ཆོས་སུ་གྱུར།
དགོན་འདིའི་བླ་གྲྭ་གྲངས་ནི། སྤྱི་ཚོགས་རྙིང་པའི་སྐབས་དགེ་འདུན་པ་བརྒྱ་དང་ཉི་ཤུ། བླ་སྤྲུལ་བདུན་ནཡོད། སྤྱི་ཚོགས་གསར་པའི་སྐབས་གྲྭ་པ་དགུ་བཅུ། སྒྲུབ་གྲྭར་རྒྱུན་བཞུགས་པ་བཅུ། སྤྲུལ་སྐུ་ཐུབ་པ་ཡབ་སྲས་ད་ལྟ་ཕྱི་རྒྱལ་དུ་ཡོད་པ་བཅས་བླ་མ་སྤྲུལ་སྐུ་ལྔ་ཡོད་དོ།།
ཉག་ཨ་ཛི་རོང་གིས་ཇ་བཟི་དགོན་གསང་སྔགས་བདེ་ཆེན་ཆོས་གླིང་ཞེས་བྱ་བ་ནི། གྲུབ་རྗེ་པདྨ་བདུད་འདུལ་དང་པོ་སྐུ་འཁྲུངས་ནས་འཇའ་ལུས་མ་གྲུབ་ཀྱི་བར་དུ་སོར་སྐྱེས་ཀྱི་རྟོགས་པ་སྤུ་ཙམ་མེད་པ་ཕྱོགས་ཀུན་དུ་ཀྱབ་བརྡལ་དུ་སོང་བ་ཡིན། སྔོན་དུས་ནས་གྲུབ་ཆེན་པད་མ་བདུད་འདུལ་གྱིས་གྱ་བཟི་དགོན་དང་བཞག་རྙིང་བསམ་གཏན་དགོན་པ་གཉིས་བཏབ་ན་ལེགས། ཞེས་པ་དེ་ལ་གཞིར་བཟུང་ནས་བན་རྒན་བཅུ་གསུམ་གྱིས་ཞི་བ་དགོན་པ་ལ་གསང་རྒྱ་མཛད། ངེད་རྣམས་ལྷ་ཆ་མཆོད་ཆ་སྣ་རེ་ལམ་ཁྱེར་རྒྱུ་བྱ་ཟེར། གྲྭ་རེ་རེ་ནས་འཁར་རྔ་ཇ་རྔ་ཚོགས་བདག་གི་འབག་མགོན་ཁང་སྤྱན་གཟིགས་བོད་མདའ་སོགས་ལྐོག་ནས་ཁྱེར་ཏེ་ཕྱིན་ཆད་ཞི་བ་དགོན་དུ་མི་འཚོགས་རྒྱུའི་ཐག་བཅད། པད་མ་བདུད་འདུལ་གྱི་བཀའ་ལ་བརྟེན་ནས་གྱ་བཟི་ཐང་ལ་དགོན་པ་བཏབ། མགོན་པོ་རྣམ་རྒྱལ་གྱི་མཁར་སྐྱ་ཕོ་བྲང་མེས་འཚིགས་རྗེས་རབ་བྱུང་༡༤བའི་མེ་སྟག་ལོར་མཁར་འོག་བཅས་ནས་ལྷ་ཁང་བྱས་སོ། གྲུབ་[page 310] མཐའ་རྙིང་མ་ཡིན། བྱང་ལྟ་སྟོན་པའི་སྐུ་དང་མཆོག་ཟུང་སོགས་སྒྲུབ་སྡེ་བཀའ་རྒྱད་སོགས་དང་། རྒྱང་མཐོང་ཁར་གྲུབ་ཆེན་བརྒྱད་ཅུ་སོགས་བཞེངས། པདྨ་བདུལ་འདུལ་གྱིས་རབ་གནས་མཛད། ཀོང་སྤྲུལ་དང་མི་ཕམ་ནས་ལྷ་ཁང་ལ་ཕྱག་ནས་གཏོར་ཏེ་རབ་གནས་རྟེན་བཞུགས་མཛད། སྐལ་དགོན་བསམ་གཏན་དགོན་དང་གྱ་བཟི་དགོན་གཉིས་སྐལ་དགོན་གྱི་དགོན་ལག་ཡིན། ཀ་ཐོག་པའི་དགོན་ལག་གསུམ་དུ་བརྩིས་ཡོད། པདྨ་བདུད་འདུལ་གྱིས་ལྷ་ཁང་གསར་བཞེངས་ཀྱི་ཆག་ཆག་བཏབ། ལྷ་ཁང་ཞིང་ཆེ་ཆུང་དང་གྲྭ་ཁང་བཅས་ཀྱི་རྒྱ་ཆེ་ཆུང་སོགས་ཕྱག་གིས་ཕུར་པ་བཏབ་ཅིང་ཕྱག་ནས་འཐོར། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནས་ཕུར་པ་ཡང་གསང་ཁྲོས་པ་བསོད་རྒྱལ་གྱིས་གཏེར་མ་དེ་ཇ་བཟི་དགོན་དུ་དགུ་གཏོར་འཛུགས་དགོས་དགོས་གནས་ཆུང་ཆོས་རྒྱལ་གྱིས་ལུང་བསྟན་ལྟར་ཡིན། སྨན་ལྷའི་སྐུ་ལི་མ་གསེར་སྐུ་གྲུ་གང་བ། གནམ་ལྕགས་ཀྱི་ཕྱར་པ་ཕྲ་མེན་ཉི་ཟེར་མ། རྡོ་དྲིལ་བྱ་ཤང་ཤང་ཅན་དང་ཡང་རྡོ་དྲིལ་རྩེ་དགུ་ཅན་སྤུས་ལྡན། སིལ་སྙན་འཛམ་གླིང་གཞན་བཞག་གསེར་དངུལ་གྱི་མཆོད་ཆ། གསེར་གྱི་མེ་ལོང་། གོས་རྒྱན་བཞི། འཆམ་གོས་བཅུ་ཙམ། ཞྭ་ནག་སྟོད་ཁེབས་ཁྲོ་མཐུ་ཡོལ་བ་མདོ་སྡེ་སོགས་མང་དུ་གནང་། ཕུར་པའི་དབང་ལུང་ཁྲིད་སོགས་གནང་བའོ། བསེད་རྒྱལ་གྱི་གདུང་མཆོད། བསྙེད་གནས། དབྱར་གནས། སྒྲུབ་གྲྭ། ལོ་གཅིག་ལ་ཞག་བརྒྱ་ཙམ་སྒྲུབ་པ་ཡོད། ཇ་བཟི་དགོན་པའི་རྒྱབ་ཕྱོགས་ལ་ཨ་ནེ་རང་གྲོལ་མཚན་པའི་གནས་ཞིག་ཡོད། དེ་ལ་ཕྱག་སྐོར་བྱས་ནས་གནས་སྐབས་གྲིབ་ནད་སེལ་ཞིང་མཐར་སྡིག་སྒྲིབ་བྱང་གསུངས། གནས་དེའི་བྱང་ཕྱོགས་སུ་ཕ་བོང་ཆེན་པོ་ལ། སྨྱོ་ཤུལ་ངག་དབང་བསྟན་འཛིན་གྱི་ཞབས་རྗེས་ངོ་མཚར་ཅན་བཞག་པ་དེང་སྐབས་མཇལ་རྒྱུ་ཡོད། རྗེས་ལ་གེ་སར་གྱིས་ས་དེར་ཁོང་ལ་ཞལ་གཟིགས་ནས་གེ་སར་གསོལ་མཆོད་དགོན་པ་ནས་རྒྱུན་འདོན་གྱི་གེ་སར་མཆོད། དེས་བསྟན་པ་དར་བར་ཡོངས་སུ་གསུངས། དེའི་རྟེན་འབྲེལ་གྱིས་དེང་སང་གྱ་དགོན་དེ་གེ་སར་འཆམ་དར་བའང་བྱུང་ཞེས་གླེང་། གནའ་དུས་ན་གྲྭ་བ་སུམ་བཅུ་ཙམ། སྒྲུབ་པ་དེ་རྣམས་སྤྱི་རྐང་གིས་ཚོགས་པ་ཡིན། ཡོན་ཁ་ཐམས་ཅད་ཀྱིས་རྟེན་བཞེངས་དང་ལས་ཀ་ཐམས་ཅད་དེ་ལས་བྱུང་བ་ཡིན། སྤྱི་རྐང་ཐམས་ཅད་ཐེབས་བཞག་རང་གཞན་ལ་སློང་བ་ཟུར་ནས་བཞག་པ་ཡིན། གྲྭ་ཚོགས་ལ་ཡོན་ཁ་བགོ་རྒྱུ་གཏན་ནས་སྲོལ་མེད་ཡིན། རྗེས་སུ་གསེར་འབག་དངུལ་འབག ཟངས་གསེར་གྱི་གུ་རུ་རྩག་འཐེན་ཁྲུ་དགུ་མ། ཟངས་གསེར་གྱི་སྐུ་གདུང་རྩེག་འཐེན་དང་། གསེར་གྱི་སྐུ་གདུང་སོགས་ཚང་མ་བརླག ཀཿཐོག་དགོན་སྐལ་བཟང་དགོན་པ་དང་མ་དགོན་བུ་དགོན་ལྟ་བུ་ཡིན། ཡོན་བདག་དུད་གྲངས་100ཡོད་པ་བཅས་སོ།། །།
[page 311] གླག་བྲག་རྫོང་ཁམས་གསུམ་ཟིལ་གནོན་རབ་རྒྱལ་བསམ་གྲུབ་གླིང་ནི། མདོ་ཁམས་དམར་རྫ་སྒང་གི་མངའ་ཁོངས་ཉག་ཨ་འཛི་རོང་གི་ཡུལ་ལ་རྨེ་གླག་ཤོད་གསུམ་ཞེས་པའི་ཡ་གྱལ་གླག་རག་མོ་གཤོག་པ་བརྒྱང་འདྲའི་ས་དབྱིབས་ལས་མིང་གླག་ཁོག་ཟེར་བའི་ས་ཆ་ལ། བྲག་ལྷ་རྫོང་ཟངས་མདོག་དཔལ་གྱི་རི་བོ་སྐུ་གསུམ་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་མདུན་ཞོལ། ཆུ་ཕྲན་དྭངས་ལ་གཙང་བ་དལ་གྱིས་འབབ་བའི་འདུས་མདོ་དེ་ན་སྤང་ལྗོངས་ངོས་སྙོམས་ཤིང་ཡིད་དུ་འོང་བའི་མཐིལ་དུ་ཆགས་ཡོད་པས་ཡུལ་མིང་དང་གནས་མིང་དགོན་ལ་ཆགས་པས་གླག་བྲག་རྫོང་དགོན་ཞེས་ཐོགས།
ཡུལ་འདིར་སྔོན་རབ་བྱུང་བཞི་པ་ཙམ་ལ་ཀཿཐོག་པའི་ལུང་བསྟན་བུ་བཞིར་གྲགས་པའི་དང་པོ་འབྲུ་ཚ་སྒང་པ་བརྩོན་འགྲུས་བཟང་པོ་བྱོན་ནས་རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས་ཀྱིས་སྤེལ། བཀའ་མདོ་སྒྱུ་སེམས་གསུམ་ཤིན་ཏུ་དར་རོ། ཉག་ཡུལ་དུ་རྒྱལ་མཚན་བཅུ་གསུམ་བྱོན་པར་གྲགས་པའི་ཡ་གྱལ་གསལ་བུའི་ཉི་མ་རྒྱལ་མཚན་གཙོས་སློབ་ཚོགས་དང་ལྷན་དུ་འདྲ་མདོ་མང་དགོན་པ་བཏབ་པའི་ཤུལ་ད་ལྟ་ཚེ་ལུང་མདོ་ན་སྣང་། ཐ་ཤང་ཐང་ཞེས་པར་བཀའ་བརྒྱུད་པའི་དགོན་པ་ཀྱང་ཆགས་མྱོང་ཟེར་ཡང་ད་ལྟ་ཤུལ་ཡང་མི་འདུག གཞན་ཡང་གླག་སྨད་ཕྱོགས་ལ་རི་ཁྲོད་དང་དགོན་པ་འཇིག་ཤུལ་མང་པོ་ཡང་ལོ་རྒྱུས་གསལ་པོ་བཤད་ཤེས་མཁན་མི་འདུག གསའ་བུའི་ཡ་གྲོང་མ་གྲོང་བར་འཁྲུག་རྩོད་བྱུང་སྟེ་ཡུལ་གྱལ་གྱིས་ཚང་མ་ཕང་ལ་སྤྱོར་བའི་ཁང་ཤུལ་དང་ཞིང་ཤུལ་ཤིན་དུ་མང་པོ་འདུག་པ་ལ་དཔག་ན་དེ་དུས་ཙམ་ན་དགོན་པ་དང་རི་ཁྲོད་རྣམས་ཀྱང་སྟོང་བར་མངོན། ད་ལྟའི་དགོན་པ་ཆགས་ས་འདི་སྔར་ལྕང་གླིང་ཞིག་ཡིན་ལ་རྒྱབ་ཀྱི་གནས་རི་དེར་ནགས་ཚལ་ཡོད་པ་ཞིག་ཡིན་པ་ལ་དཔལ་ལྡན་མཁྱེན་རབ་པ་ཞེས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པ་ཞིག་བཞུགས་ཏེ་སློབ་མའི་ཚོགས་དུ་མ་བདུས་པ་ལ་སྤྱོད་བཇུག་ཚར་བཅུ་གསུམ་གསུངས། ཐང་ཤིང་འོག་ཏུ་དབྱར་གནས་བཞུགས་སྐབས་དབྱར་ཁས་ལེན་མཁན་དགེ་ཚུལ་སློང་བཅུ་དྲུག་འདུས། བླ་མས་གནས་བརྟན་བཅུ་དྲུག་གི་གྲངས་དང་ཚུལ་མཐུན་པའི་སྟེན་འབྲེལ་བཟང་། མ་འོངས་པ་ན་ཆོས་འདུལ་བའི་བསྟན་པ་དར་བ་འོང་ཞེས་ལུང་བསྟན། གནོད་སྦྱིན་ཛམ་ནག་གི་སྤྲུལ་བར་གྲགས་པ་འགག་ཚབ་རིག་འཛིན་གྱིས་འུ་ཅག་གི་ཆོས་གླིང་འདོན་དགོས་པ་དང་བན་རྒན་རྣམས་དེར་ཐག་རིང་བས་མི་སླེབས། རང་གི་ས་ཆ་ལ་དགོན་པ་ཆུང་ངུ་ཞིག་བཞེངས་རྒྱུ་ཡིན་བཟླས་པས་ཉག་སྐེད་དཔོན་གྱིས་རྩིས་ཆེ་བས་དེ་བཞིན་ཆོག་ཅེས་གནང་བ་སྦྱིན། དེ་ནས་དབྲུ་མདོ་དང་གྱིར་མདོ། བྲག་རྫོང་མདོ་གསུམ་ནས་ས་སྣ་གསུམ་ཐུམ་བྱས་ཏེ་རྫོགས་ཆེན་མི་[page 311] འགྱུར་ནམ་མཁའི་རྡོ་རྗེ་མདུན་ཁྱེར་ནས་ལུང་བསྟན་ཞུ་སྐབས། ཁོང་གིས་དབྲུ་མདོར་ཆགས་ན་དུས་གཅིག་ལ་བླ་མ་གསེར་ཞྭ་ཅན་བརྒྱ་རེ་དང་གྱིར་མདོ་ལ་ཆགས་ན་སྔགས་པ་ཕུར་ཐོགས་ཅན་བརྒྱ་རེ། བྲག་རྫོང་མདོར་ཆགས་ན་དགེ་སློང་ཆོས་གོས་ཅན་བརྒྱ་རེ་འབྱུང་གསུངས་པས་རང་ཡུལ་དུ་ཕེབས་ཏེ་བླ་སེར་རྣམས་གྲོས་མོལ་གནང་ནས་ལ་ལས་བླ་མ་གསེར་ཞྭ་ཅན་ཡོང་ས་དེ་དགའ་ཟེར། ཡང་ལ་ལས་སྔགས་པ་ཕུར་ཐོགས་ཅན་ཡོང་ས་དེ་དགའ་ཟེར། འགག་ཚ་རིག་འཛིན་གྱིས་བསྟན་རྩ་དགེ་སློང་ཉིད་ཡིན་ན། དགེ་སློང་ཉིད་ཀྱང་དཀའ་བར་གནས། ཞེས་སྤྱོད་འཇུག་ལས་གསུངས་པ་བཞིན་འདིར་དགའ་གསུངས་པས་ཐམས་ཅད་ཁ་འཆམས་གྲོས་མཐུན་ཏེ་ཆུ་རྡོ་ལྷ་ཁང་ཞེས་རྩིག་པ་ཆུ་རྡོས་བྱས་པའི་ལྷ་ཁང་ཀ་རིང་བཞི་པ་ཞིག་བཞེངས་ཏེ་མཚན་ལུང་རྟོགས་བསྟན་དར་གླིང་གསོལ།
བཞེངས་པའི་དུས་རབ་བྱུང་བཅུ་བཞི་པར་ཡིན་ཡང་ལོ་འདི་ཞེས་མ་ངེས། ནང་གི་རྟེན་གཙོ་བོ་རིག་འཛིན་ཆོས་རྒྱལ་གླིང་བའི་གནམ་ལྕགས་རྡོ་རྗེ་གཏེར་མ་ཞིག་དང་། ཉང་ཏིང་འཛིན་བཟང་པོའི་ཆོས་གོས། ཁང་གདོང་མགོན་པོ་དབང་རྒྱལ་གྱིས་བྲག་རྫོང་ནས་གཏེར་བླངས་པའི་སྒྲོལ་མའི་སྐུ་མཐོ་གང་གི་ཚད་ཙམ་པ། ཐུབ་པ་འབྲུམ་བཞེས་མ་ཞེས་མི་ཚད་ཙམ་པ་དེ་སྔོན་ཡུལ་འདིར་ལྷ་འབྲུམ་ནད་ཡམས་བྱུང་དུས་ཐུབ་སྐུས་འབྲུམ་ནད་བཞེས་པས་ཡམས་ནད་ཀྱི་རྒྱུན་ཅད་པར་གྲགས། གུ་རུ་ནམ་མཁའ་ཀུན་གཟིགས་ཞེས་པ་མི་ཚད་ཙམ་མཇལ་བ་པོས་གང་ནས་མཇལ་ཡང་དེར་གཟིགས་པ་ཞིག
སྤྱན་རས་གཟིགས་ཕྱག་སྟོང་བྱིས་པ་ལོ་བདུན་པའི་ཚད་ཙམ། གནས་བརྟན་བཅུ་དྲུག་ཕྱག་ཁྲུ་གང་གི་ཚད་ཙམ་བཅས་འདམ་སྐུ། ཐུབ་པའི་མཛད་པ་བཅུ་གཉིས་ཀ་ཐག་གཅིག་དང་བསམ་ལྷུན་ཀ་ཐག་གཅིག གྲུབ་ཐོབ་བརྒྱད་ཅུ་ཀ་ཐག་གཉིས་བཅས་ཀྱི་རས་གཞི་ཐང་ཁའི་སྡེབས་བྲིས་བཞུགས། གསུང་རྟེན་བཀའ་འགྱུར་ཚར་གཅིག་བཞུགས། བླ་སེར་ཞལ་གྲངས་བཞི་བཅུ་ཙམ་རེས་ཆོ་འཕྲུལ་ཟླ་བ་ནང་གཏེར་ཆོས་ཚང་བའི་སྨིན་གྲོལ་སྤེལ་ཅིང་ཐོས་གྲོལ་གྱི་སྨོན་ལམ་བཙུགས། ས་ག་ཟླ་བ་ནང་བསྙུང་གནས་ཆ་བརྒྱད་དང་དབྱར་ཟླ་ཐ་ཆུང་དབྱར་གནས་བཅས་ལེགས་པར་བཙུགས། དེ་རྗེས་གདན་ས་སྐྱོང་བ་པོ་གནུབས་ཟུར་མཁན་པོ་ཐུབ་བསྟན་སྐལ་བཟང་རྒྱ་མཚོ་ཡིན། རབ་བྱུང་བཅོ་ལྔ་པའི་ཆུ་མོ་ལུག་གི་ལོ་ལ་སྔོན་གྱི་ཆུ་རྡོའི་ལྷ་ཁང་གི་ཟུར་ན་ཀ་རིང་བརྒྱད་པ་ཀ་བ་བརྒྱད་ཅུའི་ས་ཁྱོན་ཕྱི་ལྟར་འདུལ་བ་ལས་གསུང་པ་བཞིན་གཙུག་ལག་ཁང་གཙང་ཁང་སྒོ་བེབས་བཅས་པ། ནང་ལྟར་རྒྱལ་བ་རིགས་ལྔའི་ཞིང་བཀོད། གསང་བ་ལྟར་ན་དཔལ་རི་པདྨ་འོད་ཀློང་གི་གཞལ་མེད་ཁང་ཕུན་སུམ་ཚོགས་པ་ཞིག་བཞེངས་ཏེ་བཀྲ་ཤིས་པའི་གཙུག་ལག་ཁང་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་པ་མདོ་དང་གཞལ་ཡས་ཁང་མཐོང་གྲོལ་ཆེན་མོ་ཞེས་སྔགས་ལུགས་ཀྱི་མཚན་གསོལ།
དགོན་པའི་སྒྲིག་འཛུགས་ལ་རྒན་པ་ལྔ་དགོན་དཔོན་གཅིག་བཅས་མི་དྲུག་གིས་ལོ་ལྔ་ལ་དགོན་[page 312] བཅའ་ཁྲིམས་སོགས་སྤྱིའི་དབང་ཆ་ཁྲིམས་བཤད་སོགས་དགོན་གཞུང་གི་འགན་འཁུར་དང་། ཁྲིམས་འགལ་ལ་བཤགས་ཇ་སྐམ་ལྔ་རེ་ཆད་པ་དང་། གྲྭ་བ་ཡུལ་གྱར་ན་གྲྭ་ཁང་དགོན་གཞུང་གིས་ལེན་པ་དང་། གྲྭ་ཚོགས་ལས་རྒན་པའི་སྤྱི་བ་མ་གཉིས་རེས་ཁུར་རྒྱུ་དང་། རྒྱུ་རྩ་འགྲོ་སོང་བདག་གཉེར་བྱ་རྒྱུ་སོགས་ཡིན། དེའི་འོག་གི་དགེ་བསྐོས་བརྒྱད་ལོ་གསུམ་རེ་ལ་དགུན་ཆོས་ཕུར་སྒྲུབ། སྨོན་ལམ་གཏོང་སྒོ་བྱས་ནས་འཚོགས་དགོས་པར་མ་ཟད། སྤྱོད་འཇུག་དང་ཞིང་སྒྲུབ་གཉིས་ལ་འགན་ཁུར་དགོས། རྒྱུན་གྱི་གསོ་སྦྱོང་སོགས་ལ་འགན་ཁུར་དགོས། དངུལ་སྒོར་ཁྲི་བརྒྱད་ཀྱི་རྒྱུ་རྩ་ཡོད། སྤྱིར་དགོན་པའི་གྲྭ་ཚོགས་དུས། ཁ་ཟས་རང་རང་གིས་འཁྱེར་དགོས། དེ་ནི་བླ་མ་གནུབས་ཟུར་དང་ཆོས་འགྲུབ་ཀྱི་ཕྱག་སྲོལ་ཡིན། ཁྱོན་གྲྭ་བཞི་བཅུ་ཞེ་གཅིག་ཙམ་རེ་ལས་འགན་ཅན་ཡིན། ཆོས་ལྡན་ཚོ་བ་འདིའི་མདའ་དཔོན་སྤྲུལ་མདོ་བ་ཚང་ཡིན། སྐྱ་དེ་ཡུལ་བའི་སེར་མོ་དགོན་དཔོན་ཡིན། སྤྲུལ་མདོ་ཚུལ་ཁྲིམས་ཀྱིས་ལོ་སུམ་ཅུ་ཙམ་འགན་འཁུར་དང་སྤྱི་པ་སོགས་དེས་གཙོ་བོར་མཛད་ནས་བསྐོ་བཞག་བྱས། ལྷ་རིག་སྡེ་ཚོ་བ་གཅིག་ལ་དུད་ཚང་སུམ་བརྒྱ་ལྷག་ཡོད་ཀྱང་རྨེ་བ་ཁྱིམ་དུད་སུམ་ཅུ་དང་། ཨ་བུ་ཞོ་ཐ་ཁྱིམ་དུད་བཅོ་བརྒྱད་མི་ཉག་དུ་ཕྱིན་པ་དང་། ཁྱིམ་དུད་ལྔ་བཅུ་ང་བདུན་ཙམ་ཡུལ་འཁྱར་སོང་བས་ཤུལ་དུ་ཁྱིམ་ཚང་ཉིས་བརྒྱ་ཙམ་ཡོད།
རབ་བྱུང་16པའི་ནང་མེ་ཤོར་ཏེ་གཙུག་ལག་ཁང་གི་ཕྱིའི་བཀོད་པ་ཐམས་ཅད་མིས་འཇིག་དེ་ནས་གཙུག་ལག་ཁང་གི་རྣམ་པ་གསར་དུ་བཞེངས་པའི་འགྲོ་སོང་སྒོར་མོ་ཁྲི་དངུལ་བདུན་ཅུ་དོན་གཉིས་ཙམ་བཏང་སྟེ་རྒྱུ་ཚེགས་གང་ཐད་ལ་དཀའ་ལས་ཆེན་པོ་བྱུང་ཡང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལ་ཆོས་སྡེ་ཡུལ་འབངས་དང་བཅས་པས་རོགས་རམ་ཆེན་པོ་བྱས་ནས་རབ་བྱུང་བཅུ་བདུན་པའི་ས་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་། སེ་ར་ཡང་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ། ཤུག་སྒང་ཀྵུ་སྤྲུས་ཆོས་ཀྱི་ཉི་མ། གནུབས་ཟུར་སྤྲུལ་སྐུ་སྒྲ་དབྱངས་དབང་ཕྱུག་རོང་ཐ་སྤྲུལ་སྐུ་དཔོན་མཆོག་རྒྱལ་མཚན། ཡང་སྲིད་གཞན་ཕན་ཟླ་བ་སོགས་གདན་དྲངས་ནས་བླ་སེར་ཉིས་བརྒྱ་ཙམ་གྱིས་རབ་གནས་ལེགས་པར་འཚོགས། གཙུག་ལག་ཁང་གི་ཕྱིའི་བཀོད་པ་སྔ་མ་ལྟར་གསར་དུ་བཞེངས་བ་ལེགས་པར་གྲུབ་སྟེ་ནང་རྟེན་གཙང་ཁང་ནང་དུ་སྟོན་པ་འདམ་སྐུ་ཁྲུ་དགུ་ཅན་དེ་བཞེངས་པར་ཧྲེ་གསམ་པས་ཡོན་བདག་བྱས་པ་དང་། མཁན་ཆེན་ཞི་བ་འཚོ་ཧྲེ་དང་པོ་དང་སློབ་དཔོན་ཧྲེ་གཉིས་པ་དང་ཆོས་རྒྱལ་རྒྱ་སྐོ་རྡོ་ཆོས་ཁྱིམ་ཚང་གཉིས་ཀྱིས་ཡིན་བདག་བྱས་ནས་འདམ་སྐུ་ཁྲུ་བརྒྱད་ཙམ་རེ་བཞེངས་པ་དང་། ཉེ་སྲས་བརྒྱད་ལས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་མཉམ་ལས་གསུམ་པས་ཡོན་བདག་བྱས་ནས་འདམ་སྐུ་མི་ཚད་ཙམ་རེ་དང་། ཚོགས་ཁང་ནང་སྟོན་པ་རག་སྐུ་གསེར་འགྱུར་ཕོག་པ་དང་རྒྱན་དྲུག་བཅས་ཆབ་མདོར་མཁར་བའི་ཁྲུ་ལྔ་ཚད། བྱང་སྐུ་འབུམ་[page 314] ས་བླུས་པ་སྐུ་གདུང་ཆ་བརྒྱད་རག་བླུག་མ་ཁྲུ་བཞི་ཙམ་རེ་དང་། འདམ་སྐུའི་མནས་བསྟན་བཅུ་དྲུག་ཁྲུ་གང་ཙམ་རེ་དང་། བཀའ་ཆོས་སྡེ་དགེ་པར་མ་གཅིག ཐང་ག་བཅུ་གསུམ་ཙམ་གྲུབ། རྒྱ་མཐོངས་ཁ་ནུབ་ཕྱོགས་སུ་ཐུབ་པ་གཙོ་འཁོར་གསུམ་འདམ་སྐུ་ཁྲུ་ལྔ་རེ་དང་། གཡས་ཕྱོགས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་འདམ་སྐུ་ཁྲུ་ལྔ་རེ་དང་། གཡས་ཕྱོགས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་འདམ་སྐུ་ཁྲུ་ལྔ་ཙམ་དང་། ཆོས་འགྲུབ་དང་དབོན་པོའི་འདྲ་སྐུ་ཁྲུ་གསུམ་ཙམ་རེ་དང་། གཡོན་ཕྱོགས་བྱམས་པའི་འདམ་སྐུ་ཁྲུ་ལྔབ་སོགས་ཤིན་དུ་མང་།
ཚོགས་དུས་མཆོད་ལ། ཟླ་བ་དང་པོའི་ཚེས་གཅིག་ནས་ཉིན་བདུན་ལ་སྨོན་ལམ། ཟླ་བ་བཞི་པའི་ཚེས་བཅོ་ལྔ་ནས་ཉིན་བཅུ་དྲུག་བར་བསྙུང་གནས། ཟླ་བ་ལྔ་པའི་ཚེས་གཅིག་ནས་ཉིན་བརྒྱད་ལ་བཀའ་མ་སྒྲུབ་ཁག་བདུན་འཚོགས། ཟླ་བ་དྲུག་པའི་ཚེས་བཅུ་བཞི་ནས་ཉིན་སྔ་བཅུ་ལ་དབྱར་གནས། སྟོན་ཟླ་བ་དགུ་པའི་ནང་སྤྱི་སྲུང་ཉིན་བཅུ་དང་། བོད་ཟླ་བཅུ་གཉིས་པའི་ནང་དགུ་གཏོར་ཆེན་མོ། གསོ་སྤྱོང་བཅས་རྒྱུན་དུ་ཡོད། བྱ་ཚེ་རིང་དང་མུ་གཉིས་ནས་སྦྱར།
ཊཱིཀྐ་དྲུག་བསྟོད་ནོར་བུ་གླིང་ནི། ཉག་ཨ་འཛི་རོང་གི་སྟོད་ཆར་དགེ་བསྙེན་ཁ་བ་ལུང་རིའི་མདུན་ཞོལ་རྫ་ཆུ་སྔོན་མོའི་གཡོན་ཟུར་ན། ཡུལ་སྐད་དུ་བརྡ་གེ་ཞེས་གྲགས་པའི་བྱེ་བྲག་ཁྲི་ཚོགས་སྒང་ཝཾ་འགོ་ཞེས་པར། རབ་བྱུང་བཞི་པ་ཙམ་ལ་ཨ་སི་པདྨ་རྒྱལ་མཚན་གྱིས་དགོན་པ་ཆུང་ངུ་ཞིག་བཏབ་པར་གྲགས། ཨ་སི་པདྨ་རྒྱལ་མཚན་ཡུལ་ལ་ལྷ་མཁར་ཞེས་པར་འཁྲུངས། ཀཿཐོག་འབུམ་པ་རྣམ་གསུམ་གྱི་ཡ་གྱལ་བསོད་ནམས་འབུམ་པའི་ཞབས་ལ་བསྟེན་ནས་བཀའ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་མནོས། སྒྲུབ་པ་མཛད་པས་གྲུབ་པའི་རྟགས་ཐོན། རྫུ་འཁྲུལ་ལ་ཐོགས་པ་མེད་པ་བྱུང་ཞིང་སྐུ་ཚེ་སྨད་ལ་ཁྱུང་བྲག་རྫོང་དུ་བཞུགས་ནས་འོད་ཕུང་དུ་དེངས་ཞེས་ངག་རྒྱུན་འདུག། རྟོགས་ལྡན་ནམ་མཁའ་རྒྱ་མཚོ་ནི། རབ་བྱུང་བརྒྱད་པ་ཙམ་ལ་ལྷ་མཁར་གྲོང་ཞེས་པར་སྐུ་འཁྲུངས། ཡབ་ཀྱིས་སྲས་ཀྱི་རིམ་གྲོར་འབུམ་དག་འདོན་ཚར་བརྒྱ་བྱེད་པའི་ཆ་རྐྱེན་བསྒྲུབས་པས་འབུམ་བརྒྱ་སྐྱབས་ཞེས་མཚན་ཐོགས ཀཿཐོག་ཏུ་དཔལ་འབར་ནམ་མཁའ་རྒྱལ་མཚན་དང་དྲུང་བརྩོན་འགྲུས་འབུམ་པ། ལྕགས་མདུད་ཤེས་རབ་རྒྱལ་མཚན་སོགས་ཀྱི་ཞབས་པད་བསྙེན་ནས་བཀའ་གཏེར་སྨིན་གྲོལ་རྫོགས་པར་ཞུས། ཁྱད་པར་དུ་ཀརྨ་གླིང་པའི་ཞི་ཁྲོའི་བསྐྱེད་རྫོགས་དམར་ཁྲིད་དང་བཅས་པ་ཞུས་སྐབས་མཚན་རྟོགས་ལྡན་ནམ་མཁའ་རྒྱ་མཚོ་གསོལ། རྫོགས་རིམ་བར་དོ་དྲུག་ཁྲིད་ཀྱི་སྲིད་པ་བར་དོའི་ངོ་སྤྲོད་དམྱལ་སྣང་འཁྲུལ་སྣང་རང་གྲོལ་འཆམ་དང་བཅས་པ་འདི་དཔལ་འབར་བ་ནམ་མཁའ་རྒྱལ་མཚན་གྱིས་ལྕགས་མདུད་ཤེས་རབ་རྒྱལ་[page 315] མཚན་ལ་གདམས། དེས་རྟོགས་ལྡན་ནམ་མཁའ་རྒྱ་མཚོ་ལ་གདམས་ནས་ད་ལྟའི་བར་མ་ནུབ་པའི་དམྱལ་འཆམ་གྱི་སྲོལ་འདིའོ།། དམ་པ་འདི་སྣང་སེམས་ལ་རང་དབང་ཐོབ་ཅིང་རྫུ་འཕྲུལ་ལ་མངའ་བརྙེས་པས་གནས་ཆེན་ཁ་བ་ལུང་རི་རྩེར་འཕུར་ལྡིང་མཛད་ཅིང་སླར་ལྷ་མཁར་རང་ཁྱིམ་སྒོ་རྩར་བབས་རྡོ་ལ་ཞབས་རྗེས་བཞག་པ་དང་སྒྲུབ་ཕུག་ཟུར་དུ་ཕྱག་རྗེས་བཞག་པ་སོགས་ད་ལྟ་མངོན་སུམ་སྣང་། དགོན་འདིར་བསྟན་པ་རྒྱ་ཆེར་བསྐྱངས་བར་མ་ཟད། གནས་དང་ནོར་ཁོག་དགོན་ཨ་བསེ་འབྲུག་ཏིལ་སོགས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་ཅེས་ངག་རྒྱུན་འདུག དེ་ནས་དགོན་ས་དེར་འཐུང་ཆུ་ཐག་རིང་པའི་རྐྱེན་གྱིས་ཉག་ཆུ་ཉག་ཆུའི་གཡས་ཟུར་སྦ་ཞབས་ཟེར་བའི་ཡུལ་དུ་དགོན་པ་གསར་སྤོས་མཛད་ནས་ལོ་དུ་མ་སོང་རྗེས་ཉག་བཙན་ཁོ་ཤོར་གྱིས་གནོད་པས་སླར་ཡང་སྤོ་དགོས་བྱུང་སྐབས་སྤོ་ཡུལ་དགོན་ས་བརྡ་གེ་གྲོང་སྟོད་ལ་ལེགས་ཉེས་འདྲི་མི་ཨ་གནན་ནས་སྤུག་དང་རྔ་ལུ་འབྲུག་གྲགས་གཉིས་ཀཿཐོག་རྨོག་གྲུབ་ནམ་མཁའ་ཆོས་དབང་མདུན་ལུང་བསྟན་ཞུ་བར་ཕྱིན། བླ་མའི་ཞལ་ནས། འོག་མིན་གཉིས་པ་ཊཱཀྐི་འབུམ་ཚོའི་གླིངཿ ཉིན་མོར་མི་འདུ་མཚན་མོར་ལྷ་འདྲེ་འདུཿ ཆོས་སྐྱོང་མངོན་སུམ་རྒྱུག་པའི་འཆམ་རབ་དརཿདགེ་འདུན་བརྒྱ་ཕྲག་བཅུ་འདུས་སྨོན་ལམ་ཡོདཿཡོད་ཅེས་དང་། ཡང་གསང་དབེན་ཡུལ་ཊཱཀྐི་བདེ་ཆེན་ཞིངཿ གུ་རུ་ཡབ་ཡུམ་གསང་བའི་སྒྲུབ་གནས་ཆེཿ ཡོངས་འདུས་དཔའ་བོ་ཕོ་བྲང་ཆེན་པོ་ཉིདཿ ཇི་སྲིད་གནས་བ་དེ་སྲིད་བདེ་བ་འབྱུངཿ ཞེས་མཁའ་འགྲོ་ལྷ་མོ་དཀར་མོས་ལུང་བསྟན་དེ་ལྟར་བྱུང་ཚུལ་གསུངས། ལུང་དོན་དེ་བཞིན་ཨོ་རྒྱན་པདྨས་བྱིན་གྱིས་བརླབས་པའི་གནས་ཆེན་ཧཱུཾ་གི་བྲག་ལ་བེེ་རོ་དང་གཡུ་སྒྲ་སོགས་ཀྱི་སྒྲུབ་ཕུག་ཡོདཅིང་། ཕྱག་མཁར་ལས་སྐྱེས་པར་གྲགས་པའི་ཤུག་སྡོང་ཡོད། གུ་རུས་སྲིན་མོ་བཏུལ་ནས་སྲིན་མོའི་ཀླད་ཁྲག་གིས་མཁའ་འགྲོ་གསང་བའི་བརྡ་ཡིག་བྲིས། མགོན་པོ་ཚོགས་བདག་དངོས་སུ་བཞུགས་པའི་གནས་མཆོག་ཧཱུཾ་བྷྱོ་བྲག་བྱ་ཁྱུང་ལྡིང་གར་རྩེ་བའི་སྤྱི་བོའི་གཙུག་ཏུ་དགོན་པ་སྤོས་ནས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་དབུ་འཛུགས་ཚེ། རྨོག་གྲུབ་རྫུ་འཕྲུལ་གྱིས་དགོན་འདིར་བྱོན་ཏེ་ས་ཚད་རྒྱག་པ་དང་འབྲས་དཀར་གཏོར་བ་མངོན་སུམ་མཐོང་ལ་བྲག་ངོས་སུ་ཞབས་རྗེས་ཀྱང་བཞག དགོན་གནས་འདིར་མཁའ་འགྲོ་མ་དྲུག་གིས་གླུ་གར་གྱིས་བསྟོད་ཀྱིན་ཡོད་པའི་ཉམས་ཤར་བས་ཊཱཀྐི་དྲུག་བསྟོད་ནོར་བུའི་གླིང་ཞེས་མཚན་གསོལ། ངོ་མཚར་བའི་ལྟས་བཟང་པོ་བྱུང་བས་ཀུན་དེད་པའི་གནས་ལ་བཀོད། འདུ་ཁང་རྩེག་གསུམ་ཀ་རིང་བཞིའི་བདག་ཉིད་ཅན་གྱི་འོག་ཏུ་སྟོན་པ་གཙོ་འཁོར་རྩེག་ཚད། གཞན་ཡང་གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས། ཉེ་སྲས་བརྒྱད། རྒྱལ་ཆེན་སྡེ་བཞི་བཅས་འདག་སྐུ་དང་། བར་ཁང་དུ་གསེར་སྐུ་ཆེ་ཆུང་ཐམས་ཅད་སུམ་བརྒྱ་ལྷག་ཙམ་བཞུཊ་ལ་ལི་གཏེར་སོགས་མང་། འབག་ཁང་དུ་འཆམ་འབག་རྣམས་དང་བཀའ་མའི་མཆོད་[page 316] ཁག་བཅུ་དྲུག་གི་གསེར་དངུལ་གྱི་མཆོད་ཆ་ཁ་ཚང་དང་། སྦུབ་ཆལ། སིལ་སྙན། འཁར་རྔ་སོགས་དུ་མ་ཡོད། སྟེང་ཁང་དུ་གསེར་དངུལ་གྱི་བཀའ་འགྱུར་བྲིས་མ་དང་སྟེང་གསེར་ཏོག་རྒྱལ་མཚན་བཞི། རི་དྭགས་ཆོས་འཁོར་བཅས་གསེར་བྱུག་པ་སྤྱས་དག་བཅས་ཡོད། བླ་མ་ཀུན་བཟང་བརྩོན་འགྲུས་སྐུ་རིང་ལ་ཧོར་མ་དཀར་དང་ཡོན་མཆོད་སྤྲེལ་ནས། ལྷ་ཁང་ཀ་བ་བཅུ་དྲུག་ཅན་ཞིག་བཞེངས། ནང་རྟེན་ཟངས་གསེར་ལས་གྲུབ་པའི་སྟོན་པའི་སྐུ་བརྩེགས་ཚད་མ་གཅིག་དང་། འཇམ་དབྱངས། བྱམས་པ་གུ་རུའི་སྐུ་བཅས་ལུས་ཚད་མ་དང་འཛམ་གླིང་གཡས་བཞག་གི་སྟོན་པའི་སྐུ་དང་། སྣང་མཐའི་སྐུ་རིན་ཐང་གཞལ་དུ་མེད་པ། ཇོ་བོ་དང་སྒྲོལ་སྐུ་ཤར་ལི་མ་སོགས་གསེར་སྐུ་བཅུ་གསུམ་དང་། གསུང་རྟེན་བཀའ་འགྱུར་ཆ་བདུན། བསྟན་འགྱུར་ཆ་གཉིས། གཏེར་མཛོད་ཆ་གཉིས། བཀའ་མ། རྙིང་རྒྱུད། བཀའ་འབུམ་སོགས་པོད་བརྒྱ་ལྷག་དང་། སྒྲུབ་སྐོར་སོགས་ཀྱིས་མཚོན་ཁྱོན་པོད་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་ཙམ་དང་། ཐུགས་རྟེན་མཆོད་རྟེན་གསེར་དངུལ་བཀྲ་མ་རྩེག་ཕྱེད་ཙམ་པ་གཉིས་བཅས་བཞུགས་སོ། དགོན་འདིར་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ཏེ་རབ་གནས་མཛད་དེ་ཆོས་འཁོར་བསྐོར། གྲུབ་ཆེན་པདྨ་བདུད་འདུལ་བྱོན་ནས་ཟབ་ཆོས་རྒྱས་པ་གསུངས། དྲི་མེད་ཞིང་སྐྱོང་དང་དགེ་རྩེ་པཎ་ཆེན་བྱོན་ནས་ཀློང་ཆེན་སྔོན་འགྲོ་དང་དངོས་གཞི་ཚོགས་པ་ཡོངས་ལ་ཞིབ་ཁྲིད་མཛད། འབའ་ཕུག་ཆོས་དཔལ་རྒྱ་མཚོ་བྱོན་ནས་རིན་ཆེན་གཏེར་མཛོད་སྨིན་གྲོལ་རྣམས་དང་། ཀཿཐོག་སི་ཏུ་པཎ་ཆེན་ཆོས་ཀྱི་རྒྱ་མཚོ་ལོ་གཅིག་ལ་བཞུགས་ཏེ་སྔ་འགྱུར་བཀའ་མའི་སྨིན་གྲོལ་སོགས་གསུངས་པ་དང་། བཀའ་མའི་ཕྱག་བཞེས་རྣམས་དང་། རྩ་ཁྲོ་གར་གསུམ་སོགས་དག་ཐེར་མཛད། ཨ་གདན་སངས་རྒྱས་ལྷུན་གྲུབ་ཀྱི་སྐུ་རིང་ལ་གྲུབ་པའི་དབང་ཕྱུག་གྲ་མདའ་ཀརྨ་བ་གདན་དྲངས་ཏེས་གཞི་བྱིན་རླབས་དང་ས་འདུལ་མཛད་དེ། གཙུག་ལག་ཁང་ཀ་བརྒྱ་མ་བཞེངས་ཏེ་ཁམས་གསུམ་ཟིལ་གནོན་རབ་རྒྱལ་བསམ་འགྲུབ་གླིང་ཞེས་མཚན་གསོལ། ལོགས་བྲིས་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་དང་། རྒྱུད་སྡེ་དང་ལྷ་གྲངས་ཡོངས་རྫོགས་སོགས་རྟེན་དང་བརྟེན་པ་བཞེངས་གྲུབ་མཐར། མཆོག་སྤྲུལ་རྣམ་རྒྱལ་མདོ་སྔགས་བསྟན་འཛིན་བྱོན་ནས་རབ་གནས་སྐབས་བར་སྣང་ལ་མེ་ཏོག་གི་ཆར་དང་། ས་གཞི་ལ་དྲི་བཟང་འཐུལ་བ་སོགས་ངོ་མཚར་བའི་ལྟས་བཟང་དུ་མ་ཤར།
ཨ་གདན་བླ་མ་བཀྲ་ཤིས་སྐུ་རིང་ལ་གཏེར་ཆེན་ལས་རབ་གླིང་པ་སྤྱན་དྲངས་ཏེ་རང་གཏེར་རྟེན་འབྲེལ་ཉེས་ཡོད་སོགས་སྨིན་གྲོལ་གསུངས། ར་ཧོར་མཆོག་སྤྲུལ་གྱིས་རྒྱལ་བའི་བཀའ་འགྱུར་ལྗགས་ལུང་དང་། ཟུར་ལུཊ་བཀའ་མ་དང་། སྙིང་ཐིག་པོད་གཉིས་ཀྱི་དབང་ལུང་གསུངས། མཁས་མཆོག་ཆོས་འགྲུབ་དྲངས་ཏེ་ཀློང་ཆེན་སྙིང་ཐིག་སྔོན་འགྲོ་བསགས་སྦྱང་ས་ཚད་ལྡན་དང་། ཕྱིས་ལོ་མཁན་ཧོར་མི་དྲངས་ནས་འབུམ་ལྔ་ཚར་བ་རྣམས་ལ་ཁྲིད་དང་གཞན་པ་རྣམས་ལ་སྔོན་འགྲོ་ཟླ་ཤས་གསུངས། ཤར་[page 317] ཀཿཐོག་ཀུན་གཟིགས་མཧཱ་པ་པཎྚི་ཏ་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་མཁས་ཀུན་བཟང་དཔལ་ལྡན། དགེ་འདུན་རབ་རྒྱས་མཁན་པོར་མངའ་གསོལ་ཏེ་དགོན་སྟོད་དུ་བཤད་གྲྭའི་འདུ་ཁང་སོགས་གསར་ཏུ་བཞེངས་ཏེ་གྲྭ་བ་ཉི་ཤུ་ཙམ་ལ་བླ་མ་མི་ཕམ་རིན་པོ་ཆེའི་གཞུང་གཙོས་ཡོན་ཏན་མཛོད་དང་། རྩ་རྒྱུད་གསང་བ་སྙིང་པོ་སོགས་མདོ་སྔཊ་རིག་གནས་དང་བཅས་པའི་བཤད་གྲྭ་གསར་དུ་བཙུགས་ཏེ། གཞུང་བཀའ་པོད་ལྔ་ཐུགས་ཐོག་ནས་འཆད་ནུས་པའི་སློབ་མ་མང་དུ་བྱུང་། མཁན་དེས་ལོ་བཅུ་ལ་འགན་ཁུར་བཞེས། དེ་ནས་མཁན་འཇམ་དཔལ་ཀྱིས་ལས་ཐོག་མཁན་པོའི་ཁུར་འཛིན་སྐབས་སྒྲུབ་གྲྭ་པ་བཅུ་ཕྲག་ཕྱེད་གཉིས་ཙམ་གྱིས་ལོ་གསུམ་ལ་བཀའ་བརྒྱད་དང་མ་ཎིའི་བསྙེན་མཚམས་འདུག་པའི་སྲོལ་ཡོད། དེ་ནས་བར་ཆད་ཀྱི་རྐྱེན་གྱིས་དགོན་པ་མེས་འཇིག་ནས། སླར་ཡང་ཉག་སྟོད་ཤོག་ཁག་ཐམས་ཅད་བསྡུས་ནས་འདུ་ཁང་གོང་མ་ཀ་རིང་བརྒྱད་ཅན་བཞེངས། ནང་དུ་ལོགས་བྲིས་ལ་སྟོན་པའི་སྐྱེས་རབ་རབས་དང་བཀའ་གཏེར་སྒྲུབ་སྟེ་རྒྱུད་སྡེ་བཅས་ཀྱི་ལྷ་གྲངས་ཡོངས་རྫོགས་དང་ཟངས་གསེར་ལས་གྲུབ་པའི་གུ་རུའི་སྐུ་ཐོག་རྩེག་གཉིས་ཅན་དང་། གཞན་ཡང་འདམ་སྐུའི་སྒྲོལ་མ། སྟོན་པ། རྡོར་སེམས། ཚེ་དཔག་མེད་རྩེག་ཆེ་ཚད་ཙམ་སོགས་རྟེན་དང་བརྟེན་པ་གསར་དུ་བཞེངས་བ་སོགས་བླ་མ་བཀྲ་ཤིས་ཀྱི་བཀའ་དྲིན་ལས་བྱུང་བ་ཁོ་ནའོ།
སྤྱིར་སྔོན་རྗེས་མེད་པར་དགོན་པ་འདིའི་བསྟན་རྩ་ཉམས་གསོ་མཛད་པའི་བླ་ཁག་བཅུ་པོའི་མཚན་ཙམ་སྨོས་ན། ཨ་གདན་ཚང་། རི་ཤུས་བླ་མ་བསམ་གཏན་རྡོ་རྗེ་ཟེར་པ་དེ་དམྱལ་སྣང་ལན་གསུམ་བྱོན་ཚུལ་གྱི་ཡིག་ཆ་ད་ལྟ་ཁོ་ན་ཡོད་ཚུལ་ཐོས། རི་ཤུས་ཨོ་རྒྱན་ཆོས་དར་དང་། སྨན་པ་ཚང་། ཨ་ཀྱག་ཚང་། ཀླུ་འགུགས་ཚང་། ལྷ་བཟོ་ཚང་། ཀེ་རེ་ཚང་། ལི་པོ་ཚང་། ལྷ་མཁར་ཚང་། རྔ་ལི་ཚང་། ཨ་རྟའུ་ཚང་གི་བླ་བྲབ་བཙས་སོ། དེ་རྣམས་ལས་གཙི་བོ་ལྟ་བུ་ཨ་གདན་བླ་བྲང་དབོན་བརྒྱད་རིམ་བྱོན་རྣམས་ཏེ། ཨ་གདན་བླ་མ་སངས་རྒྱས་རྒྱ་མཚོ། ཀུན་བཟང་བཅོན་འགྲུས། པདྨ་རྒྱལ་མཚན། ཚུལ་ཁྲིམས་གྲགས་པ། ཨོ་རྒྱན་ཆོས་དར་བཅས་ཤར་ཀཿ་ཐོག་པའི་སློབ་བརྒྱུད་ཁོ་ན་ཡིན། བླ་མ་སངས་རྒྱས་ལྷུན་གྲུབ་ནི། ཉག་སྦ་ལྕགས་རི་ཁྲོད་དུ་ཉག་དཔོན་གྱིས་དབོན་བརྒྱད་ཅུ་བསྡུས་པའི་གྲལ་ནས་ཡིན། ཁྲོམ་མཆོག་སྤྲུལ་སྐུ་འཇིགས་མེད་མདོ་སྔགས་བསྟན་འཛིན་མདུན་དུ་ཀློང་གསལ་སྔོན་འགྲོ་དང་དངོས་གཞི་རྩ་རླུང་མུན་ཁྲིད་བཅས་དང་། བེད་ཆ་སྟོབས་རྒྱལ་མདུན་ནས་ཤར་གཏེར་ཆོས་རྒྱལ་གླིང་པའི་ཟབ་གཏེར་སྲུང་གཏད་བཅས་ཡོངས་རྫོགས་ཞུས་ཏེ་རྟོགས་པའི་རྩལ་རྫོགས། བླ་མ་འདིས་རབ་དགོན་དུ་མ་ཟད་ཉག་ཡུལ་དགོན་སྡེ་ཀུན་ལ་འབག་དང་ལྷ་བཅོས་པ་རྣམས་དེང་སང་ཡང་མང་དུ་ཡོད་པས། ད་ལྟའི་དུས་སུ་དེ་འདྲ་བཅའ་ཚུགས་བཟང་པོ་ཤིན་ཏུ་དཀོན། དེའི་ཚ་བུ་བླ་མ་ཕྲིན་ལས་ནི། ཡབ་ཨ་གདན་ཨ་བཀྲ་དང་ཡུམ་བོ་ཆུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལི་ལ་འཁྲུངས། [page 318] ཆུང་དུས་ནས་རིགས་བཟང་ལ་ཀློག་བསླབ་པས་ཚེགས་མེད་དུ་མཁྱེན། ནར་སོན་ནས་རྫོགས་ཆེན་དགོན་དུ་གྲྭ་སར་ལོ་མང་བཞུགས། སླར་སྨྱོ་ཤུལ་དུ་བླ་མ་ལུང་རྟོགས་ཀྱི་ཉེ་གནས་ལོ་གསུམ་བགྱིས་ཏེ་ཀློང་ཆེན་སྙིང་ཐིག་སྔོན་འགྲོ་དང་དངོས་གཞི་ཡོངས་རྫོགས་གསན་ཏེ་རྟོགས་པ་མཆོག་ལྡན་གྱི་སློབ་མ་བརྒྱའི་གྲལ་ནས་ཡིན་པར་པར་གྲགས། དམ་པ་འདིས་ཀྱང་དགོན་སྡེ་ལོ་མང་ཞིག་བསྐྱངས་མཐར་རྐྱེན་དབང་གིས་ཡུས་འདིར་མ་བཞུགས་པར་དཀར་མཛེས་ཕྱོགས་སུ་ཕེབས་ཏེ། རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ལོར་མྱ་ངན་ལས་འདས། མཁན་ཨ་དགེ་ནི། ཡབ་མགོན་པོ་དོན་ལྡན་དང་ཡུམ་ཨ་བོ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱ་ལོར་དགོན་པའི་སྡེ་མང་རོག་ཡུལ་དུ་བལྟམས། ཆུང་ངུའི་དུས་ནས་ཐེག་ཆེན་གྱི་རིག་སད་དེ་བྱམས་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེས། སྟོང་གཟུགས་ཀྱི་རྣམ་པ་མང་དུ་ཤར། དགུང་གྲངས་བཅོ་བརྒྱད་དུ་ལྐོག་ཐབས་ཀྱིས་ཀཿཐོག་ཏུ་གྲྭ་སར་ཕྱིན། བྱ་ཆད་ཐང་འདབས་སུ་ཕེབས་དུས་སི་ཏུ་ཆོས་ཀྱི་རྒྱལ་མཚན་བྱོན་པ་དང་འཕྲད་ནས་སི་ཏུ་ཡིན་པ་མ་ཤེས་ཀྱང་ཡིད་དབང་མེད་དུ་ཕྲོག་ནས་འདི་སྣང་ཐམས་ཅད་དར་ཅིག་འགག ལུས་མགོ་མཇུག་ལ་ཡང་ཡང་གཟིགས་ནས་ཁྱོད་ཀྱི་ཡུལ་གང་ཡིན་གང་དུ་འགྲོ་གྲོགས་སུ་ཡོད་ཞེས་དྲིས་པ་ལ། ཡུལ་ཉག་དྲུག་བསྟོད་དགོན་ཡིན། ཀཿཐོག་ཏུ་གྲྭ་སར་འགྲོ་གྲོགས་མེད། ངེད་རང་གཅིག་པུ་ལགས་ཞུས། ད་ཁྱོད་ཀཿཐོ་ཏུ་སོང་དང་ཁོ་བོ་ཞག་ཤས་ནས་སླེབས་འོང་གསུངས། ཀཿཐོག་ཏུ་ཕྱིན་རྗེས་སུ་བླ་མ་དེ་སི་ཏུ་རིན་པོ་ཆེ་ཡིན་པར་ཤེས་པས་དགའ་བ་ཚད་མེད་འཕེལ། སི་ཏུ་རིན་པོ་ཆེ་ཕེབས་མ་ཐག་སྐུ་མདུན་ཕྱིན། གཏེར་ཆེན་དྲི་མེད་དང་མཉམ་དུ་གསོལ་ཇ་བཞེས་པ་དང་འཕྲད་དེ་ཁོང་རྣམ་གཉིས་ཐུགས་དགྱེས་ཉམས་ཀྱིས་གསོལ་ཟས་ཕྱེད་བགོས་ཏེ་གནང་ནས་བཤད་སྒྲུབ་ནོར་བུ་ལྷུན་པོར་ཞུགས། ལས་ཐོག་མཁན་ཀུན་མཁྱེན་ངག་དགའ་ཡིན་པས་ལོ་ལྔའི་རིང་དུ་ཉེ་གནས་ཞབས་འབྲང་བྱེད། མདོ་སྔགས་རིག་གནས་དང་བཅས་གཞུང་བརྒྱའི་བཤད་ཁྲིད་ཡང་དག་པར་མནོས་ནས་ཤེས་རབ་ཀྱི་སྤོབས་པ་དཔྱིས་ཕྱིན། སི་ཏུ་རིན་པོ་ཆེའི་མདུན་བདུད་ཀློང་དང་གདམས་ངག་མཛོད་བཀའ་མོ་སོགས་སྨིན་གྲོལ་མང་དུ་མནོས། ཀུན་མཁྱེན་ངག་དགའི་མདུན་ནས་ཡ་བཞི་མཛོད་བདུན་སོགས་དང་། སྙིང་ཐིག་སྔོན་འགྲོ་དང་དངོས་གཞི་སྙན་བརྒྱུད་ཡོངས་རྫོགས་ཞུས། ཚིག་གསུམ་རིམ་ནོད་ཀྱི་བསྙེན་པར་རྫོགས་ཏེ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་སྡོམ་བརྩོན་ཕུལ་དུ་བྱུང་བས་ཀུན་གྱི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སི་ཏུ་རིན་པོ་ཆེས་ལས་ཐོག་མཁན་འབྱོར་ལྡན་དུས་ཁྱེད་སྐྱོར་དཔོན་དགོས། དེའི་ཕྲལ་ཀཿཐོག་གི་རྒྱད་སྡེའི་མཁན་པོ་དགོས་ཞེས་བཀའ་སྩལ་བ་ལྟར་སྐྱོར་དཔོན་བགྱི་སྐབས་རང་དགོན་དམ་ཉམས་འགའི་འགལ་རྐྱེན་ལས་གཞན་དབང་དུ་འགྱུར་ཏེ་བྲོས་བྱོལ་ཚུལ་གྱིས་ལྕང་དཀར་དགོན་དུ་བྱོན་ཏེ་ལོ་བཅུ་དང་། ཛཿཀ་ལོ་གསུམ་མཁན་པོ་མཛད་དེ་གཞུང་ལུགས་མང་པོའི་བཤད་ཁྲིད་མཛད། ཁྲོམ་དགེ་ཡིད་བཞིན་སྤྲུལ་སྐུ་ཨ་རིག་རིན་པོ་ཆེ་[page 319] ལ་ལོ་གསུམ་ལ་དཔེ་ཆ་ཁྲིད་པས་མཁས་པའི་ཡང་རྩེར་སོན། སླར་ཡང་རང་དགོན་དུ་བཤད་གྲྭ་གསར་འཛུགས་སྐབས་ལོ་བཅུར་མཁན་པོ་མཛད་དེ་སློབ་མ་རྣམས་ལས་གཞུང་བཀའ་པོད་ལྔ་ཐུཊ་ཐོག་ནས་འཆད་ནུས་བྱུང་། ར་ཧོར་སྤྲུལ་སྐུའི་མདུན་པོད་གཉིས་དང་བཀའ་མའི་སྨིན་གྲོལ་དང་བཀའ་འགྱུར་གྱི་ལུང་གསན། མཆོག་སྤྲུལ་གོང་མ་ལ་གྲུབ་ཆེན་མུ་ཏྲ་ཛོ་ཀིས་སྙན་བརྒྱུད་དུ་མ་བསྩལ་བའི་ཕྱག་ཆེན་ཁྲིད་གའུ་མ་ཆིག་བརྒྱུད་དུ་བཞུགས་པ་ཛཿཀ་མཆོག་སྤྲུལ་ལ་གསུངས། དེས་ཁྲོམ་མཆོག་སྤྲུལ་སྐུ་ལ་གསུངས། དེས་ལྷག་ལུས་མེད་པ་མཁན་ཆེན་ཉིད་ལ་སྩལ་བ་སོགས་ཐུགས་སྲས་ཀྱི་ཐུ་བོར་གྱུར། གཞན་ཡང་མཁའ་སྤྱོད། གཏེར་ཆེན་དྲི་མེད། ཨ་འཛོམས་འབྲུག་པ། བླ་མ་ཆོས་འགྲུབ་རིན་པོ་ཆེ་དང་མཁན་སྐལ་བཟང་དབང་ཕྱུག་སོགས་དམ་པ་དུ་མའི་མདུན་ནས་ཟབ་དགུ་གདམས་པའི་བདུད་རྩི་མང་དུ་མནོས། དེ་རྣམས་ཐོས་རྐྱང་ཙམ་དུ་མ་བཞག་པར་རྩ་གསུམ་ཡི་དམ་སྐོར་གྱི་སྒྲུབ་ཆོག་ཚན་ལྔ་བཅུ་ལྷག་ལ་མཚམས་བསྙེན་སྒྲུབ་མཛད་པས་ཞལ་གཟིགས་དང་ལུང་བསྟན་བསམ་གྱིས་མི་ཁྱབ། ཁྱེད་པར་དུ་ཀུན་མཁྱེད་བླ་སྒྲུབ་ཐིག་ལེ་རྒྱ་ཅན་ལ་བསྙེན་པ་དུང་ཕྱུར་གཅིག་བཏོན་པས་ཀུན་མཁྱེན་ཆེན་པོས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྔོན་དངོས་སྙན་བརྒྱུད་ཁྱད་པར་ཅན་སྩལ་ནའང་མིག་མེད་ཨུ་པ་དེ་ཤ་ཡིན་པས་དཔེ་ལ་མ་བཀོད་གསུངས། བུ་ཁུ་རི་ཁྲོད་གསར་བཏབ་མཛད་ནས་སྐུ་མཚམས་ཁོ་ནར་བཞུགས། ཐུན་གསེང་དུ་སྐལ་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་ལ་སྔོན་དངོས་སོགས་ཟབ་ཆོས་མང་དུ་སྩལ། མཐར་དྲུག་བསྟོད་དགོན་དུ་གཟིགས་སྐུའི་བཀོད་པ་བསྡུས་ཏེ་ཞུགས་ལ་ཕུལ་བས་གདུང་རུས་གསེབ་ཐམས་ཅད་རིང་བསྲེལ་དུ་གྱུར། སློབ་མའི་གཙོ་བོ་ཁྲོམ་མཆོག་སྤྲུལ་སྐུ་ཨ་རིག་དང་། མཁན་བསྟན་འཛིན་ནོར་བུ་སོགས་མང་དུ་བཞུགས། སྔ་འགྱུར་རྙིང་མའི་ལྟ་གྲུབ་རང་རྐང་ཚུགས་པའི་གཞུང་ཉུང་ཟད་ཅིག་བརྩམས་ནའང་མཆོག་སྤྲུལ་ཨ་རིག་མདུན་ནས་ས་ཕག་ལོར་བརླགས་སོ།
མཁན་བསྟན་འཛིན་ནོར་བུ་ནི། ཊཱཀྐི་དགོན་གྱི་ཉེ་ཟུར་ཡབ་བསོད་གྲུབ་བཀྲ་ཤིས་དང་ཡུམ་སྐལ་བཟང་སྒྲོལ་མ་གཉིས་ལ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་སྐུ་བལྟམས། ཆུང་དུས་ནས་བྱམས་སྙིང་རྗེ་རང་འཁྲུངས་སུ་སྐྱེས་ཏེ་བཤས་ལུག་གསོད་པར་མཐོང་ཚེ་ཉིན་གང་དུ་བཤུམས་ཏེ། དེ་ཚུན་སུག་ཤ་གཏན་སྤོང་མཛད། མཁན་ཨ་དགེ་མདུན་རབ་ཏུ་བྱུང་ནས་མཚན་བསྟན་འཚིན་འཇམ་དབྱངས་འོད་ཟེར་གསོལ། རང་དགོན་བཤད་གྲྭར་ཉིན་མཚན་ལྟོ་སྦྱར་ནས་ལོ་བདུན་བར་མདོ་སྔགས་གཞུང་ལུགས་མང་པོ་ཚུལ་བཞིན་སྦྱངས་ཏེ་ཤེས་རབ་ཀྱི་གཟུངས་སྤོབས་དཔྱིས་ཕྱིན། མཁན་ཆེན་ངག་གི་དབང་པོའི་མདུན་བསྙེན་པར་རྫོགས་ནས་བཟུང་ཞི་བར་མ་གཤེགས་བར་དུ་དང་པོ་ཞུ་ཉིན་ལྟར་གནང་བཀག་གི་མཚམས་ལས་ཅུང་ཟད་ཀྱང་མ་འདས། མཁན་ཨ་དགེ་དང་འབྱོར་ལྡན་རིན་པོ་ཆེའི་མདུན་རྫོགས་ཆེན་དམར་ཁྲིད་སྐོར་ཡོངས་སུ་རྫོགས་པ་ཞུས་ནས། སྐུ་ཚེ་ཧྲིལ་པོར་དགེ་སྨན་ཁོ་ནས་གཅོང་ནད་བསལ་ཞིང་[page 320] ། གྲོང་ཆོག་ཏུ་ཉིན་གཅིག་ཀྱང་བྱོན་མ་མྱོང་། གསོན་གཤིན་གྱི་དད་ཟས་སྒོར་གཅིག་ཙམ་ཡང་མི་ལེན་ཞིང་ཀུན་སྤོང་བཀའ་གདམས་དགེ་བའི་བཤེས་གཉེན་གྱི་མཛད་སྤྱོད་ཁོ་ན་ཐུགས་དམ་དུ་འཆང་། ཉིན་མཚན་ནམ་ཡང་སྐུ་ཆིངས་གྲོལ་མི་སྲིད་པས་ཉམས་ལེན་ཁོ་ན་ལ་བརྩོན་པས་རྫོགས་ཆེན་གྱི་ལྟ་བ་མངོན་དུ་གྱུར་ཏེ་འཕགས་པའི་གོ་སར་ཕྱིན། རིས་མེད་གྱི་སྐྱེས་ཆེན་ཕྱག་སྤྲུལ། མཁན་ཀུན་དཔལ། མཁན་རྡོ་ལི། སྐལ་བཟང་དབང་ཕྱུག ལྷ་སྲས་ཆོས་འཕེལ། ར་ཧོར་སྤྲུལ་སྐུ། བླ་མ་ཆོས་འགྲུབ། བླ་མ་དཔལ་ལྡན། པདྨ་ཀྱེ་དབང་ཕྱོགས་སོགས་སྐྱེས་ཆེན་དམ་པ་དུ་མའི་མདུན་ནས་བཀའ་གཏེར་རིས་མེད་ཀྱི་སྨིན་གྲོལ་རྒྱ་མཚོ་ལྟ་བུ་མནོས། དེ་རྣམས་གསན་རྐྱང་དུ་མ་ལུས་པར་ཡི་དམ་རེ་ལ་ལོ་མཚམས་བགྱིས་པའང་དུ་མ་ཡོད། གཞུང་མཆོག་བཅུ་ཕྲག་ལྔ་ལྷག་ལ་བསྙེན་སྒྲུབ་ལས་གསུམ་ཚུལ་བཞིན་བགྱིས། ཁྱད་པར་དུ་འཇམ་དཔལ་བསྙེན་པ་དུང་ཕྱིར་གཅིག་བཏོན་པས་མཚན་མའི་བསྙེན་རྟགས་ཐོན། ཐུན་གསེང་དུ་སདུལ་བྱ་རྣམས་ལ་རབ་བྱུང་སྙེན་རྗོགས་སྒྲུབ་པ་དང་། སྔོན་དངོས་སྨིན་ཁྲིད་དང་ངེས་སྒྲོན་དང་སྡོམ་གསུམ་སོགས་གགཞུང་བཤད་མང་དུ་མཛད། གྱོང་ལྟོ་གོས་ལ་བཏང་སྟེ་ཚེ་འདི་བློས་བཏང་ཞིང་གནས་གངས་ཁྲོད་དང་རྫ་ཁྲོད་འགྲིམ་པའི་སློབ་མ་མང་དུ་བྱུང་། དགུང་དགྲངས་རེ་དགུའི་དུས་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་སྲོད་དུས་སུ་ཆོས་གོས་རྣམས་གསུམ་མནབ་བཞིན་ཞི་བར་གཤེགས། གདུང་ཞུགས་ལ་ཕུལ་བས་ཐུགས་ལྗཊ་སྤྱནགསུམ་སོགས་རྒྱུད་ལས་གསུངས་བའི་གདུང་རྟགས་ཐམས་ཅད་ཚང་། ལྗགས་རྩོམ་ལ་ངྔྷའི་བའི་ཕན་ཡོན། མ་ནིའི་ཕན་ཡོན། གུ་རུའི་རྣམ་ཐར། སྔ་འགྱུར་གཙོ་གྱུར་སྒྲུབ་བརྒྱུད་ཐམས་ཅད་ཀྱི་ཆོས་འབྱུང་། འདུལ་བ་དང་དབུ་མའི་མཐའ་དཔྱད་སོགས་པོད་གཉིས་ཙམ་བཞུགས་པ་བཅས་སོ།།
དགོན་པ་འདིའི་སྐུ་གསུང་ཐུགས་རྟེན་སྐོར་ལ་ལྷ་ཁང་ལྷག་མ་ན་སངས་རྒྱས་སྐུ་བརྩེཊ་གཅིག་ཚད། སྤྱན་རས་གཟིགས་ཕྱགས་བཞི་བ། སྒྲོན་མ་བཅས་བརྩེགས་ཚད། མགོན་པོ། བཀའ་བརྒྱད་ཞལ་གསུམ་ཕྱག་དྲུག ཕུར་བུ་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གྲོ་ལོད། གུ་དྲག་ཡེ་ཤེས་རབ་འབར་ཞལ་གསུམ་ཕྱག་དྲུག བདུད་འདུལ་དྲག་མོ་བཅས་མི་ཚད་ཙམ་རེ་ཡོད། རྒྱལ་མཚན་གཉིས་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་། ཐོས་གྲོལ་ཞི་དྲག གྲུབ་ཐོབ་བརྒྱད་ཅུ ། ཡེ་ཤེས་རབ་འབར་ལྷ་གྲངས་ཚང་བ། ཀློང་གསལ་ཚེ་སྒྲུབ་ལྷ་གྲངས་ཚང་བ། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་། མགོན་པོ་ཚོགས་བདག་སྟེང་ཆ་བར་ཆ་འོག་ཆའི་ལྷ་གྲངས་ཚང་བ། གཡོན་ན་གུ་རུ་གཙོ་འཁོར་གསུམ་དང་གུ་རུ་མཚན་བརྒྱད་རྗེ་འབངས་ཉེར་ལྔ། འོད་དཔག་མེད། སྤྱན་རས་གཟིགས་གུ་རུའི་སྐྱེས་རབས་བཀའ་ཐང་སྟར། བླ་མ་དགོངས་འདུས་ཀྱི་ལྷ་གྲངས་ཚང་བ། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལྷ་གྲངས་ཚང་བ། བདུད་འདུལ་ཕུར་བའི་ལྷ་གྲངས་ཚང་། སྒྲོལ་མ་ཉེར་གཅིག་དང་འཇིགས་པ་བརྒྱད་སྐྱོབ་མ་དང་བཅུ་[page 321] དྲུག་སྐྱོབ་མ། བདུད་འདུལ་དྲག་པོ་མེ་འབར་མའི་ལྷ་གྲངས་ཚང་བ། གཤུན་རྗེ་ཚེ་བདག་གི་ལྷ་གྲངས་ཚང་བ། སྙིང་ཐིག་བཀའ་སྲུང་ཨེ་ཀ་ཙ་ཏི་གཅོས་སྲིང་མ་ཡོངས་རྫོགས(སྒོ་ནང་མཛད་པ་བཅུ་གཉིས་དང་ཆོ་འཕྲུལ་ཆེན་མོ་ཆ་ཚང་དང་རྒྱལ་ཆེན་རིགས་བཞི་བཅས་ད་ལྟ་ཉམས་འདུག)།
ཨ་ལྡིང་ལྷ་ཁང་དུ་གསེར་སྐུ་ལི་མ་ཆེ་ཆུང་སུམ་བརྒྱ་ཙམ་དང་། བཀའ་གདམས་མཆོད་རྟེན་ཆེ་ཆུང་བཞི། སྐུ་གུང་སངས་རྒྱས་ལྷུན་གྲུབ་དང་ལྷ་བཟོ་རིག་འཛིན་གཉིས་ཀྱི་སྐུ་གདུང་བརྩེཊ་འཐེན་མ་གསེར་དངུལ་བཀྲ་མ་རིན་པོ་ཆེའི་རྒྱན་ཅན། ཡང་གསེར་དངུལ་བཀྲ་མའི་མཆོད་རྟེན་མི་ཚད་མ་ཁྲོམ་དགེ་མཆོག་སྤྲུལ་དང་དྲི་མེད་ཞིང་སྐྱོང་གཉིས། ལྕགས་ཀྱི་མཆོད་རྟེན་མར་མེ་ཀོང་བུ་བརྒྱ་ཅན་ཨ་ཐུ་གླམ་ནས་གནང་བའི་བརྩེགས་ཚད་མ། ས་རྡོའི་མཆོད་རྟེན་བདུན་ཙམ་བཅས་སོ། གསུང་རྟེན་གསེར་དངུལ་དུང་བྲིས་བཀའ་འགྱུར་ཆ་བདུན། བསྟན་འགྱུར་ཆ་གསུམ། གཏེར་མཛོད་ཆ་གཅིག རྙིང་རྒྱུད་ཆ་གཅིག་འབུམ་ཆ་གཅིག བརྒྱད་སྟོང་སུམ་ཕབ། བཀའ་འབུམ་སྐོར་ལ། ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ། འཇིགས་གླིང་བཀའ་འབུམ། ས་སྐྱའི་བཀའ་འབུམ། གི་རམ་བཀའ་འབུམ། བཀའ་མ་གཏེར་མ་སོགས་པོད་སུམ་བརྒྱ་ཙམ་དང་། ལྡེབས་བྲིས་སངས་རྒྱས་དང་གནས་བརྟན་བཅུ་དྲུག དཔག་བསམ་འཁྲི་ཤིང་། བཀའ་དགོངས་ཕུར་གསུམ་གྱི་ལྷ་གྲངས་ཚང་བ། ཞི་དྲག་གྲུབ་ཆེན་བརྒྱད་ཅུ། སྙིང་ཐིག་བཀའ་སྲུང་ཡོངས་རྫོགས། གུ་རུའི་སྐྱེས་རབས་ཚང་བ། སྒྲོལ་མ་གཡུ་ལོ་བཀོད་པ་སོགས་ཡོད། ལྷ་ཁང་ཀ་བརྒྱ་མའམ་རབ་རྒྱས་བསམ་འགྲུབ་གླིང་དུ་ལྡེབ་རིས་དུས་གསུམ་སངས་རྒྱས་གནས་བརྟན་བཅུ་དྲུག དབུས་གཡས་ཕྱོགས་སུ་སྤྱན་རས་གཟིགས་བསྙེན་གནས་ཆོ་ག་ལྟར་དང་། གུ་རུ་སྣང་སྲིད་ཟིལ་གནོན་དང་མཚན་བརྒྱད་རྗེ་འབངས་ཉེར་ལྔ་སོགས་མང་ངོ་། འཇམ་དབྱངས་ལ་རྒྱན་དྲུག་མཆོག་ཟུང་གཉིས་བཅས་ཀྱིས་བསྐོར་གཅིག ཀུན་མཁྱེན་ཡབ་སྲས་གསུམ་ལ་རྒྱན་དྲུག་མཆོག་གཉིས་གཅིག ཀཿདམ་པ་བདེ་གཤེགས་གཙོས་བླ་རྒྱུད་ཚང་བ་གཅིག ཐང་ལྡེབ་ཆུང་བ་ཐང་ལྡེབ་བརྒྱ་ཙམ་དང་། སངས་རྒྱས་ཀྱི་སྐྱེས་རབས་གསེར་བྲིས་ཁྲུ་གསུམ་ཙམ་ཅན་ཐང་སྡེབ་གཅིག གོས་ཆེན་ལྷན་དྲུབ་སངས་རྒྱས་མཆོག་ཟུང་གཉིས་བཅས་ཁྲུ་གཅིག་ཙམ། སངས་རྒྱས་སྐུ་གསེར་བྲིས་ཁྲུ་ཅན་དང་། སངས་རྒྱས་རྒྱན་དྲུག་འཇམ་དབྱངས་བྱམས་པ་བཅས་གསེར་ཐང་གཅིག ས་གནས་སྲིད་གཞུང་གིས་གནང་བའི་སངས་རྒྱས་ཤྰཀྱ་ཐུབ་པ་ལི་མ་ཁྲུ་གཉིས་ཙམ་དང་། པཎ་ཆེན་ནས་གནང་བའི་སོག་པོ་ལི་མ་སྣང་བ་མཐའ་ཡས་ཁྲུ་གང་ཙམ། རྒྱན་དྲུག་དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། ཇོ་བོའི་སྐུ་རྒྱ་གར་ལི་མ་ཁྲུ་ཕྱེད་དོ་ཅན། སྒྲོལ་མ་རྒྱ་ནག་ལི་མ་ཁྲུ་གང་ཙམ། ལར་དཀར་ཚང་གིས་ཕུལ་བའི་དངུལ་གྱི་སྐུ་རྡོ་རྗེ་སེམས་དཔའ་ཁྲུ་གང་། གསེར་འབག་གུ་རུ་མཚན་བརྒྱད་སོགས་ཁྲོ་བོ་བཅུ་གསུམ། མ་ཧེ་དང་སེང་གདོང་བཅས་ཤང་འབག་བརྒྱ་ཙམ། དཔལ་ཀཿཐོག་པའི་དགོན་ལག་ལྔ་བརྒྱའི་ནང་གི་ཡ་གྱལ་ཀ་ཆེན་བཞིའི་[page 322] ནང་ཚན། ཤར་གྱི་ཀ་ཆེན་ཊཱཀྐི་དྲུག་བསྟོད་ནོར་བུ་གླིང་ཡིན་གསུངས། ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་གོང་འོག་དང་། དགེ་རྩེ་མཧ་པཎ་ཆེན་དང་། སི་ཏུ་སོགས་བླ་སྤྲུལ་མང་པོ་བྱོན་ནས་བཀའ་གཏེར་གྱི་སྨིན་གྲོལ་མཛད་ནས་དགོན་གནས་འདི་ལ་བཤད་སྒྲུབ་གཉིས་ལྡན་གྱི་འཆད་ཉན་སྒོམ་སྒྲུབ་སྤེལ་བར་མཛད། དེ་ལས་ཁྱད་པར་དུ་བླ་མ་ཕྲིན་ལས་ཀྱི་ཐུགས་བསྐྱེད་མཛད་འཕྲིན་ལ་བརྟེན་ནས་མངའ་ཐང་སྟོབས་འབྱོར་རྒྱས་ནས་བླ་གྲྭ་ལྔ་བརྒྱ་ཙམ་རེ་འདུས་པའི་དུས་ཀྱང་བྱུང་མྱོང་། ཕྱིས་སུ་མཁས་བཙུན་བཟང་པོའི་ཕྲིན་ལས་ཡོངས་སུ་རྫོགས་པའི་མངའ་བདག་མཁན་རིན་པོ་ཆེ་ཨ་དགེ་ཞབས་སློབ་དང་བཅས་བའི་ཕྲིན་ལས་རྨད་དུ་བྱུང་བའི་རྙིང་བསྟན་གསལ་བར་བྱེད་པའི་རྩ་ལག་ཁྱད་པར་ཅན་དུ་བྱོན་ནས་ཡུལ་མི་དགོན་སྡེ་ཡོངས་ཀྱི་གཙོ་བོ་ལྟ་བུར་བྱོན། དེ་ནས་མཁན་པོ་འཇམ་དབྱངས་བློ་གྲོས། མཁན་པོ་ཨོ་རྒྱན་བསྟན་འཛིན། མཁན་པོ་ཨོ་རྒྱན་ཆོས་དར་སོགས་རིམ་བྱོན་རྣམས་དང་། རྒྱལ་སྲས་རིག་འཛིན་རྣམ་རྒྱལ་བཅས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་སོགས། སླར་ཡང་ཉམས་གསོའི་སྐབས་རྔ་ལི་བུ་ཡི་བརྒྱུད་པ་བླ་མའི་མིང་བཏགས་ཨ་བོ་གཙོས་བླ་གྲྭ་ཆེ་རབས་རྣམས་ཀྱིས་ཐུགས་ཁུར་མཛད་དེ་ལྷ་ཁང་གོང་འོག་གསུམ་ཡོད་པ་ཐམས་ཅད་ཉམས་གསོ་བྱས་ནས་སྐུ་གསུང་ཐུགས་རྟེན་ཐམས་ཅད་གསར་བཞེངས་བྱས། མཁན་ཆེན་ཐམས་ཅད་མཁྱེན་པ་བཤད་འབྱོར་ལྡན་གྱི་ཡང་སྤྲུལ་ཐུབ་བསྟན་བློ་གྲོས་བསྟན་པའི་རྒྱལ་མཚན་སྤྱན་དྲངས་ནས་དམ་ཆོས་འདུལ་བསྟན་བཙུཊ་ནས་སྔར་བཞིན་རྩ་བཞི་ཆང་ལྔ་སྲུང་བའི་ཚུལ་ལྡན་ཆེ་ཆུང་བརྒྱ་ལྷག་ཡོད། ཀཿཐོག་ཞིང་སྐྱོང་དང་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་སོཊ་ཀྱིས་མདོ་འདུམ་ཀྱི་སྨིན་གྲོལ་གདམས་པ་གནང་། ཚོགས་ཆེན་འདིས་པའི་སྒྲུབ་མཆོད་དང་། སྨིན་གླིང་རྡོར་སེམས་ཀྱི་སྒྲུབ་མཆོད་བཙུགས། མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་དང་། ཁྲོམ་དགེ་མཆོག་སྤྲུལ་སོགས་བྱོན་ནས་ཡུལ་དགོན་འབྲོག་གསུམ་ལ་དགེ་སྒྲུབ་སྡིག་སྤོང་གི་བཀའ་དྲིན་བསྩལ། དབྱར་འཚོགས་ལ་ཚེས་བཅུ་དང་། དགུན་འཚོགས་ལ་སྨོན་ལམ་དང་དགུ་ཆེན་གཞན་སྒྲུབ་མཆོད་བཅས་ཡོད།། བྱ་ཆེ་རིང་དང་མུ་པོ་གཉིས་ནས་སྦྱར།།
གངས་ཅན་བོད་ཀྱི་ཤར་ཕྱོགས་ཉག་ཨ་འཛི་རོང་གི་ས་ཡི་ལྟེ་བ། ཉག་འབྲུག་མོ་རྫོང་གི་སྨད་ཕྱོགས་སྒྲེ་བོ་རྔ་རྐང་བདེ་ཆེན་གླིང་ཞེས་བྱ་བའི་དགོན་པ་ནི་ཡུལ་རྔ་རྐང་ཟེར་བ་སྔར་མཚོ་ཁ་ནས་ཆུ་ལོག་ཅིག་བྱུང་སྟེ་བང་སྟོད་དང་རྔ་རྣམས་ཁྱེར་བྱུང་ནས་བང་བསྟོད་དེ་སྟོད་དུ་ལྷག་པ་བང་བ་དང་། བང་བ་སྨད་དེ་སྨད་དུ་ལྷག་པས་བང་སྨད་ཟེར། རྔ་ཡི་ཡུ་བདེ་འདིར་ལྷག་པས་རྔ་རྐང་ཞེས་བཤད་སྲོལ་ཡོད། ཐོག་[page 323] མ་གྲུབ་བླ་ཐར་རྒྱལ་མཚན་གྱི་ཁ་ལུང་ཞེས་པའི་ས་ཆར་དགོན་ཆུང་ཞིག་བཏབ། བཏབ་པའི་དུས་མ་ངེས། དེའི་མིང་ལ(བལ་སྐད་དུ་དགོན་པའི་ཞིང་ཝ་ཟེར།) ད་ལྟ་ཁང་ཤུལ་ཡོད། དེ་སྐབས་ཉག་ཀུན་བཟང་ཚང་གི་བླ་མ་བརྩོན་འགྲུས་རྡོ་རྗེ་དགོན་བདག་ཡིན། དེ་རྗེས་རྔ་རྐང་ཉག་རོང་ཚང་བླ་མ་ཚེ་དབང་རྡོ་རྗེ། བརྩོན་འགྲུས་རྡོ་རྗེ། ཨ་དོན་ཚང་བསྟན་པ་རྒྱལ་མཚན་གསུམ་གྱི་རིང་ལ་དགོན་པ་བྲག་ཞབས་ཟེར་བར་མར་སྤོས། ད་ལྟ་ཁང་ཤུལ་ཡོད། དེ་རྗེས་སུ་བླ་མ་བློ་གྲོས་རྒྱལ་མཚན་དང་གྲ་ཇག་བླ་མ་འགྱུར་མེད་བརྩོན་འགྲུས། བང་བང་ལྕགས་བླ་མ་པདྨ་བསོད་ནམས་གསུམ་ནས་རབ་བྱུང་བཅོ་ལྔ་ཙམ་ལ་སྤྲུལ་སྐུ་ཆོས་རྡོར་གདན་དྲངས་སྟེ་བླ་མ་མཛད། ལྷ་ཁང་གི་ཞལ་བཀོད་གནང་། ཡུལ་སྤོར་ཏེ་དགོན་པ་གསར་བཏབ་མཛད་དེ། མཚན་རྔ་སྐང་བདེ་ཆེན་བཤད་སྒྲུབ་ཆོས་གླིང་བཏགས། རྗི་དེ་ཉིད་ཀྱིས་རང་རིག་ཆོས་སྐོར་དབང་ལུང་གསུངས། ད་ལྟ་དགོན་འདི་རང་རིག་ཆོས་སྐོར་དར། ཨ་བསེ་ཀླུ་མོ་རབ་ཀྱི་དགོན་ལག་ཡིན། ལྕགས་མདུད་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ་བྱོན་ནས་ཆོས་གསུངས།
དགོན་འདིའི་བསྟན་པའི་བདག་པོ་ནི་ཉག་རོང་བླ་མ་བརྩོན་རྡོ་རྗེ། ཡུ་བོ་བླ་མ་བློ་གྲོས་རྒྱལ་མཚན། གྲ་ཇག་བླ་མ་འགྱུར་མེད་བརྩོན་འགྲུས། བང་ལྕག་བླ་མ་པདྨ་བསོད་ནམས། དགོན་འདིའི་རྒྱ་ཁྱོན་ཀ་རིང་བཞི་པ་གྲ་ཤག་ཉི་ཤུ་ཙམ་ཡོད། ནང་གི་ངོ་བྲིས་སངས་རྒྱས་གཙོ་འཁོར་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། གྲུབ་ཐོབ་བརྒྱད་བཅུ། ཐུགས་རྗེ་གཙོ་འཁོར། བཀའ་བརྒྱད་ཕུར་པ། གུ་དྲག་གུ་རུ། ཞི་དྲག་སེང་གསུམ། བདེ་གཤེགས་སོ་ལྔ། མཁའ་ཁྱབ་རང་གྲོལ། རང་རིག་གཏེར་ཆོས་ལྷ་ཡོངས་རྫོགས་བཅས་སོ། སྐྱོབ་འབྱིན་སོགས་གཞི་བདག་གི་རིགས་བྲིས་ཡོད། དེ་ཡི་ནང་རྟེན་གཙོ་གྲུབ་བླ་ཐར་པ་རྒྱལ་མཚན་གྱི་སྐེད་ཕུར། བསམ་ཡས་རྡོ་ར། འདམ་སྐུ་མཁན་སློབ་ཆོས་གསུམ། གནས་བརྟན་བཅུ་དྲུག མགོན་ཁང་ནང་དུ་མ་མགོན་མགར་གསུམ་དང་ཐང་ག་བཅུ་གཉིས་བཅས་བཞུགས་སོ།། གསུང་རྟེན་བཀའ་འགྱུར་ཅིག གསེར་དངུལ་བྲིས་མ་འབུམ། གཏེར་ཆེན་རང་རིག་རྡོ་རྗེའི་ཆོས་སྐོར་ཡོངས་རྫོགས། རྐང་འབུམ་པདྨ་བཀའ་ཐང་བཅས་བཞུགས། ཐུགས་རྟེན་ལ་ས་རྡོ་ལས་གྲུབ་པའི་མཆོད་རྟེན་འགའ་རེ་བཞུཊ། མཆོད་ཆ་རིགས་གསེར་དངུལ་བཀྲ་མའི་མཆོད་ཆ་ཆ་ཚང་། རོལ་མོ་སིལ་སྙན། རྒྱ་ཧོར་ཁ་སྤྲོད་གྱི་སྦུབ་ཆལ་གཙོ་རོལ་ཆ་བཅོ་ལྔ། གསེར་དངུལ་ལས་གྲུབ་པའི་རྒྱ་གླིང་། དུང་དམར་ཆོ་གསུམ། དུང་དཀར་ཆ་གསུམ། ཁར་རྔ་འཛམ་གླིང་གཡས་བཞག་རྣམས་ཡོད། འཆམ་གོས་ཆ་ལྔ་ཡོད། དཀྱིལ་འཁོར་གྲ་ཆས་འཕེན་འདུགས་ཆ་ཚང་བཅས་སོ། ཚོགས་པ་དུས་མཆོད་ཟླ་བ་གཉིས་པའི་ཚེས་ལྔ་ཉིན་གདུང་མཆོད་ཉིན་གསུམ་ཡོད། ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་བདེ་སྨོན་ཞིང་སྒྲུབ། ཟླ་བ་ལྔ་པའི་ཚེས་སུམ་ཅུ་ཉིན་གདུང་མཆོད། ཟླ་བ་དྲུག་པའི་ཚེས་བཅུ་ཉིན་ནས་འགོ་བཙུགས་སྟེ་དབྱར་གནས་[page 323] ཉིན་བཞི་བཅུ་ཞེ་ལྔ། ཟླ་བ་དགུ་པའི་ཚེས་ཉེར་གག་ཉིན་ནས་དགུ་གཏོར་ཉིན་དགུ་ཙམ་ལ་གཏོར་བཟློག་ཆེན་མོ་བཅས་སོ། བླ་མ་བརྒྱད་དང་གྲྭ་བ་བཞི་བཅུ་ཡོད། རིག་གནས་གསར་རྗེ་སྐབས་སུ་ལྷ་ཁང་གི་ཕྱི་ཁོག་ཙམ་ལས་རྟེན་གསུམ་བཅས་ཚང་མ་བརླག་སོང་ངོ་། ད་སྐབས་བླ་མ་པད་ཟླ་གཙོས་པའི་གྲྭ་རྒན་རྣམས་ཀྱིས་འབད་རྩོལ་ལྷུར་ལེན་གྱིས་ལྷ་ཁང་ཡང་གསོ་བྱེད་པ་དང་། ནང་རྟེན་མཁན་སློབ་ཆོས་གསུམ། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་གཙོ་འཁོར་གསུམ། མཁན་སློབ་ཆོས་གསུམ། འཁྲུལ་ཞིག་བ་སྲས་མཆོག་གི་འདམ་སྐུ་དང་། གསུང་རྟེན་ལ་སྔར་གྱི་ཡི་གེ་ཚང་མ་ཡོད། ད་སྐབས་མ་མགོན་མགར་གསུམ་གསོལ་མཆོད་རྒྱུན་འདོན། ཚོགས་པ་ལ་དགུ་གཏོར་བླ་མ་ལྔ་དང་གྲྭ་པ་བཞི་བཅུ་ཅམ་བཞུགས་སོ།།
དྲག་པོ་ཞེས་པ་ལྕགས་སྤྲེལ་ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་གྲུབ་རྗེ་རིན་པོ་ཆེས་ལྷ་ཁང་བཞེངས་པའི་ས་གཞི་བྱིན་རླབས་གནང་དུས་ནམ་མཁའ་ལ་འཇའ་དང་མེ་ཏོག་གི་ཁ་ཆར་སིལ་མ་འབབས། ཕྱོགས་ཀུན་ནས་དྲི་ཞིམ་གྱི་ངད་འཐུལ། རོལ་མོ་དང་དབྱངས་སྙན་གྱིས་འུར། འཇའ་ཐིག་ཐམས་ཅད་མཐར་དགོན་གནས་ལ་ཐིམ། གཟིགས་སྣང་དུ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་ཁྱད་པར་བསྐལ་བཟང་སངས་རྒྱས་སྟོང་གནས་འདིར་ཐིམ་པས་མཚན་ཡང་བསྐལ་བཟང་སངས་རྒྱས་ཆོས་གླིང་ཞེས་གསོལ། སློབ་འབངས་དང་ཡུལ་མི་རྣམས་ཀྱི་འབད་པ་ལ་རྟེན་ནས་སྐུ་གསུམ་ཞིང་གི་བཀོད་པ་གློ་འབུར་དང་བཅས་པ་གྲུབ། བསྟན་པ་རིས་མེད་དུ་དག་སྣང་སྦྱངས་བས་གྲུབ་མཐའ་ཆེན་པོ་བཞི་ཡི་ལྡེབ་བྲིས་གནང་། ལྷ་ཚོན་ཐམས་ཅད་ནི་གྲུབ་རྗེ་ཉིད་ཀྱིས་གཉེར་མ་ཤ་སྟག་ཡིན། གྱང་གི་ནང་དུ་ཁོག་ནས་དྲངས་པའི་སངས་རྒྱས་སྟོང་སྐུ་དང་ལྷང་གྲག་ནས་དྲངས་པའི་སངས་རྒྱས་སྟོང་སྐུ། གཞན་ཡང་བླ་མ་ཡི་དམ། མཁའ་འགྲོ་ཆོས་སྐྱོང་གི་སྐུ་རྟེན་བསམ་གྱིས་མི་ཁྱབ་པ་གཏེར་དུ་སྦས། ཀ་བ་བཞི་ལ་གནམ་ལྕགས་ཀྱི་ཕུར་པ་རེ་སྦས་ནས་མི་འགྱུར་བའི་གཟེར་བཏབ། རྒྱ་མཐོང་ཁར་རྡོ་རྗེ་དང་ཕུར་བུ་རིགས་ལྔའི་ཕྱག་མཚན་གྱི་དྲྭ་བ་དྲྭ་ཕྱེད་སྦས་པ་ལ་ཕྱིས་སུ་རྒྱ་རོང་གཏེར་རྒན་མས་རྐེད་ཕུར་གྱིས་རྡུང་བས་སྒྲ་ཀུན་གྱིས་ཐོས་པ་བྱུང་། རྗེ་ཉིད་ཀྱིས་རབ་གནས་སྐབས་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་སྐྱེ་བོ་སོ་སོས་མཐོང་སྣང་དུ་མ་བྱུང་སྟེ། ལ་ལས་ཐིག་ལེ་རེའི་ནང་སངས་རྒྱས་ཀྱི་སྐུ་རེ་མཇལ་བ་དང་། ལ་ལས་འཇའ་འོད་ཀྱི་གསེབ་ནས་གསེར་སྐུ་མང་པོ་ཁ་ཆར་བཞིན་བབས་པ་མཐོང་། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དང་བྱིན་རླབས་ངོས་མཉམ་པས་མཐོང་ཐོས་དྲན་རེག་ཐར་པའི་ས་[page 325] བོན་ཐེབས་པ་ཡིན་ཞེས་གྲུབ་ཆེན་ཉིན་ནས་གསུངས། ཟླ་བ་ལྟ་བུའི་ཐུགས་སྲས་བསོད་ནམས་མཐའ་ཡས་ཀྱིས་ཐུགས་གཉེར་གཙང་བཞེས་ཀྱིས་ལས་མཐར་ཕྱིན་པར་མཛད། ཉི་མ་ལྟ་བུའི་ཐུགས་སྲས་རང་རིག་རྡོ་རྗེས་ཀྱང་ཐུགས་ཁུར་རྒྱ་ཆེར་གནང་བའི་མཐུས་འཁྲུལ་ཞིན་ཡབ་སྲས་གསུམ་གྱི་གདན་ས་ཞེས་གྲགས། དེ་ནས་གྲུབ་རྗེ་ཉིད་ཀྱིས་བཀའ་ལུང་ལྟར། བསོད་ནམས་མཐའ་ཡས་ཀྱིས་ཐུགས་ཁུར་བཞེས་ནས་བསྟན་པའི་བདག་པོ་རྣམས་བཞུགས་གནས་བླ་བྲང་རྒྱ་ཆེ་ལ་བཀོད་ལེགས་པ་མཛེས་རྩལ་སྣ་ཚོགས་ཀྱིས་བརྒྱན་པ་བསམ་གྲུབ་ཕོ་བྲང་ཞེས་པ་བཞེངས་སྐབས། ཉག་སྟོང་ཤོག་བཞི་ཡི་ཡུལ་སྡེ་རྣམས་ཀྱིས་མཐུན་རྐྱེན་ཕུལ་ནས་ལེགས་པར་གྲུབ་པོ། གྲུབ་རྗེ་མཆོག་ནི་བྱ་བཏང་སྒོ་གཅིག་པའི་མཛད་པ་སྐྱོང་བས་གནས་ཟཅིག་དུ་ཡུན་རིང་མི་གཞུགས། རི་ངོགས་དང་ཆུ་འགྲམ་ནགས་གསེབ་གྲག་ཕུག་རྣམས་སུ་བཞུགས་སྐབས་བུང་བ་མེ་ཏོག་ལ་འཁོར་བ་བཞིན་སློབ་ཚོགས་འདུས་པས་ཁང་གཅིག་སྒར་པ་ཞེས་མིང་ཆགས། བྱ་བཏང་ཀུ་སུ་ལུ་པ་སུམ་ལྡན་རྡོ་རྗེ་འཛིན་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་དར་རྒྱས་སུ་བྱུང་། འོད་གསལ་རྡོ་རྗེ་སྙིང་པོ་རྫོགས་ཆེན་སྙིང་ཐིག་གི་བསྟན་པའི་རྒྱལ་མཚན་བླ་ན་མཐོ་བར་མཛད། ཉག་རྐེད་དཔོན་ཕ་བུ་རྣམས་པས་རྒྱང་དད་ཅིང་བཀུར་བ་བྱེད། ཕུན་རབ་པས་ཉག་སྤྱི་ཁྱབ་མཛད་སྐབས་སྡེ་དཔོན་མ་མཐུན་ནས་འཁྲུག་རྩོད་ཆེན་པོ་བྱུང་དུས་གྲུབ་རྗེ་ཉིད་ཀྱིས་བར་འདུམ་མཛད་པས་ཡུལ་ཁམས་བདེ་བར་གྱུར། མེ་མདའ་དང་ནོར་རྫས་མང་པོ་འབུལ་བའི་མེ་མདའ་རྣམས་བཤིགས་སྟེ་ཆུ་ནང་དུ་བླུག
ནོར་རྣམས་གཞུང་ལ་ཕྱིར་འབུལ། སྐྱབས་མགོན་ཕྲིན་ལས་རྒྱ་མཚོ་གསེར་ཡིག་གསེར་ཐམ་གནང་ནས་དབུ་ཡི་མཆོད་གནས་བཀུར། མཆོད་ཞིང་དང་མཆོད་སྡེ་འབུལ། ནས་ཁལ་ལྔ་བཅུའི་ཞིང་རྣམས་བདག་པོ་དགོན་གཞུང་ཡིན་པ་ལ་སྐུ་ཚ་དགའ་རབ་རྡོ་རྗེ་དགོངས་པ་མ་རྫོགས་གྱི་བར་བེད་སྤྱོད་གནང་རྒྱུ་བྱས། དེ་སྐབས་ནས་བསྐལ་བཟང་དགོན་པའི་མགོན་ཁང་དུ་མེ་མདའ་སྐོང་རྫས་སུ་བཤམས་མི་ཆོག་པ་དང་། སེར་མོ་བ་ཀུན་གྱིས་མེ་མདའ་ཉར་མི་རུང་བའི་བཀའ་སློབ་གནང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་སོགས་ས་བཀའ་དགེ་གསུམ་གྱི་སྐྱེས་བུ་དམ་པ་དང་ཐུགས་ཡིད་རོ་གཅིག་ཏུ་གྱུར་ནས་གསར་རྙིང་རིས་མེད་ཀྱི་རྟེན་འབྲེལ་བཟང་པོ་ལུང་དོན་དང་མཐུན་པར་གྱུར། ཀཿཛ་དཔལ་གསུམ། བྱེ་རྫོགས་གཉིས་ཀྱི་དམ་པ་རྣམས་དང་ཕན་ཚུན་དབང་གདམས་སྤེལ་རེས་ཀྱིས་བླ་སློབ་ཟུང་དུ་འབྲེལ། ཇ་བཟི་བདེ་ཆེན་དགོན་དང་ཇ་བཟི་ཇོ་མོ་མཚོ་རྒྱལ་དགོན། བཟུར་ཇོ་མོ་བདེ་ཆེན་དགོན། གོ་འབྱམས་དགོན། བསམ་གཏན་དགོན་རྣམས་གསར་གཞེངས་དང་། ཞི་བ་ལྷ་ཐིམ་དགོན། ལྕགས་མདུད་ཨོ་རྒྱན་གླིང་ཉམས་གསོ་མཛད། བོན་ཡེ་ཤེས་སྤོས་མདུད་དགོན་གྱི་ས་གཞི་བྱིན་བརླབ་མཛད། དེ་ལྟར་འཁོར་ལོ་གསུམ་གྱི་མཛད་པས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དོ། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་ལོའི་ས་ག་ཟྦ་བའི་གནས་སྟོང་ཉིན། ཁྲོམ་གྱི་ཡུལ་སྙིང་ལྔ་པར་འགྲོ་དོན་རྗོགས་པའི་ཚུལ་གྱིས་སློབ་མ་རྣམས་ལ། [page 326] ཚེ་འདི་ལ་དོན་གཉེར་གྱི་འཁྲུལ་སྤྱོད་དང་། ཕྱོགས་རིས་ཀྱི་ཁ་འཛིན། ཁེ་གྲགས་ཀྱི་འགྲོ་དོན་རྣམས་ལིང་གིས་བསྐྱུར་ཐོངས་གསུང་སྟེ་འདས། དེ་ནས་བླ་མ་དམ་པ་མཐའ་ཡས་ཀྱི་ཐུགས་འགན་བཞེས་ནས་གདུང་རྟེན་གྱི་ཚུལ་དུ་མཆོད་རྟེན་ཐོག་རྩེགས་གཉིས་ཐོན་པ་བཞེངས། དབུ་སྐྲ་ཕྱག་སེན་ན་བཟའ་བཅས་གཟུངས་སུ་ཕུལ་བ་ཡིན་ནོ། མཚོ་སྐྱེས་རྒྱལ་བ་གཉིས་པ་གྲུབ་རྗེ་རིན་པོ་ཆེན་ནི་བསྐལ་བཟང་སངས་རྒྱས་ཆོས་གླིང་གི་གདན་རབས་ཀྱི་ཐོག་མ་ཡིན་ནོ། བསོད་ནམས་མཐའ་ཡས་ནི་ཨ་སྐལ་བུ་ཡི་རུས་རྒྱུད་དུ་འཁྲུངས། གྲུབ་རྗེ་རིན་པོ་ཆེ་ཆོས་བདག་ཏུ་ལུང་གིས་བསྔགས། རྟེན་གོས་དཀར་ལྕང་ལོ་ཅན་སུམ་ལྡན་རྡོ་རྗེ་འཛིན་པ་ཡིན། ཆུང་དུས་ནས་གྲོང་ཡུལ་དུ་རྒྱུ་བའི་དཀོར་གཉེར་བ་དང་ལྟར་སྣང་ལ་འཁྲུལ་བའི་ཆོས་བརྒྱད་རིང་དུ་དོར་ནས་བྱ་བཏང་པ་མཛད། གྲུབ་རྗེ་ཉིད་ཀྱི་སློབ་མ་རྣམས་ཕ་མས་བུ་སྐྱོང་བ་བཞིན་ས་ལམ་གྱི་ཡོན་ཏན་རྫོགས་པར་མཛད། བླ་མའི་བཀའ་ལུང་བཞིན་འཁོར་ལོ་གསུམ་གྱི་བྱ་བར་ཞུགས་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེར་གནང་མཐར་འཇའ་འོད་དང་གདུང་ལ་རིང་བསྲེལ་བཞག་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ། བསྟན་བདག་སྤྲུལ་སྐུ་རྣམ་གསུམ་ལས་གྲུབ་རྗེ་ཉིད་ཀྱིས་ངོས་འཛིན་གནང་བ་སྤྲུལ་རིག་འཛིན་ནི། གསང་མཛན་རིག་འཛིན་ཀློང་ཡངས་ཇོ་རྗེ་རིན་པོ་ཆེ་དང་། གཏེར་ཆེན་རང་རིག་རྡོ་རྗེ། བླ་མ་བསོད་ནམས་མཐའ་ཡས་སོགས་དམ་པ་དུ་མའི་ཞབས་ལ་བརྟེན་ནས་དབང་ལུང་ཁྲིད་མན་དང་བཅས་པ་གསན་བསམ་མཐར་ཕྱིན་པར་མཛད། འབྱུང་བཞི་ལ་རང་དབང་འབྱོར་བས་སྒྲུབ་རྟགས་ཡ་མ་ཟུང་སྟོན། ཐོས་བསམ་སྒོམ་གྲུབ་གྱི་དུས་འདའ་བས་མཁས་པའི་དབང་པོར་གྱུར། ཕྱག་རྫས་ཐམས་ཅད་ཀྱིས་སྐུ་འདྲ་བརྒྱ་ཕྲག་འགའ་དང་། རང་དགོན་པའི་དམིགས་ཏེ་གསེར་དངུལ་ཕྲ་ལྡེབ་ཀྱི་མཆོད་ཆས། རབ་གནས་ཀྱི་ཡོ་བྱད། འབུད་དཀྲོལ་གྱི་མཆོད་རྫས། བསྒྲལ་ཆས་སྐོར་ཟངས་ལྕགས་གསེར་གསུམ་འདྲེས་པ་བསྲེག་ལཀྱིལ་གྱི་ཡོ་བྱད་སོགས་རྒྱུ་བཟང་ལ་སྤུས་གཙང་བ་བཀོད་ལེགས་པ་བསྒྲུབས། ཉམས་རྟོགས་ཀྱི་ཡན་ཏན་མཐོན་པོར་གཤེག་ནས་དགུང་གྲངས་བདུན་བཅུའི་སྐོར་སྐུ་ཡི་བཀོད་པ་བསྡུས་སོ། སྤྲུལ་སྐུ་སེམས་དཔའ་རྡོ་རྗེ་ནི། པདྨ་བདུད་འདུལ་མཆོག་གི་དགེ་རྒན་ཡང་ཡིན་ལ་སློབ་མ་ཡང་ཡིན་པ་པདྨ་ཀུན་བཟང་རང་གྲོལ་གྱི་ཡང་སྲིད་དུ་གྲུབ་རྗེ་མཆོག་གིས་ངོས་འཛིན་གནང་། གྲུབ་རྗེ་མཆོག་གི་ཆོས་བདག་བརྒྱ་རྩའི་གྲལ་དུ་ཨོགརྒྱན་རི་འིཛན་སེམས་དཔལ་རྡོ་རྗེ་ཞེས་ལུང་གིས་བསྔགས་པའོ། བསྐལ་དགོན་གྱི་གཙུག་ལག་ཁང་དང་། བླ་བྲང་། ཀླུ་མོ་རབ་བླ་བྲང་བཅས་ལེགས་བཅོས་དང་། གྱ་བཟི། གོ་འབྱམས། བསམ་གཏན། མཚོ་རྒྱལ་དགོན་བཅས་ཀྱི་འདུ་ཁང་གསར་བཞེངས་མཛད། གཞན་ཁང་གཅིག་སྒར་པའི་ཆོས་བརྒྱུད་དང་། གྲྭ་རྒྱུན་ཞིག་ཡིན་ཕྱིན་ཐུགས་བརྩེ་དང་འགན་ཁུར་མཛད། དགོན་གཞུང་དང་བླ་བྲང་གི་འགན་བཞེས་[page 327] མཛད་དེ་ཚོགས་དུས་མཆོད། སྒྲུབ་པ་ཕྱག་ལེན་དབང་ལུང་ཁྲིད་གདམས་ངག་བཅས་ཐུགས་གཉེར་མཛད་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་ཀུན་གྱི་མིག་ལྟོས་སུ་གྱུར་པ་མཛད་ནས་བདུན་བཅུའི་སྐོར་དགོངས་པ་རྫོགས། སྤྲུལ་སྐུ་ཀུན་དགའ་ནི་གྲུབ་རྗེ་ཉིད་ཀྱིས་མཚོ་རྒྱལ་དངོས་སྣང་ལྕགས་མདུད་རི་ནང་ཚང་གི་བཙུན་མོའི་སྐུ་ཡི་སྐྱེ་སྲིད་དུ་ངོས་འཛིན་གནང་། ཏྲེ་ཤོད་གསེར་ཏོག་གྲོང་ནས་གདན་དྲངས། མཚན་ཨོ་རྒྱན་རིག་འཛིན་ཀུན་དགའ་རྡོ་རྗེ་གསོལ། གྲུབ་རྗེ་རིན་པོ་ཆེ་དང་མཐའ་ཡས་མདུན་ནས་དབང་ལུང་ཁྲིད་བཅས་བུམ་པ་གང་བྱོས་སུ་ནོད། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནི་གྲུབ་རྗེ་ཉིད་ཀྱི་སྐུ་ཚ་སྟེ་ཆུང་དུས་ནས་ངོས་འཛིན་གནང་སྟེ་བར་ཆད་མ་བྱུང་ན་བསྟན་འགྲོ་ལ་ཕན་པའི་གཏེར་ཆེན་དང་པ་ཞིག་འབྱུང་གསུངས། འོན་ཀྱང་རྟེན་འབྲེལ་འཆུག་ནས་ཟབ་མོའི་གཏེར་ལ་དབང་མ་བྱུང་ཡང་སྐུ་ཚེ་དེ་ཉིད་དུ་མཚམས་བསྙེན་སྒྲུབ་ཀྱི་དུས་འདའ་ནས་མཐར་གྲུབ་པའི་ལམ་རྟགས་དང་བཅས་པར་གཤེགས་སོ། སྤྲུལ་སྐུ་ཀུན་བཟང་རང་གྲོལ་ནི་སྐུ་ཚེ་ཧྲིལ་པོར་དབེན་གནས་རི་ཁྲོད་འགྲིམ་པའི་བྱ་བཏང་རྣལ་འབྱོར་ཀྱི་དུས་འདའ་བར་མཛད་དེ་ཞི་བར་གཤེགས།
གཏེར་ཆེན་བསོད་ནམས་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་གི་ལོར་ཉག་སྟོད་ཁ་བ་ལུང་རིའི་ཉེ་ཆར་དུ་འཁྲུངས། བྱིས་པ་ཆུང་ངུའི་དུས་དབང་ལུང་ཁྲིད་བཅས་གསན་བསམ་གནང་གཞན་ཡང་ལུང་རྟོགས་རིན་པོ་ཆེ་དང་། ཛཿཀ་མཆོག་སྤྲུལ། དྲི་མེད་ཞིང་སྤྲུལ། མཁྱེན་ཀོང་རྣམ་གཉིས། འཇུ་མི་ཕམ། རྡོ་གྲུབ་ཆེན། མཁན་པདྨ་རྡོ་རྗེ་སོགས་དང་བཀའ་དགེ་ཕྱོགས་བཅས་བླ་མ་དུ་མའི་ཞབས་ལ་གཏུག ཕན་ཚུན་དབང་གདམ་སྤེས་རེས་ཀྱི་བླ་སློབ་གྱུར། གཏེར་ཆེན་རང་རིག་རྡོ་རྗེ་དང་། གནས་ཆུང་རྡོ་རྗེ་གྲགས་ལྡན། རང་གཏེར་གྱི་ལུང་དོན་བཅས་ཀྱི་བསྐུལ་ནས་ས་ཕོ་བྱི་བའི་ལོར་ལྷ་ལདན་དུ་ཕེབས། ལྷ་བབས་དུས་ཆེན་དང་སྤྲེལ་ནས་ཚོགས་མཆོད་རྒྱ་ཆེར་མཛད། བསྟན་འགྲོ་སྤྱི་དང་བྱེ་བྲག་གངས་ཅན་གྱི་སྡེ་དགོན་མཐའ་དག་ལ་ཕན་པའི་ཟབ་གཏེར་དུ་མ་བཞེས། ཁྱད་པར་ཡར་ལུང་ཤེལ་བྲག་དང་། བསམ་ཡས་ཨརྱ་པ་ལོའི་རྟ་མགྲིན་ཞབས་འོག་ནས་ཕག་མོའི་སྐུ་དང་ར་ས་འཕྲུལ་སྣང་གི་རྟ་མགྲིན་ཞབས་ལོག་ནས་ཐུགས་སྒྲུབ་ཕྲིན་ལས་ཡང་སྙིང་སོགས་རྫས་གཏེར་དང་ཆོས་གཏེར་མང་པོ་བཞེས། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་ཐུགས་ཡིད་གཅིག་འདྲེས་གྱུར། རང་གཏེར་གྱི་དབང་ལུང་འགའ་ཞིག་ཕུལ་བས་རིགས་བདག་ཉིད་དུ་བཀུར། གཏེར་ཆེན་གྱིས་རྩ་བའི་ཆོས་བདག་ཏུ་ངོས་འཛིན། གཏེར་ཆོས་འགའ་ཞིག་གི་ཡི་གེ་པའང་གནང་། ཕུར་པ་ཡང་སྙིང་སྤུ་གྲིའིདབང་ལུང་ཕུལ་ཏེ་གོར་ཁའི་མཐའ་དམག་སྟོད་ཧོར་བཟློག་པའི་ཁ་གནོན་དུ་པངའ་གསོལ། རྩེ་རྣམ་རྒྱལ་གྲྭ་ཚང་དུ་ཡང་སྙིང་སྤུ་གྲིའི་གཏོར་བཟློག་རྒྱུན་འཛུགས་གནང་ནས་དུས་ཕྱིས་བར་དུ་ཡོད། དེ་ནས་མཁའ་འགྲོ་ལུང་གིས་བསྐུལ་ནས་མྱུར་བར་རང་ཡུལ་ཕྱོགས་སུ་ཕེབས། ངོ་མཐོ་ཨཱཿཡིག་ཅན་ནས་གུ་རུའི་སྐུ་ཚབ་ཆེན་མོ་གཏེར་དུ་[page 328] དྲངས། དེ་མཚུངས་ཕྱོགས་སོ་སོ་ནས་བསྟན་འགྲོ་སྤྱི་དང་བོད་ཁམས་བདེ་བའི་རྟེན་དམ་རྫས་སོགས་གཏེར་མང་དུ་བཞེས། ས་མོ་ཡོས་ཀྱི་ལོར་རྒྱལ་དབང་གི་བཀའ་ཕེབས་དང་། གནས་ཆུང་དང་མཁའ་འགྲོའི་ལུང་དོན་ལྟར་གནས་ཆུང་སྤྲུལ་སྐུའི་ཆིབས་ཞུས་གནང་ནས་ལྷ་ལདན་ཐེངས་གཉིས་པར་ཕེབས། སྐུ་ཚབ་ཆེན་མོ་དང་རྗེ་བཙུན་སྒྲོལ་མའི་སྐུ། གཞན་ཡང་རྟེན་དང་དམ་རྫས་སོགས་དུ་མ་དང་བཅས་ལུང་དོན་བཞིན་ཇོ་བོའི་གཡས་ཕྱོགས་སུ་མངའ་གསོལ་མཛད། སེར་སྐྱ་མཆོག་དམན་ཡོངས་ལ་བཀྲ་ཤིས་པའི་སྒོ་དུ་མ་འགྱེད་ནས་སླར་རང་ཡུལ་དུ་ཕེབས། མེ སྤྲེལ་ལོར་ཡི་དམ་ལྷ་ཡི་ལུང་བསྟན་དང་། ལྡན་མྱུར་དུ་འབྱོན་དགོས་པའི་བཀའ་ནན་བྱུང་བས་ཐེངས་གསུམ་པ་ལྷ་ལྡན་དུ་ཕེབས། བསྟན་འགྲོ་ལ་སྨན་པའི་བྱ་བ་མང་དུ་བསྒྲུབས། གཏེར་ལུང་གིས་བསྐུལ་བས་ཁམས་སུ་ཕེབས། གོ་འཇོ་གཙུག་ཡིད་བཞིན་སོགས་གནས་དུ་མ་ནས་སྐུ་གསུང་ཐུགས་རྟེན་མང་པོ་གཏེར་ནས་བླང་། ས་གནད་མང་པོ་བཅོས། དབང་ལུང་གི་བཀའ་ཆོས་སྤེལ། བསྟན་འགྲོ་བདེ་བའི་རིམ་གྲོ་མང་དུ་མཛད། སླར་ཡང་མེ་བྱ་ལོར་ལྷ་ལྡན་དུ་ཐེངས་བཞི་པ་ཕེབས། སྔ་རབས་ཀྱི་གཏེར་ལུང་དང་གཏེར་ཆེན་རང་གི་གཏེར་ལུང་། གནས་ཆུང་གི་བཀའ་ལུང་རྣམས་གཅིག་མཐུན་དུ་གྱུར་ནས་གཙང་གི་སིལ་མ་ཐང་དང་། ཁམས་ཀྱི་ཤྭ་བ་ཐང་། དེ་གཉིས་སུ་མཐའ་འདུལ་གྱི་གཙུག་ལག་ཁང་མཆོད་རྟེན་བཞེངས་ཆེད་གཏེར་ཆེན་ཉིད་སིལ་མ་ཐང་དུ་ཕེབས་ཏེ་གཞི་བྱིན་གྱིས་བརླབས། ཐུགས་ཁུར་གཙང་བཞེས་ཀྱིས་ལེགས་པར་གྲུབ། དབུས་མ་དགའ་ལྡན་དཔལ་བརྩེགས་རྣམ་རྒྱལ་གཟི་འབར་ལྷ་ཁང་དང་། ཤར་ལྷོ་རྣམ་སྣང་འཁོར་ལོས་བསྒྱུར་བའི་དཔལ་ལྡན་ལྷ་ཁང་། ལྷོ་ནུབ་གསེར་གྱི་དྲྭ་བན་ཆེན་གདུགས་འཕགས་ལྷ་ཁང་། ནུབ་བྱང་ཡང་དག་རབ་གནས་མངོན་འཕགས་བྱང་སེམས་ལྷ་ཁང་། བྱང་ཤར་བདུད་བཅོམ་ཡིད་གཉིས་ཀུན་འཇོམས་ལྡ་ཁང་། སྒོ་ཆེན་བར་མའི་གཡས་སུ་དཔལ་ལྡན་ལྷ་མོ་དང་རྒྱལ་ཆེན་སྐུ་ལྔའི་ལྷ་ཁང་། གཡོན་ཕྱོགས་སུ་མགོན་པོ་ཕྱག་དྲུག་པ་ཡི་མགོན་ཁང་སྟེ་བསྐང་གསོ་ཁང་གཉིས། ལྕགས་རི་རིམ་པ་གཉིས། རུང་ཁང་དང་བཅས་པ་རྒྱུ་བཟང་ལ་སྤུས་གཙང་ཞིང་བཀོད་ལེགས་བསྒྲུབས། ལྷ་ཁང་དབུས་མའི་ནང་ཐུབ་སྐུ་ཐོག་རྩེགས་ཅན། ཁྲོ་བོ་མི་གཡོ་བ། རྟ་མགྲིན། བདུད་རྩི་འཁྱིལ་བ། གཏུམ་དྲག་དམར་ནག བདེ་མཆོག་ཕོ་བྲང་། ཀྱེེ་རྡོར་ཕོ་བྲང་། རིན་ཆེན་གཙུག་ཏོར་ཅན་སོགས་ལི་མ་མདའ་ཚད་མ་བརྒྱ་ལྷག རྗེ་རིན་པོ་ཆེ་བརྒྱ་སྐུ་སོགས་མདོ་ཁམས་ན་དཀོན་པའི་རྟེན་ཁྱད་པར་ཅན་དང་། རྒྱལ་དབང་གི་ཕྱག་བསྟར་མ་ཐུབ་སྐུ་སྟོང་ཕྲག་ལྔ་གཟུགས་སུ་བྱས་པའི་འདམ་སྐུ་ཐུབ་པ་ལྔ་སྟོང་། བཀའ་བསྟན་དང་བསྐལ་བཟང་། བརྒྱད་སྟོང་བཅས་པོད་སྟོང་ཕྲག་ལྔ། གུ་རུ་ཐོག་རྩེགས་ཅན། ལས་གླིང་གི་གདུང་རྟེན་གསེར་དངུལ་ཁྲ་ལྡེབ་པའི་མཆོད་གདུང་རིན་པོ་ཆེ་དུ་མ་སྤུངས་པའི་མཐོང་གྲོལ་བཅས་བཞུགས། གཙོ་ཁང་ལ་གསེར་གྱི་གན་ཛི་ར། ཕྱོགས་བཞིར་གསེར་ཏོག་སྟེ་ཕྱི་ནང་ཐམས་ཅད་ངོ་མཚར་ཅན་གྱི་མཐའ་[page 329] འདུལ་གྱི་གཙུག་ལག་ཁང་དང་། ཤྭ་ཐང་དམ་སྲི་མནན་པའི་ཐོག་བདུད་འདུལ་དྲེགས་པ་ཟིལ་གནོན་གྱི་མཆོད་རྟེན་བཅས་བཞེངས་པར་མཛད། གཏེར་ཁ་དུ་མ་མངའ་དབང་བསྒྱུར། འབྲུག་རྒྱལ་པོ་དང་ཡོན་མཆོད་མཛད་པར་མ་ཟད། ཟི་ལིང་མཁར་གྱི་རྒྱ་དཔོན་མ་ད་རེན་དང་མཆོད་ཡོན་གྱུར་སྟེ་མཚོ་སྙིང་ཨ་མི་དེ་ཝ་ནས་འཇམ་དཔལ་ཞི་ཁྲོའི་སྐོར་གཏེར་དྲངས། ཨ་མདོ་ཕྱོགས་ཀྱི་རྒྱ་བོད་འདུམ་འགྲིག་མཛད། མདོར་ན་སྐུ་ཚེ་ཧྲིལ་པོར་མཆོག་གཏེར་དང་མཉམ་པའི་འགྲོ་དོན་མཛད་ནས་མེ་ཕོ་སྟག་གི་ལོར་དགོངས་ཆོས་དབྱིངས་སུ་གཤེགས་ནས་གདུང་ཆེན་ལྔ་དང་རིང་བསྲེལ་སོགས་ལམ་རྟགས་ཀྱི་ཡོན་ཏན་འཇའ་ལུས་དང་མཉམ་པར་མཛད་དོ། །མཁའ་འགྲོ་བུ་མོ་དང་གདུང་སྲས་རིག་འཛིན་རྣམ་རྒྱལ་དང་ཡབ་ཡུམ་སྲས་བཅས་གེ་སར་ཁོག་ནས་རང་གནས་དུང་ཁྲི་སྐེད་བླ་བྲང་དུ་གདན་འཇགྶ། གཏེར་སྲས་རིག་འཛིན་རྣམ་རྒྱལ་དང་མ་ཡུམ་གཉིས་གཉིས་བླ་བྲང་དུ་སྐུ་གཤེགས། ཡུམ་བསོད་ནམས་སྒྲོལ་མ་ནི་དགོན་མཐར་སྐུ་གཤེགས་རྗེས་སུ་བསམ་གྲུབ་ཕོ་བྲང་དང་། དུང་ཁྲི་སྐེད་བླ་བྲང་། དགོན་གྱི་རྟེན་གསུམ་གཟི་འབར་ལྷ་ཁང་ཕྱི་ནང་ཐམས་ཅད་འཇིག་ཟིན།
ད་ལྟ་གྲྭ་ཚང་འཚོགས་ཆོག་པ་དང་། ཉམས་གསོ་ཡི་འགོ་ཚུགས་པ་ཙམ་དུ་གནས་སོ། སྔར་ཡོད་ཀྱི་རྟེན་གསུམདང་མཆོད་ཆས་མངའ་རིས་བདག་དབང་སོགས་ལས་རྟེན་གསུམ་ནི། སྐུ་གདུང་གསེར་ཟངས་རིན་ཆེན་དུ་མའི་ཕྲ་རྒྱན་ཅན་ཐོག་བརྩེགས་གཉིས་པ་ཅན་གསུམ་དང་། གསེར་དངུལ་ཕྲ་ལྡེབ་ཅན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་གསུམ། འཛམ་བུ་ཆུ་གསེར་ཅན་གྱི་བླ་མ་པདྨའི་གདུང་རྟེན། གསེར་ཟངས་ཀྱིས་སྤྲུལ་སྐུ་རྣམ་གསུམ་གྱི་གདུང་རྟེན་གསུམ། དུང་ཁྲི་སྐེད་གསེར་དངུལ་ཁྲ་ལྡེབ་ཀྱི་མཆོད་རྟེན་གསུམ་བཅས་བསྡོམ་བཅུ་གསུམ། ཐུབ་སྐུ་ཐོག་འབགས་ཅན། གུ་རུ་སྣང་སྲིད་ཟིལ་གནོན་ཐོག་རྩེགས་ཅན་གཉིས། མདའ་གང་མ་ཆེ་ཆུང་བཅུ་ཙམ། གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད། བདེ་གཤེགས་སོ་ལྡ། ཉེ་སྲས་བརྒྱད། སྒྲོལ་མ་ཉེར་གཅིག རྗེ་ཡབ་སྲས་སོགས་ལི་མ་གཏེར་མ་ཟངས་རགས་ཅན་བརྒྱ་ཕྲག་གསུམ་བརྒྱ་ལྷག འཇམ་དབྱངས་སྨྲ་སེང་ཐོག་རྩེགས་ཅན་གསེར་ཟངས་ལས་གྲུབ་པ། བཀའ་བསྟན་གཉིས་རྙིང་རྒྱུད། བསྐལ་བཟང་ཚར་སྟོང་། བརྒྱད་སྟོང་པ་ཚར་སྟོང་། ལང་ཀར་གཤེགས་པ། ཉི་ཁྲི། གཏེར་མཛོད། བདུད་འདུལ་ཀློང་གསལ་ཆོས་སྐོར། པདྨ་བདུད་འདུལ་དང་རང་རིག་རྡོ་རྗེའི་གསུང་པོད་ལྔ་བཅུ་ལྷག ལས་གླིང་གི་གསུང་བྲིས་མ་དང་སྤར་མ། བདུད་འཇོམས་དུང་རལ་གླིང་པའི་སྒྲོལ་མའི་སྐོར་བཅས་པོད་ལྔ་བཅུ་ལྷག ལས་གླིང་གི་གསུང་བྲིས་མ་དང་སྤར་མ། བདུད་འཇོམས་དུང་རལ་གླིང་པའི་སྒྲོན་མའི་སྐོར་བཅས་པོད་དྲུག་སྟོང་ལྷག་བཞུགས། གསེར་དངུལ་ཁྲ་ལྡེབ་དང་། དངུལ་རྐྱང་། ཟངས་རག་འདྲེས་མ། ཟངས་རྐྱང་བཅས་ཀྱི་མཆོད་ཆ་ཚར་བདུན། རབ་གནས་སྐོར་དང་བསྒྲལ་ཆས་སྐོར། ཟངས་རག་ལི་བཅས་ཀྱི་བདུན་ཚར་ལྔ་བརྒྱ་ཙམ། དངུལ་གྱི་རྐོང་བུ་དང་བདུན་ཚར་ཆེ་ལེགས་བརྒྱ་སྐོར། མཚན་ཐུབ་དང་སྐོང་བུ་སྟོང་ཕྲག རྫས་ལྡེར་སོགས་མདོར་ན་ཉེ་བར་[page 330] མཁོ་བའི་ཡོ་བྱད་ཆ་ཚང་བ་ནི་ཤིན་ཏུ་མང་ངོ་། རོལ་མོ་ནི། སྟོང་གསུམ་འབྲུག་གྲགས་ཆེ་ཆུང་གཉིས། བླ་མ་མཐའ་ཡས་ཀྱི་ཕྱག་སྦུབ། ཁང་གཅིག་སྒར་པའི་ཕྱག་སིལ། སྐྱབས་མགོན་ཐུབ་བསྟན་རྒྱ་མཚོའི་ཕྱག་སྦུབ་འགྲོ་མགོན་ཀུན་དགའ་དབྱངས་སྙན། ཤེས་རབ་དབྱངས་སྙན་སོགས་རྒྱུ་བཟང་སྤུས་གཙང་ཆེ་ཆུང་བརྒྱ་ལྷག མཁར་རྔ་ཆེ་ཆུང་བདུན། གསེར་རྔ་སྒྲིགས་རྔ་བརྒྱ་ལྷག རྐང་གླིང་དང་ཉ་ཁ་མ། རྒྱ་གླིང་། དུང་དམར་ཆ་བཅུ། རྒྱ་རོལ། ཀ་གླིང་། འབཾ་ལོ། ཏིང་ཤག་ཆེ་ཆུང་། དྲིལ་བུ། རྔ་སྦུབས་བཅས་མཆོད་ཆས། དཀྱིལ་འཁོར་གྱི་ཆས། གདུགས་འཕན། ཕྱེ་ཕུར་འཆམ་ཆས་སྐོར། གསེར་འབག་ཟངས་གསེར་མ་ཆེ་ལྡན་ཉི་ཤུ་སྐོར། མཚོ་ཕུ་ལུགས་ཀྱི་འབག་ཆ་ཚང་། རྒྱལ་དབང་གིས་གནང་བའི་ཆུ་སྲང་ཝགས་པའི་ཞྭ་ནག་བེར་བཅས། གཞན་རྒྱན་བཞི་དང་། པདྨ་བཅད་ལྡན་སོགས་ཀྱི་འཆམ་གོས་ཞྭ་ནག་ཁྲོ་ཐུ་བཅས་བདུན་བཅུ་ཙམ། ཚོགས་ཟངས་ཆེ་ཆུང་བཅུ་གསུམ། གར་མོ་ཆེ་གཉིས་ཟོ་ཁྲ་ལྔ་བཅུ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཆ་ཚང་བ་ཡོད། སངས་རྒྱས་སྐྱེས་རབས་ཀྱི་གསེར་ཐང་ཆ་ཚང་། ལོ་རྒྱན་སྟོང་སྐུ་ཡི་གསེར་ཐང་གཙོས་ཐང་ག་ཆེ་ཆུང་ཉིས་བརྒྱ་ལྷག་བཅས་ཡོད། སྤར་ཁང་བདེ་ལེགས་ཀུན་འབྱུང་ནི། མདོ་སྡེ་བསྐལ་པ་བཟང་པོ་དང་། པདྨ་བདུད་འདུལ་གྱི་གསུང་ཆོས་ཆ་ཚང་། ལས་རབ་གླིང་པའི་གསུང་ཆོས་ཆ་ཚང་། དབྱར་གནས་ཀྱི་འདོན་ཆོག ན་རགས་དོང་སྦུག རྙིང་གཟུངས་ཆ་ཚང་། ལྷ་སྤར། སྲུང་འཁོར་སྤར། མདོས་རིས་སྐོར་བཅས་ལྡེབ་གྲངས་ཁྲི་གཉིས་ལྷག་ཡོད་པའོ།།
བླ་གྲྭ་ནི། འཇའ་ལུས་པདྨ་བདུད་འདུལ། ཐུགས་སྲས་བཅོམ་ལྡན་རྡོ་རྗེ། བསྟན་བདག་སྤྲུལ་སྐུ་རྣམ་གསུམ་གྱི་དུས་ནས་བླ་གྲྭ་བརྒྱ་ལྷག་ཙམ་རེ་བཞུགས། པད་སྤུངས་སུ་སྒྲུབ་གྲྭ་བ་བཞི། མཚམས་གཡོག་པ་གཅིག་བཅས་དང་། རྣམ་རྒྱལ་ཙམ་རེ་བཞུགས། པད་སྤུངས་སུ་སྒྲུབ་གྲྭ་བ་བཞི། མཚམས་གཡོག་པ་གཅིག་བཅས་དང་། རྣམ་རྒྱལ་གཟི་འབར་ལྷ་ཁང་དུ་སྒྲུབ་གྲྭ་བ་བདུན་དང་སྒྲུབ་གཡོག་པ་གཉིས། ཁྱོན་གྲྭ་གྲངས་བཅོ་བརྒྱད་ལ་སྔར་ས་གནས་སྲིད་གཞུང་གིས་གསོལ་ཕོག་ཕུལ་བ་ཡིན། ཚོགས་དུས་མཆོད་ནི། བཀའ་བརྒྱད་གྲོ་རོལ་སྒྲུབ་མཆོད་ཧོར་ཟླ་དྲུག་པའི་ཚེས་བཅུ་ནི་མཁའ་ཁྱབ་རང་གྲོལ་གྱི་བུམ་སྒྲུབ་ཚེས་བཅུའི་འཆམ་བཅས། ན་རོགས་དོང་སྤྲུག ཧོར་ཟླ་དགུ་པའི་ནང་ཤང་གཤོང་སྤྱི་ཡི་དུས་རིམ་ཆེན་མོ། བན་བོན་གྱི་དགོན་ཁག་ལྔ་བསྐལ་དགོན་དུ་མཛོམས་ནས་ཚོགས་དགོས། གཞན་ཡང་གཤིན་རྗེ་དྲེགས་པ་འཇོམས་བྱེད། མ་ནིང་བཀའ་བརྒྱད། བྱང་གཏེར་ཚེ་བདག་རྒྱ་རོང་གཤེད་དམར། ལས་གླིང་ཁྲོ་ལོད། བདུད་འདུལ་ཕུར་པ། ལས་གླིང་ཕུར་པ། ཡང་གསང་ཁྲོས་པའི་གཏོར་བཟློག་བླ་བྲང་གི་དུས་རིམ། རབ་གནས་ཉིན་ལྔ། བཀའ་བརྒྱད་ཁྲོ་རོལ་གཏོར་བཟློག པདྨ་བདུད་འདུལ་དང་བླ་མ་མཐའ་ཡས། ཡེ་ཤེས་རྡོ་རྗེ། དགའ་རབ། ལས་གླིང་བཅས་ཀྱི་འདས་མཆོད་ཉིན་གཉིས་རེ། ཡང་གསང་ཁྲོས་པའི་སྒྲུབ་མཆོད། དབྱར་གནས། རི་བསང་ཆེན་མོ་བཅས་ལོ་རེ་ལ་ཞག་བརྒྱ་དང་ཉེར་ལྔ་རེ་འཚོགས་དགོས། ཚེས་བཅུ། ཕུར་སྒྲུབ་དང་དབྱར་གནས་གསུམ་ལ་སྤྱི་སོ་ཡོད། མ་དངུལ་ལ་ཊམ་[page 331] ཀ་ཁྲི་གསུམ། ནས་ཁལ་གཉིས་བརྒྱ་ཡོད་པས་གྲྭ་པ་རྣམས་རེས་སྐོར་ནས་ཕྱག་ལས་གནང་དགོས། ཡང་དགོན་པ་དང་བླ་བྲང་གི་ས་ཞིང་ནི་ཡར་འོག་དང་། ཕྱིར་འོག ཁང་གཅིག མགར་ཡུལ། ཁ་ལུང་། བུ་སྟོང་། ཤ་མོས་བཅས་གཏེར་ཞིང་ཡོད་པ་དང་། བྱ་བཟི་ཁྱུང་མཁར། གྱ་བཟི་གཤོང་སྨད། བོ་རྫི། ཕྱ་ཡུལ། བཞག་གསར་བཅས་ཀྱི་གཞིས་ཁག་ལ་ནས་ཁལ་ཉིས་བརྒྱ་ལྔ་བཅུའི་ས་ཞིང་ཡོད། ཕུར་སྒྲུབ། ཚེས་བཅུ་དང་དབྱར་གནས་གསུམ་ཕུར་རྗེས་ཀྱི་འགྲོ་སོང་དགོན་གཞུང་གིས་བཏང་དགོས་པ་ཡིན། ད་ཡོད་ཀྱི་གནས་ཚུལ་མདོར་བསྡུས་ནི། སྤྱི་ལོ་༡༩༨༡ལོར་སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཁང་གིས་ཁངས་ཁུལ་གྱི་རིག་གནས་གནའ་རྫས་དང་སྤར་ཤིང་བསྡུ་རུབ་ཀྱི་འགན་དཀར་མཛེས་ཁུལ་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཤེས་རབ་འོད་ཟེར་ལ་གནང་། སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་དང་། དཀར་མཛེས་ཁུལ་གནའ་རྫས་བདག་གཉེར་ཁང་གི་བཀྲ་ཤིས་བཅས་ལོ་གཅིག་ཙམ་ལ་ས་གནས་སོ་སོར་ཕྱིན་ཏེ་དགོན་སྡེ་མིང་གྲགས་ཅན་དང་གནའ་རྫས་ཕུན་སུམ་ཚོགས་པའི་རིག་གནས་ཁང་སུམ་བཅུ་ལྷག་བཙུགས། འགུལ་བསྐྱོད་རིམ་པ་དང་རིག་གནས་གསར་བརྗེའི་གོད་ཆག་སྐབས་ཉར་ཚགས་བྱེད་མཁན་མི་དམངས་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་དཔའ་དར་དང་གཟེངས་བསྟོད་བྱེད་སྐབས། བསྐལ་དགོན་དུའང་རིག་གནས་ཁང་བཙུགས། དེའི་ཕྱི་ལོར་རབ་བྱུང་བཅུ་དྲུག་པ་ལྕགས་མོ་བྱ་ཡི་ལོར་ཉག་རོང་རྫོང་དུ་དགོན་པའི་སྒོ་ཐོག་མར་ཕྱེས། གནད་ཆེའི་དགོན་པར་རྩིས་ཏེ་སྔ་ཕྱིར་སྒོར་ཁྲི་བཞི་དང་དྲུག་སྟོང་གནང་ནས་ཉམས་གསོ་བྱས། ལྷ་ཁང་མཐོང་གྲོལ་ཆེན་མོ་ཕྱོགས་བཞིའི་གློ་འབུར་དང་བཅས་པ། ནང་གི་འཁྲུལ་ཞིག་ཡབ་སྲས་གསུམ་གྱི་གདུང་རྟེན། ཡང་ཐོག་གཟིམ་ཆུང་འོད་སྣང་འཁྱིལ་པ་ནང་པདྨ་བདུད་འདུལ་ཀྱི་སྐུ་གཙོ་བོར་བྱས་པའི་གསེར་ཁང་དང་། འདུ་ཁང་གི་ཐོག་གསུམ་པའི་ནང་གི་གསེར་ཁང་ཆེ་ལྡན་དུ་ཇོ་བོ་རིན་པོ་ཆེ་སྤུས་ལེགས་བླ་མ་ཀུན་བཟང་རིག་འཛིན་གྱིས་རྟེན་བཞག་གནང་བ་དང་། འཇམ་དབྱངས། རྡོ་སེམས། ཀཿཐོག་དྲི་མེད་ཞིང་རྒྱང་ནས་གནང་བའི་ཐུབ་སྐུ་བལ་པོའི་ལི་མ་བརྒྱ་བཅས་དང་། གཙང་ཁང་དུ་གྲུབ་ཐོབ་ཨ་ག་མཆོག་དང་པད་ལོ་གཉིས་ནས་འཇམ་དབྱངས་སྨྲ་སེང་ཐོག་རྩེགས་ཅན་བཞེངས་པ། རིན་ཆེན་གཙུག་ཏོར་ཅན་གཙོས་པའི་རིན་ཐང་བརྗོད་ལས་འདས་པ་ཉི་ཤུ་ལྷག་བཞུགས། ཕུར་པ་ལྷ་ཁང་དང་ཇ་ཁང་བཅས་སྐྲུན་ཟིན། རྣམ་རྒྱལ་གཟི་འབར་ལྷ་ཁང་ཇ་ཁང་དང་བཅས་པ་ནང་གི་རྟེན་གསེར་ཟངས་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་ཐོག་བརྩེགས་ཅན། འཕན་ཡོ་བྱད་བཅས་སྤྲུལ་ཤེས་རབ་འོད་ཟེར་པས་གསར་དུ་བསྐྲུན་ཏེ་ལེགས་པར་གྲུབ། རྒྱལ་བའི་བཀའ་འགྱུར་ཆ་གསུམ། རྙིང་རྒྱུད་ཆ་གཉིས། བསྟན་འགྱུར་ཚར་གཅིག་བདུད་འདུལ་ཀློང་གསལ་ཆོས་སྐོར། འོད་གསལ་སྙིང་ཐིག་བཅས་བཞུགས། སྐྱེས་རབས་དང་གུ་རུའི་གསེར་ཐང་ཚོ་གཅིག གཞན་ཐང་ག་ཆེ་ཆུང་ཉི་ཤུ་སྐོར། ཆ་ལང་དང་སིལ་སྙན། རོལ་མོ་བཟང་ངན་སྣ་ཚོགས་བཞི་བཅུའི་སྐོར། གསེར་དངུལ་[page 332] བཀྲ་མའི་མཆོད་ཆས། དངུལ་མཆོད་འཐོར་མ། ཏུང་དང་རག་ལྡེབ་པའི་མཆོད་ཆས་ཆ་གསུམ་ཙམ། རྒྱ་གླིང་། དུང་དམར། དུང་དཀར། དངུལ་གྱི་མཚན་ཐུབ་ལྔ། ཏིང་ཕོར་བརྒྱ་ལ་ཉེ་བ། ཀོང་བུ་ཉིས་བརྒྱ། གདུགས་རྒྱལ་མཚན་ཀ་འཕན་ཕྱེ་ཕུར་བཅས་དང་། འབག་དང་འཆམ་གོས། ཞྭ་ཞག་དང་ཁྲོ་ཞལ་ལྔ་བཅུའི་སྐོར། དཀྱུལ་འཁོར་གྱི་ཡོ་བྱད་དབང་ཆོག་ཡོས། གྲར་མོ་ཆེ་སོགས་ཡོ་བྱད་ཆེ་ཕྲ་ཐམས་ཅད་ཆ་ཚང་བ་ཙམ་གྲུབ། མཆོག་སྤྲུལ་སངས་རྒྱས་ཚེ་རིང་གདན་ནས་རབ་གནས་ལེགས་གྲུབ་མཛད་པའོ། དགོན་གྱི་བླ་གྲྭའི་བཞུགས་གྲངས་ནི། བསྟན་བདག་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་ཤེས་རབ་འོད་ཟེར་གྱིས་གཙོ་འགན་བཞེས་ནས་གཏེར་ཆེན་ལས་རབ་གླིང་པའི་ཡང་སྲིད་མཁན་འཇིགས་མེད་ཕུན་ཚོགས་གསེར་ཐར་ནས་གདན་དྲངས་ཏེ་གོང་མའི་གདན་ས་དུང་ཁྲི་སྐེད་དུ་ཁྲི་ལ་བཀོད། བསྐལ་དགོན་དུའང་ཁྲི་སྟོན་བྱས། དགོན་གཞུང་ལ་འབྲི་དྲུག་བཅུ་བརྟན་བཞག་དང་ཉག་དགོན་ཁག་ཐམས་ཅད་ལ་ཐེབས་རྩ་གནང་། ཉིད་ཀྱིས་ཐུགས་བསྐྱེད་ལས་དུང་ཁྲི་སྐེད་པཎ་ཆེན་རིན་པོ་ཆེ་ནས་ཆོག་མཆན་གནང་བ་ལྟར་གྲྭ་བརྒྱ་ཡི་རྩིས་གཞི་བྱེད་པའི་གནས་ལྔ་རིག་པའི་སློབ་གྲྭ་ཕོག་རྒྱགས་རང་གི་གཉེར་བ་དང་། པད་སྤུངས་སུ་སྒྲུབ་གྲྭ་རྒྱུན་འཛུགས། བསྐལ་དགོན་དུ་ཉག་སྤྱི་ཡི་དགོན་པ་ཀུན་ལ་ཡོངས་རྫོགས་འདུས་པའི་སྒྲུབ་ཁག་ཉེར་ལྔ་བསྟར་ཆགས་ཀྱི་སྒྲིགས་བཀོད་མཛད། བཤད་གྲྭའི་འགན་ཁུར་བ་དབོན་ཉི་ཤར་བཀོད། མཁན་པོ་ནི་འཇིགས་ཕུན་ཉིད་ཀྱིས་གཏོང་མངག་མཛད་ནས་བཤད་སྒྲུབ་ཀྱི་སྲོལ་བཟང་བཙུགས། གཏེར་སྟོན་བདུད་འཛོམས་དུང་རལ་གླིང་པའི་ཡང་སྤྲུལ་རིག་འཛིན་ཀློང་ཡངས་རྡོ་རྗེའི་ཡང་སྲིད་གསང་བདག་གིས་ཁྲི་པའི་འགན་བཞེས། བླ་སྤྲུལ་མཁན་སློབ་གྲྭ་ཚང་བརྒྱད་ཅུ་གྱ་ལྔ་ཙམ། གྲྭ་ཁང་ཉི་ཤུ་ལྷག་གིས་སྔར་གྱི་དུས་མཆོད་མ་ཆད་པ་ཕྱག་ལེན་བསྟར་བཞིན་མཆིས། བླ་རབས་མང་པོ་ཞིག་བྱུང་ཡང་སྔ་ཕྱིར་འགྱུར་ལྡོག་དུ་མ་འབྱུང་བས་ཞལ་རྒྱུན་དག་མ་བཙལ་རྒྱུ་མ་ལོན། ཕྱིས་ཀྱི་སྐྱབས་མགོན་འཕྲིན་ལས་རྒྱ་མཚོ་དང་། ཐུབ་བསྟན་རྒྱ་མཚོའི་རིང་གི་གསེར་ཡིག་གསེར་ཐམ། དགོན་གྱི་མངའ་རིས་བདག་དབང་སོགས་ཡིག་ཆ་ཡོད་ཀྱང་རིག་གནས་གསར་བརྗེའི་སྐབས་དབྱིངས་སུ་གཤེགས་པར་མཛད། འོན་ཀྱང་ཞིབ་པར་གཟིགས་དགོངས་པ་དག་གིས་གོང་མ་ཚོ་ཡི་མཛད་རྣམ་དང་། གསུང་ཆོས་སྐོར་ལ་གཟིགས་པར་འཚལ། ཞེས་པའང་བསྐལ་དགོན་ཨ་སྐལ་སོགས་བན་རྒན་རྣམས་ཀྱི་ངག་རྒྱུན་དང་གནས་ཡིག་རྣམ་ཐར་སོགས་ལ་གཞི་བྱས་ནས་བྱ་ཚེ་རིང་གིས་ལེགས་པར་བསྒྲིགས་པའོ།
ཉག་རྫོང་ཐང་སྐྱིད་གསང་སྔགས་གཏན་ཆོས་གླིང་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས། [page 333] འབྲི་ཉག་གཉིས་ཀྱི་ས་མཚམས། བཞག་གསར་བཀྲ་ཤིས་ལྷ་ལུང་ཞེས་བྱ་བ། ཕུ་ཟླ་ཨོ་རྒྱན་པད་མས་ལུང་བསྟན་གྱིས་ཟིན་པའི་དཔལ་ཆེན་པོ་ཕུར་པའི་གནས་མཆོག་ཉི་ཟླ་ལྕགས་རི། མདའ་གནས་ཆེན་དགའ་བ་བྲག་དཀར། རྒྱབ་རི་ནོར་བུ་གཡུ་རྩེ་ཁྱུང་ཆེན་ནམ་མཁར་ལྡིང་འདྲ། ནུབ་ཕྱོགས་སུ་རིགས་གསུམ་མགོན་པོའི་སེང་གེ་གནམ་འཕུར། མདུན་རི་དཀྐི་པད་མ་འབུམ་རྫོང་། ནུབ་བྱང་དུ་ཟུར་ཆེན་སྟོད་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དང་ཟུར་པ་ཡབ་སྲས་ཀྱི་སྒྲབ་ཕུག་ངོ་མཚར་ཅན། འཇལ་ཞང་ཐང་དཀྱིལ་དུ་བེེ་རོས་བཞེངས་པའི་མཐའ་འདུལ་གྱི་མཆོད་རྟེན་བཅས་བཞུགས། ཐང་སྐྱིད་དུ་ལྕགས་མདུད་རྡོ་རྒྱལ་པའི་གདུང་ལས་བྱོན་པའི་ཐང་དཔོན་མགོན་པོ་ཚེ་རིང་ཞེས་པའི་དུས་སུ་གཏེར་ཆེན་དམ་པ་རིག་འཛིན་བདུད་འདུལ་རྡོ་རྗེའི་གདུང་སྲས་རྒྱལ་སྲས་པད་མ་རྣམ་རྒྱལ་དང་རྡོ་རྗེ་ཆོས་དབང་མཆོག་གཉིས་ཡུལ་འདིར་སྤྱན་དྲངས་ནས་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྟག་༼སྤྱི་ལོ་༡༧༨༢ལ༽དགོན་གནས་འདི་བཏབ་སྟེ་གསང་སྔགས་བསམ་གཏན་ཆོས་གླིང་ཞེས་མཚན་གསོལ། རབ་གནས་རྟེན་བཞུགས་སོགས་གྲུབ་བོ། དེ་མཚམས་སུ་ཉག་སྐེད་པདོན་གྱི་མངའ་ཞབས་སུ་མ་སྡད་པས་ཐང་སྐྱིད་ཡུལ་དགོན་རྣམས་མདོ་སྨད་དུ་ཡུལ་འཁྱར་ལོ་བཅུ་ལྷག་འགྲོ་དགོས་བྱུང་།
དེ་རྗེས་སླར་ཆགས་ནས་གྲུབ་ཆེན་པད་མ་བདུད་འདུལ་སྤྱན་དྲངས་ནས་རྗེ་ཡིས་ཞལ་བཀོད་ལྟར་རྒྱལ་སྲས་ལྷ་ཁང་ཤུལ་གྱི་གཡོན་ཟུར་དུ་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་སྤྱི་ལོ་༡༨༦༦ལྷ་ཁང་ཀ་རིང་གཉིས་ཅན་བཞེངས། ནང་དུ་གྲུབ་རྗེའི་ཞལ་གསུང་ལྟར་ཇོ་བོ་རྒྱན་དྲུག་ཅན་ཐོག་རྩེགས་གཉིས་ཅན་མཆོག་ཟུད་གཉིས་བཅས་བཞེངས་ཏེ་གསེར་ཆབ་གཟུངས་གཞུག་རབ་གནས་སོགས་ངོ་མཚར་གྱི་རྟགས་མཚན་བྱིན་རླབས་དང་ལྡན་པ་མཛད། པད་མ་བདུད་འདུལ་དང་གྲྭ་སུམ་ཅུ་ཙམ་གྱིས་མ་ཎིའི་བུམ་སྒྲུབ། མཁའ་ཁྱབ་རང་གྲོལ་ཚོགས་མཆོད་རབ་གནས་རྟེན་བཞུགས་མཛད་སྐབས་ཡ་མཚན་གྱི་ལྟས་བཟང་ཅི་རིགས་པ་བྱུང་ནས་གདུལ་བྱ་རྣམས་དད་ཅིང་གུས་པས་མཚམས་སྦྱོར་བཅས་ཡིད་ཚིམ་པར་མཛད་དོ། མ་འོང་ལུང་བསྟན་ཞལ་ཆེམས་མང་དུ་གསུངས་ཏེ། ཕྱི་དུས་དགོན་འདིར་སྤྲུལ་པའི་སྐུ་བཅུ་གསུམ་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་དར་སྤེལ་བཏང་། ཕྱོགས་བཞི་ནས་མཁར་རྔ་བཞི་བརྡུང་། ཆོས་གོས་སྣམ་སྦྱར་གྱིས་བར་སྣང་མདོག་བསྒྱུར། ཁྱད་པར་རྫོགས་པ་ཆེན་པོའི་བསྟན་པ་དར་བར་འགྱུར་གསུང་ནས་གཏེར་ལས་དྲངས་པའི་ཆོས་དུང་དཀར་པོ་ཐོས་པ་རང་གྲོལ་གནང་ནས་རྟེན་འབྲེལ་དུ་བསྐལ་བཟང་དགོན་གྱི་གཡས་ཟུར་བསམ་གཏན་དགོན་པ་ཤེས་རབ་ཉི་མ་ལྟ་བུ་གསལ་བའི་དགོས་གནད་ཁྱད་པར་ཅན་ཡོད་གསུངས། དུང་དཀར་དེ་ད་ལྟ་མཇལ་རྒྱུ་ཡོད། ཛཿསྤྲུལ་རིན་པོ་ཆེ་ཀུན་བཟང་རྣམ་རྒྱལ་འདིར་བྱོན་ནས་བཀའ་གཏེར་གྱི་དབང་ལུང་རྒྱ་ཆེར་གནང་། ཧོར་སེང་ཐོད་ཟེར་བའི་རོལ་མོ་རིན་ཐང་བྲལ་བ་གནང་ནས་དགོན་བདག་མཛད་དེ་ཕྲིན་ལས་རྒྱས་པར་བྱུང་ངོ་། བྲག་དམར་སྤྲུལ་སྐུས་སིལ་སྙན་[page 334] གྲྭ་ཉི་ཟེར་མ་གནང་། རོལ་མོ་འདི་གཉིས་ད་ལྟ་ལྷག་ཡོད། སྐྱབས་རྗེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་བྱོན། བྱིན་རླབས་དབང་བསྐུར་རབ་གནས་རྟེན་བཞུགས་ཀྱི་ཕྱག་གི་མེ་ཏོག་འཐོར་རོ། གཞན་ཁྲོམ་དགེ་བླ་སྤྲུལ་རིམ་བྱོན། ཨ་འཛོམས་འབྲུག་སྤྲུལ་ཡབ་སྲས། གར་དབང་སྤྲུལ་སྐུ་རྣམ་གཉིས། སྨྱོ་སྤྲུལ་ལུང་རྟོགས། མཁན་ངག་དབང་དཔལ་བཟང་། གཏེར་ཆེན་མཐུ་སྟོབས་གླིང་པ་ཡབ་སྲས། གཏེར་ཆེན་དྲི་མེད་ཡབ་སྲས། བདེ་ཆབ་སྟོབས་རྒྱལ། བདེ་ཆབ་ཨ་བསོད། གཏེར་ཆེན་ལས་རབ་གླིང་ཡབ་སྲས་སོགས་འདིར་བྱོན་ནས་བཀའ་གཏེར་སྨིན་གྲོལ་གྱི་དབང་ལུང་རྒྱ་ཆེར་གནང་ངོ་། དེ་རྗེས་དབོན་པད་མ་དར་རྒྱས་གྱིས་འཁྲུལ་ཞིག་གཉིས་པ་ཨོ་རྒྱན་སྐུ་གསུམ་གླིང་པའམ་འཁྲུལ་ཞིག་གླིང་པའི་ཆོས་སྒར་ན་བཞུགས་པའི་རྡོ་རྗེའི་སློབ་བུ་གང་ཡོད་སྤྱན་དྲངས་ནས་འགྲོ་འདུལ་ཕྲིན་ལས་ཀྱི་སྒོ་འཕར་གསར་དུ་ཕྱེས་ཤིང་ལྷ་ཁང་ཀ་རིང་བརྒྱད་ཅན་བཞེངས། ཨོ་རྒྱན་སྨིན་གྲོལ་གླིང་པས་ཕྱག་བཞེས་མཛད། གཙུག་ལག་ཁང་ཕྱི་ནང་ཐམས་ཅད་འགྲན་ཟླ་དང་བྲལ་བར་གྱུར་ཏོ། འདི་དུས་བླ་མ་ཚུལ་ཁྲིམས་རྒྱ་མཚོ་ཞེས་རིག་འཛིན་སྐུ་གསུམ་གླིང་པའི་ཐུགས་ཀྱི་དགོངས་པ་ཞི་དབྱངས་སུ་ཐིམ་ཡང་ཡེ་ཤེས་ཀྱི་སྐུ་ཡིས་བཟུང་ཞིང་དོན་གྱིས་དགོངས་བརྒྱུད་འཕེལ་ཏེ་ཟབ་དོན་ཆོས་ཀྱི་འོད་གསལ་ཟབ་མོ་སྙིང་ཐིག་སྐོར་དང་། མ་གཅིག་མཁའ་འགྲོའི་སྙན་བརྒྱུད་ཞལ་ལུང་དག་སྣང་། གསུང་མགུར་ཉམས་སྣང་། གྲོ་ལོད་ཀྱི་སྒྲུབ་པ་སོགས་གཏེར་ཆོས་པོད་གཉིས་ཙམ་བཞུགས། གཞན་ཁོང་གིས་བླ་མ་བསྟེན་ཚུལ་ཡེ་ཤེས་རྡོ་རྗེ་དང་མཐའ་ཡས།། ལས་རབ་གླིང་པ། པད་མ་གླིང་པ། མཐུ་སྟོབས་གླིང་པ་སོགས་དམ་པའི་སྐྱེས་སྤྲུལ་རྣམས་བསྟེན་ནས་སྒྲུབ་པ་ཉམས་ལེན་མཐར་ཕྱིན་ཏོ། ཁོང་གི་སྐུ་ཚེ་དེ་ཉིད་ལ་རྙིང་མ་རྒྱུད་འབུམ། སྙིང་ཐིག་ཡ་བཞི། ཐོས་གྲོལ་བསྐྱེད་རྫོགས་སོགས་ཀྱི་དབང་ལུང་ཁྲིད་གསུམ་གྱིས་སྐལ་ལྡན་ཕོ་མོ་སྟོང་ཕྲག་ལྷག་ཙམ་ལ་དུས་རྒྱུན་མེད་པར་རྩོལ་བས་དུས་འདའ་འོ། རང་རིག་གཏེར་སྲས་མི་འགྱུར་ཆོས་དབྱིངས་རྡོ་རྗེ་ནས་ཀློང་གསལ་ཆོས་སྐོར་དང་བདུད་ཆོས་སྐོར་སོགས་གྱིས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམ་ངག་རྫོགས་པ་ཆེན་བོའི་ས་ལམ་གཅིག་ཆར་རྫོགས་པའི་དངོས་གཞི་ངོ་སྤྲོད་གནང་བར། དགེ་འདུན་པ་ཐམས་ཅད་ཁོང་གི་སློབ་བུ་ཤ་སྟག་ཡིན། དགོན་པ་འདིས་ཚེས་བཅུ་དང་འཆམས་གོས་སོགས་ཁོང་གིས་ཐུགས་ཁུར་བཀའ་དྲིན་བླ་མེད་ཀྱིས་སྐྱོང་བ་ནི་བརྗོད་ཀྱིས་མི་ལང་། མཁན་ཨ་རྡོར་དང་མཆོག་སྤྲུལ་རྡོ་རྗེ་གཉིས་ཀྱིས་བཀའ་དྲིན་ཟླ་མེད་དུ་སྐྱོང་བའོ། གཏེར་ཆེན་དྲི་མེད་སྲས་པད་མ་ཐུགས་རྗེ་དབང་ཕྭག་ནས་མཁའ་ཁྱབ་རང་གྲོལ་སོགས་ཀྱི་སྨིན་དབང་ཟབ་མོ་གནང་བ་དང་། ཁྲོམ་སྤྲུལ་ཨ་རིག་ནས་དགེ་བཅུའི་སྡོམ་པ་ནོད་པ་ཡིན། དྲི་མེད་སྲས་ཚེ་དབང་འོད་ཟེར་ནས་དགོན་པ་འདིའི་བསྟན་པའི་བདག་པོ་གནང་བ་རེད།
ནང་རྟེན་སྟོན་པའི་སྐུ་ཐོག་བརྩེགས་ཅན། མི་ལུས་ཙམ་གྱི་གུ་རུ་གཙོ་འཁོར་གསུམ། མཁན་[page 335] སློབ་ཆོས་གསུམ། རིགས་གསུམ་མགོན་པོ། གནས་བརྟན་བཅུ་དྲུག་དང་། གྱང་ལྷ་ལྡེབས་བྲིས་སོགས་བཀའ་གཏེར་ཀུན་གྱི་ལྷ་གྲངས་ལས་འདས་སོ། གསུང་རྟེན་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ། སྙིང་ཐིག་ཡ་བཞི་སོགས་པོད་སྟོང་ལས་བརྒལ། གསེར་དངུལ་བཀྲ་མའི་སྐུ་གདུང་ཐོག་བརྩེགས་ཅན་གཅིག་དང་ཆུང་བ་གཅིག ལི་ལས་གྲུབ་པའི་སྐུ་སོགས་གྲངས་བཅུ་ལྷ་འཕན་ཡོ་བྱད་མཆོད་རྫས་སོགས་དགོས་མཁོ་མི་དམན་པར་བཞུགས། ཚེས་བཅུ་དགུ་གཏེར་གཉིས་ཀྱི་འཆམ་གོས་ཡོ་བྱད་སོགས་ཀུན་གྱིས་ཡིད་སྨོན་གྱི་གནས་སུ་གྱུར་པ་ཡོད། འདི་དུས་དགོན་འདིར་བསྐལ་བཟང་དགོན་གྱི་བླ་སྤྲུལ། དགའ་རབ། སེམས་དཔའ་རྡོ་རྗེ། རིག་འཛིན་ཀུན་དགའ། གཏེར་ཆེན་ལས་གླིང་ཡབ་སྲས། ཨ་གཉའ་དབོན་པོ་རིམ་བྱོན་ནས་ད་ལྟ་ཤེས་རབ་འོད་ཟེར་ཡན་ཆོད་ནས་དགོན་འདི་ལ་ཐུགས་ཁུར་ཟབ་མོ་རྒྱུན་མི་ཆད་པར་གནང་ངོ་། ཁྲི་པད་མ་དབང་ཆེན་མདུན་ནས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་ལེན། བཅའ་དབྱངས་གྱེར་གསུམ། འབུད་རྡུང་བཀྲོལ་གསུམ། བརྒྱུད་གསུམ་བླ་མའི་ཕྱག་བཞེས་ལ་སྤྲོ་བ་དང་། གྲྭ་སའི་སྒྲིག་ལམ་རྣམ་བཞག་བཅས་ལ་སློབ་སྦྱོང་ནན་ཆེར་མཛད་དེ། གཤིན་རྗེ་དྲེག་འཇོམས་མཁའ་ཁྱབ་རང་གྲོལ། ཐུག་ཆེན་ཡང་འདུས་ཀྱི་སྒྲུབ་མཆོད། དོང་སྤྲུག ཐོས་གྲོལ། བདུད་གློང་ཆོས་སྐོར། དབྱར་གནས་སོགས་ཀྱི་འཚོགས་དུས་མཆོད་གྲངས་ལས་འདས་སོ། འདི་དུས་གྲྭ་བ་བརྒྱ་དང་ལྔ་བཅུ་ལྷག་ཡོད་ལ་མཆོད་སྡེ་ཡུལ་འབྲོག་གཉིས་དུད་ཁག་བརྒྱ་ལྷག་ཙམ་ཡོད། མཁན་རིན་པོ་ཆེ་ཚེ་དབང་རྣམ་རྒྱལ་སོགས་བཞུགས་པའི་རག་ཆབ་རི་ཁྲོད་དང་མཚམས་ཁང་ལྔ་བཅུ་ཙམ་ཡོད། ཏིང་ཆེན་གསང་སྔགས་ཆོས་གླིང་ཞེས་ལྷ་ཁང་ལྔ་བཅུ་ཙམ་བཞུགས། དེ་རྣམས་ནི་རིག་གནས་གསར་བརྗེའི་སྐབས་ལྷ་ཁང་རྟེན་རྙིང་རྣམས་མིང་མེད་དུ་གཏོང་ནས་ཡིད་སྐྱོ་བའི་གནས་སུ་གྱུར། ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པ་ནས་བཟུང་། བླ་མ་ཚུལ་ཁྲིམས་ཀྱི་ཡང་སྤྲུལ་པད་མ་རྒྱལ་མཚན་གྱི་ཐུགས་ཁུར་འོག་སེར་སྐྱ་མང་ཚོགས་ཀུན་གྱིས་རང་མོས་སྡེབ་ཤུགས་དང་རྒྱལ་ཁབ་ཀྱིས་གནང་བའི་དངུལ་བཅས་ཀྱིས་སྔར་བཞིན་ལྷ་ཁང་ཀ་རིང་བརྒྱད་ཅན་ལས་གྲུབ་པ། གློ་འབུར་གཉིས། དུང་འཁོར་གསུམ། འཁོར་ཁང་ལོགས་ངོས་གསུམ་ལ་འཁོར་ཆུང་བརྒྱད་ཅུ། ཇ་ཁང་ཀ་རིང་བཞི་ལས་གྲུབ་དང་གྲྭ་ཤག་བཞི་བཅུ། ཀུན་དགའ་ར་བ། འཁོར་ཡུག་ས་ཁྱོན་ཁལ་སུམ་ཅུ་སོ་དྲུག་ཙམ་ཡོད། དགོན་འདིར་ད་ལྟ་སྒྲུབ་མཆོད་དང་དུས་མཆོད་ནི། དབྱར་ཟླ་ལྔ་པའི་ཚེས་ཉེར་ལྔ་ནས་མཁའ་ཁྱབ་རང་གྲོལ་བུམ་སྒྲུབ་ཉིན་བདུན། བླ་མ་གསང་འདུས་ཉིན་ལྔ། གུ་རུ་ཞི་བ་ཉིན་གཉིས། འཆམ་ཉིན་གསུམ་དབང་དང་བཅས། ཀློང་གསལ་གུ་དྲག་ཡེ་ཤེས་རབ་འབར། ཉང་གཏེར་བཀའ་བརྒྱད། བདེ་གཤེགས་འདུས་ཆེན། རང་རིག་གདུགས་ནག་རྟ་ཕག་ཁམས་གསུམ་རོལ་པ། ཐོས་གྲོལ་སོགས་ཀྱི་དགོན་ཡུལ་སྤྱི་ཡི་ཞབས་རིམ་སྒྲུབ་པ་ལགས། དེ་ནས་དབྱར་གནས་ཞག་ལྔ་བཅུ། བོད་ཟླ་དགུ་པའི་ནང་གཤིན་རྗེ་དྲེག་འཇམ་ཞག་ལྔ། བདུད་ཕུར། སེང་གདོང་སོགས་ཀྱི་[page 336] དགུ་གཏོར། འཆམ་བཅས་བཞུགས། ནང་རྟེན་གསེར་དངུལ་ལས་གྲུབ་པའི་སྐུ་གདུང་བརྩེགས་ཐོན་མ་གཡང་ཊི་བཅས་ཕྲ་བརྒྱན་ཅན་རིན་ཐང་སྒོར་ཁྲི་གསུམ་ལྷག་ལས་གྲུབ་པ། ཟངས་རག་ལས་གྲུབ་པའི་མཆོད་རྟེན་ཁྲི་རྩི་ལྔ་པ་གསུམ། སྟོན་པ་གཙོ་འཁོར་གསུམ། ལི་གཏེར་ལས་གྲུབ་པའི་སྐུ་སུམ་ཅུ། བཀའ་འགྱུར་ཆ་གསུམ། བསྟན་འགྱུར་ཆ་གཅིག རིན་ཆིན་གཏེར་མཛོད་ཆ་གཅིག ཡ་བཞི་བཅས་པོད་ལྔ་བརྒྱ་ལྷག རོལ་མོ་སིལ་སྙན་ཆ་སུམ་ཅུ། མཆོད་རྫས་ཡོ་བྱད་སོགས་མི་དམན་པར་བཞུགས། འཆམ་གོས་ཀ་འཕན་འཕུར་མ་ཐང་སྐུ་སོགས་གྲངས་ལས་འདས་པ་བཞུགས། འདུ་ཁང་ཐོག གསེར་ཏོག ཏྒྱལ་མཚན་གཉིས། རི་དྭགས་ཆོས་འཁོར། པད་རྒྱན་བཅས་བཞུགས། གྲྭ་གྲངས་ལ་གྲྭ་པ་བརྒྱ། བླ་སྤྲུལ་བཞི། དབོན་པོ་གཅིག་བཅས་བཞུགས། སྔར་ཡོད་ཀྱི་བསྟན་པའི་སྲོལ་མི་ནུབ་པའི་མཛད་སྤྱོད་ལ་སྦྱོང་བརྩོན་དང་བསླབ་པ་གསུམ་ལ་བརྩོན་བཞིན་བཞུགས། དགོན་དུ་རྒྱུན་བཞུགས་བསྐང་གསོ་གཏོང་མཁན་གཅིག སྤྱི་པ་གཉིས། གཞན་དགེ་སྦྱོར་འབད་པའི་གྲྭ་རྒན་པ་ཆ་ཤས་རེ་བཞུགས། དབྱར་དགུན་གཉིས་ལ་སྔོན་འགྲོ་དང་ཆོས་ལུང་ཞག་བཅོ་ལྔ་རེ་ཙམ་གསུང་རྒྱུ་ཡོད། ཅེས་པ་འདིའང་མཆོག་སྤྲུལ་པདྨ་རྒྱལ་མཚན་ལགས་ཀྱི་ཞལ་བཀོད་དང་དགོན་གྱི་བྲིས་གཞི་བཅས་པར་སྒྲིག་པ་པོ་བྱ་ཚེ་རིང་གིས་ཉག་རོང་དུ་སྦྱར་བ་དགེའོ།།
ཀླུ་འབུམ་མཐའ་རྟེན་གླིང་ཞེས་བྱ་བ་ནི། ཉག་རོང་རྫོང་སྒྲེ་བོ་ཐིས་ཆེན་སྨད་ཀྱི་ཤུལ་དུ་ཆགས་ཡོད། དགོན་འདི་ཐོག་མའི་ཕྱག་འདེབས་ཚུལ་ནི། སུ་ལ་ཚང་བླ་རུང་གི་བླ་རབས་དང་པོ། ནམ་མཁའ་རྒྱ་མཚོས་ཀ་སྨད་མགོ་ཞེས་པའི་ས་དེར་བཏབ་པ་ཡིན་ཟེར་སྲོལ་ཡོད། ད་ལྟ་ལྷ་ཁང་གི་ཤུལ་ཡོད། བཏབ་པའི་དུས་མ་ངེས་ཀྱང་དབྲ་སྟོན་གྱི་ཕྱག་བྲིས་ཡིག་རྙིང་ཞིག་ཏུ་འཁོད་པ་ལྟར་ན། བླ་མ་འདི་འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་གི་མཆོད་གནས་ཡིན་ཞེས་འཁོད་འདུག་པ་ལྟར་ན་གླིང་གི་དུས་རབས་ཡིན་པར་སེམས། ནམ་མཁའ་རྒྱ་མཚོའི་སྐུ་དུས་སུ་གཡུ་ཟི་རི་ཆེན་དང་རི་ཆུང་ཟེར་བ་(གཡུ་བཟི་ཞེས་པ་ཡུལ་སྐད་ཡིན་ཏེ་དེའི་དོན་ནི་རིའི་བུ་ཟེར་ཡིན)ལས་སྒྲེ་བོ་ཐེས་སྟོད་སྨད་གསར་དུ་ཆགས། ད་ལྟའང་སྣེ་མོ་ཟེར་བའི་ས་ཆ་དེར་རི་ཆེན་རུ་ཆུང་གིས་སྦྲ་བགོས་པའི་སྣེ་མོ་བཀྱེ་ས་ཡིན། ཡེར་བའི་རྡོ་ལ་རི་མོ་འདུག ཀ་སྨད་མགོར་ས་དེའུ་འབུར་ཞིག་ཡོད་པ་དེ་སུ་ཚང་གི་མཁའ་འགྲོ་མ་བརྩོན་འགྲུས་བཟང་མོའི་སྒྲུབ་ཁང་ཡིན་ཟེར་སྲོལ་ཡོད། ཁོད་སྤུངས་ཉི་མ་དབང་ལྡན་གྱི་ཞབས་རྗེས་ཀྱང་ད་ལྟ་མཇལ་དུ་ཡོད། བཤད་སྲོལ་དུ་[page 383] ནམ་མཁའ་རྒྱ་མཚོའི་སྐུ་དུས་སུ་རྔ་རྔ་དགོན་དང་ཀླུ་འབུམ་དགོན་གཉིས་གཅིག་ཡིན། སྡེ་ཚང་མ་བོན་པོ་ཡིན་པ་ལ་རྗེས་སུ་ཆུ་འདྲེན་རྒྱུ་ཐད་ལ་མ་མཆམས་ནས་འཐོར་ཏེ་གཉིས་སུ་གྱེས་ཟེར་སྲོལ་ཡོད། དེ་ནས་རི་སྟོད་གྲོང་གི་ཉེ་འདབས་སུ་ཆགས། དེ་དུས་དགོན་པའི་མིང་ལ་སུ་ཚང་དགོན་ཟེར། ད་ལྟའང་ལྷ་ཁང་ཞིང་ཟེར་བའི་ཞིང་ལ་ས་མིང་ཐོགས་ཡོད། ལྷ་ཁང་ཞིག་གི་ཤུལ་དང་རྫ་གྱོ་ཐོན་པའང་རེ་འགའ་ཡོད། དེ་ནས་གསོལ་ཆུ་དཀོན་པ་སོགས་ཀྱིས་ཀླུ་འབུམ་ཟེར་བའི་ས་དེར་མར་སྤོས་ནས་ལྷ་ཁང་ཆུང་ངུ་ཞིག་བཏབ། དགོན་པ་འདི་ཐོག་མར་བཏབ་སྐབས་རྨང་ནས་ཀླུ་འབུམ་གྱི་གླེགས་བམ་ཞིག་ཐོན་པས་ཀླུ་འབུམ་དགོན་པའི་མིང་ཐོགས་པར་གྲགས། དེ་རྗེས་ཁོད་སྤངས་སུ་ལ་བླ་རབས་ཉེར་གསུམ་པ་ཀུན་བཟང་འོད་ཟེར་གྱིས་དགོན་པ་དེ་རྒྱ་ཆེར་བཏང་སྟེ་ཀ་རིང་བཞི་པ་ཞིག་བཏབ། དགོན་པའི་ཟུར་གྱི་གྱང་སྟེགས་དེ་ཁོད་སྤུངས་ཀུན་བཟང་འོད་ཟེར་གསལ་གྱི་གཟིམ་ཁང་ཡིན། གཡུང་དྲུང་བོན་ལུགས་བཀའ་རྙིང་མ་དབལ་གསས་དང་གེ་ཁོད། སྟག་ལྷ་སོགས་ཀྱི་ཆོ་གའི་སྒྲུབ་ཐབས་མང་པོ་དགོན་འདིར་དར། དགོན་འདིར་ཤར་རྫ་བཀྲ་ཤིས་རྒྱལ་མཚན་བྱོན་ནས་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ལུང་གནང་། གཏེར་ཆེན་གསང་སྔགས་གླིང་པ་བྱོན་ནས་ཐོས་གྲོལ་གྱི་དབང་ལུང་ཁྲིད་གསུམ་གནང་བ་དང་། རང་གཏེར་སྐུ་གསུམ་ཕུར་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་བཅས་གསར་འཛུགས་གནང་ནས་བཟུང་གསང་གླིང་གི་གཏེར་ཆོས་ཀྱང་དགོན་འདིར་དར། ཁོད་སྤུངས་མདོ་རྒྱུད་གྲགས་པའང་དགོན་འདིར་ལོ་བཞི་ལྔ་ཙམ་ལ་བཞུགས་ནས་བདེ་སྨོན་སོགས་ཀྱི་ཁྲིད་ལུང་གནང་། མཐའ་རྟེན་དུ་ཁང་བརྩེགས་མཆོད་རྟེན་བཞེངས། རབ་གནས་སྐབས་མཁའ་ལ་འཇའ་ཚོན་སྣ་ལྔ་ཤར་བ་དང་། སྲོག་ཤིང་ལ་འོད་འཕྲོ་བ། མཚན་མོར་མི་མ་ཡིན་གྱིས་བསྐོར་བ་བྱེད་པ་སོགས་རྟགས་མཚན་ངོ་མཚར་བ་བྱུང་བ་དང་། དེ་ལྟར་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དགོན་པ་ཞིག་གོ། རྒྱ་ཁྱོན་ཀ་རིང་བཞི་པ། མཐའ་སྐོར་དུ་འཁོར་ཆུང་དུང་འཁོར་བཅས་བཞུགས། དགོན་པ་འདིའི་ལོགས་བྲིས་ལ་ཆོ་ག་བཅུ་གཉིས། སྟག་ལ། སྲེགས་པ་བཅོ་བརྒྱད། གེ་ཁོད་སོགས་བཞུགས། རྟེན་གསུམ་ལ། སྐུ་རྟེན་ལ་ཁས་གསེར་བྲིས་བྲིས་མ་སོགས་གསུང་རབ་གླེགས་བམ་མང་དུ་བཞུགས། ཐུགས་རྟེན་ལ་མདོ་རྒྱུད་གྲགས་པས་བཞེངས་པའི་ས་རྡོ་ལས་གྲུབ་པའི་ཁང་བརྩེགས་མཆོད་རྟེན་ཆེ་ཆུང་གཉིས་བཞུགས། ཚོགས་པ་ལ། དབལ་གསས་སྒྲུབ་མཆོད་དང་། སུ་ལ་གཡུང་དྲུང་བསྟན་འཛིན་གྱིས་བཞག་གནང་བའི་བདེ་སྨོན་ཞིང་སྒྲུབ་དང་། གཏེར་གསར་གསང་གླིང་། གཏེར་སྐུ་གསུམ། ཕུར་སྒྲུབ་ཀྱི་སྒྲུབ་མཆོད་འཆམ་བཅས་བཞུགས། དེ་ནས་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་ཁོད་སྐུངས་བླ་རབས་ཉེར་བཞི་པ་གཡུང་དྲུང་བསྟན་འཛིན་གྱིས་དགོན་རྙིང་དེ་སྤོས་ནས་གཙུག་ལག་ཁང་དེ་བས་རྒྱ་ཆེར་བཏང་སྟེ་ཀ་རིང་བརྒྱད་པ་ཞིག་བཏབ། དགོན་པ་སྔ་ཕྱི་དེ་དག་གི་རིང་ལ་གཡུང་དྲུང་བོན་ལུགས་ལས་འགྱུར་བ་མ་བྱུང་། [page 384] བསྟན་པའི་བདག་པོ་ནི་སུ་ལ་ཚང་གི་བླ་རབས་རིམ་བྱོན་རྣམས་ཡིན་ཏེ། དེ་ཡང་སྤྱིར་ཁ་བ་ཅན་གྱི་མི་རྒྱུད་ལ་རིགས་མང་ཡང་གཙོ་ཆེ་བ་བོད་མི་གདུང་དྲུག་ཡིན། དེའི་ནང་ནས་སེང་ཁྱུང་དབྲའི་བརྒྱུད་པ་ལ་མི་རྒྱུད་བོན་རྒྱུད་གཉིས་ཡོད། འདིར་བོན་རྒྱུད་ལ་གཙོ་ཆེ་བ་འགྲོ་མགོན། དབྲ་པ། སུ་ཚང་། ཁ་རག ཁོད་སྤུངས་སོགས་མང་དུ་བྱོན། བླ་ཁག་དེ་ཐམས་ཅད་གདུང་རྒྱུད་ཀྱི་མི་རྒྱུད་གཅིག་ལས་ཆད་པ་ཡིན། ཁོད་སྤུངས་བློ་གྲོས་ཐོགས་མེད་ནས་མཚུངས་མེད་སྤྲུལ་སྐུ་སྣམ་བཞི། གྲུབ་པའི་བླ་རབས་བཅུ་གསུམ་གྱི་ནང་ཚན་ཁོད་སྤུངས་ཉི་མ་དབང་ལྡན་གྱིས་ཕ་ཁུ་སུ་ཚང་གི་བླ་ཤུལ་འཛིན་པ་ནས་བཟུང་ཁོད་སྤུངས་སུ་ཚང་ལ་ཟེར། ཉི་མ་དབང་ལྡན་རིག་འཛིན་སྟག་ཤམ་རྡོ་རྗེའི་སྐུ་ཚེ་གོང་མ་ཡིན། ཝུ་བག་གདོང་ལམ་ནས་ཡར་བྱོན་དུས་ལམ་ཁ་ལ་ཚེམ་དུང་དཀར་མོ་ཟེར་འཕྲོའི་གྲུབ་རྟགས་བཞག དབུ་ཁྲང་སྤད་ནང་མཐའ་རྟེན་ལྷ་ཁང་བཞེངས། དེའི་ནང་དུ་དམ་སྲིའི་མནན་པ་ཡོད་ཟེར། དེ་ནས་ཁོད་སྤུངས་སུ་ལ་ཚང་གི་བླ་རབས་རིམ་བྱོན་རྣམས་ཀྱིས་དགོན་འདི་སྐྱོང་པ་ཡིན། ཁོད་སྤུངས་སུ་ལ་ཚང་གི་བླ་རབས་སྔ་ཕྱི་ཚང་མ་བསྡོམས་ན། ཐོག་མར་བློ་གྲོས་ཐོགས་མེད། དེ་ནས་རིམ་པར་མཚུངས་མེད་སྤྲུལ་སྐུ་རྣམ་བཞི། གྲུབ་པའི་བླ་རབས་བཅུ་གསུམ། སྨོན་ལམ་ལ་དབང་བའི་བླ་མ་བདུན་སོགས་ནས་ད་ལྟའི་བར་བླ་རབས་ཉེར་དྲུག་ལྷག་བྱོན་པར་སྣང་ངོ་། དགོན་འདིར་གསང་སྔགས་གླིང་པ་ཡབ་ཡུམ་གདན་དྲངས་ཏེ་རབ་གནས་གཡང་སྒྲུབ་མཛད། ཁྲོ་ཚང་ནོར་སྤྲུལ་བྱོན་ནས་སྟག་ལའི་སྒྲུབ་པ་ཞག་བདུན་མཛད་ནས་དམ་སྲི་མནན་པ་ཚད་ལྡན་མཛད། ཁོང་གི་ཞལ་བཀོད་ལྟར་དབྲ་སྟོན་རིན་པོ་ཆེ་བསྐལ་བཟང་རྒྱལ་མཚན་གྱིས་དེ་སྟེང་སྟག་ལའི་མཆོད་རྟེན་བཞེངས། ད་ལྟ་དགོན་པའི་འོག་ཏུ་བཞུགས། དབྲ་སྟོན་པའང་དགོན་འདིར་ལོ་འགའ་བཞུགས་ནས་ཐོས་གྲོལ་དང་ཀུན་རིག་སོགས་ཀྱི་དབང་ལུང་དང་སྔོན་འགྲོ་སོགས་གསུངས་ནས་སྨིན་གྲོལ་རྒྱ་ཆེར་གནང་། དགོན་འདིའི་ལོགས་བྲིས་ལ། ཆོ་ག་བཅུ་གཉིས། གསས་མཁར་མཆོག་ལྔ། སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་། གདུགས་དཀར། བླ་མ་སྐུ་གསུམ་ཕུར་པ། སྒོ་ཁྱམས་སུ་རྒྱལ་ཆེན་བཞི། སྣོད་བཅུད་ཀྱི་བཀོད་པ། སྐྱོབ་འབྱིན་གཙོ་འཁོར་སོགས་བཞུགས། རྟེན་གསུམ་ལ། སྐུ་རྟེན་རྒྱ་ནག་ལི་མ་མདའ་ཚད་མ་གཅིག ཀོང་བོན་རི་ནས་གཏེར་ནས་ཐོན་པའི་དུང་འཕར་ཆེན། ཟངས་གསེར་ལས་གྲུབ་པའི་བྱམས་མའི་སྐུ་ཉེར་གཅིག དེའི་ནང་གཙོ་བོ་བྱམས་པའི་སྐུ་དེ་ལི་མ་ཡིན། དབྲ་སྟོན་རིན་པོ་ཆེ་བསྐལ་བཟང་རྒྱལ་མཚན་གྱི་ཕྱག་བཟོ་འཆམ་འབག་གསར་པ་ཆ་ཚང་བཅས་བཞུགས། གསུང་རྟེན་ལ། ཁམས་ཆེན་གསེར་བྲིས་མ། དྲི་མེད་གཟི་བརྗིད། འཕྱོང་འབུམ། བཀའ་ཐང་མེ་ཐར་མ་སོགས་པོ་ཏི་ཁྱོན་སྡོམ་དྲུག་ཅུ་རེ་བརྒྱད་ཡོད། ཐུགས་རྟེན་ལ། དབྲ་སྟོན་པས་བཞེངས་པའི་ས་རྡོ་ལས་གྲུབ་པའི་སྟག་ལའི་མཆོད་རྟེན་བྱིན་ཅན་གཅིག་བཞུགས། མཆོད་ཆས་ལ། ཤང་ཤང་གིས་བརྡུངས་པའི་འདར་སིལ་ཆ་གཅིག སྦུབས་ཆལ་སྟོང་གསུམ་འབྲུག་[page 385] གྲགས་མ་དང་རྒྱ་ནག་མས་གཙོས་པའི་སྦུབས་ཆལ་ཆ་མང་ངོ་།
དུས་མཆོད་སྐོར་ལ། དབྱར་ཁར་དབྲ་ཁྱུང་རི་ཁྲོད་དུ་དབྲ་སྟོན་རིན་པོ་ཆེའི་སྐུ་མདུན་དུ་དབྱར་བཅའ་ཟླ་བ་གཅིག་ལྷག་རིང་ལ་བཅའ་འབུད་བརྡུང་གསུམ། དཔེ་ཆ་སྦྱོང་བ་བཅས་གྲྭ་ཡོངས་རྫོགས་དེར་བྱོན་ནས་དབྱར་ཟླ་གསུམ་བླ་མའི་མདུན་བཞུགས་པ་དང་། ཟླ་དགུ་བའི་ནང་ལ་ཁ་དགོན་དང་ཀླུ་འབུམ་དགོན་པ་གཉིས་ལོ་རེ་ཡར་འཚོགས་པ་དང་། ལོ་རེ་མར་འཚོགས་པའི་རེས་མོས་བྱས་ཏེ་ཟླ་བ་དགུ་བའི་ཚེས་ཉི་ཤུ་ནས་གནམ་སྟོང་གི་བར་གསང་གླིང་གཏེར་སྐུ་གསུམ་ཕུར་སྒྲུབ་ཀྱི་སྒྲུབ་མཆོད་འཚོགས་པ་དང་གར་འཆམ་བཅས་བཞུགྶ། གཞན་ཡང་གདུགས་དཀར་སྒྲུབ་མཆོད། སྙུས་གནས་འཚོགས་པ་བཅས་བཞུགས། ཚོགས་རྟེན་ལ། དགོན་པའི་སྤྱི་གཞུང་ནས་ཁལ་བཞི་བཅུ་ཙམ་གྱི་ས་ཞིང་ལ་བརྟེན་ནས་འགྲོ་སོང་བཏང་བ་ཡིན། དགེ་འདུན་འདུས་པའི་ཞལ་གྲངས་ལ། བླ་མ་སུ་ལ་ཚང་ལ་བླ་སྤྲུལ་དང་། བླ་མ་འཇིགས་མེད། དགེ་འདུན་པ་སུམ་བཅུ་ལྷག་བཞུགས། སྤྱིན་བདག་ལ་དུད་གྲངས་བཞི་བཅུ་ཙམ་ཡོད། རིག་གནས་གསར་བརྗེའི་སྐབས་སུ་ལྷ་ཁང་དང་རྟེན་གསུམ་བཅས་བརླག་སོང་ངོ་།། དེང་སྐབས་སུ་ལ་བསྐལ་བཟང་གྲགས་པས་ཐུགས་ཁུར་བཞེས་ནས་དགོན་པའི་ལྷ་ཁང་དང་ཤིང་ཚོན་བཅས་སྤུས་ལྡན་ཞིག་གྲུབ། གྲྭ་ཤག་བཅུ་གཉིས། ནང་རྟེན་དུ་རྒྱལ་བའི་བཀའ་འགྱུར་ཆ་ཚང་། ཉི་མ་དགུ་ཤར་པོད་བཅུ། འཕྱོང་འབུམ་པོད་བརྒྱད། སུ་ལ་གཡུང་དྲུང་དབང་རྒྱལ་གྱི་ཕྱག་བཟོ་ཤོག་འབག་སུམ་ཅུ་ཙམ་བཞུགས། དགེ་འདུན་པའི་ཞལ་བཅུ་ཙམ། ཚིགས་པ་ལ་དགེ་འདུན་པ་རྣམས་འདུས་ནས་སྐུ་གསུམ་ཕུར་སྒྲུབ་གྱི་དགུ་གཏོར་འཚོགས་པ་འཆམ་བཅས་བཞུགས། འཚོགས་རྟེན་ནི་རང་ཁ་རང་གསོ་ལ་བརྟེན་ནས་འཚོགས་མུས་སུ་མཆིས་སོ།།
ཉག་རོང་རྫོང་ཉག་སྨད་རྩི་ཐོག་གཤོང་གི་གཞིས་ཀ་དགོན་འདི་ནི། དཔལ་ལྡན་ས་སྐྱ་གོང་ངོར་ཨེ་ཝཾ་དགོན་ནས་སྐྱེས་བུ་དམ་པ་གཉིས་ཡུལ་འདིར་བྱོན་ནས་རི་ཁྲོད་ཞིག་བཏབ། རིམ་བཞིན་ཁོང་རྣམ་[page 367] གཉིས་ཀྱི་མཁས་བཙུན་བཟང་བའི་ཡོན་ཏན་གྱི་སྙན་པའི་གྲགས་པ་ཕྱོགས་ཀུན་ལ་ཁྱབ་ནས། ཡུལ་མི་སེར་སྐྱ་མཆོག་སྨན་ཀུན་གྱིས་སྤྱི་བོར་བཀུར། བླ་མའི་སྐུ་གཟུགས་ཆེ་ཆུང་ལ་དཔག་ནས་ངེར་ཆེན་དང་ངོར་ཆུང་ཞེས་མཚན་བཏགས། དུས་དེ་ནས་གཙུག་ལག་ཁང་ཀ་རིང་བཞི་པ་ཞིག་བཞེངས་ནས། ཕྱིའི་བཀོད་པ་དང་ནང་གི་སྐུ་རྟེན་སོགས་ཕུན་སུམ་མཚོགས་པ་གྲུབ། དགོན་འདི་ནི་གྲུབ་མཐའ་ས་སྐྱ་ཡིན་ལ། ཆོས་རྒྱུན་ངོར་ལུགས་དང་ཚར་ལུགས་གཉིས་ལས་འདི་ནི་ངོར་ལུགས་ཁོ་ན་སྟེ། ཨེ་ཝཾ་དགོན་པའི་བུ་དགོན་ནོ། དགོན་འདི་བཏབ་པའི་དུས་ཚོད་མི་གསལ། མཐར་བླ་མ་རྣམ་གཉིས་ཀྱང་གདན་ས་འདི་རུ་གཟུགས་སྐུའི་བཀོད་པ་ཆོས་དབྱངས་སུ་བསྡུས་ནས་ད་ལྟ་གདུང་རྟེན་ཞིག་མཇལ་རྒྱུ་ཡོད།
རྟེན་གྱི་གཙོ་བོ། རྒྱུ་སྨན་འདམ་ལས་གྲུབ་པའི་ཇོ་བོ། སྤྱན་རས་གཟིགས་བཅུ་གཅིག་ཞལ་བཅས་ཁང་རྩེགས་མ། འོད་དཔག་མེད། གུར་ཞལ་ལྷ་གསུམ། གུ་རུ་གཙོ་འཁོར་གསུམ་སོགས་ལུས་ཚད་མ། ངོར་ཆེན་ཀུན་དགའ་བཟང་པོ། ས་པཎ། དགོན་མཆོག་ལྷུན་གྲུབ་བཅས་ཀྱི་འདྲ་སྐུ་མདའ་ཚད་ཙམ་རེ། བཀའ་འགྱུར། ས་སྐྱའི་བཀའ་འབུམ། ངོར་ཆེན་བཀའ་འབུམ་སོགས་པོད་སྟོང་ཕྲག་ཙམ་ལ་ཉེ་བ་བཞུགས། གདན་རབས་དང་མཁན་རབས་ནི། ངོར་ནས་བྱོན་པའི་མཁན་བྱམས་པ་དཔལ་ལྡན་གྱིས་མཁན་པོ་ལོ་དུ་མ་མཛད་ནས་ཆོས་རྒྱལ་པར་སྤེལ། ནྰ་ལེན་དྲའི་མཁན་བྱམས་པ་རིན་ཆེན་ཆོས་རྒྱལ་བྱོན་ནས་མགོན་པོ་མཛད་དེ་བཀའ་ལུང་མང་པོ་གནང་། དེ་ནས་རིམ་བཞིན་སྤྲུལ་སྐུ་དཔལ་ལྡན་རྒྱ་མཚོ་བྱོན་ནས་བསྟན་པའི་འགན་བཞེས་ནས་དགོན་པ་ཞིག་གསོ་མཛད། བླ་མ་ཆོས་བཟང་། བློ་གྲོས་རྒྱ་མཚོ། བཀྲ་ཤིས་ཆོས་དར་སོགས་ཀྱིས་བསྟན་པ་རྒྱས་པར་མཛད།
སྒྲུབ་མཆོད་སྐོར་ལ། བོད་ཟླ་དང་པོའི་ནང་ཀུན་རིག་གི་སྒྲུབ་མཆོད། མི་འཁྲུགས་པའི་སྒྲུབ་མཆོད། བོད་ཟླ་བཞི་པའི་ནང་བསྙེན་གནས། དབྱར་ཟླ་དྲུག་པའི་ནང་བདེ་ཆེན་ཞིང་སྒྲུབ། བོད་ཟླ་བཅུ་གཉིས་པའི་ནང་བསྐང་གསོ་བཅས་ཡོད། ཚོགས་པའི་གཏོང་སྒོ་འབྱུང་ཁུངས་གཙོ་བོ་ནི།
སྔར་དགོན་པ་ལ་གཞིས་ཁག་དང་མཆོད་ཞིང་མང་པོ་ཡོད་པས་དེའི་ཐོན་འབོར་དང་། གསོན་པོའི་ཡོན་ཁ་དང་། གཤིན་པོའི་བསྔོ་བརྟེན་སོགས་ལ་བརྟེན་ནས་འཚོགས། མཆོད་ཆ་དང་རོལ་མོའི་སྐོར། རོལ་མོ་འཛམ་གླིང་གཡས་བཞག་མ། རྒྱ་གྲ་མདུད་མ། སིལ་སྙན། རྒྱ་གླིང་། རྐང་གླིང་། དུང་དཀར་སོགས་ཡོད་ནའང་བར་སྐབས་སུ་མེད་པར་གྱུར་ཏོ།།
དེ་སྔོན་དགེ་འདུན་པའི་ཞལ་གྲངས་ལྔ་བཅུ་ལ་ཟིན་ཡོད། དགོན་པའི་མངའ་འོག་གི་མཆོད་སྡེ་དུད་གྲངས་༥༠ཙམ། གྲྭ་ཤག༢༠ཙམ་ཡོད། དེ་ནས་སླར་ཡང་བསྟན་པ་ཉམས་གསོ་དང་མཛད་སྐབས་སུ་ཏང་དང་མི་དམངས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་འོག་གྲྭ་བཙུན་རང་རང་གིས་བཀའ་བ་ཁྱད་བསད་ལ་བརྟེན་ནས་གཙུག་ལག་ཁང་ཀ་རིང་བཞི་པ་འདིའི་ཕྱིའི་བཀོད་པ་དང་ནང་གི་རྟེན་སོགས་ཚད་ལྡན་[page 368] སྤུས་ལེགས་པ་ཞིག་གྲུབ། རྟེན་གྱི་གཙོ་བོ། རྒྱུ་སྨན་འདམ་ལས་གྲུབ་པའི་ཇོ་བོ་དང་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཁང་རྩེག་མ། འོད་དཔག་མེད། གུར་ཞལ་ལྷ་གསུམ། སྟེང་རྩེག་ཏུ་གུ་རུ་གཙོ་འཁོར་བཅས་ལུས་ཚད་མ། བཀའ་འགྱུར། ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ་སོགས་གསར་དུ་བཞེངས། རོལ་མོའི་སྐོར། ཟངས་རག་གི་དུང་དམར། རྒྱ་གླིང་། རྐང་གླིང་། དུང་དཀར་སོགས་ཡོད། དུས་མཆོད་ནི། ཟླ་བ་དང་པོའི་ནང་ཀུན་རིག་སྒྲུབ་མཆོད་དང་མི་འཁྲུགས་པ། ཟླ་བ་བཞི་པའི་ཚེས༡༠ནས་བསྙེན་གནས། ཟླ་བ་བཅུ་གཉིས་པའི་ཚེས་༢༡ནས་བསྐང་གསོ་བཅས་ཡོད། གཏོང་སྒོ་དང་ཡོན་གྱི་འབྱུང་ཁུངས་གཙོ་བོ་ནི། ཤི་གསོན་གྱི་ཡོན་འབུལ་དང་། གྲྭ་བཙུན་རང་རང་གི་གསོལ་ཆས་ཁུར་ནས་འཚོགས་པའོ། ད་ལྟའི་དགོན་སྡེའི་གྲྭ་གྲངས་ནི་གྲྭ་བཞི་བཅུ་ཙམ། གྲྭ་ཤག་བཞི་ཙམ་དགོན་པའི་ཆོས་སྡེ་དུད་གྲངས་༨ཙམ་ཡོད།
ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོའི་སློབ་མ་གེ་རོང་སྨོས་བཟོད་པ་རྒྱ་མཚོ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད། གེ་རོང་གྲོང་སྨོས་ཚང་ལ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ནང་ན་གེ་རོང་གླང་ཆེན་སྣ་འདྲའི་རི་འགོར་གཙུག་ལག་ཁང་ག་རིང་གཉིས་པ་ཞིག་བཞེངས་ནས། དགོན་པའི་མཚན་ལ་གསང་སྔགས་ཆོས་འཁོར་གླིང་ཞེས་གསོལ།
ཕྱིས་སུ་གཡོན་རུ་གཏེར་སྟོན་འཆི་མེད་རྡོ་རྗེ་འམ་པདྨ་རྣམ་གྲོལ་གླིང་པས་གཏེར་ལུང་ལས། མཧཱ་གུ་རུ་གསང་སྔགས་བསྟན་པའི་བཅུད་འཛིན་མཛད་ཐེག་མཆོག་བཤད་སྒྲུབ་གླིང་། མི་ནུབ་སྲིད་མཐའི་བར་དུ་རྒྱས་པ་དང་། རྣམ་བཞི་འཕྲིན་ལས་སྲིད་མཐར་ཁྱབ་པར་ཤོག གསང་སྔགས་ཐེག་མཆོག་བཤད་སྒྲུབ་གླིང་ཞེས་གཏེར་ལུང་ལྷར་མཚན་གསོལ། དགོན་འདི་གྲུབ་མཁའ་རྙིང་མ་བ་ཡིན། བྱེ་བྲག་རྒྱལ་བ་ཀ་ཐོག་པའི་ཆོས་རྒྱུད་མ་ཆད་པར་ད་ལྟའི་བར་ཡོད། སྔར་གྱི་ལོ་རྒྱུས་ཐོག་བསྟན་པ་དར་ཀྱང་། ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་ཆེན་པོ་བཏང་། དགོན་པའི་གདན་རབས་ནི་སྨོས་བཟོད་པ་རྒྱ་མཚོ་སོགས་ནས་ཁྲོམ་སྤྲུལ་ཕུར་པ་རྡོ་རྗེའི་བར་མཁན་གྲུབ་དུ་མས་ཞབས་ཀྱིས་[page 337] བཅག བྱིན་གྱིས་བརླབས་པའི་གདན་ས་ཁྱད་བར་ཅན་ནོ།
དགོན་པའི་བདག་པོ་ནི། སྨོས་བཟོད་པ་རྒྱ་མཚོ་དང་། ཆོས་འབུམ་བླ་མ་ཨོ་རྒྱན་ཆེ་མཆོག ཕོ་སྒྲགས་བདེ་ཆེན་འོད་གསལ། ཨ་རྟག་བླ་མ་སོགས་སྐྱེ་བུ་དམ་པ་དུ་མ་ནས་ཁྲོམ་སྤྲུལ་ཕུར་པ་རྡོ་རྗེ། མཁན་པོ་བསྟན་འཕེལ། ཆོས་འབུམ་བླ་མ་ཆོས་དབང་། རྒྱལ་དབང་ཨ་པད་སོགས་ནས་བསྟན་འགྲོའི་དོན་རླབས་ཆེན་མཛད། དུས་མཆོད་འབྱུང་བའི་ལོ་རྒྱུས། ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ཐམས་ཅད་ཀྱི་ཐུགས་རྒྱུད་གང་བའི་མཆོག་གི་སྐྱེས་བུ་དམ་པ་མཚན་ནས་སྨོས་ན། ཨ་སྟག་ངོ་བོ་རྒྱ་མཚོ་དང་། ཕོ་སྒྲགས་བདེ་ཆེན་འོད་གསལ་ཞེས་པ་དེ་གཉིས་འབའ་བྲག་ཡག་དགོན་གྱི་བྱང་གཏེར་ཆོས་རྒྱུད་ལྟར། སྤྱིར་མདོ་རྒྱུད་སེམས་གསུམ་དང་། བྱེ་བྲག་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་འདུས་སོགས་དགོན་འདིར་སྒྲུབ་མཆོད་ལེགས་པར་ཚུགས་སོ། དེ་རྗེས་ཛཿཀ་མཆོག་སྤྲུལ་སོགས་བྱོན་ནས་སྟག་ཟླའི་ཚེས་བཅུ་ཉིན་བདུན་དང་གར་འཆམ་སོགས་རྒྱུན་སྲོལ་བཟང་པོ་སྔར་ཡོད་ལྟར་ད་ལྟའང་ཡོད། སྔར་གཏེར་ཆེན་རང་རིགས་རྡོ་རྗེའི་གཏེར་ཆོས། ཡང་ཟབ་རྩ་གསུམ་བདུན་སྒྲུབ་ཡོད་ཀྱང་ཆད་ནས་ད་བར་ཚགས་མ་ཐུབ། ས་ག་ཟླ་བ་བཞི་པའི་ནང་བདེ་ཆེན་ཞིང་སྒྲུབ། བོད་ཟླ་༦པའི་ཚེས་༡༥ནས་གནས་སྟོང་བར་དབྱར་གནས་ཡོད། ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་ནི། སྤྱི་ཆེན་དྲུག་དང་། དགོན་གཉེར་གཉིས། དགེ་བསྐོས་གཉིས་བཅས་ལོ་རེར་རེ་མོས་བྱས་ནས་དུས་བཞིའི་དུས་མཆོད་ཁག་གི་འགན་བཞེས་དགོས། རྒྱུ་ནོར་གྱི་འབྱུང་ཁུངས་དགོན་པའི་བཞི་ཁག་ལྔ་ཡོད། སོག་ར།། ཁ་ལུང་། ནོར་གཤིས། ལས་རིང་ཐང་། དགོན་རྙིང་བཅས་ལ་ས་ཁལ་ལྔ་བཅུ་ཙམ་གྱིས་ཐོན་འབོར་ལ་བརྟེན་ནས་སྤྱི་གཉེར་རང་རང་གིས་འགན་ཁུར་དགོས།
དགེ་འདུན་ཞལ་གྲངས་གྲྭ་བཞི་བཅུ་ཙམ་རེ་དང་། ཁྲོམ་སྤྲུལ་སྐུ་རིང་གྲྭ་དྲུག་བཅུ་ཙམ་ལ་ཟིན་མྱོང་། དགོན་པའི་ཆོས་སྡེ་སྔར་དུད་གྲངས་དྲུག་བཅུ་ཙམ་ཡོད། མཆོག་སྤུལ་པདྨ་དབང་རྒྱལ་ཡབ་སྲས་གཙོས་བླ་མ་ཚུལ་ཁྲིམས་དཔལ་ལྡན་རྣམ་རྒྱལ་སོགས་ནས། ཆོས་འབུམ་བླ་མ་ཨ་ཁྲི་ཡི་བར་དུ་བསྟན་པའི་བདག་པོ་དུ་མ་དང་། དགེ་བསྐོས་སོགས་འགན་བཞེས་ནས། གཙུག་ལག་ཁང་ཀ་རིང་བཞི་པ་ཚད་ལྡན་གྲུབ་པ་དང་། སྤྱི་ཁང་། མཛོད་ཁང་། གྲྭ་ཤག་བཅུ་ཕྲག་ཙམ་གྲྭབ་ཟིན། རྟེན་གྱི་གཙོ་བོར་བལ་པོའི་ལི་གསར་ཐུབ་སྐུ་མཐོ་གང་ཙམ་བཅུ་གསུམ། དེ་ལས་ཆེ་ཙམ་མཐོ་གང་དང་སོར་ལྔ་ཅན་ཐུབ་སྐུ་གསུམ། རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུའི་སྐུ། ཆོས་རྒྱལ། ལྷ་ལྕམ་གཉིས་བཅས་ལུས་ཚད་མ། གཞན་འོད་དཔག་མེད། སྤྱན་རས་གཟིགས་ཁ་སར་པ་ཎི། མཐུ་ཆེ་ཐོབ་ཉེ་སྲས་བརྒྱད། བྱམས་པ་དང་། ཀུན་ཏུ་བཟང་པོའི་སྐུ་བཅས་ལུས་ཚད་མ། རྟ་མགྲིན་རྟ་བཅིབས་མ། མགོན་པོ་ཚོགས་བདག་ཕྱག་རྡོར། མ་མོ། དམ་ཅན་སེང་བཞོན། རྣམ་སྲས་སེང་བཞོན། ཀླུ་བཙན་ཤ་ཟ་བཅས་གོང་གསལ་ཚང་[page 338] མ་ལུས་ཀྱི་ཚད། འཁྲུལ་ཞིག་ཡབ་སྲས། པདྨ་བདུད་འདུལ། གཏེར་ཆེན་རང་རིག་རྡོ་རྗེ། ཀླུ་རབས་མཆོག་སྤྲུལ་ཆོས་ཀྱི་རྡོ་རྗེ་སོགས་ཀྱི་འདྲ་སྐུ། སྔོན་གྱི་གོས་ཆེན་མོས་གཙོས་སངས་རྒྱས་གཙོ་འཁོར་གསུམ་གྱི་ཐང་སྐུ། ཚེ་ལྷ་རྣམ་གསུམ། རྡོར་སེམས་སོགས་མང་ངོ་། གསུངས་རྟེན་སྡེ་དགེ་བཀའ་འགྱུར་ཆ་གཉིས། རིན་ཆེན་གཏེར་མཛོད་ཆ་ཚང་། བླ་མ་དགོངས་འདུས། ཀར་གླིང་ཐོས་གྲོལ། གཤིན་རྗེ་ནག་པོ། མེ་རླུང་འཁྱིལ་བ། ཡེ་ཤེས་རབ་འབར་སོགས་ཡོད། རོལ་མོ་སྐོར། ཆ་ལང་གཞན་གྱི་འགྲན་ཟླ་དང་བྲལ་བ་ནོར་སྒམ་ཞེས་པ། ཟངས་རག་གི་དུང་དམར་རྒྱ་གླིང་སོགས་རོལ་ཆ་སྤུས་ལེགས་སོ།།
དགོན་པའི་ཆོས་སྡེ་བརྒྱ་ལྷག་དང་། གྲྭ་བ་དྲུག་བཅུ་ཙམ་ཡོད། ད་སྐབས་ཚོགས་པའི་གཏོང་སྒོའི་འབྱུང་ཁུངས། སྔར་གྱི་གཞི་ལག་དང་མཆོད་ཞིང་ཚང་མ་མང་ཚོགས་ལ་བགོས་ཚར། ད་ནི་ཤི་གསོན་གྱི་ཡོན་འབུལ་ཙམ་ལ་བརྟེན་ནས་དུས་མཆོད་འཚོགས་དགོས།
ཅེས་པ་འདིའང་རབ་བྱུང་བཅུ་བདུན་པའི་དངོས་པོ་ཤིང་ཁྱི་ལོའི་བོད་ཟླ་བདུན་པའི་ཚེས་ལྔའི་ཉིན་ཆོས་འབུམ་བླ་མ་ཨ་ཁྱེའི་ཞལ་རྒྱུན་དང་ཡིག་ཆའི་གཞི་བྱས་ནས་དགེ་རྒན་ཀརྨས་བསྒྲིགས་པའོ།
ཐོག་མར་བྱ་བཏང་གི་བླ་རབས་དང་པོ་ནམ་མཁའ་རྒྱལ་མཚན་གྱིས་དར་ལོ་ཞེས་པའི་སར་དགོན་ཆུང་བ་ཞིག་བཏབ། བཏབ་པའི་དུས་ནི་བརྗོད་མ་ནུས། ད་ལྷ་ལྷ་ཁང་གི་ཤུལ་སོགས་ཡོད། དེང་སང་ཡང་དགོན་པའི་ཕྱོགས་ལ་ས་རྐོ་བརྐོ་རྡོ་སློག་མི་བྱ་བའི་སྲོལ་ཡོད། དེ་ནས་དགོན་པ་དེ་ཀི་[page 397] ད་ཐོག་ལ་སྤོས། དེ་སྐབས་འབྲུག་གོང་དགོན་པ་དང་མཐུ་གཏད་རེས་བྱས་ནས་མ་མཐུན་པའི་སྐབས་ཤིག་ལ། སངས་རྒྱས་གླིང་པས་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལ་དགོན་གནས་ཆུང་བ་ཞིག་བཙུགས། དེ་ནས་རབ་བྱུང་བཅོ་ལྔ་པའི་ས་སྐྱོང་ཞེས་པ་ཤིང་མོ་བྱ་ཡི་ལོར་བྱ་བཏང་དྲི་མེད་འོད་ཟེར་བསྙུང་གིས་ཟིན་ནས་འཚོ་ཐབས་སུ། གསང་སྔགས་གླིང་པ་ཁྱུང་སྲས་གཡུང་དྲུང་ནོར་བུ། ཁ་ལོང་སྤྲུལ་སྐུ་བཅས་ཀྱིས་འདུར་གསུམ་ཁ་སྤྲུད་བཅས་ནས་བསྙུང་ལས་གྲོལ། དེ་སྐབས་བསྟན་གཉིས་གསང་སྔགས་གླིང་པས་སྦས་ཡུལ་གཡུང་དྲུང་སྤུངས་ཚལ་གནས་སྒོ་ཕྱེས་ནས་ཟབ་གཏེར་གནམ་ལྕགས་ཕུར་པ་དང་། སྒྲོལ་དཀར་སྐུ་དང་། གསེར་གཤང་། ལ་སྒྲང་སོགས་བླངས། སྒྲོལ་དཀར་སྐུ་དང་གསེར་གཤང་གཉིས་ལ་དགོན་པ་ལ་གནང་། དེ་དུས་དགོན་རྙིང་རི་ཁྲོད་ཡིན་གཤིས། གྲུ་ཚོགས་བརྒྱ་ཟིན་ཙམ་ཡོད་ཅིང་། ལྷ་ཁང་གསར་བཞེངས་ཀྱི་ཞལ་བཀོད་མཛད། བྱ་བཏང་མཆོག་སྤྲུལ་བསྟན་པའི་ཉི་མ་ནས་གཙོ་འགན་བཞེས་ཏེ། ལས་འགོ་ཚུགས་ནས་རྨེང་བརྐོ་དུས་གསེར་ཉ་བུད་པ་རྫབ་ཤིང་ཀ་རིང་ཡོད་པ་བཅས་རྟེན་འབྲེལ་བཟང་། ལོ་གཉིས་ན་ལྷ་ཁང་གསར་བཞེངས་ཚར་ནས་གསང་གླིང་ནས་རབ་གནས་བྱས། དགོན་པའི་ཐོག་མ་ནས་ད་བར་གཡུང་དྲུང་བོན་གྱི་བརྒྱུད་འཛིན་པ་ཡིན། དེ་ནས་ལོ་ཤས་སོང་རྗེས་ཤར་རྫ་བ་བྱོན་ནས་བཀའ་ཕྱི་ནང་གསང་གསུམ་གྱི་དབང་ལུང་སོགས་ཅི་རིགས་གནང་། དབྲ་སྟོན་སྐལ་བཟང་རྒྱལ་མཚན་ནས་དབང་བསྐུར་ཞིང་དགེ་འདུན་རྣམ་གཟན་ཤམས་འབྲལ་མེད་བྱེད་རྒྱུད་དང་། ཆང་རག་སོགས་མི་འཐུང་ཁས་ལེན་བྱེད་དུ་བཅུག་ནས་བཀའ་དྲིན་གནང་བའོ།།
དུས་མཆོད་རྒྱུན་སྲོལ། བོད་ཟླ་བཞི་བའི་ནང་ཞག་བརྒྱད་ལ་སྙུང་གནས་ཆ་བཞི་འཚོགས་པ་དང་། བོད་ཟླ་དྲུག་པའི་ཚེས་བཞི་ནས་ཉིན་བདུན་བར་ཚེ་དབང་འགྱུར་མེད་ཀྱི་ཟབ་གཏེར་བསམ་ལྷུན་སྒྲུབ་ཆེན་འཚོགས་པ་དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཞག་ཞེ་ལྔ་འཚོགས་པ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་འཚོགས་པ་དང་། བོད་ཟླ་དྲུག་པའི་ནང་སྐུ་གསུམ་ཕུར་སྒྲུབ་ཞག་བདུན་འཚོགས་པ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་སུམ་བཅུའི་བར་སྤྱི་སྤུངས་དབལ་གསས་སྒྲུབ་ཆེན་འཚོགས་ནས་གར་འཆམ་བཅས་བཞུགས། འཚོགས་རྟེན་ལ། ས་ཞིང་ནས་ཁལ་བརྒྱད་ཅུ་ལྷག་ཙམ་གྱི་ས་ཡོད། ཡུལ་དགོན་གཞན་དང་འབྲེལ་བ་ནི། མཆོག་སྤྲུལ་ཉི་མས་རྒྱ་ཞིང་དགོན་པ་བཏབ་པ་དེའི་དགོན་ལག་ཡིན།
དེང་གི་གནས་ཚུལ། དེ་ལྟར་སྔར་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ་སོགས་སྤུས་ཚང་བ་དང་རིན་ཐང་ཆེ་བ་དུ་མ་ཞིག་ཡོད་ཀྱང་རིག་གནས་གསར་བརྗེ་ཞེས་པའི་སྐབས་གཏོར་བརླགས་བྱས་ཚར། དེང་སྐབས་སྤྲུལ་སྐུ་བློ་ལི་ཡིས་འགན་ཁུར་བྱས་ནས་བླ་གྲྭ་དང་མི་དམངས་ཡོངས་ཀྱིས་ལྷ་ཁང་གསར་རྙིང་གཉིས་ཞིག་གསོ་བྱས། དུང་འཁོར་གཅིག རག་གི་འཁོར་ཆུང་ཉིས་བརྒྱ། གྲྭ་ཤག་ཉེར་[page 398] བཞི་ཡོད། སྐུ་རྟེན་ལ། འཇིམ་སྐུ་ཉེ་བའི་སྲས་ཆེན་བརྒྱད་ཉམས་གསོ་དང་། མགོན་ཁང་རྙིང་པའི་ནང་འཇིམ་སྐུ་སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ་དང་། སྤོམ་ར་སྟོང་བདུད། སྲིད་རྒྱལ། དམ་ཅན། ཤེལ་ཁྲབ་བཅས། མགོན་ཁང་གསར་བ་ནང་མགོན་པོ་ལྷ་འཁོར་རྣམས་ཉམས་གསོ་བྱས། ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད། དེ་རྣམས་མཐོ་གང་རེ། གསུང་རྟེན་ལ། རྒྱལ་བའི་བཀའ་འགྱུར་ཆ་ཚང་། ཉི་མ་དགུ་འབུམ། འཕྱུང་འབུམ། ཁམས་ཆེན། བསྐལ་བཟང་། རྙིང་མ་བརྒྱད་སྟོང་། སྒྲུབ་ཐབས་སྐོར་གླེག་བམ་ཆ་ཤས་ཡོད། སྤར་ཤིང་ལ། དྲན་པ་བཀའ་ཐང་། ཚེ་དབང་བཀའ་ཐང་། སྙན་རྒྱུད། རྣམ་རྒྱལ་གཟུངས་ཆེན། དབྱར་གནས། གུ་དྲཏྲག སྐུ་གསུམ་ཕུར་སྒྲུབ། རིག་འདུས། གསང་འདུས་ཞི་ཁྲོ། སྐུ་གསུམ་ཐུགས་ཐིག བསམ་ལྷུན་སྒྲུབ་སྐོར། གཟུངས་འཇུག་སྐོར་བཞུགས། ཐུགས་རྟེན་ལ། ས་རྡོ་ལས་གྲུས་པའི་སྐུ་དམར་གདུང་གསུམ་བཞེངྶ། གཏེར་རྫས་སྐོར་མི་དམན་པ་བཞུགས། མཆོད་ཆས་ལ། ཟངས་རག་གི་མཆོད་ཆ། ཀ་འཕན་བཅུ་དྲུག། འཆམ་གོས་སུམ་ཅུ། ཤོག་འབག་སོ་བདུན། ཟངས་གསེར་གྱི་འབག་མགོ་གསུམ་མོ། འཚོགས་པ་ལ། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་སུམ་ཅུ་བར་སྒྲུབ་མཆོད། གར་འཆམ་ཡོད། བོད་ཟླ་དྲུག་པའི་ཚེས་བཞི་ནས་བཅུ་གཅིག་བར་བསམ་ལྷུན་སྒྲུབ་མཆོད། བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་པར་སྙུང་གནས་ཆ་གཉིས་བཅས་བཞུགས། རང་གྲོ་རང་རྩམ་ལས་ཚོགས་རྟེན་གང་ཡང་མེད། དགེ་འདུན་འདུས་པའི་ཞལ་གྲངས་ལ་བླ་མ་གཅིག གྲྭ་བཞི་བཅུ་བཞུགས། ལྷ་སྡེ་དུད་གྲངས་བརྒྱ་དང་ཉི་ཤུ་ལྷག་ཙམ་ཡོད།
དེ་ཡང་ཆོས་ཁྲི་སྒར་འདི་ནི་བླ་མ་འགྱུར་མེད་བརྩོན་འགྲུས་བྱ་བས་རབ་བྱུང་བཅོ་ལྔ་མེ་བྱི་ལ་བཏབ། མི་རྒན་ཚོའི་ངག་རྒྱུན་ལ་༡༤༣༠ལོར་ལྷ་ཁང་ཆེ་བ་དབུ་བཙུགས་ནས་དགོན་གནས་འདི་ཆགས་པར་བཤད། བཤད་སྒྲུབ་གྱི་བསྟན་པ་ཇི་ལྟར་དར་ཚུལ་ནི། སྤྱིར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་དང་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས། ཕྱི་ནང་གི་འདུ་འཛིས་དབེན་པའི་རི་ཁྲོད་པའི་མཚན་ཉིད་ལྟར། སྤོང་བ་བསམ་གཏན་གཙོ་བོར་གཞི་བཟུང་ན་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པ། ཁྱད་པར་དུ་འོད་གསལ་རྡོ་རྗེ་སྙིང་པོའི་སྨིན་གྲོལ་གྱི་གནད་ལ་རྩེ་གཅིག་ཏུ་སྦྱོར་པའི་ཉམས་ལེན་མཐར་ཕྱིན་པ་སྔོན་གྱི་རྒྱུད་གསུམ་རིག་འཛིན། བླ་མའི་སྨིན་གྲོལ་གྱི་རྒྱུད་པ་ཟམ་མ་ཆད་པ་ད་ལྟ་ཡང་བླ་མ་པདྨ་ཟླ་བ་བཞུགས་བཞིན་ལགས། གང་ཟག་ཇི་ལྟ་བུ་བྱོན་ཞེ་ན། མཚམས་སྒོ་འདམ་སྦྱར་གྱིས་མི་ཚེ་དང་སྒྲུབ་པ་མཉམ་པའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་འགྱུར་མེད་བརྩོན་འགྲུས་དང་། པདྨ་བསོད་ནམས་སོགས་མ་བཅོས་བདུན་ལྡན་གྱི་བྱ་བ་བཏང་རྣལ་འབྱོར་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་བཅུ་ཕྲག་གཉིས་ལས་བརྒལ་བ་བཞུགས་པ་དང་། སྡེ་སྣོད་འཛིན་པ་ཆེན་པོ་བླ་མ་ཟླ་འོད་དང་། ཕྱིས་སུའང་བླ་མ་འཇམས་དབྱངས་སྨོན་ལམ་སོགས་རབ་བྱུང་ངུར་སྨིག་འཛིན་པའི་སྡེ་རྒྱུན་བཞུགས་ཀྱང་བཅུ་ཕྲག་[page 354] ལྷག་ཙམ་དང་། རྟོགས་ལྡན་རྣམ་འབྱོར་མ་ཚུལ་ཁྲིམས་དབང་མོ་གཙོས་རྒྱུན་བཞུགས་ཇོ་བཙུན་བཅུ་ཕྲག་གསུམ་ལས་བརྒལ་བ་དང་ཡུལ་གཞན་ནས་ཕེབས་པའི་སློབ་ཚོགས་བརྒྱ་ཕྲག་ལས་འདས་པ་ཡོད་ཚོད་ངག་རྒྱུན་གསལ་པོར་སྣང་། ལྷ་ཁང་ཡང་བླ་སེར་འདུ་ཁང་ཀ་རིང་བཞི་པ་དང་། ཇོ་བཙུན་འདུ་ཁང་ཀ་རིང་གཉིས་པ་ཅན། གཞན་ཡང་ལྷ་ཁང་སུམ་བརྩེགས་ཅན་བཅས་གསུམ་མོ། སྐུ་བརྟེན། རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས། མཁན་སློབ་ཆོས་གསུམ་སོགས་བརྩེགས་ཐོག་མ། གངས་ཅན་འཇམས་དབྱངས་རྣམ་གསུམ། འཁྲུལ་ཞིག་ཡབ་སྲས་གསུམ། ཀློང་གསལ་ང་འདྲ་མ་སོགས་ལུས་ཚད་མ།
གསུང་བརྟེན། སྡེ་དགེའི་ཤིང་དཔར་གྱི་བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་ཚང་། གསར་རྙིང་གི་བཀའ་འབུམ་དུ་མ་ཡོད།
སྤར་ཤིང་སྐོར། གཟུངས་ཆེན་སྡེ་ལྔ་ཆ་ཚང་། གཏེར་གསར་སྐོར་གྱི་འོད་གསལ་སྙིང་ཐིག་གི་རྒྱུད་དང་། གར་དབང་ཐུབ་ཆེན་གྱི་ཁྲིད་ཡིག་སོགས་པར་ཤིང་སུམ་བརྒྱ་ཙམ་བཞུགས། ཇོ་དར་སྤར་ཤིང་སྐོར། ཐར་མདོ། རྡོར་གཅོད། སྡིག་བཤགས། མ་ཎི། ཡིག་བརྒྱ། སྟོང་བཤགས་སོགས་གྲངས་མདང་ད་ལྟ་ཡང་བཞུགས།
ཐུགས་རྟེན་སྐོར། རྒྱུ་ཤིང་ལས་གྲུབ་པའི་སྐུ་གདུང་མི་གཟུགས་ཙམ་གསུམ་དང་། དེ་ལས་ཆུང་ཙམ་བཞི་ཡོད། མཆོད་ཆས་སྐོར། ཆ་ལང་། རྐང་གླིང་། རྒྱ་གླིང་། དུང་དམར། དུང་དཀར་སོགས་སོ།།
དུས་མཆོད་ས་ག་ཟླ་བ་བཞི་པའི་ནང་གྲུབ་དབང་པདྨ་བདུད་འདུལ་མཁའ་ཁྱབ་རང་གྲོལ་གྱི་སྒྲུབ་མཆོད། གཏེར་ཆེན་རང་རིག་གི་ཆོས་སྐོར་རིག་འདུས་བླ་མ་མཆོད་པའི་སྒོ་ནས་བླ་མ་རིན་པོ་ཆེ་འགྱུར་མེད་བརྩོན་འགྲུས་ཀྱི་གདུང་མཆོད་ཉིན་ལྔ། སྙིང་ཐིག་གི་རིག་འཛིན་འདུས་པ་དང་། ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་ཚེས་བཅུ་བཅས་ད་ལྟའི་བར་དུ་རྒྱུན་ཆགས་སུ་ཡོད། བླ་མ་གཉིས་གསུམ་རེ་རྒྱུན་བཞུགས་དང་། གྲྭ་བཅུ་ཕྲག་གཉིས་ཙམ་རེ་དང་། ཇོ་བཙུན་ལྔ་བཅུ་ལྷག་ཙམ་རྒྱུན་བཞུགས་ཡོད། ལྷ་ཁང་གསུམ་དང་མཆོད་ཆ་སྤར་ཤིང་སོགས་སྔོན་མ་ལྟར་ཡོད།
ཚོགས་པའི་གཏོང་སྒོ་དང་ཡོན་གྱི་འབྱུང་ཁུངས་ནི་གནས་ཁྱད་པར་བཞུགས་ས་དང་། དུར་ཁྲོད་ཆེན་བོའི་ཉེ་ཞོལ། ཆོས་སྒར་ཁྱད་འཕགས་ཅན་ཡིན་སྟབས་ཚོགས་རྟེན་ཙམ་ཡོང་འབབ་འདུག དགོན་པའི་འགན་གཙོ་སྔོན་ཆད་ཐེས་མགོ་ཆོས་དབང་སོགས་མི་བཞི་རེས་རེས་མོས་བྱེད་རྒྱུ་ད་ལྟ་ཡང་དེ་ལྟར་ཡིན། ཆོས་སྒར་འདིའི་མངའ་འོག་གི་ཆོས་སྡེ་ནི་ཉག་བཞག་གཙོས་ས་གནས་ཁག་ནས་འདུས། ད་ལྟ་ཡང་རི་ཁྲོད་པའི་ཁང་བ་བརྒྱ་ལྷག་ཙམ་ཡོད། གོང་གསལ་གྱི་ཆོས་སྒར་འདིའི་ལོ་[page 355] རྒྱུས་ནི་བླ་མ་པདྨ་ཟླ་བས་བྲིས་པ་ལ་གཞི་བྱས། གཞན་བླ་གྲྭ་རྒན་པའི་ཞལ་རྒྱུན་ལྟར་དགེ་རྒན་ཀརྨ་ནས་བྲིསཔའོ།
མདོ་སྨད་ཉག་ཨ་འཛིན་རོང་གི་སའི་ཆར་གཏོགས་གླག་ཁོག་དིལ་དཀར་རི་ཁྲོད་ནི་སྔོན་དུས་སྐབས་དབོན་ཚུལ་ཁྲིམས་རྒྱ་མཚོ་སྐུ་ཚེ་སྨད་དུ་རྫ་ཆེན་རི་ཁྲོད་བཏབ་ནས་རི་ཁྲོད་པ་ཕྱོགས་ཀྱི་ཇོ་སེར་སོགས་བརྒྱ་ཕྲག་ལ་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར་བ་དང་། རྟེན་བཞེངས་ཐར་མདོ་བརྒྱ་ཚར་རྡོ་སྐོས་དང་། དེ་བཞིན་ལྷ་སྐུ་མཆོད་རྟེན་སོགས་ད་ལྟ་ཡང་བཞུགས་ཤིང་མཐར་དེ་རུ་སྐུ་གཤེགས། དེ་རྗེས་དུས་དབང་གི་ཉམས་རྒུད་བྱུང་བ་དང་དེའི་ཉེ་འདབས་རི་འབྲོང་ཕོ་ཉལ་འདྲའི་དེའུ་ཞིག་ཡོད་པ་དེ་སྤྱིར་ཆོས་རྒྱལ་གླིང་པའི་བཀའ་ཐང་དྲི་མེད་འོད་ཟེར་ལས་སྦ་རོང་བྲག་དཀར་རམ་ཝ་སེང་གེ་བྲག་གི་གནས་ཀྱི་ཡན་ལག་ལྔ་སོགས་གནས་ཕྲན་ཡང་ཕྲན་ཁམས་ཀྱི་གནས་ཕྲན་བརྒྱ་རྩའི་ནང་དིལ་པ་བྲག་དཀར་གླིང་ཞེས་པ་དེ་འདི་ཡིན་པ་འདྲ། ཕྱིས་འགོ་ལོག་གི་གཏེར་སྟོན་ཞིག་གིས་གནས་བསྟོན་དང་གནས་ཡིག་སོགས་ཀྱང་མཛད་ཡོད་པ་ལས་སྤྱན་རས་གཟིགས་ཀྱི་གནས་ཡིན་པར་གསུངས། དེའི་ངོགས་[page 352] སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོར་སེ་ར་ཡང་སྲིད་དང་མཁན་ཆེན་ངག་གི་དབང་པོའི་ཡང་སྲིད་གཉིས་ཀྱིས་ལུང་བསྟན་ལ་གཞི་བཟུང་ནས་རི་ཁྲོད་སྒར་ས་ཞིག་གསར་ཆགས་མཛད། མཐར་ཕྱོགས་ཀྱི་དགེ་འདུན་བླ་སེར་བརྒྱ་ཕྲག་ལྷག་ཙམ་རེ་འདུས་ནས། རྒྱུན་དུ་ཐུན་བཞིའི་རྣལ་འབྱོར་ལ་བརྟེན་ནས། ཀློང་ཆེན་སྙིང་ཐིག་གི་སྨིན་ཁྲིད་ཀྱི་དོད་རིན་པོ་ཆེ་ངག་དབང་དཔལ་བཟང་གི་ཞལ་ཁྲིད་ལྟར་སྔོན་འགྲོ་ནས་བཟུང་ཐུན་མོང་དང་ཐུན་མིན་གྱི་རྫོགས་རིམ་བར་འཆད་ཉན་སྒོམ་སྤེལ་མའི་གཞི་བཟུང་བའི་སྡོང་པོ་ལ་ཤར་གཏེར་ཆོས་རྒྱལ་གླིང་པའི་ཆོས་གཏེར་དང་སྔ་འགྱུར་རྙིང་མའི་བཀའ་གཏེར་ཅི་རིགས་པའི་བཤད་སྒྲུབ་ཀྱི་ཡལ་འདབ་གྱེས་པའི་རྩེར་མཁས་གྲུབ་ཀྱི་འབྲས་བུ་སྨིན་བཞིན་པའི་རྒྱུད་ཀྱི་བསྟན་པའི་སྡེ་བཞུགས་པ་དང་།
ཆོས་སྒར་འདི་འདེབས་པ་པོ་རོང་ཐ་འཇམ་དབྱངས་བསྟན་འཛིན་ནི། ཡབ་བདེ་ཆ་སྟོབས་རྒྱལ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་དང་ཡུམ་སྐོར་བཟང་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་ལོ་ལ་བྲག་ལྷ་རྫོང་དགོན་གྱི་ཉེ་འདབས་བཀའ་མའི་སེར་ཕྲེང་སྐབས་སྐུ་འཁྲུངས། མའི་མནལ་ལམ་དུ་མངལ་གྱི་གཞལ་ཡས་ཁང་དུ་སངས་རྒྱས་ཀྱི་སྐུ་ཡོད་པ་སྨིན་པ་སོགས་རྟགས་མཚན་ངོ་མཚར་བ་བྱུང་། དགུང་ལོ་ལྔ་ཙམ་ལ་མཁན་བསོད་ནམས་ཚེ་དབང་ལས་ཀློག་བསླབ་པས། དབོན་པོ་ཚུལ་ཁྲིམས་རྒྱ་མཚོ་ནས་གང་བློ་མའི་དབང་གསུངས་ཏེ་མཚན་འཇམ་དབྱངས་བསྟན་འཛིན་གསོལ། དགུང་ལོ་དགུ་ལ་ཁང་གདོང་འགྱུར་མེད་རྡོ་རྗེ་ནས་སྤྲུལ་པའི་སྐུ་ཞིག་ཡིན་པར་ངེས་ཀྱང་མཁྱེན་བརྩེ་རིན་པོ་ཆེའི་མདུན་ཏུ་སོང་ལ་ཐག་ཆོད་གསུངས་པ་བཞིན་རྫོང་སར་ཕེབས། མཁྱེན་བརྩེ་རིན་པོ་ཆེས་འཇམ་དབྱངས་ཀྱི་དབང་བསྐུར་ཅིང་འགྱུར་མེད་པདྨ་དབང་རྒྱལ་རྡོ་རྗེ་མཚན་གསོལ། སི་ཏུའི་སྐུ་ཉེ་བྲག་དམར་སྤྲུལ་སྐུ་འགྱུར་མེད་རིག་འཛིན་གྱི་ཡང་སྲིད་ཡིན་པར་ངོས་འཛིན་གནང་། མཁན་རིག་འཛིན་ནོར་བུ་ལས་སྙིང་ཐིག་སྔོན་འགྲོ་གསན། རོང་ཐ་འཇམ་དབྱངས་བློ་གསལ་རྡོ་རྗེ་ལས་ཆོས་གླིང་གཏེར་ཆོས་ཀྱི་དབང་ལུང་རྫོགས་པར་བཞེས་ཤིང་གདམས་ངག་མཛོད། ཡ་བཞི། སྙིང་ཐིག་པོད་གཉིས། སྒྱུ་འཕྲུལ་བཀའ་མིའི་དབང་ལུང་ཡང་གསན། ཀཿཐོག་དང་དཔལ་ཡུལ་སོགས་ཆོས་སྡེ་ཆེན་པོ་དག་ལ་བྱོན་ནས་ཆོས་འབྲེལ་དབང་ལུང་དུ་མ་བཞེས་པ་ཡིན། གསེར་ཐར་ལྕགས་ཀོང་དམ་པ་དང་སེ་ར་ཡང་སྲིད་རྣམ་པ་ལས་ཆོས་འབྲེལ་ཞུས། དེ་ནས་འགོ་ལོག་དཔོན་སྐོར་དུ་ཕེབས་ཏེ་མཁན་པོ་མུན་སེལ་ལས་རྫོགས་ཆེན་སྙིང་ཐིག་གི་མན་ངག མཁན་ཆེན་ངག་དགའ་ལས་བརྒྱུད་པའི་སྙན་བརྒྱུད་མ་ལུས་པ་གསན་ཏེ་གླག་རྫ་ཆེན་དིལ་དགར་རི་ཁྲོད་གསར་དུ་བཏབ། རྟེན་གསུམ་གྱི་བཞེངས་པའང་མཛད་དེ། ཤར་གཏེར་ཆོས་རྒྱལ་པའི་བསྙེན་མཚམས་ཁ་ཚང་བཞུགས་ནས་དབང་ལུང་ཁྲིད་གསུམ་ཐེངས་ལྔ་གསུངས་སའི་ཡུལ་ལྕམ་བླ་དང་བྱམས་འབྱོར་ར་ལི་ཏིང་དཀར་སོགས་ཡིན། མཁན་ངག་དགའི་གསུང་[page 353] ཁ་ཚང་གི་བསྙེན་མཚམས་བཞུགས་ཏེ་སྔོན་འགྲོ་ཐེངས་བདུན་ཁྲིད་ལོ་གསུམ་རེ་དང་ཟླ་ཁྲིད་མཛད། མཛོད་བདུན་དང་བཀའ་འགྱུར་ལུང་ཚར་རེ་གསུངས། སྙིང་ཐིག་རྩ་རླུང་ཐེངས་གསུམ་དང་ཆོས་གླིང་རྩ་རླུང་ཐེངས་གཅིག་གསུངས་སྐབས་དགུན་ཁར་ཡང་ས་ལ་དྲོད་ཐོན་པ་དང་མེ་ཏོག་ཤར་བ་སོགས་རྟགས་མཚན་བཟང་པོ་བྱུང་། མཆོག་སྤྲུལ་གཞན་ཕན་ཟླ་བ་དང་སྐུ་ནང་སྟག་སྤྲུལ། རྒྱ་ར་ཚེ་རིང་སོགས་སློབ་མ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཅན་བརྒྱ་ཕྲག་གཅིག་ལྷག་ལ་སྔོན་འགྲོ་གསུངས་པ་དང་། དབང་ལུང་གསུངས་པའི་ཞལ་སློབ་བརྒྱ་ཕྲག་ལྔ་ཙམ་ཡོད། དུས་རྒྱུན་མ་ཎི་དང་བསྙུང་གནས་རྒྱུན་བཞུགས་མཛད་ཅིང་བླ་མ་ཨོ་རྒྱན་རིག་འཛིན་ལ་དམ་བཅའ་འབུལ་བ་བཞིན་བྱ་བྲལ་གུ་ཡངས་ཀྱི་བརྟུལ་ཞུགས་གནང་། དེང་གི་སྐབས་དུས་ནད་ཅེས་པའི་རིམས་ནད་ངན་པ་དེ་ལ་སྒེར་སྨན་གསོ་བཅོས་མཛད་པས་སེམས་ཅན་ནད་པ་དུ་མ་ནད་པ་དུ་མ་ནད་ལས་གྲོལ་བ་སོགས་མདོར་ན་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་འཛད་བཞིན་བཞུགས་པ་ལེགས་སོ། ཁོང་གི་འཁོར་སློབ་རྣམས་ལ་ཆོས་གསུངས་སའི་ཁང་བ་ཆེན་པོ་གཅིག་བཞེངས་པ་དང་། དེའི་ཉེ་འཁོར་དུ་ཇོ་མོ་ཤི་ཉུ་ཙམ་གྱི་ཆོས་སྒར་ཞིག་ཀྱང་བཞེངས། ཞེས་པའང་སྒར་དེར་ཕྱིན་ཏེ་བྱ་ཚེ་རིང་གིས་སྡུད་སྒྲིག་བྱས་པ་དགེའོ།།
ཐོག་མར་ཕྱག་འདེབས་པ་པོ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་རྒྱ་ནག་དུ་བྱོན་སྐབས་ཆོ་ཡུལ་དུ་བྱོན་ནས་དགོན་པ་བཏབ་སྟེ། གུར་མགོན་གནམ་ལྕགས་རྡོ་རྗེ་ནང་རྟེན་ཡོད་པ་ཞིག་བཞེངས་ཏེ་རབ་གནས་མཛད། མཚན་ལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ། དུས་དེ་ནས་བཟུང་དཔལ་ལྡན་ས་སྐྱའི་བསྟན་པ་དར་རྒྱས་སུ་བྱུང་། གྲྭ་པ་ཡང་ངོར་ཨེ་ཝཾ་དགོན་དུ་ལོ་གསུམ་རེ་བཞུགས། སླར་རང་ཡུལ་དུ་ཕེབས་ནས་དགོན་པའི་ཞབས་འདེགས་ཞུ་དགོས། དགོན་པའི་མཁན་པོ་ཡང་ངོར་པའི་སློབ་རྒྱུད་ལས་ལོ་རེ་བཞིན་རེས་མོས་བྱས་ནས་དུས་མཆོད་སོགས་ཀྱི་གོང་མཛད་གནང་བ་དང་དགོན་པའི་སྤྱི་དོན་ལ་ཐུགས་ཁུར་གནང་དགོས་པ་ཡིན་ནོ། གདན་རབས་རགས་རིམ་ནི། དེ་ནས་རིམ་གྱིས་བྱོན་པའི་བྲག་མཁར་ཆོས་ཀྱི་འོད་ཟེར་སོགས་དམ་པ་རིན་པོ་ཆེ་རྒྱལ་ཚབ་ཉག་བླ་བདུད་འདུལ་གྱི་དངོས་སློབ། མཐའ་བྲལ་རྡོ་རྗེ་དེས་དགོན་འདིའི་བསྟན་པའི་བདག་པོའི་ཐུགས་ཁུར་མཛད། ཉག་སྐེད་དཔོན་གྱིས་ཡུལ་དགོན་བཅོམ་རྗེས་བསྟན་པ་ཉམས་དམས་སུ་གྱུར་པས་བླ་བྲང་མཐའ་བྲལ་རྡོ་རྗེ་དང་ཚ་བོ་མདོ་སྔགས་གཙོར་བྱས་ཏེ་གྲྭ་པ་བཅོ་བརྒྱད་ལས་མེད་པར་གྱུར། བླ་གྲྭ་དེ་དག་ཀྱང་ཐུགས་མཐུན་ཁྲིམས་གཙང་དུ་བྱུང་། དགོན་རྙིང་གི་འོག་ཏུ་ལྷ་ཁང་བཞེངས་རྒྱུའི་གྲོས་མཐུན་བྱུང་སྟེ། ད་སྐབས་བཞུགས་པའི་ལྷ་ཁང་ཀ་རིང་དྲུག་ཅན་ཕུན་སུམ་ཚོགས་པ་འདི་བཞེངས་པར་མཛད། ལོ་འདི་ཞེས་ངོས་གསལ་མི་འདུག་རུང་། ཉག་སྐེད་དཔོན་ས་གནས་སྲིད་གཞུང་གིས་བཅོམ་པའི་དུས་ལ་དཔག་ན་རབ་བྱུང་བཅོ་ལྔ་པའི་ས་འབྲུག་༡༨༦༩ལོར་ཡིན་པ་འདྲ། དུས་འདི་ནས་བཟུང་དགོན་སར་དགོན་ཞེས་མིང་ཐོགས་པ་ཡིན། དེའི་རྗེས་སུ་ཨ་རྩི་བླ་མ་རྒྱལ་མཚན་དཔལ་བཟང་ཉིད་ངོར་དུ་བྱོན་ནས་དབང་ལུང་ཁྲིད་གསུམ་ཆོ་གའི་ཕྱག་ལེན་སོགས་མཐར་ཕྱིན་པ་ཐུགས་སུ་ཆུད་ནས་སླར་ཡང་རང་དགོན་[page 370] དུ་བྱོན་ཏེ་དགོན་པའི་གྲྭ་པ་རྣམས་ལ་ཆོ་གའི་ཕྱག་བཞེས་ཐམས་ཅད་མཐར་ཕྱིན་པ་བསླབ། ཉིད་ཀྱིས་ཀྱང་དགོན་པའི་བདག་པོ་དང་མཁན་པོ་མཛད། དེའི་རྗེས་སུ་འགྲོ་མགོན་བླ་མ་འཇམ་དཔལ་བཟང་པོ་དགུང་ལོ་བཅོ་ལྔའི་དུས་རྫོང་གསང་དུ་བྱོན། བཤད་གྲྭ་ནང་དུ་ལོ་བཅུ་དྲུག་བཞུགས། མཁྱེན་བརྩེ་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་མང་པོར་བརྟེན་ནས་རིག་པའི་གནས་ལ་མཁས་པ་ཕུལ་དུ་ཕྱིན། སླར་ཡང་རང་ཡུལ་དུ་བྱོན་ཏེ་བསྟན་བདག་མ་བྱས། སྐུ་མཚམས་ལ་ལོ་ལྔ་བཞུགས། སྐུ་མཚམས་ལས་གྲོལ་བ་དང་རྩ་བའི་བླ་མའི་བཀའ་བཞིན་དུ་ཕྱོགས་འདིའི་ས་སྐྱའི་དགོན་ཁག་ལྔའི་གྲྭ་བཙུན་ཨེ་ཝཾ་དགོན་དུ་བསྡུས། བཤད་གྲྭ་བཙུགས་ནས་མཁན་པོ་མཛད། སླར་ཡང་རང་དགོན་དུ་བྱོན་ནས་དགོན་པའི་མཁན་པོའི་ཐུགས་ཁུར་ལོ་ཤས་གནང་པ་ཡིན། དེ་རྗེས་སུ་སྟག་མཚོ་བླ་མ་འཇམ་དབྱངས་ཤེས་རབ་དང་མང་ཐོས་བླ་མ་འཇམ་དབྱངས་རྒྱལ་མཚན་སོགས་ནས་དགོན་པའི་ཐུགས་ཁུར་གནང་སྟེ་བསྟན་པ་དར་རྒྱས་སུ་བཏང་བ་ཡིན།
སྐུ་གསུང་ཐུགས་རྟེན་ནི་དགོན་པ་འདི་ཆགས་ནས་ལོ་མང་པོའི་རིང་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ནི་འདི་ཙམ་མོ་ཞེས་སྨྲ་མི་ནུས་ཀྱང་ཀུན་མཁྱེན་མཐའ་བྲལ་རྡོ་རྗེའི་སྐུ་རིང་ལ་དངོས་སུ་བཞུགས་པའི་མཚན་ཐོ་ཙམ་འགོད་ན། དེའང་སའི་རྒྱ་ཁྱོན་གཞི་འདོམ་གྲུ་བཞི་མ་སུམ་བརྒྱ་ཙམ་ཟིན་པ་ལ་འདུ་ཁང་གཉིས་དང་དུང་འཁོར་གཉིས། གྲྭ་ཞག་བཞི་བཅུ། ལྷ་ཁང་གཉིས་བཅས་བཞུགས། དེ་ལ་ལྷ་ཆེན་ཁང་དུ་རྟེན་གཙོ་སྐོར་ལ། ཟངས་གསེར་ལས་གྲུབ་པའི་ཐུབ་སྐུ་སུམ་ཐོག་མ། སྤྱན་རས་གཟིགས། ས་སྐྱ་པཎ། ངོར་ཆེན་རྡོ་རྗེ་འཆང་རྣམས་ཀྱང་ཟངས་གསེར་ལས་གྲུབ་པ་མི་ཚད་མ་རེ་དང་། ཆོས་འཕགས་ཀྱང་ཟངས་གསེར་ལས་གྲུབ་པའི་མི་ཚད་ཙམ། གཞན་ཡང་གསེར་སྐུ་ལི་མ་སོགས་ཆེ་ཆུང་ཉེར་གསུམ། སྨན་འདམ་ལས་གྲུབ་པ་སྲུང་མ་སྐོར་གྱི་སྐུ་བརྙན་དང་དྲི་གཙང་ཁང་དུ་དུས་གསུམ་སངས་རྒྱས་རྩེགས་གསུམ་པ། གུ་རུ་གཙོ་འཁོར་འདམ་སྐུའི་ལྷ་ཆེན་བརྩེ་ཚད་མ། ཐང་ག་ལྔ་བཅུ་སོགས་དང་རྒྱལ་བའི་བཀའ་འགྱུར་ཆ་རེ་དང་། ས་སྐྱའི་བཀའ་འབུམ་སོགས་ཁྱོན་བསྡོམ་པོད་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད། ཐུགས་རྟེན་བཀའ་གདམས་མཆོད་རྟེན་ཁྲུ་གང་རེ་ཅན་གསུམ། སྐུ་གདུང་གསེར་དངུལ་གྱི་བཀྲ་མ་ལ་གཡུ་བྱི་སོགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤྲས་པ་མི་ཚད་རེ་ཙམ་བཞུགས། དགོན་དེའི་ཕྱི་རོལ་གྱི་སྐོར་ཁང་དུ་འཁོར་ཆུང་ཆིག་བརྒྱ་བཅུ་གསུམ། དུང་འཁོར་གཉིས། ནང་དུ་གདུགས་རྒྱལ་མཚན་ཀ་འཕན་སོགས་ཁྲི་དངུལ་གསུམ་ཙམ་ཡོད་ཀྱང་ཕྱིས་སུ་མིང་གི་ལྷག་མ་ཙམ་དུ་གྱུར།
དགོན་པ་གཞན་དང་འབྲེལ་བ་ནི་སྔར་ཆོས་རྒྱུད་ངོར་ཆེན་ལས་བྱུང་བ་ཨེ་ཝཾ་དགོན་པའི་དགོན་ལག་ཏུ་གྱུར་ཏོ།། ཀུན་མཁྱེན་མཐའ་བྲལ་རྡོ་རྗེ་ནས་བཟུང་རིམ་གྱིས་བྱོན་པའི་སྐྱེས་ཆེན་དམ་བྲག་[page 371] མཁའ་ཆོས་ཀྱིས་འོད་ཟེར་དེས་བསྟན་བདག་བཟུང་སྟེ་བྲག་མཁར་ལོགས་སུ་སྒྲུབ་ཕུག་གི་ནང་དུ་བཞུགས་པ་ཡིན། དེའི་རྗེས་སུ་བླ་མ་སངས་རྒྱས་རིན་ཆེན། རྟ་མགྲིན་མགོན་པོ། བླ་མ་ཆོས་འཕེལ་སོགས་གདན་འདྲེན་ཞུས་ཏེ། ས་སྐྱའི་ཆོས་སྐོར་དབང་ལུང་ཁྲིད་གསུམ་གནང་བ་དང་། གྲྭ་པ་རེ་རེ་བཞིན་ངོར་ཆེན་རྡོ་རྗེ་འཆང་གི་གདན་ས་ཆེན་པོར་བྱོན་ནས། བསྟན་པའི་གཞི་མ་ཆོས་འདུལ་བ་དང་ལམ་འབྲས་སོགས་སྨིན་གྲོལ་ཆོས་ཀྱི་བདུད་རྩིས་ཚིམས་པར་བྱས། སླར་ཡང་རང་ཡུལ་དུ་བྱོན་ཏེ་གདན་ཁྲི་ལ་མངའ་གསོལ་བ་ཡིན། དེའི་སྐབས་དགེ་བསྐོས། བླ་མ་ཨོ་རྒྱན། ངག་དབང་བྱམས་པ། ཆོས་སྡེ། འཇམ་དབྱངས་ཤེས་རབ་སོགས་གྱིས་བསྟན་པ་སྤྱི་ལ་ཐུགས་ཁུར་གནང་ཏེ་དགེ་འདུན་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་དུ་གྱུར་ཏོ།།
དེ་ལྟར་མཚན་ཡོངས་གྲགས་དཔལ་ལྡན་ས་སྐྱའི་དགོན་པ་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་དགོན་འདིར་གནའ་དུས་ཀྱི་མཁན་པོ། གྲྭ་པ་༡༠ཡོད་པ་དེ་དག་ཀྱང་དགེ་ཚུལ་སློང་ཤ་སྟག་ཏུ་བྱུང་། དགོན་པ་ནང་བུད་མེད་དགོན་པའི་མཐའི་ལྕགས་རིའི་ཚུན་ཆད་དུ་ཡོང་མི་ཆོག ཡུལ་དགོན་སོ་སོ་ཕྱེས་ནས་ཡོད་པས་གྲྭ་ལོག་ན་ཉེས་དྲད་གཅོད་རྒྱུ། གླུ་གར་དང་ཆང་ཁྲིམས། ཐ་ན་རང་གི་མ་ཡིན་ཀྱང་ཞག་འདུག་མི་ཆོག་པ་སོགས་སྒྲིག་ལམ་ཤིན་ཏུ་དམ།
དེ་ལྟར་དཔལ་ལྡན་དགོན་སར་དགོན་འདི་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱའི་རིང་ལུགས་དྲི་མ་མེད་པ་སྲོག་ཤིང་ལྟ་བུར་གྱུར་ནའང་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང་སྟེ་མིང་གི་ལྷག་མར་གྱུར་ཅིང་རྟེན་དང་བརྟེན་པ་ཐམས་ཅད་བརླགས། ཐ་ན་གཙུག་ལག་ཁག་དང་གྲྭ་ཤག་ཐམས་ཅད་ཀྱང་ཞིག་ཤུལ་ས་ཕུང་རྡོ་ཕུང་ཙམ་ལས་མེད་པར་གྱུར། དེང་ཆོས་ལྡན་བོད་འབངས་ཀྱི་དད་པའི་ཉི་མ་ཤར་མ་ཐག་གདན་ས་འདིའི་སྔར་གྱི་མཁན་པོ་རྣམས་མི་བཞུགས་ཀྱང་སྔོན་གྱི་ཐུགས་བསྐྱེདམ་བཟང་པོ་དུས་སུ་སྨིན་པ་སྙིགས་དུས་ཀྱི་བསྟན་པའི་སྒྲོན་མེའི་དགོན་དཔོན་གྱི་གདུང་རྒྱུད་མ་ཆད་པ་འགྲོ་མགོན་བླ་མ་འཇམ་དཔལ་བཟང་པོས་ཐུགས་ཁུར་མཛད་དེ་མགོན་པོ་བཞེངས་དགོས་པའི་བཀའ་གནང་ཏེ་མང་ཐོས་བླ་མ་འཇམ་དཔལ་རྒྱལ་མཚན་ལ་འགན་སྤྲད། དགོན་པའི་བླ་གྲྭ་རྣམས་ཀྱི་དཀོར་རྫས་དམ་དུ་བསགས་པའི་དངུལ་དང་། མི་དམངས་ནས་མ་སྐུལ་རང་མོས་ཀྱི་དངུལ་དང་། ཆོས་དད་མང་ཚོགས་རྣམས་ཀྱིས་ལས་ཀ་ལའང་རོགས་རམ་བྱེད་ཉུང་ཙམ་བྱུང་། གྲྭ་བ་རྣམས་ཀྱིས་ཀྱང་ལས་ཀ་ལ་ཧུར་བརྩོན་བྱས་ཏེ། ལྷ་ཁང་ཆེ་བ་ངོས་རེ་ལ་བཞི་འདོམ་ལྔ་རེ་ཡོད་པ། ཇ་ཁང་བཞི་འདོམ་དྲུག མཛོད་ཁང་བཞི་འདོམ་ལྔ། འཁོར་ཆུང་བརྒྱ། དུང་འཁོར་གཉིས། འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་བརྩེག་གསུམ་ཅན། གུ་རུ་གཙོ་འཁོར། ས་པཎ་དང་ངོར་ཆེན་མི་ཚད་མ་རེ་རེ། གུར་མགོན་འདམ་སྐུ་ནང་རྟེན་གནམ་ལྕགས་རྡོ་རྗེ་ཡོད་པ་ཐོག་རྩེག་གཅིག་མ། ཟངས་[page 372] གསེར་ལས་གྲུབ་པ་བྱམས་པའི་སྐུ་ཐོག་རྩེག་གཉིས་ཅན་བཅས་ཡོད། ཐང་ག་ལྔ་བཅུ། གསུང་རྟེན་ལ་རྒྱལ་བའི་བཀའ་བསྟན་འགྱུར་ཆ་རེ་དང་། ས་སྐྱའི་བཀའ་འབུམ། སྒྲུབ་ཐབས་ཆ་གཅིག ལམ་འབྲས་ཆ་གཅིག ཀུན་མཁྱེན་བཀའ་འབུམ་ཆ་གཅིག མ་ཎི་བཀའ་འབུམ་ཆ་གཅིག འབུམ་ཆ་གཅིག་བཅས་ཁྱོན་བསྡོམ་པོད་གྲངས་བརྒྱ་དང་ཞེ་གསུམ་ཙམ་ཡོད། སྒྲུབ་མཆོད་སྐོར་ལ། ཟླ་བ་དྲུག་པའི་ཚེས་གཅིག་ནས་ཀྱེ་རྡོར་སྒྲུབ་མཆོད། ཟླ་བ་དགུ་པའི་ཚེས་བཅུ་བཞི་ས་ཆེན་དུས་མཆོད་ནས་བཟུང་ཉིན་བདུན་ལ་ཀུན་རིག་སྒྲུབ་མཆོད། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ནས་བསྐང་གསོ་ཞག་བདུན། དེའི་སྐབས་སུ་ངོར་དགོན་ལས་བྱུང་བའི་གུར་ལྷ་བརྒྱད་དང་གཞན་ཡང་སྲུང་མའི་སྐོར་ལ་འཆམ་སྣ་བཅོ་ལྔ་ཙམ་ཡོད། ལོ་རེ་ལ་ཆོ་གའི་ཕྱག་ལེན་སོགས་སྦྱོང་རྒྱུ་ཟླ་རེ་བཅས་ཚོགས་པ་ལ་འཚོ་བའི་རྟེན་ནི་དགོན་གཞུང་གི་དཀོར་དངུལ་དང་སྤྱིན་བདག་དད་པ་ཅན་གྱིས་ཕུལ་བའི་རྫས། ཤི་གསོན་གྱི་དཀོར་ཕྲན་བུ་ཙམ་ལ་བརྟེན། བླ་གྲྭ་མང་ཉུང་ནི། མཁན་པོ་གཅིག གྲྭ་པ་བཞི་བཅུ། གྲྭ་ཤག་སོ་ལྔ། དེ་རྣམས་ལ་ཆོས་དང་མཐུན་པའི་སྒྲིག་ལམ་བཞག་ཡོད། ཆོས་ལུགས། རིག་གནས། ཆར་སློང་། སེར་བཀག ནད་པའི་རིམ་གྲོ་སོགས་དམངས་ལ་ཕན་པའི་བྱ་བ་སྒྲུབ་བཞིན་ཡོད། མདོར་ན་སྔར་སྲོལ་བཞིན་དགེ་འདུན་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བཅས་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་ལགས་སོ། ཅེས་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོའི་སྟོན་ཟླ་ར་བའི་ཚེས་ཉེར་ལྔ་ལ་འཇམ་དབྱངས་ཚུལ་ཁྲིམས་བསྟན་འཛིན་གྱིས་བྲིས་པ་དགེའོ།།
དབང་བཞི་དགོན་ནི་མཚན་ལ་དབང་བཞི་བླ་མ་ཞུ་བ་ཞིག་གིས་ཡུལ་འདིར་ཐོག་མར་གཙུག་ལག་ཁང་ཀ་རིང་བཞི་པ་ཞིག་བཞེངས། དགོན་འདི་ཐོག་མར་བཏབ་པའི་དུས་གསལ་པོ་མ་ངེས་ཤིང་། ཆགས་ཡུལ་ནི་རྩི་ཐོག་གཤོང་གི་ཤར་ངོས་མཐོ་སར་ཆགས་ཡོད། ཡང་བླ་མས་ལམ་འབྲས་ཀྱིས་དབང་དང་གདམས་ངག་བཅས་གནང་དུས་སློབ་མ་རྣམས་དད་པའི་དབང་གིས་བླ་མ་ལ་དབང་བཞི་བླ་མ་དང་དགོན་པ་ལ་དབང་བཞི་དགོན་ཞེས་བཏགས་སྐད། དེ་རྣམས་ཀྱི་རྒྱུ་མཚན་རྒན་རབས་པའི་ངག་རྒྱུན་ལས་སྣང་། ཕྱིས་སུ་ཀུན་དགའ་ཡོན་ཏན་གྱི་སྐུ་རིང་ལ་དགོན་པ་རྒྱ་བསྐྱེད་བཏང་ཞིང་། འདུས་སྡེ་ཡང་གྲངས་མང་དུ་སོང་། ཐོག་མའི་གྲུབ་མཐའ་ས་སྐྱ་པའི་ལུགས་ལ་ས་ངོར་གཉིས་ལས་ངོར་པའི་ཕྱག་སྲོལ་མ་ནོར་བ་ཞིག་ཡིན །རྗེས་སུ་ངོར་བླ་མ་སངས་རྒྱས་རིན་ཆེན་དང་བྱམས་པ་དཔལ་ལྡན་ཆོས་མཛོད་བྱོན་ནས་ཐུན་མོང་མ་ཡིན་པའི་གདམས་ངག་སྐོར་དང་། ངོར་པའི་ཆོ་ག་ཕྱག་ལེན་ལྟར་ཕྱག་ཁྲིད་མཛད། དགོན་འདིའི་བླ་མ་ནི་དབང་བཞི་བླ་མ། ཨ་ཥ་བླ་མ། བསྙེན་གནས་བླ་མ། ཀུན་དགའ་ཡོན་ཏན། བྱམས་པ། འཇམ་དབྱངས། རྡོ་རྗེ་ཚེ་དབང་། ཡོན་ཏན་སོགས་རིམ་པར་བྱོན། སྐུ་རྟེན་ལ་གསེར་སྐུ་ཐུབ་པ། དབང་བཞིའི་ཇོ་བོ་གསུང་འབྱོན་མར་གྲགས་པའི་རྟེན་བྱིན་རླབས་ཅན་ད་ལྟ་ཡང་ཡོད། རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་ཇོ་བོ་འདི་ཐོག་མར་ཤར་ཕྱོགས་དབང་གྷི་ནས་དབང་བཞི་དགོན་དུ་དྲངས་སྐབས་ཇོ་བོས་ཞལ་ནས་ངའི་ཞལ་ཤར་ཕྱོགས་སུ་བསྐོར་ཞེས་གསུང་འབྱོན་པས་ད་ལྟ་ཡང་ཞལ་ཤར་ཕྱོགས་སུ་བསྐོར་ནས་ཞལ་གཟིགས་པའི་ཕྱོགས་སུ་སྐར་ཁུང་ཞིག་ཀྱང་བཞག་ཡོད། [page 363] རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་རྩེག་འཐེན་མ། སྤྱན་རས་གཟིགས་བཅུ་གཅིག་ཞལ་ལུས་ཚད་མ། གཞན་ངོར་ཆེན་དང་ས་པཎ་སོགས་མདའ་ཚད་ཙམ་རེ། འོད་དཔག་མེད་ལུས་ཚད་མ། གསུང་རྟེན་བཀའ་འགྱུར་ཆ་གཅིག ས་སྐྱའི་བཀའ་འབུམ་ཆ་གཅིག་པོད་བཅོ་ལྔ། ཨ་མྱེ་བཀའ་འབུམ་ཚར་གཅིག་པོད་གཉིས། རྒྱུ་སྡེ་ཀུན་བཏུས་ཆ་གཅིག་པོད་ཉི་ཤུ། ལམ་འབྲས་ཆ་གཅིག་པོད་ཉེར་གསུམ། སྒྲུབ་ཐབས་ཀུན་བཏུས་ཆ་གཅིག་པོད་བཅུ་གསུམ། གོ་རམས་བཀའ་འབུམ་ཆ་གཅིག་པོད་བཅོ་ལྔ། ཁྱོན་བསྡོམས་ཉིས་བརྒྱ་བཅུ་གཅིག་གོ །སྤར་ཤིང་སྐོར། རྡོར་གཅོད། རྡོར་གཅོད་ཇོ་དར། མི་འཁྲུགས་པའི་ཆོ་གའོ། ཐུགས་རྟེན། བཀའ་གདམས་མཆོད་རྟེན་ཁྲུ་གང་ཙམ་མོ། རོལ་མོ་སྐོར། ཆ་ལང་ཆ་གསུམ། སིལ་སྙན། ཟངས་རེག་གི་དུང་དམར་གཅིག རྒྱ་གླིང་ཆ་གཅིག རྐང་གླིང་ཆ་གཅིག དུང་དཀར་ཆ་གཅིག དུས་མཆོད་བརྒྱད། བོད་ཟླ་དང་པོ་ནང་ཀུན་རིག་ཉིན་བདུན། བོད་ཟླ་དང་པའི་ཚེས་བརྒྱད་ནས་མི་འཁྲུགས་པ་ཉིན་གཉིས། བོད་ཟླ་དྲུག་པའི་ནང་ཞིང་སྒྲུབ་ཞག་གཉིས། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་བསྐང་གསོ་བདུན་ཚོགས། ཡོན་གྱི་འབྱུང་ཁུངས་ནི་དད་འབུལ་རང་མོས་གྱི་ཡོན་ཙམ་མ་གཏོགས་མེད། ད་ལྟ་གྲྭ་པ་བཞི་བཅུ་དང་དགོན་པའི་ཆོས་སྡེ་དུད་གྲངས་ཉིས་བརྒྱ་ཙམ་ཡོད་དོ།།
[page 388] དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི་རབ་བྱུང་བདུན་པའི་ནང་ཉག་གི་སྟོད་སྨད་དུ་བོན་ཆོས་རིས་མེད་ཀྱི་གྲུབ་ཐོབ་བརྒྱད་བྱོན། བན་ལུགས་ལ་གྲུབ་པ་ཐོབ་པ་བཞི་ཡོད་པ་དང་། བྲག་དབོན་བཀྲ་ཤིས་རྒྱལ་མཚན། དབལ་ཁྱུང་སྨོན་ལམ་རྒྱལ་མཚན། རྩིས་འདས་ཉི་མ་རྒྱལ་མཚན། དར་རི་སྦྱིན་པ་རྒྱལ་མཚན་དང་བཞི་བྱུང་བའི་ནང་མཚན་དབལ་ཁྱུང་སྨོན་ལམ་རྒྱལ་མཚན་ཞུ་བ་དེ་ཡིན། དབལ་ཁྱུང་བསོད་ནམས་དབང་རྒྱལ་གྱིས་ས་གནས་གོང་མར་སྤོས་ནས་དབལ་ཁྱུང་གཡུང་དྲུང་མཐོན་སྨོན་གླིང་ཞེས་མཚན་གསོལ། ཁོང་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས། དེ་ནས་དཔོན་པོ་ཨ་ཀླུ། ལྷུན་གྲུབ་ཚུལ་ཁྲིམས། བསྟན་པ་རྒྱལ་མཚན་སོགས་བླ་རབས་བཅུ་གསུམ་རིམ་བྱོན་རྣམས་ཀྱིས་དགོན་འདི་སྐྱོང་བ་ཡིན། དེའི་རྗེས་སུ་ཉག་བླ་པདྨ་བདུད་འདུལ་ལམ་ཡོངས་གྲགས་གྲུབ་ཆེན་ཉི་ཟླ་ཀུན་མཛེས་ཞེས་སྙན་པས་ས་གསུམ་ཁྱབ་པ་དེ་ཉིད་ཀྱི་ཞལ་ལས། དབལ་ཁྱུང་བླ་སྤྲུལ་གསུམ་རེས་འགྲོ་དོན་ཆད་མེད་འབྱུང་གསུངས་པ་བཞིན། འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པ་དང་མཁའ་འགྲོ་དབང་མོ་ཡབ་ཡུབ་གཉིས་དང་། མཆོག་སྤྲུལ་གཡུང་དྲུང་ཚུལ་ཁྲིམས་བསྟན་དབང་། སྤྲུལ་སྐུ་གཡུང་དྲུང་བསྟན་འཛིན་གསུམ་གྱིས་བསྟན་པ་བསྐྱངས། དེ་དག་ལས་དབལ་ཁྱུང་གཏེར་ཆེན་གསང་སྔགས་གླིང་པ་ནི། དགོན་འདིའི་ཉམས་གསོའི་མཛད་རྗེས་ཤིན་ཏུ་ཆེ་བས་ཁོང་གི་རྣམ་ཐར་རགས་ཙམ་འགོད་པར་བྱ་སྟེ། ཁོང་ནི་ཉག་གི་ཆུ་བོའི་གཡས་ཕྱོགས་ཡབ་སྲས་སྦས་གནས་ལྷོ་བྲག་མདུན་ཡབ་ཚེ་རིང་བཀྲ་ཤིས་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ནང་ཚན་ཤིང་བྱི་ལ་སྐུ་འཁྲུངས། གཞོན་ནུའི་དུས་ནས་བཅོས་མིན་ངེས་འབྱུང་དང་རིས་མེད་སྙིང་སྟོབས་ཆེན་པོ་མངའ། ཡེ་ཤེས་གཟིགས་པའི་རྣམ་འདྲེན་དུ་མས་དམ་པའི་སྐྱེས་བུར་མངའ་གསོལ། ལྕང་སྤྲུལ་གཡུང་དྲུང་བསྟན་རྒྱལ་དང་། ཀུན་གྲོལ་གསང་རྩལ། ཀུན་གྲོལ་ལྔ་པ་བདུད་འདུལ་གླིང་པ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་ཡོངས་འཛིན་བཅུ་ཕྲག་ལྷག་བརྟེན་ནས་མདོ་སྔགས་ཇེ་རྙེད་པའི་སྨིན་གྲོལ་གྱི་བདུད་རྩི་བཞེས། ས་སྤྱོད་གསུང་གི་འཁོར་ལོ་ས་སོགས་པར་སྒྲུབ་པའི་མཐིལ་བཟུང་སྟེ་རིམ་གཉིས་མཐའ་རུ་ཕྱིན་ཏེ་གྲུབ་པའི་རྟགས་དང་ལྡན། དེ་ཡང་གེ་རོང་བྱ་བ་བྱོན་པའི་དུས་ཞི་ཁྲོའི་ཞལ་ཐང་གཅིག་གི་ངོར་ཨ་རག་མར་ཁུ་གཉིས་བསྲེས་པ་གསོལ་ཞལ་བྱུར་བུ་ཁེངས་པ་ཞིག་ཞི་ཁྲོའི་དམ་པ་རིགས་བརྒྱ་ལ་མཆོད་པ་འབུལ་དགོས་གསུངས་ནས་ཕྱག་གིས་གཏོར་བ་གསེར་དུ་གྱུར། གོང་རྒྱལ་དགོན་དུ་གནས་མདུན་ལ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ་སྐད་གཅིག་རིག་པ་ཧུར་ནས་ནི། ང་ནི་དྲན་པ་ནམ་མཁའ་ཡིན་གསུང་ནས་ཕྱག་གི་མཛུབ་མོས་རྡོ་ལ་ཡི་གེ་ཨ་བྲིས་པ་དང་། ཡུལ་ཕྱོགས་སྟོད་སྨད་གར་བྱོན་ཀྱང་ལྷ་ཀླུས་བསུ་སྐྱེལ་བྱེད་པ་དང་། སྡེ་བརྒྱད་དམ་ལ་འདུ་བ་[page 389] སོགས་ཀྱི་ལོ་རྒྱུས་མང་། དག་པའི་སྣང་བར་པདྨ་འོད་ལ་སོགས་མཁའ་སྤྱོད་ཀྱི་ཞིང་བརྒྱུད་ནས་འཆི་མེད་ཡབ་སྲས་དང་མངོན་གསུམ་དུ་ཞལ་མཇལ་ཞིང་དབང་བསྐུར་བྱིན་གྱིས་བརླབས་ཏེ་འགྲོ་བ་འདུལ་བའི་ལུང་བསྟན་བརྙེས། ཞི་ཁྲོའི་ལྷ་ཚོགས་དཔག་མེད་ཀྱི་ཞལ་གཟིགས། མཁའ་འགྲོ་འདུ་བ་ཚོགས་ཀྱི་འཁོར་ལོ་ར་རོལ་པ་དང་། བླ་མ་སྐུ་གསུམ་ཕུར་པ་དང་། སྒྲུབ་སྡེ་སྒྱུ་འཕྲུལ་ཞི་ཁྲོ་གསང་འདུས་དང་། སྔོན་ཆད་ས་སྟེང་དུ་མ་གྲགས་པའི་བོན་ཆོས་ཀྱི་གཏེར་དང་། སྙན་བརྒྱུད་བཀའ་གཏེར་དང་། གཞན་ཡང་རྟེན་དང་དམ་རྫས་སོགས་ཟབ་གཏེར་ནོར་བུའི་མཛོད་ཆེ་ཕྱེས། མདོ་ཁམས་གནས་ཆེན་ཉེར་ལྔ་གཙོས་པའི་གནས་ཆེན་ཀུན་ལ་ཡེ་ཤེས་ཀྱི་བྱིན་ཆེན་ཕབ། མི་དང་མི་མིན་འབྱུང་པོ་ཟིལ་འོག་ཏུ་བཙུད་ནས་སྙིགས་མའི་སྐལ་ངན་བཟློག་པར་མཛད། དེའི་བརྒྱུད་འཛིན་མཆོག་གི་གྲོགས་གསུམ་སེམས་དཔའ་ཉེར་ལྔ་སོགས་བྱོན་ནས་ཟབ་གཏེར་ཕྱོགས་བརྒྱར་སྤེ་ལ། མཐར་འདྲ་ཡུལ་དུ་སྐུ་གཤེགས་སོ། རྗེ་དེ་ཡི་གཏེར་ཆོས་ལ་ཕྱི་ནང་གསང་གསུམ་ཐུན་མོང་མ་ཡིན་པའི་སྡེ་དང་བཞི་ཡི་དང་པོ་སྤྱི་ལ། ཆར་འབེབས་བདུད་རྩི་རྒྱལ་མཚོ་ཀླུ་ཆོག་སོགས་དང་། ནང་གསང་སྔགས་ལ་མེ་རི་ཛྭ་སྒྲུབ་ཐིས་འདུལ་བཅས། སྟག་ལའི་སྒྲུབ་པ་སྲིད་འདུལ་དང་བཅས། ཡང་སྟག་ལ་གྲི་འདུལ་ཅན། གཤིན་རྗེ་གཤེད་ནག་ཞི་དྲག་གཉིས་དྲེའུ་དམར་སྒྲུབ་སྐོར། དྲེའུ་ནག་སྒྲུབ་སྐོར། གཏད་སྦྲག་མན་ངག་བཅས་སྤྱི་སྤུངས་གསང་བ་འདུས་པའི་རྒྱུད། ལུང་རྒྱུད་སོགས་དང་། ཚེ་སྒྲུབ་སྐོར་ལ་ཚེ་སྒྲུབ་ཡོངས་སྙིང་འདུས་པ། རྩ་གསུམ་ཚེ་སྒྲུབ། པུ་རུ་ལ་བརྟན་པའི་ཚེ་སྒྲུབ་དང་། གསང་བ་ལ་གུ་རུ་ཞི་དྲག་གསང་གསུམ་རྫོགས་རིམ་གྱི་ཁྲིད་སྐོར་དང་བཅས་པ། སྐུ་གསུམ་ཕུར་སྒྲུབ་རིམ་གཉིས་ཀྱི་ཉམས་ལེན་རྫོགས་ཆེན་དང་བཅས་པ། ཐུགས་རྗེ་ཀུན་གྲོལ་གྱི་གཅོད་གདམས་སྐོར་སྨྲ་རེང་སྒྲུབ་པ་རྣམས་དང་། ཐུན་མིན་འཆི་མེད་ཚེ་དབང་རིག་འཛིན་ཆེན་པོའི་རྣམ་ཐར་གླེགས་བམ་བཞི། ཡང་གྱེར་ཆེན་དྲན་པ་ནམ་མཁའི་རྣམ་ཐར་གླེགས་བརྒྱད། མཁའ་འགྲོའི་བཀའ་ཐང་གླེགས་བམ་གཅིག སྙིང་ཐིག་བཅུ་གསུམ་སོགས་ཡོད་དོ།། རྗེ་དབལ་གཏེར་ཡང་སྤྲུལ་འཆི་མེད་རིག་འཛིན་དང་མཁའ་སྤྱོད་དབང་མོ་བཅས་ཀྱིས་གདན་ས་བསྐྱངས། གཏེར་ཆེན་གསང་སྔགས་གླིང་པའི་སྐུ་རིང་ལ་ལྷ་ཁང་གསར་རྙིང་གཉིས། གྲྭ་ཤག་བཅུ་གསུམ་ཙམ་བཞུགས།
དགོན་འདིའི་སྐུ་རྟེན་ལ་གཤེན་ལྷ་འོད་དཀར་དང་། སྣ་ཆེན་བྲག་ནས་གཏེར་དུ་དྲངས་བའི་སྐུ་བ་ཉེར་ལྔའི་གཙོ་བོ་གུ་རུ་ཁྲུ་གང་བ། རོང་བཙན་ཁ་བ་དཀར་ནས་གཏེར་དུ་དྲངས་པའི་གསང་འདུས་སྐུ་ཁྲུ་གང་། ཁྱོ་བེ་མཁའ་འགྲོ་འབུམ་གླིང་ནས་གཏེར་དུ་དྲངས་པའི་འོད་དཔག་མེད་སྐུ་ཁྲུ་གང་བ། ཟངས་གསེར་ལས་གྲུབ་པའི་སྟོན་པ་མཆི་མེད་གཙུག་ཕུད། པདྨ་འབྱུང་གནས་སྐུ་གཉིས། བྱམས་མའི་སྐུ་བཅས་ཁྲུ་ལྔ་པ་ཅན། དངུལ་ལས་གྲུབ་པའི་བླ་ཆེན་ཡབ་སྲས་གསུམ་མདའ་ཚད། བོན་ཆོས་རིས་མེད་[page 390] ཀྱི་སྐུ་འདྲ་ཆེ་ཆུང་ཚང་མ་བརྒྱ་དང་བཅུ་བཞུགས་སོ།། ཐང་ག་མཛད་པ་བཅུ་གཉིས་གུ་རུ་མཚན་བརྒྱད། གུ་རུ་སྟོང་སྐུ། གསང་གླིང་རྦ་ཡུམ་སྐྱེས་རབས། གསང་གླིང་བཀའ་ཆོས་སྐོར་གྱི་ཞལ་ཐང་བསྡོམས་ཐང་ག་ཉིས་བརྒྱ་དང་བདུན་བཅུ་བཞུགས་སོ།། གསུང་རྟེན་ལ་བཀའ་འགྱུར་ཆེན་མོ་དང་། བཀའ་གཏེར་གསར་རྙིང་སོགས། གླེགས་བམ་སྟོང་གཅིག་བཞུགས། ཐུགས་རྟེན་ལ་སྐུ་གདུང་ཁོག་དངུལ་ལས་གྲུབ་པའི་གསེར་གྱི་པ་ཊ་ཅན་ཁྲུ་ཉི་ཤུ་ཅན་གཅིག སྐུ་གདུང་གཞི་ཟངས་གསེར་ལ་དངུལ་གྱི་པ་ཊ་ཅན་ཁྲུ་བཅུ་གསུམ་ཅནགསུམ། ཡང་ཁྲུ་བདུན་ཅན་གཉིས། ཡང་ཁྲུ་གང་ཅན་ཅིག་བཅས་བཞུགས། ཐུགས་ཀྱིས་དགེ་འདུན་ལ་བླ་མ་གསུམ། གྲྭ་པ་བདུན་ཅུ་བཅས་བཞུགས་སོ།། རོལ་མོ་ལ་སྟོང་གསུམ་འབྲུག་གྲགས་དང་ནོར་བུ་བ་བདུན་གཙོས་པའི་ཆ་བདུན། སིལ་སྙན་ཆ་གསུམ། འཁར་རྔ་ཆེ་ཆུང་བཞི། དངུལ་ལས་བྱེས་པའི་རྒྱ་གླིང་གསེར་གྱི་པ་ཊ་ཅན་གཉིས། དུང་དམར་ཟངས་ལ་དངུལ་གྱི་པ་དྲ་ཅན་གཉིས། རྐང་གླིང་གསེར་དངུལ་བཀྲ་མ་ཅན་གཅིག དུང་དཀར་གསེར་དངུལ་གྱི་གཤོག་པ་ཅན་ཆ་གཅིག མཆོད་ཆས་གསེར་དངུལ་བཀྲ་མ་ཅན། བུམ་པ་ཆ་གཅིག སྨན་རག་གཏོར་གསུམ། བདུན་ཚར་ཕུད་ཀོང་། མཎྚལ་གཉིས། བྱུ་རུ་ཚེ་བུམ་སོགས་རིན་ཐང་ཆེ་བ་དུ་མ་བཞུགས། འཕེན་རྒྱལ་མཚན་འཆམ་གོས་གསེར་འབག་དུ་མ་ཡོད་དོ། དུས་མཆོད་རྒྱུན་སྲོལ། ཚེས་བཅུ་དགུན་གཏོར། གདུང་མཆོད། དབྱར་གནས་སོགས་བཞུགས། འཚོ་རྟེན་ནི་དགོན་ཞིང་ཁལ་ལྔ་ཙམ་དང་། སྤྱི་པ་མི་བཞི་རེས་མོས་བྱས་ནས་འཚོགས། དེ་དག་ཐམས་ཅད་རིག་གནས་གསར་བརྗེའི་སྐབས་གཏོར་བརླགས་འགྲོ་ཚར། དེ་ནས་རྗེ་བཙུན་མཁའ་སྤྱོད་དབང་མོ་དང་བླ་མ་གཡུང་དྲུང་དོན་གྲུབ་གཉིས་ཀྱིས་གཙོ་འགན་བཞེས་ནས། གསང་སྔགས་གླིང་པའི་ཁ་བྱང་ལུང་བསྟན་གཞིར་བཟུང་ནས་ཁོང་གི་ཐུགས་སྣང་ལ་ཤར་བ་བཞིན་དུ། ཤེལ་གདན་སྟེང་གཤེན་བསྟན་མདོ་སྔགས་གླིང་གི་ལྷ་ཁང་ཀ་རིང་བརྒྱད་པ་བཞེངས། རྟེན་གསུམ་གཤེན་ལྷ་འོད་དཀར་ཁྲུ་གང་། གསང་འདུས་ཁྲུ་གང་། གུ་རུ་སྐུ་ཁྲུ་གང་བ་ཅན་བཞུགས། ཟངས་རག་སྐུ་འདྲ་ཁྲུ་གང་བ་ལྔ། བསྟན་པའི་འཆི་མེད་གཙུག་ཕུད། རྣམ་པར་རྒྱལ་བ་ཐུགས་རྗེ་བྱམས་མ་བཅས་འདམ་སྐུ་གཉིས་རེ་གསར་བཞེངས་སྤུས་ལེགས་གྲུབ། ཉག་བླ་པདྨ་བདུད་འདུལ་གྱི་གཏེར་མ་ཇ་རྔ་སྤུས་ལྡན་གཤང་ཆེན་ལེགས་པ་གཉིས་བཞུགས་སོ།། ཐང་ག་གུ་རུ་མཚན་གསུང་རྟེན། བཀའ་འགྱུར་ཆེན་མོ་དང་། བླ་ཆེན་ཡབ་སྲས་ཀྱི་རྣར་ཐར་གླེགས་བམ་བཅུ་གཉིས། ཤར་རྫ་པའི་བཀའ་ཆོས་པོ་ཏི་ཉེར་དྲུག་བཞུགས། གཏེར་ཆེན་ཚེ་དབང་གྲགས་པའི་བཀའ་ཆོས་ཆ་ཚང་དང་སྒྲུབ་ཐབས་སྐོར་བཅས་བཞུགས། ཐུགས་རྟེན་ལ། མཆོད་རྟེན་གསེར་དངུལ་བཀྲ་མ་ལ་གཟི་དང་བྱུ་རུ་སོགས་ཀྱི་ཕྲ་རྒྱན་ཅན། དགེ་འདུན་འདུས་སྡེ་ལ་བླ་མ་གཡུང་དྲུང་དོན་གྲུབ་དང་གྲྭ་པ་བཞི་བཅུ་བཞུགས་སོ།
དགེ་འདུན་པའི་འཚོ་རྟེན་ནི། རང་ཁ་རང་གསོ་གཙོ་བོར་བྱས་ཐོག་གཤིན་གསོན་དད་འབུལ་གྱི་[page 391] དད་རྫས་ལ་བརྟེན་པ་མ་གཏོགས་དགོན་པ་ལ་དམིགས་གསལ་གྱི་རྟེན་གཞི་མེད། ཡོན་ཁའི་ཡོང་སྒོ་ཐམས་ཅད་དགོན་གཞུང་ལ་བཞག་སྟེ་དགོན་པ་ཉམས་གསོ་དང་རྟེན་བཞེངས་ཀྱི་མ་རྩ་དང་། གྲྭ་པ་བཞི་རེས་རེས་མོས་རང་གིས་རྒྱུ་ནོར་ཕུལ་བའམ་ཚོང་དང་སློང་མོ་བཅས་ལ་བརྟེན་ནས་གོང་སྨོས་ཀྱི་སྒྲུབ་མཆོད་འཚོགས་དགོས་པ་ཡིན།
ཐོག་མར་ཕྱག་འདེབས་པ་པོ་ནི་ཁོད་སྤུངས་བླ་རབས་ཉེར་ལྔ་བ་དབྲ་སྟོན་བསྐལ་བཟང་རྒྱལ་མཚན་གྱི་གཅུང་སྔགས་འཆང་སྐལ་བཟང་ཉི་མས་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་སྒྲེ་བོ་ཤོག་ཆེན་སྤྱི་ནས་དད་མོས་ཀྱིས་སྒྲུབ་ཁང་ཕོ་བྲང་ཀ་བ་བརྒྱད་ཅུ་པ་བཏབ། སྒྲུབ་ཁང་གཡུང་དྲུང་ལྷ་རྩེ་ཞེས་པའི་མཚན་གསོལ། སྨན་རིའི་མཁན་ཆེན་ཕུན་ཚོགས་བློ་གྲོས་ཀྱིས་ལུང་བསྟན་ལྟར་ར་ཕྱི་མཐར་ས་འདུལ་གྱི་མཆོད་རྟེན་བཞི་བཞེངས། ཁྱད་པར་གདན་ས་འདིར་སྒྲུབ་ཁང་གསར་བཞེངས་མཐར་ཕྱིན་མཛད་པ་པོ་དང་དབྲ་ཁྱུང་གི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་བླ་ཆེན་དྲན་པ་ནམ་མཁའ་དང་ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱི་སྤྲུལ་པའི་རྣམ་རོལ་ཁོད་སྤུངས་བླ་རབས་ཉེར་ལྔ་པ་པཎ་ཆེན་སྐལ་བཟང་བསྟན་པའི་རྒྱལ་མཚན་ཞེས་པ་དེ་[page 386] ཡིན། དགུང་ལོ་ལྔ་ནས་སྐྱེས་ཐོབ་ཤེས་རབ་ཀྱི་རྩལ་རྒྱས་ཏེ་ཡི་གེ་འབྲི་ཀློག་རྣམས་ཁོང་དུ་ཆུད་པས་ཐུགས་རིག་གསལ་བའི་རྩེ་མོར་སོན། ནར་སོན་ནས་ཁུ་བོ་མདོ་རྒྱུད་གྲགས་པས་ཁྲིད་དེ་ཀླག་བྲག་རྫོང་དགོན་དུ་མཁན་པོ་བསོད་ནམས་ཆོས་གྲུབ་ཀྱི་མདུན་ནས་གསང་སྔགས་རྙིང་མའི་གཞུང་སྐོར་མཐའ་དག་གསན་ནས་མཁས་པའི་སྙན་པས་ཕྱོགས་ཀུན་ཁྱབ། ཀླུ་མོ་རབས་སྐུ་ཚ་བསྟན་འཛིན་མདུན་ནས་གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་གསན་པས་བན་བོན་གྱི་གཞུང་ལུགས་མཐའ་དག་ལ་མཁས་པར་གྱུར། ཡེ་ཤེས་དགོན་གྱི་མཁན་པོ་དྲང་སྲོང་དམ་པ་ཚུལ་ཁྲིམས་མཆོག་རྒྱལ་མདུན་དུ་བསྙེན་པར་རྫོགས་ཏེ་ཉེས་ལྟུང་གི་དྲི་མས་མ་གོས་པ་སྔུར་སྨྲིག་འཛིན་པ་ཡོངས་ཀྱི་དབུས་ནས་ཚུལ་ཁྲིམས་ཀྱི་གཟི་འོད་ལམ་མེར་འབར་བར་གྱུར། བསྟན་གཉིས་གསང་སྔགས་གླིང་པ་སྤྱི་བོར་བསྟེན་ནས་གསང་ཆེན་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན། རྗེ་ཉིས་ཀྱིས་ཁོང་རྩ་བའི་ཆོས་བདག་ཏུ་མངའ་གསོལ། མཁས་པའི་དབང་ཕྱུག་ཧོར་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་མདུན་ནས་གསར་ཕྱོགས་ཀྱི་རིག་གཞུང་མང་དུ་གསན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་རྩ་བའི་བླ་མར་བསྟེན་ནས་སྔར་འགྱུར་གཡུང་དྲུང་བོན་གྱི་མདོ་སྔགས་ཀྱི་གཞུང་བཤད། རྫོགས་ཆེན་མན་ངག བཀའ་ལུང་དབང་ཁྲིད་རྣམས་གསན། ཐོས་པ་དེ་དག་ཀྱང་ཁ་ཕྱིར་བལྟས་སུ་མ་སོང་བར་བསམ་པས་སྒྲོ་འདོགས་གནང་ནས་ཆོད་པར་མཛད་པས་བསམ་བྱུང་གི་ཤེས་རབ་ཀློང་ནས་བརྡོལ་ཏེ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྔགས་ཀྱི་ཚུལ་མཐའ་དག་རིག་པ་བཞི་དང་རྟོག་པ་བཞིའི་ཚུལ་གྱིས་ཐུགས་སུ་ཆུད་དེ་རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་མངའ་དབང་འབྱོར། རང་གནས་དབྲ་ཁྱུང་རི་ཁྲོད་དུ་ཉམས་བཞེས་མཛད་པས་ཐུན་མོང་དུ་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བྱང་ཆུབ་ཀྱི་སེམས་ལ་ཐུགས་འབྱོངས་བ་དང་། ཐུན་མིན་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྟེན་ནས་བརྟན་གཡོ་དག་པ་རབ་འབྱམས་ལྷའི་འཁོར་ལོར་ཤར་ཞིང་། རྫོགས་རིམ་ཐབས་ཀྱི་ཉམས་ལེན་ལ་བརྟེན་ནས་ཕུང་ཁམས་གཡུང་དྲུང་ལུས་ལ་གནད་དུ་བསྣུན་པས་འགྱུར་བཅས་ལས་རླུང་གི་རྒྱུ་བ་ཕལ་ཆེར་ངྷུ་ཏིའི་དབྱིངས་སུ་དག་སྟེ་འཕོ་མེད་བདེ་སྟོང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཐུགས་ཉམས་སུ་བསྟར། ཁྱད་པར་རྫོགས་པ་ཆེན་པོའི་ཉམས་ལེན་ལ་བསྟེན་ནས་ཡིད་དཔྱོད་ཀྱི་བློ་ལས་འདས་པའི་རིག་སྟོང་ཟུང་འཇུག་རང་གནས་ཀྱི་ཡེ་ཤེས་རྗེན་པར་གཟིགས་པ་སྟེ་གྲུབ་པའི་གོ་འཕང་མཐོར་པོར་གཤེགས། དབའ་ཁྱུང་བླ་བྲང་དུ་འཆི་མེད་ཚེའི་སྒྲུབ་པ་མཛད་པའི་ཚེ་མྱོང་གྲོལ་རིལ་བུ་འཕུར་ཞིང་བུམ་པ་འཕྱུར་བ་དང་། དེ་ནས་དགོན་པར་དབང་བསྐུར་མཛད་པའི་ཚེ་ཤང་གཤོང་དང་སྦྱིན་ལྔ་བརྒྱ་ལྷག་ཙམ་ལ་བུམ་ཆུ་གཅིག་གིས་འགྱེད་པ་དང་། བྲག་དབེན་གནས་ལམ་དུ་ཕྱག་མཛུབ་ཀྱིས་བྲག་ལ་གཡུང་དྲུང་བྲིས་པ་སོགས་ཀྱི་གྲུབ་རྟགས་མངའ། སྐུ་ཚེའི་སྐེད་ཙམ་ལ་རྟའུ་སྤ་ཞབས་དང་རྒྱ་རོང་དུ་བྱོན་ནས་བྲག་སྟེང་རྒྱལ་པོས་དབུ་བླར་བཀུར་ཞིང་ཕྱོགས་དེར་[page 387] འགྲོ་དོན་འཕེལ། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། སྔ་འགྱུར་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་བཙུགས་སྟེ། ཐུན་མོང་རིག་པའི་གནས་ལ་སུམ་རྟགས་དང་། སྙན་ངག རྩིས་དང་སྨན་སྦྱོར། རྒྱ་གར་གྱི་ཡེ་གེ་གཉྩ་ཝརྟུ་སོགས་ཡིག་རིགས་སྣ་ཚོགས་དང་། ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་བཤད་རྒྱུན་ཁོར་ཡུག་ཏུ་བསྐྱངས། རྗེ་འདི་ཉིད་ཀྱི་གསུང་རྩོམ་ལ་དག་ཡིག་དང་སྙན་ངག ལུགས་གཉིས་བསྟན་བཅོས། འཛམ་གླིང་ཡུལ་བཤད། དྲི་བ་སྐབས་ལྔ་པ། གྲུབ་མཐའི་རྣམ་དབྱེ། བསྟན་གཉིས་དགོངས་པ་གཅིག་སྒྲུབ། དམ་པ་གསུམ་གྱི་ཁྲིད་ཡིག་སོགས་པའི་གསུང་རྩོམ་པོད་ལྔ་ཙམ་བཞུགས། རྗེ་ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་འཆད་ཉན་སྒོམ་སྒྲུབ་ཁོ་ན་མཛད་མཐར་རབ་བྱུང་བཅུ་དྲུག་ས་ཕག་ལོར་དགོངས་པ་བོན་དབྱིངས་སུ་བསྡུས་སོ། དེའི་གཅུང་སྔགས་འཆང་སྐལ་བཟང་ཉི་མ་སོགས་མང་དུ་བྱུང་ངོ་།།
གསུམ་པ་སྐུ་གསུང་ཐུགས་རྟེན། དེ་ལྟར་ཀུན་མཁྱེན་ཆེན་པོ་སུ་ལ་རྒྱལ་མཚན་གྱི་སྐུ་རིང་ལ་དབྲ་ཁྱུང་དུ་སྟེང་སྒར་དུ་བཤད་གྲྭ། བར་སྒར་དུ་སྒྲུབ་གྲྭ། འོག་སྒར་དུ་ཇོ་སྒར་བཅས་ལ་ཁང་ཚན་བརྒྱ་ལྷག་དབུས་ཀྱི་སྒྲུབ་ཁང་གཡུང་དྲུང་ལྷ་རྩེ་ཀ་བ་བརྒྱད་ཅུ་པ། ནང་གི་བཀོད་པ་གཡས་ཕྱོགས་སུ་ལྷ་ཁང་ཀ་བ་དྲུག་ཅུ་པ། དགོན་པ་གཉིས་དང་རི་ཁྲོད་བྱེས་གྲྭ་འཚོགས་བཅས་ཡོད། དགེ་འདུན་འདུས་པའི་བླ་སེར་ཞལ་གྲངས་ལ། རང་དགོན་གཉིས་ཀྱི་གཞི་གྲྭ་དང་བྱེས་གྲྭ་བཅས་དབང་ལུང་གི་སྐབས་ལྟ་བུར་བླ་སེར་བརྒྱ་ཕྲག་ཁ་ཤས་དང་ནམ་རྒྱུན་ལ་སུམ་ཅུ་བཞི་བཅུ་ཙམ་རེ་ཆད་མེད་བཞུགས། བཞི་པ་དུས་མཆོད་རྒྱུན་སྲོལ་ལ། སྒྲུབ་ཁང་གཡུང་དྲུང་ལྷ་རྩེའི་ནང་དུ་ལ་ཁ་དགོན་དང་ཀླུ་འབུམ་དགོན་དང་ཀླུ་འབུམ་དགོན་གཉིས། རི་ཁྲོད་གཞི་བྱེས་བཅས་ཀྱི་དགེ་འདུན་པ་རྣམས་འདུས་ནས་དབྱར་གྱི་དུས་སུ་དབྱར་བཅའ་ཞེས་ཞག་ལྔ་བཅུ་བཞུགས་པ་དང་། དུས་རྒྱུན་ཟླ་བ་ཡར་ངོས་ཚེས་བཅུ་ལ་དྲན་པ་ཡབ་སྲས་དང་། གསང་བདག་རྩ་གསུམ་སོགས་ཀྱི་ཚོགས་མཆོད་དང་། ཡུམ་ཀའང་གསུང་སྲོལ་ཡོད། ཚེས་བཅོ་ལྔ་དང་གནམ་སྟོང་ལ་འདུལ་བའི་གསོ་སྦྱོང་བཅས་བཞུགས། སྒྲུབ་སྡེ་དེའི་ནང་དུ་རྒྱུན་སྡོད་པ་རྣམས་སྟག་ལ་དང་ཕུར་ནག་གཉིས་ཀྱི་སྒྲུབ་གྲྭ་རྒྱུན་བཞུགས་པའང་ཆད་མེད་ཡོད། དེང་གི་གནས་ཚུལ། དེ་ལྟར་དཔལ་དབྲ་ཁྱུང་གི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་འདི་སྔ་འགྱུར་གཡུང་དྲུང་བོན་གྱི་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ན་ཡང་། རིག་གནས་གསར་བརྗེ་ཞེས་པས་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང་ཞིང་རྟེན་དང་བརྟེན་པ་ཐམས་ཅད་གཏོར་བརླག་སོང་ཚར། དེང་སྐབས་སུ་ལ་སྐལ་བཟང་གྲགས་པས་ཐུགས་ཁུར་བཞེས་ནས་རི་ཁྲོད་ཁང་པ་གསུམ་ཙམ་གྲུབ་ཅིང་། གྲྭ་རྒྱུན་སྡོད་པ་འགའ་ཤས་བཞུགས་མུས་སུ་མཆིས་སོ།།
བདེ་ཆེན་དབང་གི་ཕོ་བྲང་བཀའ་གཏེར་ཆོས་ཀྱི་འབྱུང་གནས་ནི། གནས་ཆེན་ཉེར་ལྔའི་ཡ་གྱལ་གཏེར་ལུང་དུ་མ་ནས་བསྔགས་པའི་གནས་མཆོག་ལྷ་བྲག་ནོར་བུ་ཡང་རྩེའི་མདུན་སར་སྔོ་ལྗང་གཡུ་ཡི་མེ་ལོང་འདྲ་བར་ནགས་ཚལ་དང་བྲག་རིས་མཐའ་ནས་སྐོར་བའི་དབེན་གནས་དེར་ཆོས་གྲྭ་འདི་ཆགས་ཡོད། དེ་ལྟར་རང་བཞིན་གྱི་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་དེར་ཆོས་གྲྭ་ཐོག་མར་ཕྱག་འདེབས་པ་པོ་ནི་གཏེར་སྟོན་དུང་རལ་གླིང་པ་ཡིན་པས་རྗེ་དེ་ཉིད་ཀྱི་སྐུ་ཕྲེང་དང་རྣམ་ཐར་ཅུང་སྤྲོས་ན། ཨོ་རྒྱན་ཆེན་པོའི་ཐུགས་སྲས་ཉེར་ལྔའི་ཡ་གྱལ་དཔལ་གྱི་ཡེ་ཤེས་དང་ལྷ་ལུང་དཔལ་རྡོར་གས་དམ་པ་དུ་མ་མིའི་རོལ་གར་གཏེར་ཆེན་དུང་རལ་གླིང་པའམ་བདུད་འཇོམས་ཆེས་པ་དེ་ཉིད་འཁྲུངས་ཡུལ་ལྷང་བྲག་ཉེ་འདབས་སྐལ་བཟང་དགོན་དུ་རྡོ་རྒན་ཚང་ལ་རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་འཁྲུངས། ཆུང་དུས་ནས་གྲུབ་པའི་ས་མཐོར་གཤེགས་ནས་འབྱུང་བཞི་རང་དབང་ཐོབ་པ། རྡོ་ལ་ཞབས་རྗེས་དང་གྲུབ་རྟགས་དུ་མ་མངའ་བ། ཟབ་གཏེར་དུ་མ་ལ་དབང་འབྱོར་བ། རྫོགས་ཤེལ་བྲག་ནས་སྒྲོལ་མའི་སྐུ་རྟེན་དང་། འབྲོག་རྡུལ་བྲག་དམར་ནས་སྒྲོལ་མ་སྒྲུབ་པ། སྨད་ལས་གཡང་སྒྲུབ་ལུང་བསྟན་དང་བཅས་ལྡེབ་༣༠༠ཙམ་ཆ་ཚང་བ་གཏེར་ནས་བཏོན་རྟེན་འབྲེལ་འགྲིན་ནས་བར་ཆད་རྐྱེན་དབང་དུ་མ་ཤོར་ན། འགྲོ་དོན་འཛམ་གླིང་ལ་ཁྱབ་ནས་མཐར་འཇའ་ལུས་སུ་གཤེགས་པ་དེ་ཉིད་ཀྱི་གཏེར་ལུང་ལས་གསུངས། ཐོག་མ་དེའུ་ཁྲི་སྟེང་རི་ཁྲོད་བཏབ་ནས་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་སྨིན་ཁྲིད་དང་དབང་ལུང་སོགས་འགྲོ་དོན་རྒྱ་ཆེ་མཛད་པ་ལགས། ཉིད་ཀྱི་སྐུ་སྐྱེས་ཐོག་མ་ལྷ་ལུང་དཔལ་རྡོར་བཞེས་སྐབས་གཡོ་ཐབས་ཀྱིས་མདའ་གཞུས་རྒྱལ་པོ་གླང་དར་བསྒྲལ་བའི་ལན་ཆགས་པའི་རྐྱེན་གྱིས་གླང་དར་སྐྱེས་མཐར་ཉག་སྐེད་དཔོན་ཞར་གྱིས་བདུད་འཇོམས་མཐོང་བ་དང་ཐོས་པ་ཙམ་གྱིས་ཕ་ཤ་ཆགས་པ་ལྟར་ཁྲིམས་ཆད་དུ་མ་བྱས་གཡངས་ལ་སྒྲིལ། ཉག་ཆུ་ནང་བསྐུར། མཚོན་[page 357] སོགས་ཀྱིས་གནོད་པ་དུ་མ་བྱས་ཀྱང་གནོད་པས་མ་ཚུགས། ཁོང་གིས་ད་ནི་བཙོན་སྲུང་རྣམས་ལ་སྡུག་གཏད་པ་ལས་མི་འདུག་བས་རང་འཆི་ན་དགའ་གསུངས་ནས་སྐྱེ་འཆི་ལ་རང་དབང་ཐོབ་པ་ལྟར་རེ་ཞིག་དགོངས་པ་ཞི་བའི་དབྱིབས་སུ་བསྡུས། མ་འདས་པའི་སྔར་ལོ་ལ་སྙིང་ཡེ་རི་ཆེན་ཚང་ཁྱིམ་དུ་དུས་གཏོར་ནང་བྱོན་སྐབས་ཁོང་གིས་ལུང་བསྟན་གྱི་ཚུལ་དུ། ཁང་གཅིག་སྐེད་ལ་ཁུ་བྱུག་གྲགས། དེ་ལ་དམ་པའི་སྐྱེས་བུ་འབྱུང་སོགས་གསུངས་ནས། ཕྱག་འདུད་ཞིག་གནང་ནས་བུ་མོ་བསོད་ནམས་དབང་མོ་ཁྱོད་ཀྱིས་ལུས་དང་མི་བྲལ་བར་ཉར་ཚགས་གྱིས། དམ་པའི་སྐྱེས་བུ་ཞིག་འཁྲུངས་ངེས་ཡིན་གསུངས་ནས་སྐེ་ལ་བཏགས། ཕྱིས་སུ་བུ་མོ་ལ་བུ་ཆུང་ཞིག་སྐྱེ་སྐབས་གྲུབ་ཆེན་པདྨ་བདུད་འདུལ་གྱིས་དུང་རལ་གླིང་པའི་ཡང་སྤྲུལ་ཀྱི་སྐུ་རིག་འཛིན་ངོས་འཛིན་མཛད་པ་སོགས་ནི་རྣམ་ཐར་རགས་བསྡུས་ཙམ་ལགས། དམ་པ་དེ་ཉིད་ཀྱིས་ཆོས་སྒར་ཞིག་སྔར་ཡོད་པ་གྲགས་ཀྱང་སྒར་ཤུལ་ས་ཕུང་ཙམ་ལས་རྒྱུན་འཛིན་པ་མེད་ཟེར། དེའི་ཤུལ་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་སྲས་ཉེར་ལྔའི་ནང་ཚན་སྣ་ནམ་རྡོ་རྗེ་བདུད་འཇོམས་གྱི་སྤྲུལ་པའི་རྣམ་རོལ་གཏེར་ཆེན་ལས་རབ་གླིང་པའང་བླ་མ་བསོད་རྒྱལ་ཞེས་པ་དེ་ཉིད་ཀྱིས་རབ་བྱུང་༡༥པའི་མེ་མོ་ལུག་ལོ་ལ་སླར་ཡང་ཆོས་སྒར་བཏབ། དེ་ནས་ཁོང་ཉིད་ཀྱིས་ཞལ་སློབ་འདུ་བའི་འཁོར་ཚོགས་ལ་རྒྱུད་སྡེ་ཕྱི་ནང་གི་སྨིན་གྲོལ་གྱི་དབང་ཁྲིད་སོགས་གནང་ནས་བསྟན་པ་རྒྱ་ཆེར་དར། ཁྱད་པར་དུ་སྔོན་སྨོན་ལམ་ལས་འབྲེལ་གྱི་གཏེར་གནས་དུ་མ་ནས་གུ་རུའི་ཟབ་གཏེར་གྱི་ཆོས་སྒོ་ཕྱེས་ཏེ་ཕུར་བའི་ཆོས་སྐོར་སོགས་པོ་ཏི་ཉེར་གཅིག་ཙམ་གཏེར་ནས་དྲངས། དེ་རྣམས་ཀྱི་སྤར་ཤིང་ད་ལྟར་སྐལ་བཟང་དགོན་དུ་བཞུགས། གཏེར་ཆེན་འདི་ཉིད་ཀྱིས་བསྟན་པ་དང་འགྲོ་བའི་དོན་སྒྲུབ་ཚུལ་རྒྱས་པ་ནི་རྣམ་ཐར་པོད་ཆེན་གཅིག་ཡོད་པས་དེར་གཟིགས་པ་ལས་འདིར་མ་སྤྲོས། གཏེར་ཆེན་ལ་སྐུའི་སྲས་ཛཿཀ་མཆོག་སྤྲུལ་གྱི་སྐྱེ་མཐའ་མཆོག་སྤྲུལ་རིག་འཛིན་རྣམ་རྒྱལ་འཁྲུངས། རྟེན་སྔགས་འཆང་། སྐུ་ན་ཆུང་ངུ་ནས་ཉེ་ལམ་འོད་གསལ་རྫོགས་པ་ཆེན་པོ་ཁོ་ནར་ཉམས་བཞེས་སུ་མཛད། སྒྲུབ་པ་མཐར་ཕྱིན་ཏེ་མངོན་ཤེས་དང་གྲུབ་རྟགས་ཐོགས་པ་མེད་བའི་བདག་ཉིད་དུ་བཞུགས།
ཕྱིས་ཉམས་གསོ་མཛད་ཚུལ་ནི་གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་མཁན་ཐམས་ཅད་མཁྱེན་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སམ་ངག་དབང་བློ་གྲོས་མཚུངས་མེད་དཔལ་བཟང་པོ་ཞེས་མཚན་སྙན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོར་ལྷང་བྲག་གནས་འདུས་ཀྱི་དུས་སུ་ཉག་རོང་དུ་བྱོན་སྐབས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོག་མཆན་ཐོབ་པ་བཞིན་དེའུ་ཁྲི་སྟེང་དང་པད་སྤུངས་འདི་གཉིས་གངས་ཅན་གྱི་བསྟན་པ་སྤྱི་ལ་ཕན་པའི་ས་གནས་ཁྱད་པར་ཅན་ཡིན་པས་འདི་བསྐལ་དགོན་གྱིས་བཤད་སྒྲུབ་ཀྱི་གཞི་བརྟན་པོ་ཞིག་ཚུགས་པ་ཤིན་ཏུ་གལ་ཆེ་གསུངས་ནས་དེའུ་ཁྲི་སྟེང་དུ་ཉག་རོང་གི་དགོན་སྡེ་ཡོངས་ཀྱི་ཐུན་མོང་གི་བཤད་གྲྭ་ལ་པད་[page 358] སྤུངས་སུ་སྒྲུབ་གྲྭ་གསར་འཛུགས་དང་གཙུག་ལག་ཁང་ཞིག་གསོ་མཛད། བཤད་གྲྭ་ལ་བདེ་ཆེན་དབང་གི་ཕོ་བྲང་བཀའ་གཏེར་ཆོས་ཀྱི་འབྱུང་གནས་ཞེས་མཚན་གསོལ། དེ་ནས་རྗེ་དེ་ཉིད་ཀྱིས་འཚོགས་གཙོ་ཐུགས་འགན་བཞེས་ནས་ལོ་རེ་ལ་ཟླ་གཅིག་ཙམ་རེ་བཞུགས་ནས་བཀའ་གཏེར་སོགས་ཟབ་ཆོས་དུ་མའི་དབང་ཁྲིད་དང་སློབ་ཚོགས་རྣམས་ལ་ཞལ་གདམས་བཀའ་ཆེམས་སོགས་གསུང་འཕྲོས་རྒྱ་ཆེར་སྩལ། སློབ་མའི་འདུ་བ་ཡང་སྟོང་ཕྲག་བཞི་ལྔ་ཙམ་རེ་འདུ། དེའི་འོག་འགན་འཛིན་པ་ཚེ་དབང་བཟང་པོ་དང་། དཔལ་ཆེན། ཉི་ཤར་གསུམ་ལ་དག་སྐོས་ཀྱི་ཐོབ་ཐང་གནང་། ཁོང་རྣམས་ཀྱིས་ལོ་བདུན་ཙམ་ལ་ཐུགས་ཁུར་རྒྱ་ཆེར་བཞེས་ནས་རིམ་པ་བཞིན་མཁན་པོ་རྣམས་གདན་དྲངས། ཆོས་བཤད་སྒྲུབ་ཉི་མ་ཤར་བ་ལྟར་མཛད་ནས་གྲུབ་འབྲས་ནི་མཁན་དྲུག་དང་སྐྱོར་དཔོན་༣༠ཙམ་ལ་མཁན་འཇིགས་མེད་ཕུན་ཚོགས་ཀྱིས་མཚན་གསོལ་བ་མཛད། གྲྭ་རྒྱུན་བཞུགས་ལ་ཉག་རོང་གི་དགོན་སྡེ་སོ་སོ་ནས་གྲྭ་སར་བཞུགས་པའི་སློབ་ཚོགས་བརྒྱ་ཁ་ལྷག་རེ་ཆད་མེད་དུ་འདུ་པས་བཤད་གྲྭའི་མཁན་པོ་ནི་ཐོག་མའི་ལོར་མཁན་དགེ་དཔལ་དང་། སྤྲུལ་བསོད་ནམས་སྙན་གྲགས་གཉིས་བཞུགས། དེ་ནས་ཤེས་རབ་བཟང་པོ། ཆོས་ཀྱི་ཉི་མ། ཚུལ་ཁྲིམས་བློ་གྲོས། བསྟན་འཛིན་ནོར་བུ་བཅས་ཀྱིས་ལོ་རེར་མཁན་པོའི་ཐུགས་ཁུར་བཞེས་ཏེ་འཆད་ཉན་བྱ་བའི་གཞུང་ནི། མདོ་ཕྱོགས་ནས་པོ་ཏི་ལྔ་ཡོངས་རྫོགས་དང་། སྔགས་ཕྱོགས་ཟབ་མོ་སྒྲུབ་སྡེ་དང་། རྒྱུད་སྡེའི་དགོངས་འགྲེལ་རྣམས་དང་། ཁྱད་པར་ཐེག་དགུའི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་བཤད་པ་དང་། ཐུན་མོང་གི་རིག་གནས་དང་བཅས་པ་ལ་འཆད་ཉན་རྒྱ་ཆེར་མཛད།
ཆོས་སྡེ་འདིའི་ཡོན་གྱི་འབྱུང་ཁུངས་དང་དུས་མཆོད་སོགས་ནི་འདིར་རི་ཁྲོད་ཡིན་པས། དགོན་སྡེ་དང་ཆོས་སྡེ་གཞན་ལྟར་དུས་རྒྱུན་བསོད་སྙོམས་ཕུལ་བའི་ཡོན་བདག་གམ། དགོན་གཞུང་གི་ཕྱག་མཛོད། གཉེར་པ། གཏོང་སྒོའི་ལས་ཐོག་གི་སྤྱི་བ་སོགས་བསྐོ་སྲོལ་མེད་པས་འགྱེད་གཏོང་སྒོ་དང་ཕོགས་སྤྲོད་མཁན་སོགས་མེད། ད་སྐབས་འཚོ་བའི་ཆ་རྐྱེན་རྣམས་ནི། བོད་ཀྱི་ལུགས་སྲོལ་ལྟར་གསོན་པོའི་རིམ་གྲོ་དང་གཤིན་པོར་བསྔོ་སྨོན་ཞུ་རྟེན་ཤོག་སྒོར་དང་དར་རས་སོགས་གོས་ཆས། འབྲུ་རིགས་ནོར་ཕྱུག་སོགས་ཡོན་འབུལ་སྲོལ་ཡོད་པས་དེ་འདྲ་ཕྲན་བུ་རེ་དང་། གཙོ་བོ་རང་རང་གི་ཁྱིམ་ཚང་དང་གཉེན་བཤེས་རྣམས་ཀྱིས་མཐུན་རྐྱེན་སྒྲུབ་དགོས་པ་རེད། དུས་མཆོད་ནི། དགུན་དུས་སུ་ལས་གཏེར་སེང་གདོང་མའི་གཏོར་ཟློག་ཞག་བདུན། ཚེས་བཅུར་འཇམ་དཔལ་རྒྱུད་ལུགས་ཀྱི་ཚོགས་མཆོད་དང་། ཉེར་ལྔ་ལ་མཚོ་རྒྱལ་ཐུགས་སྒྲུབ་ཀྱི་ཚོགས་མཆོད། ཡར་མར་གྱི་བཅོ་ལྔ་རྣམས་སུ་གསོ་སྦྱོང་སོགས་འཚོགས་བཞིན་པ་ཡིན། གཙོ་བོ་ཐོས་བསམ་ལ་ཐུགས་ཉམས་ཆེར་བཞེས་མཛད་ཕྱིར་འཚོགས་པ་དེ་ཙམ་ལས་མ་མཆིས། སྒར་འདིའི་སྒྲིག་ཁྲིམས་སྐོར་ནི། འདྲེན་མཆོག་མཚུངས་པ་མེད་པ་ཆོས་རྗེ་དམ་པ་[page 359] འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་མཛད་པའི་སྒྲིགས་ཡིག་དགག་བཞག་གནང་གསུམ་ལས་རྩོམ་པའི་རྒྱས་པ་ཞིག་ཟུར་དུ་གསལ་བས་འདིར་མ་བྲིས། ད་དུང་ཡང་མུ་མཐུད་ནས་སྒར་འདིས་བཤད་སྒྲུབ་ལས་གསུམ་དང་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ཡུན་ནས་ཡུན་དུ་གནས་པར་འབད་བརྩོན་བྱེད་བཞིན་ལགས་སོ།།
མཁན་ཆེན་ཆོས་འགྲུབ་རིན་པོ་ཆེས་ཉག་སྟོད་སྨད་ཀྱི་དགོན་སྡེ་ཀུན་ལ་བདེ་ཆེན་ཞིང་སྒྲུབ་རྒུན་འཛུགས་མཛད་སྐབས། ཡུལ་པའི་ས་གནས་སུ་འདི་ཁོ་ན་ལྟ་བུའི་ལྷ་ཁང་བཞེངས། དེའང་རབ་བྱུང་བཅོ་ལྔ་པའི་ནང་གླག་བྲག་རྫོང་དགོན་པའི་མཁན་རིན་པོ་ཆེ་བསོད་ནམས་ཆོས་འགྲུབ་ཀྱིས་ས་ལེགས་པར་གཟིགས་ཏེ་ལྷ་ཁང་གསར་དུ་བཞེངས། ཇ་ཝིའི་བསམ་གཏན་ལྷ་ཁང་ཞེས་མཚན་གསོལ། ཇ་ཝིའི་ཞིང་འདི་ཨ་སྤག་དབང་ཕྱུག་ཅེས་རྟེན་རབ་བྱུང་ཤེས་བྱ་ཀུན་ལ་མཁས་པའི་པད་མོ་རྒྱས་པ་དེ་ཉིད་ཀྱིས་ཕུལ་བའོ། རྟེན་གྱི་གཙོ་བོ་རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུ་སྐུ་རྩེགས་ཐོན་མ། བདེ་ཆེན་ཞིང་བཀོད་ཀྱི་ཐང་མོ་ཆེ་གཅིག་བཅས་བཞུགས། དུས་མཆོད་ནི། ཟླ་བ་དང་པོའི་ནང་བདེ་ཆེན་ཞིང་སྒྲུབ་ཉིན་བདུན། བསྙེན་གནས་ཆ་བཞི། བསང་གསོལ་ཉིན་གཅིག་རྗེས་མི་སྐྱ་ཚོས་གོས་རྒྱན་ལེགས་པར་སྤྲས་ནས་རྟ་རྒྱུགས་མདའ་འཕེན་བྱེད། སྔོན་ཆད་གཞི་བདག་གིས་རྟ་རྒྱུགས་མཛད་པ་མཐོང་ཚུལ་གནའ་མི་ཚོའི་བཤད་སྲོལ་འདུག བོད་ཟླ་བཅུ་གཉིས་འཇུག་སྤྱི་གཏོར་ཉིན་ལྔ། གཤིན་ནག་ཉིན་༣འཚོགས་རྗེས་ཟློག་གཏོར་འཕེན་སྐབས་ཞྭ་ནག་ཅན་གཉིས་རེས་ཟོར་འཆམ་མཛད་རྗེས་མདོས་སྐྱེས། ཚོགས་པའི་གཏོང་སྒོའི་འབྱུང་ཁུངས། མི་དམངས་རང་རང་གི་འབྲུ་རིགས་དང་མར་ཆུར་བསྡུས་ནས། སྐྱ་སེར་གཉིས་རེས་ལོ་རེ་ལ་ཁག་ཁུར་དགོས། འོན་ཀྱང་བར་སྐབས་སུ་གཏོར་བརླག་ཐེབས་ནས་མིང་གི་ལྷག་མར་གྱུར། རྗེས་སུ་ཉམས་གསོའི་སྐབས་སུ་ཨ་ཁྲིམས་ཀྱིས་རྩ་བ་བྱུང་ནས་ལྷ་ཁང་གསར་བ་བཞེངས། རྟེན་གྱི་གཙོ་བོ། རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུའི་སྐུ་དང་། བདེ་ཆེན་ཞིང་བཀོད་ཀྱི་ཐང་མོ་ཆེ། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཐང་སྐུ་དང་། ཐོས་གྲོལ་ཞི་དྲག་གི་ཐང་སྐུ་གཅིག་སོགས་བཞུགས། སྔར་ནས་གནས་འདིར་གྲུབ་པའི་སྐྱེས་བུ་དམ་པ་མང་པོའི་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པའོ། སྔོན་གྱི་དུས་ནས་རིག་འཛིན་ཀློང་གསལ་སྙིང་པོ། གྲུབ་ཆེན་པདྨ་བདུད་འདུལ། ཉག་བླ་བསོད་རྒྱལ། ལྷ་སྲས་ཆོས་འཕེལ་རྒྱ་མཚོ། ཀླུ་རབས་མཆོག་སྤྲུལ་ཆོས་ཀྱི་རྡོ་རྗེ། མཁན་ཆེན་བསོད་ནམས་ཆོས་[page 361] འགྲུབ། ལྕགས་མདུད་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ། འགྲོ་འདུལ་པད་མ་གར་དབང་གླིང་པ་སོགས་སྐྱེ་ཆེན་དམ་པ་མང་པོ་བྱོན་ནས་བྱིན་རླབས་དབང་བསྐུར་མཛང་པའོ། མཆོད་ཆ་སྐོར་ཆ་ལང་། འདར་ཆས། ཟངས་རག་གི་ཆ་རེ། སྨན་རག བུམ་པ། གཏོར་ཆ་སོགས་ཆ་ཚང་ཡོད། ཚོགས་དུས་མཆོད་གོང་ལྟར་ཚང་མ་འཚོགས་བཞིན་མཆིས། གཞན་ཡང་མ་ཎི་དུང་བདུན་གྱི་དུང་འཁོར་གཅིག་བཅས་བཞུགས། ཅེས་པ་འདི་ནི་གྲྭ་ཆུང་ནོར་བུ་ཚེ་རིང་གི་ཞལ་གསུང་ལྟར་བྲིས་པའོ།།
བྱང་དགེ་རྒྱལ་བོ་ཚང་གི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཡེ་ཤེས་མཚན་ཅན་གྱིས་དགོན་པ་ཐོག་མ་ཀ་རིང་གཉིས་པ་ཅན་ཞིག་བཏབ་ནས་དགོན་པ་ལ་བྱང་དགེ་རྣམ་རྒྱལ་དགོན་ཞེས་གསོལ། གྲུབ་མཐའ་ས་སྐྱ་ཡིན་ལ་ཆོས་རྒྱུད་ངོར་ལུགས་ཁོ་ནའོ། སྐབས་དེའི་དུས་ཚོད་སོགས་གསལ་པོ་མ་ངེས། རབ་བྱུང་ལྔ་པ་ཙམ་ལ་བཏབ་ཟེར། དགོན་པའི་རྟེན་གྱི་གཙོ་བོ་མེ་ཐར་མ་ཞེས་ལུས་ཚད་མ་རྟེན་བྱིན་རླབས་ཅན་དེ་ཉིད་ཕྱིས་སུ་ལྷ་ཁང་མེས་འཇིག་ཚེ། ཇོ་བོ་ལ་མེས་མ་གནོད་པར་གླིང་ནང་ཟིལ་པ་ཁྲོམ་མེར་བཞུགས་ཡོད་སྟབས་དུས་དེ་ནས་བཟུང་ཇོ་བོ་མེ་ཐར་མ་ཞེས་མཚན་གསོལ་བར་གྲགས། ཕྱིས་སུ་ཡུལ་དེའི་རྒྱལ་བོ་བླ་མ་བྱམས་པ་དང་རྒྱལ་པོ་ག་པོ་གཉིས་ཀྱིས་སྔར་གྱི་དགོན་ཤུལ་དུ་གཙུག་ལག་ཁང་ཉམས་གསོ་མཛད་ནས་སྐུ་རྟེན་ལ་ཇོ་བོ་མེ་ཐར་མ་གདན་དྲངས། གཞན་ཡང་རྒྱ་གར་ལི་མའི་ཐུབ་པ་དང་སྤྱན་[page 376] རས་གཟིགས་ཕྱག་བཞི་པ། འཇམ་དབྱངས། ཚེ་དཔག་མེད་མཐོ་གང་དང་སོར་གཉིས་ཡོད་པ་བཅས་དང་། རྒྱུ་སྨན་འདམ་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་ཅན་ལུས་ཚད་མ། གུར་མགོན་དང་ས་ཆེན་གོང་མ་རྣམ་ལྔ་ལུས་ཚད་མ་སོགས་ཡོད། གསུང་རྟེན་ལ། བཀའ་འགྱུར་བསྟན་འགྱུར་སོགས་དང་དུང་འཁོར་གསུང་འབྱོན་མ་ཞེས་པ་འདིས་བསྐལ་བཟང་དུས་བཟང་གི་སྐབས་སུ་མ་ཎིའི་རང་སྒྲ་གྲགས་ཞེས་གནའ་རབས་པའི་ངག་རྒྱུན་དུ་བཤད་སྲོལ་འདུག སྤོས་ཕར་ཆེ་ཆུང་གསུམ། ད་དུང་གསེར་དངུལ་གྱི་བུམ་པ་དང་སྨན་རག་གཏོར་ཆ་བདུན་ཚར་སོགས་ཆ་ཚང་ཡོད། རོལ་མོའི་སྐོར་གྲ་ཉི་ཟེར་མ། སིལ་སྙན་བྱ་ཤང་ཤང་དང་རོལ་མོ། སིལ་སྙན་བཅས་ཡོད། གཙུག་ལག་ཁང་ནང་ཀ་འཕན་དང་། གདུགས་རྒྱལ་མཚན། ཚོགས་གདན་བཅས་ཆ་ཚང་ཡོད། དགོན་པ་འདིར་སྔར་ནས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོས་ཞབས་ཀྱིས་བཅགས་ནས་དམ་པའི་ཆོས་དུ་མ་སྤེལ། ས་སྐྱ་གོང་མ་ནས་ངོར་མཁན་ཆེན་བྱམས་པ་ཆོས་རྒྱལ་བྱོན་ནས་དབང་ལུང་མང་པོ་གནང་། གསང་བདག་བློ་གཏེར་དབང་པོའི་ཡང་སྲིད་དང་རྡོ་རྗེ་འཆང་ངག་དབང་ལེགས་པའི་དངོས་སློབ་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་དང་གྲ་མདའ་ཀརྨ། རྒྱ་གཏེར་འགྲོ་འདུལ་ཆེ་མཆོག་གླིང་པ་སོགས་སྐྱེས་ཆེན་དུ་མ་དགོན་པ་འདིར་བྱོན་ནས་ཆོས་སྤེལ་བ་དང་དགོན་པར་རབ་གནས་སོགས་གནང་། ཚོགས་དུས་མཆོད་སྐོར་ལ། ཧོར་ཟླ་༡༢པ་ནས་བར་བསྐང་གསོ། བོད་ཟླ་བཞི་པའི་ནང་བསྙུང་གནས། ཚོགས་གཏོང་སྒོའི་འབྱུང་ཁུངས་ནི། དགོན་པའི་ས་ཞིང་སྐྱེད་ཆེན་བུ་ལོན་བསྡུ་རྒྱུ་སོགས་ལ་བརྟེན་ནས་འབྱུང་། གཙུག་ལག་ཁང་ལ་ལོ་རྟག་པར་ཉིན་གསུམ་རེ་ལ་དཀར་རྩི་གསོལ། གཙུག་ལག་ཁང་ནང་ཉིན་བཞིན་ལྷ་གཉེར་རེ་དང་དགོན་བླ་གཅིག་རེ་ཡོད་པ་དང་། དགེ་འདུན་པ་༤༠ཙམ་དང་བླ་མ་གཉིས་ཡོད། དགོན་པའི་ཆོས་སྡེ་དུད་གྲངས་༦༠ཙམ་ཡོད། བར་སྐབས་སུ་དགོན་སྡེ་འདི་ཉིད་ཡོངས་སུ་བརླག་ནས་ས་ཕུང་གྱང་རལ་དུ་སོང་། ཕྱིས་སུ་དགོན་པ་ཉམས་གསོའི་ཐང་ལ་བླ་མ་ཀུན་དགའ་ཤེས་རབ་དང་བཟང་པོ་གཙོས་གྲྭ་༢༧དང་ཡུལ་དེའི་ཆོས་སྡེ་ཚང་མས་ད་ལྟ་ལྷ་ཁང་ཀ་རིང་གཉིས་ཅན་འདི་གསར་བཞེངས་གྲུབ། སྐུ་རྟེན་གྱི་གཙོ་བོ་ལ་རྒྱུ་སྨན་འདམ་ལས་གྲུབ་པའི་ཐུབ་སྐུ་ལུས་ཚད་མ། ས་ཆེན་གོང་མ་རྣམ་ལྔའི་འདམ་སྐུ་ལུས་ཚད་མ། མགོན་པོའི་ཞལ་ཐང་ཆེན་པོ་གཅིག གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་བརྒྱད། སངས་རྒྱས་ཀྱི་ཞལ་ཐང་། བདེ་ཆེན་ཞིང་བཀོད་ཀྱི་ཐང་ག་སོགས་བཞུགས། གསུང་གི་རྟེན་ལ་སྡེ་དགེའི་ཤིང་དཔར་གྱི་བཀའ་འགྱུར། ས་སྐྱའི་བཀའ་འབུམ། ངོར་ཆེན་བཀའ་འབུམ། སྒྲུབ་ཐབས་ཀུན་བཏུས་འབུམ་བཅས་དང་། ཐུགས་རྟེན་ལ་བླ་མ་ཡེ་ཤེས་ཀྱི་ཤིང་གི་སྐུ་གདུང་བྱང་ཆུབ་མཆོད་རྟེན། ཚོགས་མཆོད་ནི་སྔར་སྲོལ་བཞིན་དབྱར་ཟླ་༦་པའི་ཚེས་༡ནས་དབྱར་གནས། བོད་ཟླ་༥པའི་ནང་ཀྱེ་རྡོར། བོད་ཟླ་བཞི་པའི་ནང་བསྙུང་གནས། བོད་ཟླ་༡༢པའི་ཚེས་༡༨ནས་བསྐང་གསོ་བཅས་ཚོགས་བཞིན་ཡོད། ད་ལྟ་ཚོགས་པའི་གཏོང་[page 377] སྒོ་འབྱུང་ཁུངས་ནི། དད་འབུལ་རང་མོས་ཀྱི་ཡོན་དང་སྤྱི་གཉེར་སོགས་ཀྱིས་རྡོ་བརྐོས་པ་སོགས་ལ་བརྟེན་ནས་བྱུང་། ད་ལྟ་གཙུག་ལག་ཁང་ནང་མགོན་བླ་གཅིག་དང་། གྲྭ་པ་གསུམ་རེ་རྒྱུན་བཞུགས་བྱས་ཡོད། རོལ་མོ་ཆ་ལང་༥ སིལ་སྙན། སྔར་ནས་ལྷག་པའི་དུད་རྒན་མ། ཟངས་རག་གདུང་དམར། རྒྱ་གླིང་། རྐང་གླིང་བཅས་ཡོད། དེང་གི་ཆར་ཕྱིའི་བཀོད་པ་དང་ནང་རྟེན་མཆོད་ཆ་སོགས་སྔར་གྱི་བརྒྱ་ཆ་དྲུག་ཅུ་ཡན་མན་མ་གཏོགས་གྲུབ་མ་ཐུབ། ཅེས་པའང་འགྱུར་མེད་ཀྱི་བྲིས་གཞི་ལྟར་བྱ་ཚེ་རིང་གིས་བསྒྲིགས་སོ།།
དགོན་འདི་ཕྱག་འདེབས་པ་པོ་གྲུབ་ཐོབ་བྲག་དབེན་བཀྲ་ཤིས་རྒྱལ་མཚན་གྱིས་བོད་རབ་བྱུང་བརྒྱད་པ་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་བཏབ་པ་ཡིན། བྲག་དབེན་དགོན་གསང་མཛོད་པདྨ་གླིང་བྱ་བ ་འདི་ནི། རབ་བྱུང་བཞི་པའི་ནང་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་དར་ལྡིང་གསེར་སྒོའི་གཙུག་ལག་ཁང་བཞེངས་ཏེ་བརྒྱུད་འཛིན་བླ་རབས་བརྒྱད་ནས་གཤེན་རྒྱལ་བ་འོད་ཟེར་སྦས་གནས་འདིར་བྱོན། མ་རྒྱུད་དང་ཁྲོ་ཕུར་ཞང་གསུམ་གཤེན་ལུགས་ལྟར་སྒྲུབ་པ་མཛད་ནས་འགྲོ་དོན་སྐྱོང་ཚུལ་བཤད་པས་གནའ་སྔར་མ་གཤེན་དར་ལྡིང་གི་དགོན་ལག་ཡིན། དེ་རྗེས་རབ་བྱུང་ལྔ་བའི་ནང་ཁོད་སྤུངས་བློ་གྲོས་ཐོགས་མེད། ནང་ཆེན་གྲགས་པ། བྲག་དབེན་གཡུང་དྲུང་གླིང་པ་རྣམས་བྱོན་ནས་སྒོམ་སྒྲུབ་མཛད། དེ་ནས་ཉག་གི་སྟོད་སྨད་དུ་བོན་བན་གྲུབ་པ་ཐོབ་པའི་རྒྱལ་མཚན་དགུ་བྱོན་དུས་བྲག་དབེན་བཀྲ་ཤིས་རྒྱལ་མཚན་རབ་བྱུང་བརྒྱད་པའི་ནང་བྱོན་ནས་སྒྲུབ་ཕུག་ལ་ལྷ་ཁང་ཆེ་ཆུང་གཉིས་དང་། གྲྭ་ཤག་བཅུ། སྤྱི་ཁང་བཅས་རབ་བྱུང་བརྒྱད་པའི་ནང་བཏབ་པས་བྲག་དབེན་དགོན་དུ་གྲགས། དེ་[page 396] དུས་ལ་དག་པ་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་གྱིས་ཀར་གླིང་ཐོས་གྲོལ་ཁྱེར་ནས་དམ་པའི་ཆོས་ཨེ་མཁོ་བྲིས་པ་ན་ཡུལ་མིས་བོན་ལས་ཆོས་མི་མཁོ་ཟེར་སྐད། འདིའི་སྨད་དུ་ཆོས་མཁོ་མཁན་ཡོད་གྲགས་ཟེར། དེ་ལྩགས་མདུད་ཤེས་རབ་རྒྱལ་མཚན་ཡིན་པར་བཤད་དོ།
དེ་ནས་ཁྱུང་པོ་འོད་ཟེར་གླིང་པ་བྱོན་ནས་དགོན་གནས་ཡུལ་སྡེ་ལ་སྒྲུབ་པ་དང་བྱིན་རླབས་གནང་། ཕྱོགས་བཞིར་ཟིལ་གནོན་གྱི་མཆོད་རྟེན་བཞི་བཞེངས། དེ་ནས་ཀུན་གྲོལ་ལྔ་པ་གཡུང་དྲུང་བསྟན་པའི་རྒྱལ་མཚན་བྱོན་ནས་གནས་ལ་གསོལ་མཆོད་དང་འཕྲིན་བཅོལ་རབ་གནས་ཤིས་བརྗོད་མཛད་དོ། བླ་སེར་ཞལ་གྲངས་ལ། བླ་མ་གསུམ། གྲྭ་བ་ཉེར་ལྔ་ཙམ་བཞུགས། ཚོགས་རྟེན་ལ། ནས་ཁལ་བཅོ་ལྔ་ཙམ་གྱི་ས་ཞིང་གི་ཡོང་སྒོ་ལ་བརྟེན་ནས་འགྲོ་སོང་བཏང་བ་ཡིན།
དགོན་འདིར་ལྷ་ཁང་ཆེ་ཆུང་གཉིས། གྲྭ་ཤག་བཅུ། སྤྱི་ཁང་བཅས་ཡོད། རྟེན་གསུམ་ལ། ལི་མ་སངས་རྒྱས་སྐུ་གཉིས་སོགས་ཡོད། དེ་ནས་རིག་གནས་གསར་བརྗེའི་སྐབས་ལྷ་ཁང་དང་རྟེན་གསུམ་གཏོར་བརླགས་སོང་ཚར། དེང་སྐབས་བླ་མ་གཡུང་དྲུང་དོན་གྲུབ་ཀྱིས་ཐུགས་ཁུར་བཞེས་ནས་དགོན་པ་ཆེ་ཆུང་གཉིས་གསར་བཞེངས་དང་། འཁོར་ཆུང་བཅས་བཞུགས། རྟེན་གསུམ་ལ། སྐུ་རྟེན་ལི་མ་སངས་རྒྱས་སྐུ་གཉིས། ཙན་དན་སྐུ་རྒྱལ་བ་མཉམ་མེད། ཟངས་སྐུ་བྱམས་མ་གཉིས། འཇིམ་སྐུ་བླ་ཆེན་ཡབ་སྲས་གསུམ། རྟ་ཕག་ཡབ་ཡུམ། གཤེན་རྒྱལ་བ་འོད་ཟེར། ཟངས་ལས་གྲུབ་པའི་ཁྲོ་བཅུ་ཕུར་པ། ཐང་ག་མཛད་པ་བཅུ་གཉིས། གུ་རུ་སྐུ་སོགས་བཞུགས། གསུང་རྟེན། གསང་གླིང་རྣམ་ཐར་པོད་གཅིག མཁའ་འགྲོ་དབང་མོ་རྣམ་ཐར་པོད་གཅིག སྤྲུལ་སྐུ་བཀའ་ཐང་པོད་བཞི། གཏེར་ཆེན་ཚེ་དབང་གྲགས་པའི་གཏེར་ཆོས་ཆ་ཚང་། སྒྲུབ་ཐབས་སྐོར་སོགས་བཞུགས། ཐུགས་ཀྱི་དགེ་འདུན་འདུས་པའི་ཞལ་གྲངས། བླ་མ་གཡུང་དྲུང་དོན་གྲུབ། གྲྭ་གཉེར་ལྔ་བཞུགས། འཚོགས་པ་ལ། བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་སུམ་ཅུ་བར་དབལ་གསས་ཀྱི་སྒྲུབ་མཆོད་འཚོགས། བོད་ཟླ་བདུན་པའི་ཚེས་བཅུ་ནས་སུམ་ཅུ་བར་སྐུ་གསུམ་ཕུར་སྒྲུབ་ཉིན་བདུན་བཞུགས། འཚོགས་རྟེན་ལ། གྲྭ་པ་རང་རང་ལ་ཚལ་ཞིང་ཅུང་ཟད་བཞག་ཡོད་པ་དང་། སློང་མོ་ལ་བརྟེན་ནས་འཚོགས་པ་ཡིན། ལྷ་སྡེ་ལ་དུད་གྲངས་སོ་ལྔ་ཙམ་བཞུགས་སོ།
དགོན་པ་ཕྱག་འདེབས་པ་པོ་རབ་བྱུང་ལྔ་བའི་མཇུག་ལ་ཨ་ལྕགས་འབྲུ་ཡི་རིགས་རི་ཐབ་ཚང་ལ་ཐར་བ་རྒྱལ་མཚན་སྐུ་འཁྲུངས་ནས་བཀའ་བརྒྱུད་ཀྱི་རང་ལུགས་འཛིན་པ་གདམས་ངག་ཆོས་ཀྱི་བདུད་རྩི་རྫོགས་པར་གསོལ། རབ་བྱུང་བཅུ་དྲུག་པའི་ཕྱེད་ཙམ་ནས་གྲུབ་བླ་ཐར་བ་རྒྱལ་མཚན་ཁོང་གི་ཐུགས་བསྐྱེད་སྨོན་ལམ་བཟང་བོས་དགོན་པའི་གཙུག་ལག་ཁང་བཞེངས་སྐབས་ཐོག་མར་ཤར་ཕྱོགས་ནོར་ཁ་ལ་ཁ་ནས་རྫུ་འཕྲུལ་གྱི་མཚོ་དྲེའུ་རྒྱབ་ཏུ་བཀལ། ད་ལྟ་མཚོ་སྐམ་ཞེས་མིང་ཐོགས། ཉག་ཆུ་བཅད་ཚེ་ལྕགས་ཚན་བྲབ་པས་མཚམས་བར་ནས་འཛཾ་བུའི་ཆུ་གསེར་གཏེར་དྲང་སྟེ་རིམ་བཞིན་ནོ། ལམ་ན་ཆུ་ཐིགས་རེ་ཟག་པའི་མཚོ་ཆུང་རེ་ད་ལྟ་མངོན་སུམ་ཡོད། རྫུ་འཕྲུལ་གྱི་མཚོ་དེ་གནས་དེ་ལ་ཕྱིན། དེའི་ཁར་དགོན་པ་བཏབ་པས་མཚོ་ཁར་དགོན་ཞེས་མིང་དེ་ལྟར་ཐོགས། གཙུག་ལག་ཁང་དབུ་བཙུགས་སྐབས་ཕལ་པ་མ་ཡིན་རྫུ་འཕྲུལ་ཐོགས་མེད་ཀྱི་ཀ་གདུང་སོགས་སྔོན་དུ་དད་དཀའ་ཚེགས་མེད་པར་ཡུལ་ཕྱོགས་གཞི་བདག་དང་ཆོས་སྐྱོང་རྣམས་ཀྱི་དཔུང་རོགས་མཛད་ནས་མྱུར་བ་ཉིད་དུ་གཙུག་ལག་ཁང་གྲུབ། གཙུག་ལག་ཁང་བཞེངས་སར་དམ་ཅན་མགར་རྡོ་ལ་ཧྰུཾ་གི་རང་བྱོན་ཞབས་རྗེས་སོགས་མང་དུ་ཡོད། ཐར་པ་རྒྱལ་མཚན་འཁྲུངས་པ་དང་དགོན་པ་བཏབ་ནས་ལོ༦༠༠ལྷག་ཙམ་ཞིག་སོང་སྟེ། ཀརྨ་པ་མཐོང་བ་དོན་ལྡན་དགོན་པ་འདིར་ཕེབས་སྐབས་དགོན་འདི་བཏབ་ཟིན་པས་དེ་ལ་དཔག་པ་ཡིན། དེ་ལྟར་ཡིན་ངེས་ཀྱི་ལོ་རྒྱུས་རྣམ་ཐར་དཔེ་རྙིང་ཁུངས་ལྡན་མ་མཐོང་བས་རྗེས་མ་མཁྱེན་དཔྱོད་ལྡན་པ་རྣམས་ཀྱིས་དཔེ་ཁུངས་དག་གཟིགས་ནས་ལོ་གྲངས་སྣོན་པར་ཞུ། དེ་ལས་གཞན་ངག་རྒྱུན་ལྟར་ན། དེའི་སྔོན་དགོན་པ་ཞིག་ཡོད་པར་འདྲ་སྟེ། ཞྭ་དམར་ཅན་སྟོང་དང་དགུ་བརྒྱ་འཚོགས་མྱོང་ཡང་རྗེས་ཤར་ཕྱོགས་བོན་དགོན་ཞིག་ཡོད་པ་དེའི་ཕྲག་དོག་གིས་དབང་མཐུ་གཏད་བྱས་པས་རྫ་རི་ཞིག་འོང་བས་བླ་གྲྭ་བཅུ་ཕྲག་ཙམ་གྱིས་དགོན་དེའི་བྱང་ཕྱོགས་བྲག་ཁེ་ཞེས་པའི་ས་ལ་སྤོས་ནས་ད་སྐབས་བྲག་ཁེ་དགོན་པ་གདོང་[page 378] ཞེས་མིང་ཐོགས་པ་ཡོད། དེའི་རྗེས་སུ་གླུ་ཡི་སྒྱུ་འཕྲུལ་ཐར་པ་བས་སྔར་ཞིག་སོང་བའི་ཡུལ་ལ་དགོན་པ་གསར་བཞེངས་མཛད་པ་སོགས་སྔར་བཞིན་ནོ། །ངག་རྒྱུན་ལྟར་བྲིས་པའོ། གསུམ་པ་དགོན་པ་ཐོག་མར་འདེབས་སྐབས་གྲུབ་མཐའ་དང་ཆོས་རྒྱུད་བཀའ་བརྒྱུད་རིང་ལུགས་འཛིན་པ་སྟེ། དགོན་སྡེ་འདིར་བརྒྱུད་པ་ནི་དགས་པོ་བཀའ་བརྒྱུད་དང་ཀརྨ་ཀམ་ཚང་བཀའ་བརྒྱུད་གཉིས་དར་བ་བྱུང་། བརྒྱུད་ཚུལ་ཕྱག་ཆེན་རྒྱུད་རིམ་གསོལ་འདེབས་སོགས་ལྟར་རབ་བྱུང་བདུན་པའི་ནང་ཀརྨ་དྲུག་པ་མཐོང་བ་དོན་ལྡན་གྱིས་དགོན་འདིར་ཞབས་ཀྱིས་བཅགས་ཤིང་གཙུག་ལག་ཁང་ལ་རབ་གནས་མཛད། ཀརྨ་ཆོས་གྲགས་རྒྱ་མཚོ་མཚོ་ཁ་དགོན་དུ་བྱོན་ནས་ཡུན་རིང་བཞུགས། རྟེན་དགོན་ཁང་དང་ཁྱད་པར་ཉིད་ཀྱི་ཆོས་གོས་དང་བྱེ་མ་ཨ་ཀྲང་ཟེར་བའི་རྫས་དེ་གཉིས་ལས་གྲུབ་པའི་རྟེན་མགོན་པོ་བེར་ནག་ཅན་ཕྱག་བཟོ་མཛད། གཞན་ཡང་འཁོར་ལྔ་དང་བཀའ་བརྒྱད་གསེར་ཕྲེང་སོགས་སྐུ་མང་དུ་བྲིས། ལྷ་ཁང་འོག་མའི་སྒོ་གཡས་ཕྱོགས་སུ་སྲིན་པོའི་ཀླད་ཁྲག་སོགས་མགོན་པོའི་སྐུ་བརྙན་ཁག་བྲིས།
དགོན་པའི་མཚན་དོན་ནི་མཚོ་དེ་ཡི་ཁར་ཆགས་ཡོད་པས་མཚོ་ཁ་དགོན་ཞེས་གྲགས། མཚན་དངོས་ནི་ཨྰརྱ་གླིང་ཞེས་བརྗོད་དེ་རྒྱབ་རི་ལ་ཨྰརྱ་ཞེས་པའི་ཡི་གེ་རང་བྱོན་ཡོད་པ་དང་། རྗེ་ཐར་པ་རྒྱལ་མཚན་ཉིད་ཀྱིས་འབྱུང་འགྱུར་དུ་འཕགས་པ་དུ་མ་བྱོན་པ་ལ་དགོངས་ཏེ་དེ་སྐད་ཅེས་གསོལ་བའོ།། དགོན་འདི་ལ་
་རྟེན་གཙོ་དང་རོལ་ཆས་མཆོད་ཆས་སོགས་སྔོན་ཡོད་ཚུལ་ནི། མགོན་ཁང་ནང་སྨན་འདམ་ལས་གྲུབ་པའི་མ་མགོན་འགར་གསུམ། ལྷ་ཁང་ཆེན་པོའི་ནང་ཟངས་གསེར་གུ་རུ་སྣང་སྲིད་ཟིལ་གནོན་ཁྲི་བཅོ་ལྔ་ཚད། རྒྱ་མཐོང་ཁ་གཉེན་སྟོབས་ལྷ་རྡོ་རྗེ་འཆང་ཀརྨ་བ་ཐར་པ་རྒྱལ་མཚན་རྣམས་འདམ་སྐུ་ལུས་ཚད་མ། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། རྡོ་རྗེ་འཆང་སོགས་ལི་མ་ཆེ་ཆུང་ཉེར་ལྔ་ཙམ་ཡོད་པར་གྲགས། ཞལ་ཐང་གསེར་བྲིས་སོ་བརྒྱད། ཚོན་ཐང་བརྒྱ་དང་དྲུག་བཅུ་ལྷག་ཡོད། གཞན་ཡང་ཐལ་བ་རྒྱལ་མཚན་དང་བདེ་ཆེན་ལྷུན་གྲུབ་གཉིས་ཀྱི་སྐུ་གདུང་། གསུང་རྟེན་སྐོར་ལ་བཀའ་འགྱུར་ཆ་གསུམ། བསྟན་འགྱུར་ཆ་གཉིས། གཞན་ཡང་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དུ་མའི་གསུང་འབུམ་སོགས་ཡིག་ཆ་པོད་ཆིག་སྟོང་བདུན་བརྒྱ་དྲུག་བཅུ་ཙམ་ཡོད།
དགོན་པའི་བླ་རབས་དང་མཁས་གྲུབ་གསུང་འབུམ་བཤད་སྒྲུབ་སྲོལ་ཅི་ལྟར་དར་ཚུལ་ནི། ཕྱག་ཆེན་བརྒྱུད་པའི་ཕྲེང་བ་ཟམ་མ་ཆད་པར་བྱུང་ལ། ཁྱད་པར་ལྷུན་གྲུབ་དཔལ་བཟང་། ཤེས་རབ་དཔལ་བཟང་། སྨོན་ལམ་དཔལ་བཟང་། ཨོ་རྒྱན་དཔལ་བཟང་སོགས་གྲུབ་པ་ཐོབ་པའི་དཔལ་བཟང་གསུམ་འཁྲུངས། ཤེས་རབ་དཔལ་བཟང་ཡང་སྤྲུལ་རིག་འཛིན་ཀློང་གསལ་སྙིང་པོ་ཡིན། ལྷུན་གྲུབ་དཔལ་བཟང་ནི་སྐུ་ཚེ་ཉིད་ལ་ཚེ་དང་སྒྲུབ་པ་མཉམ་པས་ན་གཞོན་པའི་དུས་ན་རིག་གནས་རྒྱ་མཚོའི་ཕ་རོལ་སོན། ལུང་རྟོགས་ཀྱི་བསྟན་པ་དར་རྒྱས་བྱུང་ནས་འཁོར་སློབ་སྟོང་ལྷག་ཙམ་འདུས་པ་རྒན་པ་དག་[page 379] གི་ངག་རྒྱུན་མཐུན། དེ་དང་ཆ་འདྲ་བའི་གཞན་དཔལ་བཟང་བཅུ་གསུམ་སོགས་བསྟན་པ་འཕེལ་རྒྱས་སུ་བྱུང་། ཁྱད་པར་ཆོས་ཉིད་རང་གྲོལ་ལམ་ཕྲིན་ལས་དཔལ་བཟང་ནི་རབ་བྱུང་བཞི་བའི་མཇུག་སྐོར་ལ་སྐུ་བལྟམས། རྗེ་འདི་ཡི་སྐུ་སྐྱེ་གོང་མ་སྤོ་བོ་ཀུན་དགའ་རི་ཞེས་པ། ཀྰ༔ཐོག་སྐུ་མཆོག་མིང་ཅན། འབྲུ་གོང་རིན་ཆེན་ཕུན་ཚོགས་ནས་ཆོས་ཉིད་རང་གྲོལ་ལམ་ཕྲིན་ལས་དཔལ་བཟང་སྐུ་འཁྲུངས་ཏེ་ཕྲིན་ལས་ཕྱོགས་ཀུན་ཁྱབ། དགོན་གནས་གཡས་ཕྱོགས་སུ་ཇོ་དགོན་གསར་བཏབ་མཛད། འཆད་ཉན་གཙོ་བོ་ནི། བཀའ་བརྒྱུད་ཡིག་ཆ་གཙོ་བོར་འཛིན། ཁོང་ཀློང་གསལ་གྱི་ཆོས་བདག་ཡིན་པས་རྙིང་མའི་ཆོས་བརྒྱད་དང་བཀའ་གཏེར་ཟུང་འབྲེལ་གྱི་དབང་ཁྲིད་རྒྱས་པར་སྤེལ། ཁོང་གི་གསུང་ཆོས་སྐོར་ལ་པོད་བཞི་བཅུ་ཙམ་ཡོད་ཀྱང་ད་ལྟ་ཐུགས་ཆེན་བདག་བསྐྱེད་དང་གུ་དྲག་གཟིག་དཔུང་བསང་ཡིག་སོགས་པོད་གཅིག་ལས་མི་འདུག པོད་གཞན་རྣམས་མདོ་སྟོད་སྨད་སློབ་མས་ཕྱོགས་ལ་ཁྱེར། ངེས་བ་དོན་གྱི་བཤེས་གཉེན་ཆེན་པོ་པད་མ་བསྟན་འཛིན་ནམ་མཚོ་པད་ཞེས་མཚན་སྙན་འཛིན་མའི་ཁྱོན་ཀུན་འགེངས་པ་དེ་ཉིད་རབ་བྱུང་བཅོ་ལྔ་པའི་མེ་ལུག་ལ་སྐུ་བལྟམས། སྐུ་ན་ཕྲ་དུས་དད་པ་དང་སྙིང་རྗེ་སོགས་དམ་པའི་སྤྱོད་ཚུལ་གྱི་ཡོན་ཏན་དང་ལྡན་པ་འབྲི་ཀློག་སོགས་འབད་མེད་དུ་མཁྱེན། ཐོག་མར་འཕོ་བ་སྒར་གྲུབ་དབང་ཡེ་ཤེས་རྡོ་རྗེ་ལ་སྔོན་འགྲོ་སོགས་མང་དུ་གསན། དེ་ནས་བཟུང་སྟེ་པདྨ་ལྷུན་གྲུབ། བླ་མ་དྲི་མེད། ཨ་འཛོམ་ཚང་། ཀྰཿཐོག་སི་ངྷུ། གནས་སྤྲུལ་སྐུ་ཚུལ་བློ་སོགས་ལ་མདོ་སྔགས་རིག་གཞུང་བཅས་གསན་པས་མཁས་པའི་ཡོན་ཏན་རྩེ་མོར་སོན། ཁྱད་པར་ཀྰཿཐོག་མཁན་པོ་ངག་ཆུང་བདུན་རྫོགས་ཆེན་སྙན་བརྒྱུད་མ་ལུས་གསན་ནས་བུམ་པ་གང་བྱོའི་ཚུལ་གསན། ཨ་བསེ་ཀླུ་མོ་རབ་བླ་མ་རང་གིས་གཏེར་ཆོས་ཞུ་དག་ཁུངས་ལྡན་མཛད། སྐུ་ཚའི་སྨད་ལ་མདོ་སྔགས་གཞུང་བཤད་དང་དབང་ཁྲིད་མན་ངག་སོགས་དད་ལྡན་མི་སྐྱ་མང་བོ་དགེ་བཅུར་བཀོད། དགུང་གྲངས་རེ་དྲུག་སོན་པ་ན་དགོངས་པ་ཆོས་དབྱིངས་སུ་ཐིམ། ཐར་པ་རྒྱལ་མཚན་གྱིས་དགོནཔ་བཏབ་ནས་ཆགས་འཇིག་སྐོར་ལ། སྨིན་གྲོལ་གླིང་། ཇུན་གའི་དམག་ཉག་ཡུལ་དུ་སླེབས་ནས་གྲུབ་མཐའ་ཆགས་སྡང་གི་བཀའ་བརྒྱུད་དང་རྙིང་མ་ལ་ཤིན་ཏུ་སྡང་བས་དམག་དེས་མཚོ་དགོན་བཅོམ་ནས་མཐོར་བརླག་མང་དུ་སོང་། དེ་ཉམས་གསོ་མཛད་རྗེས་ཡང་བོད་ས་གནས་སྲིད་གཞུང་གི་གཞུང་ཁང་སར་དངོས་གྲུབ་ཕུན་ཚོགས་པ་དམག་དཔོན་བྱས་ནས། ཉག་སྐད་དཔོན་ཚང་བཅོམ་དུས་མ་རི་ཡུལ་དགོན་ཀུན་གྱི་དཔོན་མ་རི་མགོན་པོ་ཚང་ཞེས་ཉག་དཔོན་གྱི་ཉེ་ཡ་ཡིན་པས་བདེ་དམག་དེས་དཔོན་སྡེ་དགོན་པ་བཅས་གཏོར། དེ་ནས་བསྟན་པ་ཉམས་གསོ་མཛད་པ་དར་རྒྱས་སུ་སོང་། རིག་གནས་གསར་བརྗེའི་དུས་གཙུག་ལག་ཁང་མེས་འཇིགས་པ་དང་། རྟེན་རྙིང་ལྷག་མ་རྣམས་གཏོར།
ཉམས་གསོའི་སྐོར་ལ། རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལོར་མཚོ་ཁ་བླ་གྲྭ་ཡུལ་སྡེ་ཀུན་གྱི་ལྷག་བསམ་[page 380] རྣམ་དཀར་གྱིས་མགོན་ཁང་ཉམས་གསོ་བྱས། ཆུ་ཕག་ལ་མཚོ་ཕུ་རྡོ་ལོ་ཡང་སྤྲུལ་ཕྲིན་ལས་རྣམ་རྒྱལ་ནས་མགོན་སྐུ་ཉམས་གསོ་མཛད་དོ།། ཤིང་ཁྱི་ལོ་ནས་བཟུང་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་བཅས་པ་བཞེངས། རྟེན་རྙིང་སྐོར་རེ་ཟུང་ལྷག་ཡོད་པར། སྔོན་ཐེའུ་རང་འགར་བ་གྲགས་པ་དེའི་འགར་བའི་གུ་རུའི་སྐུ་ཆེན་ཟངས་གསེར་ལས་གྲུབ་པ་སོགས་དད་ལྡན་འགའ་ཡིས་རང་མོས་ཀྱིས་ཕུལ་བ་དང་། འབྱོར་ལྡན་དད་པའི་མི་རྣམས་ཀྱིས་ཡོན་བདག་བྱས་པས། མཁན་ཆེན་དང་རྒྱལ་པོ་གཉིས་གསེར་ཟངས་ལས་གསར་བཞེངས་མཛད། བླ་གྲྭ་ལྷན་རྒྱས་ནས་སྔོན་སྲོལ་ལྟར་བཤད་སྒྲུབ་དང་། དུས་མཆོད་རྟེན་བཞེངས། མཁན་སློབ་ཆོས་གསུམ་ཟངས་གསེར་དང་འདམ་སྐུ་གཉེན་སྟོབས་ལྷ་ལྔ་སོགས་ཅི་འགྲུབ་འབད་བཞིན་ནོ།།
དགོན་པའི་འགན་བཞེས་དང་ཁྲི་བ་དགེ་བསྐོས་སོགས་ནི་སྔར་སྲོལ་ལྟར། བསྟན་པའི་བདག་པོ་སྤྲུལ་སྐུ། མཁན་པོ་དང་བླ་ཁག་གི་དཔོན་པོ་རྒྱན་དུ་གཙོས་ནས་དགེ་བསྐོས་གསུམ་སྤྱི་པ་ལས་སྣེ་དགུ་སྟེ། རྒས་གཞོན་སོགས་བླ་སེར་བཅུ་གཉིས་རེ་ལོ་གཉིས་ཙམ་ལ་འགན་ཁུར་ནས་རིམ་བཞིན་བརྗེ་དགོས་སོ། སྔར་བླ་སེར་བརྒྱད་དང་དྲུག་བཅུ་ཙམ་ཡོད་ལ་དེང་སྐབས་བླ་གྲྭ་བདུན་བཅུ་ཙམ་ཡོད། དགོན་འོག་ཡུལ་སྡེ་ཁྱིམ་ཚང་ཉིས་བརྒྱ་ལྷག་ཙམ་ཡོད། དགོན་སྡེ་གཞན་དང་འབྲེལ་བ་ཡོད་ཚུལ། དགོན་འདིའི་མ་དགོན་སྟོད་ལུང་མཚུར་དགོན་ཡིན། དགོན་འདིའི་དགོན་ལག་ཡིན་པ་གོང་དུ་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་རིམ་བྱོན་ཨྰརྱ་གླིང་ལ་བྱོན་ནས་རྟེན་བཞེངས་དང་བྱིན་རླབས་མཛད་སྤྲོས་བཞིན་ནོ། དེ་ལ་སྒྲུབ་རྒྱུད་ཀྱི་བསྟན་པ་དར་བ་ཀརྨ་ཀམ་ཚང་ཉིད་ཡིན། འདི་ཉིད་ཀྱི་གདན་ས་གཙོ་བོ་གོང་འོག་བར་གསུམ་སྟེ་ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་ཕྱག་བཏབ་པའི་སྟོད་ལུང་མཚུར་ཕུ། ཀརྨ་དགོན་ཁམས་གསུམ་ཀཾ་པོ་གནས་ནང་གསུམ་ལ་བཤད་དེ། ཨྰརྱ་གླིང་འདི་དང་པོ་གྲྭ་པ་བཅུ་ཙམ་མཚུར་ཕུ་དགོན་དུ་སོང་ནས་བཤད་པ་དང་སྒྲུབ་པའི་ཆོས་རྒྱུན་དང་བཅའ་རྡུང་འབུད་སྲོལ་ཐིག་ཚད་སོགས་སྲོལ་ཇི་ལྟ་བ་བཞིན་ནོད་པ་དང་། ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་བླ་བརྒྱུད་བཞིན་མཚོ་ཁ་ལ་ཕེབས་ནས་བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་སུ་གྱུར། དུས་ཕྱིས་ཀཾ་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་ཉམས་སྟབས་གདན་ས་འོག་མ་དཔལ་སྤུངས་སུ་མཛད། དེ་ནས་དཔལ་སྤུངས་ཀྱི་དགོན་ལག་ཏུ་གྱུར། དུས་མཆོད་དང་སྒྲུབ་མཆོད་ནི་མགོན་ཁང་དུ་བེར་ནག་གི་སྐང་གསོ་རྒྱུན་ཆགས་སུ་བཞུགས་པ་དང་། བོད་ཟླ་བཞི་བའི་ནང་བདེ་སྨོན། རྟ་མགྲིན་སྒྲུབ་མཆོད་ས་ཆོག་དང་དངོས་གཞི། ཕག་མོའི་སྒྲུབ་མཆོད་ཉིན་བཅུ། ཀུན་རིག་སྒྲུབ་མཆོད་ཉིན་བཅུ། སྙུང་གནས་ཉིན་བཞི། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཞག་ལྔ་བཅུ་བཅས་ཡོད། དགུན་ཚོགས་ཆེན་མོ་ནི་བེར་ནག་དང་ཡེ་ཤེས་རབ་འབར། བཀའ་བརྒྱུད་གསང་རྫོགས། སེང་གདོང་མའི་སྒྲུབ་པ་རྣམས་ཡོད། ད་སྐབས་ཡོད་རྒྱུ་དགོན་ཁང་དུ་བེར་ནག་[page 381] སྐང་གསོ་རྒྱུན་ཆགས་དང་། དབྱར་རྟ་མགྲིན་དང་ཕག་མོའི་སྒྲུབ་མཆོད་ཉིན་བཅུ་རེ་དང་། ཚེས་བཅུ་ཉིན་གསུམ། སྟག་ཕུར་ཞག་བཅུ། དབྱར་གནས་ཞག་ལྔ་བཅུ། དགུན་ཚོགས་བེར་ནག་ཡེ་ཤེས་རབ་འབར་བཀའ་བརྒྱུད་གསང་རྫོགས། སེང་གདོང་མ་བཅས་ཡོད། ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་མགོན་པོ་བེར་ནག་འཆམ་སོགས་ཉིན་གསུམ་གྱི་རིང་ལ་འཆམ་སྲོལ་ཡོད། ཆུ་བྱ་ལོར་དམྱལ་འཆམ་གསར་འཛུགས་བྱས་ཡོད། ཚོགས་པའི་ཡོན་གང་ལས་བྱུང་ཚུལ་ནི། སྔོན་ཉལ་སྐད་དཔོན་གྱི་ས་གནས་ཁག་ཏུ་ཞིང་ཡོད་པ་རྣམས་རྗེས་སུ་བོད་གཞུང་གིས་བླ་ཁག་དང་དགོན་ཁག་ཚོགས་ལ་མཆོད་ཞིང་ཕུལ་ནས་བྱུང་བ་དང་། ཡང་སྤྱིན་བདག་ཚོས་ཕ་མ་སོགས་བསྔོ་བའི་དགོངས་རྫོགས་ཆེད་ས་ཞིང་འབུལ་བ་དང་། དུད་ཚང་འགའ་ནད་ཀྱིས་སྟོང་བ་དང་། ཁྲལ་འུ་ལག་གིས་མནར་ནས་ཡུལ་འཁྱར་སོང་བ་དང་། ནང་འཁྲུགས་བྱས་ནས་ཡུལ་ཕུད་བྱས་པའི་ཞིང་རྒོད། ཡུལ་མི་རྣམས་ནས་དགོན་པ་ལ་ཕུལ་བ་བཅས་ཀྱིས་དགོན་པ་ཆེ་གྲས་ལ་གཞིས་ཁལག་བཅོ་བརྒྱད་སོགས་དང་། ཆུང་བ་རྣམས་ལའང་གཞི་ཁག་ཁ་ཤས་མེད་པ་མི་འདུག་གོ། ཡང་བླ་བྲང་གི་ཤུལ་སྟོང་ནས་ས་ཞིང་དགོན་གཞུང་ལ་ཕུལ་བའང་འདུག སྤྱི་ཁག་རྣམས་ཀྱིས་སྤང་རྒོད་སློག་ནས་གཞིས་ཁང་བཅས་བརྩེགས་ནས་ཡོད་པ་དང་ཞིང་ས་དེ་དག་ཕལ་ཆེར་སྡེ་འབངས་ལ་སྤྲད་ནས་ཞིང་བཟང་སུམ་འབྲུ། ཞིང་ངན་ཕྱེད་མ། གཏན་འཇགས་སུ་གཏའ་འབྲུ་བསྡུ་བའི་འོང་བབས་དང་། ཡང་སྤྱི་བ་སྤྱི་ཁག་ཀྱང་ཟེར་སྟེ། དཔེར་ན་དབྱར་གནས་ཀྱི་སྤྱི་བ་ལྟ་བུ་སྟེ། དགོན་པ་དང་སྤྱིན་བདག་ཁག་ནས་དངུལ་གྱི་ཐེབས་རྩ་གཏན་འཇགས་སུ་བཞག་སྟེ་རྩ་བ་རྩིས་སྤྲད་པ་དང་། ལ་ལ་ས་ཚོང་དང་། ལ་ལས་བུན་སྐྱེད་བཏང་། ལ་ལས་ངལ་རྩོལ་གླ་བླང་སོགས་བྱེད། ད་སྐབས་ནི་ཚོགས་པ་དུས་མཆོད་སྐབས་རིམ་གྲོ་གསུང་ཡོན་སོགས་གྲྭ་བ་རྣམས་ཀྱི་བསྡུ་རྩ་བྱེད་པ་ཡིན། ཡོང་བབས་ཐམས་ཅད་དགོན་པའི་གཞུང་ལ་བཞག་ནས་དཔེ་ཚོགས་ལ་བཏང་སྒོ་དང་དགོན་པ་ཉམས་གསོ་སོགས་ཀྱི་འགྲོ་སོང་གཏོང་དགོས་པ་ཡིན་ནོ།།
མཚོ་ཕུ་དགོན་པའམ་མཚོ་ཟུར་དགོན་ཞེས་པ་སློབ་དཔོན་པདྨ་སམ་བྷ་ཝའི་སྒྲུབ་གནས་གངས་རི་བཞིའི་ཡ་གྱལ། ཤ་ཤིང་སྒོ་གངས་ཀྱི་ར་བ་ཞེས་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་གནས་ཁྱད་པར་ཅན་དེར། རྗེ་རིག་འཛིན་ཀློང་གསལ་གྱི་ཕྱག་རྗེས་དང་། ཆིབས་པ་འབྲུག་ནག་གི་རྗེས། གཏེར་དྲངས་བའི་ཤུལ་སོགས་ངོ་མཚར་བ་མཇལ་རྒྱུ་མང་། གནས་རི་དེའི་ཉེ་འདབས་མཚོ་མེ་ལོང་འདྲ་བའི་ཟུར་ན་རབ་བྱུང་བཅུ་གསུམ་པ་ཙམ་ལ་ཀཿཐོག་པ་དྲུང་ནམ་མཁའ་རྒྱ་མཚོ་ནས་དགོན་འདི་ཐོག་མར་ཕྱག་བཏབ་པ་ཡིན། ཕྱིས་སུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་དགོན་འདིར་གདན་དྲངས་ནས་བཀའ་གཏེར་སྨིན་གྲོལ་སྩལ། ཁོང་གི་ཞལ་སློབ་པད་མ་བདུད་འདུལ་སོགས་རིག་འཛིན་སྟོང་འཁོར་འདུས་ཏེ་དགོན་འདིར་རྣལ་འབྱོར་པ་དང་གྲུབ་ཐོབ་ཀྱིས་གང་བ་བྱུང་། ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་ཁྲོ་ཟུར་སྐལ་བཟང་ལྡེའུ་བཙན་གྱིས་དགོན་འདི་བསྐྱངས་ནས་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་མཛད། ཁོང་གི་སྲས་གསང་བཙན་དཔལ་གྱི་རྡོ་རྗེ་ཁོང་མཁས་གྲུབ་ནུས་ལྡན་གྱི་བླ་མ་ཞིག་ཡིན་པའི་སྙན་གྲགས་དེ་མདོ་ཁམས་སྨད་ལ་ཁྱབ། དར་མདོ་ལྕགས་ལ་རྒྱལ་པོའི་དབུའི་མཆོད་གནས་སུ་བཀུར། དེའི་ཡང་སྲིད་སྨིན་གླིང་པདྨ་རྣམ་རྒྱལ་དང་། ཨ་གསེར་འཇིགས་མེད་རྣམ་རྒྱལ། གཡོན་རི་བཞན་པ་རྡོ་རྗེ་སྟེ་གསུམ་འཁྲུངས་པ་སོགས་ཁོང་རྣམ་པས་མཛད་ཕྲིན་གྱིས་བསྟན་འགྲོ་སྤྱི་བྱེར་སྨན་པ་བྱུང་། དགོན་འདི་ལ་སྔོན་སྐུ་གསུང་ཐུགས་རྟེན་རྙིང་བ་གནའ་རྫས་ཤིན་ཏུ་མང་པོ་ཡོད་པ་ལྷ་ཁང་འདུ་ཁང་གྲྭ་བཅས་ལེགས་པར་བཞེངས། བླ་སེར་བརྒྱ་ཕྲག་ཙམ་རེ་ཚོགས་བཞུགས་ཡོད་སྐབས་བརྒྱ་དཔོན་ཚང་གི་མངའ་འོག་སྡེ་འཁྲུགས་ནང་དམེ་བྱུང་བས་སྡེ་འབངས་བླ་གྲྭ་བཅས་ཡུལ་གཞན་དུ་འགྲོ་དགོས་པ་བྱུང་། དགོན་པ་ནི་ཤུལ་མེད་དུ་འཇིག དེ་ནས་ཉག་རོང་གི་འབྲོག་སྡེ་ཁྲོམ་ཁོག་སོགས་སུ་ནག་དགོན་ཞིག་ཏུ་གྱུར་འདུག ཡུལ་ལ་ངེས་པ་མེད་ཀྱང་དབྱར་དགུན་དུས་མཆོད་རྒྱུན་ཆགས་སུ་གསུངས། ས་ཕག་ལོ་ནས་དགོན་གྱི་རྟེན་གསུམ་མཆོད་ཆ་དང་བཅས་གཏོར་བརླག་སོང་། ད་ལྟ་སླར་ཡང་ཆོས་སྒྲུབ་ཀྱི་[page 347] ཆོག་མཆན་ཐོབ་སྐབས་འགྲོས་ཁོག་ཏུ་ཚོགས་ཁང་གུར་མོ་ཆེ་དང་ཇ་ཁང་སྦྲ་བྱས་ནས་དུས་མཆོད་སྔར་སྲོལ་བཞིན་འཚོགས་པ་དང་དད་ལྡན་སེར་སྐྱ་ཐམས་ཅད་འབད་རྩོལ་གཅིག་དྲིལ་བྱས་ཏེ་མཚོ་ཕུ་དགོན་རྟེན་དང་བརྟེན་པ་བཅས་ལ་ཉམས་གསོ་སླར་ཡང་བྱེད་བཞིན་མཆིས། མཁན་པོ་བསོད་དགའ་ནས་འཁོར་སློབ་དུ་མ་ལ་བཀའ་སློབ་ཆོས་ཁྲིད་གནང་མུས་སུ་མཆིས་པ་ལགས་སོ། ཞེས་པའང་བྱ་ཚེ་རིང་གི་ལེགས་སྒྲིག་བྱས་པ་དགེའོ།།
[page 393] ཉག་ཤོད་ཨ་འཛི་ཏ་ལུང་གི་སྨད་སྐྱོབས་འབྱིན་སེང་ནག་གམ་སྦས་གནས་གནས་ལྕགས་ཡང་རྫོང་གི་མདུན་ཕྱོགས་ལ། དཔལ་ལྡན་མི་ནུབ་གཡུང་དྲུང་གླིང་གི་དགོན་པ་ནི། ཐོག་མར་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་གདུང་རྒྱུད་ལས། ཨ་ཤར་བློ་གྲོས་སྐུ་དངོས་སུ་མཆོག་དགེ་དགོན་ནས་མི་ནུབ་བཅོ་བརྒྱད་ཐང་ལ་བྱོན་ཡོང་ནས་དགོན་པ་ཆུང་ངུ་ཞིག་བཏབ། བཏབ་པའི་དུས་ནི་བརྗོད་མ་ནུས། དགོན་འདི་བཏབ་ནས་བཟུང་གཡུང་དྲུང་བོན་གྱི་གྲུབ་མཐའ་ཁོ་ན་བསྐྱངས། དགོན་དེའི་འོག་ཏུ་མཆོད་རྟེན་དང་ཚ་ཚའི་ཁང་སོགས་བཞེངས་པ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་དང་། མཆོད་ཞིང་ལ་ཨ་ཤར་ཞིང་ཟེར་བའི་མིང་ཐོབ་ཡོད་པ་དང་། ཁོད་སྤུངས་བློ་གྲོས་རྒྱ་མཚོའི་སྲས་གྲུབ་ཆེན་ཁྱུང་རྒོད་ཀྱི་སྲས་བརྒྱུད་གཞན་ལས་མཆེད་པ་ཁོད་སྤུངས་གུ་རུ་ཞེས་པའི་སྲས་བསྟན་པ་རྒྱལ་མཚན་ཉིད་ཀྱིས་མི་ནུབ་དགོན་པའི་དགོན་བདག་བྱས་ནས་རྟེན་འབྲེལ་གཏོ་ཐབས་སྐོར་ལ་མཁྱེན་རབ་རྒྱས། ས་སྐྱ་བདག་ཆེན་ཁྲི་རིན་པོ་ཆེའི་མདུན་ནས་གསང་སྔགས་གསང་སྔགས་ལམ་འབྲས་སྐོར་གྱི་སྨིན་གྲོལ་ཡང་མནོས། ཉག་ཤོད་ལྕགས་མདུད་འབྲུག་མོ་རྫོང་གི་དཔོན་པོ་བསོད་ནམས་མགོན་པོའི་བླ་མཆོད་མཛད། ཨ་ཤར་བློ་གྲོས་ཀྱི་གདུང་རྒྱུད་དང་སློབ་བརྒྱུད་ཀྱིས་དགོན་པའི་གདན་ས་བསྐྱངས། དེ་ལ་སྲས་མང་ཞིང་། སྐོས་ཡག་པ་དང་། ཡོ་ཀྱུན་པ། མི་ནུབ་ཚང་གསུམ་ཡོད། མི་ནུབ་ཤེས་རབ་རིན་ཆེན་གྱིས་སྔར་ཡོད་དགོན་རྙིང་དེ། དེའི་འོག་ཏུ་རི་གདོང་ལ་མར་སྤོས་ནས་ལྷ་ཁང་ཀ་རིང་བཞི་པ་ཞིག་གསར་ཏུ་བཞེངས་ཏེ་ས་འདུལ་མཛད། བཏབ་པའི་དུས་ནི་བརྗོད་མ་ནུས། ཁོང་ནི་སོ་ཐར་གྱི་སྡོམ་པ་ལ་བསླབས་ནས་མཐའ་ཕྱིན་མཛད་ཅིང་། དགོན་འདིར་སྔ་འགྱུར་བཀའ་རྙིང་ཁྲོ་ཕུར་ཞང་གསུམ་གྱི་སྒྲུབ་མཆོད་བཞག་ནས་སྔར་འགྱུར་གྱི་བོན་ཐམས་ཅད་དར་ཞིང་རྒྱས་པར་བྱུང་། དེའི་མཆེད་ཡ་ལ་སྲས་གསུམ་ཡོད་པའི་བསྟན་འཛིན་ཞེས་པ་དེ་རྟེན་རབ་བྱུང་ཡིན། བཀྲ་ཤིས་རྒྱལ་མཚན་གྱིས་གོ་བོ་བྲག་ཆེན་མ་ནས་སྟོན་པའི་སྐུ་གཅིག་གཏེར་ཏུ་དྲངས། དེའི་དུས་ཉག་རོང་ཡོངས་ལ་ས་གནས་སྲིད་གཞུང་གིས་དབང་བསྒྱུར་བའི་དུས་སྐབས་ཡིན་པས་བཀྲ་ཤིས་རྒྱལ་མཚན་ཁོང་དང་སྲས་གཉིས་ལ་བཀའ་ཉེས་ཕོག་ནས་རི་ནུབ་རྫོང་དུ་བཙོན་དུ་བཅུག་ནས་ཕྱོགས་གཉིས་སུ་བཞག དེའི་སྐབས་མཚན་མོར་ཡབ་སྲས་གཉིས་ལ་ཕན་ཚུན་ཉི་མ་ཤར། ཕྱི་ཉིན་རྫོང་དཔོན་ཕུན་རབ་བས་གོ་ནས་གཟིམ་ཁང་དུ་གདན་འདྲེན་ཞུས་ནས་ཕྱག་མོ་འདེབས་དགོས་ཞུས་པས། བླ་མའི་ཐུགས་འཁྲུགས་ཏེ། ངས་མོ་མི་ཤེས། མོ་ཁྱོད་ཀྱིས་ཐོབས་གསུངས་ནས་ཕྱག་ཕྲེང་དེ་ཕུན་རབ་པའི་པང་དུ་འཕངས་པས་གྲུབ་རྟགས་ཀྱིས་ཕྱག་ཕྲེང་དེ་སྦྲུལ་དུ་སྤྲུལ་ནས་འཁྱིལ་པས། ཕུན་[page 394] རབ་པས་བླ་གཟའ། སྦྲུལ་ཏེ་འཇུས་ཤིག་ཞུས་པས། བླ་མས་ཚུར་བླངས་ནས་མགུལ་ལ་གོན་པས་སྦྲུལ་དེ་སླར་ཡང་ཕྲེང་བར་གྱུར་སོང་། དེ་ནས་ཕུན་རབ་པས་བླ་མ་ལ་ཁས་བླངས་ཏེ་ལྕགས་མདུད་རི་ནུབ་ཚང་གི་དབུ་བླར་བསྐོས། ཤོད་རུ་དང་ཡུལ་ལུང་། གཞི་ལི་ཕུག་གསུམ་ལ་གཞི་གཞིས་ཀ་གསུམ་གནང་། སྲས་ཉིད་བོད་པས་བརྩོན་དུ་བཟུང་སྐབས་མཚན་མོར་ཉི་མ་ཤར་བས་མཚན་ཡང་ཉི་མ་ཞེས་བཏགས། དེ་ནས་བླ་མ་གཡུང་དྲུང་ཡེ་ཤེས་དང་དྲང་སྲོང་ཚུལ་ཁྲིམས་དཔལ་བཟང་སོགས་མི་ནུབ་བླ་རབས་རིམ་བྱོན་རྣམས་ཀྱིས་དགོན་འདི་བསྐྱངས་པ་ཡིན། བླ་མ་ཉི་མས་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གདན་དྲངས་ནས་འདུས་པ་ཡོངས་ཀྱིས་ཁྲོ་ཕུར་ཞང་གསུམ་གྱི་དབང་ལུང་ཟབ་རྒྱས་ཞུས། གཏེར་ཆེན་གསང་སྔགས་གླིང་པ་བྱོན་ནས་ཆོ་ག་བཅུ་གཉིས་ཀྱི་ལྗགས་ལུང་གནང་ཞིང་། རང་གཏེར་སྐུ་གསུམ་ཕུར་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་བཅས་རྒྱས་པར་སྩལ། དེ་ནས་བཟུང་ཁོང་གིས་གཏེར་ཆོས་ཀྱང་དགོན་འདིར་དར་རྒྱས་བྱུང་བ་ཡིན། དེའི་རྗེས་གཡུང་དྲུང་ཡེ་ཤེས་ཀྱིས་དབྲ་སྟོན་པཎྚི་ཏ་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་དང་བྱ་བཏང་སྤྲུལ་པའི་སྐུ་ཚེ་དབང་འགྱུར་མེད་རྣམ་གཉིས་གདན་འདྲེན་ཞུས་ནས། བླ་གྲྭ་ཡོངས་ལ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་སོགས་ཀྱི་ཁྲིད་ལུང་རྒྱ་ཆེར་གནང་ཞིང་། དགོན་པ་འདི་ཡི་ལོགས་བྲིས་ལ་གསས་མཁར་མཆོག་ལྔ། ཆོ་ག་བཅུ་གཉིས། བོན་སྐྱོང་སྡེ་དྲུག་བཅས་བཞུགས། རྟེན་གསུམ་ལ་སྐུ་རྟེན། རྣམ་པར་རྒྱལ་བའི་སྐུ་ལི་མ་མདའ་ཚད་མ། ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག བདེར་གཤེགས་སོ་ལྔ་མཐོ་གང་བ། སྨན་འདམ་ལས་གྲུབ་པའི་སྟོན་པ། རྣམ་རྒྱལ། ཇོ་བོ། བྱམས་མ། གཏོ་རྒྱལ་ཡེ་མཁྱེན། ཐང་མ་མེ་སྒྲོན་བཅས་ཐོག་བརྩེགས་མ། སྲུང་མ་བོན་སྐྱོང་སྡེ་དྲུག་བཅས་བཞུགས། གསུང་རྟེན་ལ། དྲི་མེད་གཟི་བརྗིད་གཙོས་པའི་མདོ་འབུམ་སྔགས་ཀྱི་པོ་ཏི་བརྒྱ་ལྷག རྙིང་མའི་འབུམ་ཆ་གཅིག འདོན་ཆ་སྐོར་སོགས་པོ་ཏི་མང་ངོ་།། ཐུགས་རྟེན་ལ། གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་བརྒྱད་གྲུབ་གང་བ། ས་རྡོ་ལས་གྲུབ་པའི་མཆོད་རྟེན་སོགས་མང་དུ་བཞུགས། མཆོད་ཆས་ལ། རྒྱ་ནག་མས་གཙོས་པའི་སྦུབས་ཆལ་སུམ་ཅུ། འདར་སིལ་མ་ཎི་མ་གཙོས་པའི་ཆ་གསུམ། མཁར་རྔ་ལྔ། གཤང་ཆེན་གསུམ། རག་དུང་ཆ་གསུམ། རྒྱ་གླིང་ཆ་གསུམ། དུང་དཀར་ཆ་བཞི། རྐང་གླིང་ཆ་བཞི། གསེང་དངུལ་བཀྲ་མའི་རྩ་གསུམ་མཆོད་པ། སྨན་རག བུམ་པ་སོགས་ཆ་ཚང་ཡོད། ཚོགས་པ་ལ། དུས་ཆེན་བཞི་ལ་ཚོགས་པ་ཡོད་དེ། དགུན་བོད་ཟླ་བཅུ་གཉིས་པའི་ཉི་ཤུ་ཚེས་ནས་བཟུང་གནམ་གང་བར་གསང་གླིང་གི་གཏེར་ཆོས་སྐུ་གསུམ་ཕུར་པའི་སྒྲུབ་མཆོད་དང་གར་འཆམ་བཅས། ཁྲོ་ཕུར་ཞང་གསུམ་གྱི་སྒྲུབ་མཆོད་དང་། ཟླ་བ་ལྔ་བའི་ནང་དུས་ཁྲིམས་ཡན་ལག་བརྒྱད་པ་ལྟར་སྙུང་གནས་དང་། སྨོན་ལམ་ལ་དགེ་འདུན་པ་ལྔ་བཅུ་ཙམ་འཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཞག་བཅུར་གསུངས་པ་དང་། དབྱར་ཁའི་ཟླ་བ་དྲུག་པ་[page 395] ནས་བཟུང་བསླབ་གསུམ་ངུར་སྨྲིག་འཛིན་པའི་བླ་གྲྭ་ཉི་ཤུ་ལྷག་གིས་དབྱར་གནས་ཞག་ལྔ་བཅུ་ཙམ་འཚོགས་པ་བཅས་ཡོད་དོ། འཚོགས་རྟེན་ནི་ས་ཞིང་ལ་བརྟེན་ནས་འགྲོ་སོང་བཏང་བ་ཡིན། སྤྱི་པ་ནི་ཤོག་ཁག་བཞི་ལས་སྤྱི་པ་བཞི་བུད་ནས་སྤྱི་གཉེར་ཁུར་བ་ཡིན། བླ་གྲྭའི་ཞལ་གྲངས་ལ། བླ་མ་གཡུང་དྲུང་ཡེ་ཤེས་དང་ཚུལ་ཁྲིམས་དཔལ་བཟང་གཉིས། དགེ་འདུན་པ་དྲུག་བཅུ་ལྷག་ཙམ་བཞུགས། དགོན་པའི་མངའ་འོག་ཏུ་བོན་སྡེ་ལ། དུད་གྲངས་བདུན་བཅུ་ལྷག་ཡོད། རིག་གནས་གསར་བརྗེའི་སྐབས་སུ་ལྷ་ཁང་གི་ཕྱི་ཁོག་དང་ནང་གི་རྟེན་འགའ་ཞིག་ལས་ཐམས་ཅད་བརླགས་སོང་ངོ་། ད་ལྟ་བླ་མ་ཉི་མ་འོད་ཟེར་གྱིས་ཐུགས་ཁུར་བཞེས་ནས་ལྷ་ཁང་དེ་བཞེངས་གསོ་བྱས་ནས་སྤུས་ལྡན་ཞིག་གྲུབ་ཡོད། རྟེན་གསུམ་ཡང་སྐུ་རྟེན་ལ། སྨན་འདམ་ལས་གྲུབ་པའི་དབུས་སུ་ཇོ་བོ། གཡས་སུ་རྣམ་རྒྱལ། གཡོན་ཏུ་བྱམས་མ་ཐོག་བརྩེགས་མ་དང་། གཞན་ཡང་གཏོ་རྒྱལ་ཡེ་མཁྱེན་དང་ཐང་མ་མེ་སྒྲོན། གནས་བསྟན་བཅུ་དྲུག གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་བཅས་བཞུགས། གསུང་རྟེན་ལ། བོན་གྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། སྒྲུབ་སྐོར་སྟག་ལྷ་དང་ཁྲོ་ཕུར་ཞང་གསུམ་སོགས་ཅི་རིགས་བཞུགས། ཐུགས་རྟེན་ལ། ས་རྡོ་ལས་གྲུབ་པའི་བླ་མ་ཉི་མའི་སྐུ་གདུང་སོགས་བཞུགས། ཚོགས་པ་ལ། བླ་གྲྭ་ལྔ་བཅུ་ལྷག་ཙམ་གྱིས་རང་ཁ་རང་གསོ་ལ་བརྟེན་ནས་དབྱར་དགུན་དུས་མཆོད་གཉིས་ཙམ་རེ་འཚོགས་བཞིན་བཞུགས་པ་དང་། རྒྱུན་བཞུགས་བླ་སེར་བཅུ་ཙམ་ཞིག་ཡོད་ལགས་སོ།།
[page 373] རྗེ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རྒྱ་ནག་གོང་མའི་དབུ་བླར་བྱོན་དུས། ཉག་སྨད་རྒྱ་ཤོད་དུ་བྱོན་ནས་ལུང་བསྟན་གནང་བ་འདི་ལྟར་ཏེ། འབའ་ཤོད་བཤད་སྒྲུབ་བསྟན་པ་རྒྱས། མདོ་སྔགས་དམ་ཆོས་དར་བའི་གླིང་། མི་ནུབ་དར་ཞིང་རྒྱས་པ་དང་།། བདུད་ལས་རྣམ་པར་རྒྱལ་གྱུར་ཅིག། ཅེས་གསུངས་པའོ། །སྔར་གྱི་ལུང་བསྟན་ལྟར་དགོན་པ་ཐོག་མར་ཕྱག་འདེབས་པ་པོ་བོད་གཙང་མཁས་གྲུབ་རྒྱ་མཚོ་མཆོག་ནི། ཡབ་དཔལ་ལྡན་དབང་འབྱོར་དང་། ཡུམ་མཛེས་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་ཁམས་ལི་ཐང་དུ་འཁྲུངས། རྗེ་འདི་སྐུ་ན་ཕྲ་དུས་ནས་བློ་གྲོས་ཀྱི་ལུས་སྟོབས་རྒྱས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ངང་གིས་སྐྱེ་བ་ཞིག་ཡིན། དགུང་ལོ་བཅུ་བདུན་ཐོག་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྤྲུལ་སྐུར་ངོས་འཛིན་བྱས། མཚན་བོད་གཙང་མཁས་གྲུབ་རྒྱ་མཚོ་ཞེས་གསོལ། དུས་དེ་ནས་དགེ་བའི་བཤེས་གཉེན་མཁྱེན་བརྩེ་ལ་མཉེས་པ་གསུམ་གྱི་སྒོ་ནས་རྩ་བའི་བླ་མར་བསྟེན། དུས་མི་རིང་མར་མཁས་བཙུན་བཟང་གསུམ། འཆད་རྩོམ་རྩོད་གསུམ་སོགས་མཁས་པའི་དབང་པོར་གྱུར། རྗེ་འདིའི་སྐུ་ཚེ་གང་ཉིད་ལ་བསྟན་འགྲོའི་དོན་དང་། བསྙུང་གནས་ཁོ་ནར་བརྩོན་པས་ད་ལྟའང་བོད་གཙང་གནས་ཞེས་ཡུལ་དགོན་གཉིས་ལ་ས་ག་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ནས་ཚེས་བཅུ་དགུ་བར་བསྙུང་གནས་ཀྱི་རྒྱུན་མི་ཆད་པར་ཡོད། རྗེ་འདིའི་ཡང་སྲིད་དགེ་སྤྲུལ་སྐུ། དེའི་ཡང་སྲིད་མང་པོ་བྱོན་ནའང་ལོ་རྒྱུས་ཀྱི་ཡིག་ཆ་དང་ངག་རྒྱུན་ཁུངས་བཙུན་མི་འདུག་པས་འདིར་མ་བྲིས།
དགོན་འདི་རབ་བྱུང་བཅུ་བཞི་པའི་མགོ་ཙམ་ལ་བཏབ་ནས། མཚན་བཤད་སྒྲུབ་བསྟན་རྒྱས་གླིང་ཞེས་གསོལ། གཙུག་ལག་ཁང་ཀ་རིང་བཞི་པ་ཞིག་བཞེངས། དགོན་འདི་ནི་ཐོག་མཐའ་བར་གསུམ་དུ་གྲུབ་མཐའ་ས་སྐྱ་ཡིན། ཆོས་རྒྱུད་ས་ལུགས་དང་ཚར་ལུགས་ངོར་ལུགས་གསུམ་ལས་འདི་ངོར་ལུགས་ཁོ་ན་ཡིན། དགོན་འདིར་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོ་སྔོན་རྗེས་སུ་ཞབས་ཀྱིས་བཅགས་ནས། དམ་པའི་ཆོས་དུ་མ་སྤེལ། གླག་བྲག་རྫོང་དགོན་པའི་མཁན་ཆེན་བསོད་ནམས་ཆོས་འགྲུབ་བྱོན་ནས་ཡུལ་དགོན་ཀུན་ལ་བདེ་སྨོན་གྱི་དབང་ལུང་གནང་། བདེ་ཆེན་ཞིང་སྒྲུབ་བཙུགས། ས་སྐྱའི་ལམ་འབྲས་ཀྱིས་ལྗགས་ཁྲིད་གནང་། ལྕགས་མདུད་དབོན་པོ་ཚུག་ཁྲིམས་རྒྱ་མཚོ་བྱོན་ནས་ཡུལ་དགོན་སྐྱ་སེར་ཀུན་ལ་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། བར་དོའི་དྲུག་ཁྲིད་གསུངས། ཡུལ་པ་ཀུན་ལ་རི་རྒྱ་རྔོན་ཁྲིམས་དང་། རྐུ་རྒྱ་ཇག་ཁྲིམས་བསྡོམས། གྲྭ་སེར་རྣམས་ལའང་རབ་བྱུང་གི་སྡོམ་པ་གནང་། དུས་དེ་ནས་འདུལ་བ་གཞི་གསུམ་གྱི་བསྟན་པའི་གཞི་བཙུགས། རང་ཐ་མཆོག་སྤྲུལ་[page 374] འཇམ་དབྱངས་བྱོན་ནས་སྤྱོད་འཇུག་སོགས་ཆོས་རྒྱུན་དུ་མ་གནང་།
དགོན་འདིའི་བླ་རབས་དང་མཁན་རབས་ནི། མཁན་བོད་གཙང་མཁས་གྲུབ་རྒྱ་མཚོ། མཁན་རྒྱུ་དགེ་སྤྲུལ་སྐུ། མཁན་གསང་སྔགས་བསྟན་འཛིན། བླ་མ་ཨ་ཤེལ། ཁྲོམ་དགེ་སྤྲུལ་སྐ། བླ་མ་སྙན་གྲགས། བླ་མ་ཚུལ་ཁྲིམས་རྒྱ་མཚོ་བཅས་ཀྱིས་བསྟན་པའི་འགན་བཞེས། གཙུག་ལག་ཁང་ཀ་རིང་བཞི་བ་ཞིག་དང་། སྤྱི་ཁང་། དགོན་འདི་ལ་གྲྭ་ཤག་བཅུ་གསུམ་ཙམ་ཡོད་ཀྱང་༡༩༥༠ལོར་མེས་འཇིག་ནས་ད་ལྟ་གྲྭ་ཤག་ལྔ་ལས་མེད། དགོན་འདིའི་རྟེན་གྱི་གཙོ་བོ། སྐུ་རྟེན་དོན་ཡོད་གྲུབ་པ་མདའ་ཚད་མ་གཅིག ཐུབ་སྐུ་ལི་མ་མཐོ་གང་ཙམ་གཅིག གནས་བརྟན་ལི་མ་ཁྲུ་གང་ཙམ་གཅིག གནས་བརྟན་ལི་མ་ཁྲུ་གང་ཙམ་གཅིག ཚེ་དཔག་མེད། སྤྱན་རས་གཟིགས་བཅས་ཁྲུ་གང་ཙམ་རེ། རྒྱུ་སྨན་འདམ་ལས་གྲུབ་པའི་གུར་ཞལ་ལྷ་གསུམ་ཁྲུ་གང་མ་རྟེན་བྱིན་རླབས་ཅན་འདི་ད་ལྟ་ལྷག་ཡོད། གནས་བརྟན་བཅུ་དྲུག་གསེར་ཟངས་ལས་གྲུབ་པ་མཐོ་གང་ཙམ་ཆ་གཉིས་ཡོད་ཀྱང་ད་ལྟ་གཅིག་ལས་ལྷག་མེད། གསུང་རྟེན་བཀའ་འགྱུར་ཆ་གཅིག་དང་བསྟན་འགྱུར་ཆ་གཅིག འདོན་ཆོག་སོགས་པོད་བཞི་བརྒྱ། ཐུགས་རྟེན། བོད་གཙང་མཁས་གྲུབ་རྒྱ་མཚོའི་སྐུ་གདུང་གཙོས་མདའ་ཚད་མ་གསུམ་ཡོད། རོལ་མོའི་སྐོར། དངུལ་གྱི་རྒྱ་གླིང་ཆ་གཅིག ཤངས་རག་གི་རྒྱ་གླིང་ཆ་གཅིག དུང་དམར་ཆ་གཅིག དུང་དཀར་ཆ་གཅིག དར་གདུགས་འཕན་གསུམ། དཀྱིལ་འཁོར་གྲྭ་ཆས་སྐོར་སྤུས་ལེགས་ཆ་ཚང་ཡོད་ཀྱང་རྗེས་སུ་མེད་པར་སོང་། དུས་མཆོད་དང་སྒྲུབ་མཆོད་སྐོར། བོད་ཟླ་བཅུ་གཉིས་པའི་ནང་བསྐང་གསོ་ཉིན་བདུན། སྒྲོལ་མ་གཡུལ་བཟློག་ཉིན་བདུན། བོད་ཟླ་ལྔ་པའི་ནང་བདེ་ཆེན་ཞིང་སྒྲུབ་ཉིན་བདུན། ས་ག་ཟླ་བ་བཞི་པའི་ཚེས་གཅིག་ནས་སྙུང་གནས་ཆ་བརྒྱད། བོད་ཟླ་དྲུག་པའི་ནང་དབྱར་གནས་ཟླ་བ་གཅིག་ཡོད། དབྱར་གནས་ལ་སྤྱི་པ་མེད་པས་ཆོས་སྡེ་དུད་ཀ་རེ་རེའི་ནས་བྲེ་རེ་བསྡུས་པ་དང་། བླ་གྲྭ་རང་རང་གིས་གསོལ་ཆས་བཟུང་ནས་འཚོགས་སྲོལ་ཡོད། བོད་ཟླ་དང་པོའི་ནང་ཡུལ་དགོན་ལྷན་དུ་བསྙུང་གནས་ཆ་བཞི་ཡོད་ཀྱང་ད་ལྟ་གཉིས་ལས་མེད། ད་ལྟ་དབྱར་གནས་འཚོགས་མ་ཐུབ། སྔོན་གུར་ལྷ་བརྒྱད་ཀྱི་གར་འཆམ་ཡོད་ཀྱང་བར་སྐབས་ཤིག་ནས་གྲྭ་བ་ཉུང་བའི་དབང་གིས་འཆམ་ཆད་སོང་། ཚོགས་པའི་གཏོང་སྒོའི་འབྱུང་ཁུངས་གཙོ་བོ་ཡུལ་པའི་མཆོད་ཞིང་དང་ཡོན་ཁ་སོགས་ལ་བརྟེན་ནས་སྤྱི་པ་རང་རང་གིས་འགན་ཐུར་དགོས།
དགོན་འདིའི་མངའ་འོག་གི་ཆོས་སྡེ་དུད་ཚང་ཤོག་ཁ་བཞི་དང་དུད་གྲངས་བརྒྱ་ཙམ་དང་། གྲྭ་མང་དུས་བཞི་བཅུ་ཙམ་ཡོད་མྱོང་། ད་ལོར་འགོ་ཁྲིད་རྣམ་པས་ས་རྒོད་མུའུ་བཞི་ཙམ་གནང་བྱུང་བས་དགོན་པའི་མཆོད་ཞིང་གི་བརྟེན་ཡིན། མི་དམངས་ཀྱིས་ས་ཞིང་ཡར་ཕུལ་མཁན་འདུག་སྟེ། སྲིད་ཇུས་དང་མཐུན་མིན་མ་ཤེས་པས་ཐག་མ་ཆོད། ད་ལྟ་གྲྭ་བ་ཉེར་བཞི་ལས་མེད།
ད་སྐབས་ནི་རྒྱལ་ཁབ་ཀྱིས་གནང་སྤྱིན་དང་། དམངས་ཚོགས་ཀྱིས་རོགས་སྐྱོར། གྲྭ་སེར་རང་རང་[page 375] གི་ངལ་རྩོལ་ལ་བརྟེན་ནས་ལྷ་ཁང་ཀ་རིང་བཞི་པ་ཞིག་གསོ་སྤུས་ལེགས་གྲུབ་པ་དང་། རྟེན་གྱི་གཙོ་བོ་རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་སྤྱན་རས་གཟིགས། གུ་རུ་བཅས་རྩེག་ཚད་མ་དང་། ས་སྐྱ་གོང་མ་རྣམ་ལྔའི་འདྲ་སྐུ་མདའ་ཚད་མ་ཚད་ལྡན། ངོར་ཆེན་རྡོ་རྗེ་འཆང་། རྗེ་ཙོང་པ་བཅས་
མདའ་ཚད་མ་སྤི་ས་སེགས་གྲུབ། ཞལ་ཐང་སྐོར། གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་བརྒྱད། རྡོར་སེམས་སྟོང་སྐུ་ཐང་ལྡེབ་ལྔ། གུ་རུའི་ཞལ་ཐང་གཅིག ས་པཎ་གྱི་ཐང་སྐུ་གཅིག མཁའ་སྤྱོད་མའི་ཞལ་ཐང་གཅིག བདེ་ཆེན་ཞིང་བཀོད་ཐང་ལྡེབ་གཅིག ཕུར་བ་སྟོང་སྐུ་ཐང་ལྡེབ་ལྔ། སྒྲོལ་མ་སྟོང་སྐུ་ཐང་ལྡེབ་ལྔ། གཞན་ཐང་ལྡེབ་བཅུ་ཙམ་བཞུགས། ཤིང་གི་སྐུ་གདུང་གསུམ་ཡོད་ཀྱང་ད་དུང་རྒྱན་ཆ་སོགས་གྲུབ་མེད། རོལ་མོའི་སྐོར། ཆ་ལང་ཆ་གསུམ། ཟངས་རག་གི་དུང་དམར་ཆ་གསུམ། རྒྱ་གླིང་ཆ་གཉིས། སིལ་སྙན་ཆ་གསུམ། དུང་དཀར་ཆ་གཉིས་བཅས་ཡོད། གཞན་བཅའ་ཁྲིམས་སྐོར། དགོན་སྡེ་སྤྱི་དང་འདྲ་བར་གཟན་ཤམ་ཐབས་དང་། ཆོས་གོས་སོགས་དང་མི་འབྲལ་བར་ནང་འགག་དཔུང་བཅད་མནབ་དགོས་པ་དང་། དབུ་སྐྲ་སོར་མོ་གང་ལྷག་བཞག་མི་ཆོག་པ་དང་། ཆང་རག་སྣ་དུད། ཐ་མག་སོགས་མ་དག་པའི་འཚོ་བ་བརྟེན་མི་ཆོག མཚོན་ཆ་གྲི་མཐོ་གང་ཙམ་ལས་བཏགས་མི་ཆོག ཚོགས་པ་ཆེ་ཆུང་ཀུན་ལ་ངག་བཅད་བྱས་ནས་ཆོས་འདོན་དགོས་པ་སོགས་དགོན་པ་ཐམས་ཅད་ཀྱི་སྤྱི་འགྲོས་སོ།། ཞེས་བོད་རབ་བྱུང་བཅུ་བདུན་ཤིང་ཁྱི་ལོའི་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ཡིག་ཆ་རྙིང་མ་དང་། གྲྭ་རྒན་ཨ་བུག་གི་ངག་རྒྱུན། གྲྭ་རིག་འཛིན་མགོན་པོའི་ཟིན་བྲིས་ལྟར་དགེ་རྒན་ཀརྨ་དང་། བྱ་ཚེ་རིང་གཉིས་ཀྱིས་ཕྱོགས་བསྒྲིགས་བྱས་པའོ།།
ཨོ་རྒྱན་བསམ་གཏན་བསྟན་འཛིན་གྱིས་དགོན་ས་གང་དུ་འདེབས་ལེགས་པར་གཟིགས་སྟེ་གནས་ཆེན་དགའ་བ་བྲག་ལ་ཕེབས་ནས་གནས་རྩེ་ལ་ཕྱིན་ཚེ་ས་ཕྱོགས་ཀུན་ལ་ལེགས་པར་གཟིགས་ཙ་ན། བྱ་བྲལ་ཆོས་ཉིང་རྒྱ་མཚོའི་ལྷ་ཁང་གི་གཡོན་ཟུར་དུ། ཕ་བོང་ཆེན་ཞིག་གི་ཐོག་ཏུ་འོད་ལྷང་ལྷང་འབར་བའི་ཕུང་པོ་ཞིག་གཟིགས་པར། རྗེའི་ཐུགས་དགོངས་ལ། ཨེ་མ་ངོ་མཚར་ཆེ། འོད་འབར་བའི་ས་འདི་ལ་དགོན་པ་ཐོབ་ཞེས་པའི་བརྡ་ངེས་སོ་དགོངས་སྟེ་ས་དེར་བྱོན་ནས་ཉིད་ཀྱི་ཕྱག་མཁར་འོད་འབར་བའི་ཕ་བོང་གི་ཟུར་བཙུགས་པ་ད་སྐབས་ཤུག་སྡོང་ཆེན་པོ་འདི་སྐྱེས་པ་ཡིན། ཡལ་ག་དང་ལོ་མ་འབྲས་བུ་དྲི་སོགས་ཤུག་པ་གཞན་དང་མི་འདྲ་བ་ཞིག་ཡོད། འོད་འབར་བའི་ཕ་བོང་ལ་ཆོས་བདག་ཉིད་ཀྱི་ཕྱག་བྲིས་མ་ཎི་འབྲུ་དྲུག་དང་ཞབས་རྗེས་སོགས་ངོ་མཚར་ཅན་བཞུགས། དེ་ནས་རྗེ་འདི་ཉིད་ཀྱི་ས་སློང་གི་སྟ་གོན་བྱ་བ་ལ་སྟག་ཤམ་མཆོག་གིས་གནང་བའི་ཆོས་དུང་དཀར་མོ་རྒྱང་གྲགས། ཆ་ལང་འབྲུག་སྒྲ་ཟིལ་གནོན། རྔ་ཆེན་འབྲུག་མོ་ས་འདར་སོགས་གྲ་སྒྲིག་བྱས་ཏེ་ས་སློང་མཛད། དེ་ནས་གཙུག་ལག་ཁང་གི་ཤིང་ཆ་དགོན་པའི་སྟེང་ཕྱོགས་བུ་རམ་ལ་ཁ་ཟེར་བ་ནས་ཀ་གདུང་སོགས་བཅད་ནས་གྲྭ་པ་གཅིག་ལ་ཁྱོད་ཀྱི་ཕྱི་མིག་མི་ལྟ་བར་བར་དྲས་བུ་འདི་དྲུད་ནས་སོང་གསུངས། གྲྭ་དེས་དེ་ལྟར་བྱས་ནས་སོང་། བླ་མས་དྲས་བུ་རྣམས་ཕྱག་ལྕག་གིས་བྲབ་ནས་རྗེས་བཞིན་དེད། ཤིང་ཆ་ཐམས་ཅད་འུར་སྒྲས་གནམ་ས་གང་ནས་འོངས་བས་གྲྭ་པ་དེ་ལྕ་ཁར་ཉག་ལ་ཐོན་སྐབས་ཤིན་ཏུ་སྐྲག་སྟེ་ཕྱི་མིག་ལྟ་ཕྱོར་བས་ཤིང་ཆ་ཐམས་ཅད་དེར་སྡད། དེ་མན་ཆད་མི་ཡིས་ཁུར་དགོས་པ་བྱུང་གསུང་། དེ་ནས་ལྷ་ཁང་ཀ་རིང་མ་བཞིའི་ས་ལེགས་པར་གྲུབ་སྟེ་མཚན་ལ་གསང་སྔགས་འོད་ཕུང་བཀྲ་ཤིས་ཆོས་གླིང་ཞེས་གསོལ། གྱང་ལྷ་ལ་རྒྱུད་སྡེ་དང་། སྒྲུབ་སྡེའི་སྐོར་བྲིས་བར་མཛད། འཇིམ་ལྷ་ཐུབ་སྐུ་བརྩེགས་ཐོན་མ་བཞེངས། ཐུགས་ཀར་སྟག་ཤམ་པས་དགའ་བ་ལུང་ནས་དྲངས་བའི་དུང་དཀར་གཡས་འཁྱིལ་བཞུགས་སུ་གསོལ། ཐུབ་སྐུ་གསུང་འབྱོན་མ་ཞེས་གྲགས། དེ་ནས་དགེ་འདུན་གྱི་སྡེ་གྲྭ་བ༨༠ཙམ་ཡོད། སྟག་ཤམ་པས་རྟ་[page 348] མགྲིན་སྒྲུབ་མཆོད་དང་། བཀའ་བརྒྱད་སྡེ་འདུས་ཀྱི་དགུ་གཏོར་སོགས་ཡོད། ཡུལ་མིའི་གཏམ་རྒྱུད་ལ། ཆོས་འབྱུང་སྣོལ་མ་འབར་བའི་གདན་སྟེང་། བྲག་དཀར་སེང་གེ་འདྲ་བའི་གཡོན་ཟུར། ནག་རི་རྒྱ་སྟག་འདྲ་བའི་གཡས་ཟུར། ཆུ་བོ་གསེར་ལྡན་ལྷོ་རི་འབབ་པའི་མདུན་ངོས། གཡུ་འབྲུག་གྱེན་ལ་འགྲོ་བའི་ཚང་འཁོར་ནོར་བུའི་ལྟོ་བར་འོད་ཕུང་འགོ་ལ་འོད་ཟེར་འཁྱུག འོད་ཀྱི་སྣང་བ་ལམ་སེ་ལམ། ཞེས་ཉམས་རང་སྣང་འཕེལ་བའི་གནས། སྣང་བཞི་དང་སྒྲོན་བཞི་གོམས་པའི་ས། བྱིན་རླབས་དང་དངོས་གྲུབ་འབྱུང་བའི་གནས། ཞེས་བཤད་རྒྱུན་བྱུང་འདུག དེ་ནས་བསམ་གཏན་བསྟན་འཛིན་མཆོག་ཉིད་མཚོ་ཁ་ཨཱརྱ་གླིང་ལ་བྱོན་ནས་ཡི་དམ་དགོངས་འདུས་ཀྱི་དབང་ལུང་དང་། སྟག་ཤམ་པས་ཆོས་སྐོར་ཡོང་རྫོགས་གསུང་ནས། རྟ་མགྲིན་སྒྲུབ་མཆོད་བཙུགས། བླ་མ་ནོར་བུ། བླ་ཕུར་བསྒྲུགས་མ། གཤིན་རྗེ་གཡལ་རྒྱལ། བདུད་འདུལ་སེང་གདོང་མ་སོགས་སྒྲུབ་རྒྱུན་བཙུགས་ནས་བུ་དགོན་དུ་གྱུར། དེ་ལྟར་སྒྲེ་བོ་རབས་རྒྱས་དགོན་པའང་ཚུལ་གོང་ལྟར་ཡིན་པས་བུ་དགོན་ཡིན། ད་ལྟའང་དགོན་སྡེ་འདི་གཉིས་སྟག་ཤམ་པའི་ཆོས་རྒྱུད་ཡིན། སྟོད་ན་གསང་སྔགས་འོད་ཕུང་གླིང་། བར་ན་མཚོ་ཁ་ཨཱརྱ་གླིང་། སྨད་ན་སྒྲེ་བོ་རབས་རྒྱས་གླིང་། དགོན་པ་གསུམ་ལ་ཁྱད་པར་མེད། དེ་སྐབས་དགོན་པ་རང་ཉིད་ལ་ཡོན་བདག་གཞིས་ཁག་ཆེན་པོ་༡༨ཡོད། མཆོད་སྡེ་ཡུལ་འབྲོག་ཚོ་དྲུག་ཟེར་བ་དང་། དུས་ཁག་ཆེན་པོ་༡༨ དུད་གྲངས་སུམ་བརྒྱ་ལྷག་ཙམ། སྤྱི་པ་ཁག་ཟེར་བ་ཡོད། རྟེན་གཞི་དང་ཡོང་སྒོ་ཤུན་ཏུ་དར་བ་ཡིན།
ཆོས་བདག་ཉིད་ཀྱི་སྐུ་ཚ་མཐུ་སྟོབས་རྣམ་རྒྱལ་ནི་ཆོས་བདག་ཉིད་ཀྱི་རྗེས་སུ་བཟུང་སྟེ་སྟག་ཤམ་པའི་ཆོས་རྒྱུད་འཛིན་པ་དང་། ཀཿཐོག་ལ་བྱོན་པ་ཡིན་སྤྱིར་དགོན་པ་འདི་ནི་ཀཿཐོག་བྱམས་པ་འབུམ་གྱི་དགོན་ལག་དང་། བླ་མ་མཐུ་སྟོབས་རྣམ་རྒྱལ་ནི་སྐུ་ཚེ་ཧྲིལ་པོ་ལ་འོད་དགོན་གྱི་བསྟན་པའི་འགན་ཁུར་བ་ཡིན། སྤུན་ཆོས་སྐྱོང་སྐལ་བཟང་ནི་དཔོན་སྲིད་བཟུང་ཏེ། ཁོང་རྣམས་ཀྱིས་ཆོས་སྲིད་གཉིས་ཀྱི་བྱ་བ་མཐའ་དག་གྲུབ་པར་མཛད་པའོ། དེ་རྗེས་འཕེལ་ཚ་གསང་སྔགས་བསྟན་འཛིན་འཁྲུངས་ནས་རྗེ་འདི་ཡི་སྐུ་རིང་ལ་བྱ་བྲལ་ལྷ་ཁང་གི་དྲི་གཙང་ཁང་བྱས་ཏེ་ལྷ་ཁང་ཀ་རིང་གཉིས་ཀྱི་ས་བཞེངས་པར་མཛད། གྱང་ལྷ་ལ་གུ་རུ་མཚན་བརྒྱད་སོགས་བཀའ་བརྒྱད་དཔའ་དགུ་བཞེངས་བར་མཛད། ཚེ་དབང་བཀྲ་ཤིས་ཀྱི་དཔོན་སྲིད་བཟུང་སྤུན་གཉིས་ནས་གསེར་དངུལ་གྱི་བཀའ་འགྱུར་ཆེན་མོ་བྲིས་ནས་ལྷ་ཁང་འདི་རུ་བཞུགས་སུ་གསོལ། བླ་མ་གསང་འདུས་ཀྱིས་ཚེས་བཅུ་དང་གར་འཆམ་བཀའ་བརྒྱུད་རྒྱུན་བཅས་བཙུགས། ཏ་ཡི་སིདྡྷི་ཀརྨ་བསྟན་པའི་ཉིན་བྱེད་དགོན་གནས་འདིར་ཕེབས་ཏེ་ལྷ་ཁང་དང་། བཀའ་འགྱུར་ལ་རབ་གནས་མཛད། འཕེལ་ཚ་དཔོན་ནས་རྟ་བརྒྱ་ལ་ལེབ་རྒན་གྱི་མཐུར་བརྒྱས་བརྒྱན་ཏེ་ཕུལ། མདོ་སྡེ་སྐལ་བཟང་གསེར་དངུལ་བྲིས་མ་དབུ་ལྡེབ་ལ་ཕྱག་ཐམ་གྱི་རྒྱན་བཏབ་གནང་སྟེ་[page 349] རྟེན་འདི་ཁྱེད་རང་ཚང་གི་ཁྱིམ་རྟེན་དུ་གྱིས་ལ་མཆོད་དང་ཆོས་སྲིད་གཉིས་དར་ཞིང་རྒྱས་པར་འགྱུར་རོ་གསུང་། རྟེན་འདི་ད་སྐབས་ཀྱང་བཞུགས། སྤུན་ཆེན་གཉིས་ཀྱི་སྐུ་རིང་ལ་ཡུལ་དགོན་གཉིས་སུ་ཆོས་སྲིད་ཀྱི་བསྟན་པ་དར་རྒྱས་སུ་བྱུང་ངོ་། དེ་རྗེ་དགའ་སྟོད་མཁས་པ་ཆེན་པོ་སོགས་བྱོན། བླ་མ་པདྨ་ལྷུན་གྲུབ་ནི་ཆོས་བདག་ཉིད་ཀྱི་སྤྲུལ་སྐུ་ཀོང་སྤྲུལ་རིན་པོ་ཆེའི་རྗེས་སུ་བཟུང་ཏེ་རྗེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་ངེས་ཡིན། ཐོག་མར་རང་ལོ་སུམ་ཅུའི་ཐོག་འོད་དགོན་བཀྲ་ཤིས་ཆོས་གླིང་གི་བསྟན་པའི་མངའ་བདག་མཛད་སྟེ་གསར་སྐྲུན་ཆེན་པོ་བྱས། འབྲུང་ཤོང་བླ་མ་པདྨ་རྡོ་རྗེས་འགན་ཁུར་ཕྱོགས་གཅིག་ནས་གནང་ཏེ་གོང་གི་གཙུག་ལག་ཁང་གཉིས་ཀྱི་དྲི་གཙང་ཁང་མཛད་ནས་ལྷ་ཁང་ཀ་རིང་བརྒྱད་ཅན་གསར་བཞེངས་མཛད། གྱང་ལྷ་ལ་བཀའ་མ་ཚོགས་ཆེན་འདུས་པ་བཀའ་དགོངས་ཕུར་གསུམ། ཡི་དམ་དགོངས་འདུས་ལྷ་གྲངས་ཡོངས་རྫོགས། བཀའ་སྲུང་གསང་བ་སྤུ་གྲི་བཅས་ཆ་ཚང་། རྗེ་འབངས་ཉེར་ལྔ། གྲུབ་ཆེན་བརྒྱད་བཅུ་སོགས་བཞུགས། ཡི་དམ་དགོངས་འདུས་པོད་བཅུ་གསུམ་སྤར་ཤིང་གསར་སྐྲུན་མཛད། བླ་མ་མགོན་པ་རབས་རྟན་སྤྲུལ་སྐུ་མཚོ་དབོན་པདྨ་བསྟན་འཛིན་གྱིས་སྤར་གཞི་བྲི་བ་དང་དག་བཅས་མཛད་ནས་མགན་ཁུར། ལྡེབ་གྲངས་༤༠༠༠ལྷག་ཙམ་ཡོད། གཞན་ཀར་གླིང་ཐོས་གྲོལ། བརྒྱད་སྟོང་། གསེར་འོད་ས་བཅུ་མ། ཐར་མདོ། ཆོས་སྤྱོད་སྐོར། ཇོ་དར། སྲུང་འཁོར་སོགས་སྤར་ལྡེབ་༧༧༢༠ཙམ་ཡོད། འདི་རྣམས་ད་ལྟ་ཉམས་གསོ་བྱས་ཡོད། གཞན་ས་སྐྱའི་དོ་ཧ་སྐོར། མི་ཕམ་གསུང་སྐོར། དཔལ་སྤྲུལ་གསུང་ཆོས་སོགས། སྡོམ་གསུམ་སྤྱོད་འཇུག་སོགས་མང་པོ་གཏོར་བརླག་སོང་། འདི་སྐབས་གྲྭ་༢༨༠ཙམ་ཡོད། ད་སྐབས་དུས་མཆོད་ལ་དབྱར་གནས། སྒྲུབ་གྲྭ། རྟ་མགྲིན་སྒྲུབ་མཆོད། ཚེས་བཅུ། དགུ་གཏོར། སྨྱུང་གནས། སོགས་རྒྱ་ཆེར་བཙུགས་ཡོད། འགྲོ་དོན་བསམ་གྱིས་མི་ཁྱབ་པ་བྱུང་། དགུང་གྲངས་བརྒྱད་ཅུ་རྩ་བཞི་ལ་གཤེགས་སོ། དེ་རྗེས་ཁྱིམ་པ་བླ་མ་བསོད་ནམས་ནོར་བུས་ལོ་ཤས་ལ་འགན་ཁུར་མཛད། དེ་རྗེས་མཚོ་དབོན་པདྨ་བསྟན་འཛིན་གྱི་ཐུགས་ཁུར་མཛད་ནས་ཡི་དམ་དགོངས་འདུས་དབང་ལུང་ལན་གཉིས་གསུང་། རྫོགས་ཆེན་འཁོར་འདས་རང་གྲོལ་གྱི་སྔོན་འགྲོ་ཞལ་ཁྲིད་གནང་། མཆོག་སྤྲུལ་འདི་ནི་མཁན་ངག་ཆུང་རིན་པོ་ཆེའི་རྗེས་སུ་བཟུང་ཏེ་ཐུགས་ཀྱི་བུ་ཆེན་བཅུ་གསུམ་ལས་སྙིང་ཐིག་བཀའ་གཏད་མངའ་གསོལ་བའོ། མཆོག་ཉིད་ཀྱི་དུས་ངན་གྱི་སྐབས་སུ། འགུ་རུའི་སྐུ་ཚབ། གྲྭ་ཆོས། སེ་ཚང་། ཨ་སྒྲུབ། ལོ་སྒྲོན་སོགས་སྙིང་ནོར་དམར་ཆ་ཐམས་ཅད་བླ་མ་འདིས་ཉར་ཚག་བྱས་ནས་ད་ལྟ་ལྷག་ཡོད། འབྲུང་ཤོད་སྟོབས་ལྡན་གྱིས་དཔོན་སྲིད་བཟུང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་བསྟན་པ་ངོ་མཚར་ཅན་གནས་པ་ཡིན། དེ་རྗེས་ཆུ་མཁར་བླ་མ་བློ་བཟང་དཔལ་ལྡན་ཨ་མདོ་བཀྲ་ཤིས་འཁྱིལ་དུ་གྲྭ་ས་ལོ་འཁོར་བཅུ་གཉིས་ལ་སློབ་གཉེར་བྱས་ནས་དགོན་གནས་འདིའི་དགོན་གཙོ་མཛད་ནས་ཡུལ་དགོན་གཉིས་ལ་[page 350] ཆོས་སྲིད་གཉིས་ཀྱི་ཁྲིམས་ལེགས་བཅོས་མཛད་ནས་དཔལ་སྤུངས་དགོན་ནས་བླ་མ་རྒྱ་མཚོ་གདན་དྲངས་ནས་ཚེས་བཅུ་གར་འཆམ་རྒྱས་པ་བཀའ་བརྒྱུད་པའི་རྒྱུན་ལྟར་བཙུགས། འདུལ་གཞི་གསུམ་ལྟར་གྱི་ཕྱག་ལེན་མཛད། དགེ་ཚུལ་སློང་གི་བསླབ་སྡོམ་ལེགས་བཅོས་མཛད། དབྱར་གནས། སྒྲུབ་གྲྭ་སོགས་ཐམས་ཅད་རྒྱས་པ་གོང་སྤེལ་མཛད། ཞལ་ཐང་ཆེན་མོ་ད་ལྟ་ལྷག་ཡོད། དཔོན་སྲིད་ནི་འཕེལ་ཚ་ཚེ་དབང་དཔལ་འབྱོར་གྱིས་བཟུང་། འདི་སྐབས་སྤྲུལ་སྐུ་གཉིས་ཡོད། དབོན་པོ་ལྔ། བླ་མ༡༨། འདུས་གྲྭ་༣༩༠ཙམ་ཡོད། ཆོས་སྲིད་གཉིས་ཀྱི་བསྟན་པ་ཤིན་ཏུ་དར་བ་བྱུང་ངོ་། སྔོན་དགོན་པ་རང་ལ་སྐད་གྲགས་ཅན་གྱི་སྐུ་གསུང་ཐུགས་རྟེན་མཆོད་ཆ་སོགས་ཤིན་ཏུ་མང་།
སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་པོ་ལ་རྟེན་ནས་དགོན་གནས་འདིར་ཆོས་སྒོ་སྤེལ་ཆོག་པའི་བཀའ་བཟང་པོ་ཐོབ། དེ་སྐབས་སྟག་འཇུག་བླ་མ་འོད་ཟེར་རྡོ་རྗེ་དགོན་འདིར་ཕེབས་ནས་དགོན་པའི་གཙོ་འགན་བཞེས་ཏེ་འདུ་གྲྭ་༥༠ཙམ་ཡོད་པས་ལྷ་ཁང་འཚོགས་ས་མེད་སྟབས་འཚོགས་གུར་ཆེན་པོ་ཞིག་གྲུབ་ནས། དགེ་ཚུལ་སློང་གི་བསླབ་སྡོམ་གནང་། ཡི་དམ་དགོངས་འདུས་ཀྱི་དབང་ལུང་བཙུགས། ཁོང་གི་ཡུལ་འབྲོག་ཀུན་ལ་དགོན་པ་ཉམས་གསོ་བྱེད་པའི་རྟེན་གཞི་མེད་པས། སློང་མོ་ལ་བརྟེན་ནས་སྒོར་༣༠༠༠༠དང་། ནས། རྟ་ཟོག སོགས་ལོན་པ་ལ་རྟེན་ནས། སྔོན་ལྷ་ཁང་ཀ་རིང་བརྒྱད་ཀྱི་ས་ཉམས་གསོ་བྱེད་རྒྱུའི་རྨང་གཞི་བཞག ཐོག་མར་ཇ་ཁང་ཀ་བ་༢༠ཙམ་གྱི་ཐོག་བརྩེགས་ཡོད་པ་གྲུབ། ལྷ་ཁང་གི་འོག་བརྩེགས་རི་བཞི་ཙམ་གྲུབ་མཚམས་སུ་སྨྱུང་གཞི་དྲག་པོ་ཐེབས་ཏེ་སྨན་དཔྱད་སོགས་ཀྱིས་མ་ཕན་དར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། བླ་མ་འོད་ཟེར་རྡོ་རྗེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ལ་མི་ལོ་༡༦ཙམ་ལ་དཔེ་ཆ་སློབ་གཉེར་བྱས་པ་ཡིན། ཡུལ་སྨད་འདི་ན་ཤིན་ཏུ་མཁས་པ་མཚན་ཉིད་པ་ཞིག་བྱུང་། དེ་རྗེས་འབྲུང་ཤོད་དཔོན་ཚང་གི་གདུང་སྲས་དཔོན་པོ་འགྱུར་མེད་བློ་གྲོས་རྣམ་རྒྱལ་གྱིས་༡༩༨༢ལོ་ནས་བཟུང་དགོན་པའི་གཙོ་འགན་ཁུར་བར་མཛད་ནས་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་ནས། ལྷ་ཁང་དེའི་ཐོག་བརྩེགས་སོགས་ལས་འཕྲོ་རྣམས་ཕྱི་ཡི་བཀོད་པ་ཙམ་འགྲུབ་སོང་། ནང་གི་རྟེན་དང་། བརྒྱན་བཀོད་སོགས་ཅི་ཡང་མེད། དེ་མཚུངས་སུ་འགྱུར་མེད་བློ་གྲོས་རང་ཉིད་ཀྱི་འབད་རྩོལ་རྟེན་ནས། སྒོར་ཉིས་ཁྲི་ལྷག་ཙམ་གྱི་གན་སྦྱིན་མཛད་ནས། གདུགས། རྒྱལ་མཚན། ཕུར་མ། དཀྱིལ་འཁོར་གྲྭ་ཆས། འཆམ་གོས་སོགས་བརྒྱན་བཀོད་རྣམས་ཕུན་སུམ་ཚོགས་པར་གྲུབ། གནའ་རྟེན་རྙིང་པའི་རིགས་ད་ལྟ་དངོས་ཡོད། སྟག་ཤམ་གཏེར་ཕུད་གུ་རུའི་སྐུ་ཚབ། ཐུབ་སྐུ་ལི་མ། རྡོར་སེམས་ལི་མ། སྒྲོལ་མ་ལི་མ། ཤང་ཚལ་བུ་སོགས་ལི་གཏེར་ཉུང་ཙམ་ལྷག་ཡོད། ཆོས་བདག་གཏེར་ཕུར་བཅས་ཡོད། རོལ་མོ་གྲྭ་ངུ་ཆོས་གཏེར་མ། སེ་ཚང་། ཨ་སྒྲུབ། ལོ་སྒྲོན་བཅས་ཡོད། ཡི་དམ་དགོངས་འདུས་ཞལགཐང་ཆེན་མོ། ཐང་ལྡེབ་ཙམ། [page 351] གོས་ཆེན་མཚོན་གྲུབ་གུ་རུའི་ཐང་གམོ་ཆེ། མཛད་བཅུ་གསེར་ཐང་སོགས་ཡོད། ཡི་དམ་དགོངས་འདུས་བྲིས་མ་ཆ་པོད་༥༠༠ཙམ། གསེར་བྲིས་བཀའ་འགྱུར་པོད་འགའ། གཞན་བཀའ་འགྱུར་ཆ་ལྔ། བསྟན་འགྱུར། ཡི་དམ་དགོངས་འདུས་སྤར་ཤིང་པོད༡༣ གྲྭ་བསོད་ནམས་རྡོ་རྗེས་འགན་གཙོ་བྱས་ནས་ཉམས་གསོ་བྱས་ཚར། དགེ་འདུན་འདུས་སྡེ་སྔར་གྲྭ་༤༠༠ཙམ་ཡོད། ད་སྐབས་གྲྭ་༡༦༠ཙམ། སྤྲུལ་སྐུ་གཅིག མཁན་པོ་ནི། བླ་མ་དགུ་ཡོད། གྲྭ་རང་ཉིད་ཀྱིས་བསྐོར་ཁ་བསོགས་ནས་རྟེན་གཞི་བྱེད་པ་ལས་གཞན་རྟེན་གཞི་ཅི་ཡང་མེད། ས་གནས་དེ་གའི་སྲིད་གཞུང་ནས་རྒྱབ་སྐྱོར་རོགས་རམ་བཟང་པོ་བྱེད་བཞིན་ཡོད།
དགོན་པར་བདག་གཉེར་རྩ་འཛུགས་ཡོད་ཅིང་། མགོན་བླ་དང་། ལྷ་གཉེར་སོགས་བཀོད་མ་གྱི་སྒྲིག་ལམ་ལས་འགན་སོ་སོར་ཡོད། དུས་མཆོད་ནི་ད་སྐབས་དབྱར་ཚོགས་རྟ་མགྲིན་སྒྲུབ་མཆོད། ནང་ཕུར་སྒྲུབ། སེང་གདོང་མ། དེ་མིན་སྔར་གྱི་ཚོགས་ཆ་ཚང་བ་ཚུགས་མེད། དུས་མཆོད་འཚོགས་བརྟེན་དང་དགོན་པ་ཡི་ཉམས་གསོ་བྱེད་རྟེན་སོགས་ཅི་ཡང་མེད་པས་དཀའ་ངལ་ཆེ་བ་ཡིན། ད་སྐབས་གྲྭ་ཁང་༥༠ཙམ་ལས་ཚར། དགོན་གནས་ནི་ཡུལ་སྡེ་དང་ཁ་ཐག་རིང་ས་རི་ངོགས་ཡིན། དེ་བསྐོར་ས་ཞིང་དང་ཡུལ་མི་ཁྱིམ་ཚང་སོགས་མེད། དགོན་པའི་རྒྱ་ཁྱོན་ཧ་ཅང་ཆེ། ༡༩༩༤ལོ་ནས་འགོ་རྩམས་ཏེ་ཆོས་བདག་བསམ་གཏན་བསྟན་འཛིན་མཆོག་གིས་སྔོན་གྱི་ལྷ་ཁང་དེ་ཉམས་གསོ་བྱེད་བཞིན་ཡོད། དབོན་མིང་འཛིན་པ་འགྱུར་མེད་བློ་གྲོས་རྣམ་རྒྱལ་ནས་བྲིས་པ་དགེ་ལེགས་འཕེལ།
སྔོན་བཙན་པོའི་སྐབས་བོན་གཤེན་རྣམས་ས་མཐར་སྤྱུག་སྐབས་གྲུབ་པའི་གཤེན་པོ་མི་ཉག་སྟག་གསས་བྱ་བ་མི་ཉག་ཡུལ་དུ་སྤྱུགས་ནས་དེ་སྐབས་ཉག་གི་ཡུལ་མི་རྣམས་ཀྱིས་རྨ་ལྷ་རྒོད་ཆེ་མཚན་གསོལ་ལོ། རྨ་ལྷ་རྒོད་ཀྱི་སྲས་སུ་ས་བྱ་ལོར་རྨ་གསང་བདག་ནམ་མཁའ་ཡེ་ཤེས་བྱ་བ་འཁྲུངས་ནས། ཁོང་གིས་ཡབ་ལ་སྔགས་སེམས་ཀྱི་བོན་རྣམས་གསང་ཐབས་སུ་ཞུས་ཏེ་ཉམས་སུ་བླངས། ཤིང་སྟག་ལོར་ཡབ་ཀྱིས་བཀའ་བཞིན་ཉག་ཤོད་ཨ་འཛི་རོང་དུ་བྱོན་ནས་ནག་ཕྱོགས་ཀྱི་འབྱུང་པོ་དང་། གཞི་བདག་དྲེགས་པ་ཅན་རྣམས་དམ་ལ་བཏགས། ཆུ་བོ་ཆེན་པོའི་ལོ་བརྒྱ་ཕྲག་ཁ་ཤས་སོང་བའི་སྔ་རབས་ཀྱི་ཡིག་རྙིང་ཞིག་ཏུ་ས་ཡོས་ལོ་ལ་ཉག་རོང་རི་ནུབ་ཏུ་གནའ་མིའི་སྐད་ལོག འབྲུག་སྣ་ལ་མི་ཉག་སྐད། འབྲུག་སྣེ་དཔོན་པོ་ཀླུ་རྒྱལ་ཞེས་པ་ནི། ས་དབྱིབས་འབྲུག་རྒྱུགས་པ་འདྲ་བའི་སྣེ་ལ་ཆགས་ཡོད་པས་དེ་སྐད་[page 401] བརྗོད་དོ། རི་ནུབ་ཟེར་བ་ཉག་ཤོད་ཀྱི་ཕྱོགས་བཞིར་སྒོ་སྲུང་བཞི་ཡོད་པའི་ནུབ་ཏུ་ཤང་ལང་བྲག་དཀར་རི་བརྒྱུད་ནུབ་ནས་ཤར་དུ་ལྟོས་པའི་མདོར་ཡོད་པས་རི་ནུབ་ཅེས་ཟེར་བ་ཡིན། སྐབས་དེར་ཉག་རོང་གི་སྤྱི་དཔོན་ཀླུ་རྒྱལ་གྱིས་གྲུབ་རྗེ་ནམ་མཁའ་ཡེ་ཤེས་ལ་དད་པ་ཚད་མེད་སྐྱེས་ཏེ། ཁོ་ཡི་དབུ་ཡི་མཆོད་གནས་བྱས། ཀླུ་རྒྱལ་གྱིས་བླ་མ་ལ་ཆེ་བའི་ཡོན་ཏན་སྒོ་ནས་བསྟོད་བསྔགས་ཀྱི་མཚན་གསང་བདག་ནམ་མཁའ་ཡེ་ཤེས་རྒྱལ་པོ་ཞེས་གསོལ་ནས་བསྟན་པའི་སྦྱིན་བདག་མཛད་པར་ཞུས། གངས་ཤོད་ས་ཆ་ནས་གནས་གཞིའི་ས་ཞིང་ཕུལ། རག་མེ་ཞེས་མི་ཉག་སྐད་འབོད་བྲག་དམར་མདོ་རྩ་ཞེས་དར་ནི་མདོར། དཔོན་ཀླུ་རྒྱལ་གཙོས་ཡུལ་མི་རྣམས་ཀྱིས་ལྷ་ཁང་བཞེངས། བླ་མའི་བཞུགས་གནས་ཕུལ། བོན་འཆད་ཉན་བྱས། བླ་མས་ཐུགས་དགྱེས་པ་ཆེན་པོའི་ངང་ཁོང་གི་མཚན་ལས་དྲངས་ཏེ་ཡེ་ཤེས་དགོན་པ་ཞེས་བཏགས་པར་གྲགས་ནས། ས་ཆ་དེ་ལ་ད་ལྟ་ལྷ་ཁང་ཐང་ཞེས་འབོད། དེའི་ཆུ་མདར་ལྷ་ཁང་མདོ་ཞེས་པའི་རྒྱུ་མཚན་དེ་ནས་བྱུང་བ་ཡིན། གྲུབ་རྗེས་བླ་མ་དེ་ཉིད་ཚེ་ཡི་གྲུབ་པ་ཐོབ་པ་ཡིན་སྟབས་རྒྱལ་གྱི་སྲས་ཀླུ་མགོན། དེའི་སྲས་ཀླུ་སྐྱབས་བར་མཆོད་གནས་མཛད་པ་ཡིན། གསང་བདག་ནམ་མཁའ་ཡེ་ཤེས་སྐུ་འདས་བཞུགས་ཀྱི་ཐ་སྙད་དང་བྲལ་བས་འཕོ་བ་ཆེན་པོའི་སྐུར་མངོན་དུ་གྱུར་ཏོ། ཁོང་གི་སྐུ་ཚབ་ལ་ཅང་མཁར་སྤོ་སྦྱིན་པ་རྒྱལ་མཚན་ལ་གསང་གདམས་དམར་ཁྲིད་རྣམས་གནང་ནས་བརྒྱུད་འཛིན་དུ་མངའ་གསོལ་ལོ། ཞར་བྱུང་གསལ་བཤད། ཅང་མཁར་སྤོ་ཞེས་པ་གནའ་སྐད་ཀྱི་བོན་པོར་ཟེར། སྐབས་དེ་ཙམ་ན་སྤྱིར་ཉག་ཡུལ་དུ་གྲུབ་ཆེན་དབལ། བརྡ། ཁྱུང་གསུམ་དང་། ཆ་ཡུལ་དུ་གྲུབ་བརྒྱུད་འཛིན་པ་བྱོན་ནས་དབའ་ཁྱུང་དགོན། བཞག་འགྲོ་མགོན་སོགས་བཏབ་པར་མཛད། དེར་མ་ཟད་གླ་ཁོག་སྨད་དུ་བརྒྱད་ཅུ་གྲོང་གི་བོན་དགོན། (གསས་བུ་ཡས་གྲོང་། མས་གྲོང་ཆགས་སྐབས་ཡིན། དེང་སང་བོ་སྒར་གཤེལ་ཟེར་)སོགས་ཧ་ཅང་སྔ་བའི་དགོན་པ་ཡིན། དཔེར་ན་གླ་སྨད་བོན་དགོན་གཤིས་ཟེར་བ་དང་། བོན་གྱི་གཞི་བདག་གཡུང་དྲུང་ལྷ་རྩེ། ལྕགས་བརྐོ་དང་འདྲ་བ་བར་དུ་གཞི་བདག་རྫི་མ་གཡུང་དྲུང་དཔལ་ལྡན་ཟེར་བའི་མིང་རྣམས་ནི་ཐ་ཚིག་བོན་ལ་བཞག་རྒྱུ་རྟགས་མཚན་ཁྱད་པར་ཅན་མཚོན་བས་དེ་ཙམ་མོ། གོང་གི་ཀླུ་རྒྱལ་གྱི་སྲས་རྒྱུད་ཀླུ་ཐར་གྱིས་དར་རི་སྦྱིན་པ་རྒྱལ་མཚན་མཆོད་གནས་སུ་བཀུར་ནས། སྐུ་ཚེ་སྟོད་ལ་ཡེ་ཤེས་དགོན་དུ་བཞུགས་ནས་བོན་སྤྱོད་བྱ་བར་གནང་། སྐུ་ཚེ་སྨད་ནས་དགོན་དང་འཁོར་སློབ་སྦྱིན་བདག་བཅས་དོར། དར་རི་སྒང་ལ་རི་ཁྲོད་བཏབ། ཚེ་དང་སྒྲུབ་པ་མཉམ་ཏེ་ཕྱག་ཞབས་ཀྱི་སེན་མོ་ཙམ་ལས་མ་ལུས་པར་སྐུ་འཇའ་ལུས་སུ་གཤེགས་སོ། བླ་མ་འདའ་ཁར་ཀླུ་ཐར་གྱིས། བདག་མོ་ཕྲ་ལི་བུ་མོ་རིགས་བཟང་སྐྱེ་བ་ཅན་དད་ལྡན་སློབ་མོའི་གྲལ་ཡིན་པས་ཞལ་ཆེམས་གནང་རྒྱུར། ངེད་ཀྱི་ཕྱག་ཞབས་ཀྱི་སེན་མོ་རྣམས་ས་གནས་ཁྱད་པར་ཅན་ཉི་ཤུ་ལ་ཁྱེར་ནས་མཆོད་རྟེན་རེ་བཞེངས་གསུངས་པ་བཞིན། མོས་ལྷ་ཁང་ཐང་བླ་མའི་གདན་[page 402] ས་དང་། ད་བཞིན་ལྷ་ཁང་མདོ། མཆོག་དགེ ཤོད་རིང་། ཡུལ་ནང་། གྱ་བཟི་སོགས་ལ་མཆོད་རྟེན་རེ་བཞེངས་ཏེ་ཕྱག་སོར་རེ་བཞུགས་སུ་གསོལ་བའི་རྟེན་ཞིག་ཤུལ་གྱི་ས་ཕྲང་ལ་བསྐོར་བ་ད་ལྟའང་བྱེད་མཁན་ཡོད་དོ། གཞན་ཡང་བླ་མ་དེ་ལ་སློབ་མ་མཆོག་གྱུར། ཨ་མི་རྟོགས་ལྡན་དང་། ཨ་ནེ་རང་གྲོལ་མ་སོགས་བྱོན་མྱོང་ངོ་། བསྟན་སྦྱིན་ཀླུ་ཐར་དང་། ཕྲ་ལི་བདག་མོ་གཉིས་ལ་སྲས་རྒྱུད་ཆད་སོང་། བླ་མས་ཀྱང་ཞིང་ཁམས་གཤེགས་མཐར་དར་ནི་མདོའི་དགོན་པ་འཐོར་སོང་འདུག དེ་རྗེས་རི་ནུབ་ཀྱི་དཔོན་དེ་ལྕགས་མདུད་འབྲུ་སྒ་ལྡན་ཆོས་སྐྱོང་བེར་ནག་ཟེར་བའི་བཟུང་རབས་བཤད་པ་འདིར་གླེང་མེད།
དེ་རྗེས་ད་ལྟའི་ཡེ་ཤེས་དགོན་པ་འདི་ལ་གྲུབ་པའི་གདུང་རབས་སྒོ་ནས་བླ་མ་བྱོན་ཚུལ་ནི། རབ་བྱུང་ལྔ་བའི་སྐོར་ཙམ་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་གདུང་སྲས། ཁོད་སྤྲུངས་བློ་གྲོས་རྒྱལ་མཚན་ལས་གྱེས་པའི་ཁོད་སྤུངས་སྐུ་ཡི་ཕུག་པ་དང་། མི་ནུབ་བ་བྱུང་བ་ལས་ཡེ་ཤེས་དགོན་དུ་ཁོད་སྤུངས་སྒྲུབ་གཤེན་སྣང་ལྡན་གྱི་རྒྱུད་པ་ཁོད་སྤྲུངས་གསང་མཆོག་སོགས་བྱོན་པ་ཡིན།
རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོར་གྲུབ་ཆེན་པད་མ་བདུད་འདུལ་མཆོག་གདན་དྲངས་ས་འདུལ་མཛད། སྟོང་ལྡན་མགོན་པོས་བསྟན་སྦྱིན་ཞུས། ལྷ་ཁང་ཀ་རིང་བཞི་བ་ཞིག་བཞེངས། ཡེ་ཤེས་སྤོས་མདུད་དགོན་ཞེས་མཚན་གསོལ་བ་ཡིན། དགོན་པ་འདི་བཏབ་ནས་ལོ་༢༧༤སོང་། དེ་སྐབས་དགོན་བདག་དེ་ཁྱུང་འཁོར་བླ་མས་མཛད། གཞན་ཡང་དགོན་གནས་འདིར་བན་བོན་གཉིས་ཀྱི་སྐྱེས་མཆོག་དམ་པ་ཀུན་གྲོལ་ལྔ་པ་བདུད་འདུལ་གླིང་པ་དང་། ལྕང་ལུང་མཁས་གྲུབ་ཆེན་པོ་གཡུང་དྲུང་བསྟན་རྒྱལ་ལམ་མཁས་བཙུན་རིང་མོ། བྱང་པ་གྲུབ་ཆེན་ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ། ཁྲོ་ཟུར་བསྐལ་བཟང་སྡེ་བཙན། མཚོ་ཕུ་རྡོ་རྗེ་བདུད་འདུལ་སོགས་སྐུ་དངོས་ཞབས་ཀྱིས་བཅགས། བརྟན་བཞུགས་རབ་གནས་མཛད་དེ་བྱིན་གྱིས་བརླབས་པའི་དགོན་གནས་ཡིན། རབ་བྱུང་བཅོ་ལྔ་བའི་ས་སྤྲེལ་ལོར་ཤར་རྫ་པ་གྲུབ་དབང་རིག་པ་རང་ཤར་མཆོག་དང་། དེའི་ཐུགས་སྲས་དང་པ་ཟླ་བ་གྲགས་པ་འཇའ་ལུས་པ་རྣམ་གཉིས་དགོན་སྡེ་འདིར་བྱོན། མདོ་སྔགས་རྫོགས་ཆེན་གསུམ་གྱི་གདམས་པ་ཟབ་མོ་རྣམས་གནང་སྟེ། བྱིན་རླབས་ཐུགས་སྨོན་རྒྱ་ཆེར་མཛད་དོ། ལྕགས་ཕག་ལོར་རིག་འཛིན་བེེ་རོའི་དངོས་སྤྲུལ་གཏེར་ཆེན་གསང་སྔགས་གླིང་པའི་ཕུར་པའི་སྒྲུབ་ཆེན་མཛད་དེ། ད་ལྟ་ཚོགས་ཁང་ཆེན་མོ་ཀ་རིང་བརྒྱད་དང་གཙང་ཁང་བཅས་གསར་བཞེངས་མཛད། ཡང་ས་སྦྲུལ་ལོར་གཏེར་ཆེན་མཆོག་གིས་དགོན་གནས་འདི་དང་། གཞན་བོན་དགོན་ཁག་གི་བླ་སྤྲུལ། དཔེར་ན་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་དབུ་མཛད་ཡེ་ཤེས་དགོན་པའི་བླ་གྲྭ་སོགས་སུམ་བརྒྱ་གྲངས་དང་། ཡུལ་མི་ཕོ་མོ་སྟོང་ལས་བརྒལ་བ་ཙམ་ལ་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་གནང་། བཀའ་གཏད་རྗེས་[page 403] གནང་བཅས་ཐོབ་བོ། ཕྱིས་སུ་དགོན་གནས་འདི་ཉིད་འཛིན་སྐྱོང་མཛད་མཁན་ཁྱུང་བོ་ཉི་མ་རྒྱལ་མཚན་དང་། དེའི་དབོན་རྒྱུད་གཡུང་དྲུང་བདུད་འདུལ་རྣམ་གཉིས་ཡིན། ད་ལྟ་ཕྲིན་ལས་ཀུན་ཁྱབ་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་བདག་གཉེར་གཙོ་འགན་གཞོན་པའི་འགན་བཞེས་ཡོད། མཁས་པའི་གདན་རབས་ངོས་ནས་སུམ་ལྡན་ངུར་སྨྲིག་འཆང་བ་གཤེན་བསྟན་སྨན་རིའི་མཁན་བརྒྱུད་འཛིད་པ་དྲང་སྲོང་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་མཆོག་རྒྱལ་གཙོར་མཛད། དགོན་གནས་འདིར་འདུལ་གཞི་གསུམ་དང་མཐུན་པའི་ཕྱག་ལེན་གནང་། དེ་མཚུངས་པད་མ་བློ་གྲོས། བསོད་ནམས་ཚེ་དབང་། བསོད་ནམས་ཆོས་འཕེལ། བསྟན་འཛིན་དབང་རྒྱལ་སོགས་འདུལ་འཛིན་པ་མང་ཙམ་བྱོན་མྱོང་། ད་ལྟའི་ལས་ཐོགས་མཁན་པོ་གཡུང་དྲུང་བསྟན་འཕེལ་ལོ། ཨ་གཡུང་གཤེན་བསྟན་མཐའ་རྒྱས་ནི་དགོན་གནས་འདིའི་བླ་མ་སྐུ་སྐྱེས་མ་ཡིན། ཚུལ་ཁྲིམས་མཆོག་རྒྱལ་གྱི་ཡང་ཚ་ཞིག་ཡིན། ཨ་གཡུང་བདུད་འདུལ་གཉིས་ནི་དགོན་འདི་ལ་ཞབས་ཞུ་ཞུ་འདོད་ཆེ་བ་ཞིག་ཡིན། ཡེ་ཤེས་དགོན་པ་ལ་དམངས་གཙོའི་བཅོས་བསྒྱུར་མ་བྱེད་གོང་གྲྭ་བ་༦༡༣དང་། བླ་མ་༡༧ མཁན་པོ་དང་སློབ་དཔོན། གྲྭ་སར་གནས་སྐོར་བ་༢༧བཅས་ཁྱོན་བསྡོམས་བླ་གྲྭ་ཡོངས་རྫོགས་ཉིས་བརྒྱ་དང་སུམ་ཡོད། དེ་སྐབས་དགོན་པར་རྟེན་རྩ་ས་ཞིང་གཞིས་ཁག་དྲུག ས་ཁལ་གོ་གསུམ་ས་ཡོད། འབྲོག་ནོར་ཁག་དུད་ཀ་གཉིས་གནག་ཕྱུགས་བརྒྱ་དང་སུམ་ཅུ་ཡོད། དགོན་ཞབས་སོགས་སུ་གཏེ་གནས་དུད་ཚང་བརྒྱ་དང་གྱ་གསུམ་ལ་འབྲུ་ཁལ་སུམ་ཅུ་བསྡུ་རྒྱུ་ཡོད། ནས་དང་དངུལ་གྱི་བུན་རྣམས་སྤྱི་པ་ཁག་གིས་འགན་ཁུར་རྒྱུ་ཅན་མི་ཉུང་བ་ཡོད།
ལོ་རེའི་ནང་ཚོགས་པ་འཚོགས་རྒྱུ། ཟླ་བ་བཞི་པའི་ནང་ཤར་རྫའི་དུས་མཆོད་ཉིན་བདུན། ཟླ་བ་གསུམ་པར་དབྱར་བཅའ་གནས་སྦྱོང་པ་ཟླ་བ་གཅིག་བཞུགས་དགོས། ཟླ་བ་ལྔ་པའི་ནང་ཐེག་ཆེན་ལུགས་ཀྱི་བསྙུང་གནས་ཆ་བཞི། ཟླ་བ་དྲུག་པའི་ནང་རིག་འཛིན་གསང་སྒྲུབ་ཀྱི་གར་འཆམ། སྤྲུལ་པའི་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གཏེར་ཆོས་དག་སྣང་ཟུང་འབྲེལ་ལས་བྱུང་བའི་རྒྱལ་ཐུགས་ཀྱི་བསྟན་པའི་བདག་ཉིད་འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་ཞིང་ཁམས་མཐོང་གྲོལ་ཆེན་མོ་ལ་སྟ་གོན་འཆམ། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་བདུན་པའི་མཇུག གནམ་གང་ལ་དགག་དབྱེ། བརྒྱད་པའི་ཚེས་ལྔ་ལ་གྲོལ། ཟླ་བ་དགུ་པའི་ཚེས་བཅོ་བརྒྱད་ནས་སྟག་ཕུར་གཉིས་ཀྱི་གཏོར་བཟློག་ཉིན་བདུན། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཟླ་མཇུག་བར་ཉིན་བཅུ་དྲུག་འཚོགས། ཁྲོ་ཕུར་ཞང་གསུམ་སྒྲུབ་ཆེན་ཚེས་ཉེར་བརྒྱད་བར་འཚོགས་ནས་ཉི་ཁོག་གཏོར་རྒྱག་ཉེར་བརྒྱད། ཚེས་གར་འཆམ། ཐང་མོ་ཆེན་བསྟོད་པ་དང་འབྲེལ་རྣམ་བརྒྱད། ཀེང་རུས་རྔ་ཅན། སེང་གེ ཤ་འབྲུག རྩ་འཆམ། དབལ་གསས། སྟག་ལྷ་རྔ་འཆམ། སྲིད་རྒྱལ་དུས་དྲུག མི་བདུད་དང་བཅས་པ་ནི་སྨན་རི་ཕྱག་ལེན་ལྟར་རོ། །
[page 404] དམངས་གཙོའི་བཅོས་བསྒྱུར་དང་། བཞི་རྒོལ་ལས་འགུལ་སྐབས་ཡེ་ཤེས་དགོན་ཡུལ་གཉིས་ཀྱི་སེར་སྐྱ་རྣམས་ངོ་ལོག་འཁྲུགས་པར་མ་ཞུགས་ཁྲིམས་མཐུན་བསྡད་པར་བརྟེན་སོར་བཞག་གི་དགོན་པ་བྱས་ཏེ་སྲུང་སྐྱོབ་གནང་། རྒྱུན་བཞུགས་བླ་གྲྭ་རྩ་འཛུགས་བྱས། འཚོ་ཐད་བལྟ་རྟོགས་ཐོབ་ཡུལ་ཡིན། རིག་གནས་གསར་བརྗེའི་སྐབས་རྟེན་དང་བརྟེན་པ་བཅས་གཏོར་བཤིག་བཏང་ནས་རྨིང་མེད་བྱས་སོ། དེ་ནས་༡༩༨༣ལོར་སི་ཁྲོན་ཞིང་ཆེན་གྱི་ཆོག་མཆན་ལྟར་རྒྱ་ར་སྡེ་ཤོག་གིས་འགན་ཁུར་ནས་ཡེ་ཤེས་དགོན་པའི་ཆོས་སྒོ་ཕྱེ་རྒྱུའི་ཁྱབ་བསྒྲགས་བྱས། དགོན་པ་སླར་གསོའི་ཐད་སྔར་སོར་བཞག་སྲུང་སྐྱོབ་ཐོབ་པའི་ཡུལ་ཡིན། སྔ་ཕྱི་མི་དམངས་ཤོག་སྒོར་ཁྲི་ཉེར་གསུམ་གནང་བྱུང་བར་བརྟེན་གྲྭ་ཚང་རང་དང་། ཡུལ་མི་རྣམས་ཀྱིས་རོགས་སྐྱོར་སོགས་ཀྱིས་ད་ལྟ་དགོན་པའི་ཚོགས་ཁང་ཆེ་བ་ཀ་རིང་བརྒྱད་པ་དང་། སྤྱི་གཉེར་ཁང་། ཇ་ཁང་། རྔ་བསྒྲག་ཁང་། གྲྭ་ཁང་བརྒྱད་བཅུ་ཙམ་གྲུབ་ཡོད། ཨ་གཡུང་གིས་འགན་ཁུར་ནས་ཟུར་དུ་བཤད་སྒྲུབ་ཁང་ཡང་སྐྱར་གསོ་བཞིན་ཡོད། མཐར་དུང་འཁོར་བཞེངས་ཡོད། གང་ཐད་ཆ་ཚང་ཙམ་ཡིན། ནང་རྟེན་སྐོར་སྨན་སྐུ་རྣམས་དང་། ལྡེབས་རིས་སོགས་སྔར་བཞིན་མ་བྱུང་ཡང་རྩ་བའི་ཐོག་བཞེངས་ཡོད། ད་ལྟ་ལ་ཡེ་ཤེས་དགོན་དུ་བླ་གྲྭ་ཡོངས་རྫོགས་བརྒྱ་དང་དྲུག་ཅུ་ཙམ་ཡོད། ཡེ་ཤེས་དགོན་གྱི་མངའ་ཁོངས་སུ་ཡུལ་མི་ལྷ་སྡེ། རྒྱ་ར་སྡེ་ཤོག མར་ཆད་སྡེ་ཤོག ལ་རྐེད་སྡེ་ཤོག གྲོང་བརྡལ་བཅས་ཆ་ཚང་མིན་ཀྱང་སྡེ་དུད་སུམ་བརྒྱ་ཙམ་ཡོད་པ་འདྲ།
ཉག་སྨད་ར་ལོ་བསམ་གྲུབ་དགོན་པ་ནི། ཉག་ཨ་འཛི་རོང་གི་སྨད་ཁྱོན་ཡུལ་ཞེས་པ་སྔོན་བ་རི་ལོ་ཙྰ་བས་ཞབས་ཀྱིས་བཅག བྱིན་གྱིས་བརླབས་པ་ཡིན་ཞེས་གནའ་མིའི་ངག་རྒྱུན་སྣང་། ཕྱིས་སུ་རབ་བྱུང་བཅུ་གསུམ་པའི་ནང་ཁྱུང་པོ་བླ་མ་དཔལ་ལྡན་འོད་ཟེར་ནས་དགོན་པ་གསར་བཏབ་མཛད་ཅིང་། ར་ལོ་བསམ་གྲུབ་དགོན་ཞེས་མཚན་གསོལ། དགོན་འདི་གྲུབ་མཐའ་ས་སྐྱ་ཡིན། ཆོས་རྒྱུད་ངོར་ལུགས་དང་ཚར་ལུགས་གཉིས་ལས་འདི་ངོར་ལུགས་ཀྱི་ཁོངས་སུ་གཏོགས་ཤིང་། སྔོན་ངོར་ལུགས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་ཁྱབ་བྱུང་། ཁྱད་པར་དུ་ས་སྐྱ་པཎ་ཆེན་རིན་པོ་ཆེ་དང་འགྲོ་དགོན་ཆོས་འཕགས་གཙོས་སྒ་ངག་དབང་ལེགས་པ་འཇམས་དབྱངས་མཁྱེན་རྩེ་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ། སྡེ་གཞུང་ཆོས་འཕེལ་སོགས་མཁས་གྲུབ་ཀྱི་སྐྱེ་བུ་དམ་པ་མང་པོའི་ཞབས་ཀྱིས་བཅག་ནས་ཟབ་རྒྱས་ཆོས་ཀྱིས་སྨིན་གྲོལ་གནང་། དགོན་འདིའི་བླ་རབས་ཁྱུང་པོ་བླ་མ་དཔལ་ལྡན་འོད་ཟེར་ནས་བྱམས་པ་ཀུན་དགའི་བར་བླ་རབས་བཅུ་གསུམ་བར་མ་ཆད་པར་བྱོན། སྐྱེས་བུ་དམ་པ་དེ་རྣམས་ཀྱིས་བཞེངས་པའི་རྟེན་གྱི་གཙོ་བོ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་གསུམ་དང་བསྟན་འགྱུར་ཆ་གཅིག་ས་དགེ་རྙིང་གསུམ་གྱི་བཀའ་འབུམ་ཆ་ཉི་ཤུ་ཙམ་དང་། རྒྱུ་སྨན་འདམ་ལས་གྲུབ་པའི་བྱམས་པ་བརྩེགས་ཚད་མ་དང་སངས་རྒྱས་གཙོ་འཁོར་གསུམ་མི་ཚད། ཐང་ག་ལྔ་བཅུ་ཙམ་བཅས། གཞན་ཡང་དུང་འཁོར་ཆེ་མོ་གསུམ་དང་འཁོར་ཆུང་ཉིས་བརྒྱ་ལྷག་ཙམ་ཡོད། མཆོད་རྫས་འཕན་ཡོ་བྱད་ཆ་ཚང་དང་། རོལ་མོ་སྐོར་ཆ་སུམ་ཅུ་ཙམ་ཡོད། དེའི་ནང་སྐད་གྲགས་ཅན་གྱི་གྲ་ཉི་ཟེར་མ་ཆ་གཉིས། རྒྱ་ཧོར་ཆལ་གཉིས། འདམ་ཆལ་ཆ་ལྔ། ཧོར་ཆལ་ཆ་གཅིག གསེར་གྱི་རྒྱ་གླིང་ཆ་གསུམ་སོགས་ཡོད། བར་སྐབས་སུ་ཐམས་ཅད་རྩ་བརླག་ལ་སོང་། དེང་དུས་བསྟན་པ་ཉམས་གསོ་རྗེས། ལྷ་ཁང་ཀ་རིང་བཞི་པ་བང་བ་གཉིས་བཅས་གསར་དུ་བཞེངས་ནས་ཕྱིའི་བཀོད་པ་ནང་གི་རི་མོ་བཅས་སྤུས་ལེགས་གྲུབ་ཡོད། རྟེན་གྱི་གཙོ་བོ། དུས་གསུམ་སངས་རྒྱས། ས་སྐྱ་གོང་མ་རྣམ་ལྔའི་སྐུ་མི་ལུས་གང་ཅན། མགོན་[page 362] ཁང་དུ་ས་སྐྱའི་གུར་མགོན་དང་སྲུང་མའི་སྐུ་ལུས་ཚད་མ། གསེར་སྐུ་ཁྲུ་གང་ཅན་གཅིག ཐང་གའི་སྐོར་གུ་རུ་གཙོ་འཁོར་གསུམ། ས་སྐྱ་གོང་མ་རྣམ་ལྔ། བདེ་ཆེན་ཞིང་བཀོད། ངོར་ཆེན་རྡོ་རྗེ་འཆང་བཅས་ཐང་མོ་ཆེ་བཞི། མཛད་པ་བཅུ་གཉིས་ཐང་ལྡེབ་བཅུ་གཉིས། གསུང་རབ་སྐོར། སྡེ་དགེ་ཤིང་སྤར་གྱི་བཀའ་འགྱུར་ཆ་གཅིག ས་སྐྱའི་བཀའ་འབུམ། ངོར་ཆེན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ་གཙོས་པའི་བཀའ་འབུམ་ལྔ། སྡེ་དགེའི་སྤར་མ་ཆ་གཅིག ས་སྐྱའི་ལམ་འབྲས་ཆ་ཚང་། སྤར་ཤིང་སྐོར། མ་ཎི་ཡིག་བརྒྱའི་ཇོ་དར་བཅས། ཡིག་བརྒྱ་དུང་འཁོར་གསུམ། རོལ་མོ་གྲ་ཉི་ཟེར་མ་རྒྱ་ནག་གི་འདར་ཆལ་གསར་པ་གཅིག ཟངས་རག་གི་རྒྱ་གླིང་ཆ་གཅིག དུང་དམར་ཆ་གཅིག་རྐང་གླིང་ཆ་གཅིག དུང་དཀར་བདུན། མཁར་རྔ་རྙིང་པ་སྐེད་ཅན་བཞི། རིན་ཆེན་ཁྲི་རྐད་བཞི། ཀོང་བུ་བརྒྱ་དང་བཅས་ཡོད།
དགོན་པ་འདི་ནི་ཀཿ་ཐོག་བྱམས་པ་འབུམ་གྱི་སློབ་མ་འབྲུ་ཚ་སྒང་རིན་ཆེན་གྱིས་རབ་བྱུང་ལྔ་པའི་ཆུ་འབྲུག་ལོར་བཏབ། ཀཿ་ཐོག་སིདྷུའི་གནས་ཡིག་ལས་ཀརྨ་མཐོང་བ་དོན་ལྡན་དང་ཀརྨ་ཆོས་གྲགས་རྒྱ་མཚོ། ཀརྨ་མཁའ་ཁྱབ་རྡོ་རྗེ་སོགས་དགོན་པ་འདིར་ཕེབས་ནས། སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཁྲིད་བཅས་ཀྱི་བཀའ་དྲིན་བསྐྱངས་ཚུལ་ཡིག་རྙིང་དང་ངག་རྒྱུན་འདུག དེའི་རྗེས་སུ་བཀའ་རྒྱུད་གྲུབ་བླ་ཐར་པ་རྒྱལ་མཚན་བྱོན་ནས་ཞབས་རྗེས་ཀྱང་མཇལ་རྒྱུ་ཡོད་པར་གྲགས། ཀཿཐོག་རིག་འཛིན་ཆེན་པོ་ཀློང་གསལ་དགོན་པ་འདིར་ཕེབས་ནས། ཉིད་ཀྱི་ཕྱག་བཟོ་ཨོ་རྒྱན་འདྲ་སྐུ་བཞེངས་པ་ད་སྐབས་ཀྱང་342འཇལ་རྒྱུ་ཡོད། དེ་རྗེས་ལྕགས་མདུད་ཤེས་རབ་རྒྱལ་མཚན་བྱོན་ཏེ། གུ་དྲག་མེ་འཁྱིལ། བཀའ་བརྒྱད་གསང་རྫོགས། མ་ཏིའི་སེང་གདོང་། རྐང་འབུམ། མགོན་ནག་བཅས་ལ་བཅའ་ཆོག་རྔ་འགྲིགས་འབུད་དཀྲོལ་རྣམས་གཏེར་རྙིང་དུ་གྲགས་པའི་སྲོལ་རྒྱུན་ད་ལྟའི་བར་མ་ཉམས་པར་ཡོད། རབ་བྱུང་བཅུ་གཉིས་པའི་ནང་རབ་རྒྱས་རྡོ་རྗེ་གྲགས་པ་ཞེས་པའི་བླ་མ་དེས་དགོན་རྙིང་འདིར་འཛིན་སྐྱོང་སྤེལ་བའི་ལོ་རྒྱུས་ཤིན་ཏུ་མང་། གོང་དུ་བཤད་པའི་རྗེ་འདི་རྣམས་ཀྱི་སྐུ་དུས་ལ་རང་རང་གྱི་གྲུབ་མཐའ་གང་ཡིན་དེའི་ཆོས་རྒྱུན་དར་སྤེལ་བྱུང་།
དགོན་པ་དངོས་ཕྱག་བཏབ་ཚུལ་ནི། ལྷོ་བྲག་འཇའ་ལུས་ཆེན་པོས་དངོས་སློབ་ལྷུན་གྲུབ་རྡོ་རྗེ་ལ་ཀརྨེ་ཐང་འདིར་དགོན་པ་འདེབས་པའི་དུས་འབྱུང་གསུངས་ནས་ཕྱག་མཁར་གྱི་རི་མོ་བྲིས་པ། ཐོག་མར་མཆོད་རྟེན་བཞེངས་དགོས་གསུང་བས་ས་འདུལ་མཛད་པ་ཡིན། དེ་རྗེས་ཨོ་རྒྱན་ཐུགས་གཏེར་གླིང་བ་ཤར་རྒྱལ་མོ་ཚྭ་བ་རོང་དུ་བཞུགས་ཚེ། མ་མོ་སྔགས་ཀྱི་སྲུང་མ་དང་དམ་ཅན་རྡོ་རྗེ་ལེགས་པ་གཉིས་ཀྱིས་ཀྱང་ཉག་གི་སྨད་ཕྱོགས་ཀརྨེ་ཐང་ལ་དགོན་པ་འདེབས་པའི་ལུང་བསྟན་བྱུང་ཚུལ་ལོ་རྒྱུས་མང་དུ་མཆིས། རྒྱ་རོང་གཏེར་ཆེན་ཧོར་ཟླ་དགུ་པའི་ཚེས་གཅིག་ལ་ཡུལ་འདིར་ཕེབས་དུས་ཆུ་ལ་དར་ཆགས་པ་ཡུལ་འདིའི་གཞི་བདག་འཁོར་དང་བཅས་པ་རྣམས་ཀྱིས་བསྐུ་མ་བྱེད་རྒྱུ་གཏེར་ཆེན་ཉིད་ཀྱི་ཐུགས་ལ་ཤར་བ་དང་། རྒྱབ་ནས་སྐྱེལ་མ་དང་ལྡན་སེར་སྐྱ་རྣམས་ཀྱིས་བྱེད་པའི་རྟགས་དུ་མ་ཤར་ནས་གདན་ས་འདིར་ཕེབས་ཏེ། རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོའི་ས་ག་ཟླ་བའི་ཡར་ཚེས་ལ་གླིང་སྐྱེས་དང་ཨ་སངས་རྣམས་ཀྱིས་ཡོན་བདག་བགྱིས་ཏེ་དགོན་རྙིང་སྤོར་ནས་རི་སྣེ་ཀརྨེ་ཐང་ལ་གཏེར་ཆེན་ཉིད་ཀྱིས་དགོན་གསར་དུ་བཏབ་པ་ཡིན།
རབ་རྒྱས་ནོར་བུ་ཆོས་གླིང་གི་གདན་རབས་ཐོག་མ་རྡོ་རྗེ་གྲགས་པ་ཞེས་པའི་མཁས་ཤིང་གྲུབ་པའི་བླ་མ་དེ་ཉིད་ཡིན་ལ། དེའི་རྣམ་ཐར་རྒྱས་པ་མི་གསལ་ཀྱང་དགོན་འདིའི་བསྟན་པའི་བདག་པོ་ཡིན་པ་ལ་ལོ་རྒྱུས་ཤིན་ཏུ་མང་། དེ་རྗེས་ཥན་ལན་བླ་མ་སྣ་རིང་གིས་དགོན་འདི་འཛིན་སྐྱོང་སྤེལ་པའི་ལོ་རྒྱུས་མང་། དེ་ནས་རྒྱ་རོང་ཨོ་རྒྱན་ཐུགས་གཏེར་གླིང་པ་བྱོན་ནས་དགོན་རྙིང་དགོན་གསར་དུ་བསྒྱུར་བའི་ལོ་རྒྱུས་ཡོད། དེའི་སྲས་ཐེག་མཆོག་བསྟན་འཛིན་དང་རྒྱལ་སྲས་ཀུན་བཟང་རང་གྲོལ་གཉིས་ཀྱིས་བསྐྱངས་བར་མཛད། རྒྱལ་སྤྲུལ་ཀུན་བཟང་རང་གྲོལ་ནི་དགོན་པའི་དོན་དུ་ལྷ་སར་འཕན་གདུགས་ཡོ་ཆས་ཉོ་བར་བྱོན་པས་མི་ངན་གྱི་དུག་དྲངས་ནས་སྐུ་སྲོག་བཏང་པའི་ལོ་རྒྱུས་ཡོད། སྔོན་དུ་སྤྲུལ་སྐུ་ངོས་འཛིན་སྲོལ་མེད་ཀྱང་། དེ་ནས་བཟུང་ཡང་སྲིད་ངོས་འཛིན་པའི་སྲོལ་དར། དེ་རྗེས་གླིང་སྐྱིད་བླ་མ་མཆོག་བཟང་སོགས་མང་དུ་བྱོན། རྒྱལ་རོང་ཀུན་བཟང་རང་གྲོལ་སྐུ་ཕྲེང་གཉིས་པ། ཨ་པད་ནམ་མདོ་སྔགས་བསྟན་པའི་སྒྲོན་མེ་འབོད་པ་དེ་ནི་སྒྲེ་བོ་རབ་རྒྱས་དགོན་པའི་ཆོས་སྡེ་ཉམས་གསོ་ལ་ཕྱག་རྗེས་[page 344] ཤིན་ཏུ་ཆེ་བས་ཁོང་གི་རྣམ་ཐར་རགས་ཙམ་འགོད་པར་བྱ་སྟེ། ཁོང་ཉིད་ཉག་རོང་རྫོང་ཉག་སྨད་ནོར་ཁོང་དུ་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལ་སྐུ་འཁྲུངས། བཙས་ནས་ཞག་བདུན་གྱི་དུས་སུ་སྙན་གྲགས་སྤྲུལ་སྐུ་ཁྱིམ་དུ་བྱོན་ནས་བུ་ཆུང་དབུ་ཐོག་ཏུ་བཞག་ནས་ཁྲུས་གསོལ་མཛད་རྗེས་པདྨ་རྣམ་རྒྱལ་ཞེས་མཚན་གསོལ། རྫོགས་ཆེན་པདྨ་རིག་འཛིན་གྱིས་རྒྱལ་རོང་ཀུན་བཟང་རང་གྲོལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་ནས་རབ་རྒྱས་དགོན་པའི་ཁྲི་ལ་མངའ་གསོལ། ལོ་བདུན་གྱི་དུས་སུ་འབྲི་ཀློག་ཚད་མེད་མཁྱེན། ལོ་བརྒྱད་ཀྱི་སྐབས་སུ་ནོར་ཁོག་དགོན་པའི་ཚོགས་གྲལ་དུ་བཞུགས། དགུང་ལོ་བཅུ་པའི་སྐབས་སུ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་མདུན་དུ་བྱོན་ནས་དགེ་ཚུལ་གྱི་བསྡོམ་པ་ཞུས། མདོ་སྔགས་བསྟན་པའི་སྒྲོན་མེ་ཆེས་མཚན་གསོལ། བཤད་གྲྭ་ནང་ལོ་དྲུག་ཙམ་བཞུགས་ནས་སུམ་རྟགས་དག་གསུམ། མངོན་བརྗོད་ཟློས་གར་སྐར་རྩིས་སྙག་ངག་བཅས་རིག་པའི་གནས་ཆུང་ལྔ་དང་། བཟོ་གསོ་སྒྲ་ཚད་ནང་དོན་བཅས་རིག་པའི་གནས་ཆེན་ལྔ་མདོར་རིག་པའི་གནས་བཅུ་ལ་གསན་བསམ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་བདུན་ཐོག་སྐུ་ཡུལ་ནོར་ཁོག་ལ་ལོག་ནས་ནོར་ཁོག་དགོན་པའི་དབྱར་གནས་མཁན་པོ་ལོ་གཉིས་ཙམ་མཛད། སླར་ཀཿཐོག་བཟད་གྲྭར་བཞུགས་ནས་མདོ་སྔགས་རིག་གཞུང་ཀུན་ལ་གསན་བསམ་མཛད། དགུང་ལོ་ཉེ་བཞི་ལོན་དུས་ཀཿཐོག་རིག་གནས་མཁན་པོའི་ཁྲི་ལ་མངའ་གསོལ་ནས་རྒྱུད་སྡེ་རིག་གནས་མཁན་པོ་ལོ་བཞི་ལ་འགན་བཞེས། དགུང་ལོ་ཉེར་བརྒྱད་སྟེང་སྐུ་གོང་མའི་ཡུལ་སྒྲེ་བོ་རབ་རྒྱས་དགོན་པའི་བསྟན་བདག་འགན་ཁུར་ནས་སྐུ་ཉིད་ཀྱི་བླ་བྲང་ཁང་དང་དགོན་པ་ཉམས་གསོ་དང་གར་འཆམ་གྱི་སྲོལ་བཏོད། དེའི་སྐབས་སུ་ཚེ་གཏོར་ལས་རིལ་བུ་བབས་པ་དང་། ཚེ་མདའ་ཐུང་ངུ་རྣམས་མཐེན་ནས་རིང་དུ་བཏང་པས་བུམ་པ་འཕྱུར་ནས་བདུད་རྩི་བུམ་གང་གིས་བླ་སེར་ཀུན་དང་མདོར་ན་མི་སྐྱ་ཕོ་མོ་སྟོང་གཅིག་ཙམ་འཐུང་རྒྱུ་ཡོད་པ་དང་། དེ་འདྲ་ཡ་མཚན་བའི་གྲུབ་རྟགས་ཁྲོམ་ཚོགས་ཀུན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར། གཞན་ཡང་ལྗགས་རྩོམ་གྱི་རིགས་ལ། སྙན་ངག་ལེའུ་གསུམ་གྱི་དཔེར་བརྗོད། སྒྲ་མཚམས་སྦྱོར་ལྔ་ཡི་འགྲེལ་བཤད། དབུ་མའི་དགོངས་དོན། སྐར་རྩིས་ཀྱི་མན་ངག་བཅས་པོ་ཏི་གསུམ་ཙམ་འཐོར་རེ་མ་གཏོགས་མི་འདུག དགུང་ལོ་སོ་བཞིའི་དུས་སུ་གྱ་བཟི་ཨ་མྱེས་སྤྲུལ་སྐུའི་བུ་མོ་དང་ཁྱིམ་ཐབ་བཟུང་ནས་ལོ་ངོ་བརྒྱད་ཙམ་རྗེས། འབྲུག་གསར་རྫོང་ཆབ་གྲོས་ཁང་ནང་དུ་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབས། དགུང་ལོ་ཞེ་གཉིས་ལ་འདས།
དེ་ཡང་སའི་རྒྱ་ཁྱོན་གཞུ་འདོམ་གྲུ་བཞི་མ་བརྒྱ་ཙམ་ཟིན་པ་ལ། འདུ་ཁང་ཀ་རིང་བཞི་པ་གཅིག ཇ་ཁང་གཅིག ཀུན་དགའ་རྭ་བ། བཤད་གྲྭ་དང་སྒྲུབ་གྲྭ་གཉིས། གྲྭ་ཤག་ལྔ་བཅུ་ཙམ་བཅས་ཡོད། དེ་ལ་འདུ་ཁང་ཆེན་མོའི་ནང་དུ་རྟེན་གཙོ་གསེར་ཟངས་ལས་གྲྭབ་པའི་ཇོ་བོ་ཤཱ་ཀྱ་མུ་ནེའི་[page 345] སྐུ་རྐྱང་ཁྲི་དགུ་ཙམ་དང་། རིག་འཛིན་ཀློང་གསལ་སྙིང་པོ་ཉིད་ཀྱིས་ཕྱག་བཟོས་མཛད་པའི་གུ་རུའི་མི་ཚད་མ་གཙོ་འཁོར་གསུམ། གུ་རུ་དེའི་ཐུགས་ཀ་ན་དྲོད་ཡོད་པ་དང་། སྐབས་སུ་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ན་བཟའི་ཁུག་རྣམས་དྭངས་ལ་འཁྱིལ་བ་རྣམས་ཡུལ་མི་ཀུན་གྱིས་མཐོང་། ཆོས་ལོངས་སྤྲུལ་གསུམ་ཁྲི་ཙི་ལྔ་རེ་དང་གཏེར་ཆེན་ཉིད་ཀྱི་འདྲ་སྐུ་ང་འདྲ་མ་མི་ཚད་སོགས་སྨད་འདམ་ལས་གྲུབ་པ་མང་ངོ་། གཞན་ཡང་གྱང་བྲིས་ལ་སངས་རྒྱས་སྐྱེས་རབས་དང་། ཞི་ཁྲོ་ཞི་དྲག ཚོགས་བདག་རྣམ་གཉིས། མ་གཟའ་རྡོར་གསུམ་དང་། བཙན་རྒོད་འབར་བ་སྤུན་བདུན་སོགས་ཤིན་ཏུ་མང་ངོ་། གསུང་རྟེན་ཡང་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་གཉིས་དང་། བསྟན་འགྱུར་ཆ་གཉིས། རིན་ཆེན་གཏེར་མཛོད། གཏེར་ཆེན་ཉིད་ཀྱི་གཏེར་ཆོས་ཡོངས་རྫོགས་ཆ་གཉིས། སྤར་ཤིང་གི་བསྐོར་ལ། ཀློང་གསལ་ཉིད་ཀྱི་རབ་གནས་མཛད་པའི་གཏུམ་དྲག་དམར་ནག་གི་སྲུང་འཁོར། མཚོན་སྲུང་རྡོ་རྗེ་གོ་ཁྲབ། གདུགས་དཀར་མཆོག་གྲུབ་མ། བཏགས་གྲོལ་ཐིག་ལེ་བརྒྱ་པ་བཅས་ཁ་ཤས་བཞུགས། རྒྱུན་བཞུགས་དགེ་འདུན་དྲུག་བཅུ་ཙམ་རེ་བཞུགས་པ་ཡོད། མཆོད་པའི་ཡོ་ཆས་ཀྱི་རིགས་ལ། མཁར་རྔ་དམ་ཆོས་འབྲུག་སྒྲ། ཆ་ལོང་སྟག་ཧོར་ཁ་སྤྲོད། སྟོང་གསུམ་འབྲུག་གྲགས་སོགས་དང་། ཧོར་ཟླ་དང་པོའི་ཚེས་གཅིག་ལ་མགོ་བཙུགས་ནས་བླ་མ་དང་རྒན་སེར་རྣམས་མཚམས་དང་བསྙེན་སྒྲུབ་ལ་འབད་པ་དང་། ཧོར་ཟླ་བཞི་པའི་ནང་བདེ་སྨོན་ཞིང་སྒྲུབ་ཞག་བདུན། ཧོར་ཟླ་དྲུག་པའི་ནང་ཟབ་རྩ་གསུམ་ཡང་འདུས་ཀྱི་རིལ་བུ་བུམ་སྒྲུབ་ཞག་བདུན་དང་བླ་མ་གསང་འདུས་ཞག་གསུམ་དང་དེའི་གར་འཆམ་བཅས་ཡོད། ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་འདུལ་བ་བཞི་གསུམ་གྱི་ཕྱག་ལེན་ལྟར་ཉིན་ལྔ་བཅུ་ཚོགས་རྒྱུ་ཡོད།།
རབ་རྒྱས་བླ་བྲང་ཚང་གི་གླུ་དགོས་མཚར་ཞེས་པའི་ས་ཞིང་ཐམས་ཅད་རྒྱ་རོང་གཏེར་ཆེན་ལ་ཕུལ་བས་དེའི་རྗེས་རྒྱ་རོང་སྐུ་ཕྲེང་རིམ་བྱོན་གྱི་སྤྲུལ་སྐུ་རྣམས་ལ་ཞིང་ཁལ་སུམ་བཅུ་ཙམ་ཡོད་པ་དང་ཚོགས་རྟེན་དུ་ནོར་ཁོག་ཆུ་འདབ་ཆུ་མ་ཞེས་པའི་ས་ཞིང་བཅས་དགོན་པའི་ཞིང་ཡིན་པ་དང་། དེ་མིན་ཚོ་བཞིའི་སྡེ་ནང་དུ་ཞིང་ཉུང་ངུ་མང་དུ་ཡོད། ས་ཞིང་རྣམས་ཀྱི་ཡོང་སྒོ་དང་དད་ལྡན་མང་ཚོགས་ཀྱི་ཡོན་འབུལ་འཚོ་བཞིའི་སྤྱི་པ་གྲྭ་པ་བཞིས་ལོ་གསུམ་ལ་འགན་བཞེས་ནས་ཚོགས་པ་རྣམས་ལ་འགྲོ་སོང་གཏོང་དགོས་སོ།།
དེ་ལྟར་ཤར་རྒྱལ་བ་རབ་རྒྱས་དགོས་པ་ནི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་སྐྱོང་བའི་ཀཿཐོག་དགོན་པའི་ལག་ཆེ་ཁག་ཡིན་ཀྱང་རིག་གནས་གསར་རྗེ་ཆེན་པོའི་སྐབས་སུ་འདུ་ཁང་གྲྭ་ཤག་རྒྱ་རོང་ཨ་པད་ཀྱི་གཟིམ་ཆུང་དང་དགོན་པའི་གསེར་སྐུ་སོགས་ཐམས་ཅད་འཇིག་ཟིན། སྤྱི་ལོ་༡༩༨༢ལོར་ཐེག་མཆོག་ཀུན་བཟང་གྲྭ་རྒན་རྣམས་གཙོས་རྒྱ་ཆེའི་མང་ཚོགས་དུད་ཚང་རྒྱ་ལྷག་[page 346] བཅས་ཀྱི་ཆོས་དད་རང་མོས་ཀྱིས་སྒོ་ནས་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ་སྔ་འགྱུར་རིང་ལུགས་འཛིན་པའི་ཐུབ་བསྟན་རབ་རྒྱས་དགོན་འདིར་ཉམས་གསོ་བྱས་ནས་འདུ་ཁང་དང་ཇ་ཁང་ཀུན་དགའ་རྭ་པ་བཅས་ལེགས་པར་བཞེངས་གྲུབ་པ་དང་། ད་སྐབས་བླ་སྤྲུལ་གྲྭ་བ་བཅས་དྲུག་བཅུ་ཙམ་གྱིས་ཐུགས་མཐུན་གྱི་སྒོ་ནས་རབ་རྒྱས་དགོན་པའི་སྔར་སྲོལ་ལྟར་བཤད་སྒྲུབ་ལས་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་འབད་བཞིན་མཆིས་སོ། རབ་རྒྱས་དགོན་པའི་ཀརྨ་ལས་རབ་ནས་བྲིས།
དགོན་འདི་ཐོག་མར་ཕྱག་འདེམས་པ་པོ་ནི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་བོད་རབ་བྱུང་བཞི་བའི་ནང་ལྷ་ཁང་ཀ་རིང་བཞི་པ་ཞིག་བཏབ་སྟེ་དགོན་མིང་ནོར་བུ་ཆོས་གླིང་ཞེས་མཚན་གསོལ། ཡུལ་མིང་རྒྱ་ཤོད་ཡིན་པས་རྒྱ་ཤོད་དགོན་ཡང་ཟེར། དགོན་འདི་ཐོག་མཐའ་བར་གསུམ་དུ་གྲུབ་མཐའ་ས་སྐྱ་ཡིན་ལ། ཆོས་རྒྱུད་ས་ངོར་ཚར་གསུམ་ལས་འདི་ངོར་ལུགས་འཁྲུལ་མེད་ཡིན། ཕྱིས་སུ་པདྨ་བདུད་འདུལ་གྱི་སྐུ་རིང་ལ་རྒྱ་ཤོད་པ་ཉག་སྐེད་དཔོན་གྱི་མངའ་འོག་ཏུ་མ་འཛུད་ནས། འཁྲུགས་རྩོད་བྱས་ནས་མཐར་རྒྱ་ཤོད་པ་ས་མཐར་འཁྱམས། དགོན་པ་ཡང་རལ་སོང་བ་རེད། ཉག་སྐེད་དཔོན་བོད་ས་གནས་སྲིད་གཞུང་གིས་བཅོམ་རྗེས་བླ་མ་བསྟན་འཛིན་དབང་པོས་གཙུག་ལག་ཁང་ཉམས་གསོ་བྱས། དགོན་འདིའི་བླ་མ་དང་མཁན་པོ་རིམ་བྱོན་ནི། བླ་མ་ཟླ་འོད་དང་། ཁྲོམ་དགེ་སྤྲུལ་སྐུ། བླ་མ་ཨ་ཤེར། མཁན་པོ་འཇམ་དབྱངས་སྨོན་ལམ། མཁན་པོ་ཨ་འཕྲིན་སོགས་ནས་རྟེན་བཞེངས་དང་། དཔེ་ཁྲིད། དགེ་སྒྲུབ་སྡིག་སྤུངས། རྐུ་ཁྲིམས་དདང་རྔོན་ཁྲིམས་བསྡམས་པ་སོགས་ཡུལ་དགོན་གཉིས་ལ་ཐུགས་ཁུར་ཆེན་པོ་གནང་། རྟེན་རྙིང་གཙོ་བོ་ནི་འགྲོ་མགོན་ཆོས་འཕགས་ཀྱིས་གནང་བའི་ཆ་ལང་འཛམ་གླིང་གཡས་བཞག་གཅིག བླ་མ་ཟླ་འོད་ཀྱིས་གནང་བའི་སངས་རྒྱས་སྟོང་སྐུའི་ཞལ་ཐང་གཅིག བསྟན་འཛིན་དབང་པོས་གནང་བའི་སྐུ་ལྔའི་འདམ་སྐུ་བཅས་ད་ལྟ་འང་མཇལ་རྒྱུ་ཡོད། སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་སོགས་དུ་མ་ཡོད་ཀྱང་བར་སྐབས་སུ་བརླག་ཚར། ཚོགས་དང་དུས་མཆོད་སྐོར། ཀུན་རིག་སྒྲུབ་མཆོད་ཉིན་བཅུ། མི་འཁྲུགས་པ། སྨན་བླ། བླ་མཆོད། ཀྱཻ་རྡོར། གཏོར་ཟློག་སོགས་ཡོད། [page 369] གཙོ་འགན་བཞེས་མཁན་དབུས་བསམ་གྲུབ་ནས་བཟུང་དེ་སྔོན་དགོན་པོ་ཚེ་རིང་བར་གྱིས་འགན་ཁུར་ཏེ། ད་ལྟའང་རྒྱུན་མ་ཆད་པར་འཚོགས་བཞིན་ཡོད། མི་དམངས་ཀྱིས་སྦྱིན་བདག་མཛད་ནས་ཡུལ་དགོན་གཉིས་ལ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ནས་བཅུ་དགུ་བར་སྨྱུང་གནས། དགོན་པའི་ཆོས་སྡེ་སྔོན་ཆད་དུད་གྲངས་སུམ་ཅུ་ཙམ་ལས་མེད་ཀྱང་། ད་ལྟར་དུད་གྲངས་དྲུག་ཅུ་ཡན་ཙམ་ཡོད།
བསྟན་པ་ཉམས་གསོའི་ཐད། གཙུག་ལག་ཁང་ཀ་རིང་དྲུག་པ་གཅིག་དང་། སྤྱི་ཁང་ཆུང་ཆུང་གཅིག དགོན་ཁང་བཅས་ཕྱིའི་བཀོད་པ་གྲུབ་ཚར། དུང་འཁོར་གཅིག་དང་། གྲྭ་ཤག་བཅུ་དྲུག གྲྭ་པ་ཉེར་བདུན་ཙམ་བཞུགས་ཡོད།
རྒྱལ་ཞིང་འབྲུག་གྲགས་དགོན་ནི། བྱ་བཏང་ནམ་མཁའ་རྒྱལ་མཚན་གྱིས་རབ་བྱུང་བཅུ་བའི་ནང་ཚན་བྱི་བའི་ལོར་བཏབ། གཡུང་དྲུང་བོན་གྱི་གྲབ་མཐའ་སྐྱོང་། གཞི་བདག་གཡུང་དྲུང་དར་རྩེ་མཆོད་རི་མཛད། དེའི་སྐབས་སུ་བླ་གྲྭ་ལྔ་བརྒྱ་ཚོགས། དེ་སྐབས་དགོན་པའི་གསོལ་ཆུ་དཀོན་ནས་ཆུ་ཁྲིད། དེ་ལ་གཞི་བདག་གིས་ཕྲག་དོག་བྱས་པས་མི་རྒོད་དང་གཅན་གཟན་གྱིས་གནོད་ནས་དགོན་གནས་འཇིག་སོང་། དེ་ནས་ཁྱུང་འཁོར་སྨོན་ལམ་ཚུལ་ཁྲིམས་ཀྱིས་རབ་བྱུང་བཅུ་བཞི་པའི་སྟག་ལོར་རྒྱལ་ཞིང་གཤིས་ལ་སྤོར་ནས་དགོན་པ་ཀ་བ་དགུ་པ་ཞིག་བཏབ། རྒྱལ་བ་བཀྲ་ཤིས་དགོན་ཞེས་མཚན་གསོལ། ད་སྐབས་ཡོད། དགོན་འདིར་ཁྱུང་འཁོར་བླ་རབས་དང་པོ་སྨོན་ལམ་ཚུལ་ཁྲིམས་བྱོན། བླ་མ་འདིས་རྒྱ་ནག་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཞིག་རྙེད། དེ་ནས་བསོད་ནམས་རྣམ་རྒྱལ། སྨོན་ལམ་[page 399] ཡང་སྲིད་ཀུན་བཟང་རྣམ་རྒྱལ། བསོད་ནམས་རྣམ་རྒྱལ་ཡང་སྲིད་རི་ཁོ། ཀུན་བཟང་རྣམ་རྒྱལ་སྲས་འཆི་མེད་དེ། ཁྱུང་འཁོར་བླ་རབས་རྣམས་ཀྱིས་དགོན་པ་འདི་སྐྱོང་བ་ཡིན། ཀུན་བཟང་རྣམ་རྒྱལ་གྱི་སྲས་འཆི་མེད། དེ་མིན་རྣམ་ཐར་ནི་འགོན་མི་ནུས། དེ་ནས་གཏེར་སྟོན་སངས་རྒྱལ་གླིང་པས་ལུང་བསྟན་གནང་སྟེ། བྱ་བཏང་དྲི་མེད་འོད་ཟེར་གྱིས་ཞིང་སྟོང་ཐང་གི་ས་ཞིང་དེར་ལྷ་ཁང་ལྷ་ཁང་བཞེངས་པའི་ས་རུ་ཕུལ། རབ་བྱུང་(བཅོ་ལྔ་)བའི་འབྲུག་ལོར་དགོན་པ་བཏབ། ལྷ་ཁང་རྨང་ཐིག་རྒྱག་སྐབས་དགུན་ཁར་འབྲུག་གྲགས་པས་རྒྱལ་ཞིང་འབྲུག་གྲགས་དགོན་དུ་མཚན་གསོལ། དགོན་པ་འགྱུར་བ་གསུམ་གྱི་རིང་ལ་གཡུང་དྲུང་བོན་གྱི་གྲུབ་མཐའ་ལས་འགྱུར་བ་མ་བྱུང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་བྱོན་ནས་ལྷ་ཁང་ལ་རབ་གནས་བྱོན་རླབས་མཛད། དེ་ནས་བཟུང་བླ་གྲྭ་རྣམས་ཀྱིས་གཞི་ཚུལ་ཁྲིམས་བསྲུང་ཞིང་བོན་གསས་མཁར་མཆོག་ལྔ་དང་། ཆོ་ག་བཅུ་གཉིས། དགོངས་གཏེར། སྙན་རྒྱུད། ཟབ་གཏེར་ལ་སོགས་བསྙེན་སྒྲུབ་སྒོམ་གསུམ་ལ་འཇུག དབྱར་གནས་གསོ་སྦྱོང་སོགས་རྟག་པར་ཆད་མེད་བྱེད། དེ་ཡི་རྗེས་སུ་འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་འཕྲིན་ལས་འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པ་བྱོན་གསས་མཁར་མཆོག་ལྔ་དང་དྲི་མེད་གཟི་བརྗིད་དང་ཁོང་གི་གཏེར་གསར་སྐོར་ཡོངས་རྫོགས་ཀྱི་སྨིན་བྱེད་གྱི་དབང་དང་གྲོལ་བྱེད་ཀྱི་གདམས་ངག་རྒྱབ་བརྟེན་ལུང་བཅས་གནང་བ་བཀའ་དྲིན་དུ་སྩལ་བའོ། །དེའི་སྐབས་སུ་མཁའ་འགྲོའི་ལུང་གིས་བསྐུལ་བ་བཞིན་སྦས་གནས་གཡུང་དྲུང་སྤུངས་རྫོང་གི་གནས་སྒོ་ཕྱེ། རྒྱལ་བ་སྟོན་པ་གཤེན་རབ་ཀྱི་སྐུ་འདྲ་གཏེར་ནས་དྲངས། དཀར་ཆག་དང་གནས་གསོལ་མཛད། གཏེར་ནས་དྲངས་པའི་སྟོན་པའི་སྐུ་དེ་དགོན་པ་ལ་གནང་བའོ། དེ་ནས་བྱ་བཏང་གཏེར་ཆེན་ཚེ་དབང་འགྱུར་མེད་ཀྱིས་དགོན་འདིར་བཀའ་འགྱུར་གྱི་ལྗགས་ལུང་གནང་བ་དང་། སྒྲུབ་གྲྭ་གསར་འཛུགས་མཛད་པ་སོགས་ཐུགས་རྗེས་སྐྱོང་བར་མཛད། དེ་ནས་མཆོག་སྤྲུལ་ཉི་མའི་རིང་ལས་ལྷ་ཁང་ཀ་རིང་བཞི་པ། གྲྭ་ཁང་བཅུ་གསུམ། ལོགས་བྲིས་ལ་ཐོས་གྲོལ་ཞི་ཁྲོ། ཕུར་བ། སྟག་ལ། མ་བདུད་བཙན་གསུམ་སོགས་ཀྱི་ལོགས་བྲིས་ཡོད། ལྷ་ཁང་དེར་སྐུ་རྟེན་དུ་གསས་ཁང་ནང་གཙོ་བོ་ཟངས་གསེར་ལས་གྲུབ་པའི་གུ་རུ་མི་ཚད་གཅིག དེའི་ནང་རྟེན་གསང་སྔགས་གླིང་པའི་གཏེར་མ་སྟོན་པའི་སྐུ་གཅིག ཟངས་གསེར་ལས་གྲུབ་པའི་བྱམས་མ། དེ་མིན་ཟངས་གསེར་ལས་གྲུབ་པའི་སྐུ་བདུན། ཆབ་མདོ་མགར་བས་བསྐྲུན་པའི་གསེར་སྐུ་བདུན་བཅས་ཁྱོན་བསྡོམས་གསེར་སྐུ་ཉེར་བརྒྱད། གསེར་གྱི་ཞལ་འབག་གསུམ་བཅས་བཞུགས།
འཚོགས་པ་ལ་དབྱར་ཟླ་ལྔ་པའི་ནང་སྙུན་གནས། བོད་ཟླ་དྲུག་པའི་ཚེས་གསུམ་ནས་བཅུ་བར་ཞི་ཁྲོ་སྒྲུམ་ཆེན་
དང་འཆམ་སོགས་ཡོད། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཉིན་ཞེ་དགུའི་བར་དབྱར་གནས། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་ཉེར་དགུའི་བར་གེ་ཁོད་དང་སྟག་ལ་གདུགས་དཀར་བཅས་ཀྱི་[page 400] དགུ་གཏོར། གསས་ཁང་དུ་བསམ་ལྷུན་སྒྲུབ་གྲྭ། འཚོགས་རྟེན་ལ་ས་ཞིང་ཁལ་ཉི་ཤུ་ཡར་ལྷག་གིས་འགྲོ་སོང་བཏང་བ་ཡིན། དེ་རྣམས་རིག་གནས་གསར་བརྗེའི་སྐབས་གཏོར་བརླག་སོང་ཚར། དེ་ནས་སང་རྒྱལ་ཞིང་དགོན་གྱི་སྤྲུ་ལ་སྐུ་དཀོན་མཆོག་བསྟན་འཛིན་གྱིས། རབ་བྱུང་བཅུ་དྲུག་ལྕགས་སྤྲེལ་ལོར་དགོན་པ་ཉམས་གསོ་ལ་ཐུགས་ཁུར་གནང་། དེ་མིན་ནང་དུ་སྐུ་རྟེན་ལ་འདམ་སྐུ་སྨོན་ལམ་མཐའ་ཡས་དང་། རྣམ་པར་རྒྱལ་བ། བྱམས་མ་ཐོག་རྩེགས་གཉིས་ཅན་གསུམ། སྟག་ལ་དང་སྟོན་པའི་སྐུ་ཐོག་རྩེགས་ཅན་གཉིས། གུ་རུ་སྐུ་མི་ཚད་གཅིག གསུང་རྟེན་ལ་རྒྱལ་པའི་བཀའ་འགྱུར་ཆེན་མོ་གཅིག གསང་གླིང་དྲན་པའི་བཀའ་ཐང་། ཚེ་དབང་བཀའ་ཐང་། སྒྲུབ་སྐོར་ལ་པོད་བཅུ་གསུམ། རྒྱལ་བ་མཉམ་མེད་ཀྱི་བཀའ་འབུམ་ཆ་ཚང་། ཤར་རྫ་བའི་བཀའ་འབུམ་ཆ་ཚང་། ཐུགས་རྟེན་ལ་མཆོད་རྟེན་གཅིག་བཅས་བཞེངས། མཆོད་པའི་ཡོ་བྱད་ལ་རྒྱ་གླིང་གཉིས། རྐང་གླིང་གཉིས། དུང་དཀར་གཉིས། འཕན་ཡོ་བྱད་ཀ་འཕན་དང་། གདུང་བཅས་ཆ་ཚང་། འཆམ་གོས་བཅུ། ཤོག་འདམ་འབག་ཉི་ཤུ་བཅས་བཞུགས། གྲྭ་ཚང་ལ་སྤྲུལ་སྐུ་གཅིག བླ་མ་གཅིག གྲྭ་བ་ཉེར་ལྔ་བཞུགས། དུས་མཆོད་ནི་དུད་ཚང་ལྔ་བཅུ་ཙམ་གྱི་འབུལ་ཡོན་ལ་བསྟེན་ནས་དབྱར་ཟླ་དྲུག་པའི་ཚེས་བཞི་ནས་ཚེས་བཅུ་བར་སྙན་བརྒྱུད་ཞི་ཁྲོ་བག་ཆགས་རང་གྲོལ་གྱི་སྒྲུབ་ཆེན་འཆམ་བཅས། དགུན་ཁར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་བཀའ་རྙིང་མ་གེ་ཁོད་དང་གསང་དྲག སྟག་ལ། གསར་མ་ཀུན་གྲོལ། གདུགས་དཀར་སྒྲུབ་པ་བཅས་ཚེས་ཉེར་དགུའི་བར་འཚོགས། མགོན་ཁང་ནང་དུ་མ་བདུད་བཙན་གསུམ་སོགས་ཀྱི་བསྐང་གསོ་ཆད་མེད་འདོན་པ་བཅས་བོན་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་སོ། །
ལ་ཁ་འབྲུག་གྲགས་དོན་ནམ་གཡུང་དྲུང་རབ་བརྟན་གླིང་ཞེས་བྱ་བའི་དགོན་པའི་ཆགས་ཚུལ་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་འབྲི་ཟླ་ཟལ་མོ་སྒང་གི་ཉེ་འགྲམ། ཉག་ཨ་ཛིཏྲ་ལུང་གི་སྨད་ཕྱོགས། སྒྲེ་བོ་ཤོག་ཆེན་བཅོ་བརྒྱད་ཀྱི་མཆོད་རི་གནས་ཆེན་སྐྱོབ་འབྱིན་སེང་ནག་ཞེས། སྔོན་འཆི་མེད་རྒྱལ་བ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་ཤིང་ཟབ་གཏེར་དུ་མ་སྦས་པ། བར་དུ་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱིས་གནས་འདིར་ཞབས་ཀྱིས་བཅགས་ཏེ་རྫུ་འཕྲུལ་གྱིས་བཀའ་རྟགས་དུ་མ་བཞག ཕྱིས་ཀྱི་དུས་ན་སྨོན་ལམ་དབང་གིས་འགྲོ་དོན་དུས་ལ་བབས་ནས་གཏེར་ཆེན་གསང་སྔགས་གླིང་པས་མཁའ་འགྲོའི་ལུང་བཞིན་ཟབ་གསང་གནས་སྒོ་ཕྱེ། གནས་བདག་དབང་དུ་བསྡུས། ངོ་མཚར་རང་བྱོན་ཡིག་འབྲུ་གྲངས་མེད་ངོས་བཟུང་ཞིང་གནས་ཀྱི་དཀར་ཆགས་མཛད། བསྐོར་ལམ་གཏོད་པ་སོགས་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་ཆེན་དེའི་ཐུགས་ཀ་མཁས་གྲུབ་དུ་མའི་གདན་ས་དབྲ་ཁྱུང་གི་སྨད་ཀྱི་ཆར་ཆགས་ཡོད། དགོན་འདི་གཏེར་ཆེན་གསང་སྔགས་གླིང་པས་ལུང་གིས་བསྟན་པ་བཞིན་གསར་བཞེངས་མཛད་ཚུལ་ལ། དགོན་འདི་ཐོག་མར་ལ་ཁ་ཞེས་པའི་ས་ཆར་གྲྭ་རྒན་བདུན་གྱིས་ཨ་ད་ལྕགས་ནས་ཤིང་ཆ་སྐྱེལ་འདྲེན་བྱས་ནས་བཏབ་པ་ཡིན་ཟེར་སྲོལ་ཡོད། བཏབ་པའི་དུས་མ་ངེས། དགོན་འདི་ཐོག་མར་བཏབ་སྐབས་འབྲུག་གྲགས་པས་འབྲུག་གྲགས་དགོན་ཞེས་མིང་ཐོགས་པར་བཤད། དགོན་འདིར་གསས་མཁར་མཆོག་ལྔ་སོགས་བཀའ་རྙིང་མའི་ཆོ་གའི་སྒྲུབ་ཐབས་མང་པོ་དར། གཏེར་ཆེན་གསང་སྔགས་གླིང་པ་དགོན་འདིར་བྱོན་ནས་རང་གཏེར་སྐུ་གསུམ་ཕུར་སྒྲུབ་ཀྱི་སྒྲུབ་མཆོད་དང་འཆམ་བཅས་གསར་འཛུགས་གནང་ནས་བཟུང་གསང་གླིང་གཏེར་ཆོས་ཀྱང་དར། དགོན་འདིའི་ལྷ་ཁང་གི་རྒྱ་ཁྱོན་ཀ་རིང་བཞི་པ། རྒྱལ་བ་འདུས་པ། དམ་ཅན་རྒྱ་མཚོ་སོགས་བཞུགས། སྦྱིན་བདག་རྣམས་ཀྱི་འདོད་མོས་ལྟར་ཕྱོགས་གཅིག་རྙིང་མའི་ཞི་ཁྲོ་སོགས་ཀྱི་ངོས་བྲིས་བཞུགས། རྟེན་གསུམ་ལ། སྐུ་རྟེན་འདམ་སྐུ་སྟོན་པའི་སྐུ་ཐོག་བརྩེགས་གཅིག་པ་དང་། མཚན་ལྡན་ཁྱེའུ་བཞི། གནས་བརྟན་བཅུ་དྲུག་བྲག་རི་མ། ཁང་སྟེང་མགོན་ཁང་དུ་བོན་སྐྱོང་སྡེ་དྲུག་སྤུས་ལྡན་ཡོད། འཆམ་འབག་རྙིང་མ་བཅས་ཡོད། གསུང་རྟེན་ལ། [page 392] བཀའ་འགྱུར་བྲིས་མ་དང་ཁམས་ཆེན་གསེར་བྲིས་ཅན། རྡོར་གཅོད་པར་ཤིང་བཅས་བཞུགས། ཐུགས་རྟེན་ལ། ས་རྡོ་ལས་གྲུབ་པའི་ཁང་བརྩེགས་མཆོད་རྟེན་གཉིས་དང་། དུང་འཁོར་བཅས་ཡོད། མཆོད་ཆས་ལ། དཀྱིལ་འཁོར་དྲྭ་ཆས། གདན། ཞལ་ཐང་ཆེ་རིགས་བདུན་ཙམ། ཀ་འཕན། གུར་ཡོལ་སོགས་ཡོད། འཚོགས་པ་ལ། ཟླ་བ་དགུ་བའི་ནང་ཕུར་བའི་གར་འཆམ་བཅས་ཞག་བཅུ། ལྕགས་བོ་དཔོན་ཚང་གིས་ཐེབས་བཞག་བསམ་ལྷུན་སྒྲུབ་མཆོད་ཞག་བདུན། ལོ་ཐོག་གི་སྐུ་རིམ་དང་འབྲེལ་བསྙུང་གནས་ཆ་གསུམ། ཞག་བདུན་ནས་ཚར། བདེ་སྨོན་ཞིང་སྒྲུབ་ཞག་བདུན་བཅས་ཡོད།།
དེ་ནས་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོར་ཁོད་སྤུངས་སུ་བླ་རབས་ཉེར་བཞི་བ་བླ་མ་གཡུང་དྲུང་བསྟན་འཛིན་མཆོག་གིས་དགོན་རྙིང་དེ་དབྲ་ཁྱུང་དུ་སྤོས་ནས་གསར་ཏུ་བཏབ། བཤད་སྒྲུབ་རབ་བརྟན་གླིང་ཞེས་མཚན་གསོལ། ཁོང་གྲྭ་ས་གཙང་སྨན་རིར་ལོ་དགུ་བཞུགས་ནས་ཨ་སྟ་ཁང་ཚན་དགོན་པ་ཆེ་བ་གསར་དུ་བཏབ། ས་ལེ་འོད་དུང་ཕྱུར་བསྙེན་ནས་ཀུན་བཟང་གཤེན་ལྷའི་ཞལ་གཟིགས། མ་མོ་སྲིད་རྒྱལ་བྲན་དུ་འཁོལ་བ་སོགས་ནུས་མཐུ་ཆེ་ཞིང་སྤྱན་གསུམ་ཡོད་པས་མི་མ་ཡིན་འཇིགས་པར་གྲགས། དགོན་པ་སྔ་ཕྱི་གཉིས་ཀྱི་རིང་ལ་བསྟན་བདག་ནི་སུ་ལ་བླ་བྲང་བླ་སྤྲུལ་རིམ་བྱོན་རྣམས་ཀྱིས་དགོན་འདི་སྐྱོང་བ་ཡིན། ལྷ་ཁང་གསར་པ་འདིའི་རྒྱ་ཁྱོན་ཀ་རིང་དྲུག་པ། ངོས་བྲིས་ལ་ཆོ་ག་བཅུ་གཉིས་དང་། མཛད་པ་བཅུ་གཉིས་སོགས་བཞུགས། དེ་དག་ཕལ་ཆེ་བ་ཞིག་དབྲ་སྟོན་པའི་ཕྱག་བྲིས་ཡིན། མཆོད་ཆས་ལ། ཟངས་གསེར་ལས་གྲུབ་པའི་ཆོད་ཆ་ཟངས་རག་གི་མཆོད་ཆ། སྦུབས་ཆལ་ཆེ་ཆུང་བདུན། སིལ་ཆེན་གཉིས། དུང་ཆ་བཞི། དབྲ་སྟོན་པའི་ཕྱག་བཟོ་ཤོག་འབག་གསར་པ་བཞི་བཅུ་ཙམ། འཆམ་གོས་ཉེར་ལྔ་སོགས་ཡོད། དགེ་འདུན་འདུས་པའི་ཞལ་གྲངས་ལ། སྔོན་ཆད་མཁན་ཆེན་སྐལ་བཟང་རྒྱལ་མཚན་དང་། སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ། བླ་མ་ཤེས་རབ་གསུམ་བཞུགས། དགེ་འདུན་ཞལ་གྲངས་ཉེར་ལྔ་ལྷག་བཞུགས། དུས་མཆོད་ལ་དབྱར་གནས་ཞག་ལྔ་བཅུ། སྒྲུབ་མཆོད་ལ་ཕུར་པའི་སྒྲུབ་མཆོད་ལ་ཁ་དགོན་དང་ཀླུ་འབྱམ་དགོན་རེས་མོས་སྒྲུབ། འཚོགས་རྟེན་ལ་ས་ཁལ་བཞི་བཅུ་ལྷག ས་བདག་དང་མི་སེར་གྱིས་དད་མོས་ཕུལ་པ་ཡིན། ལྷ་སྡེ་དུད་གྲངས་སོ་དྲུག་ཡོད། རིག་གནས་གསར་བརྗེ་སྐབས་ལྷ་ཁང་དང་མཆོད་ཆས་སོགས་འཇིག་སོང་ངོ་། དེང་སྐབས་བླ་མ་སྐལ་བཟང་གྲགས་པས་འགན་བཞེས་ནས་བཀའ་བསྟན་ཆ་རེ་ཡོད། འཆམ་འབག་བཞི་བཅུ། གུར་ཡོལ། རོལ་ཆས་ཀྱང་སྤྱིར་བཏང་ཆ་ཚང་ཡོད། མི་ལག་དཀོན། གྲྭ་གྲངས་ཉུང་། ས་ཆ་ལ་ཆུའི་མཐུན་རྐྱེན་ཤིན་ཏུ་དགོན། ཡོན་བདག་རྣམས་དཔལ་འབྱོར་ཞན། དགོན་ལས་གསར་ལས་མ་གྲུབ།
དགོན་སར་དགོན་པའི་གཡས་ཕྱོགས་སུ་བྲག་རྫོང་ལྷ་རྒྱལ་གྱི་ངོས་ལ། ཤར་རི་ཁྲོད་ཞེས་པ་སྔར་ཨ་འཇམ་བླ་མས་གདན་ས་བཏབ་སྟེ། སྐུ་ཉིད་དང་དགོན་གཞུང་གྲྭ་པ་གཉིས་རེ་དུས་རྒྱུན་དུ་ཆད་མེད་བཞུགས་ཏེ། ལོ་རེ་ལ་ཀྱེ་རྡོར་བསྙེན་མཚམས་དང་། ལོ་རེ་ལ་ཀུན་རིག་བསྙེན་མཚམས་འགྲོ་ངེས་ཀྱིས་རེས་མོས་བྱེད་དགོས། འཚོ་བ་དེ་དགོན་གཞུང་གིས་སྤྲོད་རྒྱུ་དང་། དཀོར་རྫས་དངུལ་དང་ཡོ་བྱད་ཡོད་ན་སྒྲུབ་བླའི་སྐལ་བ་བཞག་རྒྱུའི་སྲོལ་ཡོད། རྗེས་སུ་མིང་གི་ལྷག་མ་ཙམ་ལས་མེད་ཀྱང་། ཕྱིས་སུ་བསྟན་པ་ཉམས་གསོའི་སྐབས་སྔོན་གྱིས་ཐུགས་སྐྱེད་བཟང་པོས། བླ་མ་རྒྱུད་མ་ཆད་པ། རྒྱ་ཚང་བླ་མ་དཔལ་ཆེན་དང་། པདྨ་ཁོང་སྐུ་མཆེད་གཉིས་ཀྱིས་རི་ཁྲོད་ཉམས་གསོ་བྱས་ཏེ། སྐུ་ཚེ་ཕལ་ཆེར་གནས་དེར་མཚམས་ལ་བཞུགས། མཐར་གདན་ས་འདི་རུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། ད་ལྟ་ཁོང་སྐུ་མཆེད་གཉིས་ཀྱི་ཚ་བོ་དང་། བླ་གྲྭ་འགའ་གནས་དེར་རྒྱུན་བཞུགས་སུ་མཛད་པ་ཡིན།
གནས་རི་འདིར་རི་ཁྲོད་བཏབ་ནས་དར་རྒྱས་སུ་འགྲོ་ཚུལ་བཤད་པ་ལ། དེ་ལྟར་གནས་རི་ཁྱད་པར་ཅན་གྱིས་མདུན་དུ་རྩི་ཤིང་ནགས་ཚལ་གྱི་མཐའ་ནས་བསྐོར་བ་ས་ཡི་བཤད་པ་ནས་བྱུང་བ་ལྟར་ས་དཔྱད་ཕུན་སུམ་ཚོགས་པའི་སྟེང་དུ། རིག་འཛིན་ཀློང་གསལ་སྙིང་པོ་དང་། ཀརྨ་རང་བྱུང་རྡོ་རྗེ། གྲུབ་ཆེན་པདྨ་བདུད་འདུལ་སོགས་བྱོན་ནས་ས་འདུལ་མཛད་ནས་རི་ཁྲོད་འདེབས་དགོས་པའི་ལུང་བསྟན་གནང་། ཆོས་ཁྲི་སྒར་ཞེས་མཚན་གསོལ། དེ་རྗེས་ལོ་འགའ་རེ་ལུས། ཕོ་བ་སྒར་བླ་མ་ཡེ་ཤེས་རྡོ་རྗེ། འོད་ཟེར་རྡོ་རྗེ། བླ་རྒན་བསྟན་འཛིན་སོགས་ཀྱི་དངོས་སློབ་བླ་མ་འགྱུར་མེད་བརྩོན་འགྲུས། པདྨ་བསོད་ནམས་གཉིས་གྱི་སྐུ་དུས་ལ་རི་ཁྲོད་དངོས་བཏབས་ནས་ཚོགས་ཁང་ཀ་རིང་བཞི་པ། ཇོ་ཁང་། སྤྱི་ཁང་། གཞལ་ཡས་ཁང་གྲྭ་ཤག་བརྒྱ་ལྷག་ཙམ་དུང་འཁོར་བཅས་བཙུགས། བླ་མ་མཐའ་ཡས། བླ་མ་རང་རིག་རྡོ་རྗེ། བསོད་རྒྱལ། ཇོ་བོ་བཀྲ་ཤིས་རབ་བརྟན། ཀླུ་མོ་རབ་གྱི་ཆོས་རྡོར། མཁས་ཆེན། གཅུང་ཆེན། ཨ་བསྟན་སོགས་བྱོན་ནས་སྤྱོད་འཇུག་རྡོར་སེམས། བྱང་ཆུབ་ལམ་བཟང་། བྱང་ཆུབ་ལམ་སྒྲོན། ཀུན་བཟང་བླ་མའི་ཞལ་ལུང་སོགས་དཔེ་ཆ་རིགས་དང་། གཞན་ཡང་རང་རིག་ཆོས་སྐོར་དང་། མཁའ་ཁྱབ་རང་གྲོལ་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་སློབ་ཚོགས་རྣམས་གསེར་ཐར་མགོ་ལོག ལིང་ཁ་གཤིས། སྡེ་གཡུང་མ། ལི་ཐང་། ཞག་གསར། ཆོ་ཡུལ། འབའ་གཤེ རྒྱ་ཤེར། ཀེ་རིང་། ཞག་རྙིང་། ཐང་སྐྱ་བ་སོགས་ནས་འདུས་པའི་སློབ་མ་གཉིས་བརྒྱ་ཙམ་རེ་དུས་རྒྱུན་དུ་བཞུགས་པའོ། གསུམ་པ་སྐུ་གསུང་ཐུག་རྟེན་མཆོད་ཆ་དངོས་བཞུགས་ཚུལ་རྒྱ་ཚོགས་སྙན་གྲགས་ཀྱིས་གཏེར་ནས་བླངས་པའི་སྤྱན་རས་གཟིགས་ཀྱི་སྐུ་དང་། གུ་རུ་ཆོས་དབང་གྱི་གཏེར་མ་རྡོ་རྗེ་འཆང་གསེར་སྐུ། ཀློང་གསལ་རྙིང་པོའི་གཏེར་ཚེ་དཔག་མེད་སོགས་མང་དུ་ཡོད། གཞན་ཡང་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་ཐང་ག པདྨ་བདུད་འདུལ་གྱི་ཐང་ག སངས་རྒྱས་སྟོང་སྐུ། བླ་མ་རང་རིག་ཆོས་སྐྱོང་དགོངས་འདུས་ཐང་ནག་སོགས་མདོར་ན་ཁྱོན་བསྡོམས་ཐང་ག་བཞི་བཅུ་ཙམ་ཡོད། སྨན་འདམ་ལས་གྲུབ་པའི་མཁན་སློབ་ཆོས་གསུམ། གནས་བརྟན་བཅུ་དྲུག་སོགསབཞུགས།
བཞི་པ་དེང་གི་གནས་ཚུལ་བཤད་པ་ལ། དེ་ལྟར་སྒང་ལེབ་ཆོས་ཁྲི་སྒར་ཞེས་པའི་རི་ཁྲོད་འདི་ནི་གསང་སྔགས་རྙིང་མ་བའི་སྨིན་གྲོལ་གླིང་དང་ཀླུ་མོ་རབ་ཀྱི་ཆོས་རྒྱུན་འཛིན་པའི་རི་ཁྲོད་ཆ་ཁག་ཡིན། [page 356] ཏང་སྲིད་བཟང་པོ་འོག་ཆོས་དད་རང་མོས་ཀྱི་སྒོ་ནས་བླ་མ་པད་ཟླ་དང་གྲྭ་ཅག་བླ་མ་རིག་འཛིན། པདྨ་བསྟན་འཛིན། ཀླུ་རབ་དགེ་ཨ་ཆོས་སོགས་ཀྱིས་རི་ཁྲོད་ཉམས་གསོ་བྱེད་ནས་རྒྱུན་བཞུགས་བླ་གྲྭ་ཇོ་སེར་དྲུག་བཅུ་ཙམ་བཞུགས་པ་དང་། དེ་དག་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་གནའ་སྲོལ་ལྟར་ཚོགས་པ་དུས་མཆོད་ཚོགས་པ་དང་། ཡོན་ཁ་དང་སློང་མོ་ལ་བརྟེན་ནས་བླ་མ་པད་ཟླ་དང་། དབང་གྲགས་གཉིས་ཀྱིས་འགན་གཙོ་བཞེས་ནས་བཞུགས་སོ།།
ད་སྐབས་གྲྭ་ཤག་ལྔ་བཅུ་ལྷག་ཙམ་ཡོད།
ཉག་སྨད་སྦྲོ་བོ་སྟོང་ར་རི་ཁྲོད་ནི། འཕགས་མ་རྗེ་བཙུན་སྒྲོལ་མའི་སྐུ། གཙོ་བོ་གནས་ཆེན་དེ་ཉིད་དུ་བཞུགས་པ་ལ། གནས་ཕྲན་མང་པོའི་བྲག་གི་ར་བས་ཡོངས་སུ་བསྐོར་བའི་རྒྱུ་མཚན་གྱིས་སྟོང་ར་ཞེས་པའི་མིང་དུ་བཏགས་པ་ཡིན་པས། གནས་ཚང་མ་དེ་ཉིད་དུ་བཞུགས་པའི་བླ་མ་རྣམས་ཀྱིས་སྒྲུབ་ཁང་ཐོག་མར་བཏབ་པ་སོགས་ལུང་པའི་མིང་གི་རྒྱུ་མཚན་གྱིས་ཀྱང་འགྲུབ་པོ། འདིར་ཆགས་སྔ་ཕྱིའི་ཁྱད་པར་ནི། ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་སྐྱབས་འགྱིན་འཁོར་དང་བཅས་པ་དམ་ལ་བཏགས་པའི་ཚེ་འདི་གའི་གནས་ཐོག་མར་ངོས་འཛིན་མཛད། གནས་འདི་ཉིད་དུ་ཞག་༣༠ཙམ་སྐུ་མཚམས་ལ་བཞུགས་ཚེ་ཡུལ་འདིའི་མི་སྐྱ་སེར་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་སྨིན་གྲོལ་གྱི་དགའ་སྟོན་མཆོག་ཏུ་སྤེལ་བས་རི་ཁྲོད་འདིའི་དབུ་ཐོག་མར་དེ་དུས་ཚུགས། དེའི་རྗེས་སྨྱོང་ཤུལ་ངག་དབང་བསྟན་འཛིན་འདིར་བྱོན་ནས་སྒྲོལ་མའི་གནས་ཁྱད་པར་ཅན་ཡིན་གསུངས་མྱོང་། དེའི་རྗེས་གནས་འདིའི་གཡས་ཕྱོགས་འོང་སྐྱབས་བླ་མ་ཟེར་བ་དེར་རི་ཁྲོད་ཆུང་ཆུང་ཞིག་ཀྱང་ཡོད། དེའི་འཕྲོས་རབ་བྱུང་༡༦པའི་ནང་སྨྲ་ཁམས་གཏོར་ཆེན་ཆོས་ཉིད་རྒྱ་མཚོའི་སྨྲ་གཏེར་པདྨ་འཕྲོ་འདུལ་རྩལ་ཆེས་པ་དེ་ཉིད་ཕུ་བོ་འབུམ་ཞལ་དཀར་གྱི་སྲས་དགྲ་ལྷ་སྨྲ་ཁམས་སྤོ་མདའ་ཞེས་བྱ་བའི་ཉེ་འཁོར། དཔལ་ལྡན་ས་སྐྱ་པའི་ཆོས་ལུགས་ཅན་དགོན་པའི་བདག་པོར་སྐུ་འཁྲུངས། དེ་ནས་དགུང་ལོ་༡༧སྐོར་ས་སྐྱ་གོང་དུ་གྲྭ་ས་ལ་ལོ་༩བཞུགས། དགུང་ལོ་༡༦ལ་གླིང་གནོང་ཨོ་རྒྱན་བདུད་འདུལ་གླིང་པའི་སྐུ་དྲུང་དུ་བྱོན་ནས་ལོ་༣་བཞུགས། དེའི་ལུང་བསྟན་བཞིན་ཉག་བླ་ཡེ་ཤེས་རྡོ་རྗེའི་དྲུང་དུ་བྱོན་ནས་སྨིན་གྲོལ་གྱི་དགའ་སྟོན་ལ་རོལ། དེ་ནས་སྔར་གླིང་གཤོང་ཨོ་རྒྱན་བདུད་འདུལ་གླིང་པས་ལུང་བསྟན་བཞིན་ཉག་བླ་ཡེ་ཤེས་རྡོ་རྗེས་ནོར་ཁོག་མཁའ་འགྲོ་སྐལ་བཟང་སྐྱིད་ཞེས་པ་དེ་ཉིད་སྨྲ་ཁམས་གཏེར་སྟོན་ལ་ཕུལ་བས་རྟེན་འབྲེལ་མཆོག་ཏུ་འགྲིགས། དེ་ནས་སྔར་གཡོན་རུ་འཆི་མེད་རྡོ་རྗེའི་གཏེར་ལུང་ལས། སྒྲོལ་མའི་གནས་འདིར་གུ་རུའི་ལྷ་ཁང་བཞེངས། དེ་དུས་འགྲོ་ལ་བདེ་སྐྱིད་ཅུང་ཟད་འབྱུང་། ཞེས་ལུང་བསྟན་དང་མཐུན་པར། སྨྲ་ཁམས་གཏེར་སྟོན་ཆོས་ཉིད་རྒྱ་མཚོ་ཡབ་ཡུམ་གཉིས་འདིར་བྱོན་ནས་གནས་འདིར་སྒྲོལ་དཀར་ཡིད་[page 360] བཞིན་འཁོར་ལོའི་གཏེར་སྒོ་ཕྱེས། དེ་ལྟའི་སྒྲོལ་མའི་གནས་མདུན་གུ་རུའི་ལྷ་ཁང་ཤིན་ཏུ་སྤུས་ལེགས་ཞིག་བཞེངས་པ་དེའི་ནང་གུ་རུའི་གཙོ་འཁོར་གསུམ་གཙོ་བོར་གྱུར་པའི་བྲིས་འབུར་གྱི་སྣང་བརྙན་བསམ་གྱིས་མི་ཁྱབ་པ་བཞེངས། མི་ལོ་བཞི་བཅུ་ཙམ་གནས་དེ་ཉིད་དུ་བཞུགས་སོ། །ད་ལྟའི་བར་གོང་དུ་བཤད་པ་བཞིན་སྨྲ་ཁམས་གཏེར་སྟོན། བླ་མ་མགོན། ཨ་སོང་བླ་མ་ཚུལ་ཁྲིམས་རྒྱ་མཚོ། བྱ་རྗེས་བླ་མ། ཨ་སོང་བླ་མ་བློ་གྲོས་དབང་ཕྱུག་སོགས་མང་དུ་བྱུང་བ་བཅས་སོ།།
སྦྲེ་བྲག་འགོ་དགོན་འདེབས་པ་པོ་ཐར་པ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་དཀྱིལ་ཙམ་ལ་མཚོ་ཁ་དགོན་མ་བཏབ་པའི་སྔོན་ལ་བང་སྨད་དུ་བྱོན་ནས་རྟེན་འབྲེལ་གྱིས་འདིར་རི་ཁྲོད་ཞིག་བཏབ་ན་ལེགས་གསུང་སྟེ་ཆོས་སྐྱོང་ལྷ་ཁང་ཟེར་བ་བཏབ། དེ་རྗེས་ཡར་བྲག་གི་སྟེང་དུ་སྤོས་ནས་བྲག་མགོ་དགོན་ཟེར། ཐོག་མར་འདེབས་དུས་གྲུབ་མཐའ་དྭགས་པོ་བཀའ་བརྒྱུད་ཡིན། ཕྱིས་སུ་ཀརྨ་བཀའ་བརྒྱུད་དར་བ་དང་རྙིང་མའི་བཀའ་གཏེར་སྨིན་གྲོལ་དར་སྤེལ་བྱུང་བས་བཀའ་རྙིང་གྲུབ་མཐའ་འདྲེས་མར་[page 382] གྱུར། མཚོ་ཁ་དགོན་པའི་བུ་དགོན་ཡིན། དགོན་ཆུང་འདིའི་བླ་མ་བདེ་ཆེན་ལྷུན་གྲུབ་དང་བློ་བཟང་བསྟན་འཛིན། ཆོས་དབང་། ཆོས་འཛིན་སོགས་རིམ་པར་བྱོན། རི་ཁྲོད་དུ་ཆོས་པ་མང་པོ་བཞུགས། ཀཿཐོག་བླ་མ་ཞིང་སྐྱོང་བྱོན་ཏེ་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་དང་མ་ཎི་བུམ་སྒྲུབ་སོགས་བཙུགས། ཀརྨ་བ་ཆོས་གྲགས་རྒྱལ་མཚན་མཚོ་ཁ་དགོན་དུ་བྱོན་སྐབས་རང་དགོན་ལ་རབ་གནས་སོགས་མཛད། ཆིབས་པའི་རྗེས་སོགས་རྡོ་ལ་བཞག་པ་ད་ལྟ་མཇལ་རྒྱུ་ཡོད། ལྗགས་མདུད་ཤེས་རབ་རྒྱལ་མཚན་གྱི་ལྕམ་སྲིང་མོ་ཨ་ཐོག་བླ་མ་གསང་སྔགས་བསྟན་འཛིན་གྱིས་གསང་ཡུམ་དུ་བཞེས། མ་ཏི་སེང་གདོང་དབང་ཁྲིད་སོགས་དང་རྟེན་བྱིན་རླབས་ཅན་སོགས་གནང་། རབ་གནས་སོགས་མཛད། སྟག་ཤམ་དང་རད་གླིང་། ཀར་གླིང་སོགས་བཀའ་བརྒྱུད་དང་རྙིང་མའི་ཆོས་བརྒྱུད། བེར་ནག་སྐང་གསོ་སོགས་རྒྱུན་ཁྱེར་བྱེད། མ་རླུང་འཁྱིལ་བའི་སྒྲུབ་མཆོད་དང་ཚེས་བཅུ། དབུར་གནས་དགུ་གཏོར་སོགས་དབྱར་དགུན་དུས་མཆོད་རྣམས་དགོན་པ་ཆེ་བ་རྣམས་དང་འདྲ་བ་ཡོད། བླ་གྲྭ་ཉི་ཤུ་ཙམ་ཡོད། སྔར་སྐུ་གསུང་ཐུགས་རྟེན་མཆོད་ཆ་སོགས་ཡོད་ཀྱང་སྐབས་བརླག་ཚར། དགོན་ཆུང་ལྷ་ཁང་རིག་གནས་གསར་བརྗེའི་སྐབས་སུ་ཤུལ་མེད་སོང་། ད་ལྟ་གྲྭ་བཅུ་ཡོད་ལ་དགོན་པ་སླར་གསོ་ཅུང་ཟད་བྱས་ཡོད་པ་དང་། བསྙུང་གནས་ཟླ་ཕྱེད་རེ་ཡོད། དགེ་འདུན་པ་རྣམས་བསླབ་གསུམ་ནོར་ལ་འབད་བརྩོན་བྱེད་བཞིན་བཞུགས་ལགས། ཞེས་པའང་བྱ་ཚེ་རིང་གིས་ལེགས་སྒྲིག་བྱས་པ་དགེའོ།།
ཨུ་རྒྱན་ཕུན་ཚོགས་དགོན་པ་ཆགས་ཚུལ་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་འབྲི་ཟླ་ཟལ་མོ་སྒང་གི་ཉེ་འགྲམ་ཟླ་ཀླུང་དར་འབབ་གཡས་ཕྱོགས་རྒྱལ་དབང་པདྨ་ཀ་རས་བྱིན་གྱིས་བརླབས་པའི་གནས་ཆེན་རིགས་གསུམ་མགོན་པོའི་མདུན་ཞོལ་སྦྲེ་བེ་ཐིག་སྟོད་ལ་ཆགས་ཡོད། དགོན་གྱི་ས་གནས་ཐམས་ཅད་བྱིན་བརླབས་མཛད་པ་པོ་རྒྱལ་བ་ཀཿཐོག་པའི་རྒྱལ་མཚན་བཅུ་གསུམ་ནང་ཚན་ལྕགས་མདུད་ཤེས་རབ་རྒྱལ་མཚན་ཞེས་རིམ་གཉིས་ལམ་ལ་མཐར་ཕྱིན་པའི་མཁས་གྲུབ་ཆེན་པོ་མཚན་གྱི་བ་དན་སྲིད་ན་མངོན་པར་མཐོ་བ་དེ་ཡིན། ལྕགས་མདུད་མིང་ཐོག་དོན་ནི་ཀརྨ་བཀའ་བརྒྱད་བོད་ཀྱི་རྒྱལ་པོ་དང་རྒྱ་ནག་གོང་མའི་དབུ་བླ་ཡིན་པས། དེ་དུས་ཀརྨ་པ་གྲྭ་པའི་ཚུལ་གྱིས་བྱོན་དགོས་པས་ལོ་གསར་བརྩི་ལོང་མེད་པར་ཧོར་ཟླ་༡༡་ཚེས་༡༣ལ་ལོ་གསར་བཏང་བས་ད་ལྟར་ཡང་ཉག་རོང་ལ་དེའི་སྲོལ་མ་ཉམས་པར་ཡོད། དེ་དུས་རྒྱ་ནག་གོང་མའི་མདུན་གྲུབ་རྟགས་ཀྱིས་ལྕགས་མདུད་པས་ལྕགས་མདུད་ཞེས་པ་དེ་ནས་ཐོག ཁོང་རབ་བྱུང་བརྒྱད་པའི་ས་མོ་ཡོས་ལ་འཁྲུངས། དགུང་ལོ་༣༣ལྕགས་ཕག་ལོར་ལྕགས་མདུད་ཨུ་རྒྱན་ཆོས་གླིང་བཏབ། དེའི་མཐའ་རྟེན་དུ་དགུང་ལོ་༣༦ཤིང་སྟག་སྤྱི་ལོ་༡༤༩༤རྔ་རྔ་གཡུ་འབྲུང་དར་རྩེ་གནས་ཀྱི་རྩེར་ཕུར་པ་ལྷ་ཁང་བཞེངས། ཕྱིའི་བཀོད་པ་རྣམས་ཚར་བ་དང་། ནང་དུ་ལྕགས་མདུད་དགོན་པའི་མཐའ་རྟེན་ལ་དགོངས་ནས་བླ་མ་རང་གི་སྐུ་བྱིན་རླབས་ཅན་གཅིག་བཞེངས། དེ་དུས་སློང་[page 339] མོ་བ་གཉིས་སླེབ་པས་བླ་མས་ཞལ་རྩེད་ཚུལ་དུ། སྐུ་འདྲ་ཨ་ཡག་གསུངས་པས། སློང་མོ་བ་གཉིས་ཀྱིས་ཤིན་ཏུ་ཡག་པོ་འདུག་ཞུས་པས། ཕྱིས་སུ་སྐུ་འདྲ་དེ་ལ་ཨེ་ཡག་བླ་མ་ཞེས་མཚན་ཐོགས་པ་རེད། དེའི་སྐབས་སུ་རྔ་རྔ་གཡུ་འབྲུང་དར་རྩེ་དེ་རིགས་གསུམ་མགོན་པོའི་གནས་སུ་ངོས་འཛིན་གནང་བ་དང་། གནས་སྒོ་ཕྱེ་ནས་ད་ལྟ་ཡང་ཞབས་རྗེས་དང་གྲུབ་པའི་རྟགས་མཚན་ཡི་གེ་རང་བྱུང་སོགས་མང་པོ་མཇལ་རྒྱུ་ཡོད། དེ་རྗེས་བར་སྐབས་ཉག་དཔོན་མགོན་པོ་རྣམ་རྒྱལ་གྱིས་རིམ་བཞིན་ཉག་སྡེ་རྣམས་མངའ་ཞབས་སུ་སྡུད་པའི་དུས་ཐིག་སྟོད་པ་རྣམས་ཉག་དཔོན་ལ་དགྲ་བྱས་པའི་རྐྱེན་གྱིས་ཉག་དཔོན་གྱི་དམག་སྟག་ཟན་པ་བརྒྱད་ཀྱིས་ཨེ་ཡག་བླ་མ་གཡང་ལ་བསྒྲིལ། ཕུར་པ་ལྷ་ཁང་མེར་བསྲེགས། དེའི་རྐྱེན་གྱིས་ལྷ་སྲུང་འཁྲུགས་ནས་དམག་དེ་རྣམས་ཡར་འགྲོ་ལམ་དུ་ཝི་བག་ཆུ་མིག་འདབས་སླེབ་དུས་དུག་སྦྲུལ་གྱིས་སོ་བཏབ་ནས་སྟག་ཟན་གྱི་རྐང་པ་ལ་རྨ་སྐྱོན་ཚབ་ཆེན་ཤོར། དེའི་ནུབ་མོ་ཀླག་ཥག་ལ་ཚང་གི་ཁང་པ་ནང་ཞག་སྡོད་བྱས་དུས། མཚན་མོར་ཁང་པའི་ཀ་བ་འཁོར་ནས་སྟག་ཟན་བརྒྱད་ཕྱི་མའི་ལྔ་ལམ་དུ་བཏང་བ་རེད། ཕུར་པ་ལྷ་ཁང་ཕྱིའི་རྩིག་པ་རུ་བཞི་དེ། ད་ལྟ་ཡང་གང་ནས་མཇལ་ཀྱང་མཇལ་རྒྱུ་ཡོད་པ་གཅིག་ཡིན། དེ་དུས་སུ་དགོན་དཔོན་བླ་མ་ཨ་འབྱང་བླ་མ་དྲི་མེད་རྒྱ་མཚོ་དང་། ཨ་སྦྲ་བླ་མ་ཚུལ་ཁྲིམས་རྒྱ་མཚོ་གཉིས་རེད། དེ་རྗེས་དགོན་པ་རྒྱ་ཁར་གྲོང་སྟོད་ཕར་སྤོས་པ་རེད། ལྷ་ཁང་ཀ་རིང་བཞི་པའི་ས། ནང་རྟེན་ཇོ་བོ་གནས་བརྟན་བཅུ་དྲུག་བྲག་རི་མ་བཅས་དང་གྱང་རིས་ཞི་ཁྲོ་དང་བཀའ་བརྒྱད་ལྷ་རྣམས་ཡོད། ཨ་ཚེ་པདྨ་རྒྱལ་མཚན་བྱོན་ནས་བཀའ་འགྱུར་ལྗགས་ལུང་གནང་མྱོང་བ་དང་། ཀློང་གསལ་སྙིང་པོ་བྱོན་ནས་བདུད་འདུལ་ཕུར་པ་དང་། ཡེ་ཤེས་རབ་འབར། སྐུ་གསུམ་ཞི་ཁྲོ། རྟ་ཕྱག་ཁྲུང་གསུམ་ཚེ་སྒྲུབ་སོགས་ཆོས་ཚན་མང་པོ་འདོན་སྲོལ་དང་དཔེ་ཆ་མང་པོ་ད་ལྟའི་བར་མ་ནུབ་པར་ཡོད། རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་རིང་སྤྱི་ལོ་༡༨༦༤ལ། ཉག་དཔོན་མགོན་པོ་རྣམ་རྒྱལ་བོད་པས་འཕྲོག་ནས་ཉག་རོང་གི་རྒྱ་ཁྱབ་ཆེན་པོ་ཕུ་ར་བ་སྐོས་བཞག་མཛད་པ་རེད། དེ་དུས་སྔོན་ཆོས་རྒྱལ་ཆེན་པོས་ཕྱག་སྲོལ་བཞིན་དགོན་པ་ལ་ས་ཞིང་སྤྲད་པ་དང་། བླ་བྲང་ལ་ཡང་སྤྲད་པ་རེད། ཡང་དགོན་གནས་སྤོ་དགོས་པའི་སྐབས། གྲུབ་ཆེན་པདྨ་བདུད་འདུལ་ལ་ལུང་བསྟན་ཞུས་པས། རྔ་རྔ་མགོར་བཏབ་ན་ལེགས། སྔར་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱི། བྱིན་གྱིས་རླབས་པའི་ས་གནས་ཁྱད་པར་ཅན་ཡིན་གསུངས། ཨོ་རྒྱན་ཕུན་ཚོགས་དགོན་པ་ཞེས་མཚན་གྱི་ཅོད་པན་སྲིད་ན་མཐོ་བ་གནང་། རྔ་རྔ་དགོན་ཐོག་དོན་ནི། ས་མིང་དགོན་ལ་ཐོག་པ་སྟེ། སྔར་ཡུལ་མི་རྒན་རབས་ལ་ལས་གནས་འདིའི་དབྱིབས་རྔ་མོ་དང་འདྲ་ཟེར། ལ་ལས་གཡུ་འབྲུག་འཁྱིལ་བ་དང་འདྲ་ཟེར་བས་སྔོན་དུས་སུ་རྔ་རྔ་གཡུ་འབྲུག་དར་རྩེ་ཟེར། ད་ལྟར་ཡང་བསང་འབོད་བྱེད་དུས་གནས་རི་རིགས་གསུམ་མགོན་པོ་རྔ་རྔ་གཡུ་འབྲུག་དར་རྩེ་བསང་ངོ་ཟེར་སྲོལ་ཡོད།
[page 340] སའི་དགེ་བཅུ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མ་འཛོམས་པའི་གནས་ཁྱད་འཕགས་དེ་ལ་ལྷ་ཁང་བཞེངས་ཟིན་པ་དང་། ཁྲོ་ཟུར་སྒྲུབ་ཆེན་རིན་པོ་ཆེ་དཔལ་ལྡན་ཆོས་ཀྱི་བཟང་པོ་བྱོན་ཏེ། ལྷ་ཁང་བཞེངས་ཟིན་ནའང་ནང་རྟེན་བཞེངས་དགོས་གསུངས། བླ་རྒན་རྣམས་ཀྱིས་འཇམ་དཔལ་གྱི་སྐུ་གཅིག་བཞེངས་རོགས་ཞུས་ཀྱང་གྲུབ་ཆེན་གྱི་དེ་མི་དགའ་གསུངས་ཏེ། སྲིད་ཞིང་ཆེ་ཆུང་ཚད་བླངས་ནས་ཕྱག་བསྣམས་མཛད། ཡུལ་ཞག་གསར་གྱི་ལ་ཁ་རྩིའུ་ཐོག་ལ་རྒན་གཉིས་ཡལ་ག་རྣམས་བཅད་ནས་ལས་ཡོམ་བྱས་ཏེ། ཉིན་བདུན་གྱིས་གུ་རུ་བདུད་དབུང་ཟིལ་གནོན་བཞེངས། གུ་རུ་འདི་བོད་གངས་ཅན་པ་སྤྱི་བྱེ་བྲག་ཐམས་ཅད་ལ་ཕན་ངེས་པའི་ལུང་བསྟན་མང་པོ་གནང་། ལྷ་གཞན་རྣམས་ལ་སྣག་ཐོ་བཅས་གནང་། ལྷ་བཟོ་སུ་ཞིག་གི་བྲིས་པ་ལས་ཀྱང་འཕགས་ཅན་ཞིག་བཞུགས། ལྷ་ཁང་ནང་གི་ལྷ་རྣམས་བཞེངས་གྲུབ་པ་དང་། སྒྲུབ་ཆེན་རིན་པོ་ཆེ་ཉིད་ཀྱིས་རབ་གནས་གནང་སྐབས་ནམ་མཁར་འཇའ་དང་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་། བར་སྣང་མེ་ཏོག་གི་ཆར་བབས་པ་སོགས་ཡ་མཚན་གྱི་ལྟས་མང་དུ་བྱུང་། དགོན་པ་ཐོག་མ་ནས་ད་ལྟའི་བར་སྔ་འགྱུར་རྙིང་མ་བའི་ཆོས་བརྒྱུད་འཛིན་པ་ཡིན།།
དགོན་པའི་གདན་རབས་དང་བླ་རབས་རྣམས་ནི། ཨ་འབྱང་བླ་མ་དྲི་མེད་རྒྱ་མཚོ། བསོད་ནམས་བསྟན་པ། བླ་མ་བློ་གྲོས། ཨ་བཀྲ་བཅས་དང་། ཨ་སྦྲ་བླ་མ་ཚུལ་ཁྲིམས་རྒྱ་མཚོ། བླ་མ་ངག་དབང་བསྟན་འཛིན། ཆོས་དཔལ། མཁན་པོ་ཨ་དཔལ། ཀཿཐོག་རྒྱུ་སྡེ་མཁན་པོ་ཤེས་རབ་རབ་གསལ། ཨ་ཝི་བླ་མ་ཨོ་རྒྱན། རྒྱ་ཚུ་བླ་མ་ཨ་བསྟན་རྣམས་སོ། བླ་མ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་ནི། ཨ་འབྱང་བླ་བྲང་གི་དྲི་མེད་རྒྱ་མཚོ་ནི། རིམ་གཉིས་ལམ་ལ་མཐར་ཕྱིན་ནས་ལྕགས་མདུད་བླ་མ་ཤེས་རབ་རྒྱལ་མཚན་ཀྱིས་ཕུར་པ་ཁམས་གསུམ་ཟིལ་གནོན་གླིང་གི་བླ་མ་ལ་མངའ་དབང་གསོལ་བ་ཡིན། ཨ་མགོན་གྱིས་ཕུར་པ་ཁམས་གསུམ་ཟིལ་གནོན་གླིང་གི་བླ་མ་ལ་མངའ་དབང་གསོལ་བ་ཡིན། ཨ་མགོན་གྱིས་དགོན་པ་བརླག་རྗེས་རྒྱ་ཁར་གྲོང་སྟོད་ལ་སྤོས་པའི་འགན་བཞེས་ནས་ལྷ་ཁང་ཕྱི་ནང་གསང་བའི་རྟེན་བརྟེན་པ་རྣམས་བཞེངས་པ་ཡིན། བླ་མ་བསོད་ནམས་བསྟན་པ་ནི་ཆུང་དུས་ནས་འབྲི་ཀློག་འདོན་གསུམ་ལ་སྦྱངས་པ་མཐར་ཕྱིན། དགོན་པ་ཚུར་རྔ་རྔ་གནས་ལ་གསར་སྤོས་འགན་བཞེས་ནས་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སྒྲུབ་མཆོད་ཆ་ལག་དང་བཅས་བ་བཞེངས་པ་ཡིན་ནོ། བླ་མ་བློ་གྲོས་མཆོག་ནི། སྤྱི་ལོ་༡༨༩༦རབ་བྱུང་༡༥མེ་ཕོ་སྤྲེལ་ལོ་ལ་སྐུ་འཁྲུངས། ཆུང་དུས་ནས་འབྲི་ཀློག་རྣམས་ལ་སྦྱངས། གླག་བླ་བསོད་ནམས་ཆོས་གྲུབ་མདུན་བླ་མ་ཨ་ཀུན་གྱི་གྲྭ་པ་བྱས་ནས་ལོ་གསུམ་རིང་ལ་དབང་ལུང་ཁྲིད་རྣམས་ཞུས། བླ་མ་ཡེ་ཤེས་རྡོ་རྗེ་ལ་བརྟེན་ནས་ཟབ་གསང་རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་རྟོགས་ནས་རྣལ་འབྱོར་རྟོག་ལྡན་དུ་གྲགས། ཀླུ་མོ་རག་སྤྲུལ་སྐུ་ཆོས་རྡོར་དང་། སྐུ་ཚབ་བསྟན་འཛིན་སོགས་སྐུ་ངོས་རྣམ་པའི་བདུད་ཀློང་གཉིས་ཀྱི་ཆོས་སྐོར་དང་། སྐུ་ཚབ་བསྟན་འཛིན་སོགས་སྐུ་ངོས་རྣམ་པའི་བདུད་ཀློང་གཉིས་ཀྱི་ཆོས་སྐོར་དང་། སྐུ་གསུམ་གླིང་པའི་གཏེར་ཆོས་ཆ་ཚང་ཐོབ། དབོན་པོ་ཚུལ་ཁྲིམས་རྒྱ་མཚོའི་མདུན་བསྙེན་པར་རྫོགས་ནས་ཕམ་ལྷག་བཅུ་བདུན་[page 341] ལ་ཉེས་པའི་སྐྱོན་གྱིས་མ་གོས་པ་དགེ་སློང་ཤ་རིའི་བུ་ལྟ་བུར་གྲགས་སོ།།
བླ་མ་དང་དགེ་འདུན་བཞུགས་གྲངས་ནི། སྤྱི་ཚོགས་རྙིང་པའི་སྐབས་དགོན་བདག་བླ་མ་གཉིས་བཞུགས། བླ་མ་བློ་གྲོས་དང་། མཁན་པོ་ཨ་དཔལ་གཉིས། དགེ་འདུན་ཞལ་གྲངས་བཞི་བཅུ་ཡོད། ད་ལྟར་དགོན་བདག་བླ་མ་ཨ་བཀྲ་དང་། བླ་མ་ཨུ་རྒྱན། ཨ་བསྟན་རྣམས་བཞུགས། དགེ་འདུན་ཞལ་གྲངས་སུམ་ཅུ་བཞུགས་ཡོད། མ་དགོན་གྲྭ་ས་ཆོས་རྒྱུད་ནི། མཚོ་ཕྲད་སྒྲུབ་ཆེན་རིན་པོ་ཆེ་དཔལ་ལྡན་ཆོས་ཀྱི་བཟང་པོས། གཏན་འཇགས་གི་དུས་མཆོད་དགོས་གསུངས་ནས། ཟླ་བ་དགུ་པ་འདི་སྔགས་པ་ཕུར་ཐོག་གི་ཟླ་བ་ཡིན་པས་གཏོར་བཟློག་འཚམས་བཅས་ཉིན་བདུན། ཟླ་བ་བཅུ་པ་ལ་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་ཉིན་བདུན། ཀླུ་མ་རག་མཆོག་སྤྲུལ་ཆོས་རྡོར། སྐུ་ཚབ་བསྟན་འཛིན། ས་ནག་བླ་མ་ཀུན་བཟང་། བླ་མ་འགྱུར་མེད་སོགས་ཀྱིས་རང་རིག་གཏེར་ཆོས་འཇམ་དཔལ་སྨྲ་སེང་སྒྲུབ་མཆོད་བཙུགས། ཡང་བྲག་རྫོང་ཆོས་འགྲུབ་གྱིས་བདེ་ཆེན་ཞིང་སྒྲུབ་ཀྱི་རྟེན་རྩ་གནང་། བླ་མ་མདོ་རྒྱུད་གྲགས་པ་བྱོན་ནས་བདེ་ཆེན་ཞིང་སྒྲུབ་བཙུགས། ཡུལ་དགོན་གོ་འབྱོར་བླ་མ་སྐྱེ་མེད་རྡོ་རྗེ་སྤྱན་དྲངས་ནས། འདུལ་བ་གཞི་གསུམ་ཕྱག་ལེན་དང་དབྱར་གནས་ཀྱི་སྒྲིག་ལམ་བཅས་ལེགས་པར་བསླབས་ཏེ་རྒྱགས་འབུལ་རྐང་ཚུགས་ལེགས་པར་བྱུང་ཡོད། དབྱར་གནས་མཁན་པོ་ཐོག་མར། སྐྱེ་མེད་རྡོ་རྗེས་མཛད། དེ་རྗེས་མཁན་པོ་ཨ་ཤེར་གྱིས་ལོ་གཉིས་ལ་ཐུག་ཁུར་བཞེས། ངལ་གསོ་སྐོར་གསུམ་སོགས་ཆོས་ཚན་བཅོ་ལྔ་དང་ཁྲིད་ཡིག་ནོར་བུ་མེ་ལོང་དང་སྡོམ་གསུམ་ཡོ་དགའ་མཆན་འགྲེལ་རྣམས་དང་། རྩིས་ས་རིས་ཐུན་མོང་གི་རིག་གནས་རྣམས་ལེགས་པར་སློབ་ཁྲིད་གནང་བ་སོགས་བཀའ་དྲིན་བརྗོད་ལས་འདས་པ་བྱུང་། དེ་རྗེས་མཁན་པོ་ཨ་དཔལ་ཀཿཐོག་རྒྱུད་སྡེ་ནས་རང་དགོན་དུ་བྱོན་ནས་དབྱར་གནས་མཁན་པོ་གནང་བ་ཡིན་ནོ། དགོན་པ་ནི་ཤར་རྒྱལ་བ་ཀཿཐོག་པའི་དགོན་ལག་ཡིན་ནོ།། རྟེན་གྱི་གཙོ་བོ་དང་རོལ་ཆས། མཆོད་ཆ་སོགས་འགངས་ཆེན་གནའ་རྫས་སྤྱི་ཚོགས་རྙིང་པའི་སྐབས་ཡོད་པ་ནི། འོད་དཔག་མེད། པདྨ་འབྱུང་གནས། ཐུབ་པ་སྐུ་གཉིས། སྒྲོལ་མ། དེ་རྣམས་ལི་མ་བྱིན་ལྡན་དང་། དེ་མིན་གསེར་སྐུ་ཆེ་ཆུང་༧༠ཡོད། རོལ་མོ་ཆ་ལང་གྲགས་ཆེ་བ། བྲ་ཡི་ཧོར་ཟེར་བ་རྒྱ་ཡིག་ལོ་གྲངས་ཅན། ལོ་སྟོང་ཕྲག་གཅིག་གི་སྔོན་གྱི་རོལ་མོ་རྒྱ་ནག་མ་ཞེས་པ་རྒྱ་ཡིག་ལོ་གྲངས་ཅན་སོགས་མང་ངོ་། གསུང་སྟེན་སྐོར་ལ་རྒྱལ་བའི་བཀའ་འགྱུར། རིན་ཆེན་གཏེར་མཛོད། འབུམ་བརྒྱད་སྟོང་། གཟུངས་འདུས་སོགས་སོ།
སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་བཟུང་། སྐྱེ་འགྲོ་ཐམས་ཅད་ལ་བདེ་སྐྱིད་ཀྱི་ཉི་གཞོན་ཡང་དག་པར་ཤར་ནས་དུས་རབས་ཀྱི་འགྱུར་ལྡོག་ལ་བསྟོད་འོས་དང་སྨོན་འོས་ཡང་དག་པར་སེམས་སོ། རང་སྟོབས་རང་སྤེལ་གྱི་བློ་སྟོབས་ལ་རྟེན་ནས་མི་དམངས་[page 342] དང་བླ་གྲྭ་རྣམས་ཀྱིས་ལྷ་ཁང་རྨང་ནས་ཡར་བཞེངས་ཏེ། ནང་གི་ལྷ་དང་མཚོན་སོགས་གྲུབ། ཇ་ཁང་བརྩེགས་གཉིས། བོང་བ་གསུམ་བཅས། དུང་འཁོར། འབག་མགོ འཆམ་གོས། འཆམ་ཆས་ཆ་ཚང་། མཆོད་ཆ།། སྐུ་རྟེན་སྐོར་ལ། ཐུབ་པ། འཇམ་པའི་དབྱངས། འོད་དཔག་མེད། གུ་རུ་རྣམས་ཁྲི་གང་རེ། བདེ་གཤེགས་སོ་ལྔ་མཐོ་གང་རེ། དེ་རྣམས་ཟངས་རག་སྐུ་འདྲ་ཡིན།། གསུང་རྟེན་བསྐོར་ལ། བཀའ་འགྱུར་ཆེན་མོ། བསྟན་འགྱུར། རྙིང་མ་རྒྱུད་འབུམ། རིན་ཆེན་གཏེར་མཛོད། འབུམ། སྔ་འགྱུར་བཀའ་མ། ཁྲོ་ཟུར་ཚང་གཏེར་ཆོས་ཆ་ཚང་པོད་༣༠ཁྱོན་པོད་བསླུས་ནས་བཞེངས་ཡོད། ཚོགས་དུས་མཆོད་ནི། དབྱར་ཚོགས་དགུན་ཚོགས་བདུན་སྒྲུབ། ཞི་སྒྲུབ་ཉིན་བདུན་རྣམས། རང་གྲོལ་རང་རྩམ་ལས་ཚོགས་རྟེན་གང་ཡང་མེད། དགོན་པའི་ཕྱི་ནང་གི་ལས་ཀ་དང་རྟེན་བཞེངས་ལ་འགྲོ་སོང་སྒོར་ཁྲི་བཞི་བརྒྱ་སྟེ། འབུམ་དངུལ་བཞི་བཅུ་སོགས་ཡོད། རྒྱལ་ཁབ་ཀྱི་གནང་སྦྱིན་སྒོར་༡༠༢༥༠བྱུང་བས་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད།
ཕྲན་གྱིས་དགེ་སྐོས་ལོ་གཉིས་ཁུར་ནས། སྒོར་ཁྲི་གཉིས་རྟེན་བཞག་བྱེད་ཁུལ་བྱས་ཡོད། བླ་མ་ཨོ་རྒྱན་དང་ཨ་བསྟན་གཉིས་དང་འགན་ཁུར་བ་རྣམས་ཀྱིས་ཐུགས་ཁུར་ལྷོད་མེད་གནང་ནས་ད་ལྟར་ཉག་རོང་རྫོང་གི་དགོན་པ་སུ་དང་བཤིབས་ན་རིག་གནས་དང་སྒྲིག་ལམ་རྟེན་བཞེངས་སོགས་ངོ་མི་ཚ་བ་ཞིག་ཡོད་པར་སེམས་སོ། སྐྱབས་རྗེ་རིན་པོ་ཆེ་ཉག་རོང་དུ་ཐེངས་འགའ་བྱོན་ནས་མཆོག་གི་བདག་རྐྱེན་ལས། ཉག་རོང་རྫོང་གཅིག་ལ་དགེ་ཚུལ་སློང་༡༨༠སྒྲུབས་པ་དང་། བཤད་གྲྭ་གསུམ་བཙུགས་པ་དང་། སྔ་འགྱུར་རྙིང་མའི་རང་རྐང་ཚུགས་པའི་མཁས་པ་མང་ཙམ་གསོ་སྐྱོང་གནང་ནས། སྒྲུབ་བརྒྱུད་ཤིང་རྟ་བདུན་པོ་གང་དང་མི་འདྲ་བའི་མཛད་རྗེས་བཞག་གནང་ཡོད་དོ། གྱི་ན་བ་ཨ་བཀྲ་ཡིས་གསེར་ལྗོངས་བླ་རུང་ཆོས་སྡེ་ཆེན་མོར་གུས་པས་སྦྱར་ཏེ་ཕུལ་བའོ།།
ཐོག་མའི་ཕྱག་བཏབ་ཚུལ་ནི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རྒྱ་ནག་ཏུ་བྱོན་སྐབས་སུ་ཡུལ་འདིར་བྱོན་ནས་ཨེ་ཝཾ་དགོན་པ་འདི་བཏབ་ན་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་དགོངས་ཏེ་ས་གཞི་བྱིན་བརླབས་སོགས་མཛད་ནས་ཕྱག་བཏབ། དེའི་དུས་སུ་དཔལ་ལྡན་ས་སྐྱའི་བསྟན་པ་ལུང་རྟོགས་གཉིས་ཀྱི་བདག་ཉིད་ཅན་དེ་ཉིན་མ་ལྟར་གྱུར་པའོ། རྗེས་སུ་གཙང་ངོར་ནས་ལོ་གསུམ་རེ་རྗེས་མཁན་པོ་རེ་མངགས་སྲོལ་ཡོད་ཀྱང་དེ་རྗེས་ཆོས་ཡུལ་དུ་གཙང་ངོར་ནས་མཁན་པོ་བྱོན་མི་དགོས་པར་གཡུ་རི་བླ་མས་མཁན་པོ་མཛད་རྒྱུ་བྱས། ཁོང་གྱིས་དགོན་པ་ཉམས་གསོ་དང་བསྟན་པ་དར་རྒྱས་སུ་མཛད་དོ། །དེའི་རྗེས་སུ་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་མཛད། དེ་ནས་ཆོས་ཡུལ་སྨད་དུ་བྱོན་ནས་རྡོ་རྗེ་ཕག་མོའི་གནས་སྒོ་ཕྱེས་ཤིང་ཞབས་རྗེས་སོགས་གྲུབ་པའི་རྟགས་མཚན་མང་པོ་དང་སྒྲུབ་ཕུག་ཏུ་ཨོ་རྒྱན་གྱི་སྐུ་སོགས་ཉིད་ཀྱིས་བཞེངས་ནས་ད་ལྟའང་ཕག་མོ་གནས་ཞེས་བྱིན་རླབས་ཅན་དུ་གྲགས་པ་ཡོད། དེ་རྗེས་ཁྲོམ་དགེ་མཁའ་སྤྱོད་རིན་པོ་ཆེ་དང་གྲགས་པ་ཆོས་ཀྱི་འོད་ཟེར་བྱོན་དུས་བཀྲ་ཤིས་པའི་རྟགས་མཚན་[page 364] མང་དུ་ཡོད་པ་གཟིགས་ནས་འཛམ་གླིང་བཀྲ་ཤིས་དགོན་ཞེས་མཚན་གསོལ། མཁའ་སྤྱོད་གྲུབ་ཆེན་དེ་ཉིད་ཀྱིས་དགོན་པའི་ལྕགས་རི་ནང་དུ་ཆུ་གཏེར་བླངས། ཕྱིས་སུ་དེ་ལ་ཀླུ་ཤིང་ཡལ་ག་མཛེས་ལྡན་ཞིག་ཀྱང་འཁྲུངས། དེ་ལ་མེ་ཏོག་སྣ་ཚོགས་བཀྲ་བ་ཕལ་པའི་ཤིང་དང་མི་འདྲ་བ་ཞིག་ཡིན། གྲུབ་ཆུའང་ཆུ་ཟོ་བརྒྱ་བླངས་ཀྱང་ཉུང་དུ་མི་འགྲོ་བ་དང་། མ་བླངས་ཡང་མང་དུ་མི་འགྲོ་བ་ཞིག་ཡིན། དབྱར་གྱི་དུས་སུ་ཇེ་ཆེ་དང་དགུན་གྱི་དུས་སུ་ཇེ་ཆུང་འགྲོ་རྒྱུ་མེད་པ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་དེ་རེད། བར་སྐབས་སུ་འཇའ་ལུས་པ་གྲུབ་དབང་པདྨ་བདུད་འདུལ་དང་བསོད་རྒྱལ། དབོན་པོ་ཚུལ་ཁྲིམས་རྒྱ་མཚོ་གཟུང་ཤུལ་བྱ་བྲལ། གླག་བླ་ཆོས་འགྲུབ། གཏེར་ཆེན་འགྲོ་འདུལ་གླིང་པ་སོགས་མང་དུ་བྱོན། བར་སྐབས་སུ་ཉག་སྐེད་དཔོན་དང་བོད་ས་གནས་སྲིད་གཞུང་འཁྲུག་འྐབས་ཉག་སྐེད་དཔོན་གྱིས་དགོན་པ་བསྲེགས། དེ་རྗེས་སུ་སྟོང་དཔོན་གྱང་པ་གདུགས་དཀར་གྱི་རིང་ལ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཆོས་བཟང་གིས་དགོན་པ་ཉམས་གསོ་མཛད། བླ་མ་ཆོས་བཟང་རིན་པོ་ཆེ་ཁོང་གི་འཁྲུངས་ཡུལ་ནི་ཀ་ཏོ་ལེ་དགེ་ཚང་ཞེས་དུད་ཁ་ཡ་རབས་ཞིག་གི་ཁྱིམ་དུ་རབ་བྱུང་བཅོ་ལྔའི་ནང་ཚན་ལ་སྐུ་བལྟམས། ཆུང་དུས་ནས་སློབ་གཉེར་ལ་འབད་བརྩོན་དང་བློ་ཁ་ཆོས་ལ་ཕྱོགས་པ་ཞིག་ཡིན། དེའི་དུས་སུ་ཨེ་ཝཾ་དགོན་པ་ཞིག་ནས་གྲྭ་པ་མེད་རུང་ཁོའི་སློབ་དཔོན་དཔལ་ལྡན་རྒྱ་མཚོ་ལ་རྒྱུ་མཚན་ཞུས་དུས་རྟེན་འབྲེལ་ཤིན་ཏུ་ལེགས། རྗེས་སུ་ཁྱེད་ཨེ་ཝཾ་དགོན་པའི་བསྟན་པའི་མངའ་བདག་ཏུ་འགྱུར་ཞེས་ལུང་བསྟན་གསུངས། ལོ་ཉེར་གཅིག་དུས་མཁན་ངོ་བོ་བློ་གྲོས་སྙིང་པོ་ལས་བསྙེན་པར་རྫོགས་ནས་མཚན་ཆོས་དཔལ་བཟང་པོ་གསོལ། གསང་སྔགས་བླ་ན་མེད་པའི་ལམ་འབྲས་དང་བཅས་པའི་རྗེས་གནང་དང་ལུང་ཐུན་མོང་མ་ཡིན་པ་རྣམས་རྒྱས་པར་ཞུས།
དེ་ནས་ཨེ་ཝཾ་དགོན་པ་ཉམས་གསོ་མཛད། ཁོང་གིས་ཡོན་བདག་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་ཐམས་ཅད་དགོན་པར་གནང་། སྐུ་ཚེ་རིལ་པོར་ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་བསྲུང་ཞིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཡིན། ཡུལ་དགོན་གཉིས་ཀྱི་དད་པ་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ནས་དད་པའི་སྤྱི་བོར་མཆོད། ཨོ་རྒྱན་འགྲོ་འདུལ་གླིང་པའམ་རྒྱ་ཚང་གཏེར་ཆེན་གྱིས་ཁྱེད་ནི་གནས་བརྟན་བཅུ་དྲུག་གི་ནང་ནས་འཕགས་པ་གནས་བརྟན་བ་ཀུ་ལ་ཡི་སྤྲུལ་པ་རེད། ཁྱེད་ཀྱི་སྐུ་གཤེགས་ཡུལ་ནི་ཨ་མོ་གླིང་རེད། ཅེས་ལུང་བསྟན་གསུང་དུས་ཨ་མོ་གླིང་གང་ཡིན་མ་ཤེས། རྗེས་སུ་ཚ་བུ་དང་དུད་ཁ་ཞིག་འཛིངས་ནས་ཡུལ་བྱོལ་ཏུ་འགོ་ལོག་ལ་ཕེབས་རྗེས་སུ་ཨ་མོ་གླིང་ཞེས་པའི་སྤང་ལེབ་ཞིག་ཏུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། དེ་ནས་རིམ་བཞིན་འཇམ་དབྱངས་དང་བློ་གྲོས་རྒྱ་མཚོ། རྡོ་རྗེ་ཚེ་དབང་། བཀྲ་ཤིས་ཆོས་དར་བཅས་བླ་མ་དེ་རྣམས་ཀྱིས་དགོན་འདིའི་བསྟན་པ་ལ་ཐུགས་ཁུར་ཆེན་པོ་མཛད།
[page 365] བཤད་སྒྲུབ་ཀྱི་སྲོལ་བཙུགས་ཚུལ་ནི། སྡེ་དགེ་རྫོང་གསར་བཤད་གྲྭའི་མཁན་པོ་རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱི་ཡང་སྲིད་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་དང་འཇམ་དབྱངས་བློ་གཏེར་དབང་པོའི་ཡང་སྲིད་དཀོན་མཆོག་དབང་པོ་བྱོན་ནས་དཔལ་ལྡན་ས་སྐྱ་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འབྲས་བུ་དང་བཅས་པའི་དབང་དང་ལུང་ཟླ་བ་ལྔ་ཙམ་གནང་། དེ་ནས་བཟུང་ཐོག་མར་བཤད་གྲྭ་འགོ་ཚུགས། དེ་ནས་མེ་ཉག་མཁན་པོ་ཀུན་དགའ་ཕུན་ཚོགས་བཤད་གྲྭའི་མཁན་པོ་མཛད་ནས་ཡུན་རིང་བཞུགས། དེའི་དུས་སུ་བཤད་གྲྭར་ཞུགས་མཁན་གྲྭ༧༠ཙམ་ཡོད། དེ་ནས་འཇམ་དཔལ་བཟང་པོ་མཁན་པོ་མཛད་ནས་ལོ་ཤས་བཞུགས། དེ་རྗེས་བཀྲ་ཤིས་ཆོས་དར་གྱིས་མཁན་པོ་འཛད་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ངོ་།།
སྐུ་གསུང་ཐུགས་རྟེན་ནི། དགོན་འདི་ཆགས་ནས་སྐུ་གསུང་ཐུགས་རྟེན་གྲངས་དང་བཀོད་པ་འདི་དང་འདི་ཙམ་ཞེས་སྨྲ་བར་མི་ནུས་ཀྱང་བླ་མ་ཆོས་བཟང་གི་སྐུ་རིང་དུ་དངོས་སུ་བཞུགས་པའི་གྲངས་ནི། དགོན་པའི་ནང་ལྷ་ཆེན་ཁང་དུ་རྟེན་གཙོ་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་རྩེག་གསུམ་ཚད་མ། པདྨ་འབྱུང་གནས་རྩེག་གསུམ་མ་དང་ཡི་དམ་ཀྱེེ་རྡོར་དང་འཇིགས་བྱེད་དུས་འཁོར་གསང་འདུས། སྲུང་མའི་སྐོར་རྩེག་གཅིག་ཚད་མ། གསེར་ཁང་ནང་ཤྰཀྱ་ཐུབ་པའི་སྐུ་དང་ངོར་ཆེན་ཀུན་དགའ་བཟང་པོའི་སྐུ། ས་པཎ་གྱི་སྐུ་ཁྲུ་གསུམ་ཙམ་རེ། གསུང་རྟེན་ནི། ལི་ཐང་བཀའ་འགྱུར། སྡེ་དགེ་བཀའ་འགྱུར། གཞུང་ཆེན་བཅུ་གསུམ་རྩ་འགྲེལ། ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ། ཞུ་ཆེན་བཀའ་འབུམ། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་ཁྱོན་བསྡོམས་པོད༤༣༧ཡོད།
པར་ཤིང་སྐོར་ནི་གསེར་འོད་དང་གཟུངས་འདུས། མདོ་སྡེ་ཟ་མ་ཏོག གདུགས་དཀར། སྨོན་ལམ། འཇམ་དཔལ་མཚན་བརྗོད་བཅས་ཡོད། ཐུགས་རྟེན་ནི། ཟངས་ལས་བཞེངས་པའི་མཆོད་རྟེན་ཁྲུ་ལྔ་ཙམ་ཡོད་པ་གཅིག་དང་། ཤིང་ལས་བཞེངས་པའི་མཆོད་རྟེན་སྐུ་གདུང་ཆ་བརྒྱད་ཁྲུ་གསུམ་ཙམ་རེ་ཡོད་པ་བཞུགས། དུས་མཆོད་ནི། ཟླ་བ་དང་པོའི་ནང་ཀུན་རིག་སྒྲུབ་མཆོད། མི་འཁྲུགས་པ། དྲུག་པའི་ནང་དབྱར་གནས་ཟླ་གཅིག ཟླ་བ་བཅུ་གཉིས་པའི་ནང་བསྐང་གསོ་བཅས་ཡོད། ཆོས་སྡེ་འདིའི་དགོན་པའི་ཚོགས་རྟེན་དང་སྒྲུབ་འཛུགས་གཏོང་སྒོ་སོགས་ཡོན་གྱི་འབྱུང་ཁུངས་ནི། སྔོན་ཆོས་རྗེས་དམ་པ་འགྲོ་མགོན་ཆོས་འཕགས་བྱོན་པའི་དུས་སུ་དད་རྫས་དང་འབུམ་བའི་ཡོན་ལ་བརྟེན་ནས་དགེ་འདུན་རྣམས་ལ་འཚོ་བའི་མཐུན་རྐྱེན་བསྒྲུབས། དུས་ཕྱིས་བླ་མ་ཆོས་བཟང་གི་སྐུ་རིང་ལ་སྟོང་དཔོན་གྱང་པ་གདུགས་དཀར་གྱི་དུས་སུ་ཞིང་པ་དུད་གྲངས་ལྔ་བརྒྱ་དང་འབྲོག་པ་དུད་གྲངས་༣༠ལྷག་ཙམ་ཆོས་སྡེ་རུ་བཞག་ནས་དགོན་པའི་དགེ་འདུན་པར་འཚོ་བ་སྦྱར།
[page 366] ཡུལ་དགོན་གཞན་དང་འབྲེལ་བ་ནི། སྔོན་གྱི་དུས་སུ་ཨེ་ཝཾ་དགོན་པའི་ཆོས་རྒྱུད་འདི་ལས་མཆེད་པའི་དགོན་སྡེ་ནི། རག་ཤུག་དགོན་ཉྰཿ་རྩེ་དགོན། རྒྱ་ཤོད་དགོན། འབའ་ཤོད་དགོན། དགོན་གསར་དགོན། བྱང་དགེ་དགོན། ར་ལོ་དགོན། དབང་བཞི་དགོན། གཞིས་ཀ་དགོན་བཅས་ཡོད་ལ་གཡུ་རི་བླ་མའི་སྐུ་རིང་ལ། རག་ཤུལ་དགོན་དང་རྒྱ་ཤོད་དགོན་གཉིས་ས་ཐག་རིང་བས་རྐྱེན་གྱིས་ཨེ་ཝཾ་དགོན་དུ་འོང་མི་དགོན་པའི་ཞལ་བཞེས་གནང་། རག་ཤུལ་དགོན་དང་ཉྰཿ་རྩེ་དགོན་ནི་དུས་ཕྱིས་བླ་སྤྲུལ་ཆ་རེའི་སྐུ་རིང་ནས་ཆོས་ལུགས་གྲུབ་མཐའ་རྙིང་མར་གྱུར་ཏོ། བར་སྐབས་ཞིག་ཏུ་གཙུག་ལག་ཁང་གི་རྒྱ་ཕིབས་རྫ་འགེབས་བླངས་ནས་སྡེ་ཤོག་གི་ཁང་པ་འགེབས་བྱེད་དུ་ཁྱེར་བ་མ་ཟད། རྟེན་དང་བརྟེན་པ་བཅས་བརླགས་ནས་ཡུན་རིང་དུ་སངས་རྒྱས་ཀྱི་བསྟན་པ་མེད་པར་གྱུར། རྗེས་སུ་བོད་འབངས་དད་པའི་རང་དབང་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག་སྔོན་གྱི་བླ་གྲྭ་ཡོངས་ཀྱིས་བདག་རྐྱེན་ཐུན་མོང་མ་ཡིན་པ་མཛད་པའོ། །དུས་ཕྱིའི་ས་གསུམ་འགྲན་ཟླ་བྲལ་བའི་མཁས་གྲུབ་འཇམ་དབྱངས་བློ་གཏེར་དབང་པོའི་ཡང་སྲིད་དགོན་མཆོག་དབང་པོ་ལི་ཐང་ནས་བྱོན་ཏེ་གྲུབ་རྟགས་དང་མངོན་མཁྱེན་ལ་ཐོགས་པ་མེད་པའི་རྐྱེན་གྱིས་ཡུལ་དགོན་གཉིས་ཀྱིས་མི་ཕྱེད་པའི་དད་པ་ཐོབ། ས་སྐྱའི་ཐུན་མོང་མ་ཡིན་པའི་འཁོར་འདས་དབྱར་མེད་ཀྱི་ཁྲིད་དང་འཕོ་བའི་གདམད་ངག་གནང་། གསུང་རྟེན་འབུམ་དང་། སྐུ་རྟེན་མཛད་པ་བཅུ་གཉིས་ཀྱི་ཐང་ག་བཅས་གནང་། དགོན་པའི་སྐུ་རིམ་གཡུལ་ཟློག་གསུངས། རྗེས་སུ་ལམ་འབྲས་སློབ་བཤད་གནང་རྒྱུ་ཞལ་བཞེས། དེ་རྗེས་རྒྱ་ཚང་གཏེར་ཆེན་ཨོ་རྒྱན་འགྲོ་འདུལ་གླིང་པའི་ཡང་སྲིད་རིག་འཛིན་རྣམ་རྒྱལ་བྱོན་ནས་འཕོ་བ་མ་བསྒོམ་སངས་རྒྱས་པའི་གདམས་ངག་བཅས་གནང་ནས་བསྟན་པ་རྒྱས་པར་བྱས། ཡུལ་མི་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་རྣམས་དགོན་པར་ཉམས་གསོའི་ཆེད་དུ་གནང་། རྗེས་སུ་ཨེ་ཝཾ་དགོན་དུ་བཤད་གྲྭའི་མཁན་པོ་བཞུགས་རྒྱུ་ཞལ་བཞེས་གནང་། ཕྱིས་སུ་བཞག་གསར་སྤྲུལ་སྐུའི་གདུང་རྒྱུད་མ་ཉམས་པ་ཨ་ཚང་གིས་འགན་བཞེས་ནས་དགོན་པ་ཉམས་གསོ་མཛད། སྤྲུལ་སྐུ་པདྨ་ཡེ་ཤེས་བཟང་པོས་ཡེ་ཤེས་བཟང་པོས་ཀྱང་དགོན་ལ་ཐུགས་ཁུར་རྒྱ་ཆེན་མཛད། ད་ལྟ་གྲྭ་བཞི་བཅུ་ཙམ་བཞུགས་ཡོད། ། ཨེ་ཝཾ་དགོན་པའི་གྲྭ་མིང་འཛིན་པ་འགྱུར་མེད་ནས་བྲིས།
[page 405] འཇིག་རྟེན་ཁམས་སུ་སྔ་ན་མེད་པའི་ཆོས་ཀྱི་སྣང་བ་ཆེན་པོ་བཀྱེ་པའི་གནས་ནི་འཕགས་ཡུལ་དབུས་གྱུར་འཆང་སྟེ། དེ་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཕྲག་བགྲོད་པར། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་རྩ་ལག་བླ་ན་མེད་པ་ཉིད་དུ་བཞུགས་པ། དེ་ཉིད་ལས་ཀྱང་ཤར་ཕྱོགས་ཀྱི་འཛིན་མར་ཞག་གི་ཕུང་པོ་གསུམ་ཙམ་བརྒལ་བ། དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ཡོངས་སུ་ལྕི་བའི་ཡུལ་གྲུ་རྣམས་ཀྱི་མཆོག། འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་། གངས་རི་ར་བས་བསྐོར་བའི་བསིལ་ལྗོངས། མཧྰ་བྷོ་ཊ་ཞེས་གྲགས་པའི་ནང་གསེས། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཟལ་མོ་སྒང་གི་ས་ཆར་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་ཞེས། མཁས་པ་དང་གྲུབ་པ་མཆོག་གི་དབང་ཕྱུག་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་ཡོངས་འཛིན་ཆོས་ཀྱི་རྒྱལ་ཐབས་སྐྱོང་བ་མང་པོས་ཞབས་ཀྱིས་བཅགས་ཤིང་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི་སྣང་བས་མུ་མེད་ཕྱོགས་ཀྱི་འཁོར་ལོ་འགེངས་བར་མཛད་པའི་གདན་ས་ཆེན་པོ། རྗེ་བཙུན་ས་སྐྱ་བ་ཡབ་སྲས་ཀྱི་རིང་ལུགས་དྲི་མ་མེད་པ་མངོན་པར་མཐོ་བ། རྩིས་ཀྱི་གཙུག་ལག་དང་གསང་ཆེན་རྒྱུད་སྡེ་རྣམས་ནས་བཤད་པའི་སའི་དཔྱད་པ་ཕུན་སུམ་ཚོགས་པ། རྒྱལ་བ་གཉིས་པ་རྗེ་བཙུན་ཨེ་ཝཾ་པ་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་བ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང་། མཁས་བཙུན་གྲུབ་པ་རྗེ་བཙུན་ནམ་མཁའ་དཔལ་བཟང་བོས་མཚོན་པའི་རྡོ་རྗེ་སློབ་དཔོན་བཅུ་གསུམ་གྱིས་ཀྱེེ་རྡོ་རྗེ་ལ་བརྟེན་པའི་སའི་ཆོ་ག་དང་གཏེར་གཞུག་མཛད་པའི་གདན་ས་དེར། གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མང་ཞེས་ཡོངས་སུ་གྲགས་པ་འདི། སྡེ་དགེའི་ས་སྐྱོང་ཁྲི་ཐོག་དྲུག་པ་གདུང་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་དགུང་ལོ་ལྔ་བཅུ་རྩ་གཉིས་ཐོག་ཕྱག་བཏབ་མཛད་པའི་འཛམ་གླིང་ཡང་རྕེར་སོན་པའི་པར་ཁང་ཞིག་གོ།
དེ་ཡང་ས་ལ་གནས་པའི་ཆོས་རྒྱལ་རྣམས་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་པ་རྣམས་རང་རེའི་བྱིས་བློས་གཞལ་བྱར་མ་གྱུར་མོད། འདིར་ཐུན་མོང་གདུལ་བྱའི་ངོར་སྣང་བའི་མཛད་བཟང་ཕྱོགས་[page 406] གཅིག་གི་དབང་དུ་བྱས་ན། བསམ་བཞིན་དུ་སྲིད་བར་བཟུང་བའི་བསྟན་པའི་སྦྱིན་བདག་ཆེན་མོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ནི། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་ཞེས་པ་རུ། རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་ཞེས་རྡོ་རྗེའི་ལུང་གིས་བསྔགས་ཏེ། བོད་རང་བྱུང་བཅུ་གཅིག་པའི་ནང་གསེས་ས་ཕོ་རྟ་ཡི་ལོར་མི་བདག་མ་ཧྰ་ཨི་ནྡྰ་ནྰ་ཐ་དང་། ཡུམ་མཆོག་ཨརྻན་ཨ་ངྡྷི་གཉིས་ཀྱི་སྲས་སུ་ངོ་མཚར་པའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་བསླབ་ཚུལ་བསྟན་པ་ཙམ་ལས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་པ་དང་ཅི་མཛད་ཐམས་ཅད་ཆོས་ཀྱི་བྱ་བ་ཁོ་ན་མཛད་པས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་འབྱོར་ཞིང་། ཁྱད་པར་གསོ་བ་རིག་པ་དང་། ནང་དོན་རིག་པའི་བསྐྱེད་རྫོགས་སྐོར་ལ་མོས་པ་རབ་ཏུ་འཕེལ་ཏེ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་དང་། འཇམ་པའི་དབྱངས་བཟང་པོ་རྒྱལ་མཚན། གྲུབ་པའི་དབང་ཕྱུག་སངས་རྒྱས་རྒྱ་མཚོ། གནས་གསར་རྡོ་རྗེ་འཆང་སོགས་ཡོངས་འཛིན་དུ་མ་སྤྱི་བོའི་གཙུག་དུ་བསྙེན་ནས་ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་མང་དུ་གསན་པ་དང་། སྤྱན་དྲངས་པ་ཡར་ཀླྭུང་བ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་མཆོག་གི་ཞལ་ནས། སྨིན་བྱེད་ཀྱི་དབང་དང་། བྱིན་རླབས་རྗེས་གནང་། གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྤྱི་བཀའ་དང་། ཟུར་བཀའ། ཐུན་མོང་དང་ཐུན་མོང་མ་ཡིན་པ་སྙན་རྒྱུད་ཚད་མ་བཞི་ལྡན་སློབ་བཤད་སྐོར་སོགས་གསན་སྦྱངས་མཛད། གཞན་ཡང་ངོར་གྱི་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང་། གཏེར་ཆེན་ཉི་མ་གྲགས་པ། དཔལ་རི་རིག་འཛིན་ཀུན་བཟང་འོད་ཟེར། རྫོགས་ཆེན་འགྱུར་མེད་ཐེག་མཆོག་སོགས་མཆོད་གནས་སུ་བཀུར་ནས་ཟབ་ཆོས་མང་དུ་གསན་པ་ཡང་ཡོད།
ཐུགས་དམ་རྒྱུན་གྱི་ཉམས་བཞེས་ལ། ཉིན་མཚན་ཆ་དྲུག་ཏུ་བགོས་ནས་ཆ་གཉིས་མ་གཏོགས་ངག་བཅད་གནང་ནས། ཉི་གཏེར་དྲག་ཁྲོས་བསྐྱེད་བཟླས་བཀའ་སྲུང་དམ་ཅན་གཏོར་བསྔོ་དང་། དགོངས་འདུས་རྡོ་རྗེ་གཞོན་ནུ་ཕུར་ཞབས་ཅན། ཐུགས་རྗེ་ཆེན་པོ་དང་ཕྱག་ཆེན་ཟུང་འབྲེལ། ན་རོ་མཁའ་སྤྱོད། སྒྲོལ་གཀར། ལམ་ཟབ། ལམ་འདུས། དཀར་ཆ་བཞི། བྲག་རྫོང་། གཏོར་མ་བརྒྱ་རྩ་བཅས་དང་། ཐུན་མཚམས་རྣམས་སུ་དཀོན་མཆོག་རྗེས་དྲན། ཡན་ལག་བདུན་པ། རྒྱ་བོད་ཀྱི་བླ་བརྒྱུད་གསོལ་འདེབས། འཇམ་དཔལ་མཚན་བརྗོད། གང་བློ་མ། སྒྲོལ་མའི་བསྟོད་པ། ཤེར་སྙིང་། རྣམ་འཇོམས། ཚེ་བསྙེན་གཟུང་། གཙུག་ཏོར་རྣམ་རྒྱལ་དང་ལས་སྒྲིབ་སྦྱོང་པའི་གཟུངས། ཕུང་པོ་གསུམ་པའི་མདོ། བཟང་སྤྱོད་སོགས་བསྔོ་སྨོན་ཅི་རིགས་དང་། ད་དུང་རྒྱུན་དུ་ཞབས་སྐོར་དང་སཙྪ་འདེབས་པ། ཞལ་ཐོག་ནས་ཐུགས་རྗེ་ཆེན་པོའི་སྙིང་པོ་དུང་ཕྱུར་གཅིག། གུར་མགོན་གྱི་སྙིང་པོ་ཡི་གེ་བདུན་པ་དུང་། འཇིགས་བྱེད་ཀྱི་སྙིང་པོ་ཡིག་བཅུ་དུང་། སེང་གདོང་མའི་བསྙེན་པ་དུང་བཅས་བཟླས་བརྗོད་[page 407] སྙིང་པོ་བརྗོད་ཀྱི་མི་ལང་ཤིང་། རྟེན་བཞེངས་གཙོ་བོ་རྣམས་ནི་ཨེ་ཝཾ་ཆོས་ལྡན་གྱི་གླིང་པ་སྤྱི་ཁང་དང་། ལྷུན་གྲུབ་སྟེང་གི་བླ་མ་ཀུན་རིག་པའི་ལྷ་ཁང་རྒྱ་བསྐྱེད་དང་ཉམས་གསོ་མཛད་པ། གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོའི་ཐོག་གསེར་འཕྲུ་དང་། རྒྱ་ཕིབས། གསེར་བྱ། སྤེན་རྒྱན་བཅས་དང་། པར་ཁང་ཆོས་མཛོད་ཆེན་མོ་གཙུག་ལག་ཁང་མགོན་ཁང་དང་བཅས་པ། གཞན་ཡང་རབ་བརྟན་དང་དུམ་མདོ། ཡེ་ན། འཛམ་ཐོག་དགོན། སྤོམ་འཛོང་སྒ་ལེན་སྟེང་། རྣམ་རྒྱལ་གླིང་། འདན་གྱི་དྲན་ཐང་། དཔལ་སྤུངས་སོགས་སུ་ལྷ་ཁང་བཅུ་བདུན་ཙམ་ལྡེབས་རིས་དང་བཅས་བཞེངས། ལྷུན་གྲུབ་སྟེང་དུ་གསེར་ཟངས་ཙན་དན་སོགས་ལས་གྲུབ་པའི་སྐུ་རྟེན་ཁྱད་པར་ཅན་སྟོང་གཉིས་དང་སུམ་བརྒྱ་ལྔ་བཅུ། གསུང་རྟེན། གསེར་བྲིས་བཀའ་འགྱུར་དང་། དངུལ་བྲིས་བསྟན་འགྱུར་བཅས་གླེགས་ཤིང་ན་བཟའ་དང་སྐུ་ཆིངས་གདོང་དར་བཅས་གསོལ་བ། ཁྱད་པར་བསྟན་པའི་བཙས་སུ་དགོངས་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་སུ་པར་བརྐོས་མཛད་པ། བསྟན་འགྱུར་རིན་པོ་ཆེ་པོད་ཉི་ཤུ་ཙམ་དང་། ས་སྐྱའི་བཀའ་འབུམ་པོད་བཅོ་ལྔ། གཞན་ཡང་ཉེར་མཁོ་ཆོ་གའི་རིགས་དང་། རིག་གནས་སྐོར། ཆོས་འབྱུང་། བླ་རྒྱུད། རྣམ་ཐར་སོགས་པོད་དྲུག་ཅུ་ཙམ་པར་དུ་བཀོད། ཐུགས་རྟེན། གསེར་སྲང་སུམ་བརྒྱ་དང་ཙན་དམར་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་ཆ་བརྒྱད་བཅས་བཟོ་བཀོད་ཁྱད་བར་དུ་འཕགས་ཤིང་། ཆབ་འབངས་དུ་གྱུར་བའི་སྡེ་ལ། དགེ་རྩེ་རྫ་ཆུ་ཁ་པ་སྟོད་སྨད། ཁྲོམ་ཐར། ཁྱེ་འབྲོག། ཀ་བཞི། རྨ་རོང་། ལྷོ་ཁོག་བཅས་སོགས་འབྲོག་སྡེ་དང་དཔོན་ཕྲན་མང་དུ་མཆིས་པ་དང་། བོད་རང་བྱུང་བཅུ་གཉིས་པའི་ཆུ་བྱིའི་ལོར་༡༧༣༢གནམ་བསྐོས་རྒྱལ་པོ་འཇམ་དབྱངས་གོང་མ་མཆོག་གིས། ཆོས་རྒྱལ་འདི་ཉིད་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ལ་རྗེས་སུ་ཡི་རངས་པའི་བསྔགས་བརྗོད་དང་གཟེངས་བསྟོད་བྱས་ནས། བསན་ཡུ་སིའི་ཐམ་ཀས་དབང་བསྐུར་བ། གན་གོས་ཡུག་བརྒྱ་དང་། དངུལ་སྲང་སྟོང་ཕྲག་ལྔ་བཅས་སྩལ་ཞིང་ལུང་དང་ལག་རྟགས་འགྲན་ཟླ་བྲལ་བས་ཕྱོགས་ལས་རྣམ་པར་རྒྱལ་ཞིང་། དེ་ལྟར་སྐུ་ཚེ་ཧྲིལ་པོར་རྣམ་གཡེང་དང་ལེ་ལོ་མི་འདའ་བར་ཆོས་སྲིད་གཉིས་ཆར་གྱི་མཛད་པ་རྒྱས་ཏེ་སྐུ་བསོད་འགྲན་ཟླ་མེད་པར་གྱུར་ཅིང་ཆོས་རྒྱལ་ཨྰིནྟྲ་བོ་ངྷི་དང་གཉིས་སུ་མེད་པ་གྲུབ་པའི་དབང་ཕྱུག་འཁོར་ལོ་བསྒྱུར་རྒྱལ་མཆོག་གིས་ལྗོངས་འདིའི་མཛད་ཕྲིན་ཕལ་ཆེར་རྫོགས་ནས་མཐར་བོད་རབ་བྱུང་བཅུ་གཉིས་པའི་ས་ལུག་ལོར་༡༧༣༩དགུང་གྲངས་དྲུག་བཅུ་རྩ་བཞིའི་ཐོག རྗེ་བཙུན་ས་སྐྱ་གོང་མ་རྣམ་ལྔ་སོགས་ཀྱིས་ཞལ་གཟིགས་དང་ངོ་མཚར་པའི་ལྟས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་སྡུས་པའོ།།
དེའི་སྲས་བླ་ཆེན་ཀུན་དགའ་ཕུན་ཚོགས་བསྟན་པ་གང་དེ་ཡིས་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱུན་ཇི་བཞིན་དུ་ལུགས་གཉིས་ཀྱི་སྲོལ་མཐའ་དག་མ་ཉམས་པར་ལེགས་བར་བསྐྱངས་བར་མཛད་པ་དང་།[page 408] ཁྱད་པར་དམ་ཆོས་དགོངས་འགྲེལ་རིན་པོ་ཆེ་པར་བརྐོ་གནང་བའི་འཕྲོ་ཀུན་མཐར་ཕྱིན་མཛད་དེ་བགྲང་བྱ་བདུན་གྱི་རིང་ལ་ཞུ་དག་བགྱིས་པ། གཞན་ཡང་རིག་གནས་ཀྱི་སྐོར་སོགས་བསྟན་པའི་བཙས་སུ་གྱུར་པའི་ཆོས་སྦྱིན་རྒྱ་ཆེར་སྤེལ། དེ་རྗེས་སྲས་གཞིས་པ་བླ་མ་ཆེན་པོ་བློ་གྲོས་རྒྱ་མཚོ་གང་དེ་ཡིས་བསྟན་བཅོས་རིག་གནས་སོགས་པོ་ཏི་ལྔ་བཅུ་ཙམ་བར་དུ་བཀོད། དེ་རྗེས་ཡུམ་མཆོག་ཚེ་དབང་ལྷ་མོ་ཡིས་གདན་སའི་ཁུར་བཞེས་སྐབས། གསང་སྔགས་སྔ་འགྱུར་གྱི་རྒྱུད་འབུམ་རིན་པོ་ཆེ་དང་། ཀུན་མཁྱེན་ཀློང་ཆེན་དང་འཇམ་དབྱངས་མཁྱེན་བརྩེ་སོགས་ཀྱི་བཀའ་འབུམ་རིགས་པར་གསར་དུ་བཀོད། དེ་ནས་རྒྱལ་རབས་ཞེ་དགུ་བ་ལྷ་སྲས་ཚེ་དབང་བདུད་འདུལ་གྱི་དུས། རྗེ་བཀའ་འབུམ་དང་ལྷ་པར་སོགས་ཀྱི་སྐོར་པར་མང་དུ་བརྐོས་ཞེས་ངག་སྒྲོས་སུ་མཆིས་དེ་དག་གི་མཛད་འཕྲིན་བློ་ལས་འདས་བ་ཞིག་མཆིས་མོད་ཀྱང་འདིར་ཡིག་ཚོགས་ལ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ།།
མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། གྱུར་ནས་སེམས་ཅན་དོན་བྱེད་དོ། ཞེས་འབྱུང་བ་ལྟར། བསྟན་པའི་སྦྱིན་བདག་ཆེན་མོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ཉིད་ཉིན་ཞིག་སྡ་གེའི་རྒྱལ་རབས་རིམ་བྱོན་གྱི་བཞུགས་གནས་ཉིན་དགོན་ཕོ་བྲང་ནས་གཟིགས་སྐབས། མདུན་ཞོལ་ཉེ་འདབས་ཀྱི་ས་འབུར་སྟེང་། ཁྱེའུ་རིག་ལྡན་འགས་རྟ་ལུད་དུ་མར་བརྩེགས་ནས་པར་ཁང་བཞེངས་ཞེས་ཡ་མཚན་གྱི་རྩེད་མོ་བགྱིས་པ་དེ། ཁོངས་ལ་བསྐུལ་རྐྱེན་དུ་གྱུར་ནས་བསྟན་འགྲོའི་དོན་ཆེད་དུ་པར་ཁང་ཞིག་བཞེངས་བར་ཐུགས་ལ་དགོངས་པ་ཐོག་མར་སྐྱེས་པ་དང་། འོན་ཀྱང་ཤིང་གི་ཆ་རྐྱེན་མི་ལེགས་སྙམ་པར། ཨ་ལོ་དཔལ་འབྱོར་དགོན་དུ་གནས་ལྔ་རིག་པའི་ཎྟི་ཏ་ཆེ་མོ་སི་ཏུ་ཆོས་འབྱུང་མཆོག་གི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་མཁྱེན་ཅིང་། རྒྱལ་བོའི་དྲུང་དུ་ཕོ་ཉ་བ་བརྫངས་ཏེ། གང་གི་ཐུགས་བཞེན་ལྟར་སྒྲུབས་ཏང་། ཤིང་ཆའི་ཆ་རྐྱེན་སོགས་ཕྲན་གྱིས་ཀྱང་བསྒྲིག་ཆོག་ཞེས་གསུང་བསྐུར། དེ་ཚོ་ཆོས་རྒྱལ་མཆོག་ནས་བསམ་བློ་ཞིག་བཏང་སྐབས་དོན་དུ་པར་ཁང་དེ་ཡིན་པར་ངེས་སོ། །ཡང་འབྲི་ཆུའི་རྒྱུད་ཀྱི་སྐུ་ཚེ་སྡེའི་ཡེ་རིང་ཚང་ནས་ལྷ་དབང་ཞེས་པས་རྒྱུན་དུ་པར་ཞིག་རྐོ་བར་བརྩོན་ཀྱང་ལེགས་པོར་མ་ཤེས། ནུབ་ཞིག་མལ་ལམ་དུ་པར་རྐོ་ཡོངས་སུ་བསླབ་ཚུལ་ཞིག་རྨིས་པ། དེ་ནས་བཟུང་ཐོག་མར་ཚེ་མདོ ་ཞིག་བརྐོས་ཚེ་ལེགས་གྲུབ་བྱུང་བས་སྤྲོ་བ་རབ་ཏུ་འཕེལ་བ་དང་། པར་གྱི་ཐོག་མ་ཚེ་མདོ་འདི་སྡེ་དགེའི་ས་སྐྱོང་མཆོག་ལ་འབུལ་དགོངས་ནས། བ་ལང་ཞིག་ལ་ཁལ་བཀལ་ནས་ཡོང་སྐབས། ས་སྐྱོང་རིན་པོ་ཆེ་འཛོམས་ཐོག་གམ་སྐོམ་ཀཾ་ཐོག་ཏུ་[page 409] འབྱོར་བ་དང་འཕྲད་པས་ངོ་མ་ཤེས། དེ་ཚེ་ཆོས་རྒྱལ་མཆོག་ནས། ཁྱོད་གར་འགྲོ་ཞེས་དྲིས་པ་ལ། ཁོ་བོས་བརྐོས་པའི་པར་གྱི་ཐོག་མ་ཚེ་མདོ་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ལ་འབུལ་བར་འགྲོ་ཞེས་ཟེར། དེ་ནས་ཆོས་རྒྱལ་གྱི་ཐུགས་དགོངས་ལ་པར་གྱི་ཐོག་མ་འཛོམས་ཐོག་ནས་འཛོམས་པ་པར་ཁང་འཛོམས་པའི་རྟེན་འབྲེལ་ལེགས་སྙམ་ནས་མྱུར་བུར་ཕྱིར་ཕོ་བྲང་དུ་བཞུད་དེ། བྲན་འཁོར་རྣམས་ལ་མགྲོན་པོ་ཞིག་འབྱོར་ངེས་བས། གསོལ་སྟོན་ལེགས་བོར་ཤོམས་ཅིག་ཅེས་བཀའ་བབ། མི་རྒན་གྱིས་བ་ལང་ཁྲིད་དེ་རྐང་འགྲོས་ཞག་གསུམ་གྱི་ཉིན་སྡེ་དགེར་འབྱོར་ནས་སྔར་ཁྱེའུ་རྣམས་རྩེ་སར་སོན་སྐབས་གློ་བུར་དུ་བ་དྲགས་མཆོང་བྱས་ཏེ་པར་ཁང་རྙིང་བའི་རྒྱ་ཁྱོན་ཙམ་དུ་པར་ཤིང་ཡོངས་སུ་གཏོར་བྱུང་། དེ་ཚེ་ས་སྐྱོང་མཆོག་ནས་རྟེན་འབྲེལ་འགྲིག་གོ ། ངེད་ཀྱིས་པར་ཁང་དེའི་རྒྱ་ཁྱོན་ཙམ་དུ་བཞེངས་དགོས་ཞེས་བཀའ་མོལ་གནང་སྟེ་ཐུགས་ཐག་བཅད་པ་ཡིན་ཞེས་ངག་སྒྲོས་སུ་ཟེར་སྲོལ་ཡོད། རྟེན་འབྲེལ་སྣ་ཚོགས་འགྲིག་པར་བརྟེན་ཆོས་རྒྱལ་ཆེན་པོས་ལས་བྱེད་ཀྱི་བཀོད་པའི་བཀའ་གསུང་ཕབས་ཏེ། བླང་དོར་གྱི་གནས་ལ་མཁས་བ་བློ་གྲོས་ཅན་འདུན་ན་འདོན་ཆེན་པོ་ལྷ་བུ་ཚེ་རིང་གཉེར་བ་དང་། གཙུག་ལག་ཟུང་གི་ཤེས་བྱར་འཇུག་པའི་རྣམ་དཔྱོད་ཅན་བླ་མ་དགེ་འདུན་བཅས་གུད་ན་བཞུགས་དངོས་རྫས་གཏོང་ལེན་གྱི་དོ་དམ་པ་པར་དབོན་དགེ་སློང་ཚུལ་ཁྲིམས་རབ་བརྟན་དང་། དེའི་གྲོགས་ལྡན་དུ་པར་དཔོན་དགེ་སློང་རིན་ཆེན་བཀྲ་ཤིས་དང་དབལ་ལྡན་རྒྱལ་མཚན་གཉིས་བཅས་བསྐོརས། སྤྱི་ལོ༡༧༢༩དུས་གཡང་དྲི་གོང་མ་རྒྱལ་སར་ཕེབས་ནས་ལོ་བདུན་སོན་པ། བོད་རབ་བྱུང་༡༢པའི་ས་བྱ་ལོའི་ཟླ་༧པའི་ཚེས་༡༥ཕྱི་མར་དགེ་བའི་ཉིན་དེའི་ཐོག་མར་མིང་དོན་གཉིས་ཀར་དགེ་ཞིང་བཀྲ་ཤིང་པ་གསུམ་གྱིས་ཐིག་བཏབ། མི་འགྱུར་རྡོ་རྗེའིམཐའ་ཅན་གསུམ་གྱིས་ས་རྨང་བཏིང་བ་ནས་བརྩམས་ཏེ། ཤིང་གཞོག་པ་དང་། ཤིང་རྐོ་བ། རྡོ་བཟོ་བ། ས་རྡོ་འཕོ་ལེན་པའི་འུ་ལག་གླ་ལེན་པ་བཅས་ཤིན་ཏུ་མང་སྐབས་སུ་མི་གྲངས་སྟོང་ཕྲག་ལྷག་ཙམ་དང་། དེ་ནས་ཀྱང་བརྒྱད་བརྒྱ་དང་བདུན་བརྒྱ་དྲུག་བརྒྱ་སོགས་ལས་སྐབས་དང་བསྟུན་པར་བསྡུས་ལ་བཟའ་ཡོན་ཚུལ་བཞིན་དུ་སྦྱར་ནས་ཕྱིའི་བཀོད་པ་ལོ་ངོ་གཉིས་ཀྱི་རིང་ལ་བཞེངས་པར་གྲགས། དེ་ནས་ཆེ་ལས་གྲུབ་ནས་ཞིབ་ཚགས་སོགས་ཀྱི་སྐབས་སུ། ལྡེབས་བྲིས་ལྷ་རིས་པ་མཁས་པ་སྨད་ཤོད་ཨ་འཕེལ་དང་ཀརྨའི་ལྷ་དགའ་སོགས་དཔལ་ཡུལ་དང་། མཁར་མདོ། ཀརྨ་ལྷ་སྟེང་བ་རྣམས་ཏེ་མང་པོའི་ནང་ནས་བཀྲབས་ལ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཐིག་གི་ཆ་དབྱེ་བ་ནས་བརྩམས་ཏེ་སོ་སོས་འབྲི་བའི་མགོ་བརྩམས། དེ་ཡང་གཙུག་ལག་ཁང་དངོས་ལ་ཀ་རིང་བཞི་བཅུ་ཐམ་པ་མཆིས་པར། ཞིང་ཁམས་ཉི་ཤུ་རྩ་དགུ་བྱུང་བའི་ཞིང་ཁམས་གཉིས་རེ་ལ་ལྷ་རིས་པ་དཔོན་གཡོག་ལྔ་རེ་དང་ཐུན་མོང་དུ་ཚོན་ལས་བ་དང་བཅས་པ་བསྡོམས་པའི་དཔོན་གཡོག་བརྒྱད་ཅུ་ཙམ་གྱིས་བྲིས།
དེའང་སྡོམ་བརྩོན་མི་རྗེ་དམ་པ་འདིས་ནི་བགྱི་བ་དང་བགྱི་བ་མ་ཡིན་པའི་བླང་དོར་གྱི་གནས་ཐམས་[page 410] ཅད་བླ་མའི་བཀའ་ལ་ལེགས་བར་མ་ཉན་པར་རང་དག་འཇུག་ལྡོག་བྱེད་པ་ནི་འགའ་ཡང་མི་སྲིད་ལ། འདིར་ཡང་གཙུག་ལག་ཁང་གི་ཕྱི་ནང་ཀུན་ཏུ་བྲི་བར་བྱ་བའི་ལྷའི་བཀོད་པ་ཐམས་ཅད་ཀྱང་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་ཀྱིས་ཐོར་བཀོད་གནང་བ་ལྟར་བྲིས་པ། འབྲི་བའི་སྐབས་ཀྱང་། ས་སྐྱོང་བླ་མ་ཉིད་ནི་བཟོ་གནས་ལ་ཡུན་རིང་སྦྱངས་བ་ལྟ་བུའི་ཐུགས་ཉམས་ཆེ་བས་ཐོན་ལོ་ཙམ་གྱིས་དགྱེས་པར་བསྐྱེད་མི་ཐུབ། ཡང་ཡང་ཞིབ་དབྱོད་མཛད་དེ་ནམ་ཐུགས་ལ་བབས་པ་མ་བྱུང་བ་དེ་སྲིད་དུ་བཟོ་བཅོས་བྱས་པ་དང་། གཞི་ནས་ལྷ་རིས་པ་མཁས་དམན་དང་སྐུ་བརྙན་གྱི་ཚུགས་བཟང་ངན་གྱི་ཁྱད་པར་རྣམས་གཟིགས་འབུལ་བླངས་ཤིང་མཁས་བཏུས་བཀྱིས་པ་ཤ་སྟག་ཡིན་གཤིས། གཙོ་འཁོར་སྟོད་སྨད་ཀུན་ཏུ་རི་མོའི་ཆ་མཉམ་ཞིང་བཅད་མདངས་གསེར་རིས་སོགས་གང་ལའང་ལེགས་གྲུབ་བྱུང་བ་དང་། ཐ་ན་རྒྱ་མཐོངས་ཀྱི་ལོག་དང་ཕྱི་རོལ་གྱི་འཁོར་ཡུག་གི་ལྡེབས་དང་བཅས་ཏེ་ཡོངས་སུ་བྲིས་ཟིན་ཏེ་བགྲང་བྱ་ལྔའིཡུན་ལ་ཕྱི་ནང་ཀུན་བཞེངས་ཞེས་ངག་སྒྲོས་སུ་མཆིས། གཞན་ཡང་གཙུག་ལག་ཁང་འདིར་ལྡེབས་བྲིས་དང་བཅས་བསྐྲུན་པ་ལ་ཟང་ཟིང་དངོས་པོ་བཏང་བའི་རྣམས་གྲངས་ཅུང་ཟད་བཀར་ཏེ་གླེང་བ་ལ། ལས་བྱེད་འུ་ལག་གླེན་པར་བཅས་ཐུན་མོང་བར་ཉིན་རེར་ཇ་ཐུག་བཅུ་གསུམ་རེ་དང་རྩམ་པ་འདྲོང་ཕྱེད་དོ་རེ་དང་། གླ་ཡོན་དུ་ཇ་དང་། དར་དང་གོས་ཆེན། ཐ་མི་ཀ་དང་། རས་ཟུང་དང་ཡ་བ་དང་། སྣམ་ཕྲུག་གི་རིགས། པགས་པའི་རིགས། རྟ་ཕྱུགས་ཀྱི་རིགས། ཐ་ན་ཁྲོ་ཟངས་སོགས་ཀྱི་རིགས་ཏེ་ཉེ་བར་མཁོ་བ་གང་འཚམ་བཏང་བ་རྣམས་ཇ་རྩིས་ལ་ཕབས་ན། འུ་ལག་གླ་ལེན་པ་མི་རེར་ཉིན་བཅུ་གཉིས་རེ་ལ་ཇ་བར་ཁག་དང་ཤིང་གཞོག་པ་ལྔ་བ་ཅུ་མཆིས་པའི་ཤིང་མཁན་རེ་ལ་ཉིན་དགུར་བར་ཁག་དེའི་མཆན་མ་དང་གྱང་འཇིམ་བཟོ་བ་དང་ཞལ་མཁན་རྣམས་མི་རེར་ཉིན་བཅུ་གཉིས་རེལ་བར་ཁག་དང་། ལྷ་རིས་བ་དཔོན་གཡོག་བརྒྱ་ཅུ་མཆིས་པའི་ལྷ་དཔོན་མི་རེར་ཉིན་བཞིར་བར་ཁག དེ་མཆན་མར་མི་རེར་ཉིན་དྲུག་རེ་ལ་བར་ཁག ཚོན་འགྱེད་པ་ཉིན་བདུན་ལ་བར་ཁག ཚོན་སྦྱོར་བ་ཉིན་བཞིར་བར་ཁག གསེར་གསོལ་བ་དང་གསེར་ཤོག་པ་ཉིན་དྲུག་རེ་ལ་བར་ཁག ཚོན་བརྡར་བ་ཉིན་བརྒྱད་རེ་ལ་བར་ཁག་སྟེ། དེ་དག་རྣམས་ལ་བར་སྐབས་སུ་སྟོན་མོ་རྣམས་བཞག་སོགས་སྤྱི་སྲོལ་ལྟར་སྩལ་བ་དང་གཞན་ཡང་ཞལ་གསེར་དང་། ལས་ཀྱི་མགོ་ཚུགས་ནས་བཟོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་ལས་བྱེད་རྣམས་ཀྱི་རྒྱགས་ཆས་ལ་སོང་བ་བཅས་ཏེ་རགས་རྩིས་ཙམ་དུ་བསྡོམས་ན་ཇ་འཁོར་དྲུག་ཅན་སུམ་སྟོང་ལྔ་བརྒྱ་གྱ་བརྒྱད་ཙམ་བཏང་བའི་རྒྱུ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་པར་བསྒྲུབས་པ་ཉིད་དོ། །དེའང་རྟེན་བཞེངས་ནས་རབ་གནས་མ་བྱས་པའི་གནས་སུ་མི་འགྱུར་བ་ལ་སོགས་པའི་སྐྱོན་རྣམས་སྤང་པའི་ཕྱིན། འདིར་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། རྣམ་འདྲེན་བསྟན་པའི་སྣང་བྱེད་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཞལ་སྔ་ནས་[page 411] གཙོར་བཞུགས་བའི་རྡོ་རྗེ་འཛིན་པ་ནམ་ནཁའ་དཔལ་བཟང་པོ་སོགས་བླ་མ་དགེ་སློང་སུམ་བཅུ་རྩ་ལྔས་ལག་ལེན་འཁྲུལ་མེད་ཀྱི་ཆོ་གས་རབ་ཏུ་གནས་པར་བགྱིས་ཏེ་བསོད་ནམས་ཀྱི་ཞིང་བླ་ན་མཆིས་པར་མངའ་གསོལ་བ་དང་། དེར་བསྟན་བདག་ཆེན་པོ་ནས་ཀྱང་དགའ་སྟོན་རྒྱ་ཆེན་སྤེལ་ཏེ་ཕྱོགས་ཐམས་ཅད་ནས་བཀྲ་ཤིས་པའི་མཚན་རིས་ཕུན་སུམ་ཚོགས་པ་ཅི་ཡང་བཀྲ་བ་བྱུང་ངོ་།།
འདིར་གཙུག་ལག་ཁང་དངོས་ལ་ཀ་རིང་བཞི་བཅུ་མཆིས་པའི་ནང་ལོག་ལྡེབས་བྲིས་ཞིང་ཁམས་ཀྱི་གཙོ་བོ་ཉི་ཤུ་རྩ་བདུན་ལས། དབུས་ཀྱི་གཙོ་བོ་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤྰཀྱ་སེངྒའི་སྐུ་བརྙན་བདུད་འདུལ་གྱི་ཕྱག་རྒྱས་བཞུག་ས་པ། དེའི་གཡས་ན་ཤྰ་རིའི་བུ། གཡོན་ན་མོོང་གལ་གྱི་བུ་གཉིས། གཙོ་ཆེན་གྱི་གཡས་ཕྱོགས་ནས་མར་ལ་རིམ་པར། གཙོ་བོ་དང་བོ་ཀུན་མཁྱེན་ཉི་མའི་གཉེན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པ། དེའི་གཡས་སུ་ཉེ་བ་འཁོར། གཡོན་དུ་ཀུན་དགའ་བོ། གཙོ་བོ་གཉིས་པ་དེ་བཞིན་གཤེགས་པ་མར་མེ་མཛད། གཡས་སུ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་། གཡོན་དུ་བྱང་ཆུབ་སེམས་དཔའ་རིན་ཆེན་འབྱུང་གནས། དེ་བཞིན་གཤེགས་པ་འཁོར་བ་འཇིག གཡས་སུ་བྱང་ཆུབ་སེམས་དཔའ་རིན་ཆེན་སྙིང་པོ། གཡོན་དུ་རིན་ཆེན་བྱིན་གཙོ་བོ་བཞི་པ་ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས། གཡས་སུ་རྒྱལ་སྲས་དེད་དཔོན་དམ་པ། གཡོན་དུ་ཤར་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་འབྱུད་བ། གཙོ་བོ་ལྔ་པ་ལྷོ་ཕྱོགས་ཀྱི་སངས་རྒྱས་མྱ་ངན་མེད་པའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔལ་སྐྱེས་བུ་བྱིན། གཡོན་དུ་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་མྱ་ངན་མེད། གཙོ་བོ་དྲུག་པ་ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོས་དཔལ། གཡས་སུ་བྱང་ཆུབ་སེམས་དཔལ་སྐྱོབ་སྦེད། གཡོན་དུ་ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས། གཙོ་བོ་བདུན་པ་བྱང་ཕྱོགས་ཀྱི་སངས་རྒྱས་རྒྱལ་བའི་དབྱངས། གཡསུ་བྱང་ཆུབ་སེམས་དཔའ་ཆུ་བདག་ལྷ། གཡོན་དུ་བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྒྱལ་བས་བྱིན། གཙོ་བོ་བརྒྱད་པ་བྱང་ཤར་མཚམས་ཀྱི་སངས་རྒྱས་དིང་ངེ་འཛིན་གླང་པོ་དམ་པའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་གླང་པོས་བྱིན། གཡོན་དུ་བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ། གཙོ་བོ་དགུ་པ་ཤར་ལྷོ་མཚམས་ཀྱི་སངས་རྒྱས་པ་ནདྨོ་དམ་པའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་བཟང་པོའི་སྟོབས། གཡོན་དུ་ཤར་ལྷོའི་བྱང་ཆུབ་སེམས་དཔའ་འལ་ན་པདྨ། གཙོ་བོ་བཅུ་པ་ལྷོ་ནུབ་མཚམས་ཀྱི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། གཡས་སུ་[page 412] བྱང་ཆུབ་སེམས་དཔའ་བློ་གྲོས་དམ་པ། གཡོན་དུ་ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་ཉི་མ་རབ་སྣང་། གཙོ་བོ་བཅུ་གཅིག་པ་ནུབ་བྱང་མཚམས་ཀྱི་སངས་གདུགས་དམ་པ། གཡས་སུ་བྱང་ཆུབ་སེམས་དཔའ་འཕགས་པའི་བློ་གྲོས། གཡོན་དུ་ནུབ་བྱང་གི་བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་གཙོ་བོ་བཅུ་གཉིས་པ་འོག་ཕྱོགས་ཀྱི་སངས་རྒྱས་བདྨོའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་བློ་གྲོས་འཕེལ་བ། གཡོན་དུ་འོག་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་པདྨོ་དམ་པ། གཙོ་ཆེན་སྟོན་པའི་སྐུའི་གཡོན་ཕྱོགས་ནས་མར་ལ་རིམ་པར། གཙོ་བོ་དང་བོ་ཀུན་མཁྱེན་ཉི་མའི་གཉེན་ཆོས་འཆད་ཀྱི་ཕྱག་རྒྱས་བཞུགས་པ། དེའི་གཡས་སུ་མི་མཇེད་ཀྱི་བདག་པོ་ཚངས་པ། གཡོན་དུ་ལྷའི་དབང་བོ་ཀོོ་ཤི་ཀ གཙོ་བོ་གཉིས་པ་དེ་བཞིན་གཤེགས་པ་བྱམས་པ་མགོན་པོ། གཡས་སུ་བྱང་བྱང་ཆུབ་སེམས་དཔའ་བློ་གྲོས་མཐའ་ཡས། གཡོན་དུ་བྱང་ཆུབ་སེམས་དཔའ་དོན་ཡོད་མཐོང་། གཙོ་བོ་གསུམ་པ་དེ་བཞིན་གཤེགས་པ་མོས་པ། གཡས་སུ་བྱང་ཆུབ་སེམས་དཔའ་སྒྲིབ་མེད་བློ་གྲོས། གཡོན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་ཞུགས་པ། གཙོ་བོ་བཞི་པ་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ། གཡས་སུ་བྱང་ཆུབ་སེམས་དཔའ་མཐུ་དམ་པས་རྣམ་པར་གནོན་པ། གཡོན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མཐའ་ཡས། གཙོ་བོ་ལྔ་པ་སྟེང་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ། གཡོན་དུ་སྟེང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་དགའ་བས་བྱིན། གཙོ་བོ་དྲུག་པ་སངས་རྒྱས་སྨན་གྱི་བླ། གཡས་སུ་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ། གཡོན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ། གཙོ་བོ་བདུན་བ་སངས་རྒྱས་མཚན་ལེགས་དཔལ་གཡས་སུ་བྱང་ཆུབ་སེམས་དཔའ་རྒྱན་ཆེན་པོ། གཡོན་དུ་བྱང་ཆུབ་སེམས་དཔའ་མི་གཏོང་བརྩོན་པ། གཙོ་བོ་བརྒྱད་པ་སངས་རྒྱས་སྒྲ་དབྱངས་རྒྱལ་པོ། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རེ་གཟིགས་དབང་། གཡོན་དུ་བྱང་ཆུབ་སེམས་དཔལ་བློ་གྲོས་དཔེ་མེད། གཙི་བོ་དགུ་པ་སངས་རྒྱས་གསེར་བཟང་དྲི་མེད་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ། གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། གཙོ་བོ་བཅུ་བ་སངས་རྒྱས་མྱ་ངན་མེད། གཡས་སུ་བྱང་ཆུབ་སེམས་དཔའ་བདུད་སྟོབས་རབ་ཏུ་འཇོམས་པ། གཡོན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས། གཙོ་བོ་བཅུ་གཅིག་པ་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོོའི་དབྱངས། གཡས་སུ་བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་ཕྱག་རྒྱ། གཡོན་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ལག་བརྐྱང་། གཙོ་བོ་བཅུ་གཉིས་པ་སངས་རྒྱས་ཀུན་མཁྱེན་རྒྱལ་པོ། གཡས་སུ་བྱང་ཆུབ་སེམས་དཔའ་རྒྱན་ཆེན་པོ། གཡོན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ་སེམས། གཙོ་བོ་དེ་དག་གི་འཁོར་དུ་སྟེང་ཕྱོགས་ནས་གདན་ཁྲི་ཡན་ཆད་དུ་མདོ་སྡེ་བསྐལ་བ་བཟང་པོ་ནས་བསྟན་པའི་སངས་རྒྱས་སྟོང་ཕྲག་དང་། ཕུང་པོ་གསུམ་པའི་མདོ་ལས་བྱུང་པའི་སངས་རྒྱས་སུམ་ཅུ་རྩ་ལྔ། གཙོ་བོ་གཉིས་རེའི་མདུན་དུ་གནས་[page 413] བརྟན་སྤྱན་འདྲེན་པའི་མདོ་དང་། དགྲ་བཅོམ་པ་དགེ་འདུན་ཆོས་འཕེལ་གྱི་ལུང་བསྟན་ལས་འབྱུང་བའི་གནས་བསྟན་བཅུ་དྲུག་ཚར་རེ་སྟེ། བསྡོམས་བ་གནས་བརྟན་ཚར་བཅུ་དང་། དྷརྨ་ཏྰ་དང་རྒྱལ་པོ་ཧ་ཤང་ཚར་གཉིས། རྒྱལ་ཆེན་བཞི་དང་བཅས་བས་བསྐོར་བ། གཡས་ལོགས་ཀྱི་མཐའི་སྒོ་འགྲམ། གཙོ་བོ་རྡོ་རྗེ་གུར་གྱི་རྒྱུད་སོགས་ནས་བསྟན་པའི་གུར་གྱི་མགོན་པོ། སྟེང་ཕྱོགས་ནས་སངས་རྒྱས་རྡོ་རྗེ་འཆང་ནས་ས་སྐྱ་བ་ཆེན་པོའི་བར་གྱི་བླ་མ་བརྒྱུད་པ་དང་། གཞན་ཡང་མཁན་ཆེན་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང་། གྲུབ་དབང་སངས་རྒྱས་རྒྱ་མཚོ་རྣམས་དང་། འབྱུང་པོ་འདུལ་བྱེད། མགོན་དཀར། ཨེ་ཀ་ཛ་ཊྰི། འདོད་ཁམས་བདག་མོ། བེར་ནག་ཟངས་གྲི་ཅན། ཞིང་སྐྱོང་བྲམ་ཟེའི་གཟུགས། གནོད་སྦྱིན་ཡབ་ཡུམ། པུ་ཏྲ་བྷ་ཊ། སྲིན་མོ་རུ་འདྲེན་སྡེ་བཞི། དུར་ཁྲོད་ཡབ་ཡུམ། དམག་ཟོར་རྒྱལ་མོ། བྲན་བདུད། དཔལ་མགོན་སྟག་ཞོན། གནོད་སྦྱིན་བེག་ཙེ་རྣམས་ཀྱིས་བསྐོར་བ། གཡོན་ལོགས་ཀྱི་མཐའི་སྒོ་འགྲམ་དུ་ངལ་བསོས་པའི་ཕོ་བྲང་འཁོར་ས་རིམ་པ་གསུམ་དང་བཅས་པའི་དབུས་སུ། གར་མཁན་མཆོག་དད་མགོན་པོ་མངོན་པར་འབྱུང་བའི་རྒྱུད་སོགས་ནས་བསྟན་པའི་རྒྱལ་པོ་རྣམ་ཐོས་སྲས། དེའི་སྟེང་ན་ཐུབ་དབང་། ་ཕྱག་ན་རྡོ་རྗེ་ནས་བུ་སྟོན་རིན་པོ་ཆེ་ཡན་གྱི་བླ་མ་བརྒྱུད་པ། འཁོར་ས་དང་པོའི་ཕྱོགས་མཚམས་ཀྱི་ཁང་བརྩེགས་བརྒྱད་དུ་གནོན་སྦྱིན་ཆེན་པོ་ཛམྦྷ་ལ་སོགས་རྟ་བདག་བརྒྱད། འཁོར་ས་བར་བ་དང་ཐ་མར་རྨ་བྱ་ཆེན་མོའི་གཟུངས་སོགས་ནས་བསྟན་པའི་གནོན་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་སྟོབས་ཆེན་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་དང་བཅས་པའོ། རྒྱ་མཐོངས་ཀྱི་ལོགས་གསུམ་དུ་གཙོ་བོ་བཅུ་གསུམ་བཞུགས་པའི་དབུས་སུ་སངས་རྒྱས་རྡོ་རྗེ་འཆང་། དེ་ནས་བླ་མ་རྡོ་རྗེ་གདན་གྱིས་མཛད་པའི་བསྟོད་པ་དང་མཐུན་པར་གྲུབ་ཐོབ་ཆེན་པོ་བརྒྱུད་ཅུ་ལ་གཡས་ཕྱོགས་ནས་རིམ་པར་ཀླུ་སྒྲུབ། མཚོ་སྐྱེས་ཞབས། རྡོ་རྗེ་དྲིལ་བུ་པ། ལུ་ཧི་པ་ཨིནྟྲ་བྷུ་ཏི། ས་ར་ཧ། གཡོན་ཕྱོགས་ནས་རིམ་པར་བི་རཱུ་པ། འཕགས་པ་ལྟ། དོམྦི་ཧེ་རུ་ཀ ནག་པོ་སྤྱོད་པ། པདྨ་བཛྲ། ཀུ་ཀུ་རི་བ་རྣམས་གཙོ་བོར་བྱས་ཤིང་། ལྷག་མ་རྣམས་འཁོར་གྱི་ཚུལ་དུ་བཀོད་པ། རྒྱ་མཐོངས་ཀྱི་མདུན་ལོགས་དབུས་སུ་སྤྱན་རས་གཟིགས་ཁ་སར་པྰ་ཎི་བཞེངས་སྟབས་ཅན་ལ་དོན་ཡོད་ཞགས་པ་ལྷ་བཞི་དང་དམར་པོ་བསྐོར་གསུམ་གྱིས་བསྐོར་བ། དེའི་གཡས་སུ་སོ་སོར་འབྲང་མ་ལ་སྲུང་བའི་ལྷ་མོ་གཞན་བཞི་དང་། གདུགས་དཀར་མོ། ནོར་རྒྱུན་མ། ཛམྦྷ་ལ་དཀར་སེར་མཐིང་གསུམ་གྱིས་བསྐོར་བ། དེའི་གཡས་སུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ། གཡོན་དུ་ཡུམ་ཆེན་མོ་ལ་ཐུབ་པ། འཇམ་དཔལ་ནག་པོ། སྨྲ་བའི་སེངྒ། དབྱངས་ཅན་མ། མི་གཡོ་བ། རི་ཁྲོད་ལོ་མ་གྱོན་མ། སེང་གདོང་སྔོན་མོ། དེའི་གཡོན་དུ་སྒྲོལ་མ་ལྗང་གུ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ། གཙུག་ལག་ཁང་གི་སྒོ་སྟེང་གི་ཡུག་[page 414] རིངས་ལ་དབུས་སུ་སྤྱན་རས་གཟིགས་གཙོ་བོར་བྱས་པའི་རིགས་གསུམ་མགོན་པོ་བཞེངས་སྟབས་ཅན། ཇོ་བོ་རྗེ། འབྲོམ་སྟོན་པ། པ་གོ་བེེ་རོ་ཙ་ན། གཙང་དེ་ཝེ་ནྡྲ་རཀྴི་ཏ། དེའི་གཡས་སུ་ཀ་མ་ལ་ཤྰི་ལ། བོ་དྷི་ས་ཏྭ། ར་ཝེནྡྲ་རཀྴི་ཏ། ཛྙྰ་ནེནྡྲ་རཀྴི་ཏ། གླད་ཁམས་པ་གོ་ཆ། ཅོག་རོ་ཀླུའི་རྒྱལ་མཚན། ཁྲི་སྲོང་ལྡེའུ་བཙན། སྲོང་བཙན་སྒམ་པོ། ཁྲི་རལ་པ་ཅན། ཐོན་མི་སམྦྷོ་ཊ། ཡོན་ཏན་མགོན་པོ། དེའི་གཡས་སུ་སློབ་དཔོན་ཀླུ་སྒྲུབ་སོགས་འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། མཆོག་གཉིས། མ་ཏི་ཙི་ཏྲ། ཟླ་གྲགས། རདྣ་ཀ་ར། དེའི་གཡས་སུ་ཀུན་དགའ་བོ་སོགས་བསྟན་པའི་གཏད་རབས་བདུན་དང་། ལེགས་ལྡན་བྱེད། ས་ཁའི་ལྷ། ཙནྡྲ་གོ་མྰི། པཎ་ཆེན་ཤྰཀྱ་ཤྲྰི། དེའི་གཡས་སུ་རྒྱལ་ཆེན་འཕགས་སྐྱེས་པོ་དང་མིག་མི་བཟང་། སྒོ་གོང་དུ་གྲུབ་ཆེན་བི་རཱུ་པའི་རྣམ་ཐར། དེའི་གཡས་སུ་པདྨ་འབྱུང་གནས་གཙོ་འཁོར་གསུམ་ལ་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ། དེའི་གཡས་སུ་ཁྲོ་བོ་འདོད་པའི་རྒྱུལ་པོ་དང་དབྱུག་སྔོན་ཅན་གཉིས་རྣམས་སོ། གཙོ་པོའི་གཡོན་དུ་ངོར་ཆེན་ཀུན་དགའ་བཟང་པོ་ལ་ས་སྐྱའི་རྗེ་བཙུན་རྣམ་ལྔ་དང་། རྒ་ཨ་གཉན་དམ་པ། རྫོང་པ་ཀུན་དགའ་རྣམ་རྒྱལ། པཎ་ཆེན་ཤཀྱྰ་མཆོག་ལྡན། ཚར་ཆེན་བློ་གསལ་རྒྱ་མཚོ། དེའི་གཡོན་དུ་འཁོན་ནྰ་གེནྡྲ་རཀྴི་ཏ་ལ་ལོ་ཆེན་རིན་ཆེན་བཟང་པོ། ར་ལོ་ཙྰ་བ། འབྲོག་མི་ལོ་ཙྰ་བ། འགོས་ལོ་ཙྰ་བ་ལྷས་བཙས། བ་རི་ལོ་ཙྰ་བ། ཡར་ལུང་ལོ་ཙྰ་བ། མར་པ་གོ་ཙྰ་བ། མལ་ལོ་ཙྰ་བ། དཔང་ལོ་ཙྰ་བ། བུ་སྟོན་ལོ་ཙྰ་བ། དེའི་གཡོན་དུ་བིརྺ་པའི་སྐུའི་རྣམ་འགྱུར་དྲུག ཤོང་ལོ་ཙྰ་བ། ཐང་སྟོང་རྒྱལ་པོ། ས་ལོ་ཙྰ་བ། དཀོན་མཆོག་ལྷུན་གྲུབ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། དེའི་གཡོན་དུ་རྒྱལ་ཆེན་ཡུལ་འཁོར་སྲུང་དང་རྣམ་ཐོས་སྲས། སྒོ་གང་དུ་བིརྺ་པའི་རྣམ་ཐར་ལས་འཕྲོས་ཏེ་ཚིགས་བཅད་བསྟོད་པ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་བྲིས་པ། དེའི་གཡོན་དུ་པདྨ་འབྱུང་གནས་ལ་རྗེ་འབངས་ཉེར་ལྔས་བསྐོར་བ། དེའི་གཡོན་དུ་ཁྲོ་བོ་མི་གཡོ་བ་དང་འདོད་བའི་རྒྱུལ་པོ་གཉིས་རྣམས་ཏེ། དེ་དག་གི་གཤམ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱ་བོད་ཀྱི་ཡུལ་གྲུ་རགས་རིམ་ཞིག་རྣམས་སོ། གཞན་ཡང་རྒྱ་མཐོངས་ལ་དབུས་སུ་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔ། དེའི་གཡས་སུ་ཚེ་དཔག་མེད་ལྷ་དགུ། དེའི་གཡས་སུ་རྗེ་བཙུན་སེང་གེ་སྒྲ་ལ་བརྒྱུད་རིམ་འགའ་རེ་དང་། ཡུམ་ནས་བཤད་པའི་བྱང་ཆུབ་སེམས་དཔའ་ལྷག་མ་གཉིས་རྣམས་ཀྱིས་བསྐོར་བ། གཙོ་བོའི་གཡོན་དུ་རྣམ་རྒྱལ་མ་ལྷ་དགུ། དེའི་གཡོན་དུ་སེང་ལྡིང་ལྡང་ནགས་ཀྱི་སྒྲོལ་མ་ལ་ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག པར་ཁང་མདུན་ལོགས་ལ་སྦྱིན་བདག་གི་སྐོར་ཏེ་དབུས་སུ་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྐུ་བརྙན། དེའི་ཕྲག་གོང་གཡས་པའི་ཐད་ཀར་མཁན་ཆེན་དཔལ་ལྡན་ཆོས་རྒྱུད་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དང་། ཡར་ལུང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཇམ་དབྱངས་ཆོས་ཀྱི་བླ་མ་སངས་རྒྱས་ཡེ་ཤེས། སྐུ་དབོན་རིན་ཆེན་མཆོག་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་[page 415] མཚོ། རོང་པོ་སངས་རྒྱས་བསྟན་པ། ས་ཁོ་བླ་མ་དིང་འཛིན་ཕུན་ཚོགས། རྗེ་བཙུན་ནམ་མཁའ་དཔལ་བཟང་། དབོན་བསོད་ནམས་རྒྱལ་མཚན། ལྡན་ལོ་ཚུལ་ཁྲིམས་རིན་ཆེན་རྣམས་ཀྱིས་བསྐོར་བ། མདུན་དུ་གསོལ་གཟིམས་མཆོད་དཔོན་ཕྱག་མཛོད་སོགས་དང་། རྒྱ་གར་དང་ཁ་ཆེ་བལ་བོད་རྒྱལ་ནག་སྟེ་མི་རིགས་མང་པོས་མཆོད་པ་འབུལ་ཚུལ། འཕྲག་གོང་གཡོན་པའི་ཐད་ཀར་ལྔ་རིག་བསྟན་པའི་སྣང་བྱེད་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་བརྙན་ལ། རྫོགས་ཆེན་སྤྲུལ་སྐུ་དང་ཉི་གྲགས་སོགས་ཀྱིས་བསྐོར་བ། སྡེ་དགེ་བླ་མའི་སྐུའི་གཡས་སུ་བླ་མ་གྲོས་རྒྱ་མཚོ་དང་། གཡོན་དུ་ལྷ་སྲས་བསོད་ནམས་མགོན་པོ། དེ་དག་ཐམས་ཅད་ཀྱི་མདུན་དུ། མདུན་འཁོར་གཉེར་པ་ལས་འཛིན་འགའ་རེ་དང་། འཕགས་ཡུལ་དང་། ཀསྨི་ར་དང་། ནེེ་པ་ལ། བོད་དང་། རྒྱ་ནག་ལ་སོགས་པའི་མི་སྣ་མང་པོས་འདུད་ཅིང་ལྷ་མིའི་དཔལ་ཕུན་སུམ་ཚོགས་པས་མཆོད་འབུལ་སྟོབ་པའི་ཚུལ་ཅན། གཡས་ལོགས་ཀྱི་གཙོ་བོ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པའི་སྐུ་བརྙན་གཙུག་ཏུ་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་བཞུགས་ཤིང་། འཁོར་དུ་སྡེ་དགེ་གདུང་རབས་འགར་ཡེ་ཤེས་བཟང་བོ་ནས་ཇོ་གདན་ནམ་མཁའ་ལྷུན་བཟང་གི་བར་གྱིས་བསྐོར་བ། གཡོན་ལོགས་སུ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་བརྙན་གཙུག་ཏུ་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་བཞུགས་ཤིང་། འཁོར་དུ་སྡེ་དགེ་གྲུབ་ཐོབ་ནས་དབོན་པོ་རྒྱ་བོའི་བར་བྲིས་སོ། ། ཕྱི་སྒོའི་སྒོ་ཁང་དུ་གཡས་སུ་མངོན་པ་ནས་བཤད་པའི་ཁམས་གསུམ་འཇིག་རྟེན་གྱི་བཀོད་པ་མདོར་བསྡུས། གཡོན་དུ་འདུལ་བ་ལུང་ནས་བསྟན་པའི་སྲིད་པའི་འཁོར་ལོ་རྣམས་བྲིས་སོ། གསུང་རྟེན་གསུང་རབ་ལ་གཙུག་ལག་ཁང་སྟེང་གི་བར་ཁྱམས་ཀུན་ཏུ་དྲྭ་མིག་གི་ཁྲི་ལ་བཀའི་དགོངས་འགྲེལ་བོད་ཀྱི་བརྡར་འགྱུར་རོ་འཚལ་གྱི་ཕྱི་མོ་གླེགས་བམ་ཉིས་བརྒྱ་དང་། བླ་མའི་རྣམ་ཐར་སྐོར་དང་བེེཌྰུ་ར་དཀར་པོ་སོགས་ཀྱི་གླེགས་བམ་བཅུ་བདུན་ཙམ་དང་། གཙུག་ལག་ཁང་རྙིང་བའི་སྟེང་གི་བར་ཁྱམས་ཀུན་ཏུ་རྒྱལ་གསུང་འགྱུར་རོ་འཚལ་གྱི་ཕྱི་མོ་གླེགས་བམ་བརྒྱ་དང་བཞི། གཞན་ཡང་གསུང་འབུམ་སྐོར་དང་། མདོ་སྣ། འདོན་ཆོག རིག་གནས་ཀྱི་སྐོར་སོགས་བར་ཤིང་ཤིན་ཏུ་མང་བར་བཞུགས་ཏེ། དེ་དག་ཀུན་ཀྱང་གནས་ལྔ་རིག་པའི་པཎྟི་ཏ་ཆེན་མོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ལྡན་ལོ་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་དཔྱད་གསུམ་དག་པའི་སྒོ་ནས་ཞུས་དག་དང་འབྲུ་གཟིགས་ཐེང་མང་མཛད་བྱུང་། ཐུགས་རྟེན་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད་ལ་སོགས་བཞུགས་ཏེ་མདོར་ན་རྟེན་གསུམ་དཔག་ཏུ་མེད་པས་གཏམས་པའི་གཙུག་ལག་ཁང་ཆེན་པོ་འདི་ནི་འཇིག་རྟེན་གསུམ་གྱི་སྙིང་པོར་གྱུར་པ་ལྷ་མིར་བཅས་པའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཉིད་དུ་ངེས་སོ།།
[page 416] ཕྱིས་སུ་སྔ་ཕྱིར་གཙུག་ལག་ཁང་དེར་གསུང་རྟེན་ཁྱད་པར་ཅན་སྲིད་ན་རྙེད་དཀའ་སི་ཏུ་ཆོས་འབྱུང་ནས་བཞེངས་པའི་གསེར་བྲིས་བཀའ་འགྱུར་གྱི་གཙོས་བཀའ་བསྟན་ཚར་སུམ་བཅུ་རྩ་བརྒྱད་དང་། གཞན་ཡང་གཙུག་ལག་ཁང་གི་གསེར་ཏོག་དང་ཆོས་འཁོར་རྒྱལ་མཚན་གསེར་བྱ་སོགས་དང་། པར་ཤིང་གྲངས་མང་བཅས་གཏོར་བརླག་སོང་། དེ་རྗེས་རིག་གནས་གསར་བརྗེ་ཆེན་པོའི་གནོད་འཚེས་ལོ་ངོ་མང་དུ་པར་སྒོ་བསྡམས་དགོས་བྱུང་ཡང་། རྒྱལ་ཁབ་ཀྱི་རིག་དངོས་དོ་དམ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་། གཙུག་ལག་ཁང་སྨན་སྦྱོར་མཛད་སའི་ལྟེ་གནས་སུ་གྱུར་བ། ཆོས་མཐུན་གྱི་མི་སྣ་འགས་མིག་ལྟར་གཅེས་སྲུང་བྱས་པ་བཅས་ཀྱིས་པར་ཁང་འདི་ཕལ་ཆེར་མ་ཉམས་པར་སྐྱོབ་ཐུབ་སོང་། བོད་རབ་བྱུང་༡༦པའི་ས་ལུག་ལོར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དངོས་སུ་ལག་ལེན་བསྟར་བཞིན་པ་དང་བསྟུན་པར་གྱི་སྒོ་འཕར་ཕྱེ་བའི་སྐལ་བ་ལྡན་ཏེ་སླར་ཡང་ལས་གྲྭ་བ་བསྟུས་ཏེ་པར་སྐྲུན་གྱི་འགོ་བརྩམས། ལྕགས་སྤྲེལ་ལོར་རྒྱལ་ཁབ་ཀྱིས་པར་ཁང་འདི་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་དུ་བརྩིས་ནས་རིག་དངོས་དོ་དམ་ཁང་གི་སྒོ་བྱང་སྦྱར། མེ་སྟག་ལོར་བསྟན་འགྲོའི་རྒྱུ་དཔལ་ཨུ་ཡོན་ཀྲང་གཞོན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྡེ་དགེ་པར་ཁང་དུ་གཟིགས་ཞིབ་ཕེབས་སྐབས་སུ་འདི་ལྟར། འཇིག་རྟེན་མིག་འབྱེད་གསུང་རབ་སྟེ། ལེགས་ཉེས་གསལ་བའི་མེ་ལོང་ཡིན། རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ། སྐྱེ་རྒྱར་ཕན་པའི་སྨན་གྱི་མཚོ། སྡེ་དགེ་པར་ཁང་ཆེན་མོ་ཞེས། ཡངས་པའི་ཁྱོན་ལ་ལྷང་ངེར་གྲགས། སྔར་རྗེས་བཟང་པོའི་གཞི་ཐོག་ནས། ཕྱི་རྗེས་ཆེན་པོ་འཇོག་པར་འཚལ། ཞེས་བསྟོད་བསྔགས་དང་རབ་གནས་བྱས། བོད་རབ་བྱུང་༡༧པའི་ས་འབྲུག་ལོར་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་རྣམས་ཀྱིས་བྱམས་བརྩེའི་ཐུགས་ཁུར་འོག གཙུག་ལག་ཁང་འདི་ཉམས་གསོ་བྱེད་རྒྱུར་ཐག་བཅད་དེ་འགྲོ་གྲོན་གྱི་སྒོར་ཁྲི་ཉིས་བརྒྱའི་འཆར་རྩིས་བྱས་པ་དང་ལོ་དེར་ཤིང་སོགས་ཀྱི་ཆ་རྐྱེན་བསྒྲིགས་ཏེ་བཞེངས་བའི་སྟ་གོན་བྱས།
གཞན་ཡང་ལོ་དེར་གངས་ལྗོངས་ཀྱི་ཡོངས་གྲགས་མཁས་པ་ཆེན་མོ་ཁྲོ་རུ་རྣམ་མཆོག་གདན་ཞུས་ལྟར་པར་ཁང་དུ་ཕེབས་ནས་ཆ་རྐྱེན་ཕུན་སུམ་ཚོགས་བའི་སྒོ་ནས་སྨན་ཆེན་གྱི་བསྡུ་སྦྱོར་རྒྱ་ཆེར་མཛད་པ། ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་ཁག་ཕྱི་ནང་སོགས་ཀྱིས་སྨན་གྱི་ཕན་ནུས་དང་སྤུས་ལེགས་བཅས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།
ས་སྤྲུལ་ལོར་སྡེ་དགེ་རྫོང་པར་ཁང་ཉམས་གསོ་བྱེད་མཁན་གྱི་འགོ་ཁྲིད་ཚོ་ཆུང་བཙུགས་ནས་དངོས་[page 417] སུ་ཉམས་གསོ་བྱེད་པའི་འགོ་བརྩམས་པ་ནས་བཟུང་། ཤིང་བཟོ་པ་དང་རྡོ་བཟོ་བ། ལྷ་རིས་པ་བཅས་སོགས་ལས་བཟོ་བ་མང་སྐབས་ལྔ་བརྒྱ་ཙམ་དང་། དེ་ནས་བཞི་བརྒྱ་དང་སུམ་བརྒྱ་བཅས་ལས་སྐབས་དང་བསྟུན་ནས་བསྡུས་ཤིང་། སྔར་གྱི་གཙུག་ལག་ཁང་སོར་བཞག་བྱས་ཐོག་དེ་ལ་ཞིག་རལ་སོང་བ་རྣམས་བསྐྱར་གསོ་དང་ཇེ་ལེགས་བཏང་ཚུལ་རྣམས་འདི་ལྟར། གཙུག་ལག་ཁང་དེའི་གྱང་རྐང་སྲ་བརྟན་གྱི་ཆེད་དུ་རྩིག་ངོས་སུ་ཞིག་རལ་སོང་བ་རྣམས་སུ་རྩིག་ལྷན་བརྒྱབ་པ་དང་། རྩིག་གདན་དུ་ཆུ་ཡིས་འཇིགས་པ་བསྐྱོབ་ཕྱིར་ས་འོག་ཏུ་ཡུར་བ་ཟབ་པ་དང་ནང་ལོག་ཏུ་ཀ་གདུང་འཁྱོགས་རུལ་སོང་བ་དང་པར་ཁྲི་རྙིང་བ་ཆག་དཀྲུམས་ཁད་སྒོ་དཀར་བཅས་ཡོངས་སུ་གསར་བར་བརྗེས་ནས་བརྐོས་རིས་ཀྱང་སྔོན་ལས་ལྷག་པ་དང་ཚོན་མདངས་བཀྲ་བར་བཏང་བ། སྔར་གྱི་ལྡེབས་བྲིས་རྣམས་ཀྱི་རི་མོ་དང་ཚོན་རྩི་ཡལ་བ་དག་ཀྱང་ཡུལ་དེའི་ལྷ་རིས་པ་མཁས་མང་བསྡུས་ནས་རི་མོའི་བཅད་མདངས་སོགས་གསར་དུ་བརྒྱབ་སྟེ་ཆ་ཚད་ཉམས་འགྱུར་བཅས་འབུར་དུ་ཐོན་བ་དང་། སྔར་མེད་གསར་བཟོས་ལྡེབས་རིས་ཀྱང་མང་དུ་ཡོད། གཞན་ཡང་གཙུག་ལག་ཁང་གི་ཟུར་གྱི་སྒོ་ཆེན་དཀྱིལ་དུ་སྤོས་པ་དང་། སྟེང་དུ་སྤེན་རྒྱན་མཐོ་རུ་འདེགས་པ། ཡང་སྟེང་དུ་ཟངས་གསེར་ལས་གྲུབ་པའི་གསེར་ཏོག་དང་། ཆོས་འཁོར། གསེར་བྱ། རྒྱལ་མཚན་བཅས་ཏེ་མདོར་ན་གཙུག་ལག་ཁང་འདི་བོད་ཀྱི་ཁྱད་ཆོས་ལྡན་ཞིང་བཟོ་བཀོད་ཁྱད་དུ་འཕགས་ཏེ་སྔར་ལས་ལྷག་པ་ཞིག་གྲུབ་བྱུང་། དེ་དག་ལ་འགྲོ་གྲོན་གྱི་སྒོར་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་ཁྲི་ལྔ་བཅུ་དང་། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི་བཅོ་ལྔ། སི་ཁྲོན་ཞིང་ཆེན་རིག་གནས་ཅུས་ཀྱིས་སྒོར་ཁྲི་བཅོ་ལྔ། རང་སྐྱོང་ཁུལ་སྲིད་གཞུང་གིས་སྒོར་ཁྲི་སུམ་བཅུ་སྟེ། ཁྱོན་སྒོར་ཁྲི་བརྒྱ་དང་བཅུའི་རོགས་སྐྱོར་མཛད་པའི་སྟེང་པར་ཁང་རང་ཉིད་ཀྱི་ཡོང་འབབ་སྒོར་ཁྲི་བརྒྱ་དང་སུམ་བཅུ་རྩ་བཞི་བཅས་ཏེ་ཁྱོན་ཡོངས་སྒོར་ཁྲི་ཉིས་བརྒྱ་བཞི་བཅུ་རྩ་བཞི་དང་ཉིས་སྟོང་དྲུག་བརྒྱ་དེ་དང་། གསེར་ཁེ་ཉིས་སྟོང་ལྔ་བརྒྱ་ལྷག་བགྲང་བྱ་གསུམ་ཡུན་ལ་བཞེངས་ནས་ཡོངས་སུ་གྲུབ། ལྕགས་ལུག་ལོའི་ཟླ་༡༠པའི་ཚེས་ཉིན་གཙུག་ལག་ཁང་བསྐྱར་བཞེངས་ལེགས་གྲུབ་བྱུང་བའི་རབ་གནས་ཀྱི་མཛད་སྒོ་སྤེལ། མཛད་སྒོའི་རྟེན་འབྲལ་ཐོག་ཀྲུང་དབྱང་དང་། ཞིང་ཆེན་རང་སྐྱོང་ཁུལ་རྫོང་ཁག་བཅས་ཀྱི་སྐུ་མགྲོན་བརྒྱ་དང་དྲུག་བཅུ་ལྷག་ཙམ་ཕེབས་པའི་ནང་། མཁས་པའི་དབང་བོ་ཁྲོ་རུ་ཚེ་རྣམ་དང་ཕྱི་རྒྱལ་ནས་བཞུད་པའི་སི་ཏུ་རིན་པོ་ཆེ་སོགས་ཡོངས་འཛིན་བཤེས་གཉེན་མང་དུ་བཞུགས་པ། དཔལ་སྤུང་དང་རྫོགས་ཆེན་ཏེ་དགོན་ཁག་གཉིས་ཀྱི་དགེ་འདུན་འདུས་སྡེ་ཡོངས་ཀྱིས་རབ་གནས་ཀྱི་མེ་ཏོག་འཐོར་ཏེ་བདེ་ལེགས་ངང་མཇུག་གྲོལ་བ་དང་། གཞན་ཡང་གཙུག་ལག་ཁང་འདི་མཐོ་ཚད་སྨི༡༣རིང་ཚདསྨི༥༤·༦ཞེང་ཚད་སྨི༣༡·༦ཁང་མིག་ཆེ་ཕྲ་སུམ་བཅུ། གཡས་གཡོན་ཐོག་བརྩེགས་བཞི། དཀྱིལ་དུ་ཐོག་བརྩེགས་གསུམ། འོག་ཏུ་[page 418] གཡས་སུ་འདུ་ཁང་དང་། གཡོན་དུ་མགོན་ཁང་། སྒོ་འགྲམ་གཡས་གཡོན་དུ་ཤོག་མཛོད་དང་དཔེ་མཛོད་ཁང་བཅས་ཁང་ཕྲན་མང་དུ་མཆིས། འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་ཉེར་བརྒྱད་ཀྱི་ས་སྟེ། ནང་རྟེན་གྱི་གཙོ་བོ། འཇིམ་ལས་བཟོས་པའི་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པ། དེའི་གཡས་སུ་འོད་དཔག་མེད་དང་། སྤྱན་རས་གཟིགས་ཕྱག་བཞི་པ། ཕྱག་ན་རྡོ་རྗེ། ཀུན་མཁྱེན་ཀློང་ཆེན་པ། ས་སྐྱ་པཎྡི་ཏ། རྗེ་བློ་བཟང་གྲགས་པ་བཅས་དང་། གཙོ་ལྷའི་གཡོན་དུ་སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། སི་ཏུ་ཆོས་ཀྱི་འབྱུང་གནས། ཆོས་རྒྱལ་བསྟན་པ་ཚེ་རིང་བཅས་དང་ཐུགས་རྟེན་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་དང་སྲི་བཟློག་མཆོད་རྟེན་རྣམ་གཉིས། གསུང་རྟེན་པར་ཁང་ཆོས་མཛོད་ཆེན་མོ་རུ་བཞུགས་སོ་འཚལ་གྱི་གསུང་རབ་བཅས་བཞུགས། གཞན་ཡང་པཎ་ཆེན་གྱི་བཞུགས་ཁྲི་དང་། སྐུ་པར། འཕན་གདུགས་རྒྱལ་མཚན་རོལ་མོ་སོགས་མང་དུ་མཆིས་སོ། མགོན་ཁང་དུ་སྟོན་པ་སྐུ་འཁོར་གསུམ་དང་། ཉེ་བའི་སྲས་ཆེན་བརྒྱད། གནས་བརྟན་བཅུ་དྲུག། གུ་རུ་མཚན་བརྒྱད། རྒྱལ་ཆེན་སྡེ་བཞི། ས་སྐྱའི་གུར་ལྷ་བརྒྱད། སེང་གདོང་མ། གུར་དྲག གཤིན་རྗེ། དཔལ་མགོན་ཞལ། དཔལ་ལྡན་ལྷ་མོ། དམག་ཟོར་མ། དུར་ཁྲོད་ཡབ་ཡུམ་གཉིས། སྒྲོལ་མ་སྔོན་མོ། བདེ་གཤེགས་སྨན་བླ། ངོར་ཆེན་ཀུན་དགའ་བཟང་པོ་བཅས་དང་། གཞན་ཡང་ནམ་མཁའ་རུ་སྟག་གཟིག་སོགས་གཅན་གཟན་སྣ་ཚོགས་ཀྱི་ལྤགས་རིགས་དང་མདའ་མདུང་གྲི་སོགས་མཚོན་ཆའི་རིགས་བཅས་ཏེ་མང་དུ་མཆིས་སོ། གཡས་ཀྱི་སྒོ་འགྲམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཞུགས་ཁྲི་དང་བཅས། གཡོན་གྱི་སྒོ་འགྲམ་དུ་སྔ་འགྱུར་རྙིང་མའི་ཟབ་གཏེར་རིན་ཆེན་གཏེར་མཛོད་བཅས་བཞུགས། དེ་དག་ཕལ་ཆེར་གསར་དུ་བཞེངས་པ་ལགས། དེ་ནས་གཡས་ཟུར་གྱི་ཁང་བརྩེགས་གཉིས་པར་དཔེ་མཛོད་ཁང་། གཡོན་ཟུར་གྱི་ཁང་བརྩེགས་གཉིས་པར་གཏེར་མཛོད་ཁང་། དབུས་ཀྱི་ཁང་བརྩེགས་གཉིས་པར། བསྟན་འགྱུར་ཁང་དང་། རདྣ་ཁང་། བཀའ་འགྱུར་ཁང་བཅས་དང་། གཞན་ཡང་ལས་གྲྭ་བའི་གཞུང་ལས་ཁང་དང་། པར་སྐྲུན་ཁང་། པར་རྩིས་ཁང་། ཇོ་པར་ཁང་། གཟུངས་པར་ཁང་བཅས་ཏེ་མང་དུ་མཆིས་པ། གཡས་ཕྱོགས་ཀྱི་ཁང་བརྩེགས་གསུམ་པར་རྒྱུད་སྡེ་ཁང་། གཡོན་ཕྱོགས་ཀྱི་ཁང་བརྩེགས་གསུམ་པར་སྒྲུབ་ཐབས་ཁང་། སྟེང་དུ་སྤེན་རྒྱན་ཁང་གི་གཡས་དང་དཀྱིལ་དུ་ཤོག་བརྡལ་ཁང་། གཡོན་དུ་ལྡེབ་ཐུང་སྐོར་གྱི་པར་ཤིང་བཅས་བཞུགས། དེ་ལྟར་ཆོས་མཛོད་ཆེན་མོ་རུ་གསུང་རབ་ཇི་སྙེད་ཀྱི་ས་བཅད་དམ་དཀར་ཆག་ཞིབ་རྒྱས་སུ་བསྒྲིག་འགོ་ས་སྦྲུལ་ལོ་ནས་བརྩམས། དེ་ནི་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་༡༩༨༧ལོར་བཀྲམ་པའི་ཡིག་རྟགས་ཉེར་གསུམ་པ་པར་ཁང་སྲུང་སྐྱོབ་བདག་གཉེར་ལས་ཀའི་འཆར་གཞིའི་ཐད་གཏན་ཁེལ་བྱས་པའི་དོན་ཚན་གསུམ་ལས་དང་པོའི་ཁོངས་སུ་རྩོམ་སྒྱུར་དང་དཔེ་སྐྲུན་གྱི་འཆར་གཞི་དང་ཁྱད་པར་ཏུ་དེང་སྐབས་སུ་རྒྱལ་ཕྱི་ནང་གི་[page 419] ཞིབ་འཇུག་མཁས་པའི་དགོས་མཁོ་དང་། བོད་རང་ཉིད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་སྤྱི་དོན་བསྡུས་པ་ཞིག་རྟོགས་ཆེད་དང་དགོས་མཁོ་སོགས་ལ་དམིགས་ནས་མཁས་པ་མང་པོ་གདན་ཞུས་ལྟར་ཕེབས་ཏེ་རྩོམ་སྒྲིག་བྱས་པ་དང་ཁྱོན་ད་ལྟ་གཙུག་ལག་ཁང་དེར་བཀའ་བསྟན་གྱི་གཙོས་འཕགས་བོད་པཎ་གྲུབ་རྣམས་ཀྱི་གསུང་རབ་ཇི་སྙེད་ཀྱི་པར་ཤིང་ཁྲི་ཉེར་དྲུག་ལྷག་ཙམ་དང་། ཇོ་བར་ཉིས་བརྒྱ། ལྷ་པར་ཉིས་བརྒྱ། གཞན་ཡང་སྲུང་འཁོར་དང་། ཙཀླི། གཟུངས་སྔགས། སྒྲུབ་དཀྱིལ་སོགས་ཀྱི་རིགས་མང་དུ་བཞུགས། ཕྱིས་སུ་རིན་ཆེན་གཏེར་མཛོད་ཀྱི་གཙོས་གསར་བཞེངས་ཀྱི་པར་ཤིང་ཁྲི་བཞི་དང་སུམ་སྟོང་བདུན་བརྒྱ་བཞི་བཅུ་རྩ་ལྔ་དང་། སྔར་ཡོད་རིགས་འཐོར་བརླག་སོང་བ་རྣམས་ཉམས་གསོ་བྱས་པའི་པར་ཤིང་བརྒྱ་དང་སུམ་བཅུ་རྩ་བཞི། སྲུང་འཁོར་དང་ཙ་ཀླིའི་རིགས་ཀྱི་པར་ཤིང་བདུན་བརྒྱ་བདུན་བཅུ། ཇོ་དར་སྐོར་གྱི་པར་ཤིང་ལྔ་བཅུ་རྩ་གཉིས། གཟུངས་སྐོར་གྱི་པར་ཤིང་བརྒྱ་དང་སུམ་བཅུ་རྩ་བཞི་སྟེ། ཁྱོན་གསར་བཞེངས་ཀྱི་པར་ཤིང་ཁྲི་བཞི་དང་བཞི་སྟོང་བརྒྱད་བརྒྱ་ལྔ་བཅུ་རྩ་བཞི་ཙམ་བཞུགས་པ་དང་དེ་དག་དོ་དམ་བྱེད་པའི་མི་སྣ། ད་ལྟ་པར་དཔོན་རྒན་གཞོན་དང་། བདག་གཉེར་བ། རྩིས་པ། དྲུང་ཡིག དངུལ་གཉེར་བ། རླངས་འཁོར་ཁ་ལོ་བ། མེ་འགོག་བཅས་ཏེ་ལས་ཚན་སོ་སོར་དགོས་མཁོ་ལྟར་ཡོད་པ། རྒྱལ་ཁབ་ཀྱི་འཆར་གཞི་ལྟར་ན་དོ་དམ་མི་སྣ་བཅུ་གསུམ་ཡོད་དགོས་ཀྱང་། ད་ལན་བཅུ་གཅིག་ལས་མེད་པ། དེའི་འོག་ཏུ་ལས་གྲྭ་བ་མང་སྐབས་ལྔ་བརྒྱ་ཙམ་དང་། ཉུང་དུས་བརྒྱ་དང་ལྔ་བཅུ་ཡས་མས་སུ་གནས་པ། དེ་དག་ལའང་ལས་བགོས་སོ་སོར་ཡོད་པ་དང་། ལོ་རེ་ཡོང་འབབ་ཀྱི་སྒོར་མང་སྐབས་ཁྲི་བརྒྱ་ཕྲག་གསུམ་ཙམ་དང་། ཉུང་དུས་བརྒྱ་ཕྲག་གཅིག་ཙམ་ལས་མེད་པའང་མཆིས། གཞན་ཡང་གཙུག་ལག་ཁང་འདིར་རྒྱལ་ཕྱི་ནང་གི་སྐུ་མགྲོན་དང་མཇལ་སྐོར་བ་ལོ་རེ་མང་དུ་སོན་པ། དེ་དག་གིས་ཀྱང་གནང་སྦྱིན་དང་བསྟོད་བསྔགས་མང་དུ་མཛད་བྱུང་བ་དང་། ཁྱད་བར་དུ་ཨ་དཀོན་རིན་པོ་ཆེ་མཆོག་གིས་གསུང་རབ་དཔེ་དཀོན་རྣམས་པར་རྐོ་བའི་ཆ་རྐྱེན་དུ་ལོ་རེ་གནང་སྦྱིན་རྒྱ་ཆེར་མཛད་བྱུང་། ཤིང་ཁྱིའི་ལོར་ངོར་གྱི་མཁན་ཆེན་ཀླུ་ལྡིང་རིན་པོ་ཆེ་མཆོག་དང་ཞབས་དྲུང་རྣམ་གཉིས་ཁམས་སྡེ་དགེའི་དགོན་ཆེན་དུ་ཆིབས་བསྐྱོད་གནང་སྟེ་སྨིན་གྲོལ་གྱི་དབང་ཁྲིད་གནང་སྐབས། པར་ཁང་དུ་གདན་ཞུ་བྱས་ཏེ་རབ་གནས་རྒྱས་པར་མཛད་བྱུང་། གཞན་ཡང་ལོ་དེར་ཁྲོམ་རྡོ་ཁོ་དགོན་གྱི་མཁན་འཇམ་དབྱངས་ཀུན་དགའ་བསྟན་འཛིན་གྱིས་ནུབ་ཉེ་བའི་གསུང་རབ་འགའི་པར་ཤིང་སྟོང་གཅིག་ལྷག་པར་ཁང་དུ་འབྲེལ་འཇོག་བྱས་བའོ། དེ་ལྟར་རྒྱལ་ཁབ་ཕྱི་ནང་དུ་གྲགས་པའི་གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མང་འདིར་སྔ་གཞུག་ཀུན་ཏུ་གསུང་རབ་ཡོད་དོ་ཅོག་པར་དུ་བསྐྲུན་ནས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དགོས་མཁོ་ལྟར་གླ་གཏོང་བྱས་སྟབས་བོད་ཀྱི་རིག་གནས་དར་སྤེལ་གཏོང་བར་བྱས་རྗེས་ངེས་ཅན་ཞིག་བཞག་བ་ལགས་སོ།།
[page 420] གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་སྡེ་དགེ་བོ་ཐར་བཀྲ་ཤིས་སེང་གེ་མཆོད་ཡོན་གྱིས་རབ་བྱུང་བརྒྱད་པའི་ས་འབྲུག་ལོར་༡༤༤༨ལ་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་སྟེ་དེང་ཐང་རྒྱལ་ལྷ་ཁང་ཞེས་བྱ་བ་བཏབ། སྐབས་དེ་ཆོས་ལུགས་གྲུབ་མཐའ་གང་ཡིན་ལ་བཞེད་སྲོལ་མང་མཆིས་ཀྱང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༨༩ལོའི་ཟླ་བ་གསུམ་པར་པར་དུ་བསྐྲུན་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྩོམ་གཅེས་སྒྲིག་ལས། གྲུབ་ཆེན་འདི་གྲུབ་ཆེན་ངོར་ཆེན་རྡོ་རྗེ་འཆང་གི་སློབ་མ་ཡིན་པས། དེང་དུས་ཆོས་རྗེ་ངོར་པའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་རྟེན་འབྲེལ་དུ་གྱུར། ཞེས་གསུངས་པ་དང་སྡེ་དགེ་རྒྱལ་རབས་སོགས་ལས་ཆོས་ལུགས་བསྒྱུར་བའི་ལོ་རྒྱུས་མི་གསལ་བས་ཐོག་མ་ནས་ཆོས་ལུགས་ས་སྐྱ་ཡིན་པ་སྙམ། དེའང་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་རབ་བྱུང་དྲུག་པའི་ཤིང་གླང་ལོ་ལ༡༣༦༥གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེར་འཁྲུངས་ཤིང་། རྗེ་ཙོང་ཁ་པ་དང་དུས་མཉམ། གྲུབ་ཐོབ་ཀྱི་སྙན་པ་ཕྱོགས་ཀུན་དུ་ཁྱབ། ཤངས་པའི་ཆོས་བརྒྱུད་འཛིན། རྒྱ་གར་ནག་དང་བོད་དབུས་གཙང་ཁམས་སོགས་ཡུལ་གྲུ་མང་པོར་ཕེབས་ནས་འགྲོ་དོན་མཛད། བོད་ཡུལ་ལྷོ་སྟོད་སྨད་དུ་ལྷ་ཁང་དང་ལྕགས་ཟམ་གྲུབ་ཤན་བཅས་མང་དུ་བཙུགས། ལྷ་ལྡན་གྱི་ལྕགས་པོ་རིར་ལྷ་ཁང་བཞེངས་ཞིང་སྨན་རྒྱལ་རི་ཞེས་མཚན་གསོལ། བོད་ཀྱི་ཆོས་རྒྱལ་སོགས་ཀྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་སྟོན་པ་དེང་སང་ཨ་ཆེ་ལྷ་མོ་ཞེས་གྲགས་པའི་འཁྲབ་གཞུང་བརྩམས། གསོ་བ་རིག་པའི་སྐོར་ལ་ཁམས་ནད་ཀུན་འཇོམས་རིལ་བུ་དཀར་པོ་དང་། མཉན་རིམས་འཇོམས་བྱེད་རིལ་བུ་དམར་པོ་སོགས་ཀྱི་མན་ངག་མང་པོ་མཛད། དགུང་ལོ་བརྒྱ་དང་ཉེར་ལྔ་པ་རབ་བྱུང་བརྒྱད་པའི་ལྕགས་བྱ་ལོ་༡༤༨༠གཅུང་རི་བོ་ཆེར་གཤེགས་ཅེས་བོད་རྒྱ་ཚིག་མཛོན་ཆེན་མོར་གསལ།
དེ་ནས་རྒྱལ་རབས་བཞི་པ་ཡ་རྒྱལ་འཕེལ་གྱི་སྲས་ཆེན་ལུང་རྟོགས་ཡོན་ཏན་ཀུན་གྱི་བདག་ཉིད་བླ་མ་ཀུན་དགའ་རིན་ཆེན་གྱིས་ལྷ་ཁང་དང་བླ་བྲང་ཟུང་འབྲེལ་ཞིག་གསར་དུ་བཞེངས་ཏེ། ངུར་སྨྲིག་འཆང་བའི་རབ་བྱུང་འདུས་པའི་སྡེ་མང་དུ་བསགས་པ་སོགས་དཔལ་ས་སྐྱའི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ནས་སྡེ་དགེ་ལྷ་ཁང་པ་ཞེས་ཡོངས་སུ་གྲགས་ནས་དགོན་ཆེན་དགོན་པའི་སྤྱིན་བདག་སྡེ་དགེ་ལྷ་ཁང་པ་བླ་དཔོན་ཞེས་པའམ་དགོན་ཆེན་དགོན་པ་སྡེ་དགེ་ཚང་གི་དགོན་པ་ཞེས་བྱུང་བ་འདི་ཡིན། རྒྱལ་རབས་ལྔ་པ་རྡོར་ལྷུན་གྱི་སྲས་ཆུང་བ་གི་སར་བིར་གྱིས་སྲུང་མའི་དབང་པོ་རྡོ་རྗེ་གུར་གྱི་མགོན་པོ་ཐུགས་དམ་སྙིང་པོར་མཛད། དེ་ཚེ་སྒྲུབ་པའི་རྟེན་ལ་གསང་བའི་མགོན་པོ་ཞིག་གསར་བཞེངས་[page 421] མཛད་ནས་རབ་ཏུ་གནས་པ་བགྱིད་པའི་ཚེ་ཡེ་ཤེས་མགོན་པོ་མངོན་སུམ་དེར་ཐིམ། ཕྱིས་སུ་བྱིན་རླབས་གཟི་བྱིན་འབར་བའི་སྨན་སྐུ་ཉིད་ནུབ་མགོན་ཁང་དུ་བཞུགས་པའི་རྟེན་གཙོ་བོ་དེ་ཡིན། འདི་སྐབས་བབས་ཀྱི་བརྗོད་བྱ་མ་ཡིན་ཀྱང་། སྡེ་དགེ་ཚང་གི་ཕྱག་རྟགས་སྡིག་གཟུགས་ཅན་དེ་བྱུང་ཚུལ་ནི་རྒྱལ་རབས་དྲུག་བ་ཀརྨ་སྲུང་ལ་ཨོ་རྒྱན་སངས་རྒྱས་གཉིས་པ་དངོས་ཏེ་འཇའ་ཚོན་སྙིང་པོས་བླ་སློབ་ཚོགས་འཁོར་སྐོར་སྐབས་ཟན་ལས་ཆེ་མཆོག་པདྨ་ཐོད་ཕྲེང་གི་ཕྱག་རྟགས་སྡིག་གཟུགས་ལ་བཅོས་ནས་ཁྱེད་རང་གི་རྒྱུད་པས་འདི་འདྲའི་ཕྱག་རྟགས་འཆང་ན་དགེ་བ་འབྱུང་གསུངས་བ་བཞིན། ཕྱིས་སུ་གཏེར་ཆེན་ཀློང་གསལ་སྙིང་པོས་སྡིག་ཐམ་གཏེར་བླངས་ནས་སྡེ་དགེ་ཚང་ལ་ཕུལ། དེས་སྡེ་དགེ་ཚང་གི་ལུགས་གཉིས་དགེ་ལེགས་འཕེལ་བའི་རྟེན་དུ་གྱུར་ནས་སྡེ་དགེ་རྒྱལ་རབས་རིམ་བྱོན་གྱི་རྒྱུན་གནས་པ་དེའོ།། ཞེས་བར་མཚམས་སུ་བརྗོད། རྒྱལ་རབས་དྲུག་པ་སྲས་འབྲིང་བ་སྡེ་དགེ་བླ་མ་མེེ་ཏྲི་མཚན་ཅན་དེས་གཙུགས་ལག་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་རྨང་གཞི་བཏིངས། སྦྲོས་བཅས་ཆོ་གའི་ཕྱག་ལེན་བཅས་ཕྲ་ཞིང་ཞིབ་པ་དག་སྒྲིག་བྱས། འོན་ཀྱང་འདི་དགུང་ལོ་མང་པོ་མ་ཐུབ་པར་མྱ་ངན་འདས་པའི་ཚུལ་བསྟན། དེ་ནས་ཁོང་གི་གཅུང་རྒྱལ་རབས་བདུན་པ་བླ་ཆེན་བྱམས་བ་ཕུན་ཚོགས་མཆོག་ལ་ཧོར་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་(༡༦༤༢~༡༦༥༤བར་ཁྲིར་བཞུགས་)གུས་བཏུད་དཔུང་གཉེན་བཅོལ་ནས་ལེགས་གསོལ་ཆབ་འབངས་མང་པོའང་གུས་ཕུལ། དེ་སྐབས་བླ་ཆེན་གྱི་ཆབ་འབངས་སུ་གཏོགས་པའི་སྡེ་ནི་རྨི་ཤོད་དང་དཔི་ཝར། མཁར་མདོ་ཚུར་རུ། སྐུ་སེ་སྡེ། དཔལ་ཡུལ། ཚམ་མདོ། དབོན་སྟོད་ཚུར་རུ། ཡི་ན། འཁོར་ལོ་མདོ། རག་ཆབ། འཛམ་ཐོག ལྕགས་ར། ཡིད་ལྷུང་། བེ་རིའི་འབྲོག་སྡེ་བཅས་ཡོད། བླ་ཆེན་གྱིས་ཐུབ་དབང་གཉིས་པ་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཨེ་ཝཾ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་དང་ཞབས་དྲུང་དབལ་མཆོག་རྒྱལ་མཚན་སྤྱན་དྲངས། མཆོད་ཡོན་རྣམས་ཀྱིས་རྒྱལ་བའི་བསྟན་པ་ལ་བཀའ་གྲོས་གཙོ་བོ་བཞེས་ཏེ་རྫོང་ཁག་གི་ཕོ་བྲང་གཙོ་ཆེན་ཀུན་དང་ཆོས་སྡེ་རི་དང་འབྲེལ་བ་མཛད་ནས་དགོན་སྡེ་བརྒྱ་རྩ་བཏབ། ལྷུན་གྲུབ་སྟེང་གི་ཉིན་དགོན་དང་སྲིབ་དགོན་གཉིས་སྔ་ལས་ཆེ་སྤེལ། གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོ་དེ་ཉིད་གསར་བཞེངས། (འདི་དུས་རབས་བཅུ་བདུན་པའི་གཞུང་ཡིན་སྙམ)དེའི་ཐོག་མའི་ས་འདུལ་རྟེན་དང་བསྟེན་པ་ལ་རབ་གནས་སྡེ་དགེ་གྲུབ་ཐོབ་པ་ཀུན་ནི་དགའ་རྒྱ་ཚོ་དང་མཁན་ཆེན་དཔལ་མཆོག་རྒྱལ་མཚན་གཉིས་ཀྱིས་མཛད། མཁན་ཆེན་དཔལ་མཆོག་པས་ལྟ་སྣང་ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་། ལུང་རིགས་ཀྱི་བཤད་པ། ཆོ་གའི་ཕྱག་ལེན། སྙིང་པོའི་ཉམས་བཞེས་ཐམས་ཅད་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་སྲོལ་ཇི་ལྟ་བ་བཞིན་ཕྱེས། ངོར་ལུགས་དཀྱིལ་འཁོར་རྣམ་པ་ལྔས་མཚོན་པའི་སྒྲུབ་མཆོད་ཀྱི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། གྲྭ་རྒྱུན་ཨི་ཝཾ་ཆོས་ལྡན་དུ་ཆགས་[page 422] འཕྲི་མིད་པ་ཕིབས་རྒྱུའི་སྲོལ་ཀྱང་བཙུགས།
བླ་ཆེན་བྱམས་པ་ཕུན་ཚོགས་ནི་རྒྱལ་དབང་ལྔ་པ་ཆེན་པོ་དང་ཧོར་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་དུས་མཉམ་ཡིན། གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་གྱིས་ལས་ཤུགས་འགྲན་ཟླ་བྲལ་བས། སྟོབས་ཀྱི་དབང་ཕྱུག་ཆེན་བོའི་དཀའ་བ་མེད་པར་རྫོང་ཁག་ཕལ་ཆེར་བྲན་དུ་བཀོལ་ནས་མདོ་སྨད་ཡངས་པའི་ནོར་འཛིན་གྱི་དཀྱིལ་འཁོར་ལ་འཁོར་བའི་སྐྱེ་དགུའི་བསོད་ནམས་ཀྱི་མགྲོན་དུ་ཁུག་པ་ཡིན་ཏེ། དེ་ཡང་གཙུག་ལག་ཟུང་ལ་མི་འཕྲོག་པའི་མཁྱེན་རབ་ཀྱི་ལོ་འདབ་རྒྱས་ཤིང་། ཤར་ཆེན་ཆོས་ཀྱི་རྒྱལ་པོ་ཤེས་རབ་འབྱུང་གནས་སོགས་མཁས་གྲུབ་མང་པོའི་ཞབས་ལ་བཏུགས་ཏེ་དམ་པའི་ཆོས་ཀྱི་ཚུལ་རྒྱ་ཆེན་པོ་གསན་ནས་བསྟན་པ་རིན་པོ་ཆེ་གོང་འཕེལ་དུ་འབྱུང་བའི་ཆེད་དུ། ངོར་ནས་མཁན་ཆེན་དཔལ་མཆོག་རྒྱལ་མཚན་སྤྱན་དྲངས་ཏེ་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོ་བཞེངས་པ་དང་། ཆོས་སྡེ་མང་པོར་བཤད་སྒྲུབ་ཀྱི་རྒྱུན་གསར་དུ་འཛུགས་པ་དང་། ཉམས་པ་གསོ་བ་སོགས་རྣམ་དཀར་གྱི་མཛད་ཕྲིན་རྒྱས་སྐབས། བེ་རི་དོན་ཡོད་ཀྱི་ངན་སྤྱོད་ལ་བསྟེན་ནས། ཧོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བླ་ཆེན་དཔུང་རོགས་ཞུས་བཞིན། བེ་རི་ཐལ་བར་བརླག་པའི་དཔའ་རྟགས་འབྲི་ཆུ་ཕར་ཁའི་བེར་སྡེ་རྣམས་མངའ་འོག་ཏུ་འདུས་པ་ཡིན། དེ་ནས་རིམ་བཞིན་བསོད་ནམས་སྟོབས་ཀྱི་དཔུང་པས་བསྟན་བགྲོའི་ཕན་བདེ་ལ་འཚེ་བའི་བདུད་རིགས་ནག་ཕྱོགས་ཀྱི་དགྲ་མགོ་ཐམས་ཅད་ཆམ་ལ་ཕབ་སྟེ་མངའ་ཞབས་སུ་མི་སྡེ་ཉིས་ཁྲི་ལྔ་སྟོང་། རྫོང་ཆེན་བཅོ་བརྒྱད། རིས་མེད་ཀྱི་ཆོས་སྡེ་བརྒྱ་རྩ་སོགས་བསྡུས་ནས་བསྟན་པ་དཀར་འཇམ་རྒྱ་དར་ཡུག་གཅིག་ལ་བཏང་ནས། འདམ་སོག་ལ་སྐྱ་བོ་མན་ཆད་དང་ཤར་དར་རྩེ་མདོ་ཡན་ཆད་མངའ་ཞབས་སུ་བསྡུས་ནས་སྒ་པའི་གསེར་ཁྲལ་འབའ་ཡི་དངུལ་ཁྲལ། རྫོང་སྒོ་སོ་སོའི་ལ་གསུམ་བཀོད། དེའི་ཕྱེད་ཀ་རེ་དགོན་སྡེ་རྣམས་སུ་ཆོས་དུས་སྒྲུབ་མཆོད་ཀྱི་རྟེན་དུ་བཞག་བ་སོགས་ཆོས་ཁྲིམས་དར་དཀར་གྱི་མདུད་པ་འཇམ་ལ་དམ་པ་དང་། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དྲང་ལ་ལྕི་བ་ཐུང་དུ་འབྲེལ་བས་མཐོ་བ་གཉའ་ནས་ཕབ་བས་ཆུ་བརྒྱ་ཟམ་གཅིག་གི་འོག་ཏུ་བསྡུས་དམའ་པ་མཐའ་ནས་སྐྱོང་བས་རྒན་མོ་གསེར་ཁུར་གྱི་ལམ་ཐོབ་པ། མི་དཔུང་གྲ་སྡེབ་བྱེད་པ་མེད་པས་ཕ་བསད་བུ་དང་། ཕ་ཤི་བུ་གཉིས་མཛའ་མཐུན་ལག་སྦྲེལ་ཆོག་པའི་རྒྱལ་ཁྲིམས་དང་ཆོས་ཁྲིམས་བསྡམ། སྡེ་དགེའི་ཁྲིམས་རྒན་མ་ཞིས་བཙན་པའི་ཚད་ལ་ནམ་མཁའི་ཐོག་འདྲ་བ། དྲང་བའི་ཚད་ལ་ཚངས་པའི་ཐིག་ཤིང་ལྟ་བུ་བྱུང་བས་མདོར་བསྡུས་ན་སྲོག་བཅད་པ་དང་། རྐུ་བ་སོགས་མི་དགེ་བཅུ་རིང་དུ་དོར་ནས་དགེ་བ་བཅུའི་བཀའ་ཁྲིམས་ཀྱིས་གཞིར་བཟུང་(དེའི་སྟེང་དཀོན་མཆོག་གསུམ་ལ་གུས་པ། དམ་པའི་ཆོས་སྒྲུབ་པ། ཕ་མ་ལ་བཀུར་སྟི་བྱེད་པ། ཡོན་ཏན་ཅན་གོང་དུ་བཀུར་བ། རིགས་མཐོ་དང་རྒན་རབས་ལ་ཞེ་ས་བྱེད་པ། མཛའ་བཤེས་ལ་གཞུང་སྲོང་བ། [page 423] ཡུལ་མི་ལ་ཕན་འདོགས་པ། རང་བློ་དྲང་བ། མིག་ལྟོས་ཡ་རབས་ལ་བལྟ་བ། ཟས་ནོར་ལ་ཟས་སྤྱོད་ཚུལ་བཞིན་བྱེད་པ། དྲིན་ཆེན་ལ་དྲིན་ལན་སྤྲད་པ། བྲེ་སྲང་ལ་གཡོ་སྒྱུ་མེད་པ། ཐམས་ཅད་སྤྱིར་སྙོམས་ཤིང་ཕྲག་དོག་མེད་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། བཟང་ངན་གང་ཡང་ལྕོགས་པའི་བློ་ཁོག་ཡངས་པ། )མི་ཆོས་གཙང་མ་བཅུ་དྲུག་གི་ཁོག་ཕུབ། ཞལ་ལྕེ་བཅོ་ལྔའི་གཞུང་སྲོང་ནས། རྒྱལ་ཁྲིམས་གཅིག་གི་ལུང་ལས་བརྒྱུད་པ་མ་གཏོགས་ས་ལ་ང་ཆེ། ཡུལ་ལ་ང་དབང་གི་ཁ་ཚིག་སོ་དཀར་རྒྱབ་ལ་དྲང་པ་སོགས་མི་བྱེད། ཡུལ་གྲུ་སོ་སོས་རྗེ་ལ་འདུན་བསྟན། འབངས་ལ་བྱམས་བརྩེས་སྐྱོངས་ནས་བློ་ལྡན་དྲང་པོར་སྤྱོད་པ་རེ་རྫོང་དཔོན་དུ་བསྐོར་ཏེ། མདོར་ན་མདོ་སྨད་རོང་མོ་ལྗོངས་ཀྱི་ཁྱོན་འདི་ན་བདེ་སྐྱིད་ཉི་མ་གཉིས་བ་ལྟར་འཆར་བ་ཞེས་སོགས་ཀུན་གྱིས་དཔང་པོར་བཅའ།
དེ་ནས་རྒྱལ་རབས་བཅུ་པ་བླ་མ་སངས་རྒྱས་བསྟན་པ་ཁུ་དབོན་ནས་བཟུང་རྒྱལ་རབས་བཅུ་གཅིག་པ་བླ་མ་བསོད་ནམས་ཕུན་ཚོགས་བར་ལྷ་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོ་ཉམས་གསོ་རྒྱ་བསྐྱེད་གནང་སྟེ་ཁྱད་པར་དུ་རྟེན་གྱི་གཙོ་བོ་སྟོན་མཆོག་བསམ་འཕེལ་རིན་པོ་ཆེ་སྔར་ཧོར་གྱི་རྒྱལ་ཁབ་ཏུ་བཞུགས། དེ་ནས་འབྲི་གུང་གཙུག་ལག་ཁང་དུ་བཞུགས་བ། དོ་རྗེས་གླིང་ཨ་ཡུ་ཤག་རྒྱལ་ཞེས་པས་འཛིང་རྣམ་རྒྱལ་གླིང་དུ་གདན་དྲངས་པ་དེ་བླ་ཆེན་སངས་རྒྱས་བསྟན་པའི་རྣམ་དཀར་བསོད་ནམས་ཀྱི་ལེགས་བྱས་ཕུན་སུམ་ཚོགས་པའི་ཐུགས་བསྐྱེད་ཀྱི་ཤིང་རྟས་དཔལ་ལྷུན་གྲུབ་སྟེང་དུ་སྤྱན་དྲངས་པའི་བསམ་གྲུབ་མཐོང་གྲོལ་ཆེན་མོའི་རྟེན་གཙོ་ལྷ་ལྡན་ཇོ་བོ་ཤྰཀྱ་མུ་ནེ་དང་དབྱེར་མེད་པ་འཛམ་གླིང་རྒྱན་གཅིག་གམ་ཐུབ་བ་རྒྱལ་ལུང་མ་འདི་མངའ་གསོལ། དེ་ལ་རབ་མཆོག་ཚོགས་ཞིང་འཕགས་པ་ཡི་རབ་བྱུང་གནས་བརྟན་བཅུ་དྲུག་གི་འཁོར་གྱིས་བསྐོར། གཞན་ཡང་གཙང་ཁང་གཡོན་པར་བྱམས་བ་ཐོག་བརྩེགས་གསུམ་ཅན་དང་། དེ་ལ་ཉེ་བའི་སྲས་ཆེན་བརྒྱད་གྱིས་བསྐོར་བ། གཙང་ཁང་གཡས་པར་ལི་ཐང་ཐུབ་སྐུ་རགས་ཙམ་བཞེངས། འདིར་སྤྱན་དྲངས་ནས་ཞིབ་ལས་རྒྱས་བཀོད་ལ་སོགས་གསར་དུ་སྐྲུན་མཛད། དེ་ལ་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུའི་སྐུ་ལ་མཚན་བརྒྱད་ཀྱིས་བསྐོར་བ་དང་། དེ་མིན་རྒྱུད་སྡེ་བཞིའི་ལྷ་ཚོགས་དང་ཆོས་སྐྱོང་ནོར་ལྷ་སོགས་རིས་སུ་མ་ཆད་པའི་སྐུ་གཟུགས་ཀྱི་ལོགས་རིས་སོགས་མདོར་ན་རྟེན་དང་བརྟེན་པ་ཚད་དང་མཚན་ཉིད་དང་ལྡན་པ་བརྗོད་ལས་འདས་པའི་རྟེན་བཞེངས་པའོ།།
དེའང་སངས་རྒྱས་བསྟན་པ་དང་བླ་མ་བསོད་ནམས་ཕུན་ཚོགས་གཉིས་ཀྱི་རྣམ་ཐར་རགས་ཙམ་ཞུ་བ་ལ། ཐོག་མར་སངས་རྒྱས་བསྟན་པ་ནི་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པར་གྲགས། རྒྱལ་རབས་བཅུ་པའི་འགན་བཞེས་ཏེ་ཆོས་སྲིད་གཉིས་ཆར་ལ་མཁྱེན་སྒོ་དང་སྐུ་བསོད་འགྲན་ཟླ་མེད་པར་གྱུར་ཆིང་། ས་སྨད་སྒ་དཔལ། སྤོ་ལུ་སོགས་མང་ཞིག་མངའ་ཞབས་སུ་ཚར་བསྡུས་ཤིང་ཕྱོགས་ཐམས་ཅད་མངའ་[page 424] ཐང་གྲུ་བཞི་ལམ་མེ་བྱུང་བས་བོད་སོག་གཉིས་ལ་གྲགས་པ་བྱུང་། དེ་སྐབས་ཨོ་རྒྱན་གཉིས་པ་ཀློང་གསལ་སྙིང་པོ་དང་། རྫོགས་ཆེན་པདྨ་རིག་འཛིན། གཏེར་སྟོན་ཉི་གྲགས་སོགས་ལའང་བསྙེན་བཀུར་གནང་། རུ་དམ་རྫོགས་ཆེན་དགོན་དང་། འཛིང་སྟག་མོ་དགོན། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་སོགས་རིས་མེད་ཀྱི་ཆོས་སྡེ་མང་པོ་བཏབ་པ་དང་། ཁྱད་པར་དུ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་བཞེངས་པ་སོགས་ཕྱག་རྗེས་རླབས་ཆེ། གཞན་ཡང་ལྕགས་ར་བསམ་འགྲུབ་རྩེ། ཡེ་ན་བཀྲ་ཤིས་རྩེ། དབོན་སྟོད་ལྷུན་པོ་རྩེ། པེ་ཝར་རྟག་རྟེན་རྩེ་སོགས་སུ་ཕེབས་ནས་ཆོས་སྡེ་དེ་དག་གི་གྲྭ་སའི་བསྒྲིག་དང་ཀུན་སྤྱོད་སྡོམ་གསུམ་གྱི་བླང་དོར་དང་ཐོས་བསམ་བསྒོམ་པའི་ཚུལ་སོགས་ལ་སྙན་གྲགས་གཟི་བརྗིད་སྒྲུབ་པའི་ཆོས་བརྫུ་དང་། དོན་མ་རྟོགས་པའི་ཁ་རྒྱུགས་རྨོངས་དད་དང་། སྲོལ་སྐྱོང་ཟོལ་གྱི་གཡར་ཁྲལ་ཧོར་བཀོད་སོགས་ཚང་མ་སྣོད་བཅུད་ཕན་བདེའི་འབྱུང་གནས་བསྟན་པ་དང་། གོང་མའི་ཐུགས་བསྐྱེད་མནག་ཆུང་མ་ཡིན་པར་སྒོ་གསུམ་འཇུག་པ་གཅིག་དྲིལ་ཁུར་བཞེས་པའི་དམུ་རྒོད་རྣམ་པར་གཡེང་བས་ཁྱེར་དག་ཀྱང་། སྟོབས་ཀྱི་ཤུགས་ཀྱིས་ཆོས་ལ་འཛུད། ཆོལ་སྤྲོ་དང་སྤྲོ་རུང་ཁས་དམན་དག་ཐབས་ཀྱིས་སྤྲོ་བ་བསྐྱེད་དང་དབུགས་དབྱུང་མཛད། སྤྲོས་བཅས་དབྱངས་གདངས་འབུད་དཀྲོལ་བྲི་ཐིག་སོགས་དམ་པ་དེ་དག་ཞལ་རྒྱུན་ཕྱག་ཁྲིད་བཞིན། ས་སྐྱོང་ཉིད་ཀྱིས་ཕྱག་ལེན་ཐེབས་མཛད་ནས་ཀུན་ལ་ཕྱག་ཁྲིད་སྩལ་ཞིང་ཚོགས་དཔོན་དུ་ཕེབས་ནས་འཁྲུལ་པ་བསལ་ཞིང་རྣམ་དག་གི་ཕྱག་རྒྱུན་སྤེལ་བ་སོགས་ཀྱི་སྒོ་ནས་ས་ངོར་གྱི་བླ་མ་གོང་མའི་ཕྱག་ལེན་དག་པའི་ལྗོངས་ཀྱི་གྲྭ་ས་ཆེན་པོ་རྣམས་ཀྱི་སྲོལ་རྒྱན་བཞིན། ཁྲིད་དང་བཅའ་ཁྲིམས་བརྟན་པར་མཛད། དེ་དུས་དགོན་སྡེ་འགར་ཁམས་རྟགས་ཀུན་རིགས་སོགས་ཀྱི་ཚོགས་པ་ལའང་ཆང་འདྲེན་ཞུ་བའི་རྩིང་སྤྱོད་ཀྱང་འཕྲལ་དུ་བྱིང་བློ་དང་མཐུན་རྒྱུན་བརྟེན་དང་། རིམ་པ་ཉམས་ལེན་དབང་གིས་ལམ་ཁྱེར་དུ་འགྲོ་རེས་དམ་ལྷོད་མཐའ་གཉིས་སུ་མ་ལྷུང་བའི་ཚོགས་པར་ཆང་འདྲེན་དང་དགོན་ནང་དུ་ཆང་བཙོ་བ་དང་ཆང་ཚོང་བ་སོགས་བཀག་ནས་ཆང་ཁྲལ་ནས་ཀྱི་འགྱེད་གནང་བའི་སྲོལ་བཟང་མཆོད་ཡོན་དམ་པ་ཟུང་གིས་མཛད། དེ་བཞིན་རྣམ་དག་སྤེལ་བའི་བསྟན་པའི་རྒྱུན་མི་ནུབ་ཕྱིར་རྒྱལ་ཁབ་ཆོས་སྡེ་ཀུན་ལ་བླ་མའི་འབུལ་སྡུད་ཐམས་ཅད་ཀྱིས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་སྤེལ་དགོས་པ་དང་། གདུལ་བྱའི་དད་ཟས་ཀྱང་དགེ་བའི་རྒྱུན་ཁོ་ནར་སྨིན་པ་དགོས་པའི་བཀས་བཅད། མདོར་ན་ས་སྐྱོང་རྗེ་འདིས་རིས་བྲལ་བསྟན་པར་བཀའ་དྲིན་ཆེར་བསྐྱངས། དགོན་པ་ཁག་གི་སྒྲིག་དང་ཆོས་སྤྱོད་སོགས་ལ་བྱི་དོར་ཡང་ཡང་མཛད་པས་དེ་སྐབས་ཀྱི་ཆོས་སྡེ་མཐའ་དག་གི་སྒྲིག་སྲོལ་ཤིན་ཏུ་ལེགས་པར་གྱུར། སྒྲུབ་ཁང་མཁན་ཆེན་དབོན་བོས་ཨེ་ཝཾ་པའི་བླ་མ་གོང་མའི་ཐུགས་དམ་ལ་བརྒྱད་སྟོང་སྐད་གཉིས་ཤན་སྦྱར་རམ་སུམ་འབིད་འདི་རྗེ་ལ་ཕུལ་བར། རྗེས་ཆོས་སྦྱིན་དུ་དབུ་ལྷ་མཛད་པ་བཅུ་གཉིས་བཅས་ཤིང་སྤར་དུ་བརྐོས་ནས་ཞུ་དག་ལ་སོགས་དཔྱིས་ཕྱིན་[page 425] འགྲན་ཟླ་བྲལ་བར་གྲུབ། དེའི་རབ་གནས་དང་དཀར་ཆག་སོགས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་གང་དེས་མཛད། རྗེ་ཉིད་དགུང་གྲངས་དོན་གཉིས་བཞེས་པར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། གདུང་རྟེན་དེ་དུས་ཕོ་བྲང་ནང་གི་ཕུར་ཁང་དུ་བཞུགས་པ་དེའོ།།
བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་རྒྱལ་རབས་བཅུ་གཅིག་པའི་སྲིད་སྐྱོང་མཛད། སྐྱེས་བུ་ཡོན་ཏན་དང་ལྡན་ཞིང་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེ། དེས་གངས་ཅན་གྱི་མགོན་པོ་རྒྱལ་དབང་སྐལ་བཟང་རྒྱ་མཚོ(༡༧༠༨~༡༧༥༧)ལི་ཐང་ནས་སྤྱན་དྲངས་ཏེ་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་ཁྲི་ལ་མངའ་གསོལ་བས་དེ་ནས་བཟུང་མཆོད་ཡོན་འགྲན་མེད་དུ་གྱུར་ནས། སྤྱིར་སངས་རྒྱས་གྱི་བསྟན་པ་དང་། ཁྱད་པར་དུ་དཔལ་ལྡན་ས་ངོར་གཉིས་ཀྱི་བསྟན་པའི་གདུགས་དཀར་པོ་སྲིད་རྩེའི་བར་དུ་བསྒྲེངས་ནས། དགེ་བཅུའི་བཀའ་ཁྲིམས་སྤེལ་བ་དང་། བཤད་སྒྲུབ་ཀྱི་རྒྱུན་འཛུགས་པ། མི་དགེའི་རྒྱུན་ལམ་བཅད་པ་སོགས་རྣམ་དཀར་ཀྱི་མཛད་པ་རྒྱ་ཆེ། དེའང་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་རྒྱལ་དབང་སྐལ་བཟང་རྒྱ་མཚོ་སྡེ་དགེར་སྤྱན་དྲངས་པའི་ཚུལ་སྡེ་དགེ་རྒྱལ་རབས་ལས། གཞན་ཡང་འདི་སྐབསགངས་ལྗོངས་སྐྱེ་དགུའི་སྐྱབས། རྒྱལ་དབང་ཐམས་ཅད་མཁྱེན་པ་བདུན་པ་ཆེ། མདོ་སྨད་ལི་ཐང་ཕྱོགས་སུ་སྐུ་འཁྲུངས་ཚེ། སོག་པོ་ལྷ་བཟང(༡༧༠༧~༡༧༡༧)བར་ཁྲིར་བཞུགས། ངན་བློའི་སྒྱུ་ཐབས་ཀྱིས། བར་གཅོད་འོ་བརྒྱ་ལ་བྱུང་ཚེ་རྗེ་འདི་ཡིས། བློ་གྲོས་ཐབས་ཀྱིས་རྒྱལ་མཆོག་ཐམས་ཅད་མཁྱེན། ལྗོངས་འདིར་སྤྱན་དྲངས་དབུ་འདོན་ཡང་དག་པར། ཞུས་པ་ལ་བརྟེན་ཆོས་འཁོར་དཔལ་ལྷ་སའི། གྲུབ་འཛིན་གཞལ་མེད་ཁང་གི་གསེར་ཁྲི་ལ། ཞབས་པད་བཀོད་ཐུབ་ས་གསུམ་སྐྱེ་དགུ་ཡི། གཙུག་རྒྱན་རིས་བྲལ་བསྟན་འགྲོའི་བདག་པོ་རུ། གྱུར་པའི་ཞབས་འདེབས་ཞུ་བས་རྒྱལ་བའི་དབང་། མཆོག་ཏུ་དགེས་ནས་བཀའ་ཤོག་ཤེལ་བམ་ཆེ། ལེགས་བསྩལ་གོང་གི་གསུང་ལས་སྡེ་དགེ་ཡི། བླ་དཔོན་སྐུ་ན་ཕྲ་སྐབས་དྲིན་ཆེན་ཞེས། གསུང་ཞིང་དེ་ནས་བརྩམ་སྟེ་གངས་ལྗོངས་ཀྱི། རྒྱུན་ཚུགས་བླ་ཆེན་འདི་ཡི་བཀའ་དྲིན་ནོ།། ཞེས་པ་ལྟར་རོ། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར༡༧༡༤གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་གདུང་རྟེན་ཕུར་ཁང་གཙང་ཁང་དུ་བཞུགས།
དེ་ནས་དབང་ཆེན་མགོན་པོའི་སྲས་རྒྱལ་རབས་བཅུ་གཉིས་པའི་གནས་ཀྱི་སེམས་པ་ཆེན་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར༡༦༧༨བལྟམས། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་འགྲམ་ངོགས་སུ། རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་ཞེས་གསུངས་བ་ལྟར། དཔེར་ན་སྤྲིན་མཐོང་ནས་ཉི་མ་ཤར་བ་ལྟར་ངོ་མཚར་བའི་ཕྱག་རྗེས་ཕལ་པའི་བློར་མ་ཤོང་བ་འགྲན་ཟླ་ཐམས་ཅད་དང་བྲལ་བར་ད་ལྟའང་མིག་དང་རྣ་བའི་བདུད་རྩིས་གྱུར་ཅིང་། རིས་[page 426] སུ་མ་ཆད་པའི་མཁས་པ་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར་བཞིན་པས། སྔོན་གྱི་རྒྱལ་བོ་གྲགས་བའི་གཟུགས། ངག་གི་རང་བཞིན་མེ་ལོང་ཐོབ། དེ་དག་ཉེ་བར་མི་གནས་ཀྱང་། རང་ཉིད་ཉམས་པ་མེད་ལ་ལྟོས། ཞེས་འབྱུང་བ་ལྟར་འགྱུར་པ་འདི་ཉིད་བརྗོད་མི་དགོས་ལ། འོན་ཀྱང་ས་བོན་ཙམ་དུ་སྤྲོ་བ་ལ། ཇི་སྐད་དུ། རྒྱལ་པོ་ཤིན་ཏུ་མང་མོད་ཀྱི། ཆོས་བཞིན་སྤྱོད་པ་ཤིན་ཏུ་ཉུང་། མཁའ་ལ་ལྷ་གནས་མང་ན་ཡང་། འོད་གསལ་ཉི་ཟླ་ལྟ་བུ་མེད། ཅེས་གསུངས་པ་ལྟར། མཁས་གྲུབ་སངས་རྒྱས་ཕུན་ཚོགས། འཇམ་མགོན་བཀྲ་ཤིས་དཔལ་ལྡན། གནས་ལྔ་རིག་པའི་པཎྟི་ཏ་ཆོས་ཀྱི་འབྱུང་གནས། གྲུབ་དབང་སངས་རྒྱས་རྒྱ་མཚོ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། གནས་གསར་རྡོ་རྗེ་འཆང་སོགས་སྐྱེས་ཆེན་དུ་མར་བསྟེན་ནས་ཟབ་པ་དང་རྒྱ་ཆེའི་གདམས་པ་མང་པོ་གསན། ཆགས་མེད་རྣམ་བཞི་སོགས་བསྐྱེད་རྫོགས་ཀྱི་ཉམས་ལེན་གྱི་སྙིང་པོ་དང་། གསང་ཆེན་བསྟན་པའི་སྙིང་པོ་དཔལ་དུས་ཀྱི་འཁོར་ལོ་སོགས་སྒྲུབ་མཆོད་མང་པོ་གསར་དུ་འཛུགས་པ་དང་། ངོར་ཨེ་ཝཾ་དུ་གླིང་ཁང་དང་། ཤར་མགོན་ཁང་བདུད་དཔུང་ཟིལ་གནོན དཔལ་སྤུངས་སོགས་ཆོས་སྡེ་དུ་མ་དང་། གསེར་ཟངས། བ་སོ། ཙནྡན་དཀར་དམར་སོགས་ལས་བསྒྲུབས་པའི་སྐུ་བརྙན། མཆོད་རྟེན། གསེར་དངུལ་བཀྲ་མའི་བཀའ་འགྱུར་རིན་པོ་ཆེ་པུ་སྟི་བརྒྱ་ཕྲག་གསུམ་གྱི་ལྷག་པ་བཅས་གླེགས་ཤིང་། གླེགས་ཐག་དབུ་གདོང་དར་སོགས་སྤུས་ལེགས་བཞེངས། གཞན་ཡང་བཀའ་འགྱུར་རིན་པོ་ཆེ་སྤར་འབྲི་བརྐོས་སོགས་བགྱིས། ཆོས་སྡེ་དགོན་ཁག་མང་པོ་གསར་དུ་བཞེངས། ཆོས་རྒྱལ་མེས་དབོན་རྣམ་གསུམ་དཔེ་ལྟ་བུ་འབྱུང་བས་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ལོར༡༧༣༢འཇམ་དབྱངས་གོང་མ་རྒྱལ་པོ་སྟེ་གཡང་ཏྲིས་གསན་ཡུ་སེ(宣慰司)ཡི་ཐམ་ཀས་དབར་བསྐུར་ཞིང་གཟེངས་བསྟོད་གན་གོས་ཡུག་བརྒྱད་དང་། དངུལ་སྲང་སྟོང་ཕྲག་ལྔ་གནང་སྦྱིན་གྱ་ནོམ་དང་། ལུང་དང་ཕྱག་རྟགས་འགྲན་ཟླ་བྲལ་བས་ཕྱོགས་ལས་རྣམ་པར་རྒྱལ་བར་གྱུར་ནས་བོད་རབ་བྱུང་བཅུ་གཉིས་པའི་ས་ལུག་གོར༡༧༣༩ཐུགས་དམ་མཉམ་བཞེས་ལ་སོགས་གོང་འཕེལ་དང་རྗེ་བཙུན་ས་སྐུའི་གོང་མ་ལྔ་ལ་སོགས་ཞལ་གཟིགས་ཕྱི་ནང་ངོ་མཚར་ལྟས་བཅས་གཟུགས་སྐུའི་བཀོད་པ་བསྡུས་ཚུལ་བསྟན། གང་གི་པུར་བཞུ་གདུང་ཚ་སྐུ་གདུང་གི་མཆོད་རྟེན་གཟུངས་གཞུག་རབ་གནས་སོགས་ཀྱི་མཛད་སྒོ་ཐམས་ཅད་གནས་གསར་འཇམ་མགོན་རྗེས་བཀའ་དྲིན་སྐྱང་།
རྗེ་འདི་ཉིད་ཀྱིས་མཆོག་གསུམ་རྟེན་དང་བརྟེན་པའི་སྡེ་བཅས་ལ་བཀུར་མཆོད་སྤེལ་ཚུལ་སྡེ་དགེ་རྒྱལ་རབས་ལས། གདན་སའི་ཁུར་ལེན་མ་བཞེས་སྐབས་སུ་ཡང་། སངས་རྒྱས་སྟོང་གི་ཞལ་ཐང་དངུལ་བྲིས་ཀྱི། བཀའ་འགྱུར་དངོས་གཙང་བཞེངས་སོགས་རྒྱ་ཆེར་གནང་། གདན་ས་བཞུགས་ནས་གཙུག་ལག་ཁང་ཆེན་པོ། རྟེན་དང་བརྟེན་པ་གསར་སྐྲུན་མཛད་པ་ནི། ཨེ་ཝཾ་ཆོས་ལྡན་གླིང་པ་སྤྱི་ཁང་དང་། [page 427] ལྷུན་གྲུབ་སྟེན་དུ་བླ་མ་ཀུན་རིན་པའི། ལྷ་ཁང་རྒྱ་བསྐྱེད་ཉམས་གསོ་གསར་སྐྲུན་དང་། ལྕགས་ར་ཡེ་རབ་དུ་མདོ་འཛམ་ཐོག་དང་། སྤོ་འཛོང་སྒ་ལེན་སྟེང་དང་རྣམ་རྒྱལ་གླིང་། འདན་གྱི་དྲན་ཐང་དཔལ་སྤུངས་ལ་སོགས་པའི། ལྷ་ཁང་བཅུ་བདུན་ལྡེབས་རིས་དང་བཅས་བཞེངས། དེ་ནས་ནང་དུའང་དུས་གསུམ་སངས་རྒྱས་སོགས། སྐུ་བཞེངས་ཁྱད་པར་ལྷུན་གྲུབ་སྟེང་འདི་ཡི། ལྷ་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་པོའི་ཐོབ། གསེར་འཕྲུལ་རྒྱ་ཕིབས་གསེར་བྱ་སྤན་རྒྱན་དང་། གསེར་གྱི་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛུགས། ལམ་འབྲས་བླ་བརྒྱུད་གསེར་སྐུ་དུ་མ་དང་། གནས་བཅུ་སངས་རྒྱས་བྱང་སེམས་གྲངས་མེད་དང་། ཡི་དམ་ཆོས་སྲུང་ནོར་ལྷའི་གསེར་སྐུ་སོགས། རྒྱ་ནག་ཐུགས་དམ་མ་དང་ཁྱད་མེད་ཅིང་། ཙན་དན་དཀར་དམར་ལས་གྲུབ་སངས་རྒྱས་ཀྱི། སྐུ་བརྙན་སྟོང་ཕྲག་ཙམ་དང་ཙནྡན་གྱི། ལྡེ་གུ་སངས་རྒྱས་བྱང་སེམས་ལོ་པཎ་སོགས། སྐུ་བརྙན་ཁྱད་དུ་འཕགས་པ་དུ་མ་བསྐྲུན། ནང་གཞུག་རིང་བསྲེལ་རྣམ་བཞི་རབ་གནས་སོགས། ཚུལ་ལྡན་ལག་ལེན་རྒྱུད་དང་གཞུང་མཐུན་བསྒྲུབས། མཐིང་ཤོག་གསེར་གྱི་བཀའ་འགྱུར་བརྒྱད་དང་གསུམ། ཤོག་ནག་དངུལ་གྱི་བསྟན་འགྱུར་ཉིས་བརྒྱད་དགུ དངོས་གཙང་བརྡ་དག་གླེགས་ཤིང་ན་བཟའ་དང་། སྐུ་ཆིངས་གདོང་དར་ཆབ་མགོ་ལ་སོགས་ཀྱང་། ངོ་མཚར་རྒྱུ་སྤུས་མཐོང་བས་ཡིད་རབ་འཕྲོག སྟོང་ཚར་མང་སྒྲོག་བྱིན་རླབས་གཟི་འོད་འབར། ཐུགས་རྟེན་རིན་ཆེན་གསེར་དངུལ་ཙནྡན་དཀར། འཕྲ་རྒྱན་བཀོད་ལེགས་རིན་ཐང་བྲལ་བ་དང་། ཁྱད་པར་གསེར་སྲང་སུམ་བརྒྱས་ཆེད་གཏད་དུ། བལ་པོའི་ཡུལ་ནས་སྒྲུབ་པའི་ཙནྡན་དམར། མཆོག་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད། ཚད་ལྡན་ཡིད་འཕྲོག་ཆེ་ལེགས་ཐོག་ཚད་མ། བཟོ་དབྱིབས་རྒྱན་བཀོད་ཚད་དང་མཚན་ཉིད་ལྡན། ལེགས་པ་མཐོང་ཚེ་བོད་ཡུལ་རྒྱ་ཡན་ལ། འདི་འདྲ་ཡོད་མེད་གཟུར་བོར་གནས་པའི་བློས། མིག་ལྡན་ཀུན་གྱིས་མཐོང་ན་གསལ་འདིའོ། དེ་ཡི་རིང་བསྲེལ་རྣམ་བཞི་རྒྱ་བལ་བོད། བྱིན་རྟེན་འཁྲུལ་མེད་ལ་སོགས་གཟུངས་གཞུག་སོགས། ཁྱད་པར་ཐུགས་རྟེན་བཞེངས་ལ་ཁྱད་པར་དུ། ལེགས་སྔགས་དྲི་མེད་རྣམ་གཉིས་ཆེ་ག་དང་། འབྲེལ་བ་གཟུང་གཞུག་རབ་ཏུ་གནས་པ་སོགས། གནས་གསར་ཐམས་ཅད་མཁྱེན་པ་ངག་གི་དབང་། ཀུན་དགའ་ལེགས་པའི་འབྱུང་གནས་གང་གིས་མཛད། བོད་ཆེན་ས་ངོར་བསྟན་པ་ས་སྐྱོང་བ། ལུགས་གཉིས་ཟུང་འབྲེལ་བདག་པོ་སྡེ་དགེ་ཡི། ཆོས་སྲིད་བསྟན་པ་སྲུང་བའི་མཚོན་ཆ་རུ། གླང་ལོ་གླང་ཟླའི་ཉེར་དགུ་མིག་དབྱུག་གི གཟའ་སྐར་བྱེད་སྦྱོར་རྟེན་འབྲེལ་དང་འགྲིག་གི ཕུན་སུམ་ཚོགས་དུས་དགེ་ལེགས་འཛོམ་པའི་ཚེ། བདུད་དཔུང་ཟིལ་གནོན་མགོན་ཁང་གསར་བ་ཡི། རྟེན་གཙོ་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། རུ་ཤིང་གཟུགས་སོགས་རྒྱུད་སྡེ་ནས་བཤད་པའི། ཕྱག་ལེན་ཡིག་རྙིང་འཕགས་པ་དམ་པ་ཡི། ཡིག་ཆ་གཞིར་བཞག་སྔགས་འཆང་རྡོ་རྗེ་བཀྲ་ཤིས་ཀྱི། ཟིན་བྲིས་དག་དང་དབང་ཕྱུག་རབ་བརྟན་གྱི། མཛད་པའི་སྐུ་རྟེན་བཞེངས་[page 428] ཚུལ་སྔགས་འཆང་གི རིན་ཆེན་མགུལ་རྒྱན་ཁྱབ་བདག་བཀའ་འགྱུར་བར། རྒྱལ་དབང་ལྔ་པས་ཞུས་པའི་གསལ་བྱེད་ཀྱི། ལེགས་བཤད་གསལ་བའི་མེ་ལོང་ནང་བཞིན་དུ། མ་ཚང་མེད་པར་ཚུལ་བཞིན་ལེགས་པར་བསྒྲུབས། ནང་བཞུགས་རྟེན་གཙོར་ཛྷོ་ཀྵྨི་སྟོན་པའི་སྐུ། ཕྱག་རྡོར་རྒྱ་ནག་ཐུགས་དམ་གཟོང་བརྒྱད་མ། འཇམ་དབྱངས་ལི་སེར་ལི་དཀར་སྤྱན་རས་གཟིགས། ཡི་སྨུག་ལས་གྲུབ་རྗེ་བཙུན་སྒྲོལ་མའི་སྐུ། ཐུགས་ཀར་ཙནྡན་དཀར་པོ་ལས་གྲུབ་པའི། ཆོས་རྒྱལ་འཕགས་པའི་ཐུགས་དམ་གུར་མགོན་སྐུ། གོང་གང་ཚད་ཀྱི་བྱིན་རླབས་གཟི་ལྡན་པ། འཛིང་གི་རྣམ་རྒྱལ་ནང་རྟེན་ངོ་མཚར་ཅན། གཞན་ཡང་སྟོན་པས་ཆོས་འཁོར་སྐོར་བའི་ཚེ། བྱང་ཆུབ་ཤིང་ལ་སྐུ་རྒྱབ་གཏད་མཛད་བའི། ཤིང་ལོ་དག་ལ་མགོན་པོའི་སྐུ་བྲིས་པ། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས། སྐུ་རྒྱུ་དར་འདགས་ཙནྡན་ལྡེའུ་གུ་ཡིས། གོས་ཚད་མཚན་ཉིད་ལྡན་པ་མཁས་པས་བཞེངས། མངའ་བདག་ཉང་གི་གཏེར་ནས་བྱོན་པ་ཡི། གནམ་ལྕགས་རྡོ་རྗེ་རྩེ་དགུ་བྱིན་རླབས་ཅན། དེ་དང་ལྷན་དུ་གྲི་སྙིང་འཁོར་ལོ་ཅན། གྲི་ལྕགས་ལས་གྲུབ་རྡོ་རྗེ་རྩེ་ལྔ་སོགས། མེད་དུ་མི་རུང་ཐམས་ཅད་ཚང་བར་བཞུགས། གཞན་ཡང་བྱིན་རྟེན་སངས་རྒྱས་འཕེལ་གདུང་དང་། མཁས་གྲུབ་ཁྱུང་པོའི་འཕེལ་གདུང་གཙོར་གྱུར་པའི། ཇོ་བོ་ཡབ་སྲས་ཁ་ཆེ་པཎ་ཆེན་དང་། སློབ་དཔོན་ན་བཟང་ལོ་ཆེན་བོ་རོ་དང་། ལྷོ་བྲག་མར་པའི་རྒྱ་དཔེ་ཐུགས་དམ་རྟེན། ཏྰ་ལའི་ལོ་མ་དག་ལ་བྲིས་པ་ཡི། བདེ་མཆོག་རྩ་རྒྱུད་ལྰུ་ཧིའི་གྲུབ་སྐོར་སོགས། ལེགས་པར་བཞུགས་ཤིང་རྗེ་བཙུན་ས་སྐྱ་པ། གོང་མ་ལྔ་དང་མཁས་གྲུབ་ན་རིམ་གྱི། དབུ་ལོ་ན་བཟའ་གདུང་དང་དམ་རྫས་སོགས། བརྗོད་ཀྱིས་མི་ལངས་མཁས་གྲུབ་ཕལ་ཆེར་གྱི། རྟེན་རྫས་ས་སྣ་ཆུ་སྣ་དམ་རྫས་དང་། མགོན་རྒྱུད་གསེར་གྱི་གླེགས་བམ་ལ་སོགས་བཞུགས། ཆོས་སྐུའི་རིང་བསྲེལ་གཟུངས་སོགས་བརྗོད་ལས་འདས། གནོད་སྦྱིན་བང་མཛོད་གཟུངས་འོག་ལྟོ་བར་བཞུགས། པད་གདན་རོ་ཡི་སྙིང་གར་ལྷ་བརྒྱད་ཀྱི། བསྟན་དགྲ་རྰུ་པའི་འཁོར་ལོ་འགུགས་ཆིངས་ཅན། གཞན་དང་མ་འདྲེས་གཞུང་བཞིན་ཤེས་པས་འཇོག དེ་བཞིན་ལྷ་བརྒྱད་སྐུ་ཚད་གཙོ་བོ་ཡི། ཕྱེད་ཕྱེད་ཕྲི་བའི་ཚུལ་གྱིས་ཚང་བར་བཞུགས། དེ་མཚུངས་དཔལ་བོ་བྲམ་གཟུགས་ཡུམ་བཞི་བཅས། ཀུན་གྱི་ཐུགས་ཀར་གནམ་ལྕགས་རྡོ་རྗེ་རེ། དེ་ཡང་སངས་གླིང་བད་གླིང་རཏྣ་གླིང་། ཆོས་དབང་ཞང་ཁྲམ་ཀུན་རྒྱལ་གླིང་པ་དང་། པདྨ་དབང་སོགས་འཁྲུལ་བྲལ་གཏེར་རྡོར་རེ། ཡུམ་ཆེན་དབུའི་ནང་ཆོས་སྐུ་ཡུམ་ཆེན་སྐྱ། ལི་སེར་ལས་གྲུབ་བྱིན་རླབས་གཟི་འོད་འབར། བྲམ་གཟུགས་དབུ་ལ་གསང་འདུས་ལི་སེར་ལས། གྲུབ་པའི་གསང་འདུས་འཇམ་པའི་རྡོ་རྗེའི་སྐུ། ཁྱད་མཚར་ཡིད་བཞིན་ནོར་བུ་ལྟ་བུ་དང་། ལས་གཤིན་ཐུགས་ཀར་ལྗོན་དམར་ལས་གྲུབ་པའི། གཤེད་དམར་སྐུ་སོགས་ལེགས་པར་བཞུགས་ལགས་སོ། འཕེལ་གདུང་གཙོར་གྱུར་ཀུན་ལའང་གོང་དང་མཚུངས། ལས་བཞིའི་རྟེན་གཏོར་ཐུན་མོང་ཐུན་མིན་གྱི། རུ་མཚོན་ལ་[page 429] སོགས་རྣམ་དྲུག་རྟེན་གྱི་ཚོགས། ཀུན་ཚད་རྒྱུ་དངོས་ནང་རྟེན་ཕུན་སུམ་ཚོགས། དེ་ལ་དྲིན་ཅན་གནས་གསར་རྡོ་རྗེ་འཆང་། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས། བཟང་པོ་དྲུག་ལྡན་རབ་གནས་ཐུན་མོང་དང་། ཐུན་མོང་མ་ཡིན་སྙན་བརྒྱུད་ཟབ་མོ་ཡི། གནད་གྱིས་ཞག་མ་བདུན་གྱི་ཡེ་ཤེས་པ། དམ་ཚིག་རྟེན་ལ་ངེས་པར་སྟིམ་ནུས་པའི། ཐུན་མོང་མ་ཡིན་རབ་གནས་ལེགས་པར་གནང་། དྲན་པས་སྙིང་གི་གདུང་སེལ་རྡོ་རྗེ་གུར། ཞིང་སྐྱོང་ཡིད་བཞིན་ནོར་བུ་བཀའ་སྟོན་བཅས། དངོས་དང་གཉིས་སུ་མེད་པའི་རྟེན་གྱི་མཆོག རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་པད་མཚོ་ལ། དང་པ་ཇི་བཞིན་རྟག་པར་སྤྲིན་བཞིན་དུ། སྲིད་དང་ཞི་བའི་རེ་སྨོན་ལེགས་ཚོགས་ཀྱི། རེ་བ་ཀུན་སྐོང་བསམ་འཕེལ་རིན་པོ་ཆེ། དད་དང་དམ་ཚིག་ལྡན་པའི་རྣམ་འབྱོར་བས། ཇི་ལྟར་ལས་བཅོལ་འབད་མེད་ལྷུན་གྲུབ་པ། བདག་གིའང་མྱངས་པས་གྲུབ་པའི་ངེས་པ་རྙེད། དེ་བཞིན་པད་དཀར་ལྟར་བསྔགས་ཤྰ་ཀྱའི་ཏོག གང་གི་བཀའ་དངོས་མདོ་སྔགས་འགྱུར་རོ་ཅོག བཀའ་འགྱུར་ཞེས་གྲགས་པུ་སྟི་བརྒྱ་དང་གསུམ། ཐུགས་གསུང་འཕགས་མཆོག་སྐྱེས་ཆེན་དུ་མ་ཡིས། ལེགས་བཀྲལ་དགོངས་འགྲེལ་བསྟན་འགྱུར་ཞེས་གྲགས་པ། དབུ་བརྩམས་གངས་ལྗོངས་བསྟན་པའི་བདག་པོ་ཆེ། ས་ཆེན་གོང་མ་ལྔ་ཡི་གསུང་རབ་ལ། ཡོངས་གྲགས་གླེགས་བམ་བཅོ་ལྔ་གཞན་ཡང་ནི། ཉེར་མཁོའི་ཆོ་གའི་རིགས་དང་རིག་གནས་སྐོར། ཆོས་སྦྱིན་མི་ཟད་པར་གྱི་སྒོ་འཕར་ཕྱེས། དེ་དག་ཀུན་ཀྱང་མཁས་བཙུན་བཀྲ་དབང་པ། དྲུང་ཡིག་ཆེ་དང་སི་ཏུ་ཐམས་ཅད་མཁྱེན། བློ་གསལ་དབང་པོ་ཀརྨ་དཔལ་གྲུབ་དང་། འདན་ལོ་ཚུལ་ཁྲིམས་རིན་ཆེན་ལ་སོགས་ཀྱིས། དཔྱད་གསུམ་ཞུ་དག་འབྲུ་གཟུགས་ལ་སོགས་པ། ངོ་མཚར་འགྲན་བྲལ་བློ་ལྡན་ཡིད་རབ་འཕྲོག རིས་བྲལ་བསྟན་འགྲོའི་རྒྱན་མཆོག་བླ་ན་མེད། དེ་དག་དྲུང་དུ་རྒྱན་ལྡན་མཆོག་པའི་སྤྲིན། རིན་ཐང་ཚད་བྲལ་མེ་ཏོག་སྨན་གྱི་རིགས། དུ་མ་སྦྱར་བའི་དྲི་ཞིམ་སྤོས་ལ་སོགས། དངོས་གཙང་ཆད་མེད་དགེ་ཚོགས་མཛད་མེད་བསྐྲུན། དེ་དག་སྐབས་སུ་རང་དང་གཞན་གྱི་རྒྱུད། དུག་གསུམ་དྲི་ཡིས་མ་སྦགས་སྦྱོར་བ་ལ། སེམས་བསྐྱེད་རྣམ་དག་དངོས་གཞི་རྣམ་དཀར་གྱི། བྱ་བ་ལུང་རིགས་ཚད་མས་གྲུབ་པ་ཡི། ཆོ་ག་རྣམ་དག་གྲུབ་ནས་དུག་བྲལ་གྱི། བསྔོ་བ་རྣམ་པར་དག་པས་རྒྱས་ཐེབས་པ། འདི་འདྲ་སྔོན་བྱུང་སྐྱེས་བུ་བློ་སྟོབས་དང་། ལྡན་པ་མང་པོས་བརྩམས་པ་མ་ནུས་ཤིང་། ལས་དེ་འཇུག་ལ་མི་སྤོབས་པ་འདི་འདྲ། གཏོང་ཕོད་སྙིང་སྟོབས་ཆེན་པོ་དཀའ་མེད་པར། འབད་མེད་གྲུབ་པ་མཛད་འདི་སངས་རྒྱས་ཀྱི། རྣམ་འཕྲུལ་བསྟན་འགྲོའི་མགོན་དུ་གདོན་མི་ཟ། ཞེས་པ་ལྟར་ངོ་མཚར་མཛད་ཕྲིན་ཡུལ་གྲུ་ཀུན་ལ་ཁྱབ།
དེ་རྗེས་བླ་ཆེན་ཕུན་ཚོགས་བསྟན་པའམ་ཀུན་དགའ་ཕྲིན་ལས་རྒྱ་མཚོ་སྟེ་རྒྱལ་རབས་བཅུ་བཞི་པའི་ཁྲི་འཛིན་ལྷུན་གྲུབ་སྟེང་གི་བླ་བྲང་ཆེན་མོ་ལ་ཉམས་གསོ་བཀོད་ལེགས་རྒྱ་བསྐྱེད་གསར་བསྐྲུན་སོགས་[page 430] ཡབ་མེས་གོང་མའི་ཐུགས་བསྐྱེད་མཛད་པའི་རྒྱུན། རྒྱལ་བའི་བསྟན་པ་སྤེལ་སྐྱོང་འཛིན་གསུམ་གྱི་ཕྲིན་ལས་གྱེན་དུ་འདེབས་སྟོབས་ཀྱིས་རྒྱལ་བསྟན་འཛིན། དེའི་གཅུང་བློ་གྲོས་རྒྱལ་མཚན་རྒྱལ་རབས་བཅོ་ལྔ་པས་རྟེན་བཞེངས་གསར་བསྐྲུན་གནང་བ་སྟེ། ལྷུན་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་། གནས་བཅུ་དང་བླ་མ་སངས་རྒྱས་ཆོས་སྲུང་གི་སྐུ་བརྙན་ངོ་མཚར་ཅན་སོགས་སྐུ་རྟེན་རིགས་བྲིས་འབུར་སྔ་ཕྱིར་བསྡོམས་པ་སྟོང་རྩ་ཉེ་བ་དང་། ཐུས་མཆོག་གསུང་རབ་བཀའ་འགྱུར་རིན་པོ་ཆེ་གསེར་བྲིས་ན་བཟའ་ལ་སོགས་ཁྱད་ནོར་ཅན་བརྒྱ་ལས་ལྷག་པ་དང་། བསྟན་བཅོས་རིག་གནས་སྐོར་པོད་ལྔ་བཅུ་ཉེ་བར་པར་དུ་བཀོད། ཆོས་སྦྱིན་སྒོ་ཕྱེས་ནས་མཁན་ཆེན་དཔལ་ཆེན་གྱི་སྐུ་གདུང་ལ་སོགས་ཐུགས་རྟེན་མང་པོ་གསར་བསྐྲུན་མཐུན་རྐྱེན་བཀའ་དྲིན་རྒྱང་བར་མཛད། གཞན་ཡང་ལྷ་ལྕམ་ངང་ཚྭལ་རྒྱལ་མོའི་རྣམ་པར་སྤྲུལ་པ་ཚེ་དབང་ལྷ་མོ་བཀའ་དྲིན་མཚུངས་མེད་ཀྱིས་གདན་སའི་ཁུར་བཞེས་བསྟན་སྲིད་ནང་གི་མཛད་སྒོ་མི་སྲིད་གཙོར་སྟོན་གནང་། ལྷག་ཏུ་ཀུན་མཁྱེན་ཀློང་ཆེན་པ་མཁྱེན་བརྩེའི་དགོངས་གཏེར་བཀའ་འབུམ་རིགས་ཀྱི་པར་གསར་དུ་བསྐྲུན། ད་དུང་གཡུ་འབྲུག་ལྷ་ཁང་དུ་ཟངས་གསེར་ལས་གྲུབ་པའི་ཨོ་རྒྱན་གུ་རུའི་སྐུ་ཆེན་ཐོག་ཚད་ལྷག་བསྐྲུན། ས་སྐྱོང་དམ་ཚིག་རྡོ་རྗེ་ལ་སྲས་གཉིས་ལས་ཆེ་བ་རྒྱལ་རབས་བཅུ་བདུན་པ་ནི་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་སྔ་ནས། རྒྱལ་སྲས་མུ་ཏིག་བཙན་པོའི་རྣམ་པར་འཕྲུལ་བ་ལུང་དུ་བསྟན་པའི་དབྱངས་རིན་ཆེན་གསེར་གྱི་ཅོད་པཎ་ལྟ་བུ་སྤྱི་བོར་སྤར་བའི་ཆེད་དུ་ཞལ་གདམ་ལས། མུ་ཏིག་ཁམས་ཀྱི་ཤར་དུ་དཔལ་གྱི་མིང་། ཕག་གམ་བྱི་བའི་ལོ་ཡི་རྒྱལ་པོར་སྐྱེ། དེ་དུས་གཏེར་འདི་ས་སྟེང་ཉིད་དུ་འབྱུང་། ཞེས་ལུང་དུ་མ་ནས་མངོན་པར་བསྔགས་པའི་ས་སྐྱོང་མི་ཡི་ནོར་བུ་དཔལ་ལྡན་འཆི་མེད་རྟགས་པའི་རྡོ་རྗེ་(རྒྱལ་རྒན་མ)སྐུ་མཆེད་ཡབ་སྲས་ཀྱིས་སྡེ་བཞི་དགེ་བཅུའི་བཀའ་ཁྲིམས་བཙན་མངའ་ཡུལ་གྲུ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་དེ་མདོ་ཁམས་སྡེ་དགེ་རྒྱལ་པོ་ཞེས་སུ་གྲགས་ནས་མཐོ་བ་གཉའ་ནས་ཕབ་བས་ཆུ་བརྒྱ་ཟམ་གཅིག་གི་འོག་ཏུ་བསྡུས། དམའ་བ་མཐའ་ནས་སྐྱོང་བས་རྒན་མོ་གསེར་ཁུར་གྱིས་ལམ་ཐོབ་པའི་དགེ་བཅུའི་བཀའ་ཁྲིམས་སྤེལ་བ་དང་། མི་དགེར་རྒྱུན་ལམ་བཅད་པ་སོགས་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་ཕྱག་རྗེས་རྒྱ་ཆེ་པ་སྐྱེ་རྒུ་ཐམས་ཅད་ཡིད་འཕྲོག་པ་རྣམ་གསལ་གྲགས་པའི་ཟླ་རིས་དཀར་པོས་ཕྱོགས་དང་ཁོར་དང་ཁོར་ཡུག་ཀུན་ཏུ་སྣང་བ་མདོ་སྨད་ནོར་བུ་འཛིན་གྱི་ཁྱོན་ཆོས་བཞིན་བསྐྱངས་ནས་སྡེ་བཞིའི་དཔལ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཟིན་པས་ཐམས་ཅད་མཁྱེན་པ་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ། དཔལ་ལྡན་བློ་གྲོས་རྒྱལ་མཚན། འགྲོ་བ་ལྷ་དང་བཅས་པའི་སྐྱབས་ཅིག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ། འཇམ་དབྱངས་མཁྱེན་བརྩེའི་དཔང་པོ། ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་སོགས་ཐུབ་བསྟན་འཛིན་པའི་གསུང་གི་བདུད་རྩི་ནོས་ཏེ་མི་ནུབ་པའི་རྒྱལ་མཚན་དགུང་དུ་[page 431] བསྒྲེངས་ཏེ། ཕྱོགས་བཞིའི་དགྲ་མགོ་ཐམས་ཅད་ཆམ་ལ་ཕབ་སྟེ་ལུགས་གཉིས་ཀྱི་མངའ་ཐང་དཔལ་ལ་བགོད་ནས་ཆོས་རྒྱལ་རལ་པ་ཅན་སླར་ཡང་བྱོན་པ་ལྟ་བུའི་མཚན་གྱི་སྙན་གྲགས་ཀྱིས་ཟིལ་གྱིས་ས་ཆེན་པོ་གཡོ་ཞིང་འདར་ནུས་པའི་ལས་དབང་བཙན་པོའི་སྟོབས་དང་ལྡན་པ་འདི་ནི་ནང་མི་ལ་སྙིང་ཉེ་བ། མངའ་འབངས་བྱམས་པས་སྐྱོང་ནས་རྒྱལ་ཁྲིམས་དང་ཆོས་ཁྲིམས་བསྡམ་པ། འཛིང་རྩོད་རྐུ་ཇག་སོགས་རྒྱལ་ཁམས་མི་བདེ་བའི་གཞི་ཅུང་ཟད་ཙམ་ལ་ཉེས་ཆད་འཕྲལ་དུ་བཏང་བ་དང་རྣམ་དཀར་གྱི་མཛད་པ་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་དང་། རིགས་ཀྱི་སྲས་དམ་པ་མི་བདག་རྡོ་རྗེ་སེང་གེ(༡༨༦༥~༡༩༡༨ཨ་ཇ་)ངག་དབང་འཇམ་དཔལ་རིན་ཆེན་(བ་བ་)ཞེས་ཉི་ཟླ་བྲལ་བའི་སྲིད་སྐྱོང་དང་། ཁྱད་པར་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་པ་དེར་འཛིན་དང་བཅས་པ་ཡིག་ཚང་དག་ལ་གསུངས་འདུག་ཀྱང་འདི་སྐོར་ཉག་དགྲ་སྡེ་དགེར་བོར་བ་དང་། སྡེ་དགེ་ཚང་ནང་འཁྲུག་བྱུང་བ་བཅས་ལ་བརྟེན་དགོན་པའི་རྟེན་དང་བསྟེན་པ་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པའང་བོད་ཀྱི་བཀའ་བློན་ས་དབང་ནས་ས་སྐྱོང་སྡེ་དགེ་ཚང་ལ་བཅའ་ཡིག་བཞག་པའི་དབུ་ཚལ་དགའ་བ་ཞེས་པ་ལས། དོན་ཚན་གཉིས་པར་ད་ཆ་སྡེ་དགེར་བསྟན་པ་གསར་ཆགས་ལྟ་བུ་ཡིན་གཤིས་ལུགས་གཉིས་ཀྱི་བསྟན་པའི་གཞི་མ་རྒྱལ་ས་ཕོ་བྲང་ལེ་ལག་དང་བཅས་པ་སྔར་ཡོད་ལྟར་རེ་ཞིག་གསར་རྒྱག་ཐུབ་དཀའ་རུང་། འོས་འབབ་འབྱོར་དང་བསྟུན་པའི་ཕོ་བྲང་བཟོ་བཀོད་སྲ་ཕེར་གཉིས་ལྡན་ཡ་རབས་ཀྱི་ཉམས་དོད་པ་ཞིག་འཕྲལ་དུ་གསར་བསྐྲུན་དང་འབྲེལ་བའི་རྣམ་དཀར་རྟེན་བཞེངས་སོགས་མིང་དོན་མཚུངས་པ་དགོས་རྒྱུ་བརྗོད་མེད་ཐོག སྔར་ཡོད་ཀྱི་མགོན་ཁང་ཁག་རྣམས་རང་ས་རང་གནས་སུ་བཞེངས་ཐོག་འཆར་འཕར་གྱིས་དུས་གཏོར་ཚུགས་སྒོ་ཇི་ཡོད་ཆག་མེད་དགོས་པ་དང་། དགོན་ཆེན་ལྕགས་རི་ཁོར་ཡུག་ལ་ཉམས་གསོ་ཕྲ་བེར་དགོས་རིགས་ཆབས་ཅིག་བགྱིས་ཏེ། ནག་ཁྲིམས་དང་ཆང་ཁྲིམས་སོགས་ཚུལ་མིན་གྱི་སྤྱོད་པ་གང་ཡིན་རྒྱུན་འཁྱོངས་སུ་བསྡམ་ར་བྱེད་དགོས་ལ། དེ་ཡང་གཉེར་བློན་ལས་བྱེད་ཀྱིས་མཚོན་བག་མེད་དུ་བསྟེན་སྒོར་བྱེད་རྒྱུ་འདི་དག་གིས་ཚང་མའི་མིག་ལྟོས་ལད་རྐྱེན་ཆེ་ཤོས་སུ་ཡོད་འདུག་པ་དེ་སྔའི་སྲོལ་ལམ་ཇི་བཞིན་དུ་སྤྱོད་དགོས་རྒྱུ་མ་ཟད། ལྷ་ཁང་དང་གྲྭ་ཤག་ཉམས་ཆག་སོང་རིང་ཁུངས་སོ་སོ་ནས་གསོ་ཐབས་དང་འབྲེལ་བའི་ནམ་རྒྱུན་ནས་སྤྱི་མཆོད་བཀུར་འོས་སྐྱེ་འགྲོ་དང་བ་འདྲེན་པ་ཞིག་བྱེད། མེད་པ་བྱེད་འཇུག་པ་ལས། དགེ་འདུན་པ་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་འཕེལ་ཞིང་ཚུལ་ཆོས་བག་མེད་དང་ལྡན་པའི་ཚོགས་དང་སྒྲུབ་མཆོད་ཚུགས་སྒོ་སོགས་སྔར་ཡོད་གཞིར་བཞག་ཉམས་མེད་དགོས་རྒྱུའི་མིག་ལྟ་ཁྱབ་འདོམས་སྣ་བྱ་སྤུ་བསྣོན་བྱེད་པ་ལས་ཁུར་མེད་རིགས་ནམ་ཡང་ཆོག་རྒྱུ་མིན་པ་བཅས། ལས་སྣེ་བསྐོས་བཞག་བྱེད་རྒྱུ་ཐམས་ཅད་འོས་འདུའི་ཐོག་ནས་ཤེས་ཡོན་བབས་ཡོད་ངེས་མ་[page 432] གཏོགས་མི་ངོ་རྒྱུ་ངོའི་དབང་དུ་བསྐོས་བཞག་རིགས་གཏན་ནས་མི་ཆོག་པ་དང་། བསྐོས་བཞག་ཟིན་བསྟུན་དམིགས་བསལ་ཀ་མེད་ཀྱི་དགོངས་ཞུ་དགོས་པ་ཀུན་གསལ་བྱུང་ན་ལས་ལོ་མཚམས་མ་རྫོགས་པར་གཞན་དོན་མེད་དགོངས་ཞུ་འཁྲོལ་བཏང་བགྱིས་ན་གཏན་ནས་འཐུས་རྒྱུ་མིན་ཞེས་པ་དང་། གཞན་ཡང་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་རྣམ་ཐར་ལས“ཆུ་ཕག་ལོ་༡༨༦༣ལོ་གསར་གཡས་གཡོན་ཉག་དམག་གིས་དགོན་ཆེན་སོགས་བཟུང་། སྡེ་དགེའི་རྫོང་ཁག་ཡོངས་རྫོགས་དབང་བསྒྱུར། བོད་ཀྱི་ཞབས་པད་ཕུ་ལུང་པ་སོགས་དཔུང་དམག་མང་པོས་གནམ་ས་འགུལ་བ་ལྟར་ཕྱིར་འོང་བའི་ཟིང་ཆ་ཆེ་སྐབས་སུ་སོང”ཞེས་པ་དང་། “ཟླ་བ་དང་པོར་སྡེ་དགེ་མ་སྲས་ཉག་དཔོན་ལག་ཏུ་ཤོར་བས་སེམས་བདེ་གཏན་ནས་མ་བྱུང་ཞིང་རྫོང་སར་དུ་སྤྲུལ་སྐུ་རིན་པོ་ཆེར་སྐུ་རིམ་ཅི་འདུ་ཞུས། ཟླ་བ་གཉིས་པའི་སྐོར་ཉག་དམག་རྨེ་རྟིང་དུ་སླེབས་ནས་བརླག་ཚབས་ཆེན་པོ་བྱས། རང་གི་སྦྱིན་བདག་འགའ་ཡང་རྐྱེན་ལམ་སོང་འདུག”། ཞེས་བཀོད་པ་དེ་དག་ལ་གཞིགས་ན་སྡེ་དགེ་ཚང་དང་དེའི་དགོན་ཁག་རྣམས་ལ་ཆག་ཉམས་ཆེན་པོ་བྱུང་ཡོད་པ་ནི་སྨོས་མ་དགོས། གཞན་ཡང་མེ་སྟག་ལོ༡༨༦༦ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ལ“གནམ་གྱི་ལྷ་འཇམ་དབྱངས་གོང་མ་ཆེན་མོ་དང་ཁམས་གསུམ་འགྲོ་བའི་སྐྱབས་མགོན་ཏྰ་ལའི་བླ་མ་བཛྲ་ངྷ་རའི་འཕྲིན་ལས་རྒྱ་མཚོ་ལྷན་རྒྱས་ཀྱིས་བཀས་མངག་རྒྱ་བོད་དཔོན་ཆེན་ཐུན་མོང་ནས་ཆོས་དང་མི་འགལ་ཞིང་འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་ཆེན་པོ་དང་མཐུན་པ་འཕྲལ་ཡུན་ཀུན་ཏུ་ཕན་པ་དང་བདེ་བའི་བཀའ་སློབ་བཅའ་ཡིག་རྩ་ཚིག་ཞལ་བསྡུས་ཞིག་དགོན་པ་རྫོང་དཔོན། གཞི་གཉེར། མི་སེར་དང་བཅས་ངེད་བདག་པོའི་ས་སྟེང་གནས་ཚད་ཀྱིས་གཙོས་ཡིན་ལ་ཡིད་བཞིན་བཀའ་དོན་སྙིང་བཅང་ཚུལ་བཞིན་དུ་བྱེད་དགོས་པ་གཞིར་བཅས་པས། འདི་དོན་ལྟར་སྤང་བླང་འཛོལ་མེད་དུ་ཡོང་བ་གྱིས”ཞེས་པ་གནང་། དེ་བས་སྡེ་དགེ་ཚང་གི་ཆོས་སྲིད་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་བྱུང་བ་དང་། དེ་ཡང་འཇམ་དབྱངས་བློ་གཏེར་དབང་པོ་ངོར་དགོན་ནས་སྡེ་དགེ་དགོན་ཆེན་གྱི་བླ་མར་བསྐོས་ནས་དགུང་ལོ་ཉེར་བརྒྱད་པར་(སྤྱི་ལོ་༡༨༧༥)ཁམས་སྡེ་དགེར་ཕྱག་ཕེབས་ནས་སྡེ་དགེ་ལྷུན་གྲུབ་སྟེང་སོགས་སུ་དགོན་སྡེ་དང་གཞི་གསུམ་འདུལ་བའི་ཉམས་བཞེས་གསར་འཛུགས་གནང་། དེ་རྗེས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་མཆོག་དགུང་ལོ་སོ་གཉིས(༡༩༠༡~༡༩༡༨)ལྕགས་གླང་ལོ་ནས་ས་རྟ་ལོ་བར་དབྱར་གནས་མཁན་པོ་ལོ་བཅོ་བརྒྱད་མཛད་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གཙང་སྤེལ། དེ་རྗེས་ལྷ་སྲས་ཚེ་དབང་བདུད་འདུལ་དང་ལྷ་ལྕམ་འཇམ་དབྱངས་དཔལ་མོ་མཆོག་རྣམས་ཀྱིས་ཀྱང་དགོན་ཆེན་དགོན་པའི་རྟེན་བཞེངས་པར་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། ལྷག་པར་དུ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན་ཆེད་ཀྱིས་སྤྱན་[page 433] དྲངས་ནས་རིམ་པར་མཁན་ཆེན་སངས་རྒྱས་ཕུན་ཚོགས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྲང་ཏི་ནམ་མཁའ་འཆི་མེད། རྗེ་དེ་ཉིད་ཀྱི་སྐུའི་དབོན་དང་། ཐུགས་ཀྱི་སྲས་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྣམ་འབྱོར་འཇམ་དཔལ་བཟང་པོ་མཆེད་གཉིས་ཀྱི་བར་དུ་བྱོན་པ་དང་། གཞན་ཡང་འཇམ་མགོན་བཀྲ་ཤིས་དཔལ་ལྡན། མཁས་གྲུབ་སངས་རྒྱུས་དཔལ་བཟང་། འཇམ་དབྱངས་སངས་རྒྱས་ཡེ་ཤེས། མཁས་བཙུན་ཀུན་དགའ་ཆོས་འཕེལ། བླ་མ་བཀྲ་ཤིས་དབང་ཕྱུག་སློབ་དཔོན་འཇམ་དཔལ་གྲགས་པ། མཁན་ཆེན་ཞི་བ་འཚོ་ཡི་རྣམ་འཕྲུལ་ཞུ་ཆེན་མ་ཧྰ་པཎྚི་ཏ་ཚུལ་ཁྲིམས་རིན་ཆེན་སོགས་དམ་པ་དུ་མར་ངོར་ཨེ་ཝཾ་པའི་རིང་ལུགས་སྲིད་མཐར་སྤེལ། འཇམ་དབྱངས་བསོད་ནམས་དབང་ཕྱུག་ཡབ་སྲས་ཀྱི་ཕྲིན་ལས་ལ་བརྟེན་ནས། ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པས་དཔལ་ས་སྐྱ་པའི་ཡབ་ཆོས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད(བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་)བཙུགས་པ་ནས་བཟུང་རྗེ་བཙུན་ས་སྐྱ་པའི་རིང་ལུགས་གོང་དུ་འཕེལ་ཞིང་། ས་སྐྱ་སྨན་ལ་བླ་མ་དང་། ཕུར་པ་བླ་མ་རིམ་བྱོན་གྱིས་དེའི་རྒྱུན་སྐྱོང་། བྱང་ཆུབ་སེམས་དཔའ་བསྟན་པ་ཚེ་རིང་གིས་གནས་གསར་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་བུ་ལུགས་དང་། ལྷག་པར་ཕོ་བྲང་གི་ཤར་དུ་ཚར་ལུགས་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ལྟར་རྡོ་རྗེ་ནག་པོ་ཆེན་པོ་གཙོར་འཁོར་གྱི་སྣང་བརྙན་གསར་དུ་བཞེངས། རྒྱུན་དང་དུས་གཏོར་བཙུགས། ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་དང་། རྨོར་ཆེན་སློབ་མ་མཁས་གྲུབ་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་ཆོས་རྗེ་ཚར་པའི་ཕྲིན་ལས་ཀྱི་སྒོ་ཕྱེས། ཕྱིས་སུ་གནས་གསར་པ་མཆོག་སྤྲུལ་རིན་པོ་ཆེ་གོང་འོག་དང་། སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་མཆོད་ཡོན་སོགས་ཀྱིས་སྙན་བརྒྱུད་ཟབ་མོའི་བསྟན་པ་དར་བར་མཛད།
དེ་ལྟར་གཙོ་བོར་དཔལ་ལྡན་ས་ངོར་ཚར་གསུམ་དང་། གཞན་ཡང་འཇམ་དཔལ་ཚེ་བདག་སོགས་གསང་ཆེན་རྙིང་མས་མཚོན་གྲུབ་མཐའ་རིས་མེད་ཀྱི་བཤད་སྒྲུབ་དར། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང་། དཔལ་ལྡན་ཆོས་སྐྱོང་། འཇམ་དབྱངས་བློ་གཏེར་དབང་པོ། མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་ཡན་ཆད་ཀྱི་རྟོགས་པ་བརྗོད་པ་མ་ནུས་ཀྱང་འདིར་སྐབས་སུ་བབས་པ་བྲང་ཏི་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་དང་བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་བློ་གཏེར་དབང་པོ། མཁན་ཆེན་ངག་དབང་བསམ་གཏན་བློ་གྲོས་དང་རག་དབང་ཆོས་འཕེལ་བཟང་པོ་བཅས་བཀའ་དྲིན་ཆེ་བའི་བླ་མ་དྲུག་གི་རྣམ་ཐར་ས་བོན་ཙམ་བརྗོད་ན།
མཁན་ཆེན་ནམ་མཁའ་འཆི་མེད་ནི་སྔོན་གྱི་དུས་ན་བོད་ཆོས་རྒྱལ་འཇམ་དཔལ་དབྱངས་དངོས་ལྷ་[page 434] བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་མཁས་པ་མི་དགུ་ཞེས་གྲགས་པའི་ཡ་གྱལ་བྲང་ཏི་རྒྱལ་གཉེར་མཁར་ཕུག་དང་། བྲང་ཏི་ལོ་ཙྰ་བ་ཛ་ཡ་རཀྵི་ཏ་དང་། བྲང་ཏི་དར་མ་སྙིང་པོ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་དམ་པའི་སྐྱེས་བུ་བར་མ་ཆད་པར་བྱོན་པའི་རྒྱུད་དུ་སྐྱེ་བའི་འཁྲི་ཤིང་བཟུང་སྟེ། གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་དམ་པའི་རིགས་ཀྱི་མེ་ཏོག་བྱེ། སྔོན་གནས་རྗེས་སུ་དྲན། སྡུག་བསྔལ་བདེན་པའི་མཚན་ཉིད་གཟིགས་ཤིང་ཅིར་ཡང་སེམས་སུ་རྟོགས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་མངའ། དེ་ནས་ཤྲྰི་ཨ་ཝཾ་ཆོས་ལྡན་ཐར་པ་ཆེན་པོའི་དགའ་བའི་ཚལ་གྱི་ཡང་རྩེར་ཕེབས་ནས་ཐུབ་བསྟན་རིན་པོ་ཆེའི་གདུགས་དཀར་པོའི་གྲིབ་མར་ཞུགས། ཕྱི་ནང་གི་རིག་གནས་དང་དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ཐམས་ཅད་ལ་བྱང་ཆུབ། ཀུན་དུ་དགོས་པའི་གཞུང་བདུན་དང་། རྒྱུད་ཆུང་བཞི་སོགས་མདོ་སྔགས་ཀྱི་གཞུང་ལུགས་དུ་མ་ཐུགས་ལ་བཟུང་ཞིང་ཐོགས་པ་མེད་པར་སྨྲ་བའི་པཎྚི་ཏར་གྱུར། ཁང་གསར་མཁན་ཆེན་ངག་དབང་ཆོས་སྐྱོང་བཟང་པོ་ལས་གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས། ལྷག་པར་གངས་ཅན་བོད་གྱི་རྡོ་རྗེ་གདན་དཔལ་ས་སྐྱར་ཐུབ་བསྟན་ལྷ་ཁང་དུ་མཁན་ཆེན་བྱམས་པ་སྦྱིན་པ་བཀྲ་ཤིས་པན་ཆེན་ཤྰ་ཀྱ་ཤྲྰི་དང་། འཇམ་དབྱངས་ས་པན་སོགས་ལས་བརྒྱུད་པའི་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། འཇམ་མགོན་ཀུན་དགའ་བློ་གྲོས་ལས་སེམས་བསྐྱེད་སྲོལ་གཉིས་དང་། དཔལ་ཀྱི་རྡོ་རྗེའི་རྒྱུ་དུས་ཀྱི་དབང་བསྐུར་ཕྱིན་ཅི་མ་ལོག་པར་གསན་པས་སྡོམ་པ་གསུམ་ལྡན་དུ་མཛད་ཅིང་སོ་སོའི་བསླབ་བྱ་ལ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྐྱངས། ཁྱད་པར་འཇམ་མགོན་དེ་ཉིད་ནས་དཔལ་ས་སྐྱ་པའི་ལམ་འབྲས་ཚོགས་སློབ་གཉིས་ཀྱིས་ཐོག་དྲངས་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་མཐའ་དག་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། སྒོམ་པ་ཉམས་སུ་བླངས་པས་བསྟན་པའི་བདག་པོར་དབང་བསྐུར་བའང་ཐོབ། གཞན་ཡང་ཕན་བདེ་ཁང་སྐུ་དཔོན་རིན་ཆེན་མཆོག་གྲུབ། སྐྱོ་མདའ་བ་མང་ཐོས་ཀུན་དགའ་བསོད་ནམས་དམ་པ་བཅུ་ཕྲག་ལྦ་ལྷག་ལས་ཟབ་རྒྱས་གདམས་པའི་བདུད་རྩི་ངོམས་པ་མེད་པར་གསོལ། ཕྱག་ལེན་ཕྲ་མོ་ཚུན་ཆད་ལའང་གཅེས་སྤྲས་ཀྱིས་བཟུང་། དུས་དང་རྒྱུན་གྱི་ཉམས་བཞེས་ཐུན་བཞིའི་རྣམ་འབྱོར་ལས་མ་གཡེལ་བས་ས་ལམ་གྱི་གོ་འཕང་མཐོན་པོར་གཤེགས། གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱིས་རྗེས་སུ་བཟུང་། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་བཀའི་ཅོད་པན་སྤྱི་བོར་འཛིན། འཆི་འཕོ་སྐྱེ་བ་སོགས་འབྱུང་འགྱུར་མངོན་སུམ་དུ་གཟེབས་པ་དང་། སྲ་མཁྲེགས་ཀྱི་བྲག་ལ་ཕུར་པ་བཏབ་པ་སོགས་གྲུབ་པའི་མཚན་མའང་སྐལ་པ་དང་ལྡན་པ་རྣམས་ཀྱི་ངོར་སྣང་། མདོར་ན་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མཐར་སོན་ཀྱང་། རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦ་བར་མཛད་པ་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་ཐུགས་ཕྱོགས་པས་རང་ཉིད་མཁས་པ་དང་གྲུབ་[page 435] པར་ནམ་ཡང་ཞལ་གྱིས་མ་བཞེས་པས་འདི་ཁོ་ནའི་ངོ་མཚར་ཀྱང་བསམ་གྱིས་མི་ཁྱབ། རྗེ་རྡོ་རྗེ་འཆང་གི་ཁྲི་ལ་ཞབས་པད་བཀོད་དེ། ངོར་ཨེ་ཝཾ་པའི་ཕྱོགས་སུ་གཏོགས་པ་རྣམས་བལ་དམག་གི་འཇིགས་པ་ལས་བསྐྱབས་པ་སོགས་ཚེས་དང་འཇིག་རྟེན་གྱི་སྒོ་ནས་ཕན་འདོགས་པ་མཛད། དེ་ལྟ་བུའི་སྙན་པའི་གྲགས་པས་ཐུགས་འཕྲོག་སྟེ། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཡབ་སྲས་ཀྱིས་སྤྱན་དྲངས་ཏེ་གུས་པས་མཆོད། དཔལ་ལྷུན་གྲུབ་སྟེང་སོགས་ཕྱོགས་དེའི་ཆོས་སྡེ་ཆེ་ཕྲ་དུ་མར་དབང་ལུང་མན་ངག་གི་འཆད་སྤེལདང་། ཆོ ་གའི་ཕྱག་ལེན། རིམ་གཉིས་ཀྱི་རྣལ་འབྱོར་སོགས་བཤད་སྒྲུབ་ཀྱི་བསྟན་པ་འཁྲུལ་མེད་དུ་སྤེལ། སྔ་ཕྱིར་གསུང་ངག་ཚོགས་བཤད་ལན་དུ་མ་དང་། སློབ་བཤད་ལན་གཉིས་ཀྱིས་མཚོན་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་གྲུབ་འབྲས་སྐུའི་དབོན་མཆེད་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྲུན། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངང་རེ་ཞིག་ཞིང་འདིའི་གདུལ་བྱ་དེ་ཙམ་དུ་གཟིགས། ནང་དཔོན་རིན་པོ་ཆེ་བྱམས་པ་རྣམ་འབྱོར་འཇམ་དཔལ་བཟང་པོ་ལ་ཕྱི་མཐའི་ཞལ་ཆེམས་ལྷུག་པོར་སྩལ་ཞིང་དགུང་ལོ་ལྔ་བཅུ་རྩ་དྲུག་པར་ངོཚར་བའི་ལྟས་དུ་མ་དང་བཅས་ཏེ་དཔལ་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་ལ་བསྟན། གཤེགས་རྗེས་ཀྱི་བྱ་བ་རྣམས་སྐུའི་དབོན་མཆོག་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་མཆོད་ཡོན་གྱིས་མཐར་ཕྱིན་པར་མཛད་དོ།།
མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ནི་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོར༡༧༧༦བྲང་ཏི་མཁས་པའི་རིགས་སུ་འཁྲུངས། སྐུ་གཞོན་ནུ་ནས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་རྩེར་ཕེབས། ངེས་འབྱུང་སྙིང་རྗེ་ངང་གིས་འཁྲུངས། མཁྱེན་རབ་ཀྱི་གཏེར་མཛོད་གྲོལ་བས་རྒྱུན་གྱི་བྱ་བ་ཆོས་སྤྱོད་ནས་བརྩམས་ཏེ། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོའི་བར་ཐམས་ཅད་དཀའ་བ་མེད་པར་ཐུགས་སུ་ཆུད། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་ཏེ་ཐུབ་བསྟན་ཡོངས་སུ་རྫོགས་པའི་ནོར་བུའི་ཁྲི་ལ་ཞབས་བཀོད་བཅས་པ་དང་རང་བཞིན་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་ཕྱིར་ཚུལ་ཁྲིམས་ཀྱི་དྲི་བསུང་ཞིམ་པོས་གར་བཞུགས་པའི་ཕྱོགས་ཐམས་ཅད་དུ་ཁྱབ། མཁན་ཆེན་དམ་པ་གཙོ་བོར་གྱུར་པའི་ཡོངས་འཛིན་ཉི་ཤུ་རྩ་ལྔ་ལས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཚད་བཞི་ལྡན་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན་ཅིང་། དེ་དག་གི་ཚིག་གི་སྡེབ་སྦྱོར། དོན་གྱི་དགོངས་པ། ཕྱག་ལེན་ཕྲ་མོ་ཚུན་ལའང་བསམ་བྱུང་གིས་སྒྲོ་འདོགས་བཅད་པའ་འཁྲུལ་མེད་དུ་མཁྱེན།
རྡོ་རྗེ་འཆང་བྱམས་པ་རྣམ་འབྱོར་འཇམ་དཔལ་བཟང་པོ་ནི་རབ་བྱུང་བཅུ་གསུམ་པའི་༡༧༨༩ས་མོ་བྱ་ཡི་ལོར་དམ་པའི་རིགས་སུ་འཁྲུངས། ངོར་ཨེ་ཝཾ་ཆོས་ལྡན་དུ་བྱོན་ནས་རྡོ་རྗེ་འཆང་ནམ་མཁའ་[page 436] འཆི་མེད་ཀྱི་སྤྱན་སྔར་ཐུབ་བསྟན་རིན་པོ་ཆེའི་སྒོར་བཞུགས། རིམ་གྱིས་གཞུང་ལུགས་ཆེ་ཕྲ་ཐུགས་འཛིན་སོགས་བསླབ་སྦྱོང་ལ་བརྩོན་པའི་སྐབས་རྣམས་སུ་འོད་གསལ་གྱི་སྣང་བར་རྗེ་བཙུན་རྣམ་འབྱོར་གྱི་དབང་ཕྱུག་དང་། དཔལ་ས་སྐྱ་པ་ཆེན་པོས་ཡང་ཡང་བྱིན་གྱིས་བརླབས། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་བསོད་ནམས་དཔལ་འབྱོར་ལས། དཔལ་ཨེ་ཧཾ་པའི་སྐྱེས་བུ་དམ་པ་རྣམས་ལས་རིམ་པར་བརྒྱུད་པའི་སྡོམ་རྒྱུན་རྣམ་པར་དག་པ་ལས་བསྙེན་པར་རྫོགས་ཤིང་ཚུལ་ཁྲིམས་ཀྱི་བསླབ་པས་གཞིར་བཟུང་སྟེ། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་མདོ་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན་ཞིང་། བསམ་བྱུང་གིས་སྒྲོ་འདོགས་བཅད། རིམ་གཉིས་ཟབ་མོའི་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་པས་ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྩོལ་མེད་དུ་འཁྲུངས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་གཟིགས་ནས་བཅོས་མིན་གྱི་མོས་གུས་མངའ་བ་སོགས་ནང་དུ་ཡང་དག་པའི་ཡོན་ཏན་བརྙེས། ཉམས་ལེན་དང་ཕྱག་ལེན་ཕྲ་རགས་ཐམས་ཅད་མཁན་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བ་འཁྲུལ་མེད་དུ་སྐྱོང་།
འཇམ་དབྱངས་བློ་གཏེར་དབང་པོ་ནི་གངས་ལྗོངས་ཀྱི་བྱེ་བྲག་གཙང་ཕྱོགས་ཀྱི་ཉང་སྨད་ས་ཡི་ཐིག་ལེ་བསམ་འགྲུབ་རྩེའི་ཉེ་འདབས་དགེ་མཚན་དུ་མས་བརྒྱན་པའི་གནས་སུ་ཡབ་པ་སངས་ནོར་བུ་དང་ཡུམ་ཡོན་ཏན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་མེ་ལུག་ལོ་༡༨༤༧སྨལ་པོ་ཟླ་བའི་དུས་ཚེས་དགེ་བར་སྐུ་འཁྲུངས། རྗེ་བཙུན་ཨེ་ཝཾ་པའི་རྒྱལ་ཚབ་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཚུལ་ཁྲིམས་རྒྱ་མཚོ་གསོལ། ཀློག་གི་སློབ་དཔོན་བསོད་ནམས་ཕུན་ཚོགས་མདུན་བླ་མ་ཡི་དམ་ཆོས་སྐྱོང་སོགས་བླ་བརྒྱུད་ཀྱི་ཕྱག་ལེན་ཆེ་ཕྲ་ཀུན་བྱང་ཆུབ་པར་མཛད། གནས་ལྔ་རིག་པའི་མཁན་པོ་འཇིགས་མེད་དཔལ་ལྡན་མདུན་བརྡ་སྤྲོད་རིག་པ་སུམ་རྟགས། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྙན་དངགས་མེ་ལོང་སོགས་ཀྱི་རྩ་བ་ཐུགས་འཛིན་མཛད་པ་དང་བཤད་ཁྲིད་ཀྱང་དཔྱིས་ཕྱིན་པར་གསན། གཞན་ཡང་དཀར་ནག་རྩིས་ཀྱི་སྐོར་རྣམས་མཐར་ཕྱིན་པར་མཛད། ཉིན་རེར་དཔེ་ལྡེབ་མདའ་ཚད་མ་དྲུག་རེ་དཀའ་ཚེགས་མེད་པར་བློར་བཟུང་ཐུབ། དེ་ནས་རིམ་གྱིས་སྐུ་ནར་ཆེར་སོན་དུས་མཁན་པོ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་ལས་སློབ་གྲངས་ཚང་བའི་དབུས་སུ་དགེ་ཚུལ་སློང་གི་སྡོམ་པ་བཞེས། མཚན་འཇམ་དབྱངས་སློ་གཏེར་དབང་པོ་གསོལ། བླ་མ་ཐར་རྩེ་མཁན་ཆེན་གྱི་བཀའ་སློབ་ལྟར་མཁས་དབང་འཇིགས་མེད་དཔལ་ལྡན་གྱི་ལྷན་དུ་རྟ་ནག་ཏུ་ཀུན་མཁྱེན་བླ་མའི་གདན་སར་ཕེབས་ཏེ་མཁས་པའི་དབང་པོ་མི་ཕབ་སེང་གེ་རབ་རྒྱས་ཀྱི་ཞབས་པད་བསྟེན་ནས་ཚད་མ་ཀུན་བཏུས་དང་རྣམ་འགྲེལ་རྣམ་ངེས་ཀྱི་གཞུང་བཤད་ཡན་ལག་དང་བཅས་པ་དང་རིག་གཏེར་དང་རང་འགྲེལ་ཡང་འགྲེལ་[page 437] དང་བཅས་པ། བསྡུས་གྲྭ་བློ་རིགས་རྟགས་རིགས་སོགས་ལ་གསན་སྦྱོང་ལེགས་པར་མཛད་པས་རང་ཉིད་ཀྱི་ཞལ་ནས་རྟགས་རིགས་ཉི་མའི་དཀྱིལ་འཁོར་ཤར་བ་ན་བློ་རིགས་པདྨོ་རང་དབང་མེད་པར་གྲོལ། ཞེས་གསུངས་པ་ལྟར་ཚད་མའི་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད། གཞན་མང་རྗེ་འདིའི་ཞལ་སྔ་ནས་མངོན་རྟོགས་རྒྱན་དང་ཕར་ཕྱིན་ཐེག་པའི་གཞུང་པོད་གྲགས་ཆེ་བ་རྣམས་མཐའ་དཔྱོད་དང་བཅས་པར་ཟླ་བ་ཡང་ཙམ་གསན། ཀྱེ་རྡོར་རྒྱུད་བརྟག་གཉིས་འགྲེལ་བཤད་སྐོར་དང་མངོན་རྟོགས་རྣམ་བཤད་གནད་ཀྱི་ཟླ་ཟེར། འབུམ་གྱི་བསྡུས་དོན་རྣམས་ཐུགས་འཛིན་གནང་། ཕྱིས་སུ་བཎྚི་ཏ་འཇམ་དབྱངས་ཤེས་རབ་རྒྱ་མཚོའི་མདུན་ལམ་སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་སོར་ཐར་རྩ་འགྲེལ་སོགས་དང་། སྔར་གྱི་མཁན་པོའི་མདུན་འབྲས་ཟབ་ཁྲིད་ཟླ་བ་དྲུག་ཙམ་ཉམས་བཞེས་གནང་། དགུང་གྲངས་ཉེར་གསུམ་པར་ངོར་ཨེ་ཝ༷་ཆོས་ལྡན་འདུས་པ་རྒྱ་མཚོའི་དབུས་སུ་ཚོགས་ཀྱི་སློབ་དཔོན་དུ་མངའ་གསོལ། དགུང་གྲངས་ཉེར་བརྒྱད་བཞེས་སྐབས་ངོར་ཐར་པའི་རྩེའི་སྒར་སྦྱོང་གི་བཀའ་ཕེབས་ལྟར་ཁམས་སུ་ཕེབས། སྐྱེ་དགུ་དང་ནང་ཆེན། སྡེ་དགེ་ཆོས་གྲྭ་ལྷུན་གྲུབ་སྟེང་སོགས་སུ་དགོན་སྡེ་དང་གཞི་གསུམ་འདུལ་བའི་ཉམས་བཞེས་གསར་འཛུགས་གནང་། ལུང་ཟིན་གྱི་སྐྱེས་བུ་སྡེ་དགེ་ཆོས་རྒྱལ་དང་མཇལ་འཕྲད་གནང་སྟེང་ཆོས་གྲྭར་རྗེ་བཙུན་གོང་མ་རྣམ་ལྔའི་གསུང་པོད་ཀྱི་ལྗགས་ལུང་གནང་། དེ་ནས་སྨན་ཤོད་རྫོང་སར་དུ་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་མདུན་སྒྲུབ་ཐབས་ཀུན་བཏུས་གྱི་དབང་ལུང་རྗེས་གནང་དང་བཅས་པ་ཆ་ཚང་དང་རྒྱལ་སྲས་ཐུབ་བསྟན་ཆོས་གྲགས་ལས་མངོན་མཛོད་གོང་འོག དབུ་མ་རྩ་འཇུག གཞི་གསུམ་སོགས་གསན། གཞན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་རྔོག་ལུགས་རྒྱུད་སྐོར། དུས་འཁོར། བཀའ་རྒྱུད་སྔགས་མཛོད། རིན་ཆེན་གཏེར་མཛོད་ཀྱི་ཀླག་ལུང་སོགས་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་གདམས་ངག་ཟབ་ཆོས་སྐོར་དང་ཤེས་བྱ་ཀུན་ཁྱབ། སྒྲ་ཙནྡྲ་པའི་ལྗགས་ཁྲིད་རི་མོ་སོགས་ཀྱི་གཞུང་བཤད་སྐོར་གསན་ཆིང་འཇམ་མགོན་བླ་མ་ཀུན་བཤད་ཀྱི་མཚན་དུ་འཇམ་དཔལ་གྲུབ་པའི་རྡོ་རྗེ་ཐུབ་བསྟན་གསལ་བའི་ཉིན་བྱེད་འཇིགས་མེད་གཙུག་ལག་རྒྱ་མཚོའི་སྡེ་ཞེས་པ་གསོལ། དེ་ལྟར་སྐུ་ཚེ་སྔ་ཕྱི་གང་དུ་ཡང་རིག་གཞུང་སྐོར་སྔར་མ་གསན་པ་རྣམས་གསར་དུ་གསན་པ་དང་གསན་པ་དག་ཀྱང་ངེས་པའི་གཏིང་སྙེད་པར་གསན་བསམ་མཐའ་ཆོད་པར་མཛད་དེ་མདོ་སྔགས་གཞུང་ལུགས་རབ་འབྱམས་རྒྱ་མཚོར་མངའ་བདག་བསྒྱུར་བའི་མཁས་གྲུབ་དམ་པའི་མཚན་སྙན་ཁྱོན་ཀུན་ཏུ་རླུང་ལྟར་གྲགས། གཞན་ཡང་ཆོས་ཕུང་རབ་འབྱམས་རྒྱ་མཚོ་འདུས་པའི་རྒྱུད་སྡེ་ཀུན་ལས་བཏུས་པ་ཕྱོགས་སྒྲིག་བྱས་པ་དང་སྤར་དུ་བརྐོས། མདོར་ན་སྐུ་ཚེ་ཧྲིལ་པོར་སྔ་ཕྱིར་འཆད་སྤེལ་མཛད་པའི་ཆོས་ཕུང་ནི་བགྲངས་ཀྱིས་མི་ལང་མོད། གཙོ་ཆེར་འདུལ་མངོན་དབུ་ཕར་སོགས་གཞུང་བཀའ་པོད་ལྔས་གཙོས་པའི་ཐུན་མོང་དང་ཐུན་མིན་གྱི་གཞུང་[page 438] ལུགས་སྤྱི་དང་ཁྱད་པར་རང་ཉིད་ཀྱིས་བཀའ་བསྡུ་གནང་བའི་རྒྱུད་སྡེ་ཀུན་བཏུས་དང་ལམ་འབྲས། སྒྲུབ་ཐབས་ཀུན་བཏུས་སོགས་ཀྱི་ཆོས་འཁོར་དུ་མ་བསྐོར་ཞིང་རྒྱལ་བའི་བཀའ་རིན་པོ་ཆེའི་ལྗགས་ལུང་ཡང་ཚར་དུ་མ་ཙམ་གསུང་། དམ་པ་གང་གི་རྗེས་སུ་བཟུང་བའི་སློབ་ཚོགས་གཙོ་བོར་བེ་ཚང་མཁྱེན་རབ་རྒྱ་མཚོ། རོང་ཨེ་ཝཾ་པའི་མཁན་ཆེན། ཐར་རྩེའི་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན། འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་སོ ། གསུང་ཚོགས་ཀྱི་སྐོར་ལ་རྒྱུད་སྡེ་ཀུན་བཏུས་པོད་སོ་གཉིས་དང་ཚད་མ་ཤེར་ཕྱིན། མངོན་པ་སོགས་ཀྱི་འགྲེལ་ཊིག་སྐོར་པོད་རེ་ཟུང་བཞུགས། དེ་ལྟར་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེ་ཉིན་མོ་བཞིན་ཏུ་གསལ་བར་བྱས་ཏེ་དགུང་གྲངས་དྲུག་ཅུ་རེ་བརྒྱད་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ལོར་དགོངས་པ་རྫོགས།
མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་རྫ་སྒང་གི་ས་ཆར། སྡེ་བཞི་དགེ་བཅུའི་དཔལ་གྱིས་ཕྱུག་པའི་ལྷུན་གྲུབ་སྟེང་དང་ཉེ་པའི་ཆབ་འབངས། ཟིལ་ལྷ་སྡེ་དཀར་པོའི་ནང་གསེས་དངུལ་ཕུལ་ནང་ཡབ་འབེ་སྤོ་རུ་བྱམས་ཆོས་དང་ཡུམ་བོ་ཆུང་ཟེར་བ་གཉིས་ལས་རབ་བྱུང་བཅོ་ལྔ་པའི་ས་འབྲུག་གི་ལོར༡༨༦༨སྐུ་བལྟམས། ཐོག་མར་ཆོས་གྲྭ་ཆེན་པོ་དཔལ་ལྡན་ལྷུན་གྱིས་གྲུབ་པའི་སྟེང་གི་གྲྭ་སར་བཞུགས་ནས་དགུང་གྲངས་བརྒྱད་པའི་དུས་ཀློག་སློབ་པ་ན་སློབ་དཔོན་གྱིས་ངལ་བ་ཆེ་མ་དགོས་ཤིང་། ཡིག་དཀར་ནག་ཐམས་ཅད་དཀའ་ཚེགས་མེད་པར་མཁྱེན།
དགུང་ལོ་ཉེར་གསུམ་བཞེས་པར་ཨེ་ཝཾ་ཆོས་ལྡན་དུ་གྲྭ་སར་ཕེབས། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་དང་། ལས་སློབ་སོགས་གྲངས་ཚང་བ་ལས་ཚིག་གསུམ་བར་མ་ཆད་དུ་བཞེས་པས་ཐུབ་པའི་རྒྱལ་མཚན་ཉམས་པ་མེད་པར་བཟུང་། མཚན་ངག་དབང་བསམ་གཏན་བློ་གྲོས་གསོལ། དེའང་སྐུ་གཞོན་དུས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕེབས་ནས་རྗེའི་དྲུང་ནས་ཐང་རྒྱལ་གྱི་ཚེ་དབང་སོགས་གསན་ཅིང་བྱིན་རླབས་བཀའ་བསྒོ་དང་སྨོན་ལམ་རྒྱས་པ་ཐོབ་པས་རྟེན་འབྲེལ་ཤིན་ཏུ་ལེགས་པར་གྱུར། མཁས་དབང་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ལས་སུམ་རྟགས་དག་གསུམ སྐར་ནག་རྩིྶ། སྒྲ་མཚམས་སྦྱོར་ལྔ་པ། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན། ངོར་དཀོན་མཆོག་ལྷུན་གྲུབ་ཀྱི་ཚུལ་གསུམ་མཛེས་རྒྱན། ལྗོན་ཤིང་མཛེས་རྒྱན། དབུ་མ་འཇུག་རྒྱན། སྤྱོད་འཇུག རྒྱུད་བླ་མ། བཤེས་སྤྲིངས་སོགས་ཀྱི་བཤད་པ་ཞིབ་མོ་གནང་བ་རྣམས་ལ་གསན་སྦྱོང་གི་བརྩོན་པ་ཆེ་བསྐྱེད་པས་སློབ་གཉེར་གྱི་གཞི་ཐོག་མར་གྱུར། མི་ཕམ་རྣམ་རྒྱལ་རྒྱ་མཚོ་ལས་མདོ་ལྡུད་འགྲེལ་ལུགས་གཉིས་ཀྱི་བཤད་ལུང་། འབྱེད་རྣམ་གཉིས་ཀྱི་བཤད་པ་རྣམས་གསན། སྔོ་གནའ་བླ་མ་དོན་རྒྱལ་ལས་རྩིས་དཀར་ནག་གི་ལག་ལེན། གོ་ལའི་རྣམ་བཞག [page 439] གསོ་དཔྱད་ཀྱི་སྐོར་ཕལ་ཆེར་གསན། འཚོ་བྱེད་མཁས་པའི་དབང་པོ་ཞྭ་ཆེན་བླ་སྨན་པ་དང་། བློ་གྲོས་ཕུན་ཚོགས་གཉིས་ལས་རྩ་མདོ་ཆུ་མདོ། ལྡུམ་བུ་ངོ་སྤྲོད། སྨན་གྱི་བསྡུ་སྦྱོར་གསན་ནས་ལག་ལེན་ཡང་མཛད། གཞན་ཡང་ཀུན་གཟིགས་གཞན་ཕན་ཆོས་ཀྱི་སྣང་བ་དང་། རྟོགས་ལྡན་ལྷག་བསམ། མཁས་དབང་དབྱངས་ཅན་སྙེམས་པའི་ལང་ཚོ་སོགས་ས་དགེ་བཀའ་རྙིང་གི་མཁས་དབང་དུ་མ་ལ་བསྟེན་ནས་མདོ་རྒྱུད་ཀྱི་གཞུང་དང་རྗེས་སུ་འབྲེལ་པའི་གངས་རིའི་ཁྲོད་འདིར་རྒྱུན་བཞུགས་ཕལ་མོ་ཆེ་ལ་ཐུགས་གཉེར་གནང་བའི་མང་དུ་ཐོས་པའི་ཆུ་གཏེར་ཆེན་པོར་གནས་སོ། །དེ་ལྟར་སྨོས་མ་ཐག་པའི་ཡོངས་འཛིན་དམ་པ་རྣམས་ལས་གསན་པ་དེ་དག་གི་ཚིགན་དོན་ལ་དཔྱད་པ་གསུམ་གྱིས་གཏན་ལ་ལེགས་པར་ཕབ་པས། མ་རྟོག་ལོག་རྟོག་སོགས་མི་ཤེས་པའི་མུན་པ་དྲུང་ནས་ཕྱུང་སྟེ། རིས་མེད་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་མེད་ཀྱི་མཁྱེན་པ་ཟབ་མོའི་རྟོགས་པ་ནང་ནས་བརྡོལ་ཏེ་མང་ཐོས་ཕུན་སུམ་ཚོགས་པའི་འབྲས་བུ་ལ་མངའ་དབང་འབྱོར་ཞིང་བསྟན་པའི་རྩིས་སུ་དགོངས་ཏེ་དཀོན་མཆོག་རྗེས་དྲན་མདོ་འགྲེལ་པད་དཀར་ཕྲེང་མཛེས། འཕགས་པ་འཇམ་དཔལ་དབྱངས་སོགས་ཀྱི་རྟོགས་བརྗོད་སྒོ་བཞི་པ། དབྱངས་ཅན་མའི་བསྟོད་པ། སྤྱོད་འཇུག་ཤེར་ལེའུ་འགྲེལ་པ་ཚིགས་བཅད་ཅན། སྡེ་སྣོད་གསུམ་གྱི་ཚིགས་བཅད་ཀྱི་བཤད་བྱ། ས་ཆེན་བླ་མའི་རྣལ་འབྱོར། ངོར་ཆེན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་སོགས་བརྩམས་ཆོས་ཚན་གྲངས་ལྔ་བཅུ་ལ་ཉེ་བ་ཙམ་སྙན་འཇེབས་གཞན་ཡིད་འཕྲོག་པ་མཁས་རྣམས་དགྱེས་པའི་ལེགས་བཤད་རྨད་དུ་བྱུང་བ་ཤ་སྟག་གོ། རྗེ་འདི་ཉིད་ཀྱིས་ལྷུན་གྲུབ་སྟེང་དུ་དབྱར་གནས་ཀྱི་མཁན་པོ་ལྕགས་གླང་ལོར་མངའ་གསོལ་ནས་ས་རྟ་ལོའི་བར(༡༩༠༡~༡༩༡༨)ལོ་བཅོ་བརྒྱད་མཛད་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གཙང་སྤེལ་ཐོག་དགེ་འདུན་འདུས་པའི་གྲངས་ཀྱང་བརྒྱ་ཕྲག་དུ་མ་བྱུང་ཞིང་དམ་ཆོས་འདུལ་བའི་ཕྱག་བཞེས་ལེགས་པའི་ཚད་དུ་གླེང་བ་གྲགས། ཡོན་རྒྱབ་ཆོ་གའི་རིགས་ཀྱང་སྦྱིན་བདག་གི་ཚོགས་རྫོགས་ངེས་མཛད་ཅིང་དབྱར་གནས་ཀྱི་དེབ་ཡིག་གསར་བཀོད་དང་གཏན་བཞག་སོགས་རྒྱ་ཆེར་བཞེངས། ས་དཀར་དགོན་དང་ལྕགས་ར་དགོན་སོགས་ལའང་དབྱར་གནས་ཀྱི་མཁན་པོ་མཛད། གཞན་ཡང་དྲྭ་སྒང་སྒྲུབ་སྡེ་དང་སྡེ་དགེ་སྲས་ཆུང་གི་མགོན་ཁང་གསར་བཞེངས་སོགས་ལ་ཕྱི་ནང་གསང་བའི་རྟེན་རྣམས་བཞེངས་སྐབས་ཐོག་མཐའ་བར་གྱི་ཞལ་བཀོད་དང་རབ་གནས་དཀར་ཆག་བཅས་མཛད། ལྕགས་རའི་འཇིགས་བྱེད་ལྷ་ཁང་གསར་བཞེངས་ལས་མཐུན་འགྱུར་གནང་སྟེ། ལོ་ལྟར་རེ་བཞིན་སྡེ་དགེ་ཚང་གི་འཇིགས་བྱེད་སྒྲུབ་མཆོད་ཀྱི་དབུ་བཞུགས་མཛད། དེ་ལྟར་སྐལ་ལྡན་གྱི་སློབ་ཚོགས་རྣམས་ལ་གསུང་ཆོས་སྐོར་དང་མདོ་སྔགས་གང་ལ་གང་འདོད་ཀྱི་ཁྲིད་ལུང་རྒྱ་ཆེར་གནང་བས་དུས་འདའ་ནས་དགུང་གྲངས་རེ་བཞི་སྟེ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ལུག་༡༩༣༡ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།།
[page 440] ཚུལ་ཁྲིམས་དྭངས་གཙང་ངུར་སྨྲིག་འཛིན་པ་ཤྰ་ཀྱའི་སྲས་པོ་བླ་མ་རིན་པོ་ཆེ་ངག་དབང་ཆོས་འཕེལ་བཟང་པོ་ནི་ས་ཆ་སྒིས་ནང་གི་མི་དམངས། སྔར་ནིས་མདའ་ཚང་གི་འཁོར་དུད། རབ་བྱུང་བཅོ་ལྔའི་ཤིང་འབྲུག་༡༩༠༤ལ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་གཞན་དང་མི་འདྲ་བར་འབྲི་ཀློག་ལ་མཁས་པར་གྱུར། ཁྱིམ་བརྒྱུད་བླ་ཤུལ་ཡོད་པ་ལྟར་ལྷུན་གྲུབ་སྟེང་དགོན་པའི་གྲྭ་པ་དང་རྒྱུད་རིམ་དགོན་བའི་སྒྲིག་སྲོལ་ཇི་བཞིན་སྒྲུབ། རང་ལོ་བཅུ་དྲུག་ནས་ད་ལྟ་རང་ལོ་གྱ་བརྒྱད་བར་བསྙེན་སྒྲུབ་ཁོ་ནར་གཞོལ་བ་ཡིན། དེ་འཕྲོས་ཟུར་བླ་དང་སྒྲུབ་དཔོན་བཅས་མཛད་སྐབས། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ས་ཞུར་གནང་སྟེ་ཁྱེད་ཀྱིས་སྒྲུབ་ཐབས་ཀུན་བཏུས་སྐོར་གྱི་དབང་ལུང་མན་ངག་ཁྲིད་བཅས་བཞན་ལ་སྟེར་ཆོག་གསུངས། དྲ་མ་ཡར་མ་དགོན་དུ་མཁན་པོ་ལོ་མང་པོར་མཛད། དགེ་ཚུལ་སློང་ཞུ་མཁན་གཅིག་སྟོང་ལྔ་བརྒྱ་ལྷག་ལ་རབ་བྱུང་སོ་ཐར་གྱི་སྡོམ་པ་དང་། བྱང་སེམས་ཀྱི་བསླབ་པ་གནང་། དུས་རྒྱུན་སེར་སྐྱ་རྣམས་ལ་དབང་བསྐུར་ཆོས་བཤད་སྐབས། ཁོང་གིས་གསུང་རྒྱུར། ང་ཚོའི་ད་ལྟའི་བདེ་སྐྱིད་འདི་ཏང་དང་ཏེང་ཞའོ་ཕིང་གིས་གནང་བ་དང་། ང་རང་གིས་དུས་རྟག་པར་ཞའོ་ཕིར་སྐུ་ཚེ་རིང་ཞུ་བཞིན་ཡོད་གསུངས། འབུལ་ནོད་དང་བསྔོ་རྟེན་སོགས་དགོན་གཞུང་ལ་ཕུལ་བ་ལས་བདག་འཛིན་མི་གནང་། བླ་མ་རང་ཉིད་ཀྱི་ཞལ་ལས། ངའི་འབུལ་བ་རྣམས་ཤི་བོ་རྣམས་ཀྱི་དངུལ་རེད་ཡང་རྗེས་འཆི་དགོས་ཉར་ནས་ཅི་བྱ་གསུངས། མདུན་དུ་ནང་མཆོད་སྨན་རག་དཀར་ཡོལ་བུམ་པ་ཆུང་ངུ་ཞིག་ལས་གསེར་དངུལ་བཀྲ་མ་སོགས་ཀྱི་ཉེར་སྤྱོད་ཅི་ཡང་མི་འདུག འཇིག་རྟེན་ཆོས་བརྐྱད་ལས་རབ་ཏུ་དབེན་པའི་བླ་མ་འདི་ལྟ་བུ་ནི་ཤིན་ཏུ་དཀོན་ནོ།།
དེ་ལྟར་བཅིངས་འགྲོལ་མ་གཏང་བའི་སྔོན་དགོན་ཆེན་དགོན་པ་ལ་ཐང་རྒྱལ་ལྷ་ཁང་དང་། བསམ་གྲུབ་མཐོང་གྲོལ་ཆེན་མོ། སྤར་ཁང་ཆོས་མཛོད་ཆེན་མོའི་མགོན་ཁང་དང་ཆོས་མཛོད་གཉིས། དངུལ་གདུང་ལྷ་ཁང་། ཕོ་བྲང་དུའང་ཤར་མགོན་ཁང་། ནུབ་མགོན་ཁང་། རྣམ་སྲས་མགོན་ཁང་། ཇོ་ཁང་། ཕུར་ཁང་། སྤྱན་རས་གཟིགས་ལྷ་ཁང་། གསོལ་ཀ་ཁང་། ཐར་རྩེ་སྒྲུབ་ཁང་དང་མགོན་ཁང་། བཀྲ་རབ་མགོན་ཁང་། ས་དཀར་མགོན་ཁང་། དབྱར་གནས་ལྷ་ཁང་། མགོན་ཁང་གསར་པ། བདུད་འདུལ་ལྷ་ཁང་། གཡུ་འབྲུག་ལྷ་ཁང་སོགས་དགོན་འདིར་ལྷ་ཁང་སོ་དྲུག་ཡོད་པ་དེ་དག་ནང་དུའང་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་ཕུན་སུམ་ཚོགས་པ་བཞུགས། ཁྱད་པར་དུ་པར་ཁང་ཆོས་མཛོད་ཆེན་མོ་པར་ཤིང་སོ་ལྔ་བརྒལ་བ་བཞུགས་པ་འདི་ནི་བོད་ཡོངས་ལ་སྔོན་པར་ཁང་འདི་ལས་ཆེ་བ་མེད་ཅིང་སྐད་གནས་ཆེ་ཤོས་ཡིན། དེར་བོད་ཀྱི་རིག་གཞུང་ཆ་ཚང་ཞིང་ལྷ་སྐུ་སོགས་མཛེས་རིས་ཀྱང་མི་ཉུང་བ་ཡོད། གྲྭ་ཁང་སུམ་བརྒྱ་བཅུ་མེད་དགུ་ཡོད་པ་དེར་འདུས་པའི་སྡེ་མཐའ་ཆིག་ཏུ་མ་ངེས་ཀྱང་མང་སྐབས་ཅིག་སྟོང་ལ་ཉེ་བ་དང་ཉུང་མཐའ་བདུན་བརྒྱ་ཙམ་ཡོད། འདུས་པའི་[page 441] སྡེ་ལས་བླ་བསྐོས་ཁག་བཞི་སྟེ། ས་སྐྱ་བླ་མ་དང་། ཕྱར་པ་བླ་མ། ཇང་ར་བླ་མ། མཁན་པོ་དང་རང་དགོན་གྱི་བླ་ཆེན་བཞི་སྟེ་རྒྱལ་མཚན་བླ་མ(འདི་ངོར་གྱི་བླ་བསྐོས་ཀྱི་ཚབ་ཡིན། )ཤར་བླ་མ། ནུབ་བླ་མ། དབྱར་གནས་མཁན་པོ། བླ་དབུ་ཆོས་བརྒྱད་དེ་དབུ་མཛད་བཞི། ཆོས་ཁྲིམས་གསུམ། དགོན་དཔོན་བླ་མ། ལས་ཚན་བརྒྱད་དེ་རོལ་དཔོན་གཉིས། དུང་དཔོན་གཉིས། རྒྱ་གླིང་དཔོན་གཉིས། ལྷ་གཉེར་གཉིས། ཆོ་ག་ལྔ་སྟེ་ཤར་གསོལ་ཀ་ཁང་གཅིག གསོལ་ཀ་ཁང་གཅིག ནུབ་གསོལ་ཀ་ཁང་གཉིས། ཇོ་ཁང་གསོལ་ཀ་ཁང་གཅིག་བཅས་ལ་ལས་ཚན་སོ་སོ་ཡོད། དེ་ལྟ་བུའི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱི་རྩལ་རྫོགས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་རིམ་བྱོན་གྱི་བསྟི་གནས། མདོ་རྒྱུད་རིག་གནས་མན་ངག་དང་བཅས་པའི་མཁས་བྱའི་གནས་ཡོད་དོ་ཅོག་འདོད་དགུ་འབྱུང་བའི་ཆོས་ཀྱི་རྒྱ་མཚོ། སུམ་རྩེན་ལྷའི་གཞལ་མེད་ཁང་ལ་ཅོ་འདྲིའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་བཞེངས་བཀོད་ཆལ་མར་བརྡལ་བའི་ས་སྟེང་གི་བདེ་ལྡན། སྔོན་བྱོན་མཁས་པ་མང་བོས་བསྟོད་བསྔགས་ཀྱི་མེ་ཏོག་ལན་བརྒྱར་འཐོར་བའི་ཡུལ་དུ་གྱུར།
གདན་ས་ཆེན་མོ་འདིའི་ཚེས་དུས་སྒྲུབ་མཆོད་གྱི་སྲོལ་ནི། བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཇང་ར་བླ་མ་དབུ་བཞུགས་མཛད་ནས་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་འཚོགས། བོད་ཟླ་དང་པོའི་ཚེས་བཅོ་བརྒྱད་ནས་གནམ་སྟོང་བར་ས་སྐྱ་བླ་མ་དང་ཕུར་ཕ་བླ་མ་གཉིས་དབུ་བཞུགས་རེས་མོས་མཛད་ནས་ས་ལུགས་ལྟར་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་འཚོགས་ནས་ཚེས་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་ཕུར་ཆུང་དང་ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ལ་ཕུར་ཆེན་ཞེས་པའི་གར་འཆམ་ཡོད། བོད་ཟླ་གཉིས་པའི་ཚེས་བརྒྱད་ནས་ཉིན་ལྔ་ལ་མཆོད་ཁག་བདུན་གྱིས་ཀྱེ་རྡོར་རབ་གནས་དཔལ་འབྱོར་རྒྱ་མཚོ་འཚོགས། བོད་ཟླ་གཉིས་པའི་ཚེས་ཉེར་གཉིས་ནས་གནམ་སྟོང་བར་ཤར་བླ་མ་དབུ་བཞུགས་མཛད་ནས་ཚར་ལུགས་ལྟར་ཆོས་ཉིད་མ་ཞེས་པའི་མགོན་པོའི་སྒྲུབ་མཆོད། བོད་ཟླ་གསུམ་པའི་ཚེས་བརྒྱད་ནས་ཚེས་དྲུག་བར་ཤར་བླ་མ་དབུ་བཞུགས་མཛད་ནས་ཚར་ལུགས་ལྟར་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད། བོད་ཟླ་གསུམ་པའི་ཚེས་ཉེར་བདུན་ནས་བོད་ཟླ་བཞི་པའི་ཚེས་བཅུ་གཉིས་བར་དབྱར་མཆོད་ཞེས་ངོར་དཀྱིལ་བདུན་གྱི་སྒྲུབ་མཆོད། བོད་ཟླ་བཞི་པར་ཤར་ནུབ་བླ་མ་གཉིས་རེས་མོས་ཀྱི་དབུ་བཞུགས་མཛད་ནས་ཀུན་རིགས་སྒྲུབ་མཆོད་འཚོགས་ཏེ་སྐྱ་སེར་རྣམས་ལ་དབང་བསྐྱུར། བོད་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་ཚེས་ཉི་ཤུའི་བར་གཤིན་རྗེ་དམར་ནག་འཇིག་གསུམ་གྱི་སྒྲུབ་མཆོད་ཁག་གསུམ་ཉིན་བདུན་འཚོགས། བོད་ཟླ་བཞི་པའི་ཚེས་ཉེར་གསུམ་ནས་གནམ་སྟོང་བར་དུ་ངོར་ཆེན་དུས་མཆོད་ལ་འཁའ་འགྲོ་རྒྱ་མཚོ་དང་བདག་མེད་ལྷ་མོ་བཅོ་ལྔའི་སྒྲུབ་མཆོད་ཁག་གཉིས་འཚོགས། བོད་ཟླ་ལྔ་པའི་ཚེས་གཅིག་ནས་གསུམ་བར་ཀུན་རིགས་དང་ཚེ་དཔག་རས་དཀྱིལ་སྟེང་དུ་[page 442] མཆོད་ཁག་སོ་སོར་འཚོགས། བོད་ཟླ་ལྔ་པའི་ཚེས་ལྔ་ནས་འཚེམ་སུ་བུ་ལུགས་ཀྱི་མཎི་བུམ་སྒྲུབ་ཉིན་བདུན། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་བདུན་པའི་ཚེས་གཉིས་བར་དབྱར་གནས་མཁན་པོ་དབུ་བཞུགས་མཛད་ནས་དབྱར་གནས་འཚོགས། ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ས་བསྐོར་ཉིན་གསུམ་ལ་ཀྱེ་རྡོར་མཎྜ་སྒྲུབ་མཆོད། ལམ་འབྲས་བླ་མཆོད་བསྟན་པ་རྒྱས་ཆོག་བཅས་འཚོགས། བོད་ཟླ་དགུ་པའི་ཚེས་ཉེར་ལྔ་ནས་ཉེར་དགུ་བར་ནུབ་བླ་དབུ་བཞུགས་མཛད་ནས་ས་ལུགས་མགོན་པོ་གཏོར་བཟློག་འཚོགས། བོད་ཟླ་བཅུ་པར་དགུན་ཉིན་ལྡོག་དང་བསྟུན་འཇིགས་བྱེད་དྲུག་བཅུ་འཚོགས། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་ཉེར་དགུའི་བར་རྒྱལ་མཚན་མ་དབུ་བཞུགས་མཛད་ནས་ངོར་ལུགས་འཇིགས་བྱེད་ཀྱི་སྒྲུབ་འཆོད་འཚོགས། ཡང་བོ་ཟླ་བཅུ་གཉིས་པའི་གཤིན་རྗེ་ཚེ་བདག་འཚོགས། ཚེ་བདག་གཏོར་འཆམ་རྒྱས་པ་ཡོད། གཞན་དགོན་འདིར་མགོན་ཁང་ཁག་བཅོ་བརྒྱད་ནང་མཆོད་ཁག་གསུམ་ལ་གྲྭ་བཅུ་རེ་དང་མཆོད་ཁག་བདུན་ལ་གྲ་རེ་རྒྱུན་འཇག། དེ་མིན་དུས་བཞི་སོགས་གཙོ་ཆེཤོས་རྣམས་ཡིན་ལ། གཞན་ཡང་དུས་མཆོད་ཕྲན་ཚེགས་མང་ངོ་།།
དེ་ནས་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོར་བཞི་རྒོལ་འགུལ་སྐྱོད་ཆེས་པའི་ལས་འགུལ་སྤེལ་ཏེ་དགོན་པས་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་བྱེད་པའི་ལམ་ལུགས་མེད་པ་བཟོས་ཏེ་དགོན་པ་ཕལ་ཆེར་རྨིག་མེད་དུ་བཏང་། འོན་ཀྱང་ས་ཁྱི་(༡༩༥༨·༡༢)ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དགོན་ཆེན་དགོན་པ་སྲུང་སྐྱོབ་བྱ་རྒྱུའི་ས་སྐྱའི་དགོན་པའི་གྲས་གཅིག་ཏུ་ཆོག་མཆན་ཐོབ་པར་མ་ཟད། དགེ་འདུན་པ་བཅོ་ལྔ་སྒྲིག་འཛུགས་བྱས་ཏེ་དགོན་པའི་ཕྱི་རྒྱ་ནང་ཚགས་བྱས། དེ་སྐབས་བསམ་གྲུབ་མཐོང་གྲོལ་ཆེན་མོ་དང་སྤར་ཁང་ཆོས་མཛོད་གཉིས་མ་གཏོགས་གཞན་རྣམས་ལ་ལ་ཁང་པ་ཙམ་ལྷག་པ་དང་། ལ་ལ་ཕྱི་ནང་གཉིས་ཀ་རྩ་ནས་མེད་པར་བཟོས། རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་སྐབས་དགོན་ཆེན་དགོན་པའང་མེས་རྒྱལ་ནང་ཁུལ་གྱི་ས་གནས་ཁག་དང་འདྲ་བ་གནོད་འཚེ་ཆེན་པོ་བྱུང་སྟེ་མེ་ལུག་༡༩༦༧ལོར་བསམ་གྲུབ་མཐོང་གྲོལ་ཆེན་མོའི་རྟེན་དང་བརྟེན་པ་རྨེག་མེད་དུ་བཏང་། དགེ་འདུན་པ་མང་པོ་ཞིག་ཀྱང་ལྷ་འདྲེ་གདོན་བགེགས་ཀྱི་གྲས་སུ་བརྩིས་ཏེ་ཚད་མེད་བའི་རྡུང་བརྡེག་དང་ཉེས་སྐྱོན་ཕོག ལྕགས་བྱ་༡༩༨༡ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དགོན་ཆེན་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོགས་མཆན་ཐོབ་པར་བརྟེན་ཐང་རྒྱལ་ལྷ་ཁང་དུ་རྒྱུན་གཏན་གྱི་ཆོས་ལུགས་མཛད་སྒོ་སྤེལ། མེ་སྟག་ལོར་རྒྱལ་ཁབ་ཀྱིས་མི་དམངས་ཤོར་སྒོར་བདུན་འབུམ་ལྔ་ཁྲི་དང་གཞན་ཡང་འབྲེལ་ཡོད་སྲིད་གཞུང་གིས་སྔ་ཕྱི་མི་དམངས་ཤོག་སྒོར་ཁྲི་གཉིས་ལ་ཉེ་བ་ཙམ་དགོན་པའི་རྟེན་དང་བརྟེན་པ་ཉམས་གསོ་ཆེད་དུ་གནང་། འབྲེལ་ཡོད་སྡེ་ཚན་གྱིས་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད་མེ་སྟག་༡༩༨༦ལོའི་རྒྱ་ཟླ་དགུ་པའི་ནང་ཀུན་གཟིགས་པཎ་ཆེན་ཨེ་ཏི་ནི་ཆོས་[page 443] ཀྱི་རྒྱལ་མཚན་མཆོག་ཉིད་མདོ་ཁམས་སུ་གཟིགས་ཞིབ་ཕེབས་ཚེ་སྔོན་ཏང་ཨུའི་སློབ་གྲྭས་བཟུང་བའི་བསམ་གྲུབ་མཐོང་གྲོལ་ཆེན་མོའི་ས་མལ་དགོན་པ་ལ་ཕྱིར་འབུལ་དགོས་པའི་བཀའ་དངོས་གནང་བ་ལྟར། རབ་བྱུང་བཅུ་བདུན་པའི་མེ་ཡོས་༡༩༨༧ལོའི་ཟླ་བ་གསུམ་ཚེས་བཟང་པོ་ལ་ཨར་ལས་དངོས་སུ་མགོ་བརྩམས་ནས་ས་འབྲུག་(༡༩༨༨·༡)ལོའི་ཆོ་འཕྲུལ་ཟླ་བ་ཚེས་བཅོ་བརྒྱད་ཉིན་མེ་བཞིའི་འབྲུ་སྦྱོར་ཕུན་སུམ་ཚོགས་པའི་ཉིན། འདུ་ཁང་ཆེན་མོ་གསར་བཞེངས་རགས་ཙམ་གྲུབ་ཏེ་སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་འདུ་ཁང་དུ་དགའ་སྤྲོའི་རྟེན་འབྲེལ་གྱི་མཛད་སྒོ་སྤེལ། དེ་ནས་རིམ་བཞིན་ནང་གི་རྟེན་གསུམ་དང་སྤྱི་ཁང་བཅས་གསར་བཞེངས་མཛད། དེང་བསམ་གྲུབ་མཐོང་གྲོལ་ཆེན་མོའི་གཙང་ཁང་གཡོན་པའམ་བྱམས་ཁང་དུ་བྱམས་པའི་སྐུ་བརྙན་འདམ་ལས་གྲུབ་པ་ཐོག་བརྩེགས་གཉིས་ལྡན་རྒྱབ་ཡོལ་རྒྱན་དྲུག་བཞུགས་ཁྲི་དང་བཅས་པ་དེར་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན་འདམ་ལས་གྲུབ་པ་ཐོག་ཚད་སོགས་ཀྱིས་བསྐོར་བ། གཙང་ཁང་གཡས་པའམ་ཇོ་ཁང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་གདམ་ལས་གྲུབ་པ་ཐོག་བརྩེགས་གཉིས་ལྡན། དེར་གུ་རུ་མཚན་བརྒྱད་ཀྱི་སྐུ་བརྙན་འདམ་ལས་གྲུབ་པ་ཐོག་ཛས་ཀྱིས་བསྐོར་བ། གཙང་ཁང་ངམ་ཐུབ་ཁང་དུ་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་ཐོག་བརྩེགས་གཉིས་ལྡན། འདུ་ཁང་ཚོགས་ཆེན་དུ་ངོར་ཆེན་ཀུན་དགའ་བཟང་པོ། སྒྲོལ་དཀར། ས་པཎ་ཀུན་དགའ་རྒྱལ་མཚན་གསུམ་གྱི་སྐུ་བརྙན་འདམ་ལས་གྲུབ་པ་ཐོག་ཚད་རེ་བཅས་དེ་དག་ནང་བཞུགས་རབ་གནས་ཚད་ལྡན་གྲུབ། ལྡེབས་རིས་ལ་སེར་སྐྱ་མང་པོས་སྦྱིན་བདག་བགྱིས་ཏེ་འདུ་ཁང་ཕུག་ཏུ་སངས་རྒྱས་སྟོང་སྐུ། སྲིབ་ལོགས་སུ་ཀྱེ་རྡོར། འཇིགས་བྱེད། དགྲ་ནག གཤེད་དམར། གུར་མགོན། བདེ་མཆོག་ནག་པོ། བདེ་མཆོག་ལྰུ་ཧི། ཀུན་རིག སྨན་བླ། སྒྲོལ་ལྗང་། རྣམ་སྲས་བཅའ་བརྒྱད། ཡུལ་འཁོར་སྲུང་། འཕགས་སྐྱེས་པོ། ཉིན་ལོགས་སུ་ས་སྐྱ་གོང་མ་རྣམ་ལྔ། དུས་འཁོར། ཕུར་པ། ཀྱེེ་རྡོར། སམ་ཊ། གསང་འདུས་འཇམ་དཔལ་རྡོ་རྗེ། གསང་འདུས། སྤྱི་འདུས། མི་འཁྲུག་པ། བདེ་གཤེགས་སོ་ལྔ། དཔལ་མགོན། གུར་མགོན། སྤྱན་མི་བཟང་། རྣམ་ཐོས་སྲས་བཅས་གཙོས་པའི་ལྡེབས་རིས་བཀོད་མོད། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་གཉིས། བསྟན་འགྱུར་ཆ་གཅིག་བཅས་བཞེངས་བགྱིས།
གཞན་ཡང་རབ་བྱུང་བདུན་པའི་ས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་བསམ་འགྲུབ་མཐོང་གྲོལ་གྲོལ་ཆེན་མོའི་འདུ་ཁང་གསར་བཞེངས་གྲུབ་པ་ལ་དཔེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོ་མཆོག་གིས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་མི་བཞི་ཤོག་ཁག་གིས་གཏོར་བཤིག་གཏོང་སྐབས་རང་སྲོག་བློས་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་འབད་རྩོལ་ལ་བརྟེན་ནས་ལག་ཏུ་ཐོབ་པའི་ཞལ་ཐང་གྲས་བསྡོམ་ཆིག་བརྒྱ་དང་གསུམ། དཀྱིལ་ཐང་གཅིག་བརྒྱ་ཉི་ཤུ་རྩ་དགུ སྐུ་གཟུགས་གྲལ་ལི་སྐུ་ཆིག་བརྒྱ་[page 444] དང་དྲུག་ཅུ་རེ་གཉིས། གསེར་སྐུ་སོ་ལྔ། ཙནྡན་སྐུ་གཅིག སྨན་འདམ་སྐུ་གཅིག མཁར་སྐུ་བརྒྱད། ཞལ་འབག་བཞི། བཀའ་གདམས་མཆོད་རྟེན་བརྒྱད། ཕུར་པ་བདུན། བླ་མ་གོང་མའི་དབུ་ཞྭ་ན་གཟའ་རིགས་འདྲ་མིན་བཞི་བཅུ་ཞེ་གཅིག ཀ་འཕན་བཅོ་བརྒྱད། རོལ་མོ་ཆ་བདུན། སིལ་སྙན་ཆ་གཉིས། བདུན་ཚར་ཆེ་ཆུང་དགུ་བཅུ་གོ་དགུ། འཁར་རྔ་གཉིས། དུང་དཀར་ཆ་གཉིས། གཟི་སྟག་ལོག་ཚེ་བུམ་ཅན་སྤུས་ལེགས་གཅིག ངོ་མཚར་རྟའི་རྭ་ཅོ་གཅིག་དེ་མིན་སྣ་ཚོགས་རིགས་ཁ་ཤས་བཅས་བསྐལ་པ་ཇི་སྲིད་བར་བསྟན་འགྲོའི་ཕན་བདེ་འཕེལ་ཞིང་སྐྱེ་འགྲོར་བསོད་ནམས་སྤེལ་བའི་རྟེན་ཏུ་ཕུལ་བ་རྣམས་དང་གཞན་ཡང་སེར་སྐྱ་འགས་ཀྱང་གཏོར་བཤིག་སྐབས་ཐབས་བརྒྱ་ཇུས་སྟོང་གིས་ཉར་ཚགས་བྱས་པའི་རྟེན་ཕུལ་བ་སོགས་ཞལ་ཐང་དང་སྐུ་འདྲ་རིགས་འདྲ་མིན་དུ་མ་ཡོད།
གཞན་ཡང་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྤྱི་ལོ༡༩༨༣དཔེ་ཝར་སྤྲུལ་སྐུ་འཇམ་དབྱངས་བསོད་ནམས་དབང་པོས་ཡོན་བདག་བགྱིས་ནས་གཡུ་འབྲུག་ལྷ་ཁང་གསར་དུ་བཞེངས། ལྷ་ཁང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་འདམ་ལས་གྲུབ་པ་ཐོག་ཚད་དང་། མཁའ་སྤྱོད་སྐུ་བརྙན་འདམ་ལས་གྲུབ་པ་འབྲིང་གྲལ་གཅིག ལྡེབས་རིས་ལ་འཇམས་དབྱངས་མཁྱེན་བརྩེའི་དབང་པོའི་སྐྱེས་རབས་དང་། འཇམས་དབྱངས་ཆོས་ཀྱི་བློ་གྲོས། གྲུབ་ཆེན་བརྒྱད་ཅུ། རྡོ་རྗེ་འཆང་། གུ་རུ་མཚན་བརྒྱད། རྡོ་རྗེ་འཇིགས་བྱེད། དུས་གསུམ་སངས་རྒྱས། རྒྱལ་ཆེན་སྡེ་བཞི། ཆོས་སྐྱོང་སྐོར་བཅས་སྐྱ་རིས་བླ་མ་ཚེ་དབང་མཆོག་གིས་མཛད། གོང་སྨོས་དག་ནང་བཞུགས་ཁྱད་འཕགས་ཅན་དང་ཐིག་ཚད་རབ་གནས་ཚད་ལྡན་གྲུབ། དགོན་ཆེན་དགོན་པའི་དབུ་ཆེན་ངག་དབང་བསྟན་འཛིན་མཆོག་གིས་ཡོན་བདག་མཛད་དེ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྤྱི་ལོ་1990དབྱར་གནས་ལྷ་ཁང་དང་ཀུན་དགའ་ར་བ་བཅས་གསར་བཞེངས་བགྱིས་ཏེ་ལྷ་ཁང་ཕྱི་ནང་གི་ལྡེབས་རིས་ནི་དུས་གསུམ་སངས་རྒྱས། ཐུབ་པ། གནས་བརྟན་བཅུ་དྲུག སངས་རྒྱས་སྨན་བླ། མཁའ་སྤྱོད། ཕྱོགས་བཅུ་སངས་རྒྱས། བདེ་གཤེགས་སོ་ལྔ། ཚེ་ལྷ་རྣམ་གསུམ། གུར་མགོན། རྒྱལ་ཆེན་སྡེ་བཞི། སྲིད་པའི་འཁོར་ལོ། རྨ་རྒྱལ་སྤོམ་ར། རྣམ་ཐོས་སྲས་སོགས་ནང་ཆེན་ཕྱོགས་ཀྱི་ལྷ་བཟོ་བསོད་ནམས་ཉི་མ་ཕ་བུ་རྣམས་ཀྱིས་བྲིས།
དེ་ལྟར་དེང་དགོན་ཆེན་དགོན་པའི་བསམ་གྲུབ་མཐོང་གྲོལ་ཆེན་མོ་དེའི་ཟུར་གཏོགས་སྤྱི་ཁང་། དབྱར་གནས་ལྷ་ཁང་། གཡུ་འབྲུག་ལྷ་ཁང་། ཐང་རྒྱལ་ལྷ་ཁང་། འཛེས་ཕུར་ལྷ་ཁང་བཅས་དང་གྲྭ་ཁང་གཅིག་བརྒྱ་བཅུ་གསུམ། འདུས་པ་ཞལ་གྲངས་གཉིས་བརྒྱ་ཡོད་པ། དེ་དག་ཀྱང་ཞི་དུལ་བག་ཡོད། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སོགས་དམ་པས་གཅིག་ཏུ་བསྔགས་པའི་ཡོན་ཏན་གྱི་ཚོགས་ཡར་ངོའི་ཟླ་བ་དང་། དབྱར་མཚོའི་རྗེས་སུ་འགྲོ་བཞིན་པ་ཡིན་ལ། ཁྱད་པར་༡༩༩༤ལོར་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་དང་ཐར་རྩེ་ཞབས་དྲུང་། ཀླུ་ལྡིང་ཞབས་དྲུང་སྟེ་མཁན་[page 445] ཞབས་རྣམ་གསུམ་གདན་ས་འདི་ཉིད་ཆེད་དུ་གདན་ཞུས་ཟླ་བ་གསུམ་རིང་ཉེ་སྐོར་ས་དགོན་ཁག་གི་འདུས་པ་སུམ་སྟོང་ལྷག་ལ་བཀའ་ཆོས་གསུངས།
ཞེས་སྡེ་བཞི་དགེ་བཅུའི་ཡོན་ཏན་མ་ཚང་བ་མེད་པའི་དཔལ་ལྷུན་གྲུབ་སྟེང་གི་ཆོས་སྡེ་ཆེན་མོའི་ལོ་རྒྱུས་ཤིག་མཁོ་ཆེ་བར་བརྟེན་སྲིད་གྲོས་སྡེ་དགེ་རྫོང་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར། ཀརྨ་རྒྱལ་མཚན་ཞེས་བྱ་བས་ཚུལ་འདིར་འབྲེལ་བའི་ལོ་རྒྱུས་རྣམ་ཐར་དཔྱད་གཞིར་བཟུང་ནས་རབ་བྱུང་བཅུ་བདུན་པའི་ལྕགས་ལུགས་གོའི་དབྱར་བྲིས་ཚུལ་བགྱིས་ཀྱང་ཕྲན་གྱི་ཡོན་ཚད་དམའ་ཞིང་ཉམས་མྱོངས་མེད་པ། མཐོང་ཐོས་ཀྱང་ཞན་པས། ནོར་འཛོལ་དང་སྐྱོན་ཆའི་རིགས་གང་མང་ཡོང་ངེས་ལ་མཁྱེན་པའི་རྣམ་དཔྱོད་ཡངས་པ་དང་ལོ་རྒྱུས་འདིར་ཆ་རྒྱུས་མངའ་བའི་བློ་མཐུན་ཚོས་སྐྱོན་བརྗོད་ལེགས་བཅོས་གནང་རྒྱུའི་རེ་འདུན་ཆེའོ།།
གོང་གསལ་དཔྱད་གཞིའི་ཡིག་ཆ།
༡. ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་གི་དཀར་ཆག
༢. སྐྱབས་མགོན་ཏྰའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་རྣམ་ཐར།
༣. མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསམ་གཏན་བློ་གྲོས་ཀྱི་རྣམ་ཐར།
༤. བོད་རྒྱ་ཚིག་མཛོད་ཆེན་མོ།
༥. བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད།
༦. ཁམས་སྡེ་དགེ་ཆོས་རྒྱལ་རིན་པོ་ཆེའི་གདུང་རབས་ཀྱི་ལོ་རྒྱུས།
༧. ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ།
༨. བོད་ཀྱི་བཀའ་བློན་དབང་ཆེན་མོས་ས་སྐྱོང་སྡེ་དགེ་ཚང་ལ་བཅའ་པའི་ཡིག་བཞག
༩. འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྩོམ་གཅེས་སྒྲིག
༡༠. ཐང་རྒྱལ་རྣམ་ཐར།
༡༡. གཞན་ཡང་རྒྱ་ཡིག་གི་ཆེད་རྩོམ་འགའ།
སྔོན་བོན་གཡུང་དྲུང་རྫོང་ཆེན་དགོན་ཞེས་པའི་བོན་དགོན་ཞིག་གངས་ཅན་སྒང་ཞེས་ད་ལྟའི་དགོན་པ་ཆགས་གནས་ཉེ་སྐོར་དུ་ཆགས་ཡོད་པར་བཤད། རེ་ཞིག་བོན་དགོན་དེ་ཉམས་དམས་སུ་གྱུར་[page 446] ཏེ་འཇིག་ཉེ་སྐབས། སྡེ་དགེ་གདུང་རབས་སོ་དགུ་པ་ཀླུ་འཕེལ་གྱི་སྲས་ཁྲི་ཆེན་སངས་རྒྱས་བསྟན་པའི་སྐུ་དུས། ངོར་ཨེ་ཝཾ་པའི་མཁན་རབས་ཉེར་བཞི་པ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་སྡེ་དགེ་ལྷུན་གྲུབ་སྟེང་དུ་སྙན་བརྒྱུད་ལམ་འབྲས་ཀྱི་ཆོས་འཁོར་བསྐོརསྐབས། བོན་དགོན་དེའི་བླ་གྲྭ་རྣམས་ས་སྐྱའི་ཆོས་སྒོར་ཞུགས་སྟེ་རིམ་བཞིན་ས་སྐྱར་འགྱུར། དགོན་མིང་ལ་རྫོང་ཆེན་མགོ་བ་ཟེར། རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ༡༡༨༠ལོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་གདན་ས་འདི་ཉིད་དུ་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རླབས་པའི་ལོ་རྒྱུས་འདུག དེ་ནས་ས་སྐྱར་འགྱུར་ནས་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་༡༨༨༣ལོར་ལྷ་གཉེར་གྱིས་མཆོད་མེ་སྦར་སྐབས་མགོན་ཁང་སྙན་ཤལ་ལས་མེ་མཆེད་དེ་དགོན་པ་མེར་ཤོར། འདིའི་གནས་ཚུལ་ཤེས་མཁན་ད་ལྟ་མ་རྒན་མཚོ་སྐར་ཞེས་པ་ལོ་བརྒྱ་དང་ཉེར་ལྔ་ལོན་པ་དེས་ཁོ་མོ་ལོ་བཅུ་བཞིའི་ཐོག་ཡིན་ཟེར། དེ་ནས་མཆོག་གླིང་གཏེར་ལུང་དུ་མཎྚལ་ཐང་དུ་རྙིང་དགོན་ཞིག་བཏབ་ན་ས་གནས་ཀྱི་མེ་བཙའ་ཡིན་པས་བསྟན་འགྲོ་སྤྱི་ལ་ཕན་གསུངས་ཀྱང་ཡུལ་དུས་གྱིས་རྐྱེན་པས་དོན་འཁྱོལ་མ་བྱུང་། དགོན་འདི་མེ་ཤོར་བ་དང་སྟབས་འགྲིག་བས་འཇམ་དབྱངས་མཁྱེན་བརྩེ་དབང་པོས་དགོན་ས་མཎྚལ་ཐང་དུ་སྤོ་དགོས་པའི་ཞལ་བཀོད་དང་། དགོན་མིང་དཔལ་ལྡན་མཎྚལ་ཕུན་ཚོགས་དགའ་ཚལ་བཀྲ་ཤིས་ཆོས་གླིང་ཞེས་པའི་མཚན་གསོལ་སྟེ་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་༡༨༨༦ལོར་མཎྚལ་ཐང་དུ་དགོན་ས་སྤོས་ནས་ད་བར་མི་ལོ་བརྒྱ་དང་བརྒྱད་འདས་པར་བཤད་དོ།།
རྟེན་ལྷ་ཁང་དང་བརྟེན་པ་རྟེན་གསུམ་སྐོར་ནི། སྔོན་བོན་གྱི་དུས་དང་། དེ་རྗེས་གངས་ཅན་སྒང་དུ་དགོན་པ་ཆགས་སྐབས་ཞིབ་ཆ་མ་ཤེས། མཎྚལ་ཐང་དུ་དགོན་པ་ཆགས་སྐབས་ནི། འདུ་ཁང་ནང་ཀ་སོ་གཉིས་མའི་མལ་གྱི་སྟེང་མགོན་ཁང་། འདབས་འབྲེལ་སྤྱི་ཁང་། གྲྭ་ཤག་ཉི་ཤུ་སྐོར་ཡོད། རྟེན་གསུམ་སྐོར། གྲུབ་ཆེན་ཐང་རྒྱལ་རང་གི་ཕྱག་བཟོས་སྨན་འདམ་གྱི་སྐུ་ཁྱད་འཕགས། མགོན་པོ་བྱིའུ་དྲོད་མ་ཞེས་ཙནྡན་སྐུ་མཐོ་ཚད་ཅན། མཁན་གཞན་དགའ་རིན་པོ་ཆེ་ནས་གནང་བའི་བྱམས་སྐུ་ལུས་ཚད། གསེར་ཟངས་ཐུབ་པ་གཙོ་འཁོར་གསུམ། གནས་བཅུ་དང་སྒྲོལ་མ་ཉེར་གཅིག་ཟངས་གསེར་གྱིས་གསེར་སྐུ་ལི་མ་ཁྱོན་བརྒྱ་དང་བརྒྱད་ཅུ་ཙམ། གསུང་རྟེན་བཀའ་བསྟན་གཙོས་པོད་ཏི་ལྔ་བརྒྱ་སྐོར། ཐུགས་རྟེན་ཟངས་གསེར་གྱི་བཀའ་གདམས་མཆོད་རྟེན་སུམ་ཅུ་ཡོད།
བསྟན་པ་འཛིན་མཁན་ནི། སྔོན་བོན་དགོན་གྱི་སྐབས་ཇི་ལྟར་བྱུང་མ་ངེས། ཕྱིས་ས་སྐྱར་འགྱུར་ནས་སྡེ་དགེའི་དབུ་བླར་ཕེབས་པའི་ངོར་མཁན་རབས་དང་བདག་པོ་སྡེ་དགེ་ནས་གཙོ་ཆེར་ཞལ་འཛིན་གནང་བ་ཡིན་ལ། དགོན་པ་རང་དུ་ཨ་བྱམས་བླ་མ་ཞེས་མཚན་སྙན་ཆེ་ཙམ་བྱུང་ཞིང་། མཎྚལ་ཐང་དུ་དགོན་པ་སྤོས་ནས་རྫོགས་ཆེན་མཁན་གཞན་དགའ་རིན་པོ་ཆེ་ནས་དབྱར་གནས་མཁན་པོ་ལོ་གཉིས་ཙམ་མཛད་དེ་གཞུང་བཤད་ཅི་རིགས་མཛད་ཚུལ་དང་། དེའི་ཞལ་སློབ་མཁན་མགོན་རིས་ནས་ལོ་[page 447] གསུམ་ཙམ་དབྱར་གནས་མཁན་པོ་མཛད་དེ་སྤྱོད་འཇུག སྡོམ་གསུམ། སོར་མདོ་རྣམ་བཤད། དེ་ནས་རང་དགོན་གྱིམ་ཁན་དམ་ཆོས་ཞེས་གཞན་དགའི་ཞལ་སློབ་དེས་དབྱར་གནས་མཁན་པོ་ལོ་བརྒྱད་ཙམ་རིང་སྔར་རྒྱུན་ལྟར་བཀའ་ཆོས་གནང་། མཆོག་སྤྲུལ་དཔལ་དབྱངས་ནས་དབྱར་གནས་མཁན་པོ་ལོ་བཅུ་བདུན་རིང་མཛད་དེ་སྤྱོད་འཇུག་དང་། སོར་མདོ་སོགས་ལོ་ལྟར་བཀའ་ཆོས་གནང་། དམ་པ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་སྨོས་ན། མཎྚལ་དགོན་དང་ཉེ་བར། ཡབ་བཀྲ་ཤིས་དགེ་ལེགས་དང་ཡུམ་ཚེ་རིང་དཔའ་མོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་འཁྲུངས། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་གཉན་ཆེན་དཔལ་དབྱངས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། མཚན་དཔལ་དབྱངས་དམ་ཆོས་འོད་ཟེར་བཏགས། དེ་ནས་རིང་མིན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་སྒང་སྤྲུལ་སོགས་སྐུ་འཁོར་རྣམས་ཕེབས་ཏེ་ཁྲི་སྟོན་དང་དགེ་ཚུལ་བསྒྲུབས། མཚན་ངག་དབང་འཕྲིན་ལས་རྒྱ་མཚོ་གནང་། མཁན་དམ་ཆོས་སོགས་ལས་དགོན་པའི་འདོན་ཆོས་སྐོར་དང་རིག་གནས་སྐོར་བཅས་གསན། ངོར་དུ་གྲྭ་སར་ཕེབས། ཁང་སར་མཁན་རིན་པོ་ཆེ་ངག་དབང་ཡོན་ཏན་རྒྱ་མཚོའི་མདུན་སྡོམ་གསུམ་བཞེས། གཞན་ཡང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་ལམ་འབྲས་ཚོགས་བཤད་དང་སློབ་བཤད། སྒྲུབ་བཏུས། གཏེར་མཛོད་སོགས་གསན། མཁན་ཆེན་གཞན་དགའ་ལས་གཞུང་བཤད་སྐོར་དང་རྫོགས་ཆེན་སྨིན་ཁྲིད་གསན། རྒྱ་བོ་རི་ཁྲོད་དུ་སྐུ་ཚེ་ཧྲིལ་པོ་བཅད་རྒྱར་བཞུགས། གཞན་དགའ་རིན་པོ་ཆེ་གཤེགས་རྗེས། རྒྱ་བོ་རི་ཁྲོད་དང་གནས་ཕུ་རི་ཁྲོད་ཀྱི་སློབ་མ་རྣམས་ལ་དབང་ཁྲིད་སོགས་མཛད། གྲོང་ཆོག་ལ་ཉིན་གཅིག་ཀྱང་ཕེབས་མ་མྱོང་། གཞན་དགའ་རིན་པོ་ཆེ་ནས་དཔའ་སྤྲུལ་ཡང་སྲིད་ཡིན་གསུང་། ནང་གི་ཡོན་ཏན་མཐོན་པོར་སླེབས་པར་ངེས་ཀྱང་དེའི་ཚུལ་གསུང་འཕྲོས་པའི་ཚུལ་དུ་བཞུགས། དགོན་པ་ཉམས་གསོ་སྐབས་ཞལ་བཀོད་ཐུགས་འགན་བཞེས་ཏེ། མཐར་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ཟླ་བ་ལྔ་པའི་ཚེས་བཞིའི་དགོང་མོ་དགོངས་པ་ཆོས་དབྱིངས་སུ་ཐིམ། ས་རུབ་ནས་འོད་ཟེར་སེར་པོ་ཉི་མ་ཤར་བ་ལྟར་ཀུན་གྱིས་མཐོང་སྣང་དུ་བྱུང་། སྐུ་དྲང་པོ་ཐུགས་དམ་ཉིན་གསུམ་དུ་བཞུགས། ཞུགས་འབུལ་སྐབས་དང་དབུ་ཐོད་ལས་རིང་བསྲེལ་མང་དུ་བྱུང་། གཞན་ཡང་དགོན་པའི་རྡོར་འཛིན་བླ་མ་རིམ་བྱོན་དང་། དབྱར་གནས་མཁན་པོ་རིམ་བྱོན་གྱིས་བསྟན་པའི་ཁུར་ལེན་སྲོལ་འདུག དགེ་འདུན་གྱི་ཞལ་གྲངས་ནི། སྔོན་བོན་གྱི་དུས་ཇི་ཡོད་མ་ངེས་ཀྱང་དགོན་ཤུལ་དཔག་ན་དགོན་ཆེན་ཞིག་གི་ཆགས་ཤུལ་འདུག ཕྱིས་ས་སྐྱར་འགྱུར་ནས་གྲྭ་གྲངས་ཉི་ཤུ་སྐོར་ལས་མེད་སྐད། དགོན་པ་རྩ་བརླག་འགྲོ་ཁར་ཞལ་གྲངས་བརྒྱད་ཅུ་ལྷག་ཡོད་སྐད།
སྒྲུབ་མཆོད་སྐོར་དང་ཡོན་གྱི་འབྱུང་ཁུངས་ནི། བོད་ཟླ་དང་པོའི་ཚེས་ཉེར་དགུ་ནས་གནམ་སྟོང་བར་བསྐང་གསོ་དང་འབྲེལ་ལོ་གཏོར་བརྗེ། ཟླ་བ་གསུམ་པའི་ནང་ཀུན་རིག་སྒྲུབ་མཆོད། ཚེས་ཉེར་[page 448] དགུ་ནས་ཀྱེེ་རྡོར་སྒྲུབ་མཆོད། ཟླ་བ་བཞི་པའི་ཚེས་བཅུ་གསུམ་ནས་སྨྱུང་གནས། ཚེས་བཅུ་བདུན་ནས་ན་རོ་མཁའ་སྤྱོད་ཀྱི་སྒྲུབ་མཆོད། ཟླ་བ་དགུ་པའི་ཚེས་ལྔ་ནས་ཚེམ་བུ་ལུགས་ཀྱི་མ་ཎི་བུམ་སྒྲུབ་ཉིན་བདུན། ཚེས་བཅུ་བཞི་ལ་ས་སྐོར། ཟླ་བ་བཅུ་གཅིག་པའི་ནང་ཉི་ཟློག་དྲུག་བཅུ་ཉིན་ལྔ། ས་པཎ་བླ་མཆོད་ཉིན་ལྔ། དེ་ནས་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་སྡེ་དགེ་ལྷུན་གྲུབ་སྟེང་བསམ་གྲུབ་མཐོང་གྲོལ་ཆེན་མོར་ངོར་ལུགས་འཇིགས་བྱེད་དྲུག་ཅུ་དང་། ངོར་དཀྱིལ་བདུན་གྱི་སྒྲུབ་མཆོད་ལ་འདུ་བ་ཞེས་པ་དང་། མཁོན་ཕུར་བཅས་ཟིལ་དགོན་ཁག་དྲུག་ལྷན་དུ་ཚོགས་སྲོལ་ཡོད། དེ་དག་གི་ཡོན་གྱི་འབྱུང་ཁུངས་ནི། ས་ཞིང་མང་ཙམ་ཡོད་པ་དང་ཟོག་ཕྱུགས་ཤི་མེད། སྤྱི་རྐང་རྩིས་སྤྲོད་བཅས་ཡོད་པ་གྲྭ་ལོག་རྣམས་ཀྱིས་སྤྱི་པ་དང་དགོན་པའི་སྤྱི་གཡོག་མི་ཚེ་གང་དུ་བྱེད་དགོས་པའི་སྲོལ་ལྟར་སྤྱི་ཁག་གཉིས་ལ་མི་བདུན་རེ་ཙམ་ཡོད་པས་འགན་ལེན་བྱེད་སྲོལ་ཡོད། གཞན་སྡེ་འཁོར་ཀྱང་མང་ཙམ་ཡོད། བསྟན་པ་ཉམས་རྒུད་བྱུང་ཚུལ་ནི། རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོར་དགོན་པ་རྩ་བརླག་སོང་། འདུ་ཁང་དེའི་སྐབས་མཉམ་ལས་ཁང་གི་འབྲོག་ཁང་བྱས་ཏེ་ཕྱི་ཁོག་ལྷག་རྟེན་གསུམ་དང་གྲྭ་ཁང་ཚང་མ་རྩ་མེད་དུ་སོང་ངོ་། རབ་བྱུང་བཅུ་བདུན་པའི་ཆུ་ཕག་ལོར་དགོན་འདིར་ཆོས་སྒོ་ཕྱེ་ཆོག་པའི་གནང་བ་ཐོབ་པ་ནས་རིམ་བཞིན་ཡུལ་དགོན་སྐྱ་སེར་ཚང་མས་ནུས་ཤུགས་ཅི ་ཡོད་ཕྱུང་སྟེ་འདུ་ཁང་དང་གྲྭ་ཁང་རྣམས་བཟོས། ད་ལམ་འདུ་ཁང་དང་མགོན་ཁང་སྤྱི་ཁང་བཅས་དང་། གྲྭ་ཁང་བརྒྱད་ཅུ་གྱ་བརྒྱད། རྟེན་གསུམ་ཐུབ་པ་གནས་བཅུ་འཁོར་བཅས་གསེར་སྐུ། བྱམས་པའི་གསེར་སྐུ་ཐོག་བརྩེགས། གུ་རུ་པད་འབྱུང་གསེར་སྐུ་ཐོག་བརྩེགས། སྒྲོལ་སྐུ་ཐོག་བརྩེགས་ཟངས་གསེར། ས་ངོར་གཉིས་གསེར་སྐུ་མི་ཚད་ཙམ། གཞན་གསེར་སྐུ་ལི་མ་མང་ཙམ། མཆོག་སྤྲུལ་དཔལ་དབྱངས་གདུང་རྟེན་གསེར་ཟངས་མཆོད་སྡོང་མཐོ་ཚད་བདུན་པ་ཅན། གསུང་རྟེན་བཀའ་བསྟན་སོགས་པུ་ཏི་བཞི་བརྒྱ་སྐོར་ཡོད། ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་སྡེ་དགེར་ཆིབས་བསྒྱུར་གནང་སྐབས་དགོན་འདིར་ཕེབས། མཎྚལ་དགོན་པདྨ་རྫོགས་ཆེན་གླིང་ཞེས་པའི་ཕྱག་བྲིས་ཕྱག་བསྟར་གནང་། བླ་གྲྭ་ཁྱོན་བརྒྱད་བཅུ་ལྷག་བཞུགས་པས་སྔར་སྲོལ་ཚེས་དུས་སྒྲུབ་མཆོད་ཡོངས་རྫོགས་མ་ཉམས་པར་ཚུགས་ཤིང་། དགོན་པའི་བཅའ་སྒྲིག་ཀྱང་སྐྱོན་མེད་ཙམ་ངང་གནས་ཡོད། ཞེས་མཎྚལ་དགོན་གྱི་ལོ་རྒྱུས་འདི་ནི། རྫོང་སར་བ་བློ་གྲོས་ཕུན་ཚོགས་ནས་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ཉིན་བྲིས་སོ།།
[page 449] སྔོན་གྱི་དུས་སུ་གླིང་གྲོགས་མར་ཞེས་པས་བཞེངས་པའི་མཁར་དམར་པོ་དེ་ལ་ལྷ་རྙིང་ཞེས་པ་འདི་ཆགས་པ་ཡིན། དེའི་སྐབས་སུ་རྙིང་མའི་དགོན་པ་ཡིན་ལ་ཕྱིས་སུ་རབ་བྱུང་བདུན་པའི་ནང་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་མཁར་མདོ་དབང་དུ་བསྒྱུར། དེ་ནས་ས་སྐྱ་བར་སྒྱུར་བ་ཡིན། རབ་བྱུང་བརྒྱད་པའི་མེ་འབྲུག་ལོ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནས་དགོན་གནས་ལྷ་སའི་ས་འདུལ་མཛད་དེ། གུར་མགོན་སྤྲུལ་པ་གཉེར་ཆོས་སྐྱོང་བློ་གྲོས་ནས་ལྷ་གསར་བཞེངས་གྲུབ་ནས་ལོ་ལྔ་བརྒྱ་བཞི་བཅུ་ཞེ་ལྔར་ཟིན། དེ་ནས་སྡེ་དགེའི་ས་དགོན་ཉེར་ལྔ་གྲགས་པ་ལས་ཨང་གཉིས་པ་ཐོབ། སྔོན་གླིང་གི་དུས་ནས། མཁར་གསུམ་ཡོད་པའི་གནས་དེ་ལ་ཆགས་པའི་དགོན་པ་ལ་མཁར་མདོ་དགོན་ཞེས་ཟེར་བ་ནི་གནས་ཀྱི་མིང་དགོན་པ་དང་། ཡུལ་སྡེ་དཔོན་ཁག་བཅས་ལ་ཆགས་པ་ཡིན་ཞིང་། དགོན་ཐོག་མར་ཆགས་སྐབས་ཀྱི་ཆོས་ལུགས་གང་ཡིན་ལྷ་སྐུ་ལོག་བྲིས་སོགས་ལ་དཔྱད་ན་གྲུབ་མཐའ་རྙིང་མ་ཡིན་པ་དང་རྒན་རབས་ཀྱི་ངག་རྒྱུན་ལས་ཀྱང་གསལ་ལོ། གོང་གསལ་བཞིན་ཕྱིས་སུ་ས་སྐྱ་ལ་བསྒྱུར་པ་ཡིན། དགོན་ཆགས་ནས་རིག་གནས་གསར་བརྗེ་དུས་སུ་དགོན་པ་རྩ་མེད་བཏང་སོང་བ་མ་གཏོགས་ཉམས་ཆག་བྱུང་མ་མྱོང་། དགོན་པའི་གདན་རབས་ནི། ངོར་ཨེ་ཝཾ་པའི་བླ་བསྐོས་མཁོས་བསྟུན་གྱི་འབུལ་བ་སྡེ་དགེ་ཁང་ཚན་གླིང་པ་ཁང་དུ་བཀའ་འགྱུར་རྒྱུན་འདོན་ཞུ་ཆེད་དུ་འབུལ་བ་བཀའ་འགྱུར་ཆོས་རྗེ་དང་། ཆོས་རྗེ་ཆུང་བ་ཀླུ་ལྡིང་ཆོས་རྗེ་ནི་དོར་ཀླུ་ལྡིང་ནས་བླ་བསྐོས་ཕེབས་དགོས། བླ་མ་དེ་གཉིས་ནི་བླ་རབས་ནས་བླ་རབས་བསྐོས་བཞག་གནང་རྒྱུ་ལས། འཕོ་འགྱུར་གཏན་ནས་བྱེད་སྲོལ་མེད།
ཐོག་མར་ཕྲུ་གུ་གྲྭ་སར་ཞུགས་འདོད་ཅན་རྣམས་མིང་ཐོ་འགོད། དེ་ནས་ལོ་རིམ་ལྟར་ཡོན་ཏན་ལ་བསླབ་སྦྱང་དང་སྡོམ་པ་ནོད། སྡོམ་པ་ཞུས་ནས་རྩ་བཞི་དང་ཆང་བཅས་པའི་འགལ་བ་ཡོད་ན་གཏན་ནས་སྡད་མི་ཆོག དེ་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དབང་ལུང་ཁྲིད་གསུམ་གྱིས་ཕྱུག་པར་བྱ་དགོས། གྲྭ་པ་རྣམས་ཁྱིམ་པའི་ཆས་དང་། ཚོང་ཁེ་སོགས། ཁ་འཛིང་ལག་འཐབ། རྒྱས་སྤྲོ་སོགས་བྱེད་མི་ཆོག རང་ལུགས་ཀྱི་རྒྱུད་སྡེའི་དབང་ལུང་ཞུས་ནས། རྒྱུན་དུ་དཀྱིལ་འཁོར་སྒྲུབ་མཆོད་བདག་ཉིད་འཇུག་ཅིང་དབང་བླང་བ་མ་ཆག་པ་བྱ་དགོས། བསྙེན་ཚད་ལེགས་པར་མ་སོང་བར་དབང་བསྐུར་དང་རབ་གནས་ཀྱི་སློབ་དཔོན་མི་ཆོག མདོར་ན་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཀྱི་དམ་ཚིག་མིག་འབྲས་བཞིན་དུ་སྲུང་། ཕམ་པ་ལས་གཞན་རྣམས་ཕྱིར་བཅོས་བགྱིས། གལ་ཏེ་བཅས་ཁྲིམས་སོགས་འགལ་ན་ཆོས་ཁྲིམས་ཀྱིས་འོས་མཚམས་ཀྱི་ཆད་པ་བཅད། དགོན་པ་འདི་རྣམ་འདྲེན་[page 450] བརྩེ་བ་ཆེན་པོའི་རིང་ལུགས་རྨ་མེད་པར་སྔ་ནས་ད་བར་སྤེལ་བཞིན་པ་ལགས་སོ།།
དགོན་པ་འདིའི་ས་ཁྱོན་མུའུ་བརྒྱད་བཅུ་ཙམ་ཡོད་ལ། གཙུག་ལག་ཁང་གསར་རྙིང་གཉིས་ཡོད་པའི་ལྷ་ས་ཁང་ལ་རྒྱ་ཁྱོན་མུའུ་གཉིས། ཐོག་བརྩེགས་གསུམ་ཅན། དབྱིབས་གྲུ་བཞི་ལོག་བརྒྱད་ལ་དྲི་གཙང་ཁང་དུ་ཀ་བ་ཞེ་བརྒྱད། རྒྱ་མཐོངས་ཀ་རིང་བརྒྱད། སྒོ་འཁྱམ་དུ་ཀ་བ་བཞི་ཡོད་དོ། ལྷ་རྙིང་རྒྱ་ཁྱོན་མུའུ་གཅིག་ལ་ཀ་བ་ཉེར་བཞི། ཐོག་རྩེགས་གསུམ། ཁྱོན་མགོན་ཁང་དགུ། ཇ་ཁང་ཆེ་ཆུང་གཉིས། སྤྱི་ཁང་གསུམ། ཀུན་དགའ་ར་བ། འཆམ་ར། གྲྭ་ཁང་བརྒྱད་ཅུ་ཁ་ལྷག དགོན་ལས་རྒྱང་ཕྲག་ཕྱེད་ཙམ་ན་སྒྲུབ་གྲྭ་ཁང་པ་བཅུ་གསུམ་བཅས་ཡོད་དོ། བླ་གྲྭ་ལྔ་བརྒྱའི་ནང་དགེ་སློང་ཉིས་བརྒྱ་བརྒྱད་ཅུ་ཁ་ལྷག་ཡོད། ཐོབ་ཐང་ལ། སྤྲུལ་སྐུ་དང་ཆོས་རྗེ་གཉིས། དབུ་མཛད་གཉིས། ཆོས་ཁྲིམས་གཉིས། ཟུར་བླ་བཞི། རོལ་དཔོན་དང་རྒྱག་དཔོན། དུང་དཔོན། མཆོད་དཔོན་བཅས་གཉིས་རེ་ཡོད་པས་ཁྱོན་ལ་ལས་ཚན་བཅོ་བརྒྱད་ཟེར་རོ།།
ཧོར་ཟླ་དགུ་པའི་ཚེས་བཅུ་བཞི་ལ་ས་ཆེན་དུས་མཆོད་དང་། ཚེས་བཅོ་ལྔ་ལ་བསྟན་པ་རྒྱས་ཆོག ཚེས་ཉེར་བདུན་ནས་ཉེར་དགུ་བར་མགོན་པོའི་གཏོར་ཟློག ཉི་ལོག་སྐབས་འཇིགས་བྱེད་གཏོར་ཟློག་ཉིན་གཉིས། ཧོར་ཟླ་བཅུ་གཅིག་པའི་ཉེར་བདུན་ནས་ཉེར་དགུའི་བར་སེང་གདོང་མའི་གཏོར་བཟློག བཅུ་གཉིས་པའི་ཉེར་ལྔ་ནས་ཉེར་དགུའི་བར་དྲུག་ཅུ་ཆེན་མོ། དང་པོའི་ཚེས་གཅིག་ནས་བཅུ་དྲུག་པར་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད། ཚེས་བཅུ་དྲུག་ཕྱི་དྲོ་ནས་ཉེར་གསུམ་བར་མ་ཎི་དུང་སྒྲུབ། གཉིས་པའི་ཚེས་བདུན་ནས་བཅུ་དྲུག་བར་ཀུན་རིག་སྒྲུབ་མཆོད། བཞི་པའི་བརྒྱད་ནས་བཅུ་དྲུག་བར་ཀྱེེ་རྡོར། བཅུ་དྲུག་གི་ཕྱི་དྲོ་ནས་གཤེད་དམར་འཇིགས་བྱེད་སོགས་ཟླ་ཕྱེད་བར་དང་། ལྔ་པའི་བཅོ་ལྔ་ནས་དབྱར་གནས། བར་བར་དུ་སྤྱི་རིམ། ཉ་སྟོང་ལ་གསོ་སྦྱོང་། མགོན་ཁང་ཁག་ཏུ་གསོ་ཁ་དང་བླ་གྲྭ་བཅུ་གསུམ་གྱི་སྒྲོལ་ཆོག་ཆག་མེད། སྒྲུབ་མཆོད་སོ་སོའི་བཀྲ་ཤིས་དགུ་བརྩེག་བཅས་ཡོད་དོ།།
དཔལ་འབྱོར་འབྱུང་ཁུངས་ནི། འབྲི་ཆུ་ཤར་ནུབ་ཀྱི་སྡེ་འབངས་དཔོན་ཁག་གཉིས་གཙོས་པའི་སྡེ་ཤོག་བཅོ་བརྒྱད། མོ་དུད་ལྔ་བས་ཞིང་མུའུ་གཉིས་བརྒྱ་ལྔ་བཅུ། ཤི་མེད་འབྲི་སུམ་བརྒྱ་བཅས་ལ་སྤྱི་པ་ཁག་དྲུག གྲྭ་མང་ཁང་བཅས་བདུན་གྱིས་འགན་བཞེས་ཏེ་དུས་མཆོད་འགྲོ་གྲོན་བཏང་བ་དང་འཛུགས་སྐྲུན་སོགས་བྱེད་དགོས་སོ། དེ་ལྟར་སྔོན་གྱི་འཆམ་གོས་དྲུག་བཅུ། འབག་དང་བཅས་པའི་དགོན་ཕྱི་ནང་གི་དངོས་རྫས་མཐའ་དག་རིག་གནས་གསར་བརྗེའི་སྐབས་མིང་གི་ལྷག་མར་བྱས་སོ།།
སྤྱི་ལོ༡༩༨༣ལོར་མགོན་ཁང་རྙིང་པ་ཉམས་གསོ་དང་། ༡༩༨༤ལོར་ལྷ་གསར་གཙུག་ལག་གསར་བཞེངས་རྟེན་གཙོ་ཐུབ་པ། མི་འཁྲུགས་པའི་སྐུ་བརྒྱ་དང་བརྒྱད། སྒྲོལ་མ་ཉེར་གཅིག སངས་རྒྱས་[page 451] བྱང་སེམས་སྐུ་བཅུས་ལི་མ་གསར་པ་དང་། ལི་རྙིང་འཇིགས་བྱེད་སྐུ་ཁྲུ་ཚད་གཙོས་སུམ་བཅུ་ལྷག་དང་། ཙན་དན་དཀར་དམར་དང་སྨན་འདག་བཅས་པའི་སྐུ་ཉི་ཤུ། གཙོ་ཁང་དུ་ཐུབ་སྐུ་ཐོག་བརྩེགས་གཉིས་ཅན། མཆོག་ཟུང་དང་། གུ་རུ་གསུམ་ཟངས་གསེར་ལས་གྲུབ་ཐོག་བརྩེགས་གཉིས། གཟུངས་ལ་བཀའ་འགྱུར་ཆ་རེ་དང་ས་སྐྱ་པའི་བཀའ་འབུམ་ཡོངས་རྫོགས་རེ་ཡོད་དོ། མགོན་ཁང་དུ་གུར་མགོན་སྨན་འདག་ལས་གྲུབ་པ་ཐོག་བརྩེགས་ཅན་དང་ཆོས་སྐྱོང་སྐུ་བཅུ་བཅས་པ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པའོ། །ཞལ་ཐང་རིགས་ལ། རྙིང་པ་སུམ་ཅུ་དང་། གསར་པ་བརྒྱ་ལྷག གསུང་རྟེན་ལ། བཀའ་འགྱུར་ཆ་གསུམ། བསྟན་འགྱུར་ཆ་གཅིག རྒྱུད་བཏུས། སྒྲུབ་ཐབས། ལམ་འབྲས། ངོར་ཆེན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ་བཅས་ཆ་རེ་དང་། ས་སྐྱའི་བཀའ་འབུམ་ཆ་གཉིས། གསེར་བྲིས་ཀྱི་བརྒྱད་སྟོང་བཅས་བཞུགས་སོ། །སྒྲུབ་གྲྭ་བ་བཅུ་གསུམ་བཞུགས་ཁང་ལེགས་གྲུབ་དང་། ལྷ་གསར་ཁང་སྟེང་དུ་མགོན་ཁང་། མཁན་སྤྲུལ་བཞུགས་ས། ལམ་འབྲས་ལྷ་ཁང་། ཇ་ཁང་ཐོག་བརྩེགས་གཉིས་ཅན། གཉེར་ཁང་། ཇ་ཁང་ཆུང་བ་གསུམ། རིག་དངོས་ཁང་བཅས་ཡོད། རོལ་ཁང་དང་འཆམ་ར་གྲྭ་ཤག་དྲུག་ཅུ་ཁ་ལྷག་བཅས་ལྕགས་རིའི་ནང་དུ་ཚུད་ཡོད། དགེ་ཚུལ་སློང་ཆིག་བརྒྱ་སོ་གཅིག་དང་། གཞན་གོ་དྲུག་ཡོད། སྔར་བཞིན་ཆོས་རྗེ་གཉིས་སོགས་ལས་ཚན་བཅོ་བརྒྱད་དང་། དགོན་པ་བདག་གཉེར་མི་དགུ་ཡིས་རིག་དངོས་སྲུང་སྐྱོབ་དང་། མེ་འགོག གཙང་སྦྲ། རྒྱལ་གཅེས་ཆོས་གཅེས་ཀྱིས་རྒྱལ་བསྟན་མི་ཉམས་གོང་འཕེལ་ཆེད། སྒྲུབ་མཆོད་སོ་སོར་ས་བཅད་མི་སྟོང་ཙམ་དུ་ལོ་གཅིག་གི་ནང་དུ་ཉིན་དྲུག་ཅུ་ལ་འཚོགས་བཞིན་དུ་གནས་སོ།།
དགོན་པ་འདི་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་དབོན་པོ་སྤོས་བྱང་ཆུབ་གླིང་པས་བཏབས་ནས་ད་བར་ཕལ་ཆེར་ལོ་བརྒྱད་བརྒྱ་བདུན་ཅུ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་དགོན་པས་ད་ལྟ་འབྲི་གུང་སྲུང་མ་ཨ་ཕྱི་ཆོས་སྒྲོན་གསོལ་ལུགས་ལ་བལྟས་ན་ཁུངས་ལུང་ཡོད་པ་རེད་འདུག དེ་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསོལ་དཔོན་ནམ་དྲུང་རྡོ་རྗེ་རྒྱལ་མཚན་གྱིས་ས་སྐྱར་བསྒྱུར་བ་དང་། དྲུང་རྡོ་རྗེ་རྒྱལ་མཚན་ལྕགས་ར་དགོན་དུ་གཟུགས་སྐུའི་བཀོད་པ་བསྡུས་སོང་བ་དང་། ཁོང་གི་སྐུ་གདུང་མཆོད་རྟེན་ཡང་དེར་བཞུགས་ཡོད། སྡེ་དགེ་རྫོང་གི་ལོ་རྒྱུས་དེབ་ཐེར་ནང་བྱམས་པ་མགོན་པོས་སྤྱི་ལོ༡༡༣༥ལོར་བཏབས་པ་དང་གྲྭ་ཆིག་བརྒྱད་ཅུ་ཙམ་ཡོད་ཟེར་འདུག གཞན་ཡང་༡༩༣༥ལོར་བྲིས་པའི་རྒྱ་ཡིག་གི་དཔྱད་གཞིའི་ཡིག་ཆ་ཞིག་ནང་དགོན་པ་འདི་ལ་གྲྭ་སུམ་བརྒྱ་ཙམ་ཡོད་ཟེར་འདུག
[page 452] དགོན་འདི་ཆགས་ནས་བགྲང་བྱ་དགུ་བརྒྱ་ལྷག་ཙམ་གྱི་རིང་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་ཞིབ་ཕྲ་བཀོད་མི་ནུས་ཀྱང་ཕྱིས་སུ་དངོས་བཞུགས་ནི་འདི་ལྟར། འདུ་ཁང་གསུམ་དང་། མགོན་ཁང་གཅིག་སྒྲུབ་ཁང་གཅིག་ཡར་ཁང་གཅིག གྲྭ་ཁང་ལྔ་བཅུ་ང་ལྔ། དེ་ལ་ལྷ་གསར་ཁང་དུ་གཙོ་བོ་སྨན་འདམ་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ་ཐོག་བརྩེགས་ཅན་དང་། ངོར་ཆེན་ལུས་ཚད་ཅན། རྒྱ་གར་ཤར་ལི་ཐུབ་སྐུ་བྱིའུ་དྲོད་མ་ད་ལྟར་བཞུགས། གནས་བརྟན་བཅུ་དྲུག བདེ་གཤེགས་སོ་ལྔ། གུ་རུའི་ཞལ་ཐང་ཆིག་བརྒྱར་ཉེ་བ། ཀ་འཕེན། བླ་བྲེ། བཀའ་བསྟན་འགྱུར། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། ངོར་ཆེན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། མཁྱེན་བརྩེའི་བཀའ་འབུམ་སོགས་བཞུགས། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ལྷུན་གྲུབ་སྟེང་དུ་པར་དུ་སྒྲུབ་སྐབས་ལྕགས་ར་བསམ་གྲུབ་རྩེ་དང་གླིང་ནས་སྤྱན་དྲངས་པའི་བཀའ་འབུམ་ཆ་ཚང་ཚར་གཉིས་བཅས་བཀའ་འབུམ་ཆ་ཚང་ཚར་དྲུག་དང་གོ་བསྡུར་ནས་པར་གཞི་བྲིས། ཧོ་ཆོ་པད་རྡོར་གྱིས་བཞེངས་པའི་མཛད་བཅུའི་ཞལ་ཐང་དང་ཆོས་སྐྱོང་ཞལ་ཐང་ཧ་ཅང་རྩ་ཆེན་ཞིག་ལས་འགུལ་སྐབས་བླ་མ་འཇམ་དབྱངས་བཀྲ་ཤིས་ཀྱིས་ཉར་ཚགས་མཛད་པ་ད་ལྟར་བཞུགས། གསུང་འབུམ་སྐོར་པུ་ཏི་སུམ་བརྒྱ་ཙམ་བཞུགས། ལྷ་རྒན་མགོན་ཁང་དུ་སྨན་འཇིམ་གྱི་གུར་ལྷ་བརྒྱད་དང་། བཀའ་གདམས་མཆོད་རྟེན་གྲུ་གང་ལྷག་ཙམ་གཅིག་དང་། པད་སྤུངས་མ་གསུམ། པད་སྤུངས་ཉི་ཟླ་མ་གསུམ། ལྕགས་རྩེ་མ་གཉིས། རྒྱ ་གར་ལི་མའི་དགྱེས་པ་རྡོ་རྗེ། མི་འཁྲུགས་པ། སྨན་ལྷ་མཆེད་བརྒྱད། སྟོན་པ། རྡོར་སེམས། ཚེ་དཔག་མེད། འོད་དཔག་མེད། ཕྱག་རྡོར། བདེ་གཤེགས་སོ་ལྔ་ཟངས་གསེར་ལས་གྲུབ་པ་བཅས་བཞུགས། ཞལ་ཐང་སྣ་ཚོགས་ལྔ་བཅུ་ཙམ་བཞུགས།
འདུ་ཁང་གསུམ་དང་མགོན་ཁང་གཅིག་གི་ས་ཁྱོན་མུའུ་ལྔ་ལྷག་ཙམ་དང་གྲྭ་ཁང་ལྔ་བཅུ་སྐོར་ལ་ས་རྒྱ་མུའུ་ལྔ་བཅུ་ཙམ་ཡོད། བླ་གྲྭ་བརྒྱ་ལྷག་ཙམ་ལ་གྲྭ་ཞིང་མུའུ་ཕྱེད་གཉིས་རེ་ཡོད། དབྱར་གནས་སྤྱི་པ་དང་། གཞུང་སྤྱི། བསྐང་གསོ་རྒྱས་རེས་སྤྱི་པ། གཞུང་སྤྱི་སྒྲོལ་སྤྱི་བཅས་སྤྱི་ཁག་ལྔས་ལོ་གསུམ་རེའི་མཚམས་སྤྱི་རྩིས་སྤྲོད་ལེན་བྱེད་དགོས། དབྱར་སྤྱི་གཉིས་ཀྱིས་རྟེན་རྩ་ཞིང་མུའུ་ཉིས་བརྒྱ་ཙམ་དང་། དངུལ་སྐོར་ཁྲི་གསུམ། མར་རྒྱ་མ་བརྒྱད་བརྒྱ། ནས་ཁལ་ཉིས་བརྒྱ་ཙམ་རྩིས་སྤྲོད་ལེན་བྱ་དགོས། གཞུང་སྤྱི་གཉིས་ཀྱིས་ཞིང་མུའུ་བཞི་བརྒྱ་དང་། ནས་ཁལ་བརྒྱད་བརྒྱ། མར་རྒྱ་མ་ལྔ་བརྒྱ། སྒོར་བརྒྱད་སྟོང་རྩིས་སྤྲོད་ལེན་བྱེད་དགོས། དགོན་པ་གཞུང་གི་རྟེན་རྩ་དེ་ཚོ་དགོན་པ་དང་ཡོན་བདག སྤྱི་ཁག་སོ་སོས་སྤྱི་རྩིས་སྤྲོད་སྐབས་སྣོན་བཞག་བྱེད་སྲོལ་ཡོད་པ་རེད།
བསྟན་པ་ཡང་དར་གྱི་གནས་ཚུལ་ནི་ལྕགས་ར་དགོན་བསམ་གྲུབ་རྩེ་ནི་དཔལ་ལྡན་ས་སྐྱའི་དགོན་[page 453] པ་ཞིག་ཡིན་པ་དང་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་གདན་ས་གཉིས་པ་ཡིན་པ་སྡེ་དགེའི་རྒྱལ་རབས་ནང་འཁོད་ཡོད་པ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གནས་ཁྱད་པར་ཅན་གནས་མཆོག་ཞིག་ཡིན་ཡང་། རིག་གནས་གསར་བརྗེའི་སྐབས་སུ་རྟེན་དང་བརྟེན་པ་ཐམས་ཅད་རྫོང་ཡོངས་ཀྱི་དགོན་སྡེ་ཕལ་ཆེར་ལྟར་རྩ་བརླགས་གྱུར། ད་ལྟ་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་པོའི་འོག དགོན་པའི་བསྟན་བདག་བླ་མ་ཀུན་དགའ་ལེགས་གྲུབ་དང་། འཇམ་དབྱངས་བཀྲ་ཤིས། འོད་བླ་ཀརྨ་ཚེ་དབང་། ངག་དབང་རིན་ཆེན། སངས་རྒྱས། བུ་ཤེ། ཡོན་ཏན་ཉི་མ། སྦྱིན་བདག་ཀརྨ་ཚེ་དབང་། རྣམ་འབྱོར་དཔལ་བཟང་། བཀྲ་ཤིས་ཚེ་རིང་། ལྷག་པ་ཀུན་བཟང་། ངག་དབང་བློ་གྲོས་སོགས་ཀྱིས་ཞབས་འདེགས་དང་རྒྱབ་སྐྱོར་འོག འཇིགས་བྱེད་ལྷ་ཁང་དང་སྒྲུབ་ཁང་རྟེན་དང་བརྟེན་པ་བཅས་པ་བཞེངས་ཚར། སྨན་འཇིམ་ལས་གྲུབ། འཇིགས་བྱེད་ཐོག་བརྩེགས་གཅིག་ཅན་དང་། གཤིན་རྗེ། རྒྱ་ཚ། ཇག་མེ་བཅས་ཁྲི་ཙེ་ལྔ་རེ་ཅན་ཀརྨ་ཚེ་དབང་གིས་སྒོར་བརྒྱད་སྟོང་ལྷག་ཙམ་བཏང་ནས་སྦྱིན་བདག་མཛད། བླ་མ་འཇམ་དབྱངས་བཀྲ་ཤིས་ཀྱིས་བལ་པོའི་ལི་གསར་གྱི་ཕྱག་ཅཚལ་ཉེར་གཅིག་དང་གོས་ཆེན་རང་འཐག་གི་སངས་རྒྱས་སྟོང་སྐུ་མཐོ་ཚད་ཅན་ཕུལ། དམ་ཆོས་ཚེ་རིང་གིས་བལ་པོའི་ལི་གསར་གྱི་ཐུབ་དབང་སྐུ་གཅིག་དང་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བཀའ་གདམས་མཆོད་རྟེན་པད་སྤུངས་མ་མཐོ་ཚད་ཅན་གཅིག སྦུབ་ཆེན་ཡ་གཅིག དུང་དཀར་གཡས་འཁྱིལ་སོ་བཞི་ཅན་གཅིག་བཅས་གཏན་བཞག་མཛད་པ་དང་ད་དུང་ཁོང་སོགས་ཀྱིས་འཇིགས་བྱེད་ལྷ་ཁང་གི་མཚོན་དང་ནང་བཞུགས་ཀྱི་མཐུན་རྐྱེན་བསྒྲུབས། སྨན་རམས་པ་ཚེ་རིང་རྡོ་རྗེས་གསེར་དངུལ་ལས་བྲིས་པའི་གཟུངས་ཆེན་གྲ་ལྔ་སྤུས་ལེགས་གཅིག་གཏན་བཞག་བྱས།
མགོན་ཁང་དང་ལྷ་རྒན་ལྷ་ཁང་ནང་གི་ལྡེབས་རིས་གོང་འཁོད་སྦྱིན་བདག་རྣམ་པའི་བཀའ་དྲིན་ལ་བརྟེན་པའོ། ད་ལྟར་རྟེན་གྱི་གཙོ་བོ་ཐུབ་པའི་བྱིའུ་དྲོད་མ་དང་། མཛད་པ་དགུ་ཐང་དང་མགོན་པོའི་ཕལ་ཐང་གུར་ཞལ་ལྕམ་གསུམ་སྔོན་གྱི་ནང་རྟེན་ཡིན། དེ་མིན་གྱི་བཀའ་བསྟན་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་ཡིན། ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཞེངས་པའི་ལྷ་གསར་ལྷ་ཁང་མཐའ་ད་རུང་ས་ཕུང་གྱུར་ནས་ལུས་ཡོད། དགོན་པར་སྤྲུལ་སྐུ་གཉིས་དང་མཁན་པོ་གཅིག བླ་གྲྭ་ཆིག་བརྒྱ་ཞེ་དྲུག་ཡོད། (སྔོན་ཆད་གྲྭ་ཆིག་བརྒྱ་བརྒྱད་ཆུ་གྱ་ལྔ་ཡོད)ལོ་གཅིག་ནང་ཚེས་དུས་སྒྲུབ་མཆོད་ཟླ་བ་གཉིས་ལྷག་ཙམ་འཚོག་བཞིན་ཡོད་པ་དང་། རྫོང་སར་བཤད་གྲྭ་ནང་བླ་སྤྲུལ་གསུམ་ཡོད། སྒྲུབ་ཁང་སྔ་སྲོལ་ལྟར་བླ་མ་དྲུག་རེ་ཡོད། (དམ་ཆོད་ཚེ་རིང་གིས་བྲིས། )
[page 454] ཐོག་མར་ཕྱག་འདེབས་པ་པོ་ནི་གྲུབ་དབང་ཀུན་དགའ་བློ་ལྡན་གྱིས་རབ་བྱུང་བཅུ་གཅིག་པའི་ནང་ལ་རི་ཁྲོད་ཞིག་བཏབ། དེ་རྗེས་ངག་དབང་རིན་ཆེན་དང་སྡེ་དགེ་མཆོད་ཡོན་གྱིས་སྒྲུབ་གྲྭ་བཙུགས། ངག་དང་རིན་ཆེན་རྣམ་ཐར་མཁྱེན་བརྩེ་བཀའ་འབུམ་དུ་བཞུགས། རེ་ཞིག་དུས་འགྱུར་དབང་གིས་འཇིག་སོང་། སླར་དཔོན་སློབ་ངག་དབང་ལེགས་གྲུབ་ཀྱིས་རབ་བྱུང་བཅུ་བཞི་པའི་ས་རྟ་ལོར་དགོན་པ་གསར་དུ་བཏབ། དྲྭ་མ་དགོན་ཐུབ་བསྟན་མ་ཕམ་ཆོས་འཁོར་གླིང་ཞེས་མཚན་གསོལ། རྗེ་འདིས་མདོ་ཁམས་སྨད་ཕྱོགས་ས་དགོན་རྣམས་ཀྱི་འདུལ་བའི་ཕྱག་ལེན་དག་པར་མཛད། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་སོགས་བསྟན་བཅོས་ཀྱང་མང་། ཆོས་འཆད་ཉན་མང་ཙམ་མཛད། དེ་ནས་ལོ་ངོ་གསུམ་གྱི་རིང་དགོན་དེའི་འདུ་ཁང་ཆེ་ཆུང་གསུམ་དང་སྐུ་གསུང་ཐུགས་རྟེན་བཅས་བཞེངས་པ་མཛད། དེ་སྐབས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་དབུ་བླ་མཛད་ནས་རྒྱུད་སྡེ་དང་སྒྲུབ་ཐབས་བཅས་ལ་ཞུ་དག་དང་དབང་ཁྲིད་ལུང་བཅས་དུ་མ་གནང་། དེ་རྗེས་མཁན་གཞོན་ནུ་བློ་གྲོས་ཀྱིས་དགོན་པ་འདི་དང་སྡེ་དགེ་ལྷུན་འགྲུབ་སྟེང་གི་དར་གནས་མཁན་པོ་མཛད་མཁན་བསམ་གཏན་བློ་གྲོས་ཀྱི་ཡང་སྲིད་མཆོག་སྤྲུལ་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་ཞེས་པ་དགོན་དེའི་བཅའ་སྒྲིག་གཟིགས་ཞིབ་དང་དུས་མཆོད་ཀྱི་དབུ་བཞུགས་མཛད།
བཤད་སྒྲུབ་ཀྱི་སྲོལ་ནི། གོང་སྨོས་གྲུབ་ཆེན་ངག་དབང་ཀུན་དགའ་བློ་ལྡན་དང་། ངག་དབང་རིན་ཆེན། ངག་དབང་ལེགས་གྲུབ་སོགས་ཀྱི་མདོ་སྔགས་ཆོས་ཆར་རྟག་ཏུ་འབེབ་པ་དང་། ཁྱད་པར་ངག་དབང་རིན་ཆེན་གྱིས་བཏབ་པའི་དྲྭ་སྒང་སྒྲུབ་སྡེ་སློབ་བཤད་སྨིན་གྲོལ་རབ་འཕེལ་གླིང་ཞེས་པ་ཕྱིས་ཉམས་རྒུད་སོང་བར་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་རྟེན་དང་བརྟེན་པ་བསྐྱར་དུ་བཞེངས། ཐོག་མར་དཔོན་སློབ་ལྔ་བཅུ། དུས་མཐར་དཔོན་སློབ་ཉེར་བརྒྱད་ཙམ་སྒྲུབ་ཐེངས་རེ་ལོ་ལྔ་རེའི་ཡུན་ལ་ས་སྐྱའི་གསུང་ངག་ལམ་འབྲས་སོགས་སྙན་རྒྱུད་ཉམས་བཞེས་མཛད་བའི་སྒྲུབ་སྡེ་ཆེན་མོ་དེ་ཉིད་དགོན་འདི་དང་འདབས་འབྲེལ་དུ་བཞུགས། སྐུ་གསུང་ཐུགས་རྟེན་ནི། ལྷ་ཁང་དུ་རྟེན་གྱི་གཙོ་བོ་ཐུབ་པ་གཙོར་འཁོར་གསུམ་ལ་འཁོར་གནས་བརྟན་བཅུ་དྲུག་གིས་བསྐོར་བ། འཇམ་དབྱངས་དང་། བྱམས་པ་ལུས་ཚད་མ། ཚེ་དཔག་མེད་དང་རྣམ་སྣང་སོགས་མང་ངོ་།
རྗེས་ས་བཤད་སྒྲུབ་ཀྱི་བསྟན་པ་ཉམས་གུད་དུ་གྱུར་ཅིང་བསྟན་པ་མཐའ་དག་བརླག ཐ་ན་གཙུག་ལག་ཁང་དང་གྲྭ་ཤག་བཅས་ཞིག་ཤུལ་ས་ཕུང་དང་རྡོ་ཕུང་ཙམ་ལས་མེད་པར་གྱུར། ལྷག་པར་དུ་རིག་[page 455] གནས་གསར་བརྗེས་གནོད་འཚེ་ཚབ་ཆེན་ཐེབས་སོང་། ད་སྐབས་བསྟན་པ་ཉམས་གསོ་ཕྲན་ཙམ་གྲུབ་ཚུལ་ནི། དགོན་དེའི་གཙུག་ལག་ཁང་དང་འདུ་ཁང་བཅས་ཆེ་ཆུང་གསུམ། གྲྭ་ཤག་ཆེ་ཆུང་སུམ་བཅུ་ལྷག་ཙམ། སྤྱི་ཁང་གསུམ། གཉེར་པ་ཁག་གསུམ། འཁོར་ཁག་བཅུ་གསུམ་དགེ་འདུན་ཞལ་གྲངས་དྲུག་ཅུ་ལྷག་ཙམ། པར་ཁང་གཅིག་ལ་པར་ཤིང་སྟོང་ཕྲག་གཅིག་ཙམ་ཡོད་པ་དགེ། དེ་ལྟར་དྲྭ་མ་དགོན་གྱི་ལོ་རྒྱུས་བློ་གྲོས་ཕུན་ཚོགས་ཀྱིས་རབ་ལོ་དགུ་བརྒྱ་རེ་བརྒྱད་པའི་ཁྲུམས་ཟླའི་ཚེས་བཞི་ལ་བྱིས།
དགོན་པ་འདི་དང་པོ་བོན་དགོན་ཞིག་ཡིན་པར་བཤད་ཀྱང་འདེབས་པོ་དང་དུས་ཚོད་ནམ་ཡིན་ཤེས་མཁན་མེད། དེ་རྗེས་གསང་སྔགས་རྙིང་མར་འགྱུར་བའི་ཁང་རྙིང་ད་ལྟའང་ཡོད། དེའི་ལྷ་ཁང་རྙིང་སྐྱོན་ཆེ་བས་རེ་ཞིག་ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན་ནས་མདའ་ཞིག་བསྣུན་པས་ད་བར་འབྱུང་བཞིའི་འཇིག་བ་གང་གིས་མི་ཚུགས་པར་ལྷ་ཁང་གི་མིང་ལ་ལྷ་རྙིང་ངམ། ལྷ་ཁང་མདའ་བསྣུན་མར་གྲགས། དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ནས་ཡར་ཕེབས་ལམ་ས་སྐྱར་ཞལ་བསྒྱུར་གནང་སོང་ཞེས་གྲགས། དེ་ལྟར་ན་རྫོང་སར་དགོན་དང་དུས་མཚུངས་ཡིན་དགོས་པས་རབ་བྱུང་ལྔ་པའི་ཤིང་ཕག་ལོའི་སྔ་ཕྱི་ཡིན་དགོས། དེ་ནས་རབ་བྱུང་བཅུ་བཞི་པའི་ཆུ་ཕག་ལོར་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་དམག་གིས་དགོན་འདི་ལྷ་རྙིང་མ་གཏོགས་གཞན་མེར་བསྲེགས་པར་བཤད། དེ་རྗེས་རིམ་བཞིན་ཐོག་ཁང་སོགས་བསྐྲུན་པ་ཡིན་ལ། གཞན་ལྷ་ཁང་ཁག་དང་གྲྭ་ཁང་སོགས་གསར་རྒྱག་ཡིན་པར་བཤད། སྔོན་ཉག་བུས་འཇིག་པ་མ་བྱུང་བའི་སྔོན་དགོན་ཆེན་ཤིན་ཏུ་ངོ་མཚར་བ་ཡོད་སྐད་འདུག
དགོན་འདིའི་གདན་རབས་ནི། ས་སྐྱའི་སྔོན་ཇི་འདྲ་ཡིན་ཤེས་མཁན་མི་འདུག སྔོན་དགོན་འདིའི་གདན་རབས་ཀྱི་ཡིག་ཆ་ཚད་ལྡན་ཞིག་ཡོད་འདུག་ཀྱང་རྗེས་སུ་བརླག་པས་ཞིབ་ཆ་མི་ཤེས། བསྟན་བདག་ནི། ཆོས་རྗེ་བླ་བྲང་དུ། མཁར་དམར་ཆོས་རྗེ་རིམ་བྱོན་གྱིས་བཟུང་འདུག་པ་བཅོས་བསྒྱུར་མ་བྱས་སྔོན་བླ་རབས་བཅུ་གསུམ་སོང་། མཁར་དམར་ཆོས་རྗེ་ནི་མཁར་དམར་རུས་བརྒྱུད་ཞིག་ཡོད་པ་དེའི་ནང་སྐུ་ཡོན་མི་བཞི་སུ་བཟང་གདམ་སྟེ་གདན་ས་གོང་ནས་ས་སྐྱ་ཁྲི་ཆེན་གྱིས་ཐུགས་ཐག་བཅད་དགོས་སྲོལ་འདུག གཞན་ཡང་གདན་ས་འདི་ཉིད་ལ་ཕྱིས་སུ་དམ་པའི་སྐྱེས་ཆེན་དབོན་སྟོད་མཁྱེན་རབ་ཅེས་ཡོངས་སུ་གྲགས་པ་ཞིག་ཕེབས།
དགོན་འདིར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ཇི་ལྟར་ཡོད་པའི་སྐོར་ནི། འདུ་ཁང་ཆེན་མོ་ཀ་བ་བརྒྱ་ལྷག་ཅན་སོགས་ལྷ་ཁང་བཞི། ཆོས་གྲྭ་ཁང་གཅིག རྒྱ་ཁང་གཅིག་མཛོད་ཁང་གཅིག གྲྭ་ཤག་[page 456] བརྒྱ་དང་བཅུ་གསུམ་ཡོད་པ་ལས། དང་པོ་སྒྲོལ་མ་ལྷ་ཁང་དུ། ས་པཎ་དང་ཇོ་བོ། བྱམས་པ། མར་མེ་མཛད་བཞི་ཟངས་གསེར་ཐོག་བརྩེགས། དེ་ལས་ཆུང་ཙམ། སྒྲོལ་མ་ཉེར་གཅིག གནས་བརྟན་བཅུ་དྲུག་སོགས་ཤིན་ཏུ་མང་ངོ་།།
དགོན་འདིར་ཉམས་གུད་སོང་ཚུལ་ནི། ལྷ་རྙིང་དང་། འདུ་ཁང་ཆེན་མོ་སོགས་སྤྱི་ཁང་བྱས་པས་ཕྱི་ཁང་ལྷག་སོང་། དེ་མིན་རྟེན་དང་བརྟེན་པ་བཅས་རྩ་བ་ནས་རླག་སོང་ངོ་། ད་སྐབས་མཁན་ཚུལ་ཁྲིམས་བསྟན་འཛིན་སོགས་ཀྱིས་དབུ་འཛིན་འོག ཡུལ་དགོན་ཚང་མས་འབད་པ་ཆེན་པོས་ལྷ་ཁང་དང་། བཤད་གྲྭ་ཆོས་ར་གྲྭ་ཤག་བཅས་རྟེན་དང་བརྟེན་པ་ཉམས་གསོ་དང་། བླ་གྲྭ་བརྒྱ་དང་དྲུག་ཅུ་སྐོར་འདུས་པས་སྔོན་གྲོལ་ཚེས་དུས་སྒྲུབ་མཆོད་སྐོར་རྒྱུན་འཛུགས་དང་གནས་འདུག་གོ།།
དགོན་པ་འདི་སྡེ་དགེ་རྫོང་འཁོར་ལོ་མདོར་བཞུགས། ཐོག་མར་ལྷ་ལུང་པཔལ་གྱི་རྡོ་རྗེས། སྤྱི་ལོ༡༠༠༦ལོར། བོད་རྒྱལ་གླང་དར་མ་བཀྲོངས་རྗེས་མདོ་ཁམས་སུ་ཕེབས་ནས་གནས་དེར་སྒྲུབ་ཁང་གྲུ་བཞི་མ་ཀ་བ་མེད་པ་ཞིག་བཏབ། དེ་རྗེས་བཀའ་བརྒྱུད་པའི་རྗེ་གླིང་རས་པ་ཕེབས་ནས་སྒྲུབ་ཁང་དེ་ཉམས་གསོ་བྱས། དེ་རྗེས་སྒ་ཨ་གཉན་དམ་པས་རྒྱ་ནག་ཕེབས་ཞོར་མགོན་ཁང་བདུད་ལས་རྣམ་རྒྱལ་ཞེས་པ་ཞིག་བཞེངས། དུས་ཕྱིས་རབ་བྱུང་བཅུ་གཅིག་པའི་ནང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས། འདུ་ཁང་ཐུབ་བསྟན་རྣམ་རྒྱལ་གྱིས་གཙོས་རྟེན་དང་བརྟེན་པར་བཅས་པའི་ཆོས་སྡེ་འདི་ཆ་ཚང་བ་ཞིག་གྲུབ་པར་མཛད་པའོ། སྒ་གླིང་ཞེས་པའི་སྒ་ནི་བོད་མིའུ་གདུང་དྲུག་གི་ནང་གསེས། སྒའི་རུས་ལས་ཆད་པའི་མངའ་སྡེ་ལ་གནའ་བོའི་དུས་སུ་འ་ཞའི་ཡུལ་ཞེས་གྲགས་པ་ལ། གླིང་གི་ཚིག་སྨྲ་མ་ཐུབ་ནས། ལེན་ཞེས་ཟུར་ཆག་པ་ཡིན། དུས་ཕྱིས་སྒ་ལེན་ཞེས་པའི་གོ་དོན་འདི། ཨ་གཉན་དམ་པ་རྒྱ་ནག་ཕེབས་སྐབས། སྒ་ལེན་སྟེང་དུ་ཆིབས་སྒ་བླངས་པས། དེ་ལྟར་ཐོགས་ཟེར་ཡང་། འདི་ལ་ནམ་མཁའི་ནོར་བུས་ཨ་གཉན་དམ་པ་རྒྱ་ནག་ཕེབས་པ་ནས། སླར་ཡང་བོད་ཀྱི་བར་དུ་ཆིབས་ཁ་བསྒྱུར་བ་ལ། ཉི་མ་རེ་བཞིན་ཆིབས་སྒ་བླངས་ཡོད་ན། རྒྱ་བོད་ཡུལ་ཀུན་སྒ་ལེན་སྟེང་དུ་འགྱུར་ཞེས་གསུངས། དེས་ན་གནའ་དུས་སྒའི་མི་བརྒྱུད་གཙོ་བོར་གནས་ཡུལ་འ་ཞ་ཞེས་གྱ་བའི་གླིང་དེའི་ཡུལ་གྱི་དབུས་སུ་གྱུར་པས་ན། སྒ་གླིང་ཞེས་པའི་ཐ་སྙད་དུ་གྲགས། དར་མ་ཁྲི་ལ་འཁོད་རྗེས། སངས་རྒྱས་ཀྱི་བསྟན་པ་ཧ་ཅང་ཉམས་དམས་སུ་བཏང་བའི་སྐབས་དེར། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་བཀྲོངས་ཏེ། མདོ་ཁམས་ཕྱོགས་སུ་ཆིབས་ཁ་བསྒྱུར། སྒ་གླིང་སྟེང་དུ་ཞབས་པད་བཀོད་པའི་ཚེ། དེར་གནས་ཡུལ་ཕུན་སུམ་ཚོགས་པ་གཟིགས་[page 457] ནས། ཀ་བ་མེད་པའི་སྒྲུབ་ཁང་གྲུ་བཞི་མ་ཞིག་བཞེངས་ནས། ཟླ་བ་འགའ་ལ་སྒྲུབ་པ་མཛད། འ་ཞའི་བརྒྱུད་རྣམས་ཆོས་ལ་དཀར་བས། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་བསྙེན་བཀུར་ཆེན་པོ་བྱས་ཀྱང་། མ་བཞུགས་པར་ལྗོངས་འདིར་གུ་རུ་པདྨས་བྱིན་གྱིས་བརླབས་པའི་རིགས་གསུམ་ཞི་ཁྲོའི་གནས་མཆོག་དབུས་གྱི་རི་བོའི་གསང་བདག་གནས་ཕུག་ཏུ་ཕེབས་ནས། སྐུ་ཚེ་མཐར་བསྐྱལ་ཏེ་འཇའ་ལུས་འོད་སྐུར་གཤེགས་སོ།། དེ་རྗེས་གྲུབ་རྗེ་གླིང་རས་པ(ཕག་གྲུའི་བཀའ་བརྒྱུད་)སྒ་གླིང་སྟེང་དུ་ཕེབས་ནས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཁང་ཉམས་གསོ་མཛད། ཟླ་ཤས་ཡུལ་མི་རྣམས་ལའང་དམ་ཆོས་བསྟན། སྒྲུབ་ཁང་ཕྱི་ཁམས་གྲུ་བཞི་པ་ཉིད་དང་ཚད་ཉམས་པ་ཞིག་བཞེངས་ཤིང་། གནས་དེར་ཞལ་སློབ་དུ་མའང་རྗེས་སུ་བཟུང་བས། དེའི་བརྒྱུད་འཛིན་དུས་ཕྱིས་བར་དུ་བྱུང་། དེ་རྗེས་སྒ་སྟོན་ཨ་གཉན་དམ་པ་རྒྱ་ནག་ནས་བོད་དུ་ཕེབས་དུས། མདོ་ཁམས་སྒ་གླིང་སྟེང་དུ་ཞབས་པད་བཀོད་དེ། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཁང་མཇལ་དུ་བྱོན། ཉིད་ཀྱིས་མགོན་ཁང་བདུད་ལས་རྣམ་རྒྱལ་བཞེངས། དེ་ནས་བཟུང་སྟེ་གསང་སྔགས་རྙིང་མ་དང་། བཀའ་བརྒྱུད་ས་སྐྱ་བཅས་པའི་བཀའ་གསུམ་རིས་མེད་གཅིག་ཏུ་སྐྱོང་བའི་བསྟན་པ་སྒ་གླིང་ལྷ་ལུང་དཔལ་གྱི་ལུགས་དེ་བྱུང་། དུས་ཕྱིས་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེ་ལས་དགོན་ཉི་ཤུ་རྩ་ལྔ་བཞེངས་པའི་དུས། སྒ་གླིང་སྟེང་གི་འདུ་ཁང་ཐུབ་བསྟན་རྣམ་རྒྱལ་བཞེངས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཁང་དང་། གྲུབ་རྗེ་གླིང་རས་པའི་སྒྲུབ་ཁང་ཕྱི་ནང་གཉིས། གཙུག་ལག་ཁང་གི་གཙང་ཁང་དབུས་དང་གཡོན་མ་དག་ལ། བཀའ་རྙིང་ལོགས་རིས་གསལ་པོ་སྣང་། ལྷག་པར་གཙང་ཁང་གཡོན་མར་དུས་ཕྱིས་བར་གུ་རུ་ཞི་དྲག་དང་། རྗེ་འབངས་ཉེར་ལྔའི་སྐུ་བརྙན་སོགས་བཞུགས་ཤིང་། མཚན་ལ་རྙིང་མའི་ལྷ་ཁང་ཞེས་གྲགས་སོ། སྡེ་དགེ་རྒྱལ་པོས་ལྷ་སའི་སྨོན་ལམ་དཔེར་བླངས་ནས། ལྷུན་གྲུབ་སྟེང་དུ་དགོན་ཆེན་དགོན་པའི་མ་ལག་བདུན་ལྷན་དུ་འཛོམས་པའི་དྲུག་འདུ་ཆེན་མོའི་སྒྲུབ་པ་བཙུགས། སྒ་གླིང་དགོན་པའང་དེའི་གྲངས་སུ་བཞག དེ་རྗེས་རོང་པོ་ཡར་མར་གྲགས་པའི་ངོར་ཐར་རྩེ་བླ་བསྐོས་བཞུགས་པའི་སྲོལ་དར་ཞིང་། མཁས་ཤིང་གྲུབ་པའི་བླ་མ་སངས་རྒྱས་ལྷུན་གྲུབ་དང་། རོང་པོ་ཤེས་རབ་ཆོས་བཟང་། བླ་མ་ངག་དབང་དཔལ་ལྡན་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན། འོན་ཀྱང་སྔོན་ལུགས་ལྷ་ལུང་དཔལ་གྱི་རྡོ་རྗེའི་བསྟན་པ་བག་ལ་ཞ་སྟེ། དཔལ་ལྡན་ངོར་པའི་དགོན་པ་ཡིན་སྙམ་བྱེད། ཉེ་བའི་དུས་སུ་སྒ་གླིང་བླ་མ་ཀུན་དགའ་དཔལ་ལྡན་དང་། མཁྱེན་བརྩེ་ཆོས་ཀྱི་དབང་ཕྱུག་ཡབ་སྲས་སོགས། སྙིང་ཐིག་བརྒྱུད་པའི་བླ་མ་མང་པོ་བྱོན་པས། རྫོགས་པ་ཆེན་པོའི་བསྟན་པ་སླར་ཡང་དར། དེ་ལྟར་དགོན་འདི་ཆགས་ནས་ལོ་དགུ་བརྒྱ་ལྷག་གི་རིང་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པ་ཤིན་ཏུ་མང་པོ་ཡོད་ཀྱང་། གཙོ་ཆེ་བ་སྒ་གླིང་མཁྱེན་བརྩེ་སྐུ་གོང་མའི་དུས་ལ། དངོས་སུ་བཞུགས་པ་རྣམས་མཚན་ཐོ་ཙམ་བཀོད་པ་ལ། གོང་གསལ་ལྟར་[page 458] ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཞེངས་པའི་ཀ་རིང་བཞི་ཅན་གྱི་འདུ་ཁང་ཐུབ་བསྟན་རྣམ་རྒྱལ་གླིང་དང་། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཁང་། གྲུབ་རྗེ་གླིང་རས་པའི་སྒྲུབ་ཁང་ཕྱི་ནང་གཉིས། གཙུག་ལག་ཁང་གི་གཙང་ཁང་སྟེ་རྙིང་མ་བཀའ་བརྒྱུད་ས་སྐྱའི་ལྷ་ཁང་གསུམ་རོང་པོ་ཡར་མར་གྱི་ལྷ་ཁང་། སྒ་ཨ་གཉན་དམ་པའི་མགོན་ཁང་བདུད་ལས་རྣམ་རྒྱལ། དུང་འཁོར། ལྷ་ཁང་། སྒ་གླིང་མཁྱེན་བརྩེའི་ཕོ་བྲང་དང་། གྲྭ་ཤག་བརྒྱད་ཅུ་ལྷག་བཞུགས། རྟེན་གྱི་གཙོ་བོ་ཡང་། རྒྱ་གར་ལི་ཁྲའི་ཐུབ་སྐུ་ཁྲུ་གང་མ་ཟུང་དང་། སྒ་ཨ་གཉན་སྟོན་པའི་ཕྱག་བཟོས་མགོན་པོ་བྱིའུ་དྲོད་མ། (འདིའི་ཐུགས་ཀ་ལ་བྱེའུ་ཞིག་གི་དྲོད་ཡོད་པར་གྲགས། )གུ་རུ་ཞི་དྲག་སེང་གསུམ། རྡོ་རྗེ་འཇིགས་བྱེད་སོགས་ཀྱི་སྐུ་བརྙན་དང་། སྡེ་དགེའི་གཉེན་ཆེན་གད་ཐོག་བུ་གཟིག་རྗེས་འདྲ་སྐུ། རིན་པོ་ཆེའི་ཕྲ་བཀོད་ཅན་གྱི་གསེར་གདུང་། བྱ་མཁའ་ལྡིང་གིས་ཁྱེར་འོང་བར་གྲགས་པའི་སིལ་སྙན་འཛམ་གླིང་གཡས་བཞག(འདིའི་ཐོག་ཏུ་བྱ་མཁའ་ལྡིང་གི་མཆུ་ རྗེས་ཡོད་པ་གྲགས)སོགས་དང་།
ཆོས་སྡེ་འདིའི་ཚོགས་པའི་གཏོང་སྒོ་སོགས་ཡོན་གྱི་འབྱུང་ཁུངས་ནི་སྔོན་དགོན་འདིའི་ལྷ་སྡེ་བརྒྱ་ཆུ་ཤོག་གསུམ་དང་། ལེ་ཟིལ་ཤོག་གསུམ་བཅས་སྡེ་ཤོག་དྲུག་ཡོད། ད་ལྷ་ལེ་ཟིལ་ཤོག(གསུམ་ལས་མེད་)པ་དེ་དག་གིས་འབུལ་བའི་འབྲུ་རིགས་དང་མར་ཕྱུར་སོགས་དང་། བོད་ས་གནས་སྲིད་གཞུང་མདའ་དཔོན་ཁྱུང་སྟོན་གཉིས་སུ་གྲགས་པས་སྒ་གླིང་བླ་མ་ཀུན་དགའ་དཔལ་ལྡན་དབུ་བླ་བཀུར་ཞིང་། འཁོར་ལོ་མདོ་དང་། མཁར་སུམ་མདོ། དམར་རོང་ནང་སོགས་ནས་ཁྲལ་ཞིང་མང་པོ་ཕུལ་ཡོད་པ་དེ་དག་འདེབས་སྡུད་དང་། དགོན་པས་སྤྱི་བསྐུར་བའི་ལམ་ལུགས་བཟུང་སྟེ་དགོན་འདི་ལ་སྤྱི་པ་བཞི་དང་། སྤྱི་གཡོག་ཉི་ཤུ་ཙམ་ཡོད། སྤྱི་རེས་རེ་ལ་ལོ་བདུན་རེ་ཁུར་དགོས། འོན་ཀྱང་རིག་གནས་གསར་བརྗེའི་སྐབས། དགོན་འདིའི་རྟེན་དང་བརྟེན་པ་ཐམས་ཅད་བརླགས་ཏེ་མིང་གི་ལྷག་མར་གྱུར། དེང་སང་གཙུག་ལག་ཁང་གསར་བཞེངས་དང་དེའི་ནང་ཐུབ་པ་གཙོ་འཁོར་དང་། གུ་རུ་གཙོ་འཁོར་སོགས་ཀྱི་སྐུ་བརྙན་གསར་བཞེངས་དང་། གྲྭ་པ་བཞི་བཅུ་ལྷག་ཙམ་བཞུགས།།
ཡེ་ན་བཀྲ་ཤིས་ལྷ་རྩེ་ཐེག་མཆོག་ཆོས་ཀྱི་དགའ་ཚལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་པ་འདི་ཉིད་ཐོག་མར་འབྲུག་པ་བཀའ་བརྒྱུད་ཡིན་པའི་ས་སེར་བླ་མ་ཞེས་པས་དགོན་པ་བཏབ་པར་བཤད། དུས་ཚོད་མ་ངེས། དེ་རྗེས་འགྲོ་མགོན་ཆོས་འཕགས་རྒྱ་ནག་ནས་ཡར་ཕེབས་ལམ་དགོན་དེར་ཞབས་ཀྱིས་བཅགས་པས་ས་སྐྱར་འགྱུར་སོང་། དེ་ནས་སྡེ་དགེ་ཆོས་རྒྱལ་རིམ་བྱོན་དང་ངོར་གྱི་མཁན་རབས་རིམ་[page 459] བྱོན་མཆོད་ཡོན་དུ་གྱུར་པས། སྡེ་དགེའི་མངའ་འོག་ས་དགོན་རྣམས་ས་སྐྱའི་བྱེ་བྲག་ངོར་ལུགས་འཛིན་བཅུག་པ་བཞིན་དགོན་འདིའང་ངོར་ལུགས་གཙོ་བོ་ཡིན་པ་དང་གྲྭ་ས་ངོར་ཡིན། དགོན་འདི་རབ་བྱུང་བཅུ་བཞི་པའི་ཆུ་ཕག་ལོར་ཉག་རོང་མགོན་པོ་རྣམ་རྒྱལ་དམག་གིས་མེར་བསྲེག་སྐབས་གཙུག་ལག་རྙིང་པ་མཐོང་གྲོལ་ཆེན་མོར། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ནས་རབ་གནས་བྱིན་བརླབ་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་འབགས་བྱིན་ལྡན་ཞིག་ཡོད་པ། ཉག་དཔོན་ཀྱིས་དེ་ཆུ་ལ་བསྐྱུར་ཞིག་སྨྲས་པས་བསྟན་དགྲ་ཁྲོད་ཀྱིས་གར་ཁྱེར་ཡིན་ཞེས་གསུང་ལན་གསུམ་བྱོན་པས། གཙུག་ལག་སོགས་ཕལ་ཆེར་བཞག དགོན་དེར་སྡེ་དགེའི་ཕོ་བྲང་ཡོད་པ་སོགས་མེར་བསྲེག་སོང་བར་བཤད། དགོན་འདིར་བསྟན་པ་འཛིན་མཁན་ནི། སྔོན་རབས་ཀྱི་ལོ་རྒྱུས་ཞིབ་ཏུ་ཤེས་མཁན་མེད། གོང་སྨྲས་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་མཆེད་ཡ་ཀརྨ་བསམ་གྲུབ་ཀྱིས་ཀཾ་ཚང་གི་གྲུབ་མཐའ་འཛིན་ཏེ་དགོན་འདིར་གདན་ས་མཛད། གཞན་ཡང་གདན་འདི་ཉིད་བླ་མ་གྲགས་ཆེ་ཤོས་འགའ་སྨོས་ན། བླ་མ་སངས་རྒྱས་ཏིང་འཛིན་དང་། རྣམ་འབྱོར་ཀུན་དགའ་བརྩོན་འགྲུས། དེ་རྗེས་བླ་མ་བྱམས་པ་ཆོས་འཕེལ་དང་། ངག་དབང་བསོད་ནམས་དུས་མཉམ་བྱོན། བསྙེན་སྒྲུབ་མཐར་ཕྱིན། སྐུ་འཇའ་ལུས་སུ་གྲུབ། དེ་ནས་མཁན་ཚུལ་ཁྲིམས་འོད་ཟེར་ཞེས་པས་དགོན་དེར་བཤད་གྲྭ་བཙུགས། གཞུང་བཤད་རྒྱ་ཆེར་སྤེལ། སྒྲུབ་སྡེ་དྲ་མ་སྒང་དུ་ལམ་འབྲས་སོགས་གསུངས། དེ་ནས་སྤྲུལ་སྐུ་ཀུན་དགའ་འཇམ་དབྱངས་ཀྱིས་གདན་ས་བཟུང་། དེ་ནས་བླ་མ་གྲགས་པ་འབྱུང་གནས་ཞེས་དྲག་སྔགས་ཀྱི་མཐུ་ནུས་ཆེ་བ་བྱོན། དེ་ནས་སྤྲུལ་སྐུ་འཇམ་དབྱངས་ཞེས་གཡུ་སྒྲ་སྙིང་པོའི་རྣམ་རོལ་དུ་གྲགས་པ་སྨན་རྩིས་སོགས་ལ་མཁས་པ་དེ་དང་འཕགས་པ་སྤྱན་རས་གཟིགས་དངོས་བླ་མ་ཆོས་འཕེལ་རབ་རྒྱས་གཉིས་དུས་མཉམ་དུ་ཕེབས། ཕྱི་མས་ཁམས་བྱེ་བཤད་གྲྭར་སློབ་གཉེར་མཛད། གནས་མཆོག་ཛ་ལེན་ངྷ་ར་ཨོ་རྒྱས་གནས་ཕུག་ཏུ་འཇམ་དབྱངས་ཨ་ར་པ་ཙ་དུང་གཅིག་གསུང་། ལམ་འབྲས་ཚར་བཅུ་གཅིག སྒྲུབ་བཏུས་ཚར་གཅིག་སོགས་མདོ་སྔགས་གསར་རྙིང་གི་ཆོས་འཁོར་ནར་མར་བསྐོར། དམ་པ་དེ་ཉིད་ཀྱིས་ཡེ་ན་ལམ་འབྲས་ལྷ་ཁང་རྟེན་དང་བརྟེན་པ་གསར་དུ་བཞེངས། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཆོས་འཕེལ་རབ་རྒྱས་ནི་འཕགས་པ་སྤྱན་རས་གཟིགས་སྐུ་ཤ་རློན་པ་གསུངས། མེ་སྟག་ལོར་ཁྲིམས་ཁང་དུ་གཤེགས། དེ་ནས་མཆོག་སྤྲུལ་ཀུན་དགའ་ཕུན་ཚོགས་ཕེབས། སྐུ་ཚེ་ཧྲིལ་པོ་བསྙེན་སྒྲུབ་ཁོ་ན་མཛད་པ་སྟེ་གདན་རབས་རག་རིམ་དང་། དགེ་འདུན་གྱི་ཞལ་གྲངས་ནི། སྔོན་སྡེ་དགེའི་སྐུ་ཚབ་ཧོ་ཆོ་པད་རྡོར་གྱིས་སེར་ཞིབ་སྐབས་ཡེ་ན་གྲྭ་བདུན་བརྒྱ་ཡི་ཐོབ་ཁུངས་ཡོད་ཟེར། དགོན་འདི་ལ་སྔོན་རྟེན་ལྷ་ཁང་བརྟེན་པ་སྐུ་གསུང་ཐུགས་རྟེན་ཡོད་ཚུལ་ནི། ལྷ་ཁང་ཆེ་ཆུང་ལྔ། ཇ་ཁང་གཉིས། ཕོ་བྲང་གཅིག ཀུན་དགའ་ར་བ། གྲྭ་ཁང་བདུན་ཅུ་སྐོར་ཡོད། འདུ་ཁང་ཆེན་མོར།[page 460] ཐུབ་པ་རྒྱན་དྲུག་ཅན་དུས་གསུམ་སངས་རྒྱས། ལི་སྐུ་འཇམ་དབྱངས་ལུས་ཚད། སྟོན་པ་གཙོ་འཁོར་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང་བདེ་གཤེགས་སོ་ལྔ། སྒྲོལ་མ་ཉེར་གཅིག གོང་མ་རྣམ་ལྔ་རྣམས་གསེར་སྐུ་ཟངས་གསེར་མཆོད་རྟེན་ཆེ་གཅིག བཀའ་གདམས་མཆོད་རྟེན་བཅུ། ཡང་གནས་བཅུ་ཟངས་གསེར་ཆུང་གཅིག ཐུབ་པ་མུ་ཏིག་རྒྱན་ཅན་དུ་གྲགས་པའི་ལི་སྐུ་མདའ་ཚད་ཅན། ཉེར་སྲས་བརྒྱད་དང་ཕྱོགས་བཅུའི་སངས་རྒྱས་ལི་སྐུ་བཅས་དང་། ཞལ་ཐང་སྐོར། ཨོ་རྒྱན་གཙོ་འཁོར་ཞལ་ཐང་། མཛད་པ་དགུ་ཐང་ཆ་གཉིས། ངོར་དཀྱིལ་བདུན་གྱི་ཞལ་ཐང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་དཔལ་སྤུངས་སི་ཏུའི་བྲིས་རྒྱུན་ལྟར་ཐང་ཤར་ཉེར་ལྔ། ཕུར་ཐང་བྱོན་ལེགས། གསུང་རྟེན་བཀའ་འགྱུར་མི་ཉག་ཁྲོ་པར་མ། དེ་མིན་བཀའ་བསྟན་ཆ་གསུམ། ལམ་འབྲས། སྒྲུབ་བཏུས། བརྒྱུད་བཏུས། ས་སྐྱའི་བཀའ་འབུམ། ངོར་ཆེན་གསུང་འབུམ། མཁྱེན་བརྩེའི་བཀའ་འབུམ། ཞུ་ཆེན་བཀའ་འབུམ་སོགས་གླེགས་བམ་སྟོང་རྩ་ཙམ། ལྷ་ཁང་གཞན་མ་རྣམས་ལའང་དེ་མཚུངས་རྟེན་གསུམ་རོལ་ཆས་སྐོར་ཡོད། དགོན་འདིར་ཚེས་དུས་སྒྲུབ་མཆོད་སྐོར་ནི། ལོ་གཅིག་རིང་དུས་མཆོད། ས་ཆེན་དུས་མཆོད་ལམ་འབྲས་བླ་མཆོད་ཉིན་གཅིག བསྟན་པ་རྒྱས་ཆཕག་ཉིན་གཅིག འཇིགས་བྱེད་དགྲ་ནག་ཉིན་བརྒྱད། ལྷ་བསང་ཉིན་གཅིག ཕྱོགས་བཞི་འབར་མ་ཉིན་གཅིག བསང་དང་སྐང་གསོ་ཉིན་གཅིག ཚེ་དཔག་ཉིན་དགུ དྲུག་ཅུ་ཉིན་དགུ ཡང་འབར་མ་ཉིན་གཅིག སྙུངས་གནས་ཆ་བརྒྱད། ངོར་དཀྱིལ་བདུན་གྱི་སྒྲུབ་མཆོད་ཉིན་བརྒྱད། བདག་མེད་ལྷ་མོ་བཅོ་ལྔ་དང་མཁའ་སྤྱོད་ཉིན་བརྒྱད། ཡང་སྨྱུངས་གནས་ཆ་གཅིག ལོ་རིམ་ཉིན་ལྔ། གཡར་གནས་ཉིན་ལྔ་བཅུ། སྐོང་གསོ་སྒྲོལ་ཆོག་རྒྱུན་འདོན་གྲྭ་བདུན་བཅས་ཡོད། དེའི་ཡོན་སྦྱོར་ས་ཞིང་མུའུ་ལྔ་བརྒྱ་ལྷག་ཙམ་ཡོད་པ་དང་། སྤྱི་བ་མི་ལྔ་ལ་རྩིས་སྤྲོད་བཅས་ཀྱིས་ཡོན་སྦྱོར་ཆོད་ཐེབས་ཡིན། ཕྱིས་སུ་དགོན་པ་རྩ་རླག་སོང་། ལྷ་ཁང་གསུམ་སྡེ་སྤྱིའི་བདག་ཁང་བྱས་ཏེ། ཕྱི་ཁོག་ལྷག་སོང་། དེ་ནས་༡༩༨༣ལོར་དགོན་འདིར་ཆོས་ལུགས་ཀྱི་ར་བ་འཛུགས་ཆོག་པའི་གནང་བ་ཐོབ་ནས་ལྷ་ཁང་གསུམ་ཉམས་གསོས་ལ་ནང་གི་རྟེན་གསུམ་གང་མཚམས་ཐོན། གྲྭ་ཁང་ཞེ་ལྔ་ཙམ་ཡོད། བླ་གྲྭ་བརྒྱད་ཅུ་ཙམ་བཞུགས་པས་སྔར་སྲོལ་གང་ནུས་འཛིན་ཁུལ་ངང་གནས་འདུག་གོ།
དགོན་འདི་ཐོག་མར་ཕྱག་འདེབས་པ་པོའི་མཚན་བདག་ཆེན་བློ་གྲོས་རྒྱལ་མཚན་ཞུ། ཁོང་དཔོན་སློབ་ཉུང་ཤས་ཞིག་མདོ་ཁམས་ཕྱོགས་སུ་ཕེབས་པའི་དུས་སུ་སྟོང་དཔོན་འཆི་མེད་མགོན་པོ་དང་སྲས་[page 461] དགྲ་ལྷ་དབང་པོ་ཟེར་བའི་དཔོན་ཆེན་གཉིས་ཡོད་པ་དེས་བླ་མ་དཔོན་སློབ་གཉིས་ག དན་འདྲེན་ཞུས་ཏེ། ཡུལ་འདི་རུ་དགོན་པ་ཞིག་བཏབ་ན་ཡུལ་སྡེ་ཧ་ཅང་མང་པོ་ཡོང་ཞུས་པས། བླ་མས་ཤིང་ཕོ་ཁྱི་ཡི་ལོ་དེར་དགོན་པ་བཏབ་སྟེ་དཔལ་འཇམ་དབྱངས་བཀྲ་ཤིས་ཆོས་གླིང་ཞེས་མཚན་གསོལ། བདག་ཉིད་ཆེན་པོ་འདིས་སློབ་མ་འཇམ་དབྱངས་བསོད་ནམས་ཟེར་བ་དེ་དགོན་པའི་བསྟན་བདག་ཏུ་བཞག ལོ་མང་པོ་ལ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། དེ་རྗེས་བླ་བྲང་ཡར་ལོག་དང་མར་ལོག་ཟེར་བ་དེ་གཉིས་ཀྱིས་བླ་རབས་བཅུ་བར་བསྟན་པ་བཟུང་པར་གྲགས། དེ་ནས་སྟོང་དཔོན་བླ་རབས་གསུམ་གྱིས་བསྟན་པ་བཟུང་། དེ་རྗེས་ཡུལ་ལ་དགྲ་བྱུང་ནས་ཡུལ་སྡེ་ཕལ་ཆེར་གཞན་གྱིས་འཕྲོག བསྟན་པ་ལ་ཆགས་ཉམས་ཆེན་པོ་བྱུང་ནས་ལོ་མང་པོ་སོང་། དེ་ནས་གཙང་པོ་རི་ནས་བླ་མ་མངགས་ནས་ཧི་ལོ་རོ་བཅུ་ཕྲག་ཁ་ཤས་སོང་། མཚམས་དེས་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་བའི་ལོར་མཛོ་རི་བླ་མ་འཇམ་དབྱངས་ཤེས་རབ་རྫོང་མདའ་ལུང་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་སོན་དུས་གཙང་ངོ་ར་དགོན་ལ་གྲྭ་སར་བྱོན། དབང་ལུང་ཁྲིད་གསུམ་ལོ་གསུམ་དུ་ཞུས་ནས་ཕྱིར་དགོན་དུ་ཕེབས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ངང་དགུང་གྲངས་དོན་གཉིས་ལ་སྐུ་མྱ་ངན་ལས་འདས་སོ།།
རྗེས་སུ་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང་སྟེ་མིང་གི་ལྷག་མར་གྱུར་ཅིང་རྟེན་དང་བརྟེན་པ་ཐམས་ཅད་བརླགས། གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་ཞིག་ཤུལ་ས་ཕུང་དུ་གྱུར། ཡང་རིག་གནས་གསར་བརྗེ་ཞེས་པའི་སྐབས་སུ་སྐུ་གསུང་ཐུགས་རྟེན་ཅུང་ལྷག་ལུས་ཡོད་པ་རྣམས་བཤིག་ནས་མིང་མེད་དུ་སོང་། ཡིན་ནའང་དེང་ཆོས་དད་བོད་འབངས་ཀྱི་དད་པའི་རང་དབང་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག་གདན་ས་འདིའི་སྔར་གྱི་མཁན་སྤྲུལ་རིན་པོ་ཆེ་རྣམས་མི་བཞུགས་ཀྱང་། རྒྱལ་བསྟན་ཉམས་གསོ་ཆོག་པའི་སྐབས་ལ་གཙུག་ལག་ཁང་རྟེན་དང་བརྟེན་པ་རྣམས་དབུ་བཙུགས་ནས་ཉམས་གསོ་བྱེད་པ་དང་རྗེས་འཛིན་གྲྭ་པ་རྣམས་སྔོན་སྲོལ་ལྟར་དུས་མཆོད་དང་སྒྲུབ་མཆོད་རྨང་གཞི་ཙམ་ཚུགས་ནས་བཞུགས་སོ།། ད་ལྟ་གྲྭ་པ་དྲུག་ཅུ་ཙམ་འདུག་གོ།
སྤྱིར་འབར་ཅུང་ཟེར་བའི་གོ་དོན་ནི། སྔར་གྱི་འབར་ཅུང་གི་རུས་མཛོད་དུ། སོག་པོའི་རྒྱལ་པོ་ཞིག་ལ་བུ་གཉིས་ཡོད་པ་དང་། བུ་གཉིས་ནི་ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤུགས་ཀྱིས་ཕ་རོལ་གནོན་པའི་རྩོད་མེད་ཀྱི་འབར་གཉིས་སུ་གྲགས། དེའང་བུ་ཆེ་བར་འབར་རེ་དང་། ཆུང་བར་འབར་ཅུང་དུ་འབོད་པ་ཆགས། ཅུང་ནི་བརྡའ་རྙིང་གི་ཆུང་གི་དོན་དང་། སོག་པོས་ཁམས་[page 462] ཕྱོགས་འདིར་ས་བཟུང་བའི་དུས་སུ། འབར་ཅུང་ལ་བུ་བཞི་བྱུང་བའི་ཆེ་བ་རྡོ་རྗེ་ལས་འབར་ཅུང་རྡོ་ཐལ་མའི་རུས་ཆགས། བུ་གཅིག་ལས་རྩ་འབར་ཞེས་པའི་རུས་ཆགས། བུ་གཅིག་ལས་ཁྲོམ་ཐ་འབར་ཅུང་ཆགས། བུ་ཆུང་བ་ཡིད་ལྷུང་ཤུ་འུར་ཁོག་ལ་རུས་དེ་ལས་སྡེ་ཆགས། འབར་ཅུང་ཤུ་འུར་མར་གྲགས། དེ་དུས་སྡེ་དགེ་རྒྱལ་པོ་སུ་ཡིན་དང་། ཆོས་ལུགས་པ་ཡིན་ཟེར་སྲོལ་ཡོད་ཀྱང་ཆོས་ལུགས་བསྒྱུར་མཚམས་བླ་མ་སུ་ཡིན་སོགས་གསལ་བོ་འབྲི་མ་ཤེས། བར་དུ་དགོན་ས་འདི་ཐོག་མར་སྡེ་དགེའི་རྒྱལ་རབས་ཞེ་གསུམ་པ་ཁྲི་ཆེན་བློ་གྲོས་རྒྱ་མཚོའི་རིང་ལ། གཏེར་ཆེན་མཆོག་གྱུར་གླིང་པ་ཁོང་གིས་དགོན་ས་གཟིགས་པ་ན། ལོ་བརྒྱ་ཕྲག་འགའི་སྔོན་ནས་སྡེ་དགེ་རྒྱལ་རབས་གོང་མའི་མངའ་འབངས་སུ་གཏོགས་པའི་བྱང་སྨད་ཡིད་ལྷུང་མ་ཎི་གད་འགོའི་ལྷོ་ཕྱོགས། ད་ལྟ་ཤུ་འུར་ཁོག་གྲགས་པའི་ས་དེར། འབར་ཅུང་གིས་བཟུང་བའི་དུས་སུ། ཤར་རྨ་རྒྱལ་སྤོམ་རའི་གཏེར་གྱི་ལྷོའི་སྒོ་སྲུང་། མདོ་སྨད་གཏེར་གྱི་གནས་མཆོག་ཏུ་གྲགས། རི་བོ་ཤེལ་དཀར་གྱི་མཆོད་རྟེན་འདྲ་བ། ས་ལ་པདྨ་འདབ་སྟོང་བཀྲ་བའི་གནས་སུ། འབར་རེ་བླ་མ་ཆོས་དཔལ་རྒྱ་མཚོ་དང་། དཔོན་པོ་ཨ་རྒྱམ་བླ་མ་ཚེ་བརྟན་ཀྱིས་སྦྱིན་བདག་བྱས་ནས། འདུ་ཁང་བཞེངས། ས་མིང་ལྟར་ཐོག་མར་ཤུ་འུར་རེ་བཞི་དགོན་དུ་གྲགས།
ནང་རྟེན་རགས་རིམ་ནི། ཤར་བླ་ཀུན་དགའ་དཔལ་ལྡན་གྱིས། བ་སོ་ལས་གྲུབ་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་། ཙནྡན་གྱི་བཅུ་གཅིག་ཞལ། རྒྱུ་ཙནྡན་གྱི་ས་སྐྱའི་ཡི་དམ་ཡོངས་རྫོགས། གསེར་སྐུ་ཇོ་བོ་ལོ་ཀེ་ཤྭ་ར། བསམ་ཡས་རྡོ་ར་དང་གསུང་རྟེན་དུ་མ། རོལ་མོ་འཛམ་གླིང་གཡས་བཞག་དང་། རྒྱ་རོང་རོལ་མོ། གསེར་དངུལ་བཀྲ་མའི་མཆོད་ཆས། རྒྱ་གླིང་། རྐང་དུང་བཅས་ཆ་ཚང་། རྗེ་བཙུན་སྒྲོལ་མའི་སྣང་བརྙན་གྱི་ཞལ་ཐང་བདུན། ཟངས་གསེར་ལས་གྲུབ་པའི་སྒྲོལ་མའི་སྐུ་མདའ་ཚད་མ་གཅིག འཕྲིན་ལས་སྣང་བའི་ཡིག་ཆ་བདུན། དགོན་འདི་ཡི་སྐུ་རྟེན་སངས་རྒྱས་སྟོང་ཐང་གཉིས། གསུང་རྟེན་བཀའ་འགྱུར་དང་། འབུམ། གསུང་འབུམ་སོགས་མང་ངོ་།།
དགོན་པར་དར་རྒུད་བྱུང་ཚུལ་རགས་བསྡུས་ནི། རབ་བྱུང་བཅོ་ལྔ་བའི་ཤིང་རྟ་ལོར་ཤུ་འུར་ཁོག་ལ་གཞི་བརྟན་ཆགས་སུ་ཡོད་པའི་དུས་དེར། འགྱུར་ལྡོག་དང་པོ་བྱུང་རྐྱེན་ཤུ་འུར་ཁོག་ལྕགས་སྟག་ལུང་བའི་ཕུ་སྟོད་དུ། པོ་ཐོ་ཞེས་པའི་མི་ཚང་ཞིག་ཁེར་འདུག་བྱས་ཡོད་སྐབས། ཉག་རོང་བས་ཇག་བརྒྱབ་མི་བསད་ནོམ་བཀའ་ཕྱུགས་རིགས་དཀར་ནག་ཚང་མ་དེད་ནས་འགྲོ་བའི་དུས། འབར་ཅུང་གི་མྱི་ལོག་དབལ་ལིས་དམག་དཔོན་བྱས་ཏེ་འབར་དམག་གིས་འཐབ་བས། ཉག་ཇག་ཚང་མ་བསད། ཇག་པའི་རྟ་དང་ཕྱུགས་རིགས་རྒྱུ་ནོམ་བཅས་ཚུར་ལོན། ཉག་རོང་གི་འཁྱགས་ཆེན་བྱེད་གྲབས་ཀྱི་སྐབས་རབ་བྱུང་བཅོ་ལྔ་བའི་ཤིང་རྟ་ལོར་འདུ་ཁང་ཤུལ་དུ་བསྐྱུར། ནང་རྟེན་རྣམས་ཐོ་བཀལ། སྡེ་དགོན་གཉིས་ཡུལ་བྱོལ་ལ་འགྲོ་དགོས་བྱུང་། ད་ལྟ་བདེན་དཔང་ལྟ་བུ་ནི། དགོན་པ་དང་གྲྭ་ཁང་གི་གྱང་ར་ནང་ལ་[page 463] ཤིང་ཤུག་པའི་སྡོང་བོ་སྐྱེ་འདུག སྐབས་ཤིག་ལ་རྫ་ཆུ་ཁའི་སེར་ཤུལ་དང་འཇུ་བ་སོགས་ཀྱི་ས་གནས་སུ་ཆགས། ས་མེད་པའི་རྐྱེན་གྱིས་དགོན་པ་སྦྲ་དགོན་དུ་གྱུར། དགོན་ཚུགས་འཛིན་མཁན་གྱི་བླ་མ་ཡེ་ཤེས་སྙན་གྲགས་ཀུན་དགའ་བསྟན་དར་སོགས་ཡིན། དཔོན་རྣམ་རྒྱལ་རྡོ་རྗེ་འདས་ནས་མཐུ་སྟོབས་མགོན་པོ་དཔོན་ཚང་ལ་མག་པར་བསུས་ཞིང་། མཐུ་སྟོབས་སྡེ་དགེའི་བྱ་རྒོད་ཚང་གི་ཚ་བུ་ཡིན་སྟབས་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོར། ས་ཆ་དྭངས་ཁོག་ལུང་བ་འདིར་ར་སྐོར་གོང་མ་ལས་སྡེ་གཞན་སུ་མེད་པས། དྭངས་སྟོད་དུ་ར་སྐོར་གྱི་སྡེ་སྣེར་མཐུད་ནས། དང་པོ་རྩྭ་གླ་ཆུ་གླ་སྤྲོད་དགོས་བྱུང་། ར་སྐོར་དཔོན་བསོད་རྒྱལ་ནས་པ་བྷ་ལོ་པར་དཔོན་རབས་གསུམ་གྱི་རིང་ལ་ཉེ་རྒྱུད་མ་ཆད། འབར་ཅུང་གི་ཚ་བོ་ཡིན་པས་འབར་སྡེ་གཏན་ཆགས་སུ་སོང་། དྭངས་ཀྱི་གསེར་ཀ་དྲུག་མདོ་ནི་ར་སྐོར་དགོན་གྱི་དབྱར་གནས་འཚོགས་ས་ཡིན། དེ་ལ་ར་འབར་བླ་དཔོན་ཀུན་གྱི་ནང་གྲོས་སུ་འབར་ཅུང་གི་དགོན་པ་ཐོབ་ནས་མཁན་ཐུབ་ནོར་གཙོའི་ར་འབར་གཉིས་ལ་མཁན་སྤྲུལ་བདུན་ཡོད་པས་རྗེས་མར་བཤད་གྲྭ་ཆེ་བ་ཞིག་ཐུགས་ཆགས་མཛད་ཀྱང་དུས་དབང་གིས་མ་འགྲུབ། འབར་ཅུང་ལ་མཁན་ཐུབ་བསྟན་འོད་ཟེར་དང་དཔོན་མཐུ་སྟོབས་གཉིས་ཀྱིས་སྦྱིན་བདག་བྱས། རྫོགས་སྤྲུལ་དྲུག་པ་བྱང་ཆུབ་རྡོ་རྗེ་དང་། ཀླུ་ཤུལ་སྤྲུལ་སྐུ་པདྨ་བདེ་ཆེན་བཟང་པོ་གཉིས་ཀྱིས་གསེར་ཀ་དྲུག་མདོ་ལ་དགོན་ས་གཟིགས། དགོན་མིང་འབར་ཅུང་དགེ་འཕེལ་དགོན་གསོལ། ཀླུ་ཤུལ་སྤྲུལ་སྐུ་ནི་འབར་སྡེ་དགོན་གཉིས་ཀྱི་རྩ་བའི་བླ་མར་གྱུར་ཅིང་། མཁན་ཐུབ་འོད་ཀྱིས་ཀླུ་ཤུལ་སྤྲུལ་སྐུ་ལས་སྙིང་ཐིག་ཆོས་སྐོར་མང་དུ་གསན། དགོན་པའི་དུས་མཆོད་ནི། སྔར་ས་ལུགས་གཞིར་བཞག་ཐོག སྙིང་ཐིག་ཆོས་སྐོར་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་མ་ཎི་དང་། ཞིང་སྒྲུབ་བླ་མ་རིག་འཛིན་འདུས་པའི་ཚོགས་མཆོད་སོགས་རྒྱུན་ཚུགས་ནས་ས་རྙིང་འདྲེས་མར་གྱུར་ཏོ། དགོན་འདི་རིག་གནས་གསར་བརྗེའི་བར་དུ་གནས་སོ། ཆོས་ལུགས་ནི་དཔལ་ལྡན་ས་སྐྱ་རང་རྐང་དང་། ཁྱད་པར་ངོར་བའི་ཆོས་སྐོར་ཡོངས་རྫོགས། ཀརྨ་གླིང་བའི་ཆོས་སྐོར་རྒྱལ་དབང་ཀློང་ཆེན་པའི་ཆོས་སྐོར། འཇིགས་གླིང་ཆོས་སྐོར་ཡོངས་རྫོགས། རིག་འཛིན་ཉི་མ་གྲགས་པའི་ཆོས་སྐོར་ལེ་ཚན་ཁ་ཤས་གསུངས་སྲོལ་ཡོད། སྤྱི་ལོ་༡༩༨༥ལོར་སྡེ་དགེ་རྫོང་ཆོས་ལུགས་ཅུས་ཀྱིས་དགོན་པ་སླར་གསོའི་བཀའ་ཐོབ་འཕྲལ། མཁན་ཐུབ་བསྟན་འོད་ཟེར་དང་། སྤྲུལ་སྐུ་རྡོ་ཡས་གཉིས་ཀྱིས་དགེ་འདུན་སྤྱི་དང་ཡུལ་སྡེ་སྤྱི་ཡི་འདོད་བློ་ལྟར་ར་སྐོར་མཁན་ཐུབ་བསྟན་ནོར་བུ་གདན་འདྲེན་ཞུས་ནས་དགོན་ས་བཙལ་བས་ཟོ་དོར་གནམ་ལྕགས་རྩེ་དགྲའི་མདུན་ཞོལ། སྐྱིད་ཉི་མ་གཉིས་ཀྱི་འདུས་མདོ་ལས། ཉི་ལག་ཀུན་སྤང་གི་ཤར་ངོས་སུ། དུང་དཀར་གཡས་འཁྱིལ་མཚོན་པའི་ཐང་ལ་འདུ་ཁང་བརྩེགས་གཉིས་གྲུ་བཞི་མ་ཀ་བ་བཅུ་དྲུག་དང་གསེར་ཏོག་སྤེན་རྒྱན་ཅན་དང་འཁོར་ཁང་ཇ་ཁང་བཅས་བཞེངས་པས་གྲུབ་བོ། སྔར་གྱི་དགོན་མང་གཞི་བྱས་ཐུབ་བསྟན་མདོ་སྔགས་དགེ་འཕེལ་གླིང་དུ་གྲགས། དགོན་[page 464] འདིའི་ནང་རྟེན། འདུ་ཁང་ནང་སྐུ་རྟེན། བལ་བོའི་ལི་ཁྲ་དང་། ཟངས་རག་ལས་གྲུབ་པའི་སྐུ་གསར་བཞེངས། སྐུ་ཆེ་ཆུང་ཚང་མ་བཅུ་ཕྲག་གསུམ་ལྷག་ཙམ་དང་། རྡོ་ཞོའི་སྐུ་བཅུ་ཕྲག་གསུམ་ལྷག་མི་འཁྲུགས་པ། འཇམ་དབྱངས་སོགས་སྟོང་ཐང་བརྒྱད། གསུང་རྟེན་བཀའ་འགྱུར་གཉིས། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ལྔ། སྒྲུབ་ཐབས་ཀུན་བཏུས། ངོར་ཆེན་བཀའ་འབུམ། གོ་རམ་བསོད་ནམས་སེང་གེའི་བཀའ་འབུམ་བཅས་སོ། དེང་གི་དགོན་འདི་ཡི་ཡོན་གྱི་འབྱུང་ཁུངས་ནི། མཁན་ཟུར་ཀྱི་ཕྱག་རྒྱུ་ཡོངས་རྫོགས། སྤྲུལ་སྐུའི་གདུལ་བྱ། ཕྱི་སྡོད་བོད་སྤུན་མཐུ་སྟོབས་ཀྱི་སྒོར་བདུན་སྟོང་། རྒྱལ་ཁབ་ཀྱིས་དགོན་པ་ཉམས་གསོའི་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ། དགེ་འདུན་འདུ་སྒོའི་རྒྱུ་རྫས་གྲོན་རླག་མ་ཤོར་བར། དགེ་སྐོས་གཉིས་ཀྱིས་བསགས་པ། ཡུལ་སྡེའི་རང་མོས་ཀྱི་དད་པས་འབུལ་བ་བཅས་ཀྱི་ཐོན་པ་ཡིན་ནོ།།
དགོན་འདིར་དགེ་འདུན་གྱི་གྲངས་ནི། མཁན་པོ། སྤྲུལ་སྐུ། མགོན་བླ། བླ་དགེ་འདུན་འདུས་པ་ཡོངས་བཅུ་ཕྲག་བཞི་ལྷག་གིས་དགོན་འདི་ཡི་བསྟན་པའི་དོན་དུ་ཐུགས་ཁུར་ལྷོད་མེད་དུ་མཛད་པའོ།།
འགུ་ཟི་དགོན་པ་ནི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་བྱོན་དུས་ས་སྐྱ་དགོན་པ་ཞིག་ཡོད་པར་དེ་ལ་ལུགས་གཉིས་ཀྱི་འཕྲིན་ལས་ཇེ་རྒྱས་སུ་མཛད་དོ། གདན་རབས་ཀྱི་ལོ་རྒྱུས་ཤེས་མཁན་མེད་དོ། དེའང་གདན་ས་དུས་ནམ་བཏབ་པ་དང་། འདེབས་པ་པོ་སོགས་གསལ་བོ་མ་ངེས་ཀྱང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན་ཞེས་དང་། གཙང་སྙུགས་བླ་པཎ་ཆེན་ཡིན་སོགས་བཤད་སྲོལ་མང་། དེ་རྣམས་ཀྱི་དགོན་པ་སྒྲུབ་མཆོད་གསར་བཞག་དང་ཁ་འཕར། བསྟན་པ་ལ་རིམ་གཞུགས་བྱ་བའི་འཕྲིན་ལས་ཇེ་རྒྱས་མཛད་པར་མ་ཟད། ད་བཞུགས་བླ་གྲྭ་རྣམས་ཀྱིས་ཚོགས་དུས་མཆོད་སོགས་ལ་འབད་བརྩོན་ལྷོད་མེད་དུ་གནས་སོ།།
དེའང་ཐོག་མར་སྒང་སྣེ་སྡོང་ཞེས་པའི་སར་སྐྱེས་མཆོག་ནམ་མཁའི་ཆོས་རྒྱལ་གྱི་དུས་སུ་བཏབ་པར་བཤད། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རྒྱ་ནག་ཏུ་ཕེབས་སྐབས་དགོན་འདིར་བྱོན་ནས་རབ་གནས་མཛད་པ་དང་། དགོན་པའི་ཉེ་འདབས་སུ་སྐུ་འབུམ་ཅན་གྱི་མཆོད་རྟེན་ཞིག་བཞེངས་པར་སྐུ་འབུམ་མཆོད་རྟེན་ཞེས་མིང་གསལ། རྟེན་གྱི་གཙོ་བོ་མགོན་པོ་དང་ཙན་དན་སྦྲུལ་གྱི་སྙིང་པོའི་ཇོ་བོ་[page 465] སོགས་མཆིས། བར་སྐབས་སུ་མེ་ལ་ཤོར་བས་དགོན་པ་སྟོང་སྟེ་ལོ་རྒྱུས་ཞིབ་པ་མི་གསལ། དེ་རྗེས་སྔར་གྱི་དགོན་པའི་ཕ་རོལ་གཡའ་སྒང་ཞེས་པའི་སར་ད་ལྟའི་དགོན་པ་སྤོས་བ་དང་ཆོས་རྒྱུན་ཉམས་གསོ་རྒྱ་ཆེར་བྱས། གཙུག་ལག་ཁང་དང་མགོན་ཁང་། མགོན་ཁང་དུ་ཟངས་གསེར་ལས་གྲུབ་པའི་གུར་ཞལ་ལྕམ་གསུམ། གསེར་བྲིས་གྱི་བཀའ་འགྱུར་དང་། འབུམ་བཅས་བཞེངས། འོན་ཀྱང་རིག་གནས་གསར་བརྗེའི་སྐབས་སུ་དེ་དག་གཏོར་བརླག་གྱུར་ཟིན། དགོན་དེའི་ཆོས་རྗེ་ནི་དགོན་ཆེན་ཚང་གེ་བླ་བསྐོས་རེ་ལོ་ནར་མར་སྡོད་དགོས། རྒྱུན་བཞུགས་ཀྱི་གྲྭ་པའི་གྲངས་ནི་བདུན་ཅུ་ལྷག་ཙམ་མཆིས་ཤིང་། དེ་དག་ཀྱང་རབ་བྱུང་ཁྲིམས་ལྡན་ཐོས་བསམ་སྒོམ་པ་ལ་བརྩོན་པ་ཤ་སྟག་ཡིན། སྒྲུབ་མཆོད་ཀྱི་ཆོས་རྒྱུན་ནི། ཀྱེ་རྡོར། གསང་འདུས། བདེ་མཆོག སྨྱུང་གནས་ཆ་ལྔ་རེ། དབྱར་གནས་ཟླ་བ་གསུམ་ཙམ་དང་། གཞན་ཡང་ཆོ་གའི་ཕྱག་ལེན་དུ་མ་ཞིག་མཆིས་ཏེ། དེ་དག་ཀྱང་དཔལ་ས་སྐྱའི་ཕྱག་རྒྱུན་དྲི་མ་མེད་པ་ལྟར་རོ། དགོན་ཆེན་དུ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་དང་། དྲུག་ཅུའི་སྐབས་སུ་གྲྭ་གང་འོས་སུ་འགྲོ་དགོས། དགོན་འདིར་སྔར་དུས་གྲྭ་ཤག་ལྔ་བཅུ་ཙམ་ཡོད། གདན་ས་སྐྱོང་བའི་བླ་མ་གཙོ་བོ་ནི། བླ་བསྐོས་སྒང་མགོ་ཆོས་རྗེ་དང་། ཚང་བླ་སོགས་རིམ་པར་བྱོན། སྒང་བླའི་ཡང་སྲིད་ནམ་མཁའ་རྒྱལ་མཚན་ནི། ཤིང་མོ་ཕག་གི་ལོར་ཡུལ་ལི་ཐང་ཕྱོགས་སུ་འགྲོ་སྐྱབས་ཀྱི་སྡེ་རུ་སྐུ་འཁྲུངས། ཆུང་དུས་ནས་མ་ཡུམ་དང་ལྷན་དུ་ལྷ་སར་ཆོས་མཇལ་དུ་ཕེབས་ནས་སྟོད་ཀྱི་གནས་རི་རྣམས་མཇལ་ནས་ཕྱིར་ཕེབས་སྐབས། དགོན་འདིར་བྱོན་ནས་ང་རང་གི་ནོར་དྲེལ་འདི་ཡིན་ཞེས་དང་། ངེད་ཀྱི་ཞྭ་ཡང་འདི་ཡིན་ཞེས་སྒང་མགོ་བླ་མའི་རྡོར་དྲིལ་དང་དབུ་ཞྭ་བདག་འཛིན་གནང་བས་ཐམས་ཅད་ཀྱིས་སྒང་བླའི་ཡང་སྲིད་དུ་ཐག་ཆོད། རྗེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་སྒང་མགོ་བླ་མའི་ཡང་སྲིད་མ་ནོར་བ་ཡིན་ཞེས་གསུངས་ཏེ་སྒང་བླའི་མཆོག་སྤྲུལ་དུ་མངའ་གསོལ་ཁྲི་སྟོན་བྱས། རྫོགས་སར་ཁམས་བྱེའི་སློབ་གྲྭ་རུ་ཞུགས་ནས་མདོ་རྒྱུད་རྒྱ་མཚོ་ལ་སྦྱངས། དགུང་ལོ་ང་དགུ་པ་ཆུ་མོ་བྱ་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་དགུར་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན། ཕྱིས་དགོན་པ་ཉམས་གསོ་སྐོར་ལ་མཆོག་སྤྲུལ་རིན་པོ་ཆེ་ཁོང་གི་གཙོས་བསྟན་པ་ལ་ཕན་པ་སེམས་པ་རྣམས་ཀྱིས་བདག་གཅེས་གནང་ནས་གཙུག་ལག་མགོན་ཁང་དང་བཅས་ཉམས་གསོ་གྲུབ་པ་དང་། ཇོ་བོའི་སྐུ་ཐོག་ཚད་ཅན་དང་། བཀའ་འགྱུར་བསྟན་འགྱུར། སྒྲུབ་ཐབས་ཀུན་ལས་བཏུས་པ་སོགས་གསར་བསྐྲུན་དང་། འཇིགས་བྱེད། བཀའ་གདམས་མཆོད་རྟེན་ལྔ་ཙམ་རྟེན་རྙིང་ལུས་པ་ཡོད། སྒྲུབ་མཆོད་ཀྱི་རྒྱུན་ནི། མཁའ་སྤྱོད་སྒྲུབ་མཆོད། དབྱར་གནས། ས་བསྐོར་བཅས་ཡོད། བླ་གྲྭའི་གྲངས་སུམ་ཅུ་ཙམ་དང་། གྲྭ་ཤག་ཉེར་ལྔ་ཙམ་ཞིག་མཆིས་སོ། དེ་དག་གིས་ནི་འཁོར་མདོ་དགོན་གྱི་སྔོན་དང་ད་ལྟར་བྱུང་བ་རགས་ཙམ་མདོར་བསྡུས་པའི་ཚུལ་གྱིས་སྨོས་ཟིན་ཏེ་རྫོགས་སོ།།
[page 466] ཆོས་སྡེ་འདི་ཉིད་ཐོག་མར་འདེབས་པ་པོ་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་ནམ། མཚན་གཞན་འབྲི་གུང་རིན་ཆེན་དཔལ་ཞེས་གྲགས་པ་དེའི་ཞལ་སློབ་གཙོ་གྲས་གདུགས་ཐོག་བཅུ་གསུམ་གྱི་ཡ་གྱལ་དཔལ་ལྡན་བྱང་ཆུབ་གླིང་པ་ཡིན། དུས་ནི་སྐྱོབས་པ་འཇིག་རྟེན་གསུམ་མགོན་རབ་བྱུང་གཉིས་པའི་ཆུ་ཕག་ལ་འཁྲུངས་པས་རབ་བྱུང་གསུམ་པའི་ནང་ཡིན་དགོས། དཔལ་ལྡན་བྱང་ཆུབ་གླིང་པའི་རྣམ་ཐར་དཀོན་པས་ཡིག་རྙིང་ལས་འདི་ལྟར་འབྱུང་སྟེ། ཡུལ་ཁམས་ཀྱི་འབྲི་རྒྱུད་གསང་དབང་གྲོང་མཐའ་ཚེ་གནས་ཁང་མཁར་སྐྱ་རུ་ཡབ་སྣ་ཨ་གྲོ་ཆ་སྟོན་པ་ཨ་ས་ཞེས་པ་རྟ་མགྲིན་ལ་ཡི་དམ་བྱེད་པ་དེ་དང་། ཡུམ་ཉག་བྲོ་ཟ་དགེ་མ་ཐན་མོ་བྱ་བའི་ལྷུམས་སུ་ཞུགས་པའི་དུས། ཡི་གེ་དྲུག་པའི་སྒྲ་དྲུང་དུ་ཉེ་བ་རྣམས་ཀྱིས་ཐོས། སྐུ་འཁྲུངས་ནས་ཞག་གསུམ་སོང་བ་ན་དབུལ་བའི་སྟབས་ཀྱིས་མ་ཟས་འཚོལ་དུ་ཕྱིན་ཡང་མ་རྙེད་ནས་ཕྱིར་འཁོར་བ་ལ་ཨ་མ་ཁྱེད་གར་སོང་ཟེར། མས་ཁྱེད་ལ་སྦྱིན་རྒྱུའི་ཟས་འཚོལ་དུ་སོང་ཡང་མ་རྙེད་བྱས། བུས་ང་ཁུར་ནས་འགྲོ་དང་རྙེད་གསུངས་པས། ཕྱི་ཉིན་ཡུམ་གྱིས་ཁུར་ནས་མཁར་ཞིག་གི་སྒོར་བཞུགས་པ་ལ་དེར་བྱུང་མགྲོན་པོ་རྣམས་ཀྱིས་གང་ནས་ཡིན་ཅི་བྱེད་བྱས་པས། འཆི་བ་མེད་ཡིན་ཞེས་བརྗོད་དེ་མ་ཎི་གསུངས་པས་ཁ་ཅིག་ཐེ་ཚོམ་དུ་གྱུར། འགའ་ཞིག་གི་བྱང་ཆུབ་སེམས་དཔའ་ཡིན་ངེས་ཟེར་ནས་བཟའ་བ་མང་པོ་ཕུལ། དེ་ནས་དགུང་ལོ་དགུ་བཞེས་པ་ན། ཡབ་ཀྱི་རྟ་མགྲིན་ཐུགས་དྲིལ་གནང་། དགུང་ལོ་བཅུ་གསུམ་པར་གནམ་མཚོ་སོ་མོ་དོ་བའི་གྲུབ་ཐོབ་བཀྲ་ཤིས་རིན་ཆེན་བའི་དྲུང་དུ་བྱོན་པ་ལ། འབྲོག་ནས་བརྒྱུད་དུས་མགྲོན་ཐམས་ཅད་ལ་ལམ་དུ་དགེ་མི་དགེ་ལ་སོགས་རྣམས་ཁོང་ལ་དྲིས་པས། སོ་མོ་དོ་པའི་ཞལ་ནས་འདིས་ཅི་གསུངས་པ་བདེན་པར་འདུག་པས་ཐ་མལ་པ་མ་ཡིན་ཞེས་གསུངས་ནས་ཁོ་རང་གི་རྟ་ལ་བསྐྱོན་ཏེ་ཁོང་གི་ཅི་གསུངས་ལྟར་བགྱིས་ཏེ་བྱོན་ནས། ཐམས་ཅད་མགོ་ཐོན་པར་འབྲི་གུང་དུ་སླེབས། ཆོས་རྗེ་འཇིག་རྟེན་གསུམ་གྱི་མགོན་པོ(༡༡༤༣~༡༢༡༧)དང་མཇལ་ནས་དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། ཆོས་དང་གདམས་ངག་རྫོགས་པར་གནང་ཞིང་། ཐུགས་ཉམས་སུ་བཞེས་པས་ཡུན་རིང་པོ་མ་ལོན་པར་གྲུབ་པ་བརྙེས་ཤིང་། བླ་མ་བདེ་མཆོག་ཏུ་གཟིགས་ལ། བླ་མས་ཀྱང་ཕྱག་རྡོར་དུ་གཟིགས་པའི་ལོ་རྒྱུས་སོགས་མང་དུ་ཡོད། ཐིལ་དུ་ནད་ཡམས་ཆེན་པོ་ཞིག་བྱུང་བ་ལ་འཇིག་རྟེན་མགོན་པོས་སྦྱིན་སྲེག་གྱིས་གསུངས་ནས་སྦྱིན་སྲེག་མཛད་པས་ནད་ཡམས་ཆད་པ་བྱུང་། སྒྲུབ་པ་མཛད་པའི་ཚེ་རྣམ་རྒྱལ་བུམ་པ་ལ་བརྟེན་ནས་གསང་བ་འདུས་པའི་ལྷ་ཚོགས་ཞལ་གཟིགས། སངས་རྒྱས་སྟོང་རྩ་གཉིས་གཙོ་བོ་ཤྰཀྱ་ཐུབ་པས་མཛད་ནས་རེ་རེས་ཀྱང་འཁོར་[page 467] མི་འདྲ་བ་རེ་བསྟན་པ་བཅས་གཟིགས་སོ། དེ་ནས་བལ་པོའི་རྒྱལ་པོས་སྤྱན་དྲངས་ནས་སངས་རྒྱས་ཀྱི་ཚེམས་དང་། བྱང་ཆུབ་ཤིང་རས་ཀྱི་ན་བཟའ་སོགས་དངོས་པོ་མང་པོ་ཕུལ། དེ་རྗེས་བྱང་གི་འཕྲུ་གཙུག་ཏུ་དགོན་པ་བཞེངས་ནས་བཞུགས་པའི་ཚེ་མདོ་སྨད་ནས་འབུལ་སྐྱེལ་སོགས་ཀྱི་བསྙེན་བཀུར་དཔག་ཏུ་མེད་པ་བྱུང་ནས། འབྲི་གུང་ཐིལ་གྱི་གདན་ས་ལ་གནད་ཀྱི་དོགས་ནས་ཁམས་སུ་འབྱོན་པར་བཞེས་པའི་ཚེ། ཁམས་ཀྱི་གཞི་བདག་དབུ་ཆེ་བྲག་དཀར་གྱིས་གདན་དྲངས་ནས་བྱོན་པའི་ཚེ་རྡོ་ཆེ་ཆུང་ཐམས་ཅད་མཆོད་རྟེན་དུ་གྱུར། ཕྱིས་སུ་མི་རྡོ་མཆོད་ནང་ཟེར། དེ་ནས་དབུ་ཆེ་བྲག་དཀར་གྱི་འདབས་སུ་ཕ་པང་དཔལ་སྤུངས་དུ་དཔལ་ལྡན་བྱང་ཆུབ་གླིང་ཞེས་པའི་དགོན་པ་ཕྱག་བཏབ། དེ་ལས་གྱེས་པའི་བྲག་ནག་དགོན་དང་། དབུ་ཆེ་དགོན། དཔེ་ཝར་དགོན་སོགས་ལ་དགེ་འདུན་ཁྲི་ཚོ་དུ་མ་འདུས། དགོན་དེ་དག་དང་ཉེ་བའི་ཐང་ཞིག་ལ་ཆོས་ཁྲི་བརྩིགས་ནས་རྒྱུ་འབྲས་ཀྱི་ཆོས་དུ་མ་གསུངས། དེང་སང་ཡང་ཐང་དེ་ལ་ཆོས་ཁྲི་ཐང་ཞེས་ཟེར། དེ་ནས་རབ་སྒ་དང་། ལི་ཐང་། ཨ་ལྡན། འགའ་ཐག མགོ་རོད། འབའ་ཐང་། རྒོད་ལུང་། དྲ་འབོས། རོག་མོ་བ། འཕེལ་གཉེ་བ་རྣམས་སུ་བྱོན་ནས་དགོན་པ་མང་དུ་བཏབ་ཅིང་། སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་མཛད་དོ། དེ་ལ་སློབ་མ་ཡང་མང་དུ་བྱུང་སྟེ་ཁྱད་པར་བུ་ཆེན་དཔལ་བཞི་ནི། འོད་ཟེར་དཔལ། རྒྱལ་མཚན་ཞེས་དཔལ་གཉིས་དབོན་བརྒྱུད་དང་། གཞོན་ནུ་དཔལ། ཙནྡན་དཔལ་གཉིས་གྲྭ་རྒྱུད་རིམ་པས་བསྐྱངས། གཞན་ཡང་རིན་ཆེན་རྡོ་རྗེ། རྡོ་རྗེ་རིན་ཆེན། ཤྰཀྱ་རྡོ་རྗེ་དབང་ཕྱུག་རྡོ་རྗེ། བསོད་ནམས་རིན་ཆེན། རྡོ་རྗེ་རྒྱལ་མཚན་བཅས་ཡོན་ཏན་ཅན་ཤ་སྟག་གོ སློབ་རྒྱུད་ཀྱང་ཤིན་ཏུ་མང་ཞིང་ཁྱད་པར་འོད་ཟེར་དཔལ་ལ་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་སོགས་སོ། ཞེས་འབྱུང་། བྱང་ཆུབ་གླིང་པ་འདི་སྐྱོབས་པ་འཇིན་རྟེན་གསུམ་མགོན་གྱི་དབོན་པོ་ཡིན་པ་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གསུངས། དམ་པ་འདི་ཉིད་སྐུ་ཚེ་སྨད་དུ་དཔེ་ཝར་དགོན་དུ་རྩ་བའི་གདན་ས་མཛད་པར་བཤད་ཅིང་སློབ་བརྒྱུད་དང་བཅས་པས་བསྟན་པ་མི་ལོ་བརྒྱ་ལྷག་ཙམ་བསྐྱངས། དེ་སྐབས་གོང་དུ་སྨོས་པའི་བྱང་གླིང་རྣམ་ཐར་གྱི་ཚིག་ཟུར་ལ་དཔྱད་པ་དང་། གནའ་གཏམ་ལྟར་ན་དགེ་འདུན་ཁྲི་ཚོ་འདུས་པའི་དར་ཁྱབ་ཆེ་བར་བཤད། དེ་ནས་འབྲི་གུང་གླིང་ལོག་བྱུང་ནས་གདན་ས་འདི་ཉིད་དང་ཉེ་སྐོར་དཔལ་སྤུངས་ལྕགས་ར་སོགས་ས་སྐྱར་བསྒྱུར་སོང་བ་མངོན། ས་སྐྱར་འགྱུར་ནས་ཕྱིས་སུ་དར་རྒྱས་ཆེ་ཙམ་ཡོད་པར་མངོན་ཏེ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྣམ་ཐར་ལས། དཔེ་ཝར་བྱང་ཆུབ་གླིང་པས་བཏབ། སངས་རྒྱས་སེང་གེའི་སློབ་མ་ཞིག་གི་ཉམས་གསོ་མཛད། གྲྭ་སྟོབས་དང་ཆོ་ག་ལག་ལེན་སོགས་འཁོད་འདུག་གོ།།
ཆོས་སྡེ་འདི་ཉིད་ལ་རྟེན་ལྷ་ཁང་བརྟེན་པ་སྐུ་གསུང་ཐུགས་རྟེན་ཅི་ཡོད་ནི། སྔོན་འབྲི་གུང་གི་དུས་སུ་གཞི་ཁྱོན་ཆེ་ཞིང་། གཙུག་ལག་ཁང་གྲངས་མང་ཡོད་ཚོད་འདུག་ཀྱང་། དུས་འགྱུར་དབང་གིས་[page 468] ཕལ་ཆེར་མི་མངོན་དབྱིངས་སུ་བག་ལ་ཞ། ༡༩༥༩ལོ་བར་དངོས་སུ་ཡོད་པའི་གཙུག་ལག་ཁང་བྱང་ཆུབ་ཆོས་འཁོར་གླིང་ངམ་ཡོངས་གྲགས་ལ་ལྷ་རྒན་ཞེས་ཀ་བ་སུམ་ཅུ་སོ་དྲུག་ཅན། ལྡེབ་རིས་ལ། དུས་གསུམ་གྱི་སངས་རྒྱས་ལ་འཁོར་གནས་བརྟན་བཅུ་དྲུག འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི། རྡོ་རྗེ་འཆང་ཏེེ་ལོ། ནྰ་རོ། མར་མི་དྭགས་གསུམ། ཕག་གྲུ་དང་འབྲི་གུང་རིན་ཆེན་དཔལ་གྱི་རྣམ་ཐར། ཕྱོགས་གཡས་གཡོན་དུ་གུ་རུ་མཚན་བརྒྱད། གུ་རུ་རིན་པོ་ཆེའི་རྣམ་ཐར་པད་མ་བཀའ་ཐང་། མདུན་ཕྱོགས་སྒྲོལ་མ་ཉེར་གཅིག སྤྱན་རས་གཟིགས་ཀྱི་ཞིང་བཀོད་སོགས་དང་། བཀའ་གཏེར་སྲུང་མའི་ཚོགས་དང་ཨ་ཕྱི་ཆོས་སྒྲོན། ནོར་ལྷ་གཏེར་བདག་བཅས་ཧ་ཅང་རྙིང་ཆགས་བྱིན་རླབས་ཀྱི་གཟི་འོད་འབར་བའི་ནང་། སྐུ་རྟེན་གུ་རུའི་སྨན་སྐུ་ཐོག་ཚད། ཐང་སྟོང་རྒྱལ་པོའི་སྐུ་ཚབ་ཉེར་ལྔའི་གྲས་མདའ་ཚད། མི་འཁྲུགས་སྟོང་སྐུ། གུ་རུའི་རྣམ་ཐར་ཞལ་ཐང་གྲངས་ཚང་། གཞན་ཡང་ཞལ་ཐང་སྣ་ཚོགས་བཅས་བསྡོམས་གྲངས་སྐོར། གསུང་བརྟེན་ལི་ཐང་ཁྲོ་པར་བཀའ་འགྱུར་རིན་པོ་ཆེ། སྡེ་དགེའི་པར་མ་འབུམ། སྒྲུབ་ཐབས་ཀུན་བཏུས་སོགས་ཤིན་ཏུ་མང་ངོ་།།
དགོན་འདི་ཉིད་ཀྱི་གདན་རབས་རག་རིམ་ནི། སྔོན་འབྲི་གུང་གི་དུས་དཔལ་ལྡན་བྱང་ཆུབ་གླིང་པ། འབྲི་གུང་གླིང་ལོག་བྱུང་རྗེས་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་སྐབས། ངོར་མཁན་ཆེན་དཔལ་མཆོག་རྒྱལ་མཚན། རྟ་ནག་མཁན་ཆེན་བཟང་པོ་རྒྱལ་མཚན། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་དང་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། སི་ཏུ་ཆོས་ཀྱི་འབྱུང་གནས། དཔལ་སྤུངས་རྗེ་དབོན། གྲུབ་ཐོབ་རྟ་མགྲིན་མགོན་པོ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་དམ་པ་མང་པོས་ཞབས་ཀྱིས་བཅག་ཤིང་བྱིན་གྱིས་བརླབས་པར་མ་ཟད་གདན་ས་འདི་ཉིད་ཀྱི་བསྟན་པར་མཛད་རྗེས་ཅི་རིགས་བཞག ཁྱད་པར་གདན་ས་འདི་ཉིད་ཀྱི་གདན་རབས་བསྟར་ཆགས་སུ་མ་ངེས་ཀྱང་། གཙོ་ཆེ་བ་རྣམས་ཀྱི་མཚན་ཐོ་སྨོས་ན། གྲུབ་དབང་བླ་མ་དཔལ་ལྡན། སྒྲུབ་བརྩོན་བླ་མ་དཔལ་ལྡན། སྒྲུབ་བརྩོན་བླ་མ་དམ་པ་པདྨ་རིན་ཆེན། བླ་མ་རིན་ཆེན་རྒྱལ་མཚན། བླ་མ་པདྨ་བསོད་ནམས། བླ་མ་ཚེ་རིང་བཀྲ་ཤིས། བླ་མ་ངག་དབང་འཇམ་དཔལ། མཁན་པོ་བསྟན་འཛིན་རབ་རྒྱས། བླ་མ་བློ་གྲོས་མཚུངས་མེད། བླ་མ་བྲམ་ཚེ་པཎ་ཆེན་བར་གྱིས་ཆོས་སྡེ་འདིར་འཛིན་སྐྱོང་སྤེལ་བར་མཛད། གོང་གི་བླ་མ་པདྨའི་མཚན་ཅན་འདི་རྣམས། བར་སྐབས་ཤིག་ཏུ་ཆོས་སྡེ་འདིའི་བསྟན་སྲིད་ལ་བར་གསེང་ཅུང་ཟད་ཀྱིས་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་བཞུགས་པ་སྡེ་དགེའི་གཉེར་ཆེན་ཧོ་ཆོ་པད་རྡོར་སོགས་ཀྱིས་གྲྭ་ཞིབ་མཛད་དེ། སླར་ཡང་མངའ་ཞབས་སུ་ཚུར་འདུས་ཤིང་མངའ་ཐང་གྲུ་བཞི་ལམ་མེར་བ་བྱུང་། དེ་ནས་ཆོས་སྡེ་འདི་ཉིད་ཀྱི་གསོལ་བ་བཏབ་པ་བཞིན་རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་བསོད་[page 469] ནམས་ལེགས་པའི་དབང་པོ་ཉིད་བསྟན་བདག་ཏུ་མངའ་གསོལ་ཏེ་གདན་ས་མཛད་པ་ནི་སྤྲུལ་སྐུའི་བསྟན་བདག་མཛད་པའི་སྲོལ་ཐོག་མ་ཡིན། དམ་པ་རྡོ་རྗེ་འཆང་འདི་ཉིད་ཀྱི་རྣམ་ཐར་ཅུང་ཟད་སྨོས་ན། རབ་རྒྱལ་ཆུ་བྱ་ས་ཟླའི་དུས་ཚེས་བཟང་པོར་མདོ་ཁམས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་ཉེ་འདབས་སུ་འཁྲུངས། དགུང་ལོ་ལྔ་ལོན་ནས་ཐར་རྩེ་ཞབས་དྲུང་ཀུན་དགའ་བསྟན་པའི་ཉི་མའི་ཡང་སྲིད་དུ་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ངོས་འཛིན་གནང་སྟེ་དཔེ་ཝར་དགོན་གྱི་བསྟན་བདག་དུ་མངའ་གསོལ་བ་ཡིན། སྐྱབས་སྡོམས་སྐབས་མཚན་ཀུན་དགའ་བསོད་ནམས་རབ་རྒྱས་དང་བྱང་སྡོམ་སྐབས་ཀྱི་མཚན་པདྨའི་མྱུ་གུ་རྩལ་གསོལ། དགུང་ལོ་ཉེར་གསུམ་སྟེང་དབུས་གཙང་སྒྲུབ་གནས་ཉེར་གཅིག་དང་ཆོས་འཁོར་རྣམ་གསུམ་སོགས་གནས་གཟིགས་དང་ཆབས་ཅིག་ངོར་དུ་གྲྭ་སར་ཕེབས། ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་མདུན་ལམ་འབྲས་ཚོགས་བཤད་དང་སེམས་བསྐྱེད། ཚིག་གསུམ་རིམ་གནོད་ཀྱིས་བསྙེན་རྫོགས་སོགས་གསན། ཕྱིས་སུ་སོ་ཐར་ཚངས་སྤྱོད་ཀྱི་བསླབ་པ་ཕུལ་ཏེ། དགེ་བསྙེན་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། རྗེ་འདི་ཉིད་ཀྱིས་སྡེ་དགེ་ལྷུན་གྲུབ་སྟེང་གཙུག་ལག་མཐོང་གྲོལ་ཆེན་མོ་ཉམས་ཆག་བྱུང་སྐབས། སྐུ་གསུང་ཐུགས་རྟེན་མཆོད་པའི་ཡོ་བྱད་ཤིན་ཏུ་རྩ་ཆེན་རིགས་རྣམ་གྲངས་བདུན་བརྒྱ་ཙམ་ཐབས་ཀྱིས་བླངས་ཏེ་དགོན་པར་ཕུལ། གཡུ་འབྲུག་ལྷ་ཁང་རྟེན་དང་བརྟེན་པ་ཉམས་གསོ་དང་། བདུད་འདུལ་མཆོད་རྟེན་གསར་དུ་བཞེངས། དགོན་ཆེན་ལྗོངས་རྒྱུའི་རྣམ་ཐར་འཁྲབ་ཆས་དང་། ཕུར་པའི་གར་འཆམས་ལ་ཞབས་འདེབས་གནང་། རྗེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུངས་འབུམ་པོད་བཅོ་ལྔ་འཚོལ་སྡུད་དང་ཤིང་པར་དུ་བསྐྲུན། གཙོ་བོར་གདན་ས་དཔེ་ཝར་དགོན་རྟེན་དང་བརྟེན་པར་ཉམས་གསོ། ཚེས་དུས་སྒྲུབ་མཆོད་གསར་བཙུགས། གྲྭ་ཆུང་སློབ་གྲྭ་གསར་འཛུགས་དང་། སྒྲུབ་ཁང་གསར་རྒྱག་སོགས་བགྱིད་བཞིན་པས་བཤད་སྒྲུབ་ཀྱི་བྱ་བ་རྟག་ཏུ་ཐུགས་ཁུར་ཆེན་པོ་བཞེས་བཞིན་པ་དང་། རྒྱ་གར་དང་བལ་ཡུལ་གནས་གཟིགས་ཐེངས་གསུམ། འབྲུག སིང་ག་པོ། ཧོང་ཀང་རྣམས་སུ་ལན་གཉིས་རེ། ཨ་རི། དབྱིན་ཇི། ཁེ་ན་ཏྲ་རྣམས་སུ་ལན་རེར་ཕེབས་ཏེ་དད་ལྡན་རྣམས་ལ་ཆོས་འབྲེལ་ཅི་རིགས་གནང་། ཕྱིས་སུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཅུས་སུ་བསྟན་འགྱུར་ཀློག་པར་དུ་བསྐྲུན་པའི་ཕྱག་འགན་བཞེས་ཏེ་ཁྲི་ཏུར་བཞུགས། དེའི་ཞར་ལ་དཔེ་རྒྱུན་དཀོན་པའི་གསུང་རབས་འབོར་ཆེན་ཀློག་པར་དུ་བསྐྲུན་པའི་བསྟན་པ་ལ་བཀའ་དྲིན་ཆེ། ལྗགས་རྩོམ་སྐོར། ས་སྐྱའི་གྲུབ་མཐའ། རྩ་གསུམ་སྦྱིན་བསྲེག་དང་གཤིན་ཆོག་སྐོར། བསང་མཆོད་སྐོར། པར་བྱང་སྨོན་ཚིག་སྐོར་སོགས་བཞུགས། དེ་ལྟར་གདན་རབས་རག་རིམ་སོང་ནས་སྔོན་བཅོས་བསྒྱུར་མ་བྱས་སྔོན་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་ལྷག་ཡོད།
[page 470] བཤད་སྒྲུབ་ཀྱི་སྲོལ་ནི། སྔོན་བྱང་གླིང་གི་སྐབས་འཆད་ཉན་སྒོམ་སྒྲུབ་ཁོ་ན་བརྩོན། ཕྱིས་སུ་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས། བཤད་གྲྭ་ཐོག་མར་བཙུགས་སྐབས་ཆོས་སྡེ་འདིའི་མཁན་པོ་བསྟན་འཛིན་རབ་རྒྱས་ཀྱིས་གསན་སྦྱོང་མཛད་ནས་འདུལ་བ་བཞི་གསུམ་གྱི་ཕྱག་བཞེས་དང་། གཞུང་གི་བཤད་པ་གནང་ནས་བློ་གྲོས་ཀྱི་མིག་གསར་དུ་བསྐྲུན་པས་བཀའ་དྲིན་ཆེ། སྔར་སྲོལ་ལྟར་གྲྭ་བ་རྣམས་ལོ་ཉི་ཤུ་ལོན་དུས། ངོར་ཨེ་ཝཾ་ཆོས་ལྡན་དུ་གྲྭ་སར་ཕེབས། འབྱུང་འདུལ་དང་། ཀྱེེ་རྡོར་གཞི་བསྟེན། ཀུན་རིག་གཞི་བསྙེན་གྱི་སྒྲུབ་པ་བྱེད། དུས་མཆོད་ནི། བོད་ཟླ་དགུ་པའི་ཚེས་བཅུ་བཞི་ལ་བརྩེ་ཆེན་ཀུན་དགའ་སྙིང་པོའི་དུས་མཆོད་ལམ་འབྲས་བླ་མཆོད་དང་། ས་བསྐོར་སེར་ཕྲེང་རྒྱས་སྤྲོས། བསྐར་གསོ་བཅས་དང་། དེ་ནས་རྒྱལ་བཀའ་རིན་པོ་ཆེ་དག་སྒྲོགས་དང་། ཉིན་ཤས་ཞབས་བརྟན་རིམ་གྲོ་སྐོར་འཚོགས་དགོས། ཉི་ལྡོག་སྐབས་དྲུག་ཅུ་ཉིན་གསུམ་དང་། སྒྲོལ་མ་གཡུལ་བཟློག་དང་། ཟླ་བ་བཅུ་གཉིས་པའི་ཚེར་ཉེར་ལྔ་ནས་ཉེར་དགུ་བར་འཇིགས་བྱེད་དྲུག་ཅུ་ཆེན་མོ་གཏོར་བརྒྱག་འཆམ་བཅས། ཚེས་སུམ་ཅུ་ཉིན་རྣམ་རྒྱལ་སྟོང་མཆོད། ལོ་གསར་ཚེས་གཅིག་ཉིན་ལམ་འབྲས་བླ་མཆོད། ཚེས་གཉིས་ནས་བཅུ་བར་རྡུལ་ཚོན་ལ་བརྟེན་བའི་ཀྱེེ་རྡོར་སྒྲུབ་མཆོད་ལས་བཞིའི་སྦྱིན་སྲེག་བཅས། ཚེས་བཅུ་གཉིས་ནས་སྨྱུང་གནས་ཆ་གཉིས། དེ་མཚམས་སྣ་སེལ་སྒྲོལ་མ་གཡུལ་བཟློག་དང་། རཏྣ་གླིང་པའི་ཟབ་གཏེར་ཐུགས་རྗེ་གསང་འདུས་སྒྲུབ་ཆེན་ཟུར་ཆོགས། ས་ག་ཟླའི་ཚེས་གཅིག་ནས་བཅུ་གཅིག་བར། ཀུན་རིག་སྒྲུབ་མཆོད། དེ་མཚམས་དབྱར་མཆོད་ཅེས་ཀྱེེ་རྡོར་རས་བྲིས་ལ་བརྟེན་པའི་སྒྲུབ་མཆོད་ཉིན་བདུན། ཚེ་དཔག་ཉིན་ལྔ། ཀུན་རིག་ཉིན་ལྔ་འཚོགས་རྒྱུ་ཡོད། ཟླ་བ་ལྔ་པའི་ཚེས་བཅོ་ལྔར་བཀྲ་ཤིས་གསོ་སྦྱོངས་བསྟན་པ་རྒྱས་ཆོག གླིང་བསྐོར། བསང་རི་ཁྲུས་བཅས། ཟླ་བ་བདུན་པའི་ཚེས་གཅིག་ནས་ལྗོངས་རྒྱུ་ཉིན་གསུམ་བར་དབྱར་གནས་བཞུགས། དེ་སྐབས་མཁན་པོས་ཉིན་བཞིན་གུང་ཚིགས་གྲུབ་འཕྲལ། སྤྱོད་འཇུག སྡོམ་གསུམ་སྐོར་སོགས་བཤད་ཁྲིད་གནང་། ཞར་བྱུང་། མི་འཁྲུགས་ཆོ་ག་དང་། སྲི་བཟློག་ཉིན་ལྔ་རེ། གསོ་སྦྱོང་རྣམས་ལ་བསྟན་པ་རྒྱས་ཆོག་བཅས་མཛད་སྲོལ་མཆིས།
དུས་མཆོད་ཁག་གི་ཡོན་གྱི་འབྱུང་ཁུངས་ནི། སྦྱིན་བདག་ཚོས་རྟེན་བཞག་བྱས་པའི་ཀུན་རིག་སྒྲུབ་མཆོད་དང་། དབྱར་གནས་གཉིས་ལ་མ་དངུལ་རྩིས་སྤྲོད། ས་ཞིང་བཅས་སྤྱི་བ་སོ་སོ་ཡོད། ས་སྐོར་སོགས་གཞན་རྣམས་ནི། བསྟན་པའི་སྦྱིན་བདག་ཆེན་པོ་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་ནས་བཟུང་། དཔེ་ཝར་རྫོང་ཁུལ་གྱི་གྭ་ཐོག་ཁྲལ་གསུམ་གྱི་ཕྱེད་ཀ་རེ་རྫོང་སྒོ་དང་འབྲེལ་བའི་དགོན་སྡེ་ཚེས་དུས་སྒྲུབ་མཆོད་ཀྱི་རྟེན་དུ་བཞག་པའི་བཀའ་ཤོག་ལྟར་དགོན་པའི་བླ་གཉེར་དང་སྐུ་ཚབ་བཅས་ནས་བསྡུ་ལེན་གྱིས་དགོན་གཞུང་བླ་གཉེར་ཁང་ནས་བཙུགས་དགོས། དགོན་འདིའི་གྲྭ་རྩ་ནི་འབྲི་ནུབ་དཔེ་[page 471] ཝར་ཆུ་སྲིབ་གཏའ་མགོ་དགུ། འབྲི་ཤར་ཆུ་ཉིན་གཙོ་ཤོག་དགུ་ཞེས་གྲགས་པ་ཉིད་གཙོ་བོའི་མངའ་ཁོངས་ཡིན་ལ། འཁོར་དུད་ཀྱང་ཁག་བཞི་ཙམ་ཡོད།
དགོན་དེའི་འཕེལ་འགྲིབ་སྐོར་ནི། གནའ་རབས་བྱང་གླིང་གི་དུས་སུ་དར་ཁྱབ་ཆེ་བར་བཤད། ཕྱིས་ས་སྐྱར་འགྱུར་ནས་ཀྱང་གོང་སྨོས་ལྟར། བསྟན་པ་རྒྱས་ཙམ་ཡོད་པར་མངོན་ལ་བཅོས་བསྒྱུར་སྐབས། དགེ་འདུན་བརྒྱ་ཕྲག་བརྒལ་བ་ཡོད། དེ་ནས་ཡུམ་ཁམས་འདིའི་སྤྱི་བབས་ལྟར་རབ་རྒྱལ་ས་ཁྱི་ལོར་དགོན་པ་རྟེན་དང་བརྟེན་པར་རྩ་རླག་སོང་། ལྷ་གསར་སོགས་དཔེ་ཝར་མཉམ་ལས་ཞེས་གྲོང་ཚོ་སྤྱིའི་མཛོད་ཁང་བྱས་པས་ལྷག་ཡོད།
ད་ལྟ་མཆོག་སྤྲུལ་རིན་པོ་ཆེ་དང་སྡེ་དགོན་ཐུན་མོང་ནས་འབད་བརྩོན་ཆེན་པོས། ལྷ་གསར་རྟེན་དང་བརྟེན་པ་སྤྱི་ཁང་གཟིམ་ཆུང་བཅས་ཉམས་གསོ་བྱེད་བཞིན་པ་དང་། གྲྭ་ཁང་བཅུ་སྐོར་ཞིག་གྲུབ་ཅིང་། དགེ་འདུན་ཞལ་གྲངས་བརྒྱ་ཕྲག་སྐོར་གྱིས་སྔར་སྲོལ་ཚེས་དུས་སྒྲུབ་མཆོད་རྣམས་བཙུགས་དང་འཛུགས་བཞིན་པའོ། རྫོང་སར་བ་བློ་གྲོས་ཕུན་ཚོགས་ནས་མཆོག་སྤྲུལ་རིན་པོ་ཆེ་ཉིད་ལ་བཀའ་འདྲི་ཞུས་རིམ་བཞིན། རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་རྫོགས་པར་བྲིས་སོ།། །།
དགོན་པ་འདི་ནི་དགེ་བསྙེན་ལྷ་འབུམ་རལ་གྲི་ཞེས་གྲགས་པའི་རི་ལ་ཐོག་མར་ཕྱག་འདེབས་པ་པོ་ནི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཡིན་པར་གྲགས་ཤིང་། དེ་ནས་བཟུང་ཆོས་རྗེ་ས་སྐྱ་པའི་སྲོལ་རྒྱུན་དྲི་མ་མེད་པ་སྐྱོང་པའི་བསྟི་གནས་སུ་གྱུར། གདན་ས་ཡང་བླ་མ་སངས་རྒྱས་ཕུན་ཚོགས། བསོད་ནམས་སེང་གེ། བསྟན་པ་རབ་རྒྱས། དཔལ་ལྡན་ཚུལ་ཁྲིམས། པདྨ་དམ་ཆོས་སོགས་དང་། ཁྱད་པར་དུ་བླ་མ་སངས་རྒྱས་ཕུན་ཚོགས་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་ཏུ་ངེས། མཁས་ཤིང་གྲུབ་པའི་ཡོན་ཏན་དང་བཤད་སྒྲུབ་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་མོ། རྟེན་བཞེངས་སྐོར་ནི། ཐུབ་པ་བྱིའུ་དྲོད་མ། ཐུབ་པ་རྡོར་གདན་མ། ཟངས་མོ་ཆེ་ལུང་བརྒྱད་མ་སོགས་གཏེར་ནས་དྲངས་པ་དང་། ལྷ་སྲིད་སྡེ་བརྒྱད་བྲན་དུ་འདུལ་པ་སོགས་མཛད་རྣམ་རྒྱ་ཆེ། དགོན་འདིའི་རྟེན་གྱི་གཙོ་བོ་ནི་གོང་སྨོས་རྣམས་དང་། སྒྲོལ་མ་གཡུ་ཐོད་མ། གསེར་རིས་ཅན་གྱི་བཀའ་འགྱུར་དང་བསྟན་འགྱུར། ཐང་སྐུ་ཉིས་བརྒྱ་ལྷག་དང་། གཞན་ཡང་སིལ་སྙན་ཉི་མ་འབྲུག་སྒྲ་སོགས་མཆོད་ཅིང་བཀུར་འོས་ཤིང་རིན་གོང་ཆེ་བའི་རྟེན་གསུམ་མང་དུ་མཆིས་ཀྱང་། དེ་དག་གཙུག་ལག་ཁང་[page 472] མགོན་ཁང་དང་བཅས་པ་ཐམས་ཅད་རིག་གནས་གསར་བརྗེ་སྐབས་གཞུང་བཞེས་དང་གཏོར་བརླག་སོང་ནས་ད་ལྟར་མི་བཞུགས། རྒྱུན་བཞུགས་ཀྱི་བླ་གྲྭ་ཡང་རབ་བྱུང་ཁྲིམས་ལྡན་ཐོས་བསམ་བསྒོམ་པ་ཆོ་གའི་ཕྱག་ལེན་ཕྲ་མོ་ཚུན་ཆད། ཕྱིན་ཅི་མ་ལོག་པར་མཛད་པའི་ཞལ་གྲངས་བརྒྱ་ལྷག་ཙམ་ཡོད། དུས་མཆོད་ནི། དགུ་ཆེ་ཆུང་གཉིས་ཏེ་ཕུར་སྒྲུབ་ཡིན། ཀུན་རིག་སྒྲུབ་མཆོད། མ་ཎི་བུམ་སྒྲུབ། སླར་སྤྱི་ཚོགས་ཞེས་ཀུན་རིག་གི་སྒྲུབ་པ། དབྱར་ཚོགས་ཆེ་ཆུང་ཚེས་བཅུ་སོགས་ཀྱིས་མཚོན། དེ་དག་གིས་སྔོན་གྱི་ལོ་རྒྱུས་རགས་ཙམ་སྨོས་ཟིན་ནས་ད་སྐབས་ཀྱི་བྱུང་བ་མདོ་ཙམ་ཞུ་ན། རྡོར་འཛིན་བླ་མ་འཇམ་དབྱངས་བཤད་སྒྲུབ། རྒྱལ་མཚན་ཆོས་གྲགས། ཤེས་རབ་མཐར་ཕྱིན། ཐོས་བསམ་སོགས་སྤྱི་དང་བྱེ་བྲག་གི་བསྟན་པ་ལ་ལྷག་བསམ་དཀར་བ་རྣམས་ཀྱིས་བསྟན་འགྲོའི་ཕན་བདེ་འབའ་ཞིག་ལ་དགོངས་ནས་གཙུག་ལག་ཁང་ཉམས་གསོ་དང་། བཀའ་འགྱུར་རིན་པོ་ཆེ་སོགས་རྟེན་ཁ་ཤས་བཞེངས་གྲུབ་པ་དང་། དུས་མཆོད་ཀྱང་། དགུ་ཆུང་། ཀུན་རིག་སྒྲུབ་མཆོད། མ་ཎི་བུམ་སྒྲུབ། སྤྱི་ཚོགས་རྣམས་ཉམས་གསོ་དང་། དབྱར་གནས་གསར་འཛུགས་བཅས་རྒྱལ་བསྟན་རིན་པོ་ཆེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་བྱ་བ་མཛད་དང་མཛད་བཞིན་པ་ལགས། དགེ་འདུན་གྱི་ཞལ་གྲངས་བཞི་བཅུ་ལྷག་ཙམ་རྒྱུན་བཞུགས་མཛད་དེ་ཕྱིའི་སྤྱོད་པ་དང་ནང་གི་ཡོན་ཏན་སོགས་བསྔགས་འོས་ཅན་ཤ་སྟག་མཆིས། དེ་དག་གིས་རྫ་སྨད་ས་སྐྱ་དགོན་གྱི་སྔོན་དང་ད་ལྟའི་ལོ་རྒྱུས་མདོར་བསྡུས་པའི་ཚུལ་གྱིས་སྨོས་ཟིན་ཏོ།།
གནས་འདིར་སྔོན་ཕྱོགས་མེད་ཀྱི་བྱ་བྲལ་བ་ཞིག་བྱོན་ནས་མི་ཞིག་ལ་ཁྱོད་ཀྱི་མིང་ལ་ཅི་ཡིན་ཞེས་པའི་ལན་དུ་ང་ལ་བཀྲ་ཤིས་ཟེར། ཡ་ཀི་རི་འདིའི་མིང་ལ་ཅི་ཟེར་ཞེས་པའི་ལན་དུ་ལྷ་རྩེ་ཟེར་ཞེས་བཤད། དེར་རྟེན་འབྲེལ་ཁྱད་པར་ཅན་གཟིགས་ནས་ལྷ་ཁང་བཞེངས་པས་རྫོང་སར་བཀྲ་ཤིས་ལྷ་རྩེ་ཞེས་མིང་ཆགས། བཤད་སྲོལ་ཁ་ཅིག་སྔར་བཀྲ་ཤིས་ལྷ་རྩེ་ཞེས་པའི་མཚན་ཆགས་པ་ལ། དགོན་པའི་རྒྱབ་ལོགས་བཀྲ་དེ་ལ་སངས་རྒྱས་རྒྱ་མཚོས་དགོན་པའི་དབུ་རྩེ་རྫོང་གསར་བརྩིགས་པས་དེ་ནས་རྫོང་གསར་རམ་རྫོང་སར་ཞེས་པའི་མཚན་བསྣན་པར་བཤད། རྫོང་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་ཕྱིས་རབ་བྱུང་བཅུ་བཞི་པའི་ཆུ་ཕག་ལོའི་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ཉིན་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་དམག་གིས་དགོན་པ་ཕྱེད་ཙམ་མེར་བསྲེགས་སྐབས་རྟེན་དང་བརྟེན་པར་བཅས་རྩ་བརླག་སོང་། དེའི་སྐབས་ཀྱི་ལོ་རྒྱུས་གསལ་བོར་མཁྱེན་བརྩེ་དབང་པོའི་གསུང་འབུམ་ཁྲོད་དུ་བཞུགས། གོང་སྨོས་བྱ་བྲལ་[page 473] བ་དེས་བསྣམས་འོང་པའི་སྟོན་པ་གཅིག་ཡོད་པ་དང་ལྷ་ཁང་ལ་ཀ་བ་གཅིག་ཡོད་པས་ཇོ་བོ་ལྷ་གཅིག་ཀ་གཅིག་ཏུ་གྲགས་སྐད། སྔོན་ཇོ་བོ་ལྷ་གཅིག་ཀ་གཅིག་ཏུ་གྲགས་པའི་ལྷ་ཁང་རིམ་བཞིན་རྒྱ་བསྐྱེད་བཏང་ནས་སྐྱར་བཟོ་ཐེངས་གཅིག་བྱེད་སྐབས་རྒྱ་ཁྱོན་ནང་ཀ་སོ་དྲུག་མར། ལྡེབས་བྲིས་རྣམས་གསང་སྔགས་རྙིང་མའི་སྐབས་ཡིན་པ་མངོན་སུམ་གསལ་སྐད། དུས་ཚོད་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ལོ་འདུ་ཁང་སྐྱར་བཟོ་ཐེངས་གཉིས་པའི་སྐབས། རྗེ་མཁྱེན་བརྩེ་དབང་པོས་གསུངས་པས་རྫོང་སར་དགོན་གཞུང་ལ་ཞལ་བཀོད་གནང་བའི་བཀའ་ཤོག་དམ་བརྒྱས་མནན་པ་ལས་འདི་ལྟར་འབྱུང་སྟེ་དེང་གི་དུས་དགེ་བའི་ཆར་ལེགས་པའི་གཏམ་ཟློ་བར་རྫོང་སར་བླ་གྲྭ་རྒྱ་མཆོག་དམན་ཐམས་ཅད་ནས་ངེས་རྒྱུར། ད་ལེན་རྫོང་སར་བཀྲ་ཤིས་ལྷ་རྩེའི་འདུ་ཁང་འདི་སྔོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་རབ་གནས་མེ་ཏོག་འཐོར་བའི་གནའ་གཏམ་ལྟར་ན། དེ་གོང་ནས་ཡོད་དགོས་རྒྱུར་སྣང་བས་བཞེངས་ནས་མི་ལོ་དགུ་བརྒྱ་ལྷག་སོང་བར་ད་བར་འབྱུང་བཞིའི་འཇིག་པ་གང་གིས་ཀྱང་མ་ཚུགས་པར་བརྟན་པ་ངོ་མཚར་ཆེས་ཆེ་བའི་གནས། ད་ཆ་ཧ་ཅང་རྙིང་ཆེ་བས་འཇིག་ཉེ་སྐབས་གཞི་ནས་གསར་བཟོ་ཞིག་ཨེ་འགྲུབ་རེ་བ་དེ་བཞིན་ཤིན་ཏུ་ལེགས་པ་གཞིར་བཅས་སོགས་དང་ཁ་བྱང་ཏུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ལོར་ཡིན་པའི་དུས་ཚོད་གསལ་པོ་འཁོད་འདུག དེ་ནས་ཇོ་བོ་བཀའ་གདམས་པར་འགྱུར་སོང་བར་བཤད། དེང་སང་མཁྱེན་བརྩེ་དབང་པོའི་སྐུ་དུས་སུ་བྲིས་པ་རྫོང་སར་བརྗོད་བྱ་བྱས་པའི་འབེལ་གཏམ་ཚད་ལྡན་ཡིན་དགོས་རྒྱུ་ཞིག་འདུག་པ་ལས། སྔར་ཇོ་བོ་བཀའ་གདམས་པའི་ཡང་དགོན་གྱི་ཚུལ་དུ་ཡོད་པའི་སྐབས་དེར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ལ་གསོལ་བ་བཏབ་པ་བཞིན་དཔལ་ས་སྐྱའི་རིང་ལུགས་འཛིན་པ་ཞལ་བསྒྱུར་གནང་ནས་སོགས་འཁོད་འདུག་པ་དང་། དེའང་བཀའ་གདམས་པའི་དགོན་པ་ཞིག་གི་ཡང་དགོན་ཡིན། སྔར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་ཁམས་ཀྱི་གླང་ཐང་སྒྲོལ་མ་ལྷ་ཁང་དང་དུས་མཚུངས་པར་གྲགས་པའི་ཁམས་ཀྱི་རྨེ་མདོར་བྱ་ཁྱི་ལྷ་ཁང་ཞེས་པ་དེ་རེ་ཞིག་སྔགས་རྙིང་མ་ནས་བཀའ་གདམས་པའི་ཆོས་བརྒྱུད་དུ་བསྒྱུར་སོང་བ་ད་ལྟ་རྫོང་སར་དགོན་གྱི་ཉེར་སྐོར་རྩེ་ཐང་ཞེས་པར་ས་འོག་ནས་སོ་ཕག མཆོད་རྟེན་གྱི་རི་མོ་ཡོད་པའི་སོ་ཕག་སོགས་འབྱུང་པའི་དགོན་ཤུལ་དེ་ཡང་དགོན་ཡིན་པར་བཤད། དེའང་དེབ་ཐེར་སྔོན་པོ་ལས་དྭགས་པོའི་བཀའ་བརྒྱུད་ཀྱི་སྐབས་ཕག་གྲུའི་རྣམ་ཐར་དུ་བྱ་ཁྱི་ལྷ་ཁང་བྱ་བར་མཁན་པོ་ལྡིང་ངེ་བ་ཚུལ་ཁྲིམས་འབར་དང་། སློབ་དཔོན་འོད་ཟེར་རྒྱལ་པོ་གསོལ། བླ་མ་རྒྱ་ཆེན་པོ་ལས་དབུ་མ་ཞུས་པའི་ཚོགས་གྲལ་དུ་ཆུང་གཏན་དུ་མི་གསོལ་བའི་དམ་བཅའ་མཛད་པས་སློབ་དཔོན་ཡང་མཉེས། དེ་ནས་སྤྱོད་འཇུག་ལ་སོགས་པའི་གསན་པ་ཡང་མང་དུ་མཛད་པ་སོགས་འཁོད་འདུག་པ་ལ་དཔྱད་ན། རྗེ་ཕག་མོ་གྲུ་བ་ནི། ཀ༔་ཐོག་གི་གདན་ས་ཐོག་མར་འདེབས་མཁན་ཀཿདམ་པ་དང་། ཡུམ་མཆེད་དུ་རབ་བྱུང་གཉིས་པའི་ཆུ་[page 474] སྟག་ལོར་ཁམས་སྡེ་དགེའི་དཔེ་ཝར་འབེས་མོ་ནང་འཁྲུངས་པ་མཁྱེན་བརྩེའི་གངས་ཅན་གདན་རབས་སུ་གསུངས་པས་སྐབས་དེར་བྱ་ཁྱི་ལྷ་ཁང་འདི་དར་ཁྱབ་ཆེ་བར་མངོན། དུས་ནམ་ཞིག་ས་སྐྱར་བསྒྱུར་བ་ཡིན་ཞེ་ན། ཆོས་ཀྱི་བློ་གྲོས་ཀྱི་རིན་ཆེན་སྨན་གྱི་རྟོགས་བརྗོད་ལས། ཤྲིཿརྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཞེས་གནའ་བོའི་དུས་སུ་ཇོ་བོ་བཀའ་གདམས་པའི་རིང་ལུགས་འཛིན་པ། བར་སྐབས་ཁམས་གསུམ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་རྒྱ་ནག་དུ་ལན་རྗེས་མར་ཕེབས་ལམ་ཞབས་ཀྱིས་བཅགས་ཏེ། ཐུགས་དམ་གྱི་མགོན་སྐུ་གནང་། དེ་ཕྱིན་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པར་གྱུར། ཞེས་གསུངས་པ་ལྟར་འཕགས་པ་རིན་པོ་ཆེ་མ་ཧྰ་ཙི་ནའི་ཡུལ་གྱི་གནམ་བསྐོས་གོང་མ་ཆེན་པོའི་ཕོ་བྲང་དུ་ཧུ་པི་ལི་སེ་ཆེན་ཧན་གྱིས་གདན་དྲངས་པ་ལྟར་ཐེངས་གསུམ་ཕེབས་པའི་ཕྱི་མའི་ཡར་ལམ་ལོ་གསུམ་འགོར་བའི་བར་རབ་བྱུང་ལྔ་པའི་ན་ཚོད་ལྡན་ཅེས་ཤིང་མོ་ཕག་གི་གནམ་ལོ་ལ་ཡིན་དགོས་པས་ད་ཕན་མི་ལོ་བདུན་བརྒྱ་དང་ཉི་ཤུ་སོང་། དེ་ནས་བཟུང་དཔལ་ས་སྐྱ་པའི་རིང་ལུགས་འཛིན་པའི་ཆོས་སྡེར་གྱུར་པར་གྲགས། དེ་ནས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་འོག་ཏུ་གྱུར་པ་ནས། ཕྱིས་སུ་སྡེ་དགེའི་དབུ་བླ་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཐོག་མར་གདན་དྲངས། དེ་རྗེས་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ངོར་གྱི་མཁན་རབས་ཉི་ཤུ་པ་སྒྲུབ་ཁང་པའི་དབོན་དཔལ་མཆོག་རྒྱལ་མཚན་ཆེད་དུ་སྤྱན་དྲངས་བ་ནས་བཟུང་རིམ་བཞིན་སྡེ་དགེའི་མངའ་འབངས་སུ་གཏོགས། ལུང་རིགས་ཀྱི་བཤད་པ་དང་། ཆོ་གའི་ཕྱག་ལེན། ཉམས་བཞེས་ཐམས་ཅད་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་སྲོལ་བཞིན་རྫོང་དགོན་འདི་ཡང་ས་སྐྱའི་ངོར་ལུགས་གཙོ་བོ་ཡིན། སྡེ་དགེའི་མངའ་འོག་ཏུ་ས་དགོན་སོ་དགུ་ཡོད་པའི་ཨང་གཉིས་པའི་མཚན་ཐོབ་ཡོད་པ་མཁྱེན་བརྩེའི་བཀའ་འབུམ་ན་གསལ། འདུ་ཁང་ཆེན་མོ་སོགས་ལྷ་ཁང་ཆེ་ཆུང་བཅུ་དགུ་དང་གཉེར་ཁང་སོགས་གཞི་རྒྱ་ཆེ་བ། དབུ་རྩེ་པར་ཁང་། མཁྱེན་བརྩེ་སྒང་སྣ་མངའ་རིས་སྟེང་བླ་བྲང་ཁག་གསུམ། གྲྭ་ཤག་བརྒྱ་དང་བརྒྱད་ཅུ་སྐོར། དེ་རེ་རེ་ལའང་ཁང་མིག་བཞི་རེ་ཙམ་ཐོག་བརྩེགས་གཉིས་རེ་ཅན། ཕྱི་ལོགས་སུ་ཡོད་པ་ཁམས་བྱེ་བཤད་གྲྭ་གཙུག་ལག་དང་གཟིམ་ཆུང་། གྲྭ་ཤག་ཁང་མིག་ལྔ་བཅུ་ང་བདུན། སྟག་ཚང་སྒྲུབ་སྡེ་ཁང་། ཛཾ་ནང་གནས་ཕུག་ལྷ་ཁང་། ཁྱུང་སྟག་གནས་ཕུག་ལྷ་ཁང་། ཚ་ཆུ་མཇུག་སྤྱན་གཟིགས་ལྷ་ཁང་བཅས་དགོན་འདིར་གཏོགས་པའི་ལྷ་ཁང་ཆེ་ཆུང་ཉེར་བཞི། གཞན་ཡང་གྭ་གུ་བྱང་ཆུབ་རི་ཁྲོད། འཛིན་ཁྲ་བོ་རི་ཁྲོད་སོགས་དགོན་འདི་ཉིད་ཀྱི་ཁོངས་སུ་གཏོགས་པ། དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་ན་ལེན་དྲ་རུ་བཞུགས་པ་བ་རི་ལོ་ཙྰ་བས་བོད་དུ་གདན་དྲངས་ཤིང་ས་སྐྱར་བཞུགས་པ་འགྲོ་མགོན་ཆོས་འཕགས་ཀྱིས་རྫོང་སར་དུ་བཞག་པའི་ཙནྡན་ལས་གྲུབ་པའི་མགོན་པོ་གུར་གྱི་སྐུ་བྱིའུ་ཁུར་མ་ང་འབྱོན་མར་གྲགས་པ། གངས་ཅན་ལྗོངས་ན་གུ་རུའི་སྐུ་ཚབ་གཏེར་བྱོན་ཐམས་ཅན་ཀྱི་རྒྱལ་པོ་དངོས་གྲུབ་དཔལ་འབར། ལྷ་སྲས་ཡེ་ཤེས་རོལ་པ་[page 475] རྩལ་གྱི་ཐུགས་དམ་རྟེན་སྟོན་པ་ཐུབ་པའི་སྐུ་ལི་རྙིང་སོགས་ལོ་རྒྱུས་ལྡན་པ་གྲངས་མང་། ཟངས་གསེར་ལས་བྱོན་པའི་མགོན་པོ་མ་ཕམ་པའི་སྐུ་ཐོག་བརྩེགས་ལྔ་པས་མཚོན་ཐོག་བརྩེགས་ཡན་བརྒལ་བ་བཅུ་གསུམ། ལི་མ་ཐུབ་སྐུ་བྱིའུ་དྲོད་མ་སོགས་ཆེ་ཆུང་ཁྱོན་ཆིག་སྟོང་བརྒྱད་བརྒྱ་ཙམ། ཟངས་གསེར་སྐུ་ཆེ་བ་མི་ཚད་ལྷག་ནས་ཆུང་བ་མཐོ་གང་བ་ཁྱོན་ཆིག་སྟོང་གཉིས་བརྒྱ། ཟངས་གསེར་གྱི་མཆོད་རྟེན་ཐོག་བརྩེགས་ཡན་བརྒལ་བ་བཞི། བཀའ་གདམས་མཆོད་རྟེན་སོགས་ཆེ་ཆུང་བརྒྱ་དང་བརྒྱད་ཅུ་ཙམ། ཞལ་ཐང་གདན་ས་གོང་ནས་གནང་བ་སོགས་ལོ་རྒྱུས་ཅན་གྲངས་མང་། གོས་སྐུ་ལྷུན་གྲུབ་ཐོག་བརྩེགས་ལྔ་པ་བཅས་བསྡོམས་པས་ཆིག་སྟོང་བཞི་བརྒྱ། དཔེ་རྒྱུན་ཤིན་ཏུ་དཀོན་གྲས་མཁྱེན་བརྩེ་གོང་འོག་གིས་བྲིས་པ་དང་གཏེར་ཤོག་རྒྱ་དཔེ་གསེར་དངུལ་གྱིས་བྲིས་པ་སོགས་བྲིས་མ་སྐོར་ཁྱོན་པུ་ཏི་སུམ་སྟོང་བརྒྱད་བརྒྱ་སྐོར། པར་མ་ཁྱོན་གླེགས་བམ་སུམ་སྟོང་དྲུག་བརྒྱ་ཙམ། ལྡེབ་སྐུ་ཐོག་བརྩེགས་ཡན་བརྒལ་བ་ལྔ། མཁྱེན་བརྩེའི་ང་འདྲ་མ་སོགས་བྱིན་ཅན་གྲངས་མང་། ནང་རྟེན་གྲས་ཆོས་རྒྱལ་ཁྲི་སྲོང་གི་དབུ་ཐོད་དང་རྒྱལ་ཚབ་དར་མ་རིན་ཆེན་གྱི་དབུ་ཐོད། གུ་རུའི་ཚོན་ལས་སྤྲུལ་པའི་རིང་བསྲེལ། སྟོན་པ་ཐུབ་པའི་དབང་པོའི་འཕེལ་གདུང་། གཏེར་བྱོན་རྡོ་རྗེ་དང་ཕུར་པ་ལོ་རྒྱུས་ཅན་གྲངས་མང་སོགས་དང་། པར་ཁང་དུ་མཁྱེན་བརྩེའི་བཀའ་འབུམ་སོགས་པར་ཤིང་པོད་བཞི་བཅུ་སྐོར་ཡོད།
བསྟན་པ་འཛིན་མཁན་དང་དགེ་འདུན་གྱི་ཞལ་གྲངས་ཇི་ལྟར་བྱུང་ཚུལ་ནི། ས་སྐྱའི་ཆོས་རྒྱུད་དུ་མ་འགྱུར་བའི་སྔོན་ཇི་ལྟར་ཡིན་མ་ཤེས། ས་སྐྱར་འགྱུར་ནས། འགྲོ་མགོན་ཆོས་འཕགས། བདེ་གཤེགས་ཕག་གྲུ། ཆོས་རྗེ་ཀཿཐོག་པ་དམ་པ་བདེ་གཤེགས། གྲུབ་ཆེན་ཐང་རྒྱལ། ངོར་མཁན་ཆེན་དཔལ་མཆོག་རྒྱལ་མཚན་དང་བཀྲ་ཤིས་དཔལ་ལྡན། སངས་རྒྱས་ཕུན་ཚོགས་བཅས། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ། ངོར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། ཡར་ཀླུང་ཆོས་སྡེ་ནས་གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། སི་ཏུ་མི་ཕམ་འཕྲིན་ལས་རབ་བརྟན་དང་ཆོས་ཀྱི་འབྱུང་གནས། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང་ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ་བཅས། བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་སོགས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་དང་། ཁྱད་པར་འཇམ་མགོན་བློ་གྲོས་མཐའ་ཡས། གསང་བདག་བློ་གཏེར་དབང་པོ། གཏེར་ཆེན་མཆོག་གྱུར་གླིང་པ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། དེ་ལ་མཁྱེན་རབ་གསལ་ཟླ་བ་སོགས་མཁས་གྲུབ་མང་པོའི་ཞབས་པད་ཡུན་རིང་དུ་བཀོད། གདན་རབས་ཐོག་མར་སྒང་སྣ་ཆོས་རྗེ་རིམ་བྱོན་ནི། སྔོན་རྒྱ་ནག་ལྕགས་ཟམ་ཁ་རུ་རི་སྒང་ཞིག་ལ་ཁྱིམ་ཚང་ཆེན་པོ་ཞིག་ཡོད་པར་སྒང་སྣ་ཚང་ཟེར། དེ་ནས་བླ་མ་ཞིག་ཕེབས་པས། གདན་ས་འདིར་བླ་བྲང་བཏབ་པས་[page 476] སྒང་སྣ་བླ་བྲང་ཟེར། ཁྱིམ་ཚང་དེའི་མི་བརྒྱུད་ཀྱིས་སྒང་སྣ་ཆོས་རྗེ་རིམ་པར་བཟུང་བས་བླ་རབས་ཉེར་དགུ་ཙམ་སོང་ནས་བླ་བརྒྱུད་ཆད། དེ་ནས་རྫོང་སར་རང་གི་བླ་མ་ཕན་བདེ་འོད་ཟེར་ཞེས་པའི་བར་བླ་རབས་བཞི་ཁྱོན་བླ་རབས་སོ་གསུམ་ཙམ་སོང་། མངའ་རིས་བླ་བྲང་ནི། སྒང་སྣ་བླ་རབས་བཅུ་བདུན་ཙམ་སོང་བ་ན། བླ་མ་སྤུན་གསུམ་དུས་གཅིག་ཏུ་བྱུང་བས་བླ་བྲང་ཁག་གསུམ་བགོས། དེ་ནི་མ་གཞིས་སྒང་སྣ་བླ་བྲང་དང་། བླ་བྲང་ཡ་ད་ཞེས་ད་ལྟ་མངའ་རིས་བླ་བྲང་། འབབ་ཆུང་རེ་བྱེ་བླ་བྲང་སྟེ་ད་ལྟ་ར་སྐོར་དུ་ཆགས་པའི་འབབ་ཆུང་དགོན་ཞེས་པ་འདི་གསུམ་ཡིན། དེའང་སྔོན་བླ་བྲང་ཡ་ད་ཞེས་འབོད་པར་བླ་བྲང་ཁ་ཤས་སོང་མཚམས། མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་གདན་ས་མཛད་པས་མངའ་རིས་བླ་བྲང་ཞེས་པའི་མིང་ཆགས། དེ་ནས་རྫོང་སར་རྡོར་སློབ་ཟུར་པ་རེས་ཆོ་རྗེ་བཟུང་ནས་མངའ་རིས་བླ་མ་ཀུན་དགའ་འཇམ་དབྱངས་ཀྱི་བར་བླ་རབས་བཅོ་བརྒྱད་ཙམ་སོང་བར་གྲགས། ཀུན་དགའ་འཇམ་དབྱངས་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ཀྱི་ཞལ་སློབ་གཙོ་གྲས་སུ་གྱུར་པས་མཁས་གྲུབ་གཉིས་ལྡན་བྱུང་། རྡོ་རྗེ་ཕྲེང་བ། ལམ་འབྲས་ཚོགས་སློབ་སོགས་བཀའ་ཆོས་ཡང་མང་ཙམ་གསུང་། རྗེ་དེ་ཉིད་དགོངས་པ་རྫོགས་པའི་སྐྱེ་སྲིད་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ངོས་འཛིན་གནང་བའི་མཆོག་སྤྲུལ་བྱམས་པ་ཀུན་བཟང་ཤེས་རབ་ཞེས་མངའ་རིས་བླ་བྲང་གི་ཆོས་རྗེར་མངའ་གསོལ། བླ་བྲང་ལ་སྤྲུལ་སྐུའི་སྲོལ་ཐོག་མ་ཡིན། དེ་ནི་རབ་བྱུང་བཅོ་ལྔ་པའི་མེ་གླང་ལོར་དཔལ་འོག་ཁ་ཤོ་ཚང་ལ་འཁྲུངས། མདོ་སྔགས་རིག་གནས་དང་བཅས་པ་གསན་བསམ་རྒྱ་ཆེར་གནང་སྐད། མངའ་རིས་བླ་བྲང་རྨང་ནས་སྐྱར་བཞེངས་མཛད། མཐར་དགུང་ལོ་རེ་དྲུག་པ་ཆུ་རྟ་ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་ནས་དེའི་ཡང་སྲིད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་ལ་བལྟམས་པ་ད་ལྟ་ཞལ་བཞུགས་བཞིན་པ་འདིཡིན།
མཁྱེན་བརྩེ་བླ་བྲང་ནི། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་པ་འདི་ཉིད་སྐུ་ཆུང་ངུ་ནས་ཡབ་མེས་ཀྱི་གྲྭ་ཤག་དུ་བཞུགས་ཏེ་རྒྱུན་སྲོལ་ལྟར་རྫོང་སར་དགོན་གྱི་ཚོགས་ལ་ཞུགས། ཕྱིས་སུ་རིམ་བཞིན་རྒྱ་བསྐྱེད་བཏང་ནས་མཁྱེན་བརྩེའི་བླ་བྲང་ཞེས་མཚན་ཆགས་པ་སྟེ། དེ་ལ་ཐོག་མར་རྗེ་འདི་ཉིད་ཀྱི་རྣམ་ཐར་མདོ་ཙམ་བཀོད་ན། ཡབ་གཉོས་རིགས་སྡེ་དགེའི་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་། ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལྔ་ལ། སྡེ་དགེ་གཏེར་ལྷུང་དེལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་སྐུ་བལྟམས། དགུང་ལོ་དགུ་ནས་རྫོང་སར་དགོན་གྱི་ཚོགས་ལ་ཞུགས། དགུང་ལོ་བཅུ་གཉིས་པར་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཨེ་ཝཾ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་བཟུང་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་[page 477] པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དེ་ནས་བཟུང་ཐར་རྩེ་སྤྲུལ་སྐུའམ་ཞབས་དྲུང་ཞེས་པའི་མཚན་ཆགས། བླ་མ་བརྒྱ་དང་ལྔ་བཅུ་ལྷག་བསྟེན་ནས་རིས་སུ་མ་ཆད་པའི་མདོ་སྔགས་རིག་གནས་དང་བཅས་པར་ཐོས་པ་མི་ལོ་བཅུ་གསུམ་རིང་མཛད། གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། ཐོས་དོན་ཉམས་ལེན་སྔ་ཕྱི་མི་ལོ་བཅུ་དྲུག་ཙམ་ལ་ལྷག་ལྷ་མང་པོའི་བསྙེན་སྒྲུབ་མཛད། ཕྱིས་དགུང་བཞི་བཅུ་སྐོར་ནས་ཕལ་ཆེར་ཐེམ་སྤངས་ཀྱིས་གདན་སར་ཞབས་པད་འཁོད་ནས་བསྙེན་སྒྲུབ་ཉམས་བཞེས་ལ་བརྩོན་པས་ཉམས་རྟོགས་མཐོན་པོར་གཤེགས་ཚུལ་རྣམ་ཐར་རྒྱས་པར་གསལ། མདོ་ཁམས་ཀྱི་སྤྲུལ་སྐུ་ཕར་ཆེར་རྗེ་འདི་ཉིད་ཀྱིས་ངོས་འཛིན་གནང་། ཁྱད་པར་གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་སྐོར་ཞེས་པའི་རྒྱལ་པོ་ལྔ་པ་འདི་ཉིད་ཡིན་པས་བཀའ་མའི་བརྒྱུད་པ་བར་མ་ཆད་པ་ཕལ་ཆེར་གསན་པས་ཟབ་མོ་ཉེ་བརྒྱུད་དུ་བཀའ་བབ་དང་། ས་གཏེར། དགོངས་གཏེར། ཡང་གཏེར། རྗེས་དྲན། དག་སྣང་། སྙན་བརྒྱུད་བཅས་བཀའ་བབ་བདུན་གྱི་གཏེར་ཆོས་པོད་བཅོ་ལྔ་ཙམ་བཞུགས། གཞན་ཡང་རྗེ་འདི་ཉིད་ཀྱིས་གཙོ་འགན་བཞེས་ཏེ་བསྡུ་སྒྲིག་གནང་བ། སྒྲུབ་ཐབས་ཀུན་བཏུས་པོད་བཅུ་བཞི། འཇམ་མགོན་དང་ལྷན་དུ་གདམས་མཛོད་པོད་བཅུ། གཏེར་མཛོད་པོད་རེ་བཞི། དཔོན་སློབ་བློ་གཏེར་ཞབས་དང་ཐུན་མོང་རྒྱུད་སྡེ་ཀུན་བཏུས་པོད་སོ་གཉིས། ལམ་འབྲས་སློབ་བཤད་པོད་བཅུ་བདུན། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཞལ་སྡོམ་གསུང་མགུར་ཕྱོགས་སྒྲིགས་པོད་བརྒྱད། དེར་མ་འདུས་པ་ལྗགས་རྩོམ་བཀའ་འབུམ་པོད་ཆེན་བཅུ་གསུམ་བཅས་ཁྱོན་པུ་ཏི་ཆིག་བརྒྱ་དོན་གསུམ་ཙམ་རྩོམ་སྒྲིག་གི་གཙོ་འགན་བཞེས། དེ་དག་གི་བར་སྐབས་མདོ་སྔགས་ཆོས་ཀྱི་ཆར་རྟག་པར་འབེབས་པས་ཞལ་སློབ་གཙོ་གྲས་ས་སྐྱའི་ཕྱོགས་ཁྲི་ཆེན་བཀྲ་ཤིས་རིན་ཆེན་སོགས་དེ་སྐབས་ཀྱི་ཞལ་ངོ་ཐམས་ཅད། ངོར་ཨེ་ཝཾ་དང་། ཞྭ་ལུ། ན་ལེནྡྲ། ཡར་ཀླུང་ཆོས་སྡེ། སྡེ་དགེ་ལྷུན་གྲུབ་སྟེང་སོགས་ཀྱི་དེ་སྐབས་མཁན་སྤྲུལ་ཐམས་ཅད། བཀའ་བརྒྱུད་ཕྱོགས་དཔལ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་དང་བཅོ་ལྔ། སི་ཏུ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ། རི་བོ་དགེ་ལྡན་ཕྱོགས་བྲག་ཡབ་ནོ་མི་ཧན་ཆེན་པོ། ལི་ཐང་མཁན་ཆེན་བྱམས་པ་ཕུན་ཚོགས། རྙིང་མ་རྡོར་སྨིན་དཔལ་རི་ཀཿདཔལ་ཞེ་རྫོགས་སོགས་དེ་སྐབས་བཞུགས་པ་ཕལ་མོ་ཆེ་མགས་པ་ཆེན་པོར་གྱུར་པ་རྣམས་དང་། ཁྱད་པར་འཇམ་མགོན་བློ་གྲོས་མཐའ་ཡས། དཔོན་སློབ་བློ་གཏེར་དབང་པོ། གཏེར་ཆེན་མཆོག་གླིང་། འཇུ་མི་ཕམ། རྡོར་གྲུབ་བསྟན་ཉི། ཨ་འཛམ་འབྲུག་པ། སྒ་སྟོན་ངག་དབང་ལེགས་པ། བྲག་ཡབ་གདོང་ཀམ་ཁྲི་པ་སོགས་ཞལ་སློབ་གཙོ་གྲས་དང་། གཞན་ཡང་རྗེ་འདི་ཉིད་གྲུབ་མཐའ་རིས་མེད་དུ་སོང་གཤིས་སློབ་ཚོགས་ཤིན་ཏུ་མང་། ཞར་བྱུང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་ཇི་ལྟར་སྤེལ་བའི་ཚུལ་ནི། སྐུ་རྟེན་གསེར་ཟངས་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་། གསུང་རྟེན་གླེགས་བམ་པུ་ཏི་བཞི་བཅུ་ལ་ཉེ་བའི་པར། བྲིས་མ་དང་པར་[page 478] མ་བསྡོམས་པའི་པུ་ཏི་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་པའི་པུ་ཏི་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོས་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས་ཚུལ་རྣམ་ཐར་ཞལ་གསུང་ལས་འབྱུང་བ་བཞིན། དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་རྫོགས་ནས་དགུང་གྲངས་དོན་གསུམ་པ་ཆུ་འབྲུག་ལོར་དགོངས་པ་རྫོགས།
མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བློ་གྲོས་ནི། ཡབ་གསེར་བ་གཏེར་རྒན་ཞེས་དགུང་ལོ་བརྒྱ་དང་བརྒྱད་ཅུར་བཞུགས་པ་དེའི་སྲས་འགྱུར་མེད་ཚེ་དབང་རྒྱ་མཚོ་དང་། ཡུམ་ཚུལ་ཁྲིམས་འཚོ་ཞེས་པའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ལོར་ས་ངན་དུ་འཁྲུངས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་སྐྱེས་སུ་ངོས་འཛིན་གནང་། རྗེ་གོང་མའི་རྣམ་ཐར་བཞིན་གྲུབ་མཐའ་རིས་མེད་མཛད། དགེ་བའི་བཤེས་གཉེན་བརྒྱད་ཅུ་ལྷག་བསྟེན་ནས་ཐོས་བསམ་མི་ལོ་ཉི་ཤུ་ལ་མཛད་པས་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་རྒྱ་ཆེ། གསར་རྙིང་གི་ལྷག་ལྷ་བརྒྱ་དང་བཅུ་སྐོར་གྱི་བསྙེན་སྒྲུབ་སྔ་རྗེས་མི་ལོ་བཅུ་དྲུག་ཙམ་མཛད། ཟབ་མོ་ནང་གི་དྲོད་རྟགས་མཐོན་པོར་སླེབས་པས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་འབྲེལ་བའི་ལྷག་ལྷ་མང་པོས་རྗེས་སུ་བཟུང་སྟེ། ཟབ་མོ་ཉེ་བརྒྱུད་དུ་བཀའ་བབ་དང་དག་སྣང་གི་ཆོས་སྐོར་མང་། གསང་རྣམ་ཞལ་གསུང་པོད་གཅིག་ཡོད། ཐུན་མོང་གདུལ་བྱའི་སྣང་ངོར་ཡང་སྒྲུབ་བཏུས། རྣམ་སྲས་རྗེས་གནང་སྐབས་གསེར་གྱི་ཆར་བབས་པ་སོགས་མངོན་མཚན་མང་། སྐབས་དེར་མདོ་ཁམས་ཀྱི་སྤྲུལ་སྐུ་ཕལ་ཆེར་རྗེ་འདི་ཉིད་ཀྱིས་ངོས་འཛིན་གནང་། བཀའ་ཆོས་གནང་ཚུལ་ལ། སྤྱོད་འཇུག ཤེར་ཕྱིན། རྒྱུད་བླ། སྤྱི་ལྗོན་བརྟག་གསུམ། གུར་སམ། བདེ་མཆོག དུས་འཁོར་སོགས་ཀྱི་བཤད་པ་ཐེངས་མང་། གདམ་མཛད་ལན་གཉིས། སྒྲུབ་བཏུས་ལན་བཞི། ལམ་འབྲས་སློབ་བཤད་ཚར་གསུམ། ཚོགས་བཤད་ལན་གཉིས། ངོར་དཀྱིལ་བདུན་ལན་བཞི། སྔ་འགྱུར་བཀའ་མ་ལན་གསུམ། གཏེར་མཛོད་ལན་གཅིག་སོགས་ཀྱིས་མཚོན། བཀའ་ཆོས་མང་དུ་གསུངས་པའི་སློབ་མའི་གཙོ་བོ། དེ་སྐབས་ས་སྐྱའི་ཁྲི་ཆེན་གཞུང་ཟུར། ངོར་མཁན་ཞབས། ན་ལེནྜའི་གཟིམ་འོག་དང་། བཅོ་བརྒྱད་ཁྲི་ཆེན་སོགས་ས་སྐྱ། སྨིན་གླིང་མཁན་གཅུང་རྣམ་གཉིས། རྫོགས་ཆེན་ཡིད་བཞིན་དྲུག་པ། ཞེ་ཆེན་རབ་འབྱམས་དྲུག་པ། དེ་ལ་མཁྱེན་རིན་པོ་ཆེ། ཀཿཐོག་སི་ཏུ་སོགས་རྙིང་ཕྱོགས། སི་ཏུ་པད་མ་དབང་མཆོག་དང་འཇམ་མགོན་ཡང་སྲིད་སོགས་བཀའ་བརྒྱུད། མཁས་དབང་དགེ་བཤེས་འཇམ་རོལ་དང་། ཀུན་གླིང་རྟ་ཚག་རྗེ་དྲུང་། མི་ཉག་ཀྱི་ལེ་སྐྱབས་མགོན། ཏྲེ་ཧོར་དགེ་སྟག་མཆོག་སྤྲུལ་སོགས་དགེ་ལྡན་སྐོར་སོགས་ཀྱིས་མཚོན་བསྟན་འཛིན་སྐྱེས་བུ་མང་། [page 479] ལྗགས་རྩོམ་བཀའ་འབུམ་པོད་བཅོ་ལྔ་ཡོད་པ་དཔེ་ཝར་མཆོག་སྤྲུལ་ནས་ཤིང་པར་བསྐྲུན་ཟིན། བཤད་སྒྲུབ་ཀྱི་སྡེ་བཙུགས་ཚུལ་ནི། ཁམས་བྱེ་བཤད་གྲྭ་རྟེན་དང་བརྟེན་པར་གསར་བཞེངས། མཁན་སློབ་ང་གསུམ་ཕོགས་ཐེབས་སྦྱོར་འཇག སྟག་ཚང་སྒྲུབ་སྡེ་གསར་རྒྱལ་དཔོན་སློབ་དགུ་ཡི་ཕོགས་ཐེབས་སྦྱོར་འཇག དྲྭ་སྒང་སྒྲུབ་སྡེ་སྔོན་ཡོད་འཇིག་ཤུལ་རྟེན་དང་བརྟེན་པ་བཅས་གསར་དུ་རྒྱབ། དེའང་གྲྭ་རེ་རེ་བཞུགས་ས་ཁང་མིག་གཉིས་རེ་སྟེ་ཁང་མིག་བརྒྱ་ལྷག་ཅན། དཔོན་སློབ་ལྔ་བཅུའི་ཕོགས་ཐེབས་གཏན་འཇགས། ཀཿཐོག་བཤད་གྲྭ་སྔོན་ཡོད་སྤྱི་རྐང་གཏན་མེད་གྱུར་པ་གཞིར་བཞེངས་ཉམས་གསོས་དང་། མཁན་སློབ་ཞལ་གྲངས་ཞེ་ལྔའི་ཕོགས་ཐེབས་སྦྱོར་འཇགས་གནང་། གཞན་ཡང་ཁམས་བྱེའི་རིགས་གསུམ་ལྷ་ཁང་རྟེན་དང་བརྟེན་པ་སྐྱར་བཞེངས། མགོན་པོ་མ་ཕམ་པའི་སྐུ་ཟངས་གསེར་ཐོག་བརྩེགས་ལྔ་པ། དབུ་བརྩེ་ལྷ་ཁང་འོག་ཟངས་གསེར་སྐུ་ཐོག་བརྩེགས་མ་དྲུག་སོགས་རྟེན་གསུམ་རིན་ཐང་ཟླ་མེད། དབུ་བརྩེའི་བསང་ཁང་རྟེན་དང་བརྟེན་པ་གསར་བཞེངས། མཁྱེན་བརྩེའི་དབང་ཁང་རྙིང་པ་རྒྱ་སྐྱེད་རྟེན་གསུམ་གྲངས་མང་གསར་བཞེངས། དབུ་བརྩེ་ལྷ་ཁང་དང་འདབས་འབྲེལ་གཟིམ་ཆུང་ཐོག་བརྩེགས་བཞི་པ་གསར་རྒྱག ཀཿཐོག་ཐུབ་ཆེན་ལྷ་ཁང་ཐུབ་སྐུ་ཐོག་བརྩེགས་གསུམ་པ་ཅན་རྟེན་དང་བརྟེན་པ་དང་ཟངས་མདོག་དཔལ་རི་གསར་བཞེངས་སྐབས་རྗེས་འདི་ཉིད་ཀྱི་ཕྱག་རྫས་གཙོ་ཆེར་བཏང་བ་དང་དབུ་འཛིན་མཛད། རྗེ་གོང་མའི་གསུང་འབུམ་སོགས་པུ་ཏི་ཉེར་ལྔ་ཙམ་ཤིང་པར་བརྐོས། གསུང་རྟེན་གསེར་བྲིས་པོད་ཉིས་བརྒྱ་བཅས་བསྡོམས་པོད་ཉིས་སྟོང་ལྔ་བརྒྱ་ལྷག་གསར་བཞེངས་མཛད་པ་སོགས་རྣམ་ཐར་བསམ་ཡུལ་ལས་འདས། མཐར་དགུང་གྲངས་རེ་བདུན་པའི་ས་ཕག་ཟླ་བ་ལྔ་པའི་ཚེས་དྲུག་ཉིན། འབྲས་ལྗོངས་ཆོས་རྒྱལ་ཆེན་པོའི་གཙུགས་ལག་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ད་ལྟ་ཞལ་བཞུགས་བཞིན་པ་འདི་ཡིན། གཞན་ཡང་རྫོང་སར་རྡོར་སློབ་རིམ་བྱོན་དང་དབྱར་གནས་མཁན་པོ་རིམ་བྱོན། ཁམས་བྱེའི་མཁན་རབས་རིམ་བྱོན། སྟག་ཚང་སྒྲུབ་དཔོན་རིམ་བྱོན་སོགས་ཀྱི་ལོ་རྒྱུས་ནི་ལོ་རྒྱུས་རྒྱས་པ་ལས་གསལ། དགེ་འདུན་གྱི་ཞལ་གྲངས་ནི། མང་སྐབས་ལྔ་བརྒྱ་ལྷག་ཡོད་སྐད་ལ། དགོན་པ་བཅོས་བསྒྱུར་སྐབས་སུམ་བརྒྱ་དང་བཅུ་ཡོད།
བཤད་སྒྲུབ་ཀྱི་སྲོལ་ཇི་ལྟར་བྱུང་བ་ནི། རབ་བྱུང་བཅོ་ལྔ་པའི་ས་རྟ་ལོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཁམས་བྱེ་བཤད་གྲྭ་བཏབ། མདོ་སྔགས་ཀྱི་གཞུང་ཆེན་མོ་སོ་གསུམ་ཙམ་ཀྱི་བཤད་བཀའ་རྒྱུན་འཇག་ཡོད། སློབ་དུས་ལོ་ལྔ་རེ་ཡིན། མཁན་རབས་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ། དབོན་སྟོད་མཁྱེན་རབ། འཇམ་དབྱངས་རྒྱལ་མཚན། བྲག་ཡབ་བློ་གྲོས། སྡེ་གཞུང་ཆོས་འཕེལ། ཁང་དམར་[page 480] རིན་ཆེན་རྡོ་རྗེ། མདོ་སྲིབ་ཐུབ་བསྟན། མི་ཉག་དམ་ཆོས། བྲག་ཡབ་མཁྱེན་རབ་སེང་གེ་སྟེ་མཁན་ཐོག་དགུའི་མཚམས་བཤད་གྲྭ་བརླག ཞལ་སློབ་ས་སྐྱའི་ཕྱོགས་གཙོ་བོ་གྱུར་པའི་གྲུབ་མཐའ་རིས་སུ་མ་ཆད་པ་ལས་མང་སྐབས་བརྒྱ་ཕྲག་ལྷག ཉུང་སྐབས་དྲུག་བཅུ་ལྷག་ཙམ་འཛོམས། དཀར་མོ་སྟག་ཚང་སྒྲུབ་སྡེ་ནི། སྔོན་འཇུ་མི་ཕམ་མི་ལོ་བཅུ་གཉིས་དང་། དཔོན་སློབ་བློ་གཏེར་ལོ་གསུམ་བཞུགས་སྐབས་རི་ཁྲོད་པ་མང་། དེ་རྗེས་ཆོས་ཀྱི་བློ་གྲོས་ཀྱིས་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོར་སྒྲུབ་སྡེ་དངོས་སུ་བཙུགས། དཔོན་སློབ་བརྒྱད། སྒྲུབ་ཐེངས་ལོ་ལྔ་རེའི་ཡུན་ལ། ཉམས་ལེན་མཁྱེན་བརྩེའི་ཟབ་གཏེར་སྐོར་གཙོ་བོ་དང་ཞལ་བྱུང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ལ་འབྲེལ་འཇོག གཞན་དུས་མཆོད་མང་ཙམ་ཡོད།
སྒྲུབ་མཆོད་ཀྱི་སྐོར་དང་དེའི་ཡོན་གྱི་འབྱུང་ཁུངས་ནི། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བརྒྱད་པར་ཀྱེ་རྡོར་དང་། རྡོ་རྗེ་གུར་ནས་གསུང་པའི་མཁའ་འགྲོ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར། སམྦུ་ཊ། གསང་འདུས་མི་བསྐྱོད་པ་དང་འཇམ་པའི་རྡོ་རྗེ། བདེ་མཆོག་ལྰུ་ཧི་པ་དང་ནག་པོ་པའི་བཞེད་སྲོལ་གཉིས་ཏེ་ངོར་ལུགས་དཀྱིལ་འཁོར་བདུན་དུ་གྲགས་པའི་སྒྲུབ་མཆོད་ཉིན་བརྒྱད། ཚེས་དགུ་ནས་བཅོ་བརྒྱད་བར་ཚར་ལུགས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མིའི་དཀྱིལ་འཁོར་སྒྲུབ་མཆོད་ཉིན་བཅུ་གཅིག་ལ་འདུས་པ་དྲུག་ཅུ་རེ། ཚེས་བཅུ་དགུ་ནས་སུམ་ཅུ་བར་སྤྱོད་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ལྷ་བརྒྱད་དང་ཉི་ཤུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད། ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་བརྒྱད་བར་གོང་ལྟར་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་ཉིན་བརྒྱད། ཚེས་དགུ་ནས་བཅུ་དྲུག་བར་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་སྒྲུབ་མཆོད་ཉིན་དགུ། ཚེས་བཅུ་བདུན་ནས་ཉེར་ལྔའི་བར་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མ་ནྰ་རོ་མཁའ་སྤྱོད་ཀྱི་སིནྔྷུ་རའི་དཀྱིལ་འཁོར་སྒྲུབ་མཆོད་ཉིན་དགུ། ཧོར་ཟླ་གསུམ་པའི་ཚེས་གཉིས་ནས་བཅུ་བར་ཚེ་དཔག་ལྷ་དགུའི་དཀྱིལ་འཔོར་སྒྲུབ་མཆོད་ཉིན་དགུ། ཚེས་བཅུ་གཉིས་ནས་བཞི་པའི་ཚེས་བཅུ་གཅིག་བར་དཔལ་ཀུན་རིག་རྩ་བའི་ལྷ་སོ་བདུན་མགྲོན་ཐབས་དང་བཅས་པའི་དཀྱིལ་འཁོར་སྒྲུབ་མཆོད་ཟླ་བ་གཅིག་ལ་འདུས་པ་བརྒྱ་དང་ལྔ་བཅུ་རེ། ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ནས་བཞི་པའི་ཚེས་བཅུ་གཅིག་བར་ཐུགས་རྗེ་ཆེན་པོ་ཚེམས་བུ་ལུགས་ཀྱི་མ་ཎི་བུམ་སྒྲུབ་ཉིན་ཞག་བཅུ་དྲུག ཧོར་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་ཚེས་བཅོ་ལྔའི་བར་ཀྱེེ་རྡོར་རབ་གནས། ཚེས་བཅུ་དྲུག་ནས་ཉེར་བཞི་བར་གོང་ལྟར་མཁའ་སྤྱོད་སྒྲུབ་མཆོད་ཉིན་དགུ། ཚེས་ཉེར་ལྔ་ནས་ཉེར་དགུའི་བར་ཕུར་ཟློག་ཉིན་ལྔ། ཚེས་སུམ་ཅུ་ནས་ཟླ་བ་ལྔ་པའི་ཚེས་བརྒྱད་བར་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་སྒྲུབ་མཆོད། ཧོར་ཟླ་དྲུག་པའི་ཚེས་གསུམ་ནས་བཅུ་གཅིག་བར་ཁམས་བྱེའི་རིགས་གསུམ་སྤྲུལ་པའི་ལྷ་ཁང་བཤད་སྒྲུབ་དར་རྒྱས་གླིང་དུ་བྱ་རྒྱུད་རིགས་གསུམ་སྤྱིའི་དཀྱིལ་འཁོར་སྒྲུབ་མཆོད་ཉིན་དགུ། ཚེས་བཅུ་བཞི་ནས་ཧོར་ཟླ་བརྒྱད་པའི་ཚེས་གཉིས་བར་དབྱར་གནས། ཟླ་བ་[page 481] བརྒྱད་པའི་ཚེས་གཅིག་ནས་ཚེས་བརྒྱད་བར་དབྱར་མཆོད་གོང་ལྟར་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཚོད་ཉིན་བརྒྱད། ཟླ་བ་དགུ་པའི་ཚེས་བཅུ་བཞི་ལ་ས་སྐོར་དང་ཀྱེེ་རྡོར་མཎྜལ་སྒྲུབ་མཆོད། ཚེས་བཅོ་ལྔ་ནས་ཉེར་དྲུག་བར་འཁོན་ལུགས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་སྒྲུབ་མཆོད་ཉིན་བཅུ་གཉིས་ལ་དཔོན་སློབ་བརྒྱ་དང་ཉི་ཤུ་རེ་ལ་ཐོག་མར་རྩ་འཆམ་མཐའ་བྲུབ་འཆམ་གཟབ་སྤྲོས་ལ་འཆམ་པ་ཞེ་གཅིག་རེ་ཡོད། དགུན་ཉི་ལྡོག་ལ་ངོར་ཨེ་ཝཾ་པའི་བཀའ་སྲོལ་རྭ་ལུགས་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་བཟློག་དྲུག་ཅུ་ཉིན་བཞི། ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་གཏོར་བཟློག་དྲུག་ཅུ་ཉིན་བཞི། ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་གཏོར་བཟློག ཚེས་སུམ་ཅུ་ཉིན་བཀའ་འགྱུར། ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་གཉིས་བར་ལོ་གཅིག་གི་བསྔོ་འབྲེལ་གང་ཡོད་ཀུན་རིག་གི་ཆོ་གཉིན་གཉིས། ཚེས་གསུམ་ནས་ཚེས་ལྔ་བར་སྤྱི་རིམ་ཞེས་པ་སེང་གདོང་མའི་གཏེར་བཟློག་སྒྲོལ་མ་གཡུལ་ཟློག བརྒྱ་བཞི། བདུད་ཟློག ལྷ་བསང་། གཏོར་མ། བསུར་སྔོ་བཅས་མཆོད་ཁག་སོ་སོས་ཚེས་བརྒྱད་ནས་དགུ་བར་མངའ་རིས་བླ་བྲང་གི་བསྐང་གསོ་བརྒྱ་རྩ་བསྙེན་སོང་ཡོངས་རྫོགས། ཚེས་བཅུ་གཅིག་ནས་བཅུ་གསུམ་བར་ཀུན་རིག་རས་དཀྱིལ་སྟེང་བསྙེན་སོང་མང་ཚོགས། ཚེས་བཅུ་བཞི་ནས་བཅོ་ལྔའི་བར་སྒང་སྣ་བླ་བྲང་གི་བསྐང་གསོ་བརྒྱ་རྩ་བསྙེན་སང་མང་ཚོགས་ཉིན་གཉིས། ཚེས་བཅུ་དྲུག་ནས་བཅོ་བརྒྱད་བར་འབྲེལ་ཐོབ་དུས་འདས་སྤྱིའི་ཆེད་ཀུན་རིག་བྱང་བཞུ་མང་ཚོགས་ཉིན་གསུམ། ཚེས་བཅུ་དགུ་ནས་ཉེར་གཉིས་བར་འབྲེལ་ཐོབ་ཚེ་འདས་སྤྱིའི་ཆེད་མི་འཁྲུགས་ལྷ་དགུའི་ཆོ་གའི་སྒོ་ནས་བྱང་བསྲེག་ཉིན་བཞི། ཚེས་ཉེར་གཉིས་ནས་ཉེར་གསུམ་བར་གྲྭ་མང་བསྐང་གསོ་བརྒྱ་རྩ། ཚེས་ཉེར་ལྔ་ནས་ཉེར་དགུ་བར་ངོར་ལུགས་འཇིགས་བྱེད་གཏོར་བཟློག་དྲུག་ཅུ་ཆེན་མོ་ཉིན་ལྔ་ལ་མང་ཚོགས་དང་མཐར་གངས་དཀར་ལུགས་ཀྱི་གཏོར་འཆམ་ལ་འཆམ་པ་སོ་གཅིག་རེ་བཅས་སྲོལ་རྒྱུན་དང་། མགོན་ཁང་བདུན་དཔུང་ཟིལ་གནོན་དུ་དཔོན་སློབ་བཅུ་གཅིག་རེ་ཉིན་ལྟར་བར་མེད་བསྐང་གསོ་དང་སྒྲོལ་མ་མཎྜལ། ལམ་འབྲས་ལྷ་ཁང་དུ་ལྷ་གཉེར་པས་ཉིན་བསྟར་ལམ་འབྲས་བླ་མ་མཆོད་ཆོག་དབུ་རྩེ་ལྷ་ཁང་དུ་གཏེར་གསར་ཐུགས་སྒྲུབ་ཉིན་བསྟར་ཆག་མེད། གདུང་རྟེན་ཁང་དུ་ཡར་མར་མཁའ་སྤྱོད་ཚེས་བཅུ་དཔོན་སློབ་སུམ་ཅུ་རེ་ཟླ་རེ་བཞིན་བསྟར་ཆགས་ཡོད་འདུག་པ་བཅས་ལ་དུས་མཆོད་སོ་སོའི་ཆོས་རིམ་ནས་བཀྲ་ཤིས་བར་གྱི་འདོན་འགྲིག་དང་གདངས་དབྱངས་རོལ་མོ་སོགས་སྐྱབས་རྗེ་མཁྱེན་བརྩེ་དབང་པོས་བཀའ་ཡིག་གནང་བའི་མཛད་རིམ་སྲོལ་དྲུག་གོ།།
དུས་མཆོད་ཁག་གི་ཐེབས་རྩ་ནི། ཕལ་ཆེར་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱིས་བཞག་པ་ཡིན་པས་དེའི་ཐེབས་རྩ་ནི་སྨན་ཤོད་ཕུ་མདའ་ཧྱོ་འཛིང་གཏེར་ལྷུང་ཚུན་གྱི་མི་དམངས་ལས་འབྲུ་ཁྲལ་ལེན་རྒྱུ་ཡོད་པ་དང་། དགོན་པ་གཞུང་ལ་སྨན་གཏེར་འཛིང་གསུམ་གྱི་གནས་སོ་སོར་ས་ཞིང་རྒྱ་ཆེར་ཡོད་པ་དང་། ཡིད་ལྷུང་དང་ཕྱི་འབྲོག་དཔའ་འོག་ཁྲོ་ཁོག་སོགས་སུ་ནོར་ཕྱུག་འབྲོག་ཁག་དང་ཤི་མེད་གྲངས་[page 482] མང་ཡོད། ལ་ལ་ཐོག་མར་གཏན་བཞག་བྱེད་མཁན་ནས་ཇ་མར་འབྲུ་དངུལ་བཅས་ཀྱི་མ་རྩ་བཞག་པ་རྣམས་སྤྱི་ཆེ་ཆུང་གཉིས་དང་གྲྭ་གཉེར་བཅས་ཁག་གསུམ་ལ་བགོས་པའི་ཐོབ་སྐལ་ལྟར་སོ་སོས་དུས་མཆོད་འདི་དང་འདི་ཞེས་པའི་རྩིས་སྤྲོད་ཡོད་པ་དང་། གྲྭ་མང་དང་བླ་བྲང་ཁག་རྣམས་ལ་སྡེ་འཁོར་ཀྱང་མང་དུ་ཡོད་དོ།
དགོན་པའི་སྒྲིག་སྲོལ་ནི། སྔོན་བསྟན་བདག་སྒང་སྣ་དང་། མངའ་རིས་ཆོས་རྗེ་གཉིས་ཀྱིས་ལོ་རེ་བཞིན་རེས་སྐོར་ཡིན་ལ། ཕྱིས་སྡེ་དགེའི་བཅའ་ཡིག་བཞིན་བསྟན་བདག་མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན། དེ་འོག་སྒང་སྣ་དང་མངའ་རིས་ཆོས་རྗེ། དེ་འོག་རྡོར་འཛིན་བླ་མ་དང་དབྱར་གནས་མཁན་པོ། ཆོས་ཁྲིམས་ཆེ་ཆུང་གཉིས་བཅས་དང་། ལས་ཚན་གཞན་དག དབུ་མཛད་ཆེ་ཆུང་གཉིས། མགོན་བླ་གཅིག་ཟུར་བླ་དྲུག ལྷ་གཉེར་དྲུག མཆོད་དཔོན་ཆེ་ཆུང་བརྒྱད། དུང་དཔོན་གཡོག་བཞི། རོལ་མོ་དཔོན་གཡོག་བརྒྱད། རྒྱ་གླིང་དཔོན་གཡོག་བཞི་བཅས་ལས་ཚན་བཞི་བཅུའི་གྲངས་འདྲེན་དང་། གཞན་ཡང་འགན་ཁུར་སྤྱི་ཆེན་མི་དྲུག སྤྱི་ཆུང་མི་དྲུག གྲྭ་གཉེར་མི་གཅིག་བུམ་སྒྲུབ་སྤྱི་པ་མི་གཉིས། ཁམས་བྱེ་བཤད་གྲྭ་དང་སྟག་ཚང་སྒྲུབ་སྡེའི་སྤྱི་པ་ནི། སྡེ་དགེའི་མངའ་ཁོངས་འདུན་སྐོར་གཉིས་རེས་སྤྱི་དཔོན། དེ་མིན་ཡུལ་བ་བཞི་རེས་སྤྱི་གཡོག་བཅས་ཡོད། དེ་དག་རྡོར་འཛིན་བླ་མ་ནས་སྤྱི་ཆེ་ཆུང་བར་བདམས་གསེས་ཇི་ལྟར་བྱེད་པའི་སྲོལ་ནི། དགོན་དེར་གླིང་ཤོག་བཞི་བགོས་པའི་ནང་། ཤོག་དཔོན་བཞི་བསྐོས་ནས་དེས་རང་ཤོག་བླ་གྲྭ་དུ་ཡོད་བསྡུ་ནས་གྲོས་བསྡུར་བྱེད་དེ་རང་འོག་མ་ཡིན་པ་གཞན་ཤོག་གསུམ་ནང་སུ་མོས་མཐུན་བྱུང་བའི་མིང་ཐོ་བཏོན་པ། ཤོག་དཔོན་སོ་སོས་བླ་ཆོས་ལྷན་རྒྱས་ཁང་དུ་ཕུལ། སླར་ཡང་དེར་གཞི་བཟུང་སྟེ་བླ་ཆོས་ལྷན་རྒྱས་ཀྱིས་བདམས་དགོས་པའི་གྲངས་ལས་ལྡབས་གཅིག་གིས་མང་བའི་མིང་ཐོ་བཀོད་པར་མགོན་ཁང་བདུད་དཔུང་ཟིལ་གནོན་དུ་བརྟགས་སྒྲིལ་སུ་བབས་དངོས་སུ་བསྐོ་རྒྱུ་ཡིན་པས། ཡོན་ཚད་དང་མི་གཤིས་སུ་བཟང་ལས་རིགས་རུས་སོགས་ཀྱི་ཐོབ་ཐང་ནི་མེད། འདུས་པ་སྤྱིའི་སྒྲིག་སྲོལ་ནི། སྤྱིར་སྟོན་པ་ཐུགས་རྗེ་ཅན་གྱིས་སོར་བྱང་སྔགས་གསུམ་ལས་ཇི་སྐད་བཅས་པ་ལྟར་དང་། ཁྱད་པར་སྐྱབས་རྗེ་མཁྱེན་བརྩེ་དབང་པོ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་སོགས་ཀྱིས་སྩལ་བའི་བཅའ་ཡིག་ཁག་བཞིན། མོ་རྒྱ་ཆང་ཁྲིམས། དགོན་དུ་གཏན་སྡོད་དགོས་པ། གླིང་བར་གཟན་ཤམ་མེད་པར་འགྲོ་འདུག་མི་ཆོག་པ་སོགས་སྒྲིག་སྲོལ་དམ་པོ་ཡོད་ལ། དམིགས་བསལ་ངག་རྒྱུག་དང་། བསྙེན་བཟླས་སོགས་ཇི་ལྟར་དགོས་པའི་ཚུལ་ནི། ཐོག་མར་གྲྭ་ཕྲུག་སྐབས། རང་རང་གི་གྲྭ་ཤག་ཏུའམ་གླིང་ཤོག་བཞིར་དཔེ་ར་ཁང་རེ་རེ། དེར་དགེ་རྒན་རེ་དང་འགོ་བསྡུད་བ་རེ་བཅས་ཡོད་པར། དཀོན་མཆོག་རྗེས་དྲན། སེམས་བརྩེ་མ། ཆོས་སྤྱོད་ཕྱི་ནང་། ཕུང་པོ་གསུམ་པའི་མདོ། སྨོན་ལམ་རྣམས་ལྔ། འཇམ་དཔལ་མཚན་བརྗོད་སོགས་ཀྱིས་ཐོག་དྲངས་ནས། རྒྱུད་སྡེའི་དཀྱིལ་འཁོར་[page 483] རིགས་གསུམ། མངོན་བྱང་ཚེ་དཔག མི་འཁྲུགས། ཀུན་རིག ཀྱེེ་རྡོར། ཚར་འཇིགས། ངོར་འཇིགས། ཕུར་པ། མཁའ་སྤྱོད་བཅས་བློར་འཛིན་རྒྱུགས་འབུམ། དེ་ནས་ངོར་དུ་གྲྭ་སར་ཕེབས་སྟེ། སོར་བྱང་སྔགས་གསུམ་གྱི་བཀའ་ཆོས་ཟླ་བ་གསུམ་རིང་ཞུ། དེ་ནས་སྣ་སེལ་འབྱུང་འདུལ་ཟླ་མཚམས་ཀྱིས་ཐོག་དྲངས་ནས་ཀྱེ་རྡོར་གཞི་བསྙེན་ཟླ་བ་དགུ། ཀུན་རིག་ཞག་བརྒྱ་སྟེ་ཟླ་བ་གསུམ་ལྷག་བཅས་ལོ་གཅིག་དང་ཟླ་བ་གཅིག་ཞག་ཅུ་རེ་སྐུ་མཚམས་མ་ཐོན་པའི་གྲྭ་པ་ནི་གཅིག་ཀྱང་མེད་ལ། དབྱར་གནས་ཟླ་བ་གསུམ་རེའི་རིང་སོར་མདོ། སྤྱོད་འཇུག་སྡོམ་གསུམ་སོགས་ཀྱི་ཆོས་ཐུན་ཉིན་ལྟར་ཆགས་མེད་ཡོད་པས་བློ་ནུས་དང་མཚམས་པའི་གོ་དོན་ཅུང་ཙམ་ཆགས་པས་སྤང་བླང་གི་གནད་ཤེས་མཁན། དེ་ལས་བློ་སྟོབས་ཆེ་བ་རྣམས་ཀྱིས་ཟུར་སྦྱང་དང་། བཤད་གྲྭར་ཞུགས་རྒྱུ། དབང་ཁྲིད་གདམས་ངག་བཙལ་ཏེ་སྒྲུབ་པ་ཉམ་ལེན་བྱེད་མཁན་སྒྲུབ་གྲྭར་ཞུགས་མཁན། ཚེ་བློས་བཏང་ནས་དབེན་ས་རི་ཁྲོད་འགྲིམ་མཁན་སོགས་ཀྱང་མི་ཉུང་བར་ཡོད་དོ།
བསྟན་པ་ཉམས་གུད་གྱུང་ཚུལ་ནི། རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཆོས་ལུགས་ཀྱི་ཁྱད་དབང་དང་། ཆོས་ལུགས་བཤུ་གཞོག་མེད་པ་བྱེད་རྒྱུའི་ཆོད་དོན་བཞིན་བླ་དགོན་བཅོས་བསྒྱུར་བྱས། ལྷ་མེད་སྨྲ་བ་དྲིལ་སྒྲགས་ཤུགས་ཆེན་སྤེལ། སྐབས་དེར་ཡུལ་ཕྱོགས་འདིའི་སྤྱི་བབ་ལྟར་དགོན་འདིའི་ཁོངས་གཏོགས་རྟེན་དང་བརྟེན་པ་རྩ་བརླག་སོང་། དེ་རྗེས་བླ་གྲྭ་རྣམས་ཀྱིས་ཅུང་ལྐོག་ཉར་བྱས་པ་རྣམས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ལོ་བཅུའི་རིང་ཕལ་ཆེར་བརླག་སོང་ངོ་། རབ་བྱུང་བཅུ་དྲུག་པའི་ས་རྟ་ལོར་ཏང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་སྒྲགས་སྤེལ་བ་ནས་བཟུང་རིམ་བཞིན་གུ་ཡངས་ཐོབ་པ་དང་། ཆོས་དད་རང་མོས་ཁ་ཙམ་མིན་པ་ཆོག་པའི་གོ་སྐབས་དང་བསྟུན། ཐོག་མར་བཙན་ཐོག་གནས་ར་ཚང་རྩར་ཕུ་མ་བ་སྡེ་སྤྱིའི་སྨན་ཁང་ཡོད་པ་དེར་དགོན་པའི་གཞི་ཙམ་བཏིང་། དེ་ནས་སྡེ་དགེ་རྫོང་དབུ་ནས་བརྒྱད་ཅུ་གྱ་གསུམ་ལོའི་ཡིག་ཆ་ཨང་སོ་དྲུག་པས་རྫོང་སར་དགོན་འདིར་ཆོས་ལུགས་ཀྱི་ར་བ་འཛུགས་ཆོག་པའི་གནང་བ་ཐོབ་པ་ནས་རིམ་བཞིན་ཡུལ་དགོན་ཐམས་ཅད་ནས་འབད་བརྩོན་བྱས་པས། ད་སྐབས་འདུ་ཁང་དང་། གནས་བཅུ་ལྷ་ཁང་། བླ་མ་ལྷ་ཁང་། གཡང་བང་ཁང་། ལམ་འབྲས་ཁང་། མགོན་ཁང་། མཁྱེན་བརྩེའི་དབང་ཁང་དང་ལྷ་ཁང་། སྙུངས་གནས་ལྷ་ཁང་སོགས་ཀྱི་ཕྱི་ཐོན་ཟིན་པ་དང་། ནང་གི་རྟེན་གསུམ་སྐོར་ཡང་ཅུང་ཙམ་གསར་བཟོས་དང་རྙིང་བ་འཕྲོ་ལུས་བཅས་ཡོད་པ་དང་། གྲྭ་ཁང་བརྒྱ་དང་ལྔ་བཅུ་ལྷག་བཅས་ཟིན་ད་སྐབས་དགེ་འདུན་ཞལ་གྲངས་བརྒྱ་དང་བརྒྱད་ཅུ་ཡོད་པས། ཚེས་དུས་སྒྲུབ་མཆོད་སྐོར་དཀྱིལ་འཁོར་བཅུ་གཅིག་ཙམ་གྱི་རྡུལ་ཚོན་དང་གཞན་མཆོད་འགའ་ཚུགས་ཟིན། གྲྭ་ཆུང་སློབ་གྲྭ་རྒྱུན་འཛུག་གིས། དགོན་པའི་འདོན་ཚོགས་སྐོར་ཕྱག་ལེན་ཡོངས་རྫོགས་གྲྭ་ཆུང་ནང་[page 484] ནས་རང་ཏྲྱ་ཕེར་ངེས་ཡོད། བཤད་གྲྭ་རིགས་གསུམ་ལྷ་ཁང་དང་གཟིམ་ཆུང་གསུམ། གཉེར་ཁང་། དཔེ་མཛོད་ཁང་། ཚོགས་ཐབ་ཁང་། གྲྭ་ཤག་བརྒྱ་དང་ཉི་ཤུ་ལྷག་ཐོན། ད་སྐབས་མཁན་སློབ་བརྒྱ་དང་བདུན་ཅུ་སྐོར་ཡོད་པས་སྔར་སྲོལ་བཤད་རྒྱུན་ཡོངས་རྫོགས་ཉིན་བསྟར་བར་མེད་བཤད་བཞིན། སྐྱར་དུ་འཛུགས་པའི་བཤད་གྲྭའི་མཁན་རབས་དང་པོ། རིང་རྩིས་ཀྱི་མཁན་རབ་བཅུ་བ་པདྨ་དམ་ཆོས། བཅུ་གཅིག་པ་ཐུབ་བསྟན་རབ་གསལ་གྱིས་ད་ལྟ་གཞུང་བཤད་མཛད་བཞིན་པ་འདི་ཉིད་ཡིན། ཉེ་ལམ་བཤད་གྲྭ་གསར་དུ་རྒྱབ་པའང་བཅུ་ཕྲག་ལྷག་ཡོད། དཀར་མོ་སྟག་ཚང་སྒྲུབ་སྡེ་ལ། བཤད་གྲྭར་ལོ་ལྔ་རེ་ཐོས་བསམ་བྱས་པ་ལས་གདམ་པའི་སྲོལ་ལྟར་བྱས་ཏེ། ད་ལམ་དཔོན་སློབ་བརྒྱད་ཡོད། སྒྲུབ་ཐེངས་རེར་ལོ་ལྔ་རེའི་ཁོངས་སུ་ས་སྐྱའི་སྙན་རྒྱུད་སྐོར་ལོ་གསུམ་དང་། མཁྱེན་བརྩེའི་བཀའ་བབ་སྐོར་ལོ་གཉིས་རེ་ཉམས་ལེན་བྱེད་རྒྱུ་བཅའ་ཡིག་གསར་དུ་བཀོད་ཡོད། དེ་དག་གི་ཡོན་སྦྱོར་ནི། རྒྱལ་ཁབ་ཀྱིས་སྔོན་རྗེས་སྒོར་ཉིས་ཁྲི་དྲུག་སྟོང་གནང་སྦྱིན་དང་། གཞན་མཁྱེན་བརྩེའི་ཡང་སྲིད། སྒང་སྣ་མཆོག་སྤྲུལ། མཆོག་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་ཀྱིས་ཕྱག་དངུལ་ཕོན་ཆེན་གནང་བ་དང་། སྨན་ཤོད་ཡུལ་དགོན་ཚང་མས་དངུལ་དང་དངོས་རྫས་ངལ་རྩོལ་བཅས། ཤུགས་ཅི་ཡོད་ཕྱུང་བའི་བདག་རྐྱེན་ལས་བྱུང་ངོ་།།
དང་པོ་ཆགས་ཡུལ་གྱི་ཡུལ་ལྷའི་སྐོར་གངས་ཅན་ཤར་ཕྱོགས་མདོ་ཁམས་རྨ་རྫ་སྒང་། རྫ་ཆབ་སྔོན་མོའི་གཡས་ཟུར་གྱི་ལྷ་སའི་ཆ་ལ་གཏོགས་པའི་རྒྱབ་རིར་ར་ནུབ་བྲག་རྒྱལ་ཞེས་པ་དེ་ཉིད་ནི། གདན་གསེར་ཁྲི་སེར་པོ་དགུ་འབུམ་གྱི་ཡང་སྟེང་མདུན་རི་ལ་ནོར་བུ་བརྒྱ་རྩ་བརྒྱད། གཡས་ན་བཀྲ་ཤིས་རྟགས་བརྒྱད། གཡོན་དུ་རྒྱལ་སྲིད་སྣ་བདུན་གྱིས་མཚོན་པ་ཡ་མཚན་རྨད་དུ་བྱུང་བའི་བདེ་སྟོང་ཨེ་ཝཾ་ཟུང་འཇུག་གི་རང་བྱོན་ཡོད་པ། ཨེ་ཝཾ་པའི་མཁན་རབས་རྣམས་ཀྱི་གདན་ས་བཟུང་ནས་དར་རྒྱས་ཆེན་པོ་བྱུང་སྐབས། ཕྱོགས་བཞི་ནས་དུང་ཆེན་བཞི་ཡིས་ཆོས་བརྡ་གཏོང་པ་མ་གཏོགས་དགེ་འདུན་པ་རྣམས་ལ་ཁྱབ་མི་ཐུབ་བའི་ལོ་རྒྱུས་ཡོད་དོ། ཡུལ་གྱི་བཀོད་པ་ལྷ་ལྡན་དང་མཚུངས་པ་ལྷ་ས་སྟེང་ཚང་དགོན་ཞེས་པ་ཡོངས་སུ་གྲགས་སོ།།
བར་དུ་ཆུ་ཡིས་འཇིག་པ་དང་། ཕྱིས་སུ་གཙང་ངོར་རི་ནས་བླ་སྐོས་གཏོང་ནས་གདན་རབས་འགའ་སོང་། དེ་ནས་བོད་རབ་བྱུང་ལྔ་པའི་ནང་ཚུན། རེ་མགོ་རི་མགོའི་ལམ་ལྟག་བླ་མ་ངག་དབང་བསམ་གཏན་གྲགས་པས་དཔལ་ས་སྐྱའི་བསྟན་པ་ཡོངས་སུ་འཛིན་པའི་མངའ་བདག་ཆེན་མོ་སྒྲོལ་མ་ཕོ་[page 485] བྲང་གི་མདུན་ནས་གདན་ས་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཞུ་སྐབས་ངག་དབང་འཇམ་མགོན་ཆེན་མོ་གྲུབ་པའི་དབང་ཕྱུག་དེ་ཉིད་མངའ་གསོལ་གཟེངས་སུ་བསྟོད་ནས་དགོན་པ་ཉམས་གསོ་བྱས། ཐུབ་བསྟན་ཆོས་ཀྱི་དགའ་ཚལ་གླིང་ཞེས་ཡོངས་སུ་གྲགས།
གནའ་དུས་གོང་མ་རིམ་བྱོན་གྱིས་ཕྱི་རབས་རྣམས་ལ་སྐྱབས་ཡུལ་དུ་གྱུར་པའི་རྗེས་བཞག་སྐུ་རྟེན་ལ་ཐུབ་པ་བྱེའུ་དྲོད་མ་དང་། ཟངས་གསེར་ལས་གྲུབ་པའི་ཇོ་སྐུ་མདའ་ཚད་མ། སྤྱན་རས་གཟིགསདང་། འཇམདབྱངས། གནས་བརྟན་བཅུ་དྲུག་ཆ་གཉིས། ས་པཎ་གྱི་སྐུ་བཅས་སོ། གཙུག་ལག་ཁང་དང་མཉམ་པའི་གུ་རུ་སྒྲོལ་མ། ས་པཎ། ངོར་ཆེན་བཅས། གསུང་རྟེན་ལ་རྒྱལ་བའི་བཀའ་བསྟན་འགྱུར་དང་འབུམ་ཆ་གཉིས་གཙོས་པོད་བཞི་བརྒྱ་ལྷག་ཙམ་ཡོད། ཐུགས་རྟེན་ལ་མཆོད་རྟེན་དང་མཆོད་རྫས་འཆམ་དར་རྒྱན་བཅས་ཡོ་བྱད་ཕུན་སུམ་ཚོགས་པའོ། ལྷ་ཁང་ཆེ་ཆུང་གསུམ་དང་སྒྲུབ་ཁང་གཅིག གྲྭ་ཁང་ཉི་ཤུ་ཙམ་ཡོད། དགོན་པ་ཆགས་ཡུལ་གྱི་འཁོར་ཡུག་གི་ས་ཁྱོན་གཞུ་འདོམ་གྲུ་བཞི་མ་སུམ་བརྒྱ་ལྷག་ཙམ་ཡོད། གྲྭ་དྲུག་ཅུ་ཙམ་གྱིས་དབྱར་དགུན་སྟོན་དཔྱིད་དུས་བཞིའི་ནང་དུ་དུས་མཆོད་དང་གར་འཆམ་ཚད་དང་ལྡན་པའོ། ཡིན་ནའང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དུས་རྟེན་གསུམ་དང་གཙུག་ལག་ཁང་སོགས་བརླགས། དེང་སང་རྟེན་གསུམ་བཞེངས་ཟིན་པ་མ་ཟད་དུས་བཞིའི་སྒྲུབ་མཆོད་ལ་གྲྭ་ལྔ་བཅུས་ཚོགས་བཞིན་པའོ།།
སྔོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་གོང་མ་སེ་ཆེན་རྒྱལ་པོས་གདན་དྲངས་པར་ཕེབས་ལམ་དུ་མདོ་ཁམས་གླིང་གི་ཕྱོགས་སུ་ཞག་ཤས་བཞུགས་པར་མགོན་གཟིགས་རབ་བརྟན་རྩེའི་ཆོས་འཁོར་ཆེན་པོ་འདི་ཕྱག་བཏབ་མཛད་པ་ཡིན་ནོ་ཞེས་སྔོན་གྱི་ལོ་རྒྱུས་རྙིང་པ་རྣམས་དང་། སྨན་རབས་རྣམས་ཀྱི་ངག་རྒྱུན་ཡོད། དེ་ནས་བཟུང་འཁོན་སྟོན་རིམ་བྱོན་གྱི་ཐུགས་ཁུར་བཞེས་ཏེ་ཆོས་སྡེ་འདིར་བདག་རྐྱེན་བླ་ན་མེད་པ་མཛད། དུས་འགྱུར་གྱི་དབང་གིས་ལོ་རྒྱུས་ཐམས་ཅད་འཇིག་པས་ཞིག་པར་འབྲི་མ་ནུས། རྟེན་ཡོད་ཚུལ་ནི། རྟེན་གྱི་གཙོ་བོར་ནི་དབྱར་གནས་ལྷ་ཁང་དུ་རྡོ་རྗེ་འཆང་དང་། བྱམས་པ་གཉིས་སྐུ་ཚད་མི་ལས་བརྒལ་བ། རྒྱ་གར་ལི་མ་བརྒྱད་ཅུ་སོགས་མང་། གསུང་རྟེན་གསེང་བྲིས་བཀའ་བསྟན་འགྱུར་དང་མ་ངེས་པའི་གསེར་བྲིས་པོད་མང་པོ་ཡོད།
[page 486] ཐོག་མར་དགོན་པ་འདེབས་པ་བོ་ནི། ཤར་ཆེན་མི་འགྱུར་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན། འཁྲུངས་ཡུལ་ནི་བཞད་ཆོས་སུ་ཕ་ཕུན་ཚོགས་རབ་བརྟན་དང་། མ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་མོ་བྱའི་ལོར་སྐུ་འཁྲུངས། ཆུང་དུས་ནས་འབྲི་ཀློག་སོགས་ཚེགས་མེད་ཀྱིས་མཁྱེན། བླ་མ་དུ་མ་བརྟེན་ནས་ཐོས་བསམ་སྒོམ་སྒྲུབ་ཀུན་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན། ཨེ་ཝཾ་པའི་གདན་རབས་སོ་དྲུག་པའི་གསེར་ཁྲིར་མངའ་གསོལ། སྡེ་དགེ་ས་སྐྱོང་ཆེན་པོ་བློ་གྲོས་རྒྱ་མཚོ་སོགས་ལ་གསང་སྔགས་ལམ་འབྲས་དང་བཅས་པའི་གདམས་ངག་སོགས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་། དེ་རྗེས་སྡེ་དགེ་ས་སྐྱོང་བླ་མ་བློ་གྲོས་རྒྱ་མཚོ་དྲལ་ལྕམ་ནས་ཆབ་འབངས་ཕན་བདེ་ལ་འགོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་གི་གདན་སར་སྤྱན་དྲངས་ནས་པར་ཁང་ཆོས་མཛོད་ཆེན་མོ་ནང་གི་རྒྱལ་བཀའ་རིན་པོ་ཆེ་ཞུ་དག་གནང་ངོ་།།
དེ་ནས་བླ་མཆན་བླ་མ་རབ་དཀར་ལྷུན་གྲུབ་ས་འཚོལ་བརྩལ་དུ་བཏང་བས། ཡིད་ལྷུང་ཕྱོགས་ཀྱི་མི་རྒན་བཀྲ་ཤིས་ལྷ་རྒྱལ་ཞེས་པའི་མི་དེས་ས་ཕུལ་བས་རྟེན་འབྲེལ་ཤིན་ཏུ་འགྲིགས་པ་དང་། ལྷ་རྒྱལ་སྲང་ཞེས་དེར་རབ་བྱུང་བཅུ་གསུམ་པའི་མེ་ཕག་ལོར་དགོན་པ་ཐོག་མར་བཏབ། དཔལ་ས་སྐྱའི་ངག་དབང་ཀུན་དགའ་བློ་གྲོས་མཆོག་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པས་དུང་དཀར་རྒྱང་གྲགས་དང་། རྒྱ་གསེར་གྲོ་ལོ་མའི་བླ་བྲེ་བཅས་མཆོད་ཆས་རིགས་མང་ཙམ་གནང་སྟེ་མཚན་ལ་བདེ་ཆེན་མཁའ་སྤྱོད་གླིང་སྲིད་གསུམ་དགེ་ལེགས་ཡོངས་འདུས་ཞེས་མཚན་བྱང་དང་བཅས་པ་གནང་ངོ་།།
དགོན་འདིའི་གདན་རབས་དང་མཁན་རབས་ནི། རིན་ཆེན་མི་འགྱུར་རྒྱལ་མཚན། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ། མཁན་རིག་ངག་དབང་ཀུན་དགའ་བསོད་ནམས། རྩིས་རིག་སྨྲ་བ་འཇམ་དབྱངས་མཁྱེན་རབ། རྩིས་རམ་པ་ཡོན་ཏན་ཕུན་ཚོགས། གནས་ལྔ་རིག་པའི་དབང་ཕྱུག་ནོར་བུ་དབང་རྒྱལ། རྨད་བྱུང་རྡོ་རྗེ་འཛིན་པ་ཡེ་ཤེས་བཟང་པོ། ཡག་ཤེས་མཁན་པོ་བསོད་ནམས་མཆོག་གྲུབ། སྙན་བརྒྱུད་འཛིན་པ་ཡེ་ཤེས་ཚེས་བཟང་སོགས་དགེ་བའི་བཤེས་གཉེན་དུ་མས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཛིན་སྐྱོང་སྤེལ་གསུམ་དང་སྒྲ་ཚད་བཟོ་གསོ་སྙན་ངག་མངོན་བརྗོད་སྐར་རྩིས་སོགས་ཐུན་མོང་གི་རིག་གནས་བཅས་དར་སྤེལ་ཆེན་པོ་བཏང་བ་ཡིན། མཁན་ནོར་བུ་དབང་རྒྱལ་གཙོས་མཁན་རབས་རྣམས་ཀྱི་སོ་བྱང་སྔགས་གསུམ་གྱི་སྡོམ་རྒྱུན་དང་གཞུང་རྩ་འགྲེལ་སོགས་གྲྭ་ཉི་ཤུ་ཙམ་གྱི་ཉམས་བཞེས་མཛད་རྒྱུ་དང་། སྒྲུབ་གྲྭའི་སྲོལ་ནི་ཡི་དམ་ཀྱེེ་རྡོར་གཙོས་རྒྱུད་སྡེ་གོང་འོག་གི་སྒྲུབ་[page 487] པ་དབྱར་དགུན་གཉིས་ལ་ཆད་མེད་གྲྭ་བཅུ་གསུམ་རེས་ལོ་གསུམ་ནས་ལྔ་བར་མཛད་རྒྱུ་ཡོད་དོ།། གྲྭ་ས་ནི་གཙང་ངོར་དགོན་ཨེ་ཝཾ་ཆོས་སྡེའི་དགོན་ཡིན། དགོན་པའི་འགན་བཞེས་སྐོར་ནི། ཐོག་མར་དུང་དང་རྒྱ་གླིང་ལོ་གསུམ་རེ་དང་། དེ་ནས་དབྱངས་རོལ་མོ་གར་འཆམ་ཐིག་རྡུལ་ཚོན་སོགས་ལེགས་པར་མཐར་ཕྱིན་ནས་བཤད་གྲྭ་སྒྲུབ་གྲྭར་ལོ་ལྔ་རེར་འདུག་དེ་ནས་དགེ་བསྐོས་དང་། མཆོད་དཔོན། རོལ་དཔོན། ཟུར་བླ། དབུ་མཛད་བཅས་ལོ་ལྔ་དང་། དེ་ནས་དགོན་དཔོན་ནམས་ཁྲི་བར་མངའ་གསོལ་ཏེ་བསྟན་པའི་བདག་པོ་ཞེས་མིང་བཏགས་དེ་རྗེས་མཁན་པོ་མཛད་དགོས། དགོན་འདིར་གཙུག་ལག་ཁང་ཆེ་ཆུང་ལྔ། སྤྱི་ཁང་གསུམ། མཛོད་ཁང་བཞི། གྲྭ་ཤག་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད་དོ།།
བླ་གྲངས་ཁྱོན་ཉིས་བརྒྱ་ལྔ་བཅུ་ལྷག་དང་། ཆོས་སྡེ་དུད་གྲངས་སུམ་བརྒྱ་ལྷག་ཙམ་ཡོད། ཕྱིས་སུ་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང་སྟེ་མིང་གི་ལྷག་མར་གྱུར་ཅིང་རྟེན་དང་བརྟེན་པ་ཐམས་ཅད་བརླགས། གཙུག་ལག་ཁང་དང་གྲྭ་ཤག་དང་བཅས་པ་ཞིག་ཤུལ་ས་ཕུང་རྡོ་ཕུང་ཙམ་ལས་མེད་པར་གྱུར། ཁྱད་པར་ངོར་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་ཉི་མའི་འདྲ་ཞལ་དང་རོལ་མོ་རྩ་ཆེན་སོགས་མང་ངོ་།།
དེ་ཡང་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་པ་ལྷ་གཉེན་ཟིས་ཁྲོམ་རྡོ་རྗེའི་གཡོན་ཞོལ། སྦས་ཡུལ་རོང་མོ་ལྗོངས་དང་འདབ་འབྱོར་དུ་འབྲེལ་བའི་རུ་དམ་དཔལ་གྱི་དབེན་གནས་ཞེས་ཡོངས་སུ་གྲགས་པ་དབུས་ཕྱོགས་བདྨ་བརྩེགས་དང་། ཡར་ལུང་ཤེས་གྱི་བྲག་ཕུག པདྨ་བཀོད་པའི་གནས་རྣམས་དང་གཅིག་འབྲེལ་དུ་གྱུར་བ་འདི་ཉིད་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། རབ་བྱུང་བཅོ་ལྔ་བའི་ཐོག་མ་མེ་ཡོས་ལོར་རུ་དམ་གངས་ཁྲོད་ནས་གཏེར་དུ་བཏོན་པའི་གནས་ཡིག་ལས་འདི་ལྟར་གསུངས་ཏེ། ཆུ་ཕོ་སྤྲེལ་ལོ་ཟླ་ར་བའི་ཚེས་བཅུར་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དག་པའི་འཁོར་དུ་མ་དང་བཅས་རུ་དམ་གངས་ཀྱི་ར་བའི་དབུས་ཀྱི་ནེའུ་སེང་དུཿདར་གྱི་གུར་ཕུབསཿརིན་པོ་ཆེའི་ཁྲི་ལ་བཞུགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་མང་པོས་ཚོགས་ཀྱི་འཁོར་ལོར་རོལ་བའི་ངོ་མཚར་བདེ་གཤེགས་ཀུན་འདུས་ཀྱི་ཚོམ་བུའི་སྒྲུབ་པ་མཛད་པའི་ཚེཿཞིང་དང་གྲུབ་པའི་སློབ་དཔེན་ཆེན་པོ་དགུཿ བཀའ་བབ་རིག་པ་འཛིན་པ་རྣམསཿ རྫུ་འཕྲུལ་གྱིས་བྱོན་སྒྲུབ་པའི་གནསཿ བསྒྲུབས་པས་རང་རང་དངོས་གྲུབ་འགྲུབཿ ཅེས་སོགས་ཚད་ཐུབ་ཀྱི་གཏེར་ལུང་དུ་མ་ནས་ཨོ་རྒྱན་ཆེན་པོ་པདྨ་སམ་བྷ་ཝ་འཁོར་རྗེ་འབངས་དང་བཅས་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་བདུད་རྩི་[page 488] སྨན་གྱི་སྒྲུབ་པ་མཛད། རྡོ་ལ་སློབ་དཔོན་པདྨས་ཞབས་ཆེན་དང་ཞབས་ཆུང་དུ་གྲགས་པའི་རྗེས་དུ་མ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་དང་། རིག་འཛིན་ཤྲིའི་སིང་ཧ་རྫུ་འཕྲུལ་གྱིས་གནས་འདིར་ཕེབས་ཏེ་རྡོ་ལ་སྐུ་རྗེས་བཞག མཉམ་མེད་ཐུབ་པའི་དབང་པོས་གནས་འདིར་བྱིན་གྱིས་བརླབས་པས་དགོན་གྱི་མདུན་ཞོལ་དུ་སྟོན་པ་ཆུ་གཟིགས་མ་ཞེས་པའི་སྐུ་བརྙན་ཡམས་ནད་ཚབས་ཆེན་འབྱུང་སྐབས་སྐུ་བརྙན་དེས་བཞེས་ཏེ་ཞལ་འབྲུམ་འབུར་བ་བླངས་ནས་འཐུང་ན་ནད་བརྒྱ་སེལ་བའི་བྱིན་མཐུ་ཅན་གྱི་རང་བྱོན་དང་། གངས་ཁྲོད་ཀྱི་མཚོ་གོང་འོག་ཏུ་ཟངས་མདོག་དཔལ་རི་རང་བྱུང་གི་བྲག་དང་གུ་རུའི་སྒྲུབ་ཕུག་སོགས་ཡོད་ཅིང་། སློབ་དཔོན་ཆེན་པོས་དམ་སྲི་སྤུན་དགུ་སོགས་འདྲེ་སྲིན་མ་ཡམ་དྲག་པོ་མངན་སྤྱོད་ཀྱིས་དམ་ལ་བཏགས་སྐབས་རྫུ་འཕྲུལ་རྡོ་ཐུན་གྱི་ཆར་བབས་པས། ཡུལ་འདི་སྟོད་སྨད་ཀུན་དང་མི་འདྲ་བར་གངས་རྒན་གྱི་སྟེང་དང་དགོན་གྱི་འཁོར་ཡུག་གི་སྤང་རིའི་སྟེང་ལ་ད་ལྟ་གཏིང་ཟུག་མིན་པའི་རྡོ་རིལ་ཤིན་ཏུ་མང་པའང་རྒྱུ་མཚན་དེས་ཡིན་སྐད་དང་། གཡས་ཀྱི་སྦས་ཡུལ་རོང་མོ་ལྗོངས་སུ་འོད་གསལ་ཆོས་ཀྱི་བདུད་རྩིས་འཚོ་བའི་སྐལ་ལྡན་གྱི་གང་ཟག་འབུམ་ཕྲག་མང་པོ་བཞུགས་པའི་ཡུལ་ལྗོངས་ཀྱི་ཚུལ་དུ་སྦས་པ་ཕྱིས་སུ་ལས་ཅན་འགའ་རེ་དེར་སླེབ་པའི་ལོ་རྒྱུས་དང་། ཡུལ་འབྲོག་གི་སྤྱོད་ཆས་སོགས་རྒྱབ་ལོག་གི་ཆུ་རྒྱུན་ལས་མངོན་ཐུབ་པར་གྲགས། སློབ་དཔོན་ཆེན་པོ་འཁོར་བཅས་ཕེབས་པའི་དུས་དེ་ཙམ་ནས་ཡུལ་འདིར་དམ་ཆོས་དར་བའི་དབུ་བརྩམས་པའི་ངག་རྒྱུན་ཡོད། གཞན་ཡང་སློབ་དཔོན་པདྨས་ཆོས་དང་རྫས་ཀྱི་གཏེར་མང་པོ་སྦས་པ་གནས་ཀྱི་དཀར་ཆག་མཁའ་འགྲོའི་བཀའ་རྒྱ་ཟབ་མོ་སོགས་ལས་གསུངས་བ་ལྟར། ཟུར་ཙམ་འགོད་ན་བྱང་ཤར་ཁྲག་མཚོ་ཁོལ་མའི་རྒྱབ་ཏུ་པདྨའི་ཕྱག་རྗེས་དང་ཨ་ཡིག་རང་བྱུང་ཡོད་པའི་འོག་གི་ཕ་ཝཾ་དཀར་པོ་དང་། བྲག་རི་དམར་གཏེར་འདྲ་བ་བརྡུང་ན་རང་སྒྲ་རྔ་སྐད་ཙམ་འབྱུང་བའི་འོག་གི་ཕུག་པ་སོགས་ཕྱོགས་ཀུན་ལ་ལྷ་ས་དང་བསམ་ཡས་ཀྱི་དཀར་ཆག ལོ་ཙས་ཆོས་བསྒྱུར་གྱི་དཀར་ཆག་དང་རྒྱ་དཔེ་རྗེ་འབངས་རྣམས་ཀྱི་སྐྱེས་རབས་དང་ཞལ་ཆེམས། མ་འོངས་ལུང་བསྟན་དང་རྩ་གསུམ་དམ་ཅན་གྱི་ཕྱག་མཚན། སྲོག་བསྒྲུབ་དང་ཚེ་སྒྲུབ་གདམས་བཅུད་དང་མན་ངག་གཏེར་གྱི་ཁ་བྱང་། གཏེར་སྟོན་སྣ་ཚོགས་བྱོན་ཚུལ། པདྨའི་ཆོས་གོས་འཇའ་ཟེར་མ་དང་། ཁྲི་སྲོང་གི་ཟབ་བེར། མཚོ་རྒྱལ་གྱི་མགུལ་རྒྱན། མུ་ཁྲི་བཙན་པོའི་སོར་གདུབ། ལི་ལས་གྲུབ་པའི་བད་འབྱུང་རང་བྱུང་། ཀླུ་གཏེར་ནོར་བུ་འོད་འབར་དང་། ནོར་བུ་བསམ་འཕེས་གྱིས་གཏམས་པའི་དངུལ་སྒྲམ། རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་རྟེན། གཟའ་ཀླུ་རྒྱལ་གསུམ་གྱི་བླ་རྡོ། དབང་ཕྱུག་ཉེར་བརྒྱད་ཀྱི་ཞལ་འབག་ཆ་ཚང་། སློབ་དཔོན་པདྨའི་སྐུ་བརྙན་ཁང་བརྩེགས་ཅན་སོགས་གནས་འདིར་ཆོས་གཏེར་དང་། རྫས་གཏེར་གྱིས་ཁངས་ཡོད་པར་འདི་བཞིན་གཏེར་ལུང་གི་གནས་ཡིག་མང་པོ་ལས་གསུངས་སོ།།
[page 489] མདོ་ཁམས་རྫོགས་ཆེན་དུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་དགོན་སྡེ་འདེབས་པ་བོ་ནི་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་གྲགས་པ་དེ་ཉིད་དེ། ཁོང་ནི་གཏེར་ཆེན་བདུད་འདུད་རྡོ་རྗེའི་གཏེར་ལུང་ལས། རླངས་དཔལ་སྤྲུལ་བ་རི་བོའི་ཕྱོགས་ནས་འབྱུངཿ། པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱནཿ། ཞེས་དང་། རིག་འཛིན་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བི་མ་ལཿཤར་ཕྱོག་སམདོ་ཁམས་ཡུལ་ནས་འབྱུངཿ། པདྨའི་མིང་ཅན་བརྟུལ་ཞུགས་ཅནཿ། བརླ་གཡས་སྨེ་བ་སྤྱན་འདྲས་མཚནཿ། ཞེས་སོགས་གཏེར་ལུང་དུ་མ་ནས་གསལ་བར་བསྔགས་པ་དེ་ཉིད།
རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ཟློས་གར་འབྱམས་ཀླས་པའི་མཐར་མདོ་ཁམས་དངུལ་རྫ་ཟལ་མོ་སྒང་དུ་གཏོགས་པ་ཁམས་རི་བོ་ཆེའི་ཕྱོགས་སུ། བཟོ་རྩལ་མཁས་པའི་དབང་ཕྱུག་བལ་བོ་བཀྲ་ཤིས་བྱ་བའི་སྲས་སུ་རབ་བྱུང་བཅུ་བའི་ནང་ཚན་ཤིང་མོ་གླང་སྤྱི་ལོ་༡༦༢༥ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་རབ་བྱུང་གི་ཆ་ལུགས་འཛིན་ཞིང་དགུང་ལོ་བཅུ་བཞིའི་སྐབས་འབྲི་ཀློག་ལེགས་པར་མཁྱེན། དེ་ནས་མི་རིང་བར་མཁས་གྲུབ་ཀརྨ་ཆགས་མེད་བླ་མར་བསྟེན་ཏེ་བཀའ་གཏེར་ཆོས་ཚུལ་རྒྱ་མཚོར་གསན་བསམ་མཛད། ཁྱད་པར་ཉམས་ཁྲིད་སྐྱོང་བའི་ཚེ། ཞག་ཉེར་གཅིག་ནས་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་ཤིང་བདེ་གསལ་མི་རྟོགས་པའི་ཉམས་སྣང་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་ཤིང་བདེ་གསལ་མི་རྟོག་པའི་ཉམས་སྣང་རྩོལ་མེད་དུ་སྐྱེས། སླར་ཡང་བླ་མའི་མདུན་ནས་ཉང་གི་རྟ་ནག་སོགས་ཀྱི་དབང་ལུང་གསན་སྐབས། ཆགས་མེད་རིན་པོ་ཆེ་ལའང་། ཐུགས་དམ་གྱི་བོག་ཐོན་པ་བྱུང་སྟེ་ཁོང་གི་གསུང་ལས། རྟོགས་ལྡན་པདྨ་རིག་འཛིན་ལ། ལུང་ནི་མང་ཞིག་བྱས་པའི་ཚེ། སེམས་ངོ་ལའང་བོག་ཐོན་ཅིང་། ལུང་དང་འདྲེས་ནས་འགྲོ་བ་བྱུང་། ཞེས་དང་འདི་སྐབས་ཡི་དམ་ཐུགས་རྗེ་ཆེན་པོ་དང་པདྨ་འབྱུང་གནས་གང་བྱེད་བརྟག་པས། ཁོང་རྣམ་གཉིས་དགོངས་བརྟག་གཅིག་མཚུངས་སུ་གྱུར་ཏེ། རཏྣའི་ཐུགས་སྒྲུབ་ཞི་བར་བསྙེན་པས་ཨོ་རྒྱན་ཆེན་པོའི་ཞལ་འཇལ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་ཞལ་གཟིགས་ལུང་བསྟན་མཐའ་ཡས། བསྐྱེད་རྫོགས་རྩ་རླུང་སོགས་ཀྱི་གདམས་པའི་ཞུན་མཐར་བཅད། དེ་གནད་སྨིན་གྱི་ཉམས་བཞེས་མཛད་པས་ཉིན་ཞག་རེ་ལ་རླུང་རྒྱུ་པ་གཉིས་རེས་ཆོག་པ་སོགས་གྲུབ་པའི་རྟགས་རྣམས་མངོན་དུ་གྱུར། གཏེར་ཆེན་བདུད་འདུལ་རྡོ་རྗེས་བསྔགས་བརྗོད་རྒྱ་ཆེ་བའི་སྒོ་ནས་ཆོས་བདག་ཏུ་མངའ་གསོལ། རྫོགས་ཆེན་བསོད་ནམས་དབང་བོའི་དངོས་སློབ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ལས། ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་གདམས་ཁྲིད་སྨིན་[page 490] རྒྱས་སུ་གསན་ཏེ་སྒོམ་སྒྲུབ་མཛད་པས་འོད་གསལ་རྡོ་རྗེའི་སྙིང་པོའི་གནས་ལུགས་ཇི་བཞིན་པར་གཟིགས་ནས་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར་ལྷུན་གྲུབ་ཐོལ་བརྒལ་གྱི་ཉམས་ལེན་ཆོས་ཉིད་མངོན་སུམ་གྱི་སྣང་བའི་འཆར་སྒོ་ཐིག་ལེར་སྟོང་སྒྲོན་གྱི་མུ་ཁྱུད་ཅན་དུ། རྡོ་རྗེ་སེམས་དཔའ་དང་འཕགས་པ་ནམ་མཁའི་རྒྱལ་པོ་བཀྲ་ལམ་མེར་གཟིགས། ཡེ་ཤེས་ཊྰ་ཀིས་ལྡེ་མིག་ཕུལ་ནས་བརྡ་ཐབས་ཀྱིས་སྙིང་ཐིག་གི་བསྟན་པ་བཏད་པ་སོགས་ཀྱིས་རྫོགས་ཆེན་པ་ཞེས། ཆོས་མིང་གང་ཟག་ལ་ཐོགས། ཆགས་མེད་རིན་པོ་ཆེན་མཆོག་གིས་ཉམས་རྟོགས་མཐོ་བའི་བསྔགས་བརྗོད་གནང་སྟེ་རྒྱལ་ཚབ་ཏུ་དབང་བསྐུར། གཞན་ཡང་། ཨོ་རྒྱན་གཏེར་བདག་གླིང་པ། སྒམ་པོ་སྤྲུལ་སྐུ་བཟང་པོ་རྡོ་རྗེ། རས་ཆུང་སྤྲུལ་པའི་སྐུ་དང་མངའ་བདག་ཆོས་ཀྱི་དབང་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ལས་ཀློང་ཆེན་མཛོད་བདུན་དང་མདོ་དབང་ཆེན་མོ་རོ་སྙོམས་དང་སྙན་བརྒྱུད་ཀྱི་གདམས་པ་སོགས་མདོ་སྔགས་ཀྱི་གནས་ལ་གསན་བསམ་རྒྱ་ཆེར་མཛད། གཏེར་སྟོན་མི་འགྱུར་རྡོ་རྗེ་ལས། གནམ་ཆོས་ཀྱི་སྨིན་གྲོལ་ཐུགས་ཉམས་སུ་བཞེས་སྐབས་ཟབ་ཆོས་ཀྱི་བདག་པོར་མངའ་གསོལ། དགུང་གྲངས་སོ་དགུ་པར་དབུས་སུ་ཕེབས་ཏེ་ལྷ་ལྡན་ཇོ་ཤྰག་དང་བསམ་ཡས་མཆིམས་ཕུ་ཟངས་རི་མཁར་དམར། དཔལ་གྱི་ཙ་རི་ཏྲ། ལྷོ་བྲག་མཁར་ཆུ་ཡེར་བ་ལྷ་རི། བྱང་གནམ་མཚོ། རྡོར་སྨིན་སོགས་སུ་གནས་གཟིགས་སྙན་ཤལ་གསེར་ཆབ་མང་འགྱེད་སོགས་གནང་། གཞན་ཡང་། རྒྱལ་མཆོག་ལྔ་བ་རིན་པོ་ཆེར་ཉམས་རྟོགས་ཀྱི་བགྲོ་གླེང་ཕུལ་བས། ཁོང་གི་གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་བརྗོད་པ་བཅོས་མ་མ་ཡིན་པར་གློང་རྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་སྐྱོང་བའི་ལག་རྗེས་ལ་ཤར་བར་སྣང་ཞེས་དང་། ཕྱིས་སུ་ཆབ་ཤོག་ཀུན་བཟང་ཞལ་ངོམས་ལས། སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུས་ལྗོན་པ་ཁྱེད་དུ་ངེས། །ཞེས་སོགས་བསྔགས་བརྗོད་དུ་མ་གནང་། གྲུབ་དབང་རིན་པོ་ཆེ་སྐུ་ལུས་མ་སྤང་པར་འོད་ལུས་གཞོན་ནུ་བུམ་སྐུ་འགྲུབ་པར་དགོངས་བཞེས་སྐྱོང་ཚེ། ལྔ་བ་ཆེན་པོས་ཨོ་རྒྱན་ལུང་ཟིན་པདྨའི་མཚན། །རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིས། །མདོ་སྨན་ཉི་མ་ཤར་ཕྱོགས་སུ། །རྒྱལ་དང་རུ་དམ་རྭ་བ་དཀར། །གང་རུང་གདན་ས་གནས་གྱུར་ཚེ། །བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ། །མཐའ་འཁོབ་ཀླ་ཀློ་ཆོས་ཀྱིས་འདུལ། །ཞེས་སྒྲིབ་བྲལ་རྡོ་རྗེའི་བཀའ་ལུང་གིས་བསྐུལ་ཏེ་དགེ་རྒྱས་དང་། རུ་དམ་ལུང་། མི་ཉག་རྡོ་ར་དཀར་མོ་གསུམ་ལ་རྟེན་འབྲེལ་ཆེ་འབྲིང་ཆུང་གསུམ་དུ་བརྟག་པ་བཞིན་བསྟན་འགྲོའི་དོན་ཆེན་ལྷུར་བཞེས་ཀྱིས་གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་སླད་དུ་དགུང་གྲངས་དྲུག་ཅུ་བཞེས་པ་ཤིང་ཕོ་བྱི་བའི་ལོར་མདོ་སྨད་ཉི་མ་ཤར་ཕྱོགས་སུ་ཞབས་བསྐྱོད་ནས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་རོལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པས་སྦྱིན་བདག་མཛད་དེ། གྲུབ་དབང་དགུང་ལོ་རེ་གཅིག་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཁྲོ་བོ་ཞེས་པ་ཤིང་གླང་སྤྱི་ལོ་༡༦༨༥ལོར་ཨོ་[page 491] རྒྱན་བསམ་གཏན་ཆོས་གླིང་དུ་གྲགས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་བཏབ་སྟེ། དགེ་འདུན་པ་སྟོང་ཕྱེད་ལྔ་བརྒྱས་སྒྲུབ་པའི་རྒྱལ་མཚན་བཙུགས།
ཞལ་སློབ་གཙོ་བོ་འགལ་ཙམ་སྨོས་ན་གཏེར་སྟོན་ཉི་མ་གྲགས་པ་དང་། ཞྭ་ལམ་རབ་འབྱམས་པ་དཔོན་སློབ་ནམ་མཁའ་འོད་གསལ་བཅས་ཐུགས་སྲས་ཐུ་བོ་གསུམ་མམ་སློབ་བུ་ཉི་ཟླ་སྐར་གསུམ་དང་། གནས་བརྟན་འཇམ་དབྱངས་གྲགས་པ། རྫོགས་ཆེན་ཀློང་རྫོགས་མཐའ་བྲལ། རིན་འཛིན་ཀློང་གསལ་སྙིང་པོ། ཀ་ཐོག་བསོད་ནམས་ལྡེའུ་བཙན། ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་སོགས་ཕྱོགས་ཀུན་ཏུ་སློབ་ཚོགས་ཀྱིས་ཁྱབ། དེ་ལྟར་ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས་མཛད་པའི་མཛོད་བདུན་དཀར་ཆག་དང་གུར་བཀྲའི་ཆོས་འབྱུང་། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་གདན་རབས་པདྨའི་དགའ་ཚལ་དང་། བདུད་འཇོམས་ཆོས་འབྱུང་སོགས་ལས་བྱུང་བ་ལྟར་རོ།།
སྐལ་ལྡན་གདུལ་བྱའི་བགོ་སྐལ་དུ་བཞག་པའི་ལྗགས་རྩོམ་ཡང་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་སོགས་བསྟོད་ཚོགས་ཀྱི་སྐོར། དགེ་བསྐུལ་ལྕགས་འདེབས་ཀྱི་སྐོར། རྣམ་ཐར་འཕྲོས་དོན་ཅན་གྱི་ཉམས་མྱོང་མགུར་གྱི་སྐོར། ཞལ་གདམས་ངོ་སྤྲོད་ཀྱི་སྐོར། སྒྲུབ་ཕྲིན་ཆོ་གའི་སྐོར་སོགས་ཀྱི་གླེགས་བམ་དུ་མ་ཞིག་བརྩམས། ཐེག་མཆོག་སྙིང་པོའི་བསྟན་པ་མཁའ་ཁྱབ་ཏུ་བརྟས་པར་མཛད་དེ་དགུང་གྲངས་དོན་གསུམ་བཞེས་པ་མེ་གླང་ལོར་འཇའ་ཚོན་གྱི་གུར་དང་འབྱུང་བའི་སྒྲ་སོགས་རྒྱུད་སྡེ་ནས་བཤད་པའི་ལམ་རྟགས་ངོ་མཚར་དང་བཅས་ཟབ་གསང་ཀུན་བཟང་གཞོན་ནུའི་ཀློང་དུ་ཐིམ་པའོ།།
དེ་ནས་གྲུབ་དབང་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནི་རབ་བྱུང་བཅུ་གཉིས་པའི་ས་ཡོས་སྤྱི་ལོ་༡༦༩༩ལ་སོག་ཨོ་རོད་རྒྱལ་བོའི་སྲས་ཀྱི་འཚོ་གཉེར་བྱེད་པའི་རིགས་སུ་མྱོས་ལྡན་ཞེས་པ་མེ་ཡོས་ལ་སྐུ་བལྟམས། དབུས་ཕྱོགས་ལྷ་བླ་མའི་རྟགས་ལུང་གིས་གོང་མའི་ཡང་སྤྲུལ་དུ་ངོས་བཟུང་ནས་གདན་སར་སྤྱན་དྲངས། དགུ་གྲངས་བཅུ་གཅིག་ཐོག་དབུས་སུ་ཕེབས། ཆོས་རྒྱལ་གཏེར་བདག་གླིང་པ་ལས་དབང་ཁྲིད་དུ་མ་གསན། གཞན་ཡང་རྒྱལ་དབང་སྐལ་བཟང་རྒྱ་མཚོ་གཏེར་ཆེན་ཉི་གྲགས་ཡབ་སྲས། ལོ་ཆེན་ངྷརྨ་ཤྲྰི། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་ཡོངས་འཛིན་བཅུ་ཕྲག་བཞི་ལྷག་ལས་རྒྱ་བོད་ཀྱི་བཀའ་བསྟན་མདོ་སྔགས་ཐུན་མོང་རིག་གནས་དང་བཅས་པ་སོགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་ནས་མཁས་པའི་རྒྱལ་སར་གཤེགས། ཁྱད་པར་གོང་ས་རྒྱལ་དབང་མཆོག་གིས་རྟེན་གསུམ་ཐམ་ཁ་གནང་སྐབས་དམ་ཅན་ནོར་སྒྲུབ་ཀྱི་ལུང་བསྟན་པ་ལྟར། ཐུབ་སྐུ་གཡུ་ཐོད་མ་སོགས་སྲིད་ན་དཀོན་པའི་སྐུ་རྟེན་མང་པོ་སྤྱན་དྲངས། ལོ་འཁོར་བཅུ་གཉིས་སོགས་སུ་བཅད་རྒྱ་མཛད་དེ་བསྙེན་སྒྲུབ་ཚད་དུ་བསྐྱལ། ཀ་དག་ལྷུན་གྲུབ་ཀྱི་རྟོགས་པ་མངོན་དུ་གྱུར། བཀའ་བསྟན་རྙིང་རྒྱུད་དང་འདུས་[page 492] པ་མདོ་དབང་། མཛོད་བདུན་སོགས་ཀྱི་དབང་ཁྲིད་དང་ཐུན་མོང་རིག་གནས་སོགས་གང་གསན་ཐམས་ཅད་ལན་དུ་མར་འཆད་སྤེལ་མཛད། ལྗགས་རྩོམ་གྱི་བསྟན་བཅོས་ཀྱང་གླེགས་བམ་གཉིས་ཡོད་པར་གྲགས། ཀཿ་ཐོག་དྲི་མེད་ཞིང་སྐྱོང་། རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ། རྡོར་བྲག་པདྨ་ཀུན་བཟང་དབང་ཕྱུག དཔལ་རི་མཆོག་སྤྲུལ། ཉི་སྤྲུལ་ཐེག་མཆོག ཁམས་སྤྲུལ་གོང་འོག ཟུར་སྤྲུལ་གསུམ་པ་ཕྲིན་ལས་བློ་ལྡན་རྒྱ་མཚོ། པདྨ་ཀུན་གྲོལ་རྣམ་རྒྱལ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་དཔོན་སློབ་གསང་སྔགས་བསྟན་འཛིན་སོགས་ཕྱོགས་མེད་བསྟན་འཛིན་དམ་པའི་སློབ་ཚོགས་གྲངས་མེད་བསྐྱངས་ནས་རྗེ་དབོན་ལ་དོན་རྒྱུད་ཀྱི་བསྟན་པ་གཏད་དེ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
སྐུ་རབས་གསུམ་པ། ངེས་དོན་བསྟན་འཛིན་བཟང་པོ། ཟླ་རྒྱུད་ཧོར་བའི་སྡེ་བར་བཀྲ་ཤིས་འབུམ་བྱ་བའི་སྲས་སུ་འཁྲུངས། ཉི་སྤྲུལ་ཀུན་བཟང་ཐེག་མཆོག་སོགས་ལ་རབ་བྱུང་བསྙེན་རྫོགས་དང་བཀའ་ཆོས་རྒྱ་ཆེན་གསན། སྒྲུབ་སྡེ་གསར་འཛུགས་དང་། སྒྲུབ་མཆོད་ཁག་བཅུ་གསུམ་བཙུགས། རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག་ལ་ཉམས་བཞེས་གནང་། གདུལ་བྱ་སློབ་ཚོགས་དུ་མ་བསྐྱངས་ཏེ་དགུང་གྲངས་སོ་ལྔ་པར་གཤེགས།
སྐུ་རབས་བཞི་བ། མི་འགྱུར་ནམ་མཁའི་རྡོ་རྗེ། རབ་བྱུང་བཅུ་གསུམ་པའི་ཆུ་གླང་ལོར་ལྡན་ར་ཧོར་དཔོན་ཚང་དུ་འཁྲུངས། དགུང་གྲངས་ལྔ་ལ་གདན་སར་འཁོད། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་སོགས་དམ་པ་དུ་མར་བསྟེན། བཀའ་གཏེར་ཟབ་ཆོས་རྒྱ་མཚོའི་སྨིན་ཁྲིད་རྒྱབ་རྟེན་དང་བཅས་པ་ཞུས་ཏེ་ཐུགས་ཉམས་སུ་བཞེས། བུམ་སྒྲུབ་དང་ཚེས་བཅུའི་གར་འཆམ་གསར་འཛུགས་དང་། དགོན་པ་ས་གཡོས་ཀྱི་འཇིགས་པ་གསར་བཞེངས་མཛད། ཤྲྰི་སེང་ཆོས་གྲྭ་གསར་དུ་བཏབ། སློབ་ཚོགས་ཀྱང་མཁན་རབས་པད་མའི་མཚན་ཅན་བཅུ། ཕྱོགས་མེད་བསྟན་འཛིན་ཆེན་པོ་བཅུ། ས་ཐོབ་སེམས་དཔའ་བཅུ། ཟབ་གཏེར་བཀའ་བབས་ཆེན་པོ་ལྔ་སོགས་གྲགས་པ་དོན་ལྡན་མང་དུ་སྤེལ། མཐར་གདུལ་བྱའི་བགོ་སྐལ་དུ་བསྟན་བཅོས་པོ་ཏི་གསུམ་ལྷག་བཞག་ནས་ཞི་དབྱིངས་སུ་བཤེགས་སོ། །་
སྐུ་རབས་ལྔ་པ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཆུ་སྤྲེལ་ལོར་ཁམས་རི་བོ་ཆེར་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་རིས་བྲལ་གྱི་སྐྱེས་བུ་དུ་མ་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་ཆེན་གསན། མཁའ་ལ་འཕུར་བ། རྡོ་ལ་ཞབས་རྗེས་བཞག་པ། བུམ་པ་བར་སྣང་དུ་བཞག་པ་སོགས་གྲུབ་པའི་རྟགས་མཚན་མང་། ཤྲྰི་སེང་བཤད་གྲྭར་རྒྱུན་བཞུགས་ལྔ་བཅུ་ལ་གསོལ་ཕོགས་བཞུགས་ཤག་བཅས་གཏན་བཞག་མཛད། གཞུང་ཆེན་བཅུ་གསུམ་སོགས་པར་ལྡེབ་ཁྲི་ཕྲག་བཅུ་ལྷག་བརྐོས། སྐྱལ་གྱི་བྲག་ལ་ཚེ་སྒྲུབ་པ་གྲྭ་བཅུ་གསུམ་ཡོད་པའི་སྒྲུབ་སྡེ་བཙུགས། ལྷ་སར་ཁང་དང་མགོན་ཁང་སོགས་གསར་[page 493] དུ་བཞེངས། སློབ་ཚོགས་དུ་མ་བསྐྱངས་ཏེ་མཐར་རེ་གསུམ་པར་ཞི་བར་གཤེགས་སོ།།
སྐུ་རབས་དྲུག་པ། འཇིགས་བྲལ་བྱང་ཆུབ་རྡོ་རྗེ། དཔལ་གྱི་ཙྰ་རི་ལ་འཁྲུངས། དགུང་གྲངས་བརྒྱད་པར་རབ་ཏུ་བྱུང་། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་སོགས་ཡོངས་འཛིན་དུ་བསྟེན། གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བཞེས་དང་། གསང་སྙིང་དང་ཡོན་ཏན་མཛོད་སོགས་ཐུགས་ཐོག་ནས་འཆད་སྤེལ་གནང་། དགུང་གྲངས་ཉི་ཤུ་ལ་ལྷ་ལྡན་དུ་ཕེབས། གོང་ས་བཅུ་བཞི་པས་དོན་གྱི་རྒྱལ་ཚབ་དུ་དབང་བསྐུར། གསེར་ཟངས་ཀྱི་སྟོན་པའི་སྐུ་བརྙན་ཁང་བརྩེགས་གསུམ་པ་དང་། རྩ་གསུམ་སྐུ་བརྙན། ཟངས་མདོག་དཔལ་རིའི་བློས་བསླང་། རྫོགས་ཆེན་གོང་མ་རྣམས་ཀྱི་སྐུ་བརྙན་གསར་དུ་བསྐྲུན། དགུང་གྲང་ཉེར་ལྔ་ལ་ཕྱི་རོལ་གྱི་འགལ་རྐྱེན་ལ་བརྟེན་ནས་ཞི་དབྱིངས་སུ་གཤེགས་སོ།།
སྐུ་རབས་དུན་པར། བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནི། ཨ་ཐུབ་ལ་དཀར་ཚང་དུ་སྐུ་འཁྲུངས། སྐྱེས་སྦྱངས་སྟོབས་ཀྱིས་རིག་པའི་གནས་ལ་མཁྱེན་པའི་དཔལ་མངའ། ད་ལྟ་སྔ་འགྱུར་བསྟན་པའི་གཙུག་རྒྱན་དུ་འཚོ་ཞིང་བཞེས་པའོ།།
གྲུབ་དབང་རིན་པོ་ཆེའི་གདན་ཚབ། དཔོན་སློབ་ནམ་མཁའ་འོད་གསལ། གསང་སྔགས་བསྟན་འཛིན། ནམ་མཁའ་ཆོས་ཀྱི་རྒྱ་མཚོ། འཇིགས་མེད་ཆོས་དབྱིངས་འོད་གསལ། འཇིགས་མེད་འོད་གསལ་རྡོ་རྗེ། ཐུབ་བསྟན་བཤད་སྒྲུབ་འཕྲིན་ལས། ངེས་དོན་བསྟན་པའི་རྒྱལ་མཚན། འགྱུར་མེད་པདྨ་ཀུན་གྲོལ། ཚེ་དབང་མཆོག་གྲུབ་སོགས་མང་དུ་བྱོན།
ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་པ་འདི། སྔ་འགྱུར་རྙིང་མའི་ལྟ་གྲུབ་རྣམ་པར་དག་པ་འཛིན་པ་ཆོས་སྡེ་ཆེན་པོ་ཞིག་ཡིན་ལ་ཨོ་རྒྱན་ཆེན་པོས་མཁའ་འགྲོ་ཚོགས་འབུམ་ཕྲག་གཅིག་ལ་སྩལ་བའི་ཟབ་ཆོས་དུང་ལུང་ཕྲ་མོ་བྲག་ནས་གཏེར་སྟོན་ལས་འབྲེལ་རྩལ་གྱིས་གཏེར་ནས་བཞེས་པ། ཀུན་མཁྱེན་ཀློང་ཆེན་པས་དར་རྒྱས་སུ་མཛད་པའི་ཆོས་རྒྱུན་མཁའ་འགྲོའི་སྙིང་ཐིག་གི་བཀའ་བབ་གྲུབ་ཐོབ་པདྨ་རིག་འཛིན་ཡིན་པས། ཁོང་གིས་དགོན་འདིར་གྲྭ་སྟོང་ཕྱེད་ལྔ་བརྒྱས་གཙོས་པའི་དབུས་ཀོང་ཁམས་སོགས་ནས་འདུས་པའི་སློབ་ཚོགས་སྟོང་ཕྲག་དུ་མ་ལ་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་གིས་སྨིན་པར་བྱས། སྐུ་རབས་གཉིས་པ་ནས་གསུམ་པ་ཡན་ཆད་ལའང་མདོ་སྒྱུ་སེམས་གསུམ་གྱི་དབང་ཁྲིད་དང་། བཀའ་མའི་སྒྲུབ་ཁག་སོགས་བཙུགས། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་ཆོས་སྐོར་དང་། སོ་ཟུར་གནུབས་གཉགས་སོགས་ཀྱི་ལེགས་བཤད་འཆད་སྤེལ་གྱི་རྒྱུན་མི་ཉམས་པ་མཛད་དེ་ཐོས་སམ་སྒོམ་པའི་[page 494] ཕྲིན་ལས་རྒྱ་ཆེར་བསྐྱངས། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ཀྱི་འཆད་རྒྱུན་ཡང་ཅི་རིགས་སྤེལ་བ་སོགས་སོ་སོའི་རྣམ་ཐར་དུ་གསལ་བ་ལྟར་རོ།།
སྐུ་རབས་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དགུང་གྲངས་ང་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པ་སྤྱི་ལོ་༡༨༤༨ས་སྤྲེལ་ལོར་ཁོང་གིས་སེང་ཕྲུག་པདྨ་བཀྲིས་མཆོག་དང་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཟུང་ལ་བཀའ་བགྲོས་ཏེ། དགོན་ལས་རྒྱང་གྲགས་གཅིག་བརྒལ་བ་མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་རི་ཕྲན་གྱི་སྟེང་དུ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་ས་འདུལ་མཛད་དེ་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲྰི་སེང་ཆོས་གྲྭ་ཆེན་མོའི་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་གསར་དུ་བསྐྲུན། མདོ་སྨད་ཉི་མ་ཤར་ཕྱོགས་ཀྱི་ལྗོངས་འདིར་མཉམ་མེད་ཤྰཀྱ་སེང་གེའི་རིང་ལུགས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གཙང་མའི་སྒོ་འཕར་གསར་དུ་ཕྱེས། སྒྱུ་འཕྲུལ་དྲྭ་བ། མདོ་དགོངས་པ་འདུས་པ། འདུལ་བ་མདོ་དང་མདོ་རྩ། ཀུན་མཁྱེན་རོང་ཀློང་ཡབ་སྲས་ཀྱི་གསུང་རབ་སོགས་འཕགས་བོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་རྒྱུན་བསྐྱངས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་རྡོ་རྗེ། ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་སོགས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་མཁས་དབང་དུ་མ་བྱོན་ཏེ་གངས་རིའི་ཁྲོད་ཀྱི་ན་ལེན་དྲ་གཉིས་པ་ཞེས་པའི་མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ། སྐུ་རབས་ལྔ་བའི་དུས་སུ་གཙུག་ལག་ཁང་དང་བཞུགས་ཤག་སོགས་གོང་འཕེལ་བཏང་།
དེ་ཡང་སྐྱེས་བུའི་བསོད་ནམས་ཀྱི་ཞིང་དུ་མཁན་རབས་ནོར་བུའི་ཕྲེང་བ་བར་མ་ཆད་པར་བྱོན་པ་ནི། སེང་ཕྲུག་པདྨ་བཀྲ་ཤིས་རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། རྐང་ཚའི་མཁན་ཆེན་པདྨ་བཛྲ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། ཉི་གྲགས་རིག་འཛིན་བཟང་པོ། མཁན་པོ་པདྨ་ཤེས་བྱ། འབྲུག་ཡུལ་མཁན་པོ་བསོད་ནམས་དགེ་ལེགས། རྐང་ཚའི་མཁན་པོ་ཡེ་ཤེས་རྒྱ་མཚོ། ལེ་རོང་མཁན་པོ་ཐུབ་བསྟན་ཆོས་འཕེལ། ཕུར་ཚའི་མཁན་པོ་དཀོན་མཆོག་བཟང་པོ་འམ་ཨ་དཀོན། ཁྲོ་བའི་མཁན་པོ་དཀོན་མཆོག་གྲགས་པ། མཁན་ཐུབ་བསྟན་རང་རིག་རྒྱ་མཚོ། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ། རྟ་བའི་མཁན་ལོ་དཀོན་མཆོག་བཟང་པོ། རྒྱ་ཀོང་གཞན་ཕན་ཆོས་ཀྱི་སྣང་བ། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། ཨ་ཝོའི་མཁན་པོ་འཇིགས་མེད་བློ་གྲོས། མཁན་ཆེན་ཐུབ་བསྟན་སྙན་གྲགས། ཉག་ཤུལ་མཁན་པོ་འགྱུར་མེད་འོད་གསལ་ལམ་འགྱུར་དགའ། ཨ་གྲོའི་མཁན་པོ་བསོད་ནམས་ཆོས་འཕེལ། མཁན་པོ་འཆི་མེད་ཡེ་ཤེས། མཁན་པོ་འཆི་མེད་ཡོན་ཏན་མགོན་པོ། རྐང་ཚའི་མཁན་པོ་པདྨ་ཚེ་དབང་། ཨེ་གྲོའི་མཁན་པོ་འོད་ཟེར་མཐའ་ཡས་སམ་འོད་ལུ། ཚོང་དཔོན་མཁན་པོ་ནོར་དབྱངས། མཁན་པོ་ཆོས་རྣམས། མཁན་[page 495] བསྟན་འཛིན་ཆོས་བཟང་། ཙི་རིའི་མཁན་པོ་ཆོས་འབྱོར་སོགས་སྤྱིར་དགོན་འདིར་མཁན་རབས་བཞི་བཅུར་ཉེ་བ་ཙམ་བྱོན་པར་གྲགས།
ཕྱག་ན་པདྨོ་མིའི་ཟོལ་དུ་ཕེབས་པ་རྫ་དཔལ་སྤྲུལ་རིན་པོ་ཆེ་ནི། རབ་བྱུང་བཅུ་བཞི་བའི་ས་འབྲུག་ལོར་རྒྱལ་ཐོག་ཅེས་པའི་གདུང་རྒྱུད་ལ་སྐུ་བལྟམས། རྡོ་གྲུབ་ཆེན་གྱིས་དཔལ་དགེའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་མཚན་གྱི་ཅོད་པན་གསོལ། སྐུ་ན་ཆུང་དུས་སུ་འབྲི་ཀློག་ཚེགས་མེད་དུ་མཁྱེན་ཏེ་རབ་ཏུ་བྱུང་། རྫོགས་སྤྲུལ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་ཀྱི་དྲུང་ནས། སྤྱོད་འཇུག་དང་ངལ་གསོ་སྐོར་གསུམ། རྒྱུད་གསང་རྙིང་། བསྟན་འགྱུར་གྱི་ལུང་རྒྱུན། སྒྲ་རིག་པ་སོགས་མདོ་སྔགས་རིག་པའི་གནས་ལ་གསན་བསམ་མཛད། གཞན་ཡང་འཕགས་བོད་ཀྱི་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་གསན་བསམ་དཔེ་གཟིགས་སོགས་མཛད་པས་གངས་ལྗོངས་མཁས་པའི་ཡང་རྩེར་སོན། ཁྱད་པར་འཇིགས་མེད་རྒྱལ་བའི་མྱུ་གུ་ལས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད་དང་། རྫོགས་ཆེན་དངོས་གཞིའི་ཟབ་ཁྲིད། རྩ་རླུང་སོགས་མང་དུ་གསན། རུ་དམ་ཡང་དབེན་གཤིན་རྗེ་སྒྲུབ་ཕུག་དང་། ཚེ་རིང་སྒྲུབ་ཕུག་སོགས་རྫོགས་ཆེན་གྱི་གདན་སར་ཡུན་རིང་བཞུགས་པས་རྟོགས་པ་ནམ་མཁའ་དང་མཉམ། གྲུབ་དབང་བཞི་བ་དང་ལྔ་བའི་མཚམས་སུ་རྫོགས་དགོན་གྱི་བསྟན་འགན་ཡང་ཅུང་ཟད་བཞེས་པར་གྲགས། གངས་ལྗོངས་མཁས་པའི་འབྱུང་གནས་ཤྲྰི་སེང་ཆོས་གྲྭའི་མཁན་ཁྲིར་ལོ་མང་བཞུགས་པ་དང་། པདྨའི་ཐང་སོགས་སུ་བྱམས་ཆོས་དང་། དབུ་མངོན་གཉིས་རྒྱུད་གསང་རྙིང་། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས། རྩ་རླུང་དང་གདམས་ཁྲིད་སོགས་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་པ་དང་། ཤྲྰི་སེང་གི་ཉེ་འགྲམ་དུ་ལོ་མང་པོར་སྤྱོད་འཇུག་གསུངས་བས། སེར་ཆེན་མེ་ཏོག་འདབ་མ་སུམ་ཅུ་དང་ལྔ་བཅུ་བརྒྱད་ཅུ་ཅན་སོགས་སྐྱེས་པ་ལ་སྤྱོད་འཇུག་མེ་ཏོག་ཏུ་གྲགས་པ་བྱུང་། ཀུན་སྤངས་བྱ་བཏང་གི་བརྟུལ་ཞུགས་ཀྱིས་གནས་ངེས་མེད་དང་ས་དགེ་བཀའ་རྙིང་གི་དགོན་ཁག་རྣམས་སུ་ཕེབས་ཏེ། སྤྱོད་འཇུག་སོགས་མདོ་སྔགས་ཆོས་ཀྱི་བདུད་རྩི་བསྩལ། དགེ་བཤེས་ལྷ་རམས་པ་མང་པོས་བཏུད་ཅིང་སྔགས་པ་བརྗོད། ཡུལ་ཕྱོགས་དུ་མ་ནས་རྐུན་ཇག་དམར་སྟོན་གྱི་སྲོལ་བསྣུབས། སྐུ་ཐོག་གོང་མའི་རྡོ་འབུམ་དང་ཤྲྰི་སེང་གི་རི་ངོས་སུའང་དཔལ་སྤྲུལ་མ་ཎི་ཞེས་པ་བཞེངས། གལ་ཆེན་གནད་སྨིན་གྱི་བསྟན་བཅོས་མང་རབ་གཅིག་བརྩམས་ཀྱང་ཉེ་གནས་སོགས་ཀྱིས་བསྡུ་མ་ཐུབ་པས་ད་ལྟར་གླེགས་བམ་དྲུག་ཙམ་གདུལ་བྱའི་བགོ་སྐལ་དུ་ཐོབ་པར་སྣང་། གཞན་ཡང་ཀཿཐོག་སི་ཏུ་རྫོགས་སྤྲུལ་ལྔ་བ་རྒྱལ་རོང་ནམ་སྤྲུལ། རྡོ་སྤྲུལ་གཉིས་པ་དང་གསུམ་པ། རྒྱལ་སྲས་རིག་པའི་རལ་གྲི། སྐུ་ཞབས་མཆོག་སྤྲུལ་གཉིས་པ་ཨ་འཛམ་འབྲུག་སྤྲུལ་འགྲོ་འདུལ་རྡོ་རྗེ། གཏེར་སྟོན་ལས་རབ་གླིང་པ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། མི་ཉག་[page 496] ཀུན་བསོད། མཁན་ཆེན་ཀུན་དཔལ། ཨ་ལགས་མདོ་སྔགས་རྒྱ་མཚོ། སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲིས་འོད་ཟེར། འཇུ་བླ་གྲགས་པ་རྒྱལ་མཚན་སོགས་རིས་བྲལ་སྐྱེས་ཆེན་མང་པོ་བསྐྱངས་པའི་མཐར། རབ་བྱུང་བཅོ་ལྔའི་མེ་ཕག་ལོའི་ས་ཟླའི་ཚེས་བཅོ་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ།།
མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ཡུལ་ཟླ་རྒྱུད་ཡ་ཆུའི་དེང་ཆུང་ཞེས་པར་འཇུ་མགོན་པོ་དར་རྒྱས་ཀྱི་རིགས་སུ་ངོ་མཚར་བའི་བལྟས་དང་བཅས་རབ་བྱུང་བཅུ་བཞི་བའི་མེ་རྟ་ལོར་སྐུ་བལྟམས། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་ཙམ་ལ་འཇམ་དཔལ་སྨ་སེང་བསྒྲུབས་པས་ཟབ་གསང་ཐུགས་ཀྱི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ་ཏེ་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཟུར་ཆེན་རོལ་གར་པདྨ་བཛྲ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས། བཀའ་གཏེར་ཆོས་ཟབ་རྒྱ་མཚོར་གསན་བཞེས་མཛད། སྟག་ཚང་དུ་རྟ་ནག་གི་སྒྲུབ་པ་མཛད་དེ་གཏོར་རྒྱག་གཏོང་སྐབས་བྲག་རི་ཕྱེ་མ་ལྟར་ཞིག་པ་དང་། སྡེ་དགེའི་སྲས་མོ་ན་སྐབས་བླ་སླུ་གསངས་ཚེ་བླ་ལུག་ལ་ཐུགས་གཏད་ཙམ་གྱིས་ཁ་འཁོར་བ་སོགས་གྲུབ་པའི་མཛད་བཟང་ཡང་རྒྱ་ཆེ། རྫོགས་ཆེན་ནགས་ཆུང་རི་ཁྲོད་ནས་ཤེར་འགྲེལ་ཀེ་ཏ་ཀ་དང་། རྒྱལ་ཕུའི་བྲག་དཀར་ནས་བརྒལ་ལེན་ཉིན་སྣང་། རུ་དམ་ཕོ་བྲང་ནས་མཁས་འཇུག་ཆེན་མོ་ལྗགས་རྩོམ་གནང་པ་དང་། ཤྲྰི་སེང་གཙུག་ལག་ཁང་གི་སྒོ་རྒྱན་དུ་ཀུན་བཟང་འཁོར་ལོ་བརྩམས། མཁན་པདྨ་བཛྲས་བསྐུལ་བ་ལྟར་མཛོད་བདུན་སོགས་ཞུས་དག་མཛད་དེ་གདན་ས་འདིང་ཡུན་རིང་བཞུགས་ནས་རྒྱུད་རྒྱལ་གསང་བ་སྙིང་པོ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་སྐོར་དང་། ཤེར་མངོན་དབུ་གསུམ། སྒྲ་ཚད་སོགས་མདོ་སྔགས་ཤེས་བྱ་རིག་པའི་རྒྱུན་སྤེལ། རྡོ་གྲུབ་རིན་པོ་ཆེ་དང་། རྫོགས་སྤྲུལ་ལྔ་བ། གཏེར་སྟོན་བསོད་རྒྱལ། དགེ་མང་སྐྱབས་མགོན། ཞེ་ཆེན་རྒྱལ་ཚབ། མཁན་ལྷ་རྒྱལ་སོགས་སློབ་ཚོགས་བགྲང་གིས་མི་ལང་པ་དག་ལེགས་པར་བསྐྱངས་མཐར་དགུང་གྲངས་རེ་བདུན་པར་འདས་སོ།།
མཁན་རིན་པོ་ཆེ་བློ་གསལ་ལམ་སྡོམ་བརྩོན་དཀོན་མཆོག་གྲགས་པ་ནི། ཁྲོ་བ་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་བལྟམས། ཡི་དམ་རྩ་གསུམ་དང་། མ་མོ་ཀོོ་རུའི་ལྷ་ཚོགས་ཀྱིས་བྱིན་རླབས་གྱིས་བརླབས་པས། དགུང་ལོ་ཆུང་ངུའི་དུས་སུ་རྣམ་དཔྱོད་ཀྱི་རྩལ་སྟོབས་རྒྱས་ཤིང་འབྲི་ཀློག་སོགས་ཐོགས་མེད་དུ་མཁྱེན། དེ་སྐབས་ཁྱིམ་གྱི་བཤའ་ལུག་སྒོ་ཁར་བཏགས་ནས་བཤན་པ་འབོད་དུ་འགྲོ་སྐབས་དུད་འགྲོས་ཀྱང་བསོད་བྱེད་རལ་གྲི་ཡན་ལག་གིས་ས་འོག་ཏུ་སྦས་བཞིན་འདྲེན་བྱེད་ལས་འཆི་མའི་ཆར་རྒྱུན་བབས་པ་གཟིགས་པས་རྐྱེན་བྱས། སྐྱོ་ཤས་ཚད་མེད་ཀྱི་ངང་ནས་འཁོར་བ་རྒྱབ་ཀྱིས་ཕྱོགས་ཏེ་[page 497] མཁས་གྲུབ་པདྨ་བཛྲ་ལས་མདོ་སྔགས་ཆོས་ཀྱི་བདུད་རྩི་བཞེས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་ཞིང་བསྙེན་པར་རྫོགས། གཞན་ཡང་རྫ་དཔལ་སྤྲུལ། མཁན་པད་རྡོར། འཇུ་མི་ཕམ། རྫོགས་སྤྲུལ་ལྔ་བ་སོགས་བཅུ་ཕྲག་ཤེས་བྱའི་གནས་ལ་བགྲང་བྱ་དུ་མར་སྦྱངས་བརྩོན་མཐར་ཕྱིན་པ་གནང་སྟེ་བཀའ་གཏེར་ཆོས་ཟབ་རྒྱ་མཚོའི་རྒྱུན་རྣམས་བུམ་པ་གང་བྱོའི་ཚུལ་གྱིས་མནོས་ཤིང་སུམ་ལྡན་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ལ་གཙིགས་འཛིན་མཛད། སྐྱབས་མགོན་རྫོགས་སྤྲུལ་ལྔ་བས་མཁན་རབས་གསེར་རིའི་ཚར་ཕྲེང་གི་བཞུགས་ཁྲིར་བཀོད་དེ་བགྲང་བྱ་བརྒྱད་ལ་འཆད་རྩོད་རྩོམ་པའི་མཛད་བཟང་ཕྱོགས་མེད་དུ་སྤེལ་བས་མཁས་པའི་གྲགས་པ་ཐོབ། ཕྱི་ནང་གསང་བའི་བསླབ་སྡོམ་གྱི་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པས་བཙུན་པའི་སྙན་པ་འབར་ཏེ་གྲུབ་དབང་རྫོགས་ཆེན་པའི་དགོན་ཡོངས་ལ་སྡོམ་ཁྲིམས་གཙང་མའི་སྲོལ་རྒྱུན་སྤེལ་བས་མཚན་ཡང་སྡོམ་བརྩོན་དཀོན་མཆོག་གྲགས་པ་ཞེས་གསོལ། དགུང་གྲངས་བརྒྱད་ཅུ་ཙམ་ལ་ཐོན་སྐབས་མཐར་སྐུ་སྙུན་མེད་པར་རེ་ཞིག་ཆོས་དབྱིངས་ཟབ་མོའི་ཀློང་དུ་ཐིམ་པའོ།།
མཁན་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བ་ནི་རྒྱ་ཀོང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་བལྟམས། དགུང་གྲངས་སུམ་ཅུ་བར་འཇིག་རྟེན་ཕལ་བའི་ཚུལ་གྱིས་ཁབ་ཏུ་བཞུགས་འཕྲལ། དཔོན་པོ་བསྟན་འཛིན་ནོར་བུའི་མདུན་དུ་བྱོན་ནས་འབྲི་ཀློག་སོགས་བསླབ་སྦྱོང་མཛད། ཟླ་ཤས་སོང་མཚམས་དབྱངས་ཅན་དཀར་མོ་བསྒྲུབས་པས་ཞག་བདུན་ཕྲག་གཉིས་ཙམ་ནས་ཆོས་གྲོགས་རྙིང་པ་སུས་ཀྱང་བསྒྲུན་ཏུ་མེད་པའི་གཟུངས་སྤོབས་ཀྱི་གཏེར་གྲོལ་ནས་མཁས་པའི་རྩེར་སོན། རྗེ་ས་པཎ་དང་ཀློང་ཆེན་པའི་ཞལ་གཟིགས་ཏེ་མཛོད་བདུན་སོགས་ཀྱི་ཉེ་རྒྱུད་དུ་མ་བཞུགས། ཕྱིས་སུ་ཁོང་གི་ཐུགས་བསྐྱེད་ལས་ཆོས་གྲྭ་ཆེན་མོ་འདིའི་ཆར་གཏོགས་པ། རྫོང་གསར་ཁམ་བྱེའི་བཤད་གྲྭ། ཟུར་མང་རྣམ་རྒྱལ་དགོན་བཤད་གྲྭ། སྐྱེ་དགུའི་བཤད་གྲྭ། ཉག་རོང་གུར་དགོན་བཤད་གྲྭ་སོགས་ཆོས་གྲྭ་ཉེར་ལྔ་ཙམ་བཏབ་པར་གྲགས། དཔལ་སྤང་པ་སི་ཏུ་དང་། གསེར་ཁ་ཆེས་གྲགས། ར་ཧོར་ཆོས་གྲགས། བྲག་ཡབ་བློ་གྲོས། འབོ་གངས་དཀར་སྤྲུལ་སྐུ། རྨེ་བའི་མཁན་པོ་ཚེ་དབང་རིག་འཛིན། བསོད་ནམས་མགོན་པོ། ནོར་བུ་བསྟན་འཛིན། སྡེ་དགེའི་དབོན་སྟོད་མཁྱེན་རབ། ཟླ་གཞུང་མཆོག་སྤྲུལ། ཁང་དམར་རིན་ཆེན་རྡོ་རྗེ། མདོ་སྲིད་ཐུབ་བསྟན། ཟུར་མང་པད་རྣམ། དཀར་མཛེས་བུ་རམ་སྣ་བ་བློ་བཟངབསྟན་འཛིན། རྒུ་རོང་མཆོག་སྤྲུལ། བ་ཐུར་མཁན་པོ་ཐུབ་དགའ། ལྷོ་འབྲུག་མཁན་ཆེན་བསྟན་པ་རིན་ཆེན། ཚར་ཚར་མཁན་པོ་ཐུབ་བསྟན། དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་། མཁན་པདྨ་ཐེག་མཆོག་བློ་ལྡན་སོགས་རང་དགོན་གྱི་མཁན་རབས་བཅུ་ཕྲག་གཅིག་ལྷག་ཙམ་སོགས་གངས་ལྗོངས་མདོ་དབུས་ཁམས་གསུམ་སོགས་ནས་དམ་པའི་ཚུལ་དགུས་བརྒྱན་པའི་སློབ་ཚོགས་མཐའ་ཡས་པ་རྗེས་སུ་བཟུང་མཐར་[page 498] གདུལ་བྱ་རྫོགས་པའི་དབང་གིས་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ནོ། །དེ་ལྟར་མཁན་རབས་འགའ་ཞིག་གི་མཛད་རྣམ། རགས་ཙམ་ཞིག་སྨྲས་པ་ལས་གཞན་རྣམས་ནི་འབྲིར་མི་ལང་ངོ་།།
སྒྲུབ་སྡེ་འོག་མིན་མཁའ་སྤྱོད་བདེ་ཆེན་གླིང་ངམ་གསང་ཆེན་ངེས་དོན་གླིང་ནི། སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དགུང་གྲངས་ཉེར་གཅིག་བཞེས་པ་རབ་བྱུང་བཅུ་གསུམ་པའི་ས་ཕག་སྤྱི་ལོ༡༧༧༩ལོར་ཀུན་མཁྱེན་འཇིགས་མེད་གླིང་པས་ལུང་བསྟན་པ་ལྟར། གནས་བདག་ནོར་བུ་གཡུལ་རྒྱལ་གྱི་གཡས་ཟུར། ཁོར་ཡུག་ནགས་ཚལ་གྱིས་བསྐོར་བའི་དཀྱིལ། དཔལ་བོ་དོམ་བུའི་སྙིང་ཁ་འདྲ་བ་དང་། སྒོམ་ཆེན་མཉམ་གཞག་གིས་བཞུགས་པ་ལྟ་བུའི་བང་དུ་བཏབ། ཕལ་ཆེར་གྱིས་བུག་སྒོ་འདག་ཞལ་བྱས་ཏེ་བསྒྲུབས་པས་འཇུ་བླ་སངས་རྒྱས་སོགས་འཇའ་ལུས་འོག་སྐུར་དེངས་བ་བཅུ་གསུམ་བྱོན། ཁོང་རྣམས་ཀྱིས་སྐྲ་སེན་གྱི་མཆོད་རྟེན་ཁྲུ་གང་བ་བཅུ་གསུམ་ཡོད་པར་མི་མིན་ལྷ་དང་སྲུང་མས་མཆོད་འབུལ་བྱེད་པ་མངོན་སུམ་མིག་གི་མཐོང་བའི་ཡུལ་དུ་གྱུར་བར་གྲགས། ཕྱིས་སྐུ་རབས་ལྔ་བའི་དུས་རྒྱུན་མཚམས་པ་བཅུ་ཕྲག་གསུམ་དུ་སྤེལ་ཏེ་གཙུག་ལག་ཁང་དང་རྟེན་གསུམ་གྲྭ་ཤག་གསོལ་ཕོག་སོགས་གོང་འཕེལ་རྒྱ་ཆེར་མཛད། སྤྱིར་སྒྲུབ་གྲྭ་བས་ཐུན་བཞིའི་རྣལ་འབྱོར་གྱི་སྒོ་ནས་ཆོས་སྤྱོད་དང་བཅས་ཡི་དམ་སོ་སོའི་བསྙེན་སྒྲུབ་དང་ཁྱད་པར་དངོས་བཞིའི་བསྙེན་སྒྲུབ་ནི་རཏྣ་ཕུར་པ་ཡིན། ཐུན་དཔོན་གྱིས་རྐང་བརྡ་སོགས་ཀྱིས་བསྐུལ་ནས་སོ་སོའི་མཚམས་ཁང་དུ་སྒོ་གསུམ་ཐ་མལ་གྱི་བཅད་རྒྱ་ལས་མི་འདའ་བར་བཞུགས་ཏེ་ཐུན་བཞིའི་བསྙེན་སྒྲུབ་མ་ཆད་པའི་སྒོ་ནས་དབྱར་གནས་སོགས་གཞི་གསུམ་གྱི་ཕྱག་ལེན་དང་། ཉེར་ལྔ་ཚེས་བཅུ་བཅས་འཚོགས། ཕྱིས་སུ་སྒྲུབ་གྲྭའི་བླ་མ་མི་ར་པདྨ་བདེ་ཆེན་བཟང་པོ་དང་མཁན་དཀོན་མཆོག་ཡར་འཕེལ། མཁན་པོ་བློ་གྲོས་བཟང་པོ། མཁན་ཐུབ་བསྟན་དབང་གྲགས། མཁན་པོ་སྐུ་ཚ་རིག་འཛིན། མཁན་པོ་ཚེ་དབང་ཕུན་ཚོགས་སོགས་དགེ་བའི་བཤེས་གཉེན་རིམ་བྱོན་གྱིས་མཛོད་བདུན་དང་སྡོམ་གསུམ་སོགས་ཀྱི་ཆོས་ཁྲིད་ཀྱང་གསུང་སྲོལ་ཡོད། དེ་ལས་གཞན་གྲུབ་དབང་སྐུ་ཕྲེང་ལྔ་བའི་དུས་སྐྱལ་གྱི་བྲག་དཀར་དུ་ཚེ་སྒྲུབ་རྒྱུན་མཚམས་པ་བཅུ་གསུམ་རྒྱལ་ཁམས་བདེ་ཞིང་བསྟན་འགྲོའི་དགེ་མཚན་འཕེལ་བ་དང་། ཡུལ་དགོན་གྱི་ལེགས་བྱས་མཆོག་གི་བསམ་དོན་འགྲུབ་པའི་ཞབས་རིམ་དང་འབྲེལ། མཆོག་གསུམ་རྩ་གསུམ་གྱི་བསྙེན་སྒྲུབ་ཐུན་བཞིའི་རྣལ་འབྱོར་དང་མ་བྲལ་བའི་སྒོ་ནས་བཞུགས་པ། དེའི་ཉེ་འགྲམ་དུ་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱིས་སློབ་ཚོགས་དུ་མར་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་པའོ། །གཞན་ཕན་ཆོས་ཀྱི་སྣང་བ་དང་། བྱ་[page 499] བྲལ་ཀུན་དགའ་དཔལ་ལྡན་སོགས་ཀྱི་བཞུགས་གནས་རྒྱལ་ཕུའི་ཆོས་སྡེ་དང་། གནས་བུའི་ཆོས་སྡེ་གཉིས་སུ་རྫོགས་དགོན་གྱི་གཞུང་གྲྭ་དང་ཕྱོགས་མཐའི་སློབ་ཚོགས་དུ་མས་བཤད་སྒྲུབ་ཟུང་འབྲེལ་གྱི་མཛད་བཟང་སྤེལ་བ་དང་། གཤིན་རྗེ་སྒྲུབ་ཕུག་དང་། གཡུ་འབྲུག་ནམ་མཁའ་རྫོང་། དཔལ་སྤྲུལ་སྒྲུབ་ཕུག ཚེ་རིང་ལྗོངས། སྨན་བཙུན་ཆེན་མོའི་སྒྲུབ་ཕུག་པད་མོའི་ཐང་། ནགས་ཆུང་མ། དམ་ཅན་སྒང་། གླིང་བླའི་སྒྲུབ་ཕུག མི་ཕམ་སྒྲུབ་ཕུག སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་པ་སོགས་ལ་རྡོ་གྲུབ་ཆེན་དང་། མདོ་མཁྱེན་བརྩེ། དཔལ་སྤྲུལ། མི་ཕམ། པད་རྡོར། ལྷ་རྒྱལ། ཀུན་དགའ་དཔལ་ལྡན། ཨ་གྲོ་བསོད་ཆོས། འཆི་མེད་ཡེ་ཤེས། འཇིགས་མེད་བློ་གྲོས། པདྨ་ཚེ་དབང་། ཚོང་དཔོན་ནོར་དབྱངས། ཨ་གྲོའི་ངག་ནོར། མཁན་པོ་བློ་ཁོ་སོགས་ཀྱི་མདོ་སྔགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་རུ་དམ་ལུང་དུ་ཉིན་རེར་ཆོས་དུང་བཅུ་ཕྲག་ཁ་ཤས་ཐོས་པ་རྒྱུན་མི་ཆད།
རྫོགས་ཆེན་སྐུ་རབས་གསུམ་པ་དང་། ལྔ་བ་སོགས་ཀྱི་དུས་སུ་བཀའ་གཏེར་གྱི་མཆོད་ཁག་སོགས་དུས་མཆོད་མང་ཙམ་ཞིག་གི་སྒོ་འཕར་ཕྱེས་པ་རྣམས་ཕྱོགས་ཙམ་གླེང་ན། ཐོག་མར་ཧོར་ཟླ་དགུ་བའི་ཚེས་ཉི་ཤུའི་ནང་རད་ཕུར་གྱི་སྒྲུབ་པ་གཏོར་ཟློག་གཙོ་བོར་བྱེད་པ་ཉིན་བདུན་དེ་ལ་ལོ་བཞིའི་མཚམས་སུ་སྟོང་ཟློག་དང་། ཟླ་བ་བཅུ་བའི་ཚེས་མགོ་ནས་རྐང་བརྡ་བུས་ཏེ་ཚོགས་གྲྭ་ཁ་ཤས་མ་གཏོགས་ཀུན་གྱིས་ཞག་གྲངས་བརྒྱ་ལ་ཐུན་བཞི་གཅོད། ཟླ་བ་བཅུ་བའི་ཚེས་ཉི་ཤུའི་ནང་གནམ་ཆོས་ཁྲོ་བཅུ་དང་། ཀིང་ཀང་གཉིས་ལ་བླ་གྲྭ་བཅོ་ལྔ་རེས་སོ་སོར་ཉིན་བདུན་རེར་འཚོགས། དེའི་ཚེས་བརྒྱད་ལ་ནམ་རྡོའི་འདས་མཆོད་དང་། ཉེར་གཉིས་ལ་གྲྭ་ཡོངས་ཀྱིས་ཆོས་རྡོའི་འདས་མཆོད། ཟླ་བ་བཅུ་གཅིག་པའི་ཉི་ཤུའི་ནང་མ་ཏིའི་སེང་དམར་བླ་གྲྭ་བཅུ་ལྷག་གིས་ཉིན་བདུན་དེ་ཉིད་ལོ་བཞི་རེའི་མཚམས་སུ་ཟླ་བ་དགུ་བའི་ཕུར་བ་དང་གཉིས་ཀ་རེས་མོས་ཀྱིས་སྟོང་ཟློག་ཉིན་བདུན་ལ་བླ་གྲྭ་ཉེར་ལྔས་འཚོགས། དེའི་ཚེས་ཉེར་ལྔར་རྗེ་རིན་པོ་ཆེའི་འདས་མཆོད། བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་འདས་མཆོད་བླ་གྲྭ་ང་ལྔས་ཉིན་གཅིག དེའི་ཚེས་ཉི་ཤུའི་ནང་བླ་གྲྭ་ང་ལྔས་བཀའ་བརྒྱད་ཁྲོ་རོལ་ཉིན་བརྒྱད་ལ་གར་འཆམས་གཏོར་རྒྱག་སོགས་ཉིན་གསུམ་ལ་ཡོད། དེའི་སྐབས་སུ་བླ་གྲྭ་ཆིག་བརྒྱ་དྲུག་ཅུས་རྟ་མགྲིན་དྲེགས་ཟིལ་ཉིན་བདུན། བླ་གྲྭ་བཅུས་བདེ་མཆོག་ཉིན་བདུན། རཏ་ཕུར་གྱི་སྒོ་ནས་སྲི་མནན་ཉིན་བདུན་ལ་སྒྲུབ་གྲྭའི་མཚམས་པ་སུམ་ཅུས་དགོན་ཆེན་དུ་འཚོགས། ཟླ་བ་དང་པོའི་ཚེས་གསུམ་ནས་དཀོན་མཆོག་སྤྱི་འདུས་ཀྱི་སིདྔྷིའིབུམ་སྒྲུབ་ཆེན་མོ་གྲྭ་ཞིབ་འདུས་ཀྱིས་ཉིན་བདུན། ཟླ་བ་དང་པོའི་ཚེས་བཅུ་བཞི་ནས་བཟུང་ཤོད་ཀྱི་དབུ་མཆོད་རྣམས་ཀྱིས་ཕུར་བའི་སྟོད་ལས་སྨད་ལས་ལོགས་སུ་ཕྱེས་ནས་བདུན་སྒྲུབ་གཉིས་ལ་འཚོགས་དེ་ནི་ལོ་བཞིའི་མཚམས་སུའོ། ། རྒྱུན་དུ་དེའི་ཚེས་ཉི་ཤུའི་ནང་སྙིང་ཐིག་ཕུར་བ་རྒྱུན་ལུགས་བླ་གྲྭ་ཆི་བརྒྱ་དྲུག་ཅུས་ཉིན་དགུ། རྫོགས་ཆེན་ཕུར་ཆེན་ཞེས་གྲགས་པའི་གར་འཆམ་[page 500] ཆེན་མོ་ཉིན་ལྔ་ལ་ཡོད། ཟླ་བ་གཉིས་པའི་ཚེས་གསུམ་ནས་བླ་གྲྭ་དྲུག་ཅུས་རཏ་གླིང་ཚེ་སྒྲུབ་ཉིན་དགུ་དང་དེའི་ཚེས་བདུན་ནས་གྲྭ་ཆིག་བརྒྱ་དྲུག་ཅུས་ཉི་གྲགས་ནོར་བདག་གི་གཡང་སྒྲུབ་ཉིན་བདུན། ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ལ་གཏེར་སྒྲུབ་མཆོད་ཁག་ཉི་ཤུ་དགོངས་འདུས་ཀྱིས་གཙོས་པའི་བཀའ་བརྒྱད་དྲེགས་འདུལ། རཏ་གླིང་ཕུར་བུ། པད་གླིང་ཕྱག་རྡོར། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ། སྙིང་ཐིག་དྲག་བོ་རྟ་ཁྱུང་། སྡུག་བསྔལ་རང་གྲོལ། གུ་རུ་རིན་ཆེན་སེང་གེའི་དམོད་པ་དྲག་སྔགས། བྱང་གཏེར་རིག་འཛིན། བཅས་སྒྲུབ་ཁག་རེ་ལ་བླ་གྲྭ་བཅོ་ལྔ་ཡས་མས་གྱི་སྒྲུབ་པ་ཉིན་བདུན། ཟླ་བ་གསུམ་པའི་ཚེས་གསུམ་ནས་བླ་གྲྭ་བདུན་ཅུ་ཙམ་གྱིས་ཚེ་སྒྲུབ་ཉིན་དགུ། དེའི་ཚེས་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་བླ་གྲྭ་ང་ལྔས་ཐུགས་ཆེན་བདེ་གཤེགས་ཀུན་འདུས་དང་འབྲེལ་བའི་རབ་གནས་ཉིན་གཉིས། ཟླ་བ་བཞི་བའི་ཚེས་བཞི་ནས་སྒྲུབ་མཆོད་ཆེན་མོ།
ཟླ་བ་ལྔ་པའི་ཚེས་བཅུ་ནས་ཀར་གླིང་ཞི་ཁྲོའི་གནས་སྟོང་བླ་གྲྭ་བརྒྱ་ཕྲག་གིས་ཉིན་བཞི། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་བླ་གྲྭ་ཉིས་བརྒྱ་ཙམ་གྱིས་དབྱར་གནས་ཟླ་བ་ཕྱེད་གཉིས། གསོལ་ཀ་བདག་པོས་ཚེས་བཅུ་དང་། ཉེར་ལྔ་ལ་རིག་འདུས་དང་། ཡུམ་ཀ། ཚེས་བརྒྱད་ལ་ཉི་གྲགས་སྨན་བླ་ཚེས་བཅོ་ལྔར་ནོར་བདག་གཡང་སྒྲུབ། བཅོ་བརྒྱད་ལ་རྣམ་རྒྱལ་སྟོང་མཆོད། ལོ་འཁོར་མོ་རེའི་ཉེར་དགུ་ཐམས་ཅད་ལ་བླ་གྲྭ་ཉེར་ལྔ་རེས་དགུ་གསོལ་འཚོགས་དགོས། གསོལ་ཀ་གྲྭ་ཚང་གི་གྲྭ་ཅིག་བརྒྱ་དྲུག་ཅུ་ཙམ་གྱིས་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔ་ནས་དབུ་བཟུང་སྟེ། ཟླ་བ་ལྔ་བའི་ཚེ་ཉེར་ལྔ་བར་གསོལ་ཀ་འཚོགས། དེ་ཕན་དབྱར་ཚོགས་པ་ལོགས་སུ་ཕྱེས་ནས། གོང་གི་གྲྭ་བ་རྣམས་ལས་རེས་མོས་ཀྱིས་གྲྭ་སུམ་ཅུ་ཙམ་གྱིས་ཟླ་བ་དགུ་བའི་ཚེས་བཅོ་ལྔ་བར་འཚོགས་དགོས། ཉེར་དགུ་ལ་དགུ་གསོས་དང་གནམ་སྟོང་ལ་ཞི་ཁྲོ་བཏོན་ནས་བསྔོ་ཡིག་བསྲེག་པའོ།།
དེ་ལྟར་ལོ་དང་ཟླ་བར་བསྙེན་སྒྲུབ་ལས་གསུམ་ཚུལ་བཞིན་མཛད་པས། བུམ་སྒྲུབ་ཆེན་མོ་སོགས་ཀྱི་སྐབས་སུ་གཏོར་མར་བདུད་རྩི་བབས་པ་དང་། མགོན་ཁང་དུ་རྒྱལ་བཙན་ཟུང་གི་གཏན་གཏོར་ལ་བདུད་རྩི་རྒྱུན་བབ་ཏུ་ཡོད་པ། བསྐྱེད་རྫོགས་ལ་རང་དབང་ཐོབ་ཏེ་ཡི་དམ་ལྷའི་ཞལ་མཇལ་གསུང་ཐོས་བ་སོགས་དུ་མར་བྱུང་བ་དང་། དགོན་གྱི་གཡས་སུ་མ་ཎིའི་དུང་འཁོར་རང་བྱུང་གིས་འཁོར་ཞིང་། སྒྲུབ་གྲྭའི་གུ་རུས་ས་མགུལ་རྒྱུག་སྐབས་ཐམས་ཅད་སྒོར་བུད་ཅིག་ཅེས་གསུངས་འབྱོན་པ་དང་། བད་འབྱུང་དང་དམ་ཅན་གྱི་འདྲ་སྐུས་བསྟན་དགོན་ལ་ལེགས་ཉེས་འབྱུང་བའི་རྟགས་སུ་དབུ་ཞྭ་རང་ཕུད་མཛད་པ་སོགས་ཡ་མཚན་པའི་གནས་དུ་མ་ཞིག་ཡོད་པར་གྲགས་སོ།།
[page 501] རྫོགས་ཆེན་རུ་དམ་ལུང་གི་དབེན་ཁྲོད་སོགས་སུ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེ་ཆེན་པོ་བཅུ་གསུམ་ཙམ་ཡོད་པ་ལས་དགོན་ཆེན་གཞུང་ལ་དགེ་འདུན་པའི་འདུ་ཁང་ཆེན་མོ་གཉིས་དང་། ཕྱི་ཕོ་བྲང་ལ་ནང་ལྷ་ཁང་དང་ཟུང་དུ་འབྲེལ་བའི་ཕོ་བྲང་ཁམས་གསུམ་ཟིལ་གནོན་དུ་བླ་མ། ཡི་དམ། མཁའ་འགྲོ་བཅས་ཀྱི་ལྷ་ཁང་དང་ཚེ་སྒྲུབ་ལྷ་ཁང་། རྡོར་སེམས་སྟོང་སྐུ་ལྷ་ཁང་། བཀའ་རྒྱུད་ལྷ་ཁང་། ས་སྐྱའི་ལྷ་ཁང་། དགའ་ལྡན་ལྷ་ཁང་དང་། གཞན་ཡང་ཐུབ་དབང་སྟོང་སྐུའི་ལྷ་ཁང་། གུ་རུ་སྟོང་སྐུའི་ལྷ་ཁང་། དཀོར་མཛོད་དང་མཛད་སྒོ་ཁང་། ཚོམས་ཆེན་ཁག་ལས་ཤག་གཟིམ་ཁང་བཅས་བཀོད་པ་རྒྱ་ཆེ། གཞན་ཡང་ཞི་ཁྲོའི་ལྷ་ཁང་། བདུད་འདུལ་ལྷ་ཁང་། གེ་སར་ལྷ་ཁང་། གསེར་འཁོར་ལྷ་ཁང་། དངུལ་འཁོར་ལྷ་ཁང་དང་། ཕྱོགས་བཞིད་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཁང་བཞི་དང་། དམ་ཅན་མགོན་ཁང་སོགས་མགོན་ཁང་བཞི། གཡང་ཁང་སྟེང་འོག་གཉིས། པར་ཁང་ཆེ་བ་གཅིག་ དཔེ་མཛོད་ཁང་ཆེ་ཆུང་གསུམ། རྒྱན་ཁང་གསུམ། མཛོད་ཁང་གསུམ། དབང་ཁང་གཅིག གཉེར་ཁང་ཆེ་ཆུང་གསུམ། གྲྭ་མང་གཞུང་ལས་ཁང་གཅིག གཞུང་གཉེར་ཐབ་ཚང་ཁང་གཅིག སྤྱི་ཁང་ལྔ། རྔ་རོལ་གྱི་ཐོག་ཁང་རིང་མོ་གཅིག བླ་གྲང་ཁག་བཅུ་གཉིས། གྲྭ་ཤག་ཆེ་ཆུང་སུམ་བརྒྱ་ལྷག་བཅས་ཡོད་པ་དང་། ཤྲྰི་སེང་ཆོས་གྲྭ་ཆེན་མོར་ཡང་སྔར་གཙང་ཁང་དཔེ་མཛོད་དང་ལྡན་པའི་འདུ་ཁང་ཆེན་མོ་གཅིག་དཔར་ཁང་ཆེ་ཆུང་གཉིས། མགོན་ཁང་དང་འཁོར་ཁང་། སྤྱི་གཉེར་ཐབ་ཚང་གི་རུང་ཁང་། གཞུང་གཉེར་བླ་གྲང་ཁང་དང་། གྲྭ་ཤག་སྔ་བཅུ་བཅས་སོ། སྒྲུབ་སྡེ་འོག་མིན་མཁའ་སྤྱོད་དུ་འདུ་ཁང་དང་། གུ་རུའི་ལྷ་ཁང་། མགོན་ཁང་དང་ཇ་ཁང་བཅས་རེ་རེ་དང་། སྒྲུབ་ཁང་སུམ་ཅུ་ཡོད་པའོ།། སྐྱལ་བྲག་གི་སྒྲུབ་སྡེར་འདུ་ཁད་དང་མགོན་ཁང་ཇ་ཁང་བཅས་རེ་རེ། དེའི་ཆོས་སྡེར་ཚོགས་ཁང་གཅིག་དང་གྲ་ཤག་བཅུ་ཕྲག་ཙམ་རྒྱལ་བུའི་ཆོས་སྡེ་དང་། གནས་ཕུའི་ཆོས་སྡེ་ཁག་ལ་འདུ་ཁང་རེ་དང་གྲྭ་ཤག་བཅུ་ཕྲག་གཉིས་ལྷག་རེ་ཡོད་དོ། ཚེ་རིང་ལྗོངས་པའི་ཆོས་སྡེ་དང་། གཤིན་རྗེ་སྒྲུབ་ཕུག པདྨའི་ཐང་དང་ནགས་ཆུང་མ། དམ་ཅན་སྒང་གི་ཆོས་སྡེ་སོགས་ལ་འཚོགས་ཁང་ཡང་རང་བྱུང་གི་བྲག་ཕག་སོགས་སྟབས་ཅི་བདེར་མཛད། སློབ་ཚོགས་ཕལ་ཆེར་ཕྱོགས་མཐའི་གྲྭ་རྒྱུན་ཡིན་ཞིང་། འདོད་ཆུང་ཆོག་ཤེས་ལ་བརྟེན་པའི་གནས་མལ་བྲག་སྐྱིབ་དང་ས་ཁུང་། ནགས་ཤིང་དང་ལོ་མའི་སྐྱིལ་བུའི་འོག་ཏུ་བཞུགས་ནས་ཐོས་བསམ་སྒོམ་པས་དུས་འདའ།
དེ་ལྟར་བཙུག་ལག་ཁང་ཆེན་མོ་རྣམས་སུ་བཞུགས་པའི་རྟེན་གཙོ་དང་རོལ་ཆས་གསུང་རབས་[page 502] སོགས་གཙོ་ཆེར་རྣམས་སྨོས་ན་ལྷ་སའི་ཇོ་བོ་དང་ཞལ་མཉམ་པར་གྲགས་པའི་ཐུབ་དབང་དགུང་ལོ་བཅུ་གཉིས་པའི་ཚད་ཅན་ཇོ་བོ་མཐོང་གྲོལ་ཆེན་མོ་སྐུ་རྒྱུ་ལྷ་མིའི་རིན་ཆེན་སྣ་ཚོགས་ལས་གྲུབ་པ་གཙོ་འཁོར་གསུམ་དང་། ཉང་གཏེར་བཀའ་བརྒྱད་བསྐྱེད་རྫོགས་རྒྱས་པ་དང་ཉང་གཏེར་གུ་རུ་གསེར་སྨུག་མ། ཉང་གཏེར་ཁྲོས་མ་ནག་མོ། ཉང་གཏེར་མགོན་པོ་ཕྱག་བཞི། ཐུབ་སྐུ་གཡུ་ཐོད་མ་བཅས་ཁྲུ་གང་ཡས་མས་དང་། གར་དབང་ལས་རབས་གླིང་བའི་གཏེར་བྱོན་རྡོ་རྗེ་འཆང་དང་རྗེ་བཙུན་སྒྲོལ་མའི་འདྲ་སྐུ། དམ་པ་རིགས་བརྒྱའི་ལི་སྐུ་མི་ཚད་ཅན། རྒྱལ་དབང་ལྔ་བའི་ཐུགས་དམ་གྱི་རྟེན་བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་ལི་སྐུ། གུ་རུའི་སྐུ་ཚབ་དགོས་འདོད་ཀུན་འབྱུང་། སྐུ་རབས་ལྔ་བར་ཟིལ་ཁྲོམ་གྱིས་ཕུལ་བའི་གཤམ་ལྕགས་ར་མ་ལུགས་གི་རྡོ་རྗེ་རྩེ་དགུ་ཁྲུ་གང་བ་དབུ་ཞྭ་པདྨ་མཐོང་གྲོལ་ཆོས་གོས་རྡོ་རྗེའི་གསང་ལམ་སོགས་རྟེན་གཙོ་འགང་ཆེན། གཞན་ཡང་། སྨན་འདག་ལས་གྲུབ་པའི་གུ་རུ་གསུང་འབྱོན་མ་དང་ལི་སྐུ་གསུང་འབྱོན་མ། དམ་ཅན་ཞྭ་ཕུད་མ། སངས་རྒྱས་སྟོང་གི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁྲུ་གང་རེ་ཙམ་དང་། དུས་གསུམ་སངས་རྒྱས་འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བ་གསེར་ཟངས་ལས་གྲུབ་པ། རྡོ་རྗེ་འཆང་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་བཅས་པ། སློབ་དཔོན་པདྨ་གུ་རུ་མཚན་བརྒྱད་དང་བཅས་པའི་གཙོ་བོ་རྣམས་ཐོག་བརྩེགས་གཉིས་དང་གཅིག་གི་བར། འཁོར་རྣམས་མི་ཚད་ནས་ཁྲུ་གང་གི་ཚད་ཅན་དང་། གསེར་ཟངས་ལས་གྲུབ་པའི་བདེ་གཤེགས་སོ་ལྔ་དང་རྒྱལ་སྲས་རིགས་གསུམ་སེམས་དཔའ། སྤྱན་གཟིགས་ཕྱག་སྟོང་སྤྱན་སྟོང་དངུལ་དཀར་ལུག་མ་ལས་གྲུབ་པ་བཅས་ཁྲུ་གང་ཡས་མས་ཅན་དང་། གསེར་ཟངས་ལས་བཟོས་པའི་རྗེ་ཡབ་སྲས་གསུམ། ཐང་སྟོང་རྒྱལ་པོའི་སྐུ་བརྙན་མི་ཚད་ཅན། མཁན་སློབ་ཆོས་གསུམ་ཐོག་བརྩེགས་བཞི་ཅན། ཐུབ་པའི་དབང་པོ་ཐོག་ཚད་གཉིས་ཅན་ལ་གནས་བསྟན་བཅུ་དྲུག་དང་ཉེ་སྲས་བརྒྱད་ཀྱི་འཁོར་དང་བཅས་པ། བྱམས་ཆེན་གྱི་སྐུ་ཐོག་ཚད་མ། གསེར་དངུལ་ལས་གྲུབ་པའི་རྫོགས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་ལྔ་ཡན་གྱི་མཆོད་སྡོང་དང་། གཞན་ཕན་མཐའ་ཡས་སྐུ་ཕྲེང་གཉིས་ཀྱི་གདུང་རྟེན་བཅས་ཐོག་ཚད་གཉིས་ཅན་དང་དཔོན་སློབ་སྐུ་ཕྲེང་གཉིས་ཀྱི་གསེང་སྡོང་ཐོག་ཚད་ཅན་སོགས་དང་། སྣ་ཚོགས་རིན་ཆེན་ལས་གྲུབ་པའི་ཟངས་མདོག་དཔལ་རིའི་ཆགས་ཚུལ་དང་། འཇམ་དཔལ་སྒྱུ་འཕྲུས་དྲྭ་བའི་དཀྱིལ་འཁོར་སོགས་མདོར་ན་ས་དགེ་བཀའ་རྙིང་གི་རྩ་གསུམ་ལྷ་ཚོགས་ཀྱི་སྐུ་བརྙན་ལི་གཏེར་སོགས་བདུན་སྟོང་ཙམ་དང་གཞན་སྐུ་བརྙན་ཆེ་ཆུང་མང་པོ་དང་། འོད་དཔག་མེད་དང་གུ་རུའི་གོས་སྐུ་ཆེན་མོ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཕྱག་བཟོའི་མཆོད་ལྷ་བཅུ་དྲུག་གི་ཞལ་ཐང་གཙོས་པའི་སྐྱེས་རབས་ཐང་སྐུ་སོགས་སུམ་སྟོང་ལྷག་དང་། ལྷ་ཁང་ཆེ་ཆུང་ཀུན་གྱི་ལོགས་རིས་ཕལ་ཆེར་གསེར་ཐང་ལས་གྲུབ་པ། སྐུ་རབས་གསུམ་པའི་དུལ་གསེར་དངུས་གྱིས་བྲིས་པའི་བཀའ་བསྟན་དང་རྙིང་རྒྱུད་ཀྱིས་གཙོས་རིས་མེད་[page 503] མཁས་གྲུབ་རྣམས་ཀྱི་གསུང་འབུམ་སོགས་གླེངས་བམ་ཉིས་ཁྲི་ཆིག་སྟོང་ཙམ་དང་། གྲུབ་དབང་རིན་པོ་ཆེའི་གསུང་འབུམ་གླེང་བམ་དྲུག འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་གསུང་ཆོས་པོད་གཉིས། ངེས་དོན་བསྟན་འཛིན་གྱི་གསུང་པོད་གཉིས། མི་འགྱུར་ནམ་རྡོའི་གསུང་ཆོས་པོད་གསུམ་ལྷག ཐུབ་བསྟན་ཆོས་རྡོའི་གསུང་སྐོར་པོད་བཞི། རིག་འཛིན་ཉི་གྲགས་ཀྱི་གསུང་སྐོར་དང་གཏེར་ཆོས་སོགས་པོད་བཅུ་གསུམ་ལྷག ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་གསུང་པོད་གཅིག སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་གསུང་པོད་གཉིས་ལྷག གཞན་ཕན་མཐའ་ཡས་ཀྱི་གསུང་ཆོས་པོད་གཉིས། པདྨ་རྡོ་རྗེའི་གསུང་འབུམ་གླེགས་བམ་ཟུང་། དཔལ་སྤྲུལ་གསུངས་འབུམ་པོད་དྲུག་མི་ཕམ་གསུང་འབུམ་གླེགས་བམ་སུམ་ཅུ་ཙམ། རྒྱ་ཀོང་གཞན་དགའི་གསུང་ཆོས་གླེགས་བམ་བདུན། པདྨ་ཐེག་མཆོག་བློ་ལྡན་གསུང་པོད་གཅིག་ཐུབ་བསྟན་སྙན་གྲགས་ཀྱི་གསུང་ཆོས་པོད་གསུམ། འཇིགས་མེད་ཡོན་ཏན་མགོན་པོའི་གསུང་པོད་གཉིས། པདྨ་ཚེ་དབང་གི་ཞལ་རྩོམ་པོད་གཉིས། ངག་དབང་ནོར་བུའི་གསུང་ཆོས་པོད་གསུམ་ལྷག་དང་། དེ་ལས་གཞན་རྡོ་གྲུབ་ཆེན་དང་། མཁན་ཀུན་བཟང་བསོད་ནམས། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། འབར་འདའ་དགེ་ལེགས་རྒྱ་མཚོ། མདོ་སྔགས་བསྟན་པའི་ཉི་མ། བ་ཐུལ་ཐུབ་དགའ་རིན་པོ་ཆེ་སོགས་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་གསུང་ཆོས་སོགས་འདིར་ཇི་བཞིན་བརྗོད་མ་ནུས།
ཤྲྭི་སེང་དང་དགོན་གཞུང་གི་པར་ཁང་ཆེ་ཆུང་རྣམས་སུ་བཞུགས་པའི་ཤིང་པར་ནི། རྒྱུད་བཅུ་བདུན་དང་ཁྲོས་ནག་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་འགྲེལ། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། མུན་སེལ་སྐོར་གསུམ། རང་གྲོལ་སྐོར་གསུམ། གསུང་ཐོར་བུ་སོགས་དང་གསང་བདག་དགོངས་རྒྱན། གསང་བདག་ཞལ་ལུང་། ཡ་བཞི། དུམ་གཉིས། རོང་བྲོམ་བཀའ་འབུམ། མཚན་བརྗོད་འགྲེལ་བ། ཡོན་ཏན་མཛོད། གཞུང་ཆེན་བཅུ་གསུམ་གྱི་རྩ་འགྲེལ། སྡོམ་གསུམ་དང་། གསང་རྙིང་མཆན་འགྲེལ། སྡོམ་གསུམ་དཔག་བསམ་སྙེ་མ། དབུ་མའི་སྒོམ་རིམ། ཚད་མ་རྣམ་འགྲེལ། བཀའ་མ་པོད་བཅུ་གསུམ། མདོ་སྡེ་སྐལ་བཟང་། གཟུངས་བསྡུས། གསེར་འོད། བཀའ་ཐང་ཆེ་ཆུང་འགའ་དང་། ས་དགེ་བཀའ་གསུམ་གྱི་མཁས་དབང་འགའི་གསུང་ཐོར་བུ་ཁ་ཤས། རྫོགས་སྤྲུལ་རིམ་བྱོན་གྱི་གསུང་འབུམ། གཞན་ཕན་མཐའ་ཡས་དང་པད་རྡོར། དཔལ་སྤྲུལ། མི་ཕམ། གཞན་དགའ་ལྷ་རྒྱལ་ཐུབ་སྙན་སོགས་མཁན་རབས་དག་གི་གསུང་སྐོར་སོགས་མདོར་ན་ཤྲྭི་སེང་ཆོས་གྲྭས་འཆད་ཉན་བྱེད་ཡུལ་གྱི་གཞུང་ཕལ་ཆེར། དགོན་གཞུང་གི་དུས་མཆོད་ཐམས་ཅད་དང་གྲོང་ཆོག་སོགས་འདོན་ཆོག་ཆེ་ཆུང་ཀུན་གྱི་ཤིང་པར་རྣམས་ཡོད་པ་དང་། གཞན་ཡང་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་གི་ཐང་སྐུའི་པར་ཤིང་མང་པོ་དང་། གཟུངས་ཆེན་སྡེ་ལྔས་གཙོས་པའི་གཟུངས་འཇུག་དང་། དེའི་ལག་ལེན། དུང་འཁོར་གྱི་པར་ཤིང་། ཐར་མདོའི་ལག་འཁོར་དང་ཇོ་པར་སོགས་དགོས་གལ་ཆེ་[page 504] བའི་པར་ཤིང་མཐའ་ཡས་པ་ཞིག་ཡོད་ཀྱང་། ཕྱིས་སུ་དགོན་གནས་འཇིག་པའི་རྐྱེན་གྱིས་པར་ཤིང་རྣམས་ཀྱང་བརླགས་པ་སོགས་ཀྱི་དབང་གིས་ཡུས་འདིའི་མཁས་དབང་དག་གི་གསུང་འབུམ་གྱི་དཔེ་རྒྱུན་ཡང་མང་ཙམ་ཞིག་ཆད་པར་གྱུར། དེ་ལས་གཞན་མི་མིན་འཕྲུལ་གྱི་དངོས་རྫས་དང་། གལ་འགང་ཆེ་བའི་མཆོད་ཆས་སོགས་ནི། ནོར་བུ་དོན་ཡོད་ཞགས་པ་གཡང་ཐོད་མེ་འབར་མ། ཆབ་རྡེལ་དཀར་ནག་ཁྲ་གསུམ། གཟི་ཞལ་དགོས་འདོད་ཀུན་འབྱུང་། ཉི་གྲགས་གཏེར་བྱོན་ཨ་ཙ་རའི་ཞལ་འབག གང་དབང་ལས་རབ་གླིང་པའི་གཏེར་བྱོན་དུང་དཀར་གཡས་འཁྱིལ། རྫོགས་སྤྲུལ་ལྔ་བ་ལ་གནས་སྐྱོང་རྡོ་རྗེ་གྲགས་ལྡན་གྱིས་ཕུལ་བའི་པེ་དཀར་དགྱེས་རོལ་ཞེས་པ་དང་། བྱ་ཤང་ཤང་གིས་མཐའི་རྒྱ་མཚོའི་གླིང་ནས་ཁྱེར་ཏེ་མཆུ་སྡེར་གྱི་རི་མོ་བཀྲ་བའི་སིལ་སྙན་འཛམ་གླིང་གཡས་བཞག ཆེ་ཡོས་རིག་འཛིན་ཆེན་མོས་སྟོང་རི་མཚོ་ནག་ནས་གཏེར་དུ་བཞེས་པའི་རོལ་ཆེན་དཀར་ལྡིང་མ། རྫོགས་ཆེན་དཔོན་སློབ་ལ་དགོངས་བཙན་གྱིས་ཕུལ་བའི་བཙན་རོལ་དམར་ཆེན་མ། གཞན་ཡང་སྦུབ་ཆལ་ངག་དབང་པདྨ། སིལ་སྙན་འཛམ་འདྲ་མ་སོགས་རོལ་སིལ་ལྔ་བརྒྱ་ཙམ་དང་། གྲུབ་དབང་པདྨ་རིག་འཛིན་གྱིས་གཏེར་ནས་བཞེས་པའི་རྒྱ་གླིང་གི་མགྲིན་པ་ལ་ཁོང་ཉིད་ཀྱི་ཕྱག་བཟོའི་རྒྱ་གླིང་ཕོ་ཧི་མ་ཞེས་པ་དམིགས་བསལ་ཅན་གྱིས་གཙོས་བའི་གསེར་དངུལ་གྱི་དུང་རྐང་རྒྱག་གསུམ་ཆ་བཅུ་ཕྲག་དུ་མ་དང་གྲང་གསེར་ལས་གྲུབ་པའི་གསེར་རྔ་ཉིས་བརྒྱ། ཁྲུ་གང་ཡས་མས་ཅན་གྱི་གསེར་དངུལ་གྱི་ཀོང་ཆེན་བཅོ་ལྔ་དང་སོའི་ཊ་མ་རུ་ཉེར་ལྔ་དང་བ་སོའི་རུས་རྒྱན་བཅུ་དྲུག་གིས་གཙོས་པའི་གར་ཆས་འཆམ་གོས་རྒྱ་གསེར་སོགས་ལས་བཟོས་པ་དྲུག་བརྒྱ་ཙམ་དང་། གསེར་འབག་བཅུ་དྲུག་སོགས་ཞལ་འབག་བདུན་བརྒྱ་ལྷག གླང་ཆེན་མཆེ་བ་ཆ་དྲུག་དང་བྱི་རུ་རྒྱལ་མོའི་ལག་གཡས་ཁྲུ་ཚད་ཅན། རྨ་གདུགས་ཉེར་ལྔས་གཙོས་པའི་སེར་ཕྲེང་མཛེས་པའི་ཡོ་བྱད་དང་། འདུ་ཁང་གི་མཛེས་རྒྱན་གྱི་འཕན་འདུགས་རྒྱལ་མཚན་སོགས་སྟོང་ཕྲག་ལྷག་པ་དང་དེ་ལས་གཞན་དུ་བླ་བྲང་ཁག་དང་། གྲྭ་མང་སོགས་ཀྱི་རྟེན་གསུམ་མཆོད་ཆས་རྣམས་བགྲང་གིས་མི་ལང་ངོ་།།
གྲུབ་ཐོབ་པདྨ་རིག་འཛིན་གྱི་སྐུ་ཕྲེང་རྣམས་ནི་བླ་སྤྲུལ་ཀུན་གྱི་གཙོ་བོ་དང་རྡོ་རྗེ་སློབ་དཔོན་ཡིན་ཞིང་སྤྱིར་ཁོང་གི་མཚན་གྱི་རྣམ་གྲངས་ལ་རྫོགས་ཆེན་པདྨ་རིག་འཛིན་ནམ་རྫོགས་ཆེན་སྐྱབས་མགོན་དང་། ཡིན་བཞིན་ནོར་བུ། གྲུབ་དབང་རིན་པོ་ཆེ། རྫོགས་སྤྲུལ་རིན་པོ་ཆེ་ཞེས་ཞུ་བ་དང་། སྐུ་ཐོག་དང་པོ་ཆུང་དུས་ཀྱི་མཚན་བལ་བོ་རྟོགས་ལྡན་ཞེས་ཀྱང་གྲགས། རྗེ་འདིའི་སྐུ་ཕྲེང་རྣམས་ཀྱི་ཚེ། [page 505] དཔོན་སློབ་སྐུ་ཕྲེང་རིམ་བྱོན། སྐུ་ཞབས་རིམ་བྱོན་ཀུན་བཟང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན། འབྲུག་སྤྲུལ་དང་གླིང་སྤྲུལ་རིམ་བྱོན་སོགས་རྫོགས་དགོན་མཆོག་སྤྲུལ་རྣམས་ཀྱི་སྐུ་ཕྲེང་མང་ཉུང་སྣ་ཚོགས་ཡོད་པ་ལས་དཔོན་སློབ་ནམ་མཁའ་གསལ་གྱི་སྐུ་ཕྲེང་ནི་པདྨ་རིག་འཛིན་གྱི་སྐུ་ཕྲེང་དང་གྲངས་མཉམ་ཞིང་། དེ་ལ་དང་པོ་གཉིས་ཀྱི་གདན་སའི་རྒྱལ་ཚབ་ཀྱི་འགན་བཞེས་དངོས་སུ་མཛད། གསུམ་པ་མན་ཆད་ཀྱི་སྐུ་ཕྲེང་རྣམས་ཕལ་ཆེར་གྲུབ་དབང་མཆོག་གི་སྐུ་ཕྲེང་དང་ན་མཉམ་གྱུར་སྟབས། གདན་སའི་འགན་གཙོ་བཞེས་མཁན་མིན་ཡང་། ཁོང་ཟུང་ལ་བསྟན་བདག་མཆོག་སྤྲུལ་རྣམ་གཉིས་སུ་ཞུ། དེ་དང་མཉམ་དུ་ཤྲྭི་སེང་ཆོས་གྲྭའི་དབུ་འཛུགས་མཁན་རྒྱལ་སྲས་གཞན་ཕན་མཐའ་ཡས་རིམ་བྱོར་ལ་སྐུ་ཞབས་སྤྲུལ་སྐུ་ཞེས་པ་དེ་ཉིད་བརྩིས་པས་བསྟན་བདག་རྒྱལ་བ་རྣམ་གསུམ་དུ་གྲགས། རྫོགས་སྤྲུལ་རིན་པོ་ཆེའི་གསེར་ཁྲིའི་གཡས་གཡོན་དུ་དཔོན་སློབ་དང་སྐུ་ཞབས་རྣམ་གཉིས་བཞུགས་ཤིང་དེ་གཉིས་ཐོབ་ཐང་དང་དབང་ཆ་སོགས་ཕལ་ཆེར་མཉམ། གཞན་ཡང་སྐུ་རབས་བཞི་བའི་དུས་སོགས་ལ་གླིང་འབྲུག་གཉིས་ཀྱིས་གདན་ཚབ་ཀྱི་ཐུགས་འགན་རྒྱ་ཆེར་བཞེས་པ་དང་། གྲུབ་དབང་སྐུ་ཕྲེང་ལྔ་བའི་དུས་མཆོག་སྤྲུལ་བདེ་མཆོག་རྡོ་རྗེ་དང་རྫོགས་ཆེན་ཀོང་སྤྲུལ་རྣམ་གཉིས་ལ་བདེ་ཀོང་གཉིས་ཞེས་བར་སྐབས་སུ་ཐུགས་འགན་ཆེ་བཞེས་གནང་། རྫོགས་ཆེན་མཁྱེན་བརྩེ་ཡང་དེ་མཚུངས་ཡིན་ཞིང་ཁོང་རྣམས་ནི་བསྟན་བདག་རྣམ་གསུམ་གྱི་རྒྱལ་ཚབ་ལྟ་བུ་ཡིན་ལ། ཀུན་འབྲུག་གླིང་གསུམ་དུ་གྲགས་པའི་མཆོག་སྤྲུལ་རྣམ་ནས་ཀྱང་གདན་འཚབ་ལྟ་བུའི་ཐུགས་འགན་རྒྱ་ཆེར་བཞེས་སྟབས་ཐོབ་ཐང་དང་དབང་ཆ་ཡང་ཆེན་པོ་ཡོད། དེ་མིན་ཚེས་བཅུའི་སྒྲིགས་དཔོན་སོགས་སྤྲུལ་སྐུ་རྣམས་ཀྱང་ཕལ་ཆེར་དེ་དག་གི་འཕྲོད་ཐོབ་ཐང་འཇོན་སྒོ་ལྟར་རིམ་པ་བཞིན་དུ་བཀུར་འོས་དང་དེ་ལས་གཞན་བི་མ་བདུན་རྒྱུད་དང་བོངྷི་སུམ་སྤྲུལ། རྗེས་འབངས་ཉེར་ལྔ། གནས་བརྟན་བཅུ་དྲུག་སོགས་སངས་རྒྱས་བྱང་སེམས་རྣམས་སྦས་པའི་ཚུལ་གྱི་བསྟན་འགྲོའི་དོན་དུ་ཕེབས་པར་གྲགས་པ་མཁན་ཆེན་རྡོ་རྗེ་འཛིན་པ་རྣམས་ནི་དགོན་གཞུང་ནས་ལོ་བཞིར་ལས་ཐག་མཁན་པོའི་འགན་བཞེས་ཏེ་བཀའ་བརྒྱད་དང་བུམ་སྒྲུབ་སོགས་ཀྱི་དབུ་བཞུགས་མཛད་ཅིང་ཆོས་ཐུན་དང་དབྱར་གནས་བཅས་ཀྱི་འཚོགས་གཙོ་མཛད་དེ་དགོན་དེའི་ཕྱི་ནང་གི་སྒྲིག་ལམ་ཐམས་ཅད་སྡོམ་བ་གསུམ་གྱི་བཅའ་ཁྲིམས་དང་མི་འགལ་བར་ལག་བསྟར་བྱེད་དགོས་པའི་ཆ་ནས་དེར་བཞུགས་ཀྱི་བླ་སྤྲུལ་གྲྭ་རིགས་མཐོ་དམན་ཡོངས་ལ་བཀའ་སློབ་གནང་ཞིང་། སྒྲིག་སྲོལ་གསར་གཏོད་བྱེད་པའི་དབང་ཆ་ཡོད་ལ། ཕལ་ཆེར་བསྟན་བདག་རྣམ་གསུམ་དང་མཚུངས་པའི་དབང་ཆ་ཡོད། དགོན་གཞུང་ལ་ལོ་བཞིར་བཞུགས་རྗེས་སླར་ཡང་ཤྲྭི་སེང་ཆོས་གྲྭ་ཆེན་མོར་ལོ་བཞིར་བཞུགས་ཏེ་སློབ་ཚོགས་བརྒྱ་ཕྲག་དུ་མ་ལ་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱིས་མི་ཉམས་ཕྱོགས་བཅུར་འཕེལ་བའི་བཀའ་དྲིན་བསྐྱངས་མཐར་དེ་ཕྱིན་དགོན་གྱི་འགན་དབང་བཟུང་བ་དང་། [page 506] སྒྲིག་ལམ་སྲུང་བ་སོགས་མི་དགོས་པར་རུ་དམ་ལུང་གི་ཡང་དབེན་ནགས་ཁྲོད་དང་གངས་ཁྲོད་སོགས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་རྒྱལ་ཁབ་ཕྱི་ནང་མདོ་དབུས་ཁམས་གསུམ་སོགས་ནས་ཕེབས་པའི་ཕྱོགས་བྲལ་བྱ་བཏང་གི་སྐལ་ལྡན་སློབ་ཚོགས་དུ་མ་འདུས་པ་ལ། མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཞུགས་པའོ།།
རྫོགས་ཆེན་བླ་བྲང་གི་ཕྱག་མཛོད་ཅེས་པ། རྒྱུ་འབྱོར་གཏོང་སྒོ་དང་། དགོན་སྲིད་ཀྱི་དབང་ཆ་ཡོད་ཅིང་མི་ཆེན་པོའི་གོ་གནས་ཀྱང་ཡོད་ལ་སྒེར་རྒྱུ་མེད་པར་སྤྱི་མི་ལྟ་བུ་ཞིག་ཡིན། དེ་ལ་རྒྱུ་རྫས་གཏོང་སྒོའི་ལག་བསྟར་བྱེད་མཁན་གྱི་གཉེར་བ་ཡང་བཞི་ཙམ་ཡོད། དེ་མིན་སྡེ་སྲིད་དང་གྱོད་ཁྲིམས་སོགས་ཐག་གཅོད་བྱེད་མཁན་གྱི་ཕྱག་མཛོད་ཟུར་པ་མི་སྐྱ་སོགས་འཇོན་ཐང་ཅན་ཞིག་ཀྱང་ཡོད་ལ་ཕྱག་མཛོད་དང་གཉེར་བ་དེ་དག་གིས་འགན་ཁུར་ཡུན་ལོ་བཞི་ཡན་ཆད་སོགས་ངེས་པ་ཆེར་མེད། ཆོས་ཁྲིམས་ཆེན་པོ་བཞི་ནི་མཁན་སྤྲུལ་སོགས་ཀྱི་སྒྲིག་ལམ་བཞག་པ་དེ་དག་ལག་བསྟར་གཟིགས་ཞིབ་བྱེད་མཁན་ཞིག་ཡིན་ལ་དབང་ཆའང་དེ་དག་གི་འཕྲོ་ལ་ཡོད། ལོ་བཞིའི་རིང་ཚོགས་སྤྱིའི་ཞལ་ཚབ་པ་ཡིན་པ་བླ་གྲྭ་ཡོངས་ཀྱིས་བརྩི་བཀུར་བྱེད་དགོས་པའི་མི་སྣ་ཞིག་ཡིན། ལས་སྣེ་བརྗེས་ཟིན་ནའང་གྲོས་ཕུགས་འདྲི་སའི་རྒན་རིམ་པ་ཞིག་རེད། འདོན་རྟ་གདངས་དབྱངས་ཕྱག་རྒྱ་རོལ་མོ་སོགས་ལ་མཁས་པ་ནི་དབུ་མཛད་ཅེས་བྱ་ལ། ཐིག་རྡུལ་ཚོན་བཅའ་གཤམ་རིས་འབག་བཟོ་ཕྱག་ལེན་སོགས་ལ་མཁས་པ་ནི་མཆོད་དཔོན་ཞེས་གསོལ། དབུ་མཆོད་ཡོན་ཏན་ཆེ་བ་རྣམས་ལ་ཐོབ་ཐང་ཡང་ཆེ་ཙམ་ཡོད། དབུ་ཆེ་ཆོས་ཁྲིམས་ཞེས་བསྟན་བདག་རྣམས་དབུ་འདུས་སོགས་བྱེད་སྐབས་གྲལ་དུ་འཇོམས་དགོས་ཤིང་མཐོང་རྒྱུད་ཀྱི་ཕྱག་བཞེས་སྤེལ་བའི་སློབ་དཔོན་ཆེན་པོ་ཞིག་ཀྱང་རེད། དེ་གཉིས་ཕལ་ཆེར་ལོ་མང་ཙམ་གཏན་འཇགས་ཡིན་ཡང་དམིགས་བསལ་བཤད་སྒྲུབ་སོགས་ཀྱི་གྲྭལ་དུའང་ཞུགས་ཆོག་པ་དང་རྩ་བསྒྲལ་གར་གསུམ་སོགས་གར་གྱི་ཉམས་སྣ་ཚོགས་ལ་མཁས་པ་དེང་འཆམ་དཔོན་དུ་གསོལ་ཞིང་། གཞན་འཆམ་མཁན་རྣམས་ཀྱང་དབུ་མཆོད་མ་ཡིན་པའི་གྲྭ་རིགས་ཡིན་ཞིང་དམིགས་གསལ་དབུ་མཆོད་འགས་ཀྱང་འཆམ་སྲོལ་ཡོད་པར་གྲགས་སོ། ཆོས་སྡེ་ཆེན་པོ་འདིའི་འཁོར་ལོ་གསུམ་གྱི་བསྟན་པ་ལ་ཞབས་འདེགས་ཁྱད་འཕགས་བསྒྲུབ་པའི་སྦྱིན་བདག་ནི་གྲུབ་དབང་སྐུ་ཕྲེང་དང་པོའི་དུས་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གླིང་ས་སྐྱོང་མགོན་པོ་ལྷུན་གྲུབ། སྡེ་དགེའི་གཉེར་ཆེན་གད་ཐོག་ལྷ་ལུ་སོགས་ཀྱིས་དགོན་འདིའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་མཛད་པ་དང་། དེ་ཕྱིན་སྐུ་རབས་རིམ་བྱོན་གྱི་སྐབས་སུའང་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་སོགས་རྒྱལ་རབས་རིམ་བྱོན་དང་། གླིང་ཚང་རྒྱལ་རབས་རིམ་བྱོན། སོག་ཨོ་རེད་རྒྱལ་པོ། ལྕགས་ལ་རྒྱལ་པོ་ཡབ་སྲས། ཡིད་ལྷུང་ལྷ་རིགས་ཆོས་རྒྱལ་ཡབ་སྲས། དེམ་ཕྱི་ཉེར་ལྔ་གྲགས་པ་དང་། ཚོང་དཔོན་ནམ་མཁའ་ཆོས་དབྱངས། [page 507] ཨ་ཐུབ་ལྭ་དཀར་ཚང་། འདམ་ཨ་ཐུབ་སྲས་པོ། བྱ་རྒོད་སྟོབས་ལྡན་སོགས་མདོ་དབུས་ཁམས་གསུམ་སོགས་ལ་ཡོན་གྱི་བདག་པོ་དུ་མ་ཡོད་ལ། ཕྱོགས་འདིར་ཡོད་པའི་ཆོས་སྡེ་ནི་འབྲོག་རུ་ཕྱོགས་ཆེན་བཅོ་བརྒྱད། ཕྱོགས་ཆུང་གཉིས་དང་ཉི་ཤུ་ཞེས་ཕྱིས་སུ་དུད་གྲངས་བདུན་བརྒྱ་ཙམ་ཡོད་ལ་དགོན་འདིའི་གྲྭ་རྩའི་མི་ཁོངས་རོང་འབྲོག་ས་ཆ་གཞན་ལ་ཡང་མང་། གོང་སྨོས་ཀྱི་མཆོད་ཁག་ཕལ་ཆེར་གྱི་གཙོས་པའི་བཤད་སྒྲུབ་ཁག་དང་རྒྱུན་འབུལ་གྱི་མར་མེ་བཅས་ལ་སྤྱི་ཁག་སུམ་ཅུ་ལྷག་ཙམ་ཡོད་པ་དང་། དེ་རྣམས་ཕལ་ཆེར་ཡུལ་ཕྱོགས་འདིའི་རྒྱུ་འབྱོར་ཡོད་པའི་ཆོས་དད་ཅན་གྱི་དུད་ཚང་དང་བླ་བྲང་རྣམས་ཡིན་ནོ།
གཞན་ཡང་དགོན་འདིར་སྐུ་རབས་གཉིས་པའི་སྐབས་ཆུ་བྱ་ལོར་རྟེན་གསུམ་ལ་ཞུགས་ཀྱི་གནོད་པ་ཅུང་ཐེབས་པ་དང་སྐུ་རབས་བཞི་པ་དགུང་གྲངས་ལྔ་བཅུར་ཕེབས་པ་ཆུ་སྟག་ལོར་ས་གཡོས་ཀྱིས་དགོན་གནས་འཇིག་པ་དང་སྐུ་རབས་ལྔ་བ་དང་དྲུག་པའི་བར་དུ་མེ་འཇིག་ཀྱི་གནོད་པས་གཙུག་ལག་ཁང་སོགས་ལ་ཉམས་རྒུད་ཆེན་པོ་བྱུང་། རྟེན་གཙོ་དང་གནའ་བོའི་རྒྱུ་རྫས་སོགས་ནང་གི་ཅ་དངོས་རྣམས་ཕྱིར་བསྐྱལ་ཐུབ་པར་གྲགས། ཕྱིས་སུ་གཙུགས་ལག་ཁང་སོགས་སྔར་ལས་ལེགས་པར་བཞེངས་གྲུབ་ན་ཡང་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་འདུ་ཁང་གྲྭ་ཤག་གནའ་བོའི་རྒྱུ་རྫས་འགང་ཆེན་སོགས་ཐམས་ཅད་མེར་བསྲེག་ཆུར་བསྐུར་སོགས་བྱས་ནས་དགོན་ཤུལ་གྱང་རལ་ཙམ་མ་གཏོགས་མེད་པར་བྱས་པ་ནི་བློའི་ཡུལ་ལས་འདས་པ་ཞིག་གོ།
དེང་སྐབས་སྐྱེ་དགུའི་བསོད་ནམས་དང་འཕགས་མཆོག་ཕྱག་ན་པདྨའི་ཐུགས་བསྐྱེད་དུས་སུ་སྨིན་པས་ཡང་དག་པའི་སྲིད་ཇུས་རང་ཕྱོགས་སུ་ལག་བསྟར་བྱས་པའི་དུས་སུ་སྔར་ཡོད་ཀྱི་མཁན་སྤྲུལ་ལྔ་བཅུ་ཙམ་ལས་དགུང་ལོ་ཆུང་གྲས་འགའ་ཙམ་ལུས་པ། མཆོག་སྤྲུལ་ཀུན་བཟང་དང་། པདྨ་སྐལ་བཟང་། འབྲུག་པ། ཨོ་རྒྱན། པད་རྒྱལ། ཕྱོགས་ལས། བསྟན་འཕེལ། གཏོ་རུ་སྤྲུལ་སྐུ་རྣམས་ཀྱིས་ཐུགས་འགན་བཞེས་ཏེ། སྡེ་འབངས་གྲྭ་འཁོར་གྱི་རོགས་སྐྱོར་དང་བཅས་དགོན་མར་ཕྱོགས་སུ་འཁོར་ཁང་ཐོག་བརྩེགས་གཉིས་པའི་ནང་དུ་དུང་འཁོར་གཉིས་དང་ཕོ་བྲང་ཆེན་མོ་ཐོག་བརྩེགས་གསུམ་པ་རྒྱ་ཁྱོན་ཀ་བ་ཕྱེད་ཉིས་བརྒྱ་ཅན། ལྷ་སར་ཐོག་བརྩེགས་གསུམ་པ་རྒྱ་ཁྱོན་ཀ་བ་ང་གཉིས་ཅན་བཅས་གསར་བསྐྲུན་མཛད། འཛམ་གླིང་སེང་ཆེན་ནོར་བུ། དཔའ་རྟུལ་བརྒྱད་ཅུའི་འཁོར་ཚོགས་བཅས་པ་དང་། ཚེས་བཅུའི་གར་འཆམ་སོགས་ཀྱི་ཞལ་འབག་འཆམ་གོས་ཀྱི་རྨང་བཞི་བཙུགས། གཞན་ཡང་མཛོད་བདུན་དང་གཞུང་བཅུ་གསུམ་སོགས་དཔེ་ཆ་དང་འདོན་ཆོག་བཀའ་འབུམ་ཁག་བཅས་ཀྱི་ཤིང་པར་མང་[page 508] ཙམ་བསྐྲུན། བྱེ་བྲག་ཏུ་མཆོག་གི་རྡོ་རྗེ་སློབ་དཔོན་འབྲུག་སྤྲུལ་རིན་པོ་ཆེས་སྒྲུབ་ཆེན་བཀའ་བརྒྱད་དང་ལོ་དར་གྱི་བུམ་སྒྲུབ་ཆེན་མོ་བཀའ་གཏེར་གྱི་མཆོད་ཁག་དུ་མ་དང་། རབ་གནས་སོགས་ཀྱི་དབུ་མཆོད་དང་རྩ་བསྒྲུབ་གར་གསུམ་སོགས་ཀྱི་ཕྱག་ལེན་སྤེལ། ཁྱད་པར་དུ་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གི་ཐུགས་བསྐྱེད་དང་མཛད་ཕྲིན་གྱིས་དྲངས་ནས་ལྗོངས་འདིར་སླར་ཡང་བཤད་སྒྲུབ་བསྟན་པའི་ཉིན་བྱེད་ཤར་བ་སྟེ། སྤྱི་ལོ༡༩༨༡ལོར་ཞིང་ཆེན་དང་ཁུལ་སོགས་ཀྱི་རྒྱབ་སྐྱོར་དང་འབྲེལ་ཐུབ་བསྟན་ཉི་མ་སོགས་དབུ་མཛད་རྣམས་ཀྱིས་རྫོགས་ཆེན་ཤྲྰི་སེང་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དབུ་བཙུགས།
གཟན་དཀར་མཆོག་སྤྲུལ་དང་། པདྨ་སྐལ་བཟང་རྣམ་གཉིས་ཀྱིས་སྐུ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་མཁན་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་སྤྱན་དྲངས། རབ་བྱུང་བཅུ་བདུན་པའི་ཤིང་ཕོ་འབྲུག་ནས་ཆུ་ཕོ་སྤྲེའུ་བར་ཆོས་གྲྭའི་གཞི་བྱེས་ཀྱི་བླ་གྲྭ་ཐུགས་སྟོབས་ཅན་དག་དང་དད་ལྡན་འབངས་སྡེ་དང་བཅས་པས་འབད་བརྩོན་ཉིན་མཚན་ལྷོད་མེད་གནང་སྟེ་དགེ་འདུན་པའི་བཞུགས་ཤག་དང་གཙུག་ལག་ཁང་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ཤོང་བ་བཞེངས་བསྐྲུན་ཨར་ལས་ཀྱི་གཞི་རྒྱ་ཧ་ཅང་ཆེན་པོར་འཛུག་བསྐྲུན་གནང་། དགོན་པའི་འཚོ་རྟེན་དུ་འབྲི་མོ་ཆིག་སྟོང་དང་མཛོ་མོ་ཁྱུ། དེ་མིན་གྱི་རྟ་ཁྱུ་དང་གནག་ཕྱུག་གི་ཁྱུ་བཅས་དང་ཕྱོགས་སྤྱིའི་ཐེབས་དངུལ་དེ་སྔའི་བཞེངས་བསྐྲུན་གྱི་འགྲོ་སོང་བཅས་སྒོར་འབུམ་ཕྲག་ལྔ་བཅུའི་རིན་ཐང་ལས་བརྒལ་པའི་དཔལ་འབྱོར་གྱི་རྟེན་གཞི། ལོ་རེའི་འོང་འབབ་འཕར་མས་ཕྱིས་ཀྱི་གཏོང་སྒོ་དང་འཛུགས་བསྐྲུན་ཡར་རྒྱས་ཀྱི་བྱ་བ་བཅས་བྱེད་ཐབས་བསྐྲུན། ཆོས་གྲྭའི་འབྲི་གཡག་ཐམས་ཅད་བསྟན་འཛིན་སྤྱིའི་ཞབས་བརྟན་དུ་ཚེ་ཐར་བཏང་བའི་སྲོལ་བཏོད། ཆུ་སྤྲེལ་ཟླའི་ཚེས་བཅུའི་སྟོང་གྲྭ་ཆེན་མོའི་དུས་སྟོན་ལ་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་སྐུ་སྒེར་གྱིས་སྦྱིན་བདག་གནང་ནས་བཟང་ཞིང་གྱ་ནོམས་པའི་མཆོད་སྤྲིན་སྤྲོས་ཏེ་དགོན་སྡེ་བརྒྱ་ཕྲག་མང་པོའི་བླ་སྤྲུལ་དང་འདུས་སྡེ་སྤྱན་དྲངས་ཞིང་ཤྲྰི་སེང་ཆོས་གྲྭ་དངོས་སུ་དབུ་ཚུགས་ནས་ལོ་ངོ་ལྔ་འཁོར་བའི་དགའ་སྟོན་བྱས། ཆུ་མོ་བྱ་ལོ་ནས་བཟུང་རྒྱལ་ཚབ་མཆོག་སྤྲིན་རྣམ་གསུམ་གྱིས་བསྟན་འགན་བཞེས། མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ཀྱིས་ཆོས་ཀྱི་འཁོར་ལོ་གང་འཚམས་བསྐོར་གནང་བ་ལས་གཞན་བྱ་ལོའི་མི་མེ་འཇིག་གིས་ཆོས་གྲྭའི་བྱང་ཤར་ཀྱི་གྲྭ་ཤག་ཉེར་བཞི་ཉམ་ཉེས་པ་སླར་གསོ་ཆེད་དང་ཆོས་གྲྭའི་འཆད་ཉན་རྒྱུན་བསྐྱང་གི་ཐེབས་སུ་སྒོར་འབུམ་ཕྲག་མང་པོ་བཏང་། དཔལ་སྤྲུལ་རིན་པོ་ཆེའི་ཕྱག་རྒྱུན་གྱི་སྤྱོད་འཇུག་མཆོད་པའི་དུས་སྟོན་སླར་གསོ་གནང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་གྲུ་མང་པོའི་སློབ་ཚོགས་ལ་དམ་པའི་ཆོས་ཀྱི་ཆར་དབབ། ཤྲྰི་སེང་ཡན་ལག་ཆོས་གྲྭ་མི་ཉག་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་བཤད་པ་དང་སྒྲུབ་པའི་སྡེ་གཉིས་དང་། མི་ཉག་སེང་གེ་དགོན་སྔ་འགྱུར་རྙིང་མའི་སྒྲུབ་སྟེ་འོད་གསལ་སེང་གེ་རྫོང་། རང་རྒྱལ་ཞིང་ཆེན་མང་པོའི་རྫོགས་ཆེན་ཆོས་ཚོགས་ཁག་མང་བཅས་གསར་འཛུགས་ཉམས་གསོ་གནང་བ་[page 509] དང་འགྲེལ་ཤྲྰི་སེང་ཆོས་གྲྭའི་བསྟན་བདག་ལྷན་རྒྱས་དང་གྲུབ་དབང་རྫོགས་ཆེན་པའི་གསེར་ཁྲི་མཐོན་པོར་མདའ་གསོལ་བའི་བསྟན་བདག་ཆེན་པོ་གཞན་དག་དང་མཚུངས་པར་འཕྲིན་ལས་རླབས་ཆེ།
རུ་དམ་རྫོགས་ཆེན་ཤྲྰི་སེང་ཆོས་གྲྭ་ནི་བོད་སྤྱི་དང་བྱེ་བྲག་གི་ནང་པ་སངས་རྒྱས་པའི་ཆོས་དང་རིགས་གཞུང་དར་ཞིང་རྒྱས་པའི་འབྱུང་ཁུངས་རྩ་ཆེན་རིས་མེད་བཤད་སྒྲུབ་ཀྱི་བསྟན་པ་དར་བའི་གྲས་ཤིག་སྟེ། དབུས་ཀྱི་འབྲི་གུང་ཉི་མ་ལྕང་ར་ཁམས་ཀྱི་དཔལ་སྤུངས་བཤད་གྲྭ་དང་ཁམས་ཕྱེ་ལྷང་མའི་སྒར། ཨ་མདོའི་ཕུར་ཐོག་སྟོང་དང་དགུ་བརྒྱའི་གདན་ས་ཁག་སོགས་ཀྱི་ཁུངས་འདིར་ཐུག འདི་ནས་སློབ་ཐོན་གནང་བའི་མཁས་གྲུབ་ཟམ་མ་ཆད་པའི་སློབ་བརྒྱུད་ཀྱིས་ད་ལྟའི་བར་འཛམ་གླིང་གིས་ཆ་དང་ཡུལ་གྲུ་མང་པོར་ཁྱབ་པ་འདི་བཞིན་ལས་བར་སྐབས་བསྟན་པ་ཉམས་ཉེས་བྱུང་བ་སྤྱི་མཚུངས་ཐོག་བསྟན་པ་ཡང་དར་གྱི་དུས་འདིར་རབ་བྱུང་བཅུ་བདུན་པའི་ཤིང་འབྲུག་ལོ་ནས་ད་ལྟའི་བར་སླར་ཡང་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་རྒྱུན་མ་ཆད་ཅིང་། ཉེ་བའི་ལོ་ཤས་ནང་རྐྱང་པར་ཤེས་བརྩོན་སྦྱང་ཡོན་ལ་གནས་པའི་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཞལ་གྲངས་ཉིས་སྟོང་ལས་བརྒལ་བ་གྲྭ་སར་ཞུགས་ཡོད་པ་མ་ཟད། བསྟན་མཁས་ཀྱི་ཡོན་ཏན་དང་ལྡན་ཞིང་ཕུལ་དུ་བྱུང་བའི་གཤིས་སྦྱོད་ཅན་གྱི་གཞོན་ནུའི་དཔུང་སྡེ་ཆེན་པོ་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད།
འདིའི་འཆད་ཉན་གྱི་སློབ་གཞིའི་ཕྱག་དཔེ་འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་གཞུང་ཆེན་པོ་བཅུ་གསུམ་ཆ་ལག་དང་བཅས་པ་མཁན་ཆེན་གཞན་དགའི་རྒྱ་མཆན་ལ་གཞི་བྱས་ཏེ་རྒྱ་བོད་མཁས་པའི་གཞུང་ལུགས་རྣམ་དག་སྤྱི་དང་ཁྱད་པར་གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ། རོང་ཟོམ་མཧྰ་པཎྚི་ཏ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་རིས་མེད་མཁས་པའི་གཞུང་ལུགས་ཚད་མ་དག་ལ་ཟུར་གཟིགས་མཛད་དགོས་པ་ལས་ཡིག་ཆ་འདྲ་མིན་འཆོལ་བསྲེས་ཀྱིས་གང་བྱུང་གི་འཆད་སྤེལ་མི་ཆོག གྲུབ་མཐའ་རང་རང་གི་ལྟ་གྲུབ་ལ་འདྲེས་ལྷད་བཙུད་མི་ཆོག་ཅིང་ནང་དོན་རིགས་པ་གཙོ་བོ་ཡིན་པའི་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པར་གསན་བཞེས་གནང་དགོས། དེ་ཡང་འཛིན་གྲྭ་དང་པོར་ཞུགས་པའི་གསར་བུས་ཐོག་མར་བྲིས་གཟུགས་སུམ་རྟགས་སྒྲ་འཚམས་སྦྱོར་ལྔ་བ་རྩོད་རིགས་བསྡུས་ཚན། དགེ་ཚུལ་ཀྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་སོར་མདོ་སྤྱོད་འཇུག་སྡོམ་གསུམ། དབུ་མ་བཞི་བརྒྱ་བ་རྩ་བ་ཤེས་རབ་བཅས་དང་། གཉིས་པས་དབྱངས་ཅན་སྒྲ་མདོ། སྙན་ངག་མེ་ལོང་མའི་ལེའུ་བར་བ་འདུལ་བ་མདོ་རྩ་དབུ་མ་འཇུག་པ། རྩོད་བཟློག་སྟོང་ཉིད་བདུན་ཅུ་རིགས་པ་དྲུག་ཅུ་ཞིབ་མོ་རྣམ་འཐག་མངོན་པ་མཛོད་ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས་ཚད་མ་ཀུན་བཏུས་བཅས་དང་། གསུམ་པས་སྒྲ་ཀ་ལ་པ་སྙན་ངག་ལེའུ་ཐོག་མཐའ་བྱམས་ཆོས། མངོན་པ་ཀུན་བཏུས་ཡོན་ཏན་མཛོད་དབུ་མ་རྒྱན་ཚད་མ་རྣམ་འགྲེལ་བཅས་དང་། བཞི་པས་མི་ཕམ་མཁས་[page 510] འཇུག་རྒྱུད་བླ་མ་ཐེག་ཆེན་ཚུལ་འཇུག་རོང་ཟོམ་དཀོན་མཆོག་འགྲེལ། ཡོན་ཏན་རིན་པོ་ཆེའི་མཛོད། དཔལ་གསང་སྙིང་པོ་སོགས་དང་། ལོ་རིམ་བཞི་ཚན་གཉིས་པས་ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་དང་གྲོལ་སྐོར་གསུམ་མུན་སེལ་སྐོར་གསུམ་སོགས་དང་། བཞི་ཚན་གསུམ་པས་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་ཆ་ལག་དང་བཅས་པ་དང་སྙིང་ཐིག་ཡ་བཞིའི་ཁྲིད་སྦྱང་སྨིན་དབང་དང་བཅས་པ་ནོད་རྒྱུ། འཛིན་གྲྭའི་ལོ་རིམ་འཕར་ཆགས་རྒྱས་ལེན་གྱི་ཚད་གཞིའི་སྦྱང་འབྲས་ཀྱི་ཡོན་ཏན་དངོས་ལ་བསྟུན་ཏེ་སློབ་སྦྱོང་བྱས་པའི་ལོ་གྲངས་ལོངས་སྐབས་སྐྱོར་དཔོན་དང་གཞུང་ཆེན་སོ་སོའི་རབ་འབྱམས་པ་མཁན་ཆུང་ཁྲི་པ་གཞུང་ཆེན་རབ་འབྱམས་པ་མཁན་ཆེན་ཁྲི་ཆེན་ཁྱབ་བདག་པ་བཅས་ཀྱི་གོ་གནས་དོན་ཐོབ་བདག་པོའི་ཁྲི་ལ་འཛེགས་མི་ཆོག དེ་ལས་སྐྱོར་དཔོན་ཞེས་པ་གཞུང་ཕྱོགས་རེ་བའི་ཚིག་དོན་འབྲེལ་ནུས་པ་གཞུང་སོ་སོའི་རབ་འབྱམས་པ་ནི་གཞུང་རེ་རེའི་དཀའ་གནད། མཐའ་དཔྱད་དོགས་གཅོད་དང་བཅས་པར་དགག་བཞག་སྤོང་གསུམ་གཞན་དྲིང་མི་འཇོག་པ། མཁན་ཆུང་ནི་སྔར་གྱི་སྟེང་འདུལ་བའི་ལས་ཆོག་ལ་མཁས་ཤིང་སྤང་བྱ་འདོམ་ས་མི་དམན་པ་ཆོས་སྡེ་ཁག་གི་མཁན་ཆབ་ཕེར་བ། ཁྲི་པ་ནི་གཞུང་ཆེར་སོ་སོར་ཐོས་རྒྱ་ཆེ་ཞིང་ཉམས་ལེན་གོ་ཡུལ་དུ་མ་ལུས་པ་མཁས་བཙུན་གཉིས་ལྡན་ལུགས་གཉིས་ཀྱི་གཟིགས་བ་ཡངས་པ་ཕྱོགས་ཀྱི་ཆོས་སྡེའམ་བཤད་གྲྭ་སོ་སོའི་མཁན་པོར་འོས་པ། གཞུང་ཆེན་རབ་འབྱམས་པ་ནི་གཞུང་ཆེན་པོ་བཅུ་དྲུག་ཆ་ལག་འགྲེལ་ཊིཀ་དང་བཅས་པར་ཐོས་བསམ་གྱི་རྩ་བརྡར་ཆོད་པ། འཛིན་གྲྭ་བཞིའི་དམ་བཅའི་མཚན་རྟགས་བཞེས་ཤིང་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཚང་བ། བརྟན་མཁས་ཡོན་ཏན་མཆོག་ལྡན་འཆད་རྩོད་རྩོམ་གསུམ་ལ་སྤོབས་པའི་གཟེངས་མཐོ་བ། སྔགས་རབ་འབྱམས་པ་ནི་གསང་བ་སྔགས་ཀྱི་རྒྱུད་སྡེ་ཕྱི་ནང་ཀུན་བསྣོལ་མཚམས་མ་ལོག་པར་འཆད་ཁྲིད་ནུས་ཤིང་རང་རྒྱུད་ལ་བོགས་ཐོན་པ། མདོ་སྔགས་རབ་འབྱམས་པ་ནི་མདོ་དང་སྔགས་ཀྱི་ཐོས་བསམ་སྔ་མའི་རྨང་གཞིའི་སྟེང་གཞུང་ལྔའི་རྩ་བ་དང་སྒྱུ་འཕྲུལ་གསང་བ་སྙིང་པོ་སྤྱི་དོན་དང་བཅས་པ་ཐུགས་ཐོག་ནས་ཞིབ་འབྲེལ་ཕོགས་པ། མཁན་ཆེན་ནི་མདོ་སྔགས་རིག་གནས་དང་བཅས་པར་རང་བྱན་ཆུད་ཅིང་བསྙེན་བསྒྲུབ་ལས་གསུམ་ལ་དབང་འབྱོར་བ་དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པ་སྔར་བྱོན་མཁན་རབས་ནོར་བུའི་ཕྲེང་ཚར་གྱི་ཆོས་ཁྲིད་བཞུགས་ལ་དབང་བ། ཁྲི་ཆེན་ནི་མཁན་ཆེན་ལས་ཐོག་གི་ལོ་དུས་ཚང་ཞིང་འོད་གསལ་རྫོགས་པ་ཆེན་པོའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་བུ་སློབ་བརྒྱ་ཕྲག་མང་པོ་བསྐྱངས་པ་ནས་ཆོས་གྲྭའི་གཙོ་བོའི་འགན་བཞེས་པ་རྒྱལ་ཚབ་མཆོག་སྤྲུལ་རྣམ་གསུམ་དབུར་བཞུགས་པའི་ཕྱི་ནང་གི་བསྟན་པ་འཛིན་པའི་ཀ་ཆེན་བརྒྱད། ཀ་ཆུད་བཅུ་དྲུག ཕྱོགས་བཞིའི་མཁས་པ་སྒོ་བཞིའི། མཁན་ཆེན་བཅུ་དྲུག་སྒོ་སྲུང་རྣམ་བཞི། ཞལ་རོ་ཆོས་ཁྲིམས་བཞི་གླིང་གཙོ་ཆེ་བཞི་ཆུང་བརྒྱད། [page 511] གནས་ཀྱི་སློབ་དཔོན་རྒན་གཞོན་སོགས་བཅས་ཡིན། དེ་དག་གི་རིམ་པ་ལྟར་གྱི་རང་ཁྲིའི་འགན་དབང་ཕྱག་ལེན་དུ་བསྟར་ཏེ་གངས་རིའི་ལྗོངས་ཀྱི་ཆོས་དང་རིག་གཞུང་གི་ནོར་བུའི་དབང་མཛོད་སྤེལ་གསོ་དང་འཛིན་སྲུང་དགོས་ངེས་ཀྱི་མཛད་པ་སྤྱི་དང་བྱེ་བྲག་རྒྱལ་བ་རྫོགས་ཆེན་པའི་ཆོས་རྒྱུད་དང་སློབ་རྒྱུད་ཀྱི་དགོན་སྡེ་བརྒྱ་ཕྲག་མང་པོར་གཟིགས་ཞིབ་དང་འབྲེལ། ཆོས་གྲྭ་འདི་ཐུན་མོང་མ་ཡིན་པའི་ཡན་ལག་མདོ་ཆེན་ཨ་ཁོ་རིས། དཔལ་གྱི་ཆོས་འཁོར་བསམ་ཡས་ཀྱི་བཤད་གྲྭ། ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་གྲྭ་སོགས་བོད་མདོ་དབུས་ཁམས་གསུམ་རྒྱ་བལ་ཕྱི་གླིང་སོགས་སུ་བཤད་གྲྭ་དང་ཚོགས་གསར་འཛུགས་དང་རྒྱ་བསྐྱེད་བྱས་པ་བརྒྱ་ཕྲག་དག་ལ་མཁན་པོ་རིམ་བཏང་ཐོག རྒྱལ་ཁབ་ཕྱི་ནང་གི་སློབ་ཚོགས་འཚང་ཁའི་ངང་སྤྲིན་བཞིན་འདུ། ཕྱོགས་ཀྱི་ཡན་ལག་གི་བཤད་གྲྭ་དག་གིས་ལོ་བཞིའི་འཚམས་ནས་ཤྲྰི་སེང་ཆོས་གྲྭར་རྒྱུགས་འབུལ་དང་རང་ལུགས་སྡོམ་རྒྱུན་ནོད་ཕྱིར་ལྡེ་བའི་གྲྭ་པ་ལ་ཕེབས་དགོས་པ་མ་ཟད། འདི་ནས་ཕྱག་འཁྱོར་མ་ཐོབ་ཕྱིན་མཁན་པོ་དང་བླ་འགོའི་ཐོབ་ཐང་མེད་པ་དང་ཁྱད་དུ་རྫོགས་ཆེན་པའི་ཆོས་རྒྱུད་འཛིན་བའི་སྤྲུལ་སྐུ་གསར་པ་དག་གིས་ངེས་པར་གྲྭ་ས་བཅད་དེ་མ་མཐར་ཡང་འཛིན་གྲྭའི་སྐྱོར་དཔོན་ནས་མཁན་ཆུང་ཁྲི་པ་ཡན་གྱི་གོ་གནས་མ་ཐོབ་ཕྱིར་བསྟན་པའི་བདག་པོའི་ཁྲིར་འཛེགས་མི་ཆོག
འདིའི་བཅའ་སྒྲིག་ཐམས་ཅད་བལྟ་སྲུང་གཉིས་ལ་འདུས་པ་སྟེ། ཕྱག་དཔེ་གཟིགས་པ་དང་སྡོམ་པ་བསྲུང་བ་གཉིས་ཡིན་འདིའི་གཙོ་ཕལ་ལམ་མཆོག་དམན་མཁས་བླུན་གྱིས་འབྱེད་བ་སྟེ། མཁས་པ་ཡོན་ཏན་ཅན་གོང་དུ་བཀུར་བ་དང་། བླུན་པོ་དབང་ཅན་བརྐུ་ཐབས་ཀྱིས་གནས་སུ་འཇུག་མི་རུང་བའོ།།
འདིར་ཞུགས་པ་ཀུན་གཞི་ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བཞིན་བསྲུངས་ནས་སོ་བྱང་སྔགས་ཀྱི་བསླབ་གཞི་མཐའ་དག་ལ་ཉེས་ལྷུང་དང་ཉམས་པའི་སྐྱོན་ཀྱིས་མ་གོས་པར་མཁས་དང་གྲུབ་པའི་དབང་ཕྱུག་ཏུ་སྙིགས་དུས་རྒྱལ་བསྟན་སྤེལ་བའི་བྱ་དཀའི་སྤྱོད་པ་ཁུར་དུ་བཞེས་པར་མི་སྐྱོར་བར་བྱ་བཏང་སྦྱང་ཡོན་ལ་གནས་ཞིང་ཚུལ་དགུའི་ཡོན་ཏན་དང་ལྡན་པའི་དོན་གྱི་བསྟན་འཛིན་དམ་པ་གོང་མའི་ཞབས་རྗེས་བསྙེགས་པ་ཞིག་དགོས་ཤིང་། ཐོབ་དང་གོ་ས། གཏམ་དང་སྙན་གྲགས་ནོར་དང་འབྱོར་བ་སོགས་ཆེ་འདོད་དྲེགས་རློམ་གྱི་ཀུན་སློང་སྤངས་ཏེ་དབེན་རིར་བསྒྲུབ་པའི་རྒྱལ་མཚན་འཛུགས་པའི་དམ་པ་གོང་མའི་ཞབས་རྗེས་སུ་བསྙེགས་དགོས་པ་ལས། ཕྱོགས་རིས་ཀྱི་ཆགས་སྡང་། ས་ཆ་ཡུལ་ལུང་ཆུང་བའི་རྩོད་འཐེན་རིགས་བྱ་མི་ཆོག་པ་བཅའ་ཡིག་དྲང་སྲོང་དགྱེས་པའི་ཚངས་ཐིག་གི་ནང་འཁོད་ལྟར་སྒྲིག་ཁྲིམས་དང་སློབ་གསོས་གཞོན་ནུའི་སེམས་ཁམས་དྭངས་གཙང་སྤྲོ་དགའ་དང་གཞན་ཕན་གྱི་སྤོབས་གཟིགས་རྒྱ་བསྐྱེད་བཞིན་ཡོད་པ་བཅས་སོ།།
[page 512] གཡུ་སྒྲ་སྙིང་པོ་དང་བེ་རོ་ཙ་ན་གཉིས་གནས་འདིར་ཕེབས་ནས་ཐོག་མར་སྒྲུབ་པ་སྙིང་པོ་མཛད་དེ་སྒྲུབ་གནས་སུ་བྱིན་གྱིས་བརླབ། བར་དུ་བེ་རོའི་ཕྱག་མཁར་དང་། གཡུ་སྒྲའི་དབུ་ཞྭ་ཞིག་གཏེར་དུ་སྦས། སྒྲུབ་གནས་སེངྒེ་མཆེད་བརྒྱད་དུ་གྲགས་ཞིང་། ཡུལ་མི་ཀུན་གྱིས་བེ་ཕུག་ཅེས་འབོད། དེའི་རྗེས་སུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཉག་བླ་ཤེས་རབ་འོད་ཟེར་ཕེབས་ནས་ཁོང་གནས་འདིར་རྒྱུན་བཞུགས་མཛད་དུ་བཅུག དུས་དང་རྣམ་པ་ཀུན་ཏུ་སྨྱུང་གནས་དངམ་ཎི་དུང་སྒྲུབ་ཚོགས་འཁོར་སོགས་རྒྱ་ཆེར་མཛད། གཞན་ཡང་འདི་ཡས་མས་ཀྱི་དགོན་སྡེ་རྣམས་ལ་རྟེན་བཞེངས་མཛད་པ་སོགས་ལོ་རྒྱུས་གྲངས་ལས་འདས་པ་ཞིག་མཆིས་ཀྱང་མདོ་ཙམ་མོ། དེའི་རྗེས་སུ་བླམ་ཕུར་སྐྱབས་ལོ་ཤས་ཕེབས་ནས་འཁོར་ཆེན་འཁོར་ཞིབ་དང་བཅས་པསྤུས་ལྡན་བཞེངས། མ་ཎི་དུང་སྒྲུབ་སྨྱུང་གནས་སྔོན་འགྲོའི་ཁྲིད་འཕོ་བའི་ཁྲིད་སོགས་གནང་སྟེ་ཇོ་སེར་རྣམསལ་སྦྱང་དུ་བཅུག། ཚོང་དཔོན་བསྟན་པ་དར་རྒྱས་ཀྱིས་སྦྱིན་བདག་མཛད་ནས། ལྷ་ཁང་དང་ནང་གི་རྟེན་གསུམ་ཆ་ཚང་སྤུས་ཚད་དང་ལྡན་པ་བཞེངས། འདིར་བཞུགས་ཀྱི་རྟེན་གསུམ་ངོ་སྤྲོད་མདོ་བསྡུས་རྒྱུ་སྨན་འདམ་ལས་བཞེངས་པའི་གུ་རུ་མཚན་དང་སྒྲོལ་མ་ཉེར་གཅིག་ས་ཡི་སྙིང་པོ། གེ་སར། ཉག་བླ་འདྲ་སྐུ་བཅས་དང་། ལོགས་བྲིས་སུ་ཐུབ་པ་གཙོ་འཁོར་གསུམ། འོད་དཔག་མེད་གཙོ་འཁོར་གསུམ་སོགས་དང་། ས་དགེ་བཀའ་རྙིང་བོན་དངབཅས་པའི་གངས་ཅན་བསྟན་བའི་གཙོ་བོའི་ཞལ་ཐང་ལོགས་བྲིས་ཆ་ཚང་སྦུས་ཚད་ལྡན་པ་འདི་དག་བཞེངས་པ་ཡིན་པ་འོ།།
དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། འདྲེན་མཆོག་ནམ་མཁའ་འོད་གསལ་ཡིན། ཁོང་ནི་བོད་རབ་བྱུང་བཅུ་གཉིས་པའི་ནང་སྐུ་འཁྲུངས་ཤིང་། དེའི་ནང་གསེས་ཤིང་ཕོ་འབྲུག་སྟེ་སྤྱི་ལོ་1724ལ་དགོནཔ་འདི་བཏབ་པ་ཡིན།
འདྲེན་མཆོག་ནམ་མཁའ་འོད་གསལ་ནི་ཁམས་ནག་ཤོད་ཀྱི་ཡུལ་དུ་སེར་ཚ་གྲུབ་ཐོབ་ཅེས་ཡོངས་སུ་གྲགས། གཏོར་ཟོར་ཕྱག་ཏུ་བསྣམས་ནས་ནམ་མཁའ་ལ་བཤེགས་བཞུགས་མཛད་པའི་གྲུབ་ཆེན་དེ་ཉིད་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་ནས་སྒྲ་ཚད་མ་སོགས་ཐུགས་སུ་ཆུད།[page 513] རྩོད་པའི་འགྲན་ཟླ་དང་བྲལ་བས་མཚན་དུ་བློ་གྲོས་ཞེས་གྲགས། བཀའ་རྒྱུད་པའི་སྐྱེས་བུ་ཆེན་པོ་ཞིག་གི་མདུན་ནས་ན་རོ་ཆོས་དྲུག་རས་ཆུང་སྙན་བརྒྱུད། རྩ་རླུངགི་གནད་སོགས་ཟབ་ཆོས་མང་དུ་གསན། ྷཁྱད་པར་དུ་སྣང་སེམས་དབྱེར་མེད་ཆོས་སྐུར་འདྲེས་པའི་སྟོབས་ཀྱིས་འཕོ་བའི་གནད་རང་བྱན་ཚུད་པམདོ་ཁམས་སུ་གྲགས། ཡུལ་ཉེར་བཞིའི་གནས་ཀྱི་ནང་ཚན་དཔལ་གྱི་རྩརི་ཏྲ་སོགས་གནས་ངེས་མེད་དུ་ཀུན་སྤངས་བྱ་བྲལ་གྱི་ཚུལ་འཆང་ནས་ཨ་ཝྲྡ་རྡི་ཏིའི་སྤྱོད་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དེ་ནས་མི་རིང་བར་གྲུབ་དབང་པད་མ་པད་མ་རིག་འཛིན་མཉེས་པ་གསུམ་གྱི་སྒོ་ནས་བསྙེན་བཀུར་བྱས། རྗེས་ནས་རྟོགས་པའི་རྩལ་དང་ཉམས་ཀྱི་སྣང་བ་སོགས་ཡོན་ཏན་བླ་ལྷག་ཏུ་འཕེལ་བའི་ཐུན་མོང་མ་ཡིན་པའི་བླ་མར་གཙུག་ཏུ་བཀུར། རྫོགས་ཆེན་རྒྱུད་བཅུ་བདུན་སྙིང་ཐིག་ཡ་བཞི་སོགས་ཟབ་ཆོས་ཀྱི་སྐོར་ལན་མང་དུ་གསན། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན། མཚན་ནམ་མཁའ་འོད་གསལ་དུ་གྲགས། དེ་ནས་སྔོན་གྱི་ཐུགས་སུ་སྨིན་ནས། གོང་མའི་ལུང་བསྟ་ན་ལྟར་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་ཕེབས། ཁོངགིས་རབས་ཆེན་ལ་དགོན་པ་བཏབ་ན་དགོན་ཆེན་ཕྱོགས་བཞི་ནས་འཁར་རྔ་བརྡུངས་ཀྱང་ཐོས་དཀའ་བའི་དགོན་ཆེན་ཤིན་ཏུ་ཆེ་བ་འོང་རྒྱུའི་དག་སྣང་ཡོད་པས་དེར་བྱོན་ནས་རྟེན་འབྲེལ་བརྟགས་ཀྱང་མ་འགྲིགས། ཡང་རྟེན་འབྲེལ་བརྟག་ཕྱིར་དབུ་ཞྭ་མཁའ་ལ་འཕངས་པས། ནམ་མཁའ་ལ་འཇའ་དང་བར་སྣང་ལ་མེ་ཏོག་གི་ཆར་བབས་ཤིང་དེ་མ་ཐག་སྒྲ་དང་བཅས་ནམ་མཁའ་ནས་རྒོད་ཐང་དཀར་གསུམ་གྱིས་གཤོག་སྟེང་དུ་དབུ་ཞྭ་ཁྱེར་ནས་དགེ་གནས་བཀྲ་ཤིས་ཡར་འཁྱིལ་རྡོ་ཨ་དཀར་ལུག་མ་མོའི་གྲོད་པ་ཙམ་ཞིག་གི་སྟེང་དུ་འཇོག་པའི་རྟེན་འབྲེལ་ལ་བརྟེན་ནས་བོད་རབ་ཧྱུང་བཅུ་གཉིས་པའི་ཤིང་ཕོ་འབྲུག་གི་ལོར་ལེགས་དགོན་གསང་ཆེན་སྨིན་གྲོལ་ཆོས་གླིང་གི་དགོན་པ་བཏབ། གླིང་ས་སྐྱོང་མགོན་པོ་ལྷུན་གྲུབ་སོགས་གྱིས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། རབ་གནས་མཛད་སྐབས་ནམ་མཁའ་ནས་སྒྲ་མེ་ཏོག་གི་ཆར་དྲི་བཟང་གི་ངད་སོགས་བཀྲ་ཤིས་པའི་རྟགས་མཚན་མངོན་དུ་གྱུར། ཁྱུང་སྤྲུལ་བྱ་བྲལ་རྟོགས་ལྡན། རྗེ་དབོན་པད་མ་ཀུན་གྲོལ་རྣམ་རྒྱལ་གཏེར་ཆེན་ཟླ་བའི་འོད་ཟེར་སོགས་གང་ཟག་སྐྱེས་བུ་དམ་པ་མི་ཉུང་ཞིག་ལ། མང་ངག་རྫོགས་བ་ཆེན་པོའི་དབང་ལུངདང་བཅས་པར་མང་དུ་གནང་དེ༏ཨི་སྐབས་གྲུབ་དབང་བད་མ་རིག་འཛིན་དགོངས་པ་ཆོས་དབྱིངས་སུ་གཤེགས་པས། འདྲེན་མཆོག་ནམ་མཁའ་འོད་གསལ་རྫོགས་ཆེན་དུ་གདན་དྲངས། རེ་ཞིག་ཁྱུང་སྤྲུལ་རང་དགོན་གྱི་བསྟན་པའི་རྒྱལ་ཚབ་ཏུ་མངའ་གསོལ། དཔོན་སློབ་ནམ་མཁའ་འོད་གསལ་ནས་ད་ལྟའི་ཡང་སྲིད་སྐུའི་ཟླ་གཞོན་གསར་བ་འཆར་བའི་བར་དུ་གདན་རབས་ལྔ་དང་། བླ་རབས་བདུན། མཁན་རབས་ལྔ་སོགས་ཀྱིས་རང་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་སོགས་ཕྱག་སྲོལ་མ་ཉམས་བར་གོང་འཕེལ་བཏང་བ་ཡིན་ནོ།།
[page 514] བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི། སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་ལ་ལུང་གི་བསྟན་པ་འཆད་ཉན། རྟོགས་པའི་བསྟན་པ་སྒོམ་སྒྲུབ་ཇི་ལྟར་དར་ཚུལ་ནི་མཁས་གཉིས་ལྡན་གྱི་སྐྱེས་བུ་དུཇམའི་ཞབས་ཀྱིས་བཅགས་པའི་གནས་ཆེན་རྒྱབ་རི་ལྷ་བཙན་གྱི་མདུན་ངོས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒྲུབ་ཁང་གོངའོག་གཉིས་ཡོད་པའི། གོང་མ་ཁྱུང་སྤྲུལ་བཞི་པ་འཇིགས་མེད་བདེ་ཆེན་དབང་ཕྱུག་གི་གདན་ས་ཡིནཔདང་། འོག་མ་ཀམ་ཐང་བླ་མ་དགའ་དགའི་གདན་ས་ཡིན།
ད་སྐབས་ཀྱི་མཁན་པོ་ནི་མཁན་སྐལ་བཟང་ཕུན་ཚོགས། མཁན་འགྱུར་མེད་འོད་གསལ་གཉིས་ཚུལ་ཁྲིམས་དང་ལྡན་ཞིང་། འདུལ་པའི་ཆོ་ག་ལ་མཁས་བྱམས་སྙིང་རྗེས་ཆོས་དང་ཟང་ཟིང་གིས་གཞན་ལ་ཕན་འདོགས་པའི་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་སྐྱེས་བུ་ཁོང་རྣམ་པས་བསྟན་རྒྱུན་སྐོང་བཞིན་དུ་འཚོ་ཞིང་བཞེས་པའོ།།
སྐུ་གསུང་ཐུགས་རྟེན་ནི་དགོན་འདིའི་སྐྱེས་ཆེན་རིམ་བྱིན་གྱིས་བཞེངས་པའི་རྟེན་གསུམ། འདུ་ཁང་ཆེ་ཆུང་གཉིས། སྒྲུབ་གྲྭ་ཁང་གཅིག་ལ་གྲྭ་ཤག་ཉི་ཤུ། པའ་ཁང་གཅིག མཛོད་ཁང་གཅིག གྲྭ་ཤག་བདུན་ཅུ། སྐུ་རྟེན་ལ་ཁྱུང་སྤྲུལ་དངཔོ་དང་རྗེ་དཔོན་དང་པོ་གཉིས་ཀྱིས་བཞེངས་པའི་དཔོན་སློབ་གསེར་སྡོང་མི་ལུས་གང་ཡོད་པ་རིན་པོ་ཆེའི་ཕྲ་རྒྱན་ཅན ཨ་ཐུབ་ཚང་གིས་བཞེངས་པའི་ཟངས་གསེར་གྱི་ཇོ་བོ་ཁཨཱང་ཚད་གཅིག་ གཏེར་ཆེན་ཟླ་བའི་འོད་ཟེར་གྱིས་གཏེར་ནས་བཏོན་པའི་གུ་རུ་གཙོ་འཁོར་གསུམ་པ་ཁྲུ་གང་མ། སྒྲོན་མ་སྐུ་ཁྲུ་གང་། མཉམ་མེད་དྭགས་པོའི་སྐུ་ཁྲུ་གང་མ། ཟུར་སྤྲུལ་དང་པོས་བཞེངས་པའི་ཟངས་གསེར་གྱི་གུ་རུ་གཙོ་འཁོར་གསུམ་པ་ཁང་ཚད་མ་གཅིག གཞན་ཡང་མཨསར་མེ་མཛད་སྐུ་ལི་མ་ཁྲུ་གང་། ཐུབ་པའི་སྐུ་ལི་མ་བདུན། དེ་མིན་ཟངས་གསེར་གྱི་གུ་རུ་གཙོ་འཁོར་གསུམ་པ་ལུས་ཚད་མ། གུ་རུ་མཚན་བརྒྱད། ཚོགས་ཆེན་འདུས་པའི་ཐང་ག་ཁང་ཚད་མ། སྲིད་ན་འགྲན་ཟླ་བྲལ་བ། བཀའ་བརྒྱཨད་བསྐྱེད་རྫོགས་ཁང་ཚད་གཅིག་མཚན་བརྒྱད་དགུ་ཐང་། གནས་བརྟན་བཅུ་དྲུག། ཐུབ་པའི་སྐྱེས་རབས་རྒྱས་པ། རྗེ་འབངས་ཉེར་ལྔ། ཐུབ་པ་སྟོང་སྐུ། རྡོར་སེམས་སྟོང་སྐུ། བཀའ་དགོངས་ཕུར་གསུམ། སྒྲོལ་མ་ཉེར་གཅིག །བདེ་བཤེགས་སོ་ལྔ། སྤྱན་རས་གཤིགས་ཐང་སོགས་ཐང་ག་སུམ་བརྒྱ་བདུན་བཅུ། རས་གཞི་གཅིག་བརྒྱ་དྲུག་ཅུ། ཟུར་སྤྲུལ་གསུམ་པསབཞེངསཔའི་དུས་གསུམ་སངས་རྒྱས་ཁང་ཚད་གཉིས། ཁྱུང་སྤྲུལ་གསུམ་པས་བཞེངས་པའི་གུ་རུ་ཞི་བ་དཀར་པོ་རྒྱུ་སྨན་འདག་གིས་གྲུབ་པ་གསུང་འབྱོན་མ་ཁང་བརྩེགས་གཞལ་ཤར་ངོས་སུ་གཟིགས་པ་གདོ་སྨད་དུ་གྲགས། ཁྱུང་སྤྲུལ་བཞི་པས་བཞེངས་པའི་ཟངས་གསེར་གྱི་སྐུ་ཉེར་སྲས་བརྒྱད། ཐུབ་པ་བརྒྱ་སྐུ། ཉ་རྒྱས་ནས་བཞེངས་པའི་གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད། སྒྲོལ་མ་ཉེར་གཅིག་སྤྱན་རས་གཟིགས་སྐུ་ལུས་ཚད་མ། མགོན་ཁང་དུ་རྗེ་དབོན་པད་མ་ཀུན་གྲོལ་རྣམ་རྒྱལ་གྱིས་ཕྱག་བཟོ་བྱས་པའི་[page 515] ཆོས་སྐྱོང་སྐོར་བདུན། ཕྱག་ན་རྡོ་རྗེའི་སྐུ་སོགས་སྐུ་འདྲ་སྟོང་གཅིག་ལྷག་ཙམ་ཡོད། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་ཆ་གསུམ། བསྟན་འགྱུར་ཆ་གཉིས། འབུམ་ཆ་བཞི། ཡོལ་ལུ་ཚང་གིས་བཞེངས་པའི་གསེར་བུམ་ཆ་གཉིས། ཀློང་ཆེན་བཀའ་འབུམ། འཇིགས་གླིང་བཀའ་འབུམ། དཔལ་སྤྲུལ་བཀའ་འབུམ། ཁྱུང་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཆོས། གཏེར་ཆེན་ཟླ་བའི་འོད་ཟེར་གྱི་གཏེར་ཆོས་དང་དེའི་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཆོས། པོ་ཏི་སྟོང་དྲུག་སོགས། ཁྱུང་སྤྲུལ་བཞི་པས་བཞེངས་པའི་ཤིང་པར་བཏགས་གྲོལ་ཐིག་རྒྱ། ཆོས་སྤྱོད། རྩིས་ཡིག་ཉི་སྣང་། སོར་གདུགས་ཁ་སྤྲོད། ཉེར་མཁོ་དཔར་ཤིང་གསུམ་བརྒྱ་ཉེར་གསུམ། དེ་མིན་མཆོད་ཆ་རྒྱུ་གསེར་དངུལ་ལས་བྱས་པ་ཆ་གསུམ། རོལ་མོ་རྒྱ་ནག་མ། གྲྭ་ཆེ་ཆུང་གསུམ། སིལ་སྙན་ནམ་མཁའ་འབྲུག་གྲགས། འཛམ་གླིང་གཡས་བཞག་བླ་མ་དགེ་བ་བཟང་པོས་བཞེངས་པའི་དུ་འཁོར་གཅིག ཁྱུང་སྤྲུལ་བཞི་པས་བཞེངས་པའི་མཆོད་རྟེན་མཐོང་བ་རང་གྲོལགཉིས། བླ་སེར་ཞལ་གྲངས་བཅུ་ཕྲག་ཉི་ཤུ་རྩ་གསུམ་ཙམ་སོགས་ཡོད་པ་ཕྱི་རབས་བཞུགས་པ་རྣམས་ཀྱིས་གསུངས་སོ།།
དུས་མཆོད་རྒྱུན་སྲོལ་ནི། བོད་ཟླ་དང་པོར་ཆོ་སྤྲུལ་ཟླ་བའི་ཚེས་གཅིག་ཉིན་ནས་བླ་སེར་དུ་ཡོད་ལོ་གསར་མཆོད་པ་འཚོགས། ཞགས་བདུན་ཕྲག་གཅིག་ལ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སི་ཌྷི་བུམ་སྒྲུག་དང་བཅས་པ། སྟག་ཟླའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བརདགེ་འདུན་བཅུ་ཕྲག་ལྔ་ཀར་གླིང་ཞི་ཁྲོའི་གནས་སྟོང་དབང་དང་བཅས་པ། སྟག་ཟླའི་ཚེས་ཉི་ཤུ་ན་བླསེར་བརྒྱ་དང་ལྔ་བཅུས་མདོ་འཚོགས་ཆེན་འདུས་པའི་སྒྲུབ་པ་ཞག་བདུན་ཕྲག་གཅིག ཡོསཟླའི་ཚེས་གསུམ་ནས་བླ་སེར་ཉིས་བརྒྱ་ཙམ་གྱིས་རིག་འཛིན་བདེར་འདུས་སྒྲུབ་ཞག་བདུན་ཕྲག་གཅིག་ཚེས་བཅུ་གར་འཆམ་དང་བཅས་པ། འབྲུག་ཟླའི་ཚེས་བཅུ་གསུམ་ནས་དགེ་འདུན་བཅུ་ཕྲག་བཞི་ཙམ་གྱིས་དབྱར་གནས་ཟླ་བ་ཕྱེད་གཉིས་ཀྱི་རིང་ལ་བཞུགས། བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་བླ་སེར་ལྔ་བཅུས་དགུན་བཅའ་ཉིན་གཉིས་གསོལ་ཁ་ཉིན་གསུམ། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་གཤིན་རྗེ་ཀི་ཀང་དང་དེང་གདོང་སྒྲུབ་པ་ཞག་ལྔ།
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞེ་ནས་བླ་སེརཡོངས་རྫོགས་ཀྱིས་བཀའ་བརྒྱད་ཁྲོ་རོལ་སྒྲུབ་ཞག་བདུན་ཕྲག་གཅིག་གར་འཆམ་ཟོར་འཆམ་དང་། གཞན་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་འདས་མཆོདབླ་མ་མཆོད་པ་དགེའདུན་ལྔ་བཅུའི་ཉིན་གཅིག ལྷག་པར་བླ་སེར་བཅོ་ལྔ་ནས་ཚེས་བརྒྱད་ལ་སྨན་ལྷའི་མདོ། ཚེས་བཅུ་ལ་རིགས་འདུས། ཚེས་བཅོ་ལྔ་ལ་དཔལ་འདུས། ཚེས་བཅོ་བརྒྱད་ལ་སྡུག་བསྔལ་རང་གྲོལ། ཚེས་ཉེར་ལྔ་ཡུམ་ཀ་ །གནམ་སྟོང་ལ་རྡོར་སེམས་བཅས་ཉིན་ལྟར་ལོ་རེར་བཞིན་ཡོད།
ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ་ནི་ཆོས་སྡེ་ནི་ཆོས་སྡེ་འདིའི་བཤད་སྒྲུབ་ཚོགས་མཆོད་[page 516] གཏོང་སྒོ་ནི། སྔོན་དཔོན་སློབ་ནམ་མཁའ་འོད་གསལ་གྱི་སྐུ་རིང་ལ།། ལྷ་ཁང་བཞེངས་རྒྱུ་འཚོ་བ་དྲང་རྒྱུ་རྣམས་སྦྱིན་བདག་དད་ཅན་ལེགས་པའི་བསོད་ནམས་དང་གླིང་ས་སྐྱོང་མགོན་པོ་ལྷུན་གྲུབ་སོགས་ཀྱིས་ཕུལ་བ་ཡིན། ཕྱིས་སུ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཉེར་ལྔ་ཚེས་བཅུའི་སྤྱི་རྐང་ཕུལ། དེ་ལྟར་ཡོན་བདག་དད་ཅན་རྣགས་ཀྱིས་སྤྱི་རྒྱུ་ཕུལ་ནས། སྤྱི་བ་བསྐོས་བཞག་མཛད་ནས་ལོ་གསུམ་རེའི་ནང་བརྗེ་སྲོལ་དར། ཆོས་གྲྭ་འདིའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་སྐྱོང་པ་ལ་མཁན་སྤྲུལ་རྣམས་ཀྱིས་གདན་ས་བཟུང་ནས་དགོངས་པ་ཆོས་སྐུར་བཤེགས་རྗེས་དེའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡོད།
དེའི་འོག་དགེ་སྐོས་བླ་སེར་གཉིས་རེས་ལས་འགན་བཞེས་པ་ཡིན། བཞེངས་པ་གཙོ་བོ་འགན་འཁུར་ཕྱག་མཛོད་པ་མི་གསུམ་རེས་རྟེན་བཞེང་ས་པ་ཡིན། སྒྲུབ་གྲྭ་ལའང་མཁན་པོ་དང་ཐུན་དཔོན་སོགས་བཀོད་སྲོལ་ཡོད། མཁན་པོ་དང་བླ་མ་སོགས་ཀྱི་གོ་སའི་ཐོབ་ཐང་ནི། གྲྭ་དཀྱུས་མ་ཞིག་ལ་མཚོན་ན། རྫོགས་ཆེན་ཤྲི་སིང་ཆོས་གྲྭ་ལ་ཞུགས་ཏེ་མདོ་སྔགས་རིག་གནས་གཞུང་ལུགས་གཐར་ཕྱིན་པ་ལ་མཁན་པོའི་མཚན་གསོལ་མཁན་ཁྲིར་མངའ་གསོལ། དེ་མིན་སྒྲུབ་གྲྭ་ནང་ལོ་གསུམ་བཤད་གྲྭ་ལ་ལོ་ཁ་ཤས་བཞུགས་པ་རྣམས་བླ་ཆེན་གྱི་མཚན་གསོལ།
མགོན་མཁང་ལ་ལོ་གསུམ་རེ་བཞུགས་པ་རྣམས་བླ་མ་དཀྱུས་མའི་མཚན་གསོལ། ཆོ་གའི་ཕྱག་ལེན་དང་གདང་དབྱངས་རོལ་མོ་འབུད་དཀྲོལ་ལ་མཁས་པའི་ལ་བྱང་འདྲེན་ཆེན་པོའི་མཚན་གསོལ། དཀྱིལ་འཁོར་གྱི་ཐིག་ཚད་དང་མཆོད་གཏོར་བཟོ་རྩལ་ལ་མཁས་པའི་ལས་གཉེར་བ་ལ་ལས་རྡོར་གྱི་མཚན་གསོལ། རྩེ་གར་ཁྲོལ་གསུམ་འཆམ་གྱི་གར་སྟབས་ཕྱག་འགྲོས་ལ་མཁས་པ་ལ་འཆམ་དཔོན་གྱི་མཚན་གསོལ། དགོན་པའི་ལས་འགན་པ་རྣམས་ལོ་གསུམ་རེ་ལ་བརྗེ་སྲོལ་ཡོད།
དེང་གི་གནས་ཚུལ་མདོ་ཙམ་བརྗོད་པ། དེ་ལྟར་ལེགས་དགོན་གསང་ཆེན་སྨིན་གྲོལ་ཆོས་གླིང་ཞེས་པ་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གསང་ཆེན་རྡོ་རྗེ་ཐེག་པའི་རིང་ལུགས་སྲིག་ཤིང་ལྟ་བུ་གྱུར་ནའང་། ཕྱེས་སུ་རྟེན་གསུམ་ཐམས་ཅད་བརླགྶ། ཐ་ན་གཙུག་ལག་ཁང་དང་གྲྭ་ཤག་བཅས་པ་ས་ཕུང་ཙམ་ལས་མེད་པར་གྱུར། དེང་སང་བོད་འབངས་ཀྱི་དད་པའི་རང་དབང་སྤྲིན་གསེབ་ཀྱི་ཉི་མ་མ་ཐག གདན་ས་འདིའི་སྔར་གྱི་མཁན་ཆེན་པད་མ་བཀྲ་ཤེས་དང་བླ་མ་དབང་འདུས་གཉིས་ཀྱིས་བཀའ་དྲིན་བསྐྱངས་ནས། འདུ་ཁང་ཆེ་བ་གཅིག སྤྱི་ཁང་། རྔ་ཁང་། མགོན་ཁང་བཅས་བཞེངས། རྒན་རབས་པ་ཁ་ཤས་ནས་དུང་འཁོར་གཅིག གྲྭ་ཤག་ཁ་ཤས་བླ་མ་དབང་འདུས་སོགས་ཀྱིས་དུས་མཆོད་ཁ་ཤས་ཀྱི་སྲོལ་ཚུགས། འཆམ་དང་བཅས་རྨང་གཞི་ཙམ་ཚུགས། ཉིད་ཀྱི་ཕྱག་རྫས་ཀྱིས་བསླུས་པའི་ཐུབ་པའི་སྐུ་ལི་མ་གཅིག་དང་རྟེན་གསུམ་ཁ་ཤས་ཡོད། རོལ་མོ་ཨ་འཛོམ་འབྲུག་གྲགས་དང་གཞན་ཡང་མཆོད་ཆ་ཐང་ག་སོགས་མང་པོ་བཞེངས། ཁྱད་པར་དབྱར་གནས་ཟླ་བ་ཕྱེད་གཉིས་ལ་གྲྭ་སུམ་ཅུ་ཡི་[page 517] འདུལ་བ་གཞི་གསུམ་གྱི་ཕྱག་ལེནབར་མ་ཆད་པ་ཡར་རྒྱས་བྱུང་། ཁྱད་པར་དུ་མཁན་པ་དམ་བཀྲ་ཤིས་ཀྱིས་སྔོན་འགྲོ་སྤྱོད་འཇུག་སྙིང་ཐིག་ཡ་བཞི་སྨིན་གྲོལ་རྫོགས་ཆེན་དངོས་གཞི་དང་བཅས་པའི་མན་ངག་ཕྱག་བཞེས་སོགས་ཟབ་ཁྲིད་མང་པོ་གནང་བའི་བཀའ་དྲིན་བསམ་བརྗོད་ལས་འདས། ཁོང་རབ་བྱུང་བཅུ་བདུན་པའི་ནང་ཚན་ས་ཕོ་འབྲུག་ལོ་གི་ལོར་རེ་ཞིག་དགོྩ་པ་ཆོས་དབྱིངས་སུ་བཤེགས་སོ། ལེགས་དགོན་བསྟན་པ་སླར་གསོ་བའི་ཕྱིར་དབང་འདུས་རྒྱ་གར་ནས་ཕྱག་ཕེབས་ཏེ། ཐང་ག་གནས་བརྟན་བཅུ་དྲུག་མཚན་བརྒྱད་དགུ་ཐང་། རྡོར་སེམས་སྟོང་སྐུ། ཐུབ་པ་སྟོང་སྐུ་སོགས་ཐང་ག་མང་པོ། གསུང་རྟེན་བཀའ་བསྟན་འགྱུར། མི་ཕམ་བཀའ་འབུམ། ཀློང་ཆེན་བཀའ་འབུམ། འཇིགས་གླིང་བཀཨའ་འབུམ། དཔལ་སྤྲུལ་བཀའ་འབུམ་སོགས་གསུང་ཆོས་མང་པོ་དང་། འབག་འཆམ་གོས་རོལ་ཆས་མཆོད་ཆས་སྤྱི་རྒྱུ་སོགས་རྟེན་བཞེངས་རྒྱ་ཆེར་མཛད། གཞན་ཡང་དགེ་ཚུལ་སློང་རྣམས་ལ་ལྷུང་བཟེད་ཆོས་གོས་སོགས་མཛད་པ་འཕྲིན་ལས་མཐར་ཕྱིན་ནས་ཞི་བ་གཤེགས་པའི་ཚུལ་བསྟན་ཏོ། དེ་ནས་བླ་སེར་རྣམས་ཀྱིས་བསྟན་པ་ལ་ཐུགས་ཁུར་གནང་ནས། ལྷ་ཁང་ཞིག་གསོ། པར་ཤིང་ཁ་གསོ། དུས་མཆོད་སྤྱི་རྒྱུ་རྣམས་རེ་རེ་ནས་ཡིག་ཐོག་འགོད་པ་སོགས་ཉར་ཚག་དམ་པོ་མཛད་དོ། དེང་གི་དུས་སུ་དགེ་འདུན་བདུན་ཅུ་ལྷག་ཙམ་དང་གྲྭ་ཤག་ལྔ་བཅུ་ཡོད། ལེགས་དགོན་གྱི་བཙུན་པ་མིག་དམར་བཀྲ་ཤིས་ཀྱིས་བྲིས་པའོ།།
དགོན་པ་འདི་ནི་བོད་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་༡༡༢༦ལོར། རྡོ་བྲག་རིག་འཛིན་ཆེན་པོས་བཏབ་པ་དང་། ཕྱག་འདེབས་པ་པོ་རྡོ་བྲག་རིག་འཛིན་ཆེན་པོ་སྐལ་བཟང་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནི། སྐུ་ཆུང་ངུའི་དུས་ནས་རིག་པའི་གནས་ཐ་དད་ལ་མཁ་ས་ཤིང་ཁྱད་པར་དུ་གསང་སྔགས་ཕྱི་ནང་གི་དེ་ཉིད་ལ་ནང་བྱན་ཆུད། ཕྱི་ཚུལ་འཇིག་རྟེན་པའི་སྣང་ངོར་གྲུབ་སྤྱོད་ལྟར་མཛད། གཏེར་ལུང་དུ་མ་ནས་སྐུ་གསུང་ཐུགས་རྟེན་གྱི་རིགས་དུ་མ་གདན་དྲངས། བསྟན་འགྲོའི་ཕནབདེ་རླབས་ཆེན་བསྒྲུབས། རྟེན་དང་བརྟེན་པར་བཅས་པའི་དགོན་སྡེ་འདི་གསར་བཞེངས་མཛད་པའོ། དགོན་་འདི་བཏབ་ནས༩༩༤ཡན་ལོ་༨༦༨འདས་རྡོ་བྲག་དགོན་ཞེས་མཚན་ཐོགས་དོན་ནི། དགོན་པའི་དབུས་སུ་བྲག་ལ་རྡོ་རྗེའི་རང་བྱོན་ཡོད་པའི་རྒྱུ་མཚན་གྱིས། རྡོ་རྗེ་བྲག་ཅེས་མཚན་གསོལ་ལོ། །ཆོས་རྒྱུད་ནི། དགོན་འདི་བཏབ་ནས་ད་བར་སྔ་འགྱུར་རྙིང་མའི་གཏེར་ཆོས་འབའ་ཞིག་མ་གཏོགས་ཆོས་རྒྱུད་གཞན་དང་འདྲེས་པ་གཏན་ནས་མེད། དེ་ལྟར་བཀྲ་ཤིས་ཤིང་མེ་[page 518] ཏོག་ཡང་ཡང་འཐོར་བའི་ས་དེར་རིམ་པ་བཞིན་དུ་རྡོ་བྲག་རིག་འཛིན་ཆེན་པོ་སྐལ་བཟང་ཐེག་མཆོག་བསྟན་བའི་རྒྱལ་མཚན་དང་། རིག་འཛིན་རྒོད་ལྡེམ། མངའ་བདག་ཉང་རལ། གུ་རུ་ཆོས་དབང་། བྱང་བདག་བཀྲ་ཤིས་སྡོབས་རྒྱལ། རྒྱ་ཞང་ཁྲམ། རྒྱལ་དབང་ལྔཔ་ཆེན་པོ། ཀུན་སྲས་རྣམ་རྒྱལ་མགོན་པོ་སོགས་མཁས་གྲུབ་ཀྱི་དམ་པ་དུ་མའི་གདན་ས་བསྐྱངས་ཏེ། བྱང་གཏེར་སོགས་གསང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་དོ།།
དེ་ལྟར་མཁས་གྲུབ་ཀྱི་དམ་པ་རིམ་བྱོན་རྣམས་ཀྱི་དུས་སུ་གསུང་འབུམ་སོགས་རྟེནབཞེངས་རྒྱ་ཆེན་མཛད་པ་དང་། ཁྱད་པར་དུ་མཇལ་པ་སྐུ་ཕྲེང་ཐོག་མ་ནི་རིས་མེད་སྐྱེ་བུ་དམ་པ་ཡིན་སྟབས། ནང་སྐུ་གསུང་ཐུགས་རྟེན།་བར་གར་འཆམགཡི་ཆས་གོས་སོགས་ཡོ་བྱད། ཕྱི་གཙུག་ལག་ཁང་དང་བཅས་པ་ཉམས་གསོ་དང་གསར་བཞེངས། མཁས་པའི་མཛད་རྗེས་ཉིད་ཀྱི་བཀའ་འབུམ་པོད་བཞི་བཅུ་ལྷག་བསྟན་རྒྱུན་དུ་བཞག་གོ། མཇམ་སྤྲུལ་པད་མ་ཐེག་མཆོག་གི་དུས་རྒྱ་ལྕགས་ལ་རྒྱལ་པོ་ཡིས་སྦྱིན་བདག་ཞུས་ཏེ་ཚེས་བཅུ་གསར་འཛུགས་དང་འཆམ་པ་འཆམ་པ་དྲུག་བཅུ་ལ་གསེར་འབག། རིན་ཐང་ཆེ་བའིའཅཧམ་གོས། ཚེ་བདག་གི་ཞལ་འཆམ་གཞན་ཡང་རིན་ཐང་ཆེ་བའི་རོལ་མོ་དང་སིལ་སྙན་དུ་མ་དང་། སྐུ་རྟེན་གཙོ་བོར་དབུས་སུ་ཇོ་བོ། གཡས་གཡོན་དུ་མར་མེ་མཛད་དང་། གསུང་རྟེན་བཀའ་འགྱུར་གསེར་བྲིས་མ་ཆ་གཅིག གཞན་བཀའ་བསྟན་དྲུག གསེར་དངུལ་བཀྲ་ཤིས་ཀྱི་འབུམ་གཉིས། སྔོན་གྱི་དམ་པ་དུ་མའི་གསུང་འབུག་སོགས་གསུང་རྟེན་དཔག་མེད། ཐུགས་ཀྱི་རྟེན་ལ། གུ་རུ་ཉིད་དང་ལྷན་དུ་འོ་མའི་མཚོ་ནས་གདན་དྲངས་པའི་རྡོ་རྗེ་དང་ཕུར་པ། མཆོད་རྟེན་སོགས་དུ་མ་བཞུགས་སོ། །ཁང་པ། སྤྱི་ཁང་གཅིག་དཔེ་མཛོད་ཁངགཉིས། དུང་འཁོར་གསུམ། གྲྭ་ཤག་བརྒྱ་ལྷག་བཅས་ཡོད་དོ། །སྒྲུབ་མཆོད་སྐོར་ལ། རྒྱུན་གསོལ་ཆད་མེད་དང་། དབྱར་ཆོས་སྐབས་བུམ་སྒྲུབ། ཞི་ཁྲོ། སྨྱུང་གནས། སིདྷིདུང་སྒྲུབ། ཚེས་བཅུ། དབྱར་གནས། དགུན་ཆོས་སྐབས་གཏོར་རྫོགས་ཕུར་པ། ཐུགས་སྒྲུབ། ཚེ་བདག་བཅས་ཕལ་ཆེར་དགོན་པ་ཆགས་ནས་ད་བར་ཆད་མེད་དུ་དར་སྤེལ་བྱུང་ཡོད། དགེ་འདུན་པའི་ཞལ་གྲངས་ནི དུས་མཆོད་རྣམས་ཀྱི་སྐབས་སུ་བརྒྱ་དང་བརྒྱད་ཅུ་རེ་ཙམ་དང་། དུས་མཆོད་རེ་ལ་སྦྱིན་བདག་བཞི་རེ། ཆོས་སྡེའི་དུད་གྲངས་བརྒྱ་དང་དྲུག་ཅུ་ལྷག་བཅས་ཡོད་དོ། །དེ་ལྟར་གོང་དུ་བཀོད་པའི་དགོན་གཞུང་གི་སྐུ་གསུང་ཐུགས་རྟེན། གྲྭ་ཤག་མཆོད་རྟེན། དུང་འཁོར་བཅས་རིག་གནས་གསར་བརྗེའི་ལས་འགུལ་གྱིས་ཉམས་ཆག་ཆེན་པོ་བྱུང་བ་གཅིག་ཀྱང་མ་ལུས།
སླར་ཉམས་གསོ་བྱེད་ཚུལ་ནི། མཇམ་སྤྲུལ་པད་མ་ཐེག་མཆོག་གི་ཡང་སྲིད་མཆོག་སྤྲུལ་འགྱུར་མེད་ཅེས་པ་ཁོང་སྨད་ཤད་དུ་སྐུ་འཁུངས། འཇམ་དབྱངས་ཆོས་ཀྱིས་དགུང་ལོ་ངའི་ཐོག་ངོས་[page 519] འཛིན་མཛད། མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། མཚན་ལ་འགྱུར་མེད་པདམ་ལོ་བཟང་ངེས་དོན་གྲུབ་པའི་དབང་པོ་ཞེས་གསོལ། དགུངལོ་བརྒྱད་ཀྱི་བར་རང་རང་དགོན་གྱི་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱང་པར་མཛད། དགུང་གྲངས་བཅུ་བཞིའི་ཐོག་རྫོང་གསར་བཤད་གྲྭའི་ནང་ཞུགས་ཏེ་གུས་རྟག་གིས་སློབ་གཉེར་རྒྱ་ཆེར་གནང་། ཆོས་ཀྱི་བློ་གྲོས་མཆོག་གི་གདུན་ནས་དབང་ལུང་ཁྲིད་སོགས་ཀྱི་ཟབ་ཆོས་དུ་མ་གསན་ནས་དགུང་ལོ་བཅོ་བརྒྱད་གྱི་བར་དུ་བཞུགས། དེ་ནས་དུས་ཀྱི་འགྱུར་ལྡོག་བྱུང་ནས་ངལ་རྩོལ་ལ་ཞུགས། དེང་སང་དགོན་པ་ཉམས་གསོའི་སྐབས་ཐུགས་ཁུར་གཙོ་བོ་སྤྲུལ་སྐུ་ཉིད་ནས་མཛད། དེའང་ཕྱིའི་འདུ་ཁང་། ནང་གི་ལོགས་བྲིས། སྨན་འདམ་གྱི་འདྲ་སྐུ། དཀྱིལ་འཁོར་གྱི་གྲ་ཆས་སོགས་གཞན་ཡང་ཡོ་བྱད་སྣ་ཚོགས། སྔར་གྱི་སྐུ་གསུང་ཐུགས་རྟེན་རྣགས་མ་ལུས་ཀྱང་། ད་ལྟ་སྐུ་རྟེན་ལི་མ་རེ་ཟུང་དང་། གསུང་རྟེན་བཀའ་འགྱུར་ཆ་གཉིས། ཐུགས་རྟེན་བཀའགདམས་མཆོད་རྟེན་རེ་ཟུང་། ཐང་ག་ཁ་ཤས། དུང་འཁོར་གཅིག་མཆོད་རྟེན་གཉིས། གྲྭ་ཤག་ཉི་ཤུ་ལྷག་ཙམ་གསར་བཞེངས་གྲུབ། མ་ཚད་མཆོག་སྤྲུལ་ཉིད་ནས་འབྲི་ཆུའི་ནུབ་རྒྱུད་དུ་དགོན་པ་གསར་འདེབས་མཛད་ནས། ཕྱིའི་འདུ་ཁང་། ནང་གི་གསེར་ཟངས་ལས་གྲུབ་པའི་ཆོས་ལོངས་སྤྲུལ་གསུམ། ལོགས་བྲིས། གཞན་ཡང་ཡོ་བྱད་ཆ་ཚང་། སྒྲུབ་ཁང་གྲྭ་ཤག་ཉི་ཤུ། དུང་འཁོར། མགོན་ཁང་། བླ་བྲང་། ལྷ་ཁང་ཆུང་བ་གཅིག་དགོན་ནང་གི་གྲྭ་ཤག སྒྲུབ་ཁང་གི་གཙོ་འཛིན་སྤྲུལ་སྐུ་རང་ཉིད་དང་། མགོ་ཚ་དགོན་ནས་མཁན་པོ་དཔལ་དགའ། སྣང་མཐའ། གོ་ཆོས་དཔལ་སྤུངས་མཁནཔོ་ཀརྣ་རྣམ་རྒྱལ་བཅས་དུ་མ་གདན་འདྲེན་ཞུས་ནས་དབང་ལུང་ཁྲིད་སོགས་ཀྱི་རྒྱུན་སྤེལ་བར་མཛད། སྒྲུབ་ཁང་དུ་བཞུགས་གྲྭ་བཅུ་དགུ། ཡར་དགོན་དུ་བཞུགས་གྲྭ་བཞི་བཅུ་བཅས་ཡོད་དོ། །དུས་མཆོད་ཀྱི་རྒྱུན་སྲོལ་ཡང་། སི་དྡྷི་དུང་སྒྲུབ། སྨྱུང་གནས། བུམ་སྒྲུབ། ཞི་ཁྲོ། རྡོ་རྗེ་ཕུར་པ། ཚེ་བདག བཀའ་བརྒྱད་བཅས་པའི་སྒྲུབ་མཆོད་འཚོགས་བཞིན་པ་མ་ཟད། འདུས་སྡེ་ཡོངས་ནས་མཚོ་སྐྱེས་རྒྱལ་བའི་རིང་ལུགས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་སྤེལ་གཏོང་མུས་སུ་བཞུགས་སོ།།
དགོ་དེ་ཐོག་མར་འདེབས་པ་པོ་ནི། སེ་ཚའི་ཤེས་རབ་རྒྱས་མཚོ་སྟེ། ཁོང་གིས་སྒང་གསུམ་གྱི་རི་ཁྲོདདུ་ཐོག་མར་གདན་ས་བཏབ། བཏབ་པའི་དུས་ནི་ཁོང་ཉིད་ཀཿདམ་པའི་ཡང་སློབ་ཅིག་ཡིན་པས་རབ་བྱུང་གསུམ་པའི་ལོ་བཅུ་གསུམ་པ་སྤྱིལོ་༡༡༥༩ལོར་ཀཿཐོག་དགོན་བཏབ་པ་ཡིན་པས། རབ་བྱུང་དེའི་མཇུག་སྤྱི་ལོ་༡༢༠༠ཡན་མན་དུ་བཏབ་པར་ངེས། བར་ལམ་འཕེལ་འགྲིབ་ཀྱང་བྱུང་། ཕྱིས་རབ་[page 520] བྱུང་བཅུ་གཅིག་པའི་ནང་། ཇ་ཚ་དམ་ཆོས་རྒྱ་མཚོས་སླྲ་རི་ཁྲོད་དེ་ཉམས་གསོ་བྱས། དེ་རྗེས་རབ་བྱུང་བཞི་པར་བླ་མ་ཆོས་ཀྱི་དབང་ཕྱུག་གིས་དགོན་ཆུང་ཀ་བ་བཞི་པ་ཞིག་ཏུ་རྒྱ་བསྐྱེད་མཛད། ཨེ་ཝཾ་དགོན་ཞེས་པའི་མཚན་དོན་ནི་སའི་ཆགས་ཚུལ་གྱི་བཀོད་པ་ལ་བརྟེན་ནས་བཏགས་པ་ཡིན་ཚུལ་སོགས་ནི་༏ཨོག་ནས་གསལ།
སེ་ཚའི་ཤེས་རབ་རྒྱ་མཚོ་ཞེས་པའི་གྲུབ་པ་ཐོབ་པའི་བླ་མ་དམ་པ་ཞིག་ཀཿསྔ་རབས་པའི་དུས་བྱོན་པ་དེས་ཐོག་མར་ད་ལྟའི་གདན་ས་འདིའི་སྒང་གསུམ་གྱི་རི་ཁྲོད་དུ་གདན་ས་བཏབ་ནས་སློབ་ཚོགས་སྐྱོང་པར་ཉིན་ཞིག་གྲྭ་ཆུང་ཞིག་གིས་འཕྱི་བ་དཀར་པོ་ཧིག་ཡོད་པ་ལག་ཉེས་ཤོར་བས། རི་ཁྲོད་དེ་གནོད་རྐྱེན་ཐེབས་ཏེ་རྫ་འོག་ཏུ་སོང་བར། བླ་མས་ཐུགས་མཉམ་པར་བཞག་པའི་ཐུགས་སྣང་ལ་ལྷའི་ལུང་དུ།་རི་མགོ་གསུམ་གྱི་ཕར་ནང་ལ། གནས་ཤ་པའི་ཤེའུ་ཕྲུག་ལྐུང་སའི་ཡུལ་ལྟར་སྣང་བ། གནམ་ལ་ཨེ་དང་ས་ལ་ཝཾ་ཡིག་ཚང་བའི་གནས་དེར་དགོན་པ་ཞིག་བཏབ་ན་གྲུབ་པ་ཐོབ་པའི་སྐྱེས་བུ་ཁྱད་པར་ཅན་བཅུ་གསུམ་སོགས་འབྱོན་ཞེས་ལུང་བསྟན། སྒང་གསུམ་ནི་མུ་རྒན་སྒང་ཞིང་རིང་སྒང་། སྤྱི་རིང་སྒང་གསུམ་གྱི་ཕར་ནང་ཨེ་ཝཾཞེས་མིང་དོན་མཚུངས་པའི་གདན་ས་དེར་རི་ཁྲོདཞིག་ཆགས། བླ་མ་དམ་དམ་པ་དེ་དང་བླ་མ་ལྔ་གྲེ་གཅིག་ཞེས་གྲགས་པ་དེ་དག་གིས་ལྷ་ཁང་ཆུང་དུ་ལྔ་བཞེངས།
དེ་ནསརབ་བྱུང་བཅུ་བཞི་པར་རྒྱལ་བ་དཔ་ལ་ཡུལ་བའི་སློབ་ཆེན་དུ་བྱུང་བའི་མ་ཐང་བླ་མ་ཆོས་ཀྱིདབང་ཕྱུག་གམ་ཆོས་དབང་ཞེས་པ་ཞིག་བྱོན་པ་དེས་རི་ཁྲོད་དེ་ལས་རྒྱས་པ་དགོན་ཆུང་ལྷ་ཁང་དཀྱིལ་དུ་ཀ་བ་བཅུ་གཉིས་ཀྱི་རྒྱ་ཁྱོན་ཞིག་བཞེངས་པ་བརྩམས་ཀྱང་། ལྕགས་དཔོན་གྱི་བཀའ་མ་ཐོབ་པས་ཀའ་བ་བཞི་ཅན་དུ་བྱས་བ་གྲྭ་བཙུན་ཡོད་ཀྱང་ཤོང་སྟབས་སྤྲུལ་པའི་ལྷ་ཁང་དུ་གྲགས། བླ་མ་ཆོས་དབང་གིས་བཞེངསཔའི་འདུ་ཁང་དུ་ལྷ་བཞུགས་པའི་སྐོར། ལྷ་ཁང་ཀ་བཞིའི་རྒྱ་ཁྱོན་ལ་ཕུག་ཏུ་གཙོ་བོ་སྟོན་པ་གཙོ་འཁོར་གསུམ་ལ་རྒྱན་དྲུག་གིས་བསྐོར་བ་དང་གན་ས་བརྟན་ཆེན་པོབཅུ་དྲུག་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་ཀྱི་བཀོད་པ། དེའི་གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོ་སྤྱན་སྟོང་ཕྱག་སྟོང་མངའ་བ་ཆེན་པོ་གཙོ་འཁོར་གསུམ། གཡོན་ཕྱོགས་སུ་མདོ་སྡེ་སྐལ་བཟང་དང་མཐུན་པའི་སངས་རྒྱས་སྟོང་སྐུ་ལ་འོད་དཔག་མེད་གཙོ་འཁོར་གསུམ་དབུས་དང་། བདེ་གཤེགས་སོ་ལྔ་བཅས་བཀོད་ཡོད། ལྷ་སྒོའི་གཡས་ཕྱོགས་སུ་དགོངས་འདུས་ཞི་བའི་སྐོར་དང་གཡོན་ཕྱོགས་སུ་ཁྲག་འཐུང་ཁྲོ་བོའི་སྐོར། གོང་དུ་མར་མི་དྭགས་གསུམ་འཇམ་དབྱངས་རྣམ་གསུམ། ས་སྐྱའི་གོང་མ་རྣམ་ལྔ་སོགས་བྲིས། མཐའ་སྐོར་དུ་གཟའ་དམ་གསུམ་དང་ཆོས་སྐྱོང་སོགས་བཀོད།
སྔར་བཞུགས་ནང་རྟེན་སྐོར། ཐོག་མར་སྐུ་རྟེན་སྐོར་ལ་སང་རྒྱས་རྒྱ་གར་ཤར་ལི་བྱིའུ་དྲོད་ཅན་མཐོ་གང་ཙམ་དང་བྱིན་ལྡན་ལི་མའི་སྐུ་ལྔ་དང་། གསེར་སྐུ་བོད་ལི་མ་སྦུས་ལེགས་བཅུ་དང་། སྨན་འདམ་[page 521] ལས་བཟོས་པ་བྱིན་ཅན་གུ་རུ་མཚན་བརྒྱད་ཁྲུ་གང་རེ་ཙམ་དང་། ཙན་དམར་ལས་གྲུབ་པ་མཚན་བརྒྱད་ཆ་ཚང་ཞལ་ཐང་གསེར་བྲིས་གནས་བརྟན་ལྔ་ཐང་དཔལ་ཡུལ་བའི་བླ་བརྒྱུད་གསེར་ཕྲེང་། གནམ་ཆོས་ཞལ་ཐང་བཀའ་དགོངས་ཕུར་གསུམ་གྱི་ཞལ་ཐང་གསེར་བྲིས་སོགས་ཞལ་ཐང་བརྒྱ་དང་ལྔ་བཅུ་ཙམ་བཞུགས། གསུང་རྟེན་སྐོར་ལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་རིན་ཆེན་གཏེར་མཛོད་ཆེན་མོ། ་བཀའ་དགོངས་ཕུར་དང་དེ་མིན་སྔ་འགྱུར་བའི་འདོན་ཚིགས་སྐོར་ཆ་ཚང་དང་གཞན་བཀའ་འབུམ་ཁག་ཁ་ཤས་དང་རིག་གནས་སྐོར་སོགས་པོད་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད་པར་གྲགས་སོ།། དུས་མཆོད་སྐོར། བོད་ཟླ་དང་པོའི་ཚེས་གསུམ་ནས་བཟུང་སྨྱུང་གནས་དཀར་པོ་ཆ་བརྒྱད་ཞི་ཁྲོའི་སྒྲུ་མཆོད་ཆེན་མོ་བདུན་སྒྲུབ་བྱ་ཞིང་དད་ལྡན་རྣམས་ལ་ཆོས་ར་གནང་བ་དང བོད་ཟླ་བཞི་བའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཡང་སྨྱུང་གནས་དང་རྡོརསེམས་སྒྲུབ་མཆོད་བདུན་སྒྲུབ། དེ་ནས་དབྱར་གནས་ཞག་བཞི་བཅུ་རྩ་ལྔ་བཞུགས་རྒྱུ། སྤྲེལ་ཟླའི་ཚེས་དྲུག་ནས་བཅོ་ལྔའི་བར་བླ་སྒྲུབ་རེས་མོས་ཀྱིས་འདས་མཆོད་དང་བླ་མ་གསངའདུས་ཀྱི་ཚེས་བཅུའི་སྒྲུབ་མཆོད་ཚོགས་པ་དང་བོད་ཟླ་ལྔ་པའི་ཚེས་བཅུ་ལ་གཏེར་ཆེན་གུ་རུ་ཆོས་དབང་དུས་ཚེས་བཅུའི་སྒྲུབ་མཆོད་དང་གར་མཆམ། སྤྱི་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔའི་བར་དགུན་བཅའ་བསྡམས་ནས་ཕྱིར་རྒྱལ་ཆེན་སྡེ་བཞིའི་ཐོ་བཞག མཐོ་དམན་དྲག་ཞན་ཀུན་བུད་མེད་སོགས་རྒྱུ་བ་འགྲོ་མཚམས་བཅད་པ། གྲྭ་ཆུང་རྣམས་ཀྱིས་སྦྱོང་གྲྭ་འཚོགས་རྒྱུ། ཚེས་ཉེར་དྲུག་ནས་བཟུང་མ་ཏི་སེང་གདོང་གཏོར་བཟློག་རྒྱས་པར་གསུངས་ནས་དུས་ཚོད་ལྟར་གཏོར་རྒྱག་ཛད་དོ། ཕྱིས་སུ་རྟེན་གསར་བཞེངས་སྐོར། འདུ་ཁང་རྙིང་པར་ཐུབ་དབང་དང་གུ་རུ་འདམ་སྐུ་གསེར་བྲིས་མ་དང་། ཐང་ག་གསར་བཞེངས་ཁ་ཤས། དུང་འཁོར་མཆོད་རྟེན། མཛོད་བདུན་སོགས་གསུང་འབུམ་ཁ་དང་དེ་མིན་གསེར་ཏོག་སོགས་བཞེངས། འདུ་ཁང་ཀ་བབཅུ་དྲུག་གི་རྒྱ་ཁྱོན་སྟེང་དུ་བླ་སྤྲུལ་རྣམས་ཀྱི་གཟིམ་ཆུང་དང་གཡང་མཛད་གཉེར་ཁང་ལྡན་པ་ཞིག་བཞེངས་པ་དང་། གོང་དུ་སྒྲུབ་གྲྭ་ཆུང་ངུར་གྲྭ་བརྒྱད་བླ་གཅིག་བཞུགས་གནས། གྲྭ་ཁང་སུམ་ཅུ་དང་བཅས་པ་བཞེངས་ཡོད་དོ།།
དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་ཤར་རྒྱལ་བ་ཀཿཐོག་པ་གྲུབ་དབང་ཚེ་རིང་རྡོ་རྗེ་ཡིན། དགོན་པ་བཏབ་པའི་དུས་ནི་རབ་བྱུང་དགུ་པའི་ནང་ཙམ། དགོན་ས་ནི་སྟག་སྡེ་ཞེས་པའི་སར་ཡིན་པས། དགོན་པའི་མིང་ལའང་ཐོག་མར་སྟག་དགོན་ཞེས་གྲགས། བར་དུ་ཀཿཐོག་གསང་སྔགས་འཕེལ་[page 522] རྒྱས་ཀྱི་ཆོས་བཀའ་དར་བས། ཀཿཐོག་ཐུབ་བསྟན་ཡོངས་འདུས་ཆོས་ཀྱི་དགའ་ཚལ་ཞེས་གྲགས་པ་སྟེ་མཚན་གསུམ་དང་ལྡན། སྤྱིར་གནས་ཀྱི་ཆེ་བ་ནི། མཚོ་འཁྲུངས་པདམ་ཀ་ར་ནག་ཕྱོགས་ཀླ་ཀློའི་གཤེད་དུ་དཔའ་བོ་སྟག་ཆས་ཀྱི་སྐུར་བཞེངས་པ་གེ་སར་ནོར་བུ་དགྲ་འདུལ་ཉིད་སྐུ་མཚན་དཔེའི་དཀྱིལ་འཁོར་སྐྱིད་སོ་ཡག་གི་ཁ་མདོར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། དགུང་གྲངས་དྲུག་གི་ཐོག་གི་ཐོག་ས་བཙན་སྦྲུལ་མགོ་མདོ་རུ་ཞབས་ཟུང་བཀོད་དེ་བགྲང་བྱ་གསུམ་དུ་བརྟུལ་ཞུགས་ཀྱི་མཛད་པས་བྱིན་གྱིས་བརླབས་པའི་གནས་མཆོག་ཡིན་པས་དཔལ་བསམ་ཡས་ཀྱི་གནས་དང་ཁྱད་མེད། ཡང་དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་སྒྱུར་ཤར་རྒྱལ་བ་ཀཿཐོག་པའི་གྲུབ་བརྙེས་ཀྱི་སྐྱེས་ཆེན་དུ་མ་བྱོན་པའི་ནང་ཚན་གྲུབ་དབང་ཚེ་རིང་རྡོ་རྗེའི་ཐུག་ས་དགོངས་ལ་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཆོས་སྡེ་ཞིག་གཙུགས་ན་རྒྱལ་བསྟན་རིན་པོ་ཆེ་བླ་ལྷག་ཏུ་རྒྱས་པར་དགོངས་ཏེ་རིམ་གྱིས་དྲེའུ་དཀར་མོ་ཞིག་ལ་མཆོད་ཆས་རྣམས་བཀལ་ནས་བྱོན་ཏེ་སྟག་འཛུ་ལུང་བའི་མདོ་གླིང་ཨ་རྒྱས་མགོན་པོ་རྒྱལ་མཚན་ཡོད་སར་ཕེབས། ཡུལ་སྡེ་དེའི་མིང་ལ་ཡང་སྟག་ལུང་སྡེ་བའམ་སྟག་སྡེ་ཞེས་སུ་གྲགས་ཏེ། སྟེང་ལྷ་ཡི་རྗེ་བོ་ཨ་རྒྱས་མགོན་པོ་རྒྱལ་མཚན་ཉིད་རྒྱ་སྟག་ཁྲ་བོའི་སྦར་མོ་གྱེན་དུ་བཀན་བ་འདྲ་བའི་སའི་སྟེང་དུཨ་རྒྱས་མཁར་ཁར་མ་ཞེས་པ་ཆགས་ཞིང་། འོག་འབངས་ཀྱི་སྡེ་བའི་སྟག་ཤར་རྣམས་ཀྱང་འཐབ་ན་དཔའ་རྩལ་ཆེ་ཞིང་བཤད་ན་སྨྲ་ལྕེ་བདེ་བ། བསམ་ན་སྤྱང་གྲུང་འཛོམས་པས་ན་དཔའ་བོ་སྟག་གི་སྡེ་བ་ཞེས་གྲགས། དེ་སྐབས་སུ་དགོན་འདི་ལ་མཚན་གསར་བ་རེ་ཞིག་མ་བྱུང་བ་དགོན་ཡུལ་གྱི་མིང་ཕྱོགས་ཕྱོགས་གཅིག་ཏུ་འབྲེལ་ནས་སྟག་དགོན་ཞེས་སུ་ད་ལྟའི་བར་དུ་ཐ་སྙད་གཏན་འཇགས་སུ་སོང་བར་མངོན། ད་ལྟར་གླིང་ཨ་རྒྱས་མགོན་པོ་རྒྱལ་མཚན་གྱི་མཁར་གྱི་ཉེ་ཕྱོགས་ན་ཞིང་ཨོ་སྒོ་ཐད་ཏུ་བྱོན་པ་ན་རྟེན་འབྲེལ་དང་ཐུགས་སྐྱེད་དུས་སུ་སྨིན་ཏེ་དྲེའུ་ཡང་དེ་ཉིད་དུ་ཉལ་སོང་། དེ་ནས་གྲུབ་ཆེན་རིན་པོ་ཆེས་གཡས་གཡོན་གན་ས་རྣམས་ལ་གཟིགས་པས་ས་ཕུན་སུམ་ཚོགས་པའི་གནས་སུ་དགོངས་ཏེ་དེ་ཉིད་དུ་གཙུག་ལག་ཁང་བཞེངས་ཏེ་དགོན་པ་དེ་ཉིད་ཐོག་མར་ཕྱག་འདེབས་མཛད་པར་གྲགས། དེ་སྐབས་སུ་དུས་རབས་དང་རབ་བྱུངགང་ཡིན་སོགས་ནི་གྲུབ་དབང་རིན་པོ་ཆེ་འདི་ཉིད་ཤར་ཀཿཐོག་ཏུ་སྐུ་འཁྲུངས་ཤིང་དུས་ཚོད་ཀྱང་རིང་པོར་སོང་ལ། ཁྱད་པར་མགོར་འདིར་སྔར་གྱི་གདན་རབས་ཀྱི་ལོ་རྒྱུས་ཡིག་ཆ་ད་ལྟ་འཇལ་དུ་མེད་པའི་སྟབས་ཀྱིས་གསལ་བོར་མ་ངེས་ཀྱང་། ད་ལྟའི་འདིར་ཕྱོགས་ཀྱི་སེར་སྐྱ་རྒན་རབས་རྣམས་ཀྱི་ངག་རྒྱུན་ལྟར་ན་མཆོག་སྤྲུལ་འདི་ཉིད་སྐུ་འཕྲེངབརྒྱད་དང་བར་སྐབས་སུ་གདན་ཚབ་གཅིག་སྟེ་གདན་རབས་དགུ་ཙམ་སོང་ལ། དེ་རྣམས་སྐུ་ཚེ་ཡང་ཕལ་ཆེར་བདུན་བཅུ་བརྒྱད་བཅུ་རེ་བཞུགས་ལ་མ་མཐའ་ཡང་དྲུག་ཅུ་ཙམ་རེ་མ་ཞུགས་པ་མེད་པར་གྲགས་ཤིང་ཕྱིས་སུ་རིག་གནས་གསར་བརྗེ་ཆེན་པོའི་དུས་གསེར་གདུང་རྣམས་གཏོར་སྐབས། སྐུ་[page 523] དམར་གདུང་རྣམས་དབུ་སྐྲ་དཀར་པོ་ཅན་ཤ་སྟག་ཡིན་པ་ཀུན་གྱིས་མཐུན་སྣང་དུ་གྲགས་ཤིང་གྲུབ་པས་ན་བྱོན་ཚོད་དེ་རབ་བྱུང་དགུ་བའི་ནང་ཙམ་ཞིག་ཡིན་པ་ནི་གོར་མ་ཆག་སྙམ། དེ་ལྟར་གྲུབ་ཆེན་ཚེ་རིང་རྡོ་རྗེ་ཉིད་ནི་རྒྱལ་བ་ཀཿཐོག་པའི་གདན་རབས་ཤིག་ཡིན་པ་ནི་ཕྱིས་ཤར་ཀཿཐོག་མཇལ་སར་བྱོན་པའི་གྲྭ་རྒན་རྣམས་རྩིས་མཐོང་ཆེན་པོའི་ཀུན་ལ་མཇལ་ཁ་སྟོན་རྒྱུན་འདུག་ཅེས་བདག་གིས་ཀྱ་རྒན་རབས་དུ་མ་ལས་ཐོས།
དེ་ནས་གྲུབ་པའི་དབང་ཕྱུག་དེའི་སྐྱེ་སྤྲུལ་པདམ་བསྟན་འཕེལ། ཀུན་བཟང་གཞན་ཕན་དབང་པོ། དེ་རྗེས་པདམ་བསྟན་པའི་རྒྱལ་མཚན་སོགས། གདན་རབས་དགུ་མཚན་གྱི་སྐུ་རིང་ལ་སྔགས་ནུས་པའི་རང་དབང་ཐོབ་པ་བླ་མ་གསེར་ཏོག་ཅན་བཅུ་གསུམ་བྱོན་ཞིང་དེ་རྣམས་ནི་གསང་བ་སྔགས་ཀྱི་ཉམས་ལེན་མཐར་ཕྱིན་པ་ཐུན་མོང་དང་མཐོག་གི་དངོས་གྲུབ་ཐོབ་པ་ཤ་སྟག་ཡིན་པ་དྲག་པོའི་ལས་ཤྱོར་གྱི་སྒྲུབ་པ་མཛད་ནས་གཏོར་ཟོར་རྒྱགས་སྐབས་གྱི་སྣ་ཁར་སུ་བྱུང་ཡང་གློ་བུར་དུ་འགྱེལ་བ་སོགས་རྟགས་དང་ཐོ་འཕྲུལ་ད་མ་བྱུང་། དེ་སྐབས་སུ་གསང་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་དར་བས་ཀཿཐོག་གསང་སྔགས་འཕེལ་རྒྱས་གླིང་དུ་གྲགས། གདན་རབས་དྲུག་པ་བདེ་ཆེན་ཆོས་ཀྱི་ཉི་མ་ནི་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་རབས་ཤིན་ཏུ་རྒྱས རྒྱལ་བསྟན་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱིས་བླ་རུ་སྤེལ་ཏེ་འདུས་པའི་སྡེ་ཡང་ཇོ་སེར་ཉིས་བརྒྱ་ཙམ་ཞིག་གི་དགོན་རི་ཁྲོད་རྣམས་སུ་ཐུབ་པའི་བསྟན་པ་དར་ཞིང་རྒྱས་པ་ན་མཆོག་སྤྲུལ་ཆོས་ཀྱི་ཉི་མས་དགོན་དེའི་མཚན་ལའ་རྫ་ཀཿཐོག་དགོན་ཐུབ་བསྟན་ཡངས་འདུས་ཆོས་ཀྱི་དགའ་ཚལ་ཞེས་པའི་མཚན་གྱི་མཆོད་པན་གསོལ། གཞན་ཡང་དེ་སྐབས་སུ་བརྟན་མཁྶ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མཁན་ཆེན་བདུན་བྱོན་ཏེ་མཁན་པདམ་རབ་རྒྱས། མཁན་པོ་ཐུབ་བསྟན མགར་ར་མཁན་པོ། རིག་འཛིནབཟང་པོ་སྟེ་སྟོན་པའི་གཏད་རབས་བདུན་གྱི་གྲངས་ལྡན་བྱོན་ནོ།
རྫ་མཚམས་པ་དགེ་དིན་མཆོག་གི་མཛད་པ་རྣམ་ཐརཟུར་ཙམ་ཞིག་ཕྱི་རབས་རྣམས་ཀྱི་དད་པའི་གསོས་སུ་བརྗོད་པ་ལ་ཐོག་མར་སྐྱེས་བུ་དམ་པ་འདི་ཉིད་ནི་ཡབ་ངང་རིས་དང་། ཡུམ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར་འཁྲུངས། སྐུ་སྣ་ཆུང་ངུའི་དུས་སུ་ཡབ་ཡུམ་གཉིས་སྐུ་བཤེགས། དགུང་གྲངས་བཅོ་ལྔ་བཅོ་དྲུག་སྐོར་རྫོང་གསར་མཁྱེ་སྤྲུལ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་དྲུང་ནས་རྫོགས་ཆེན་སྙན་བརྒྱུན་ཀྱི་ཆོས་བཀའ་གསན། སླར་དགོན་འདིར་བྱོན། ཕྱིས་ཉིད་ཀྱི་དབོན་སྨག་ལོ་ཤི་ནས་ཕྱག་རྫས་ཅི་ཡོད་ཆོས་ཕྱོགས་སུ་བཏང་། སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་མཚམས་ལོ་གསུམ་[page 524] བཞུགས། མདོར་ན་སྐུ་ཚེ་ཧྲིལ་པོར་སྐུ་མཚམས་བཅད་རྒྱ་སོགས་སྒྲུབ་པ་ཁོ་ན་ལ་ཐུགས་རྩེ་བཏད་པས་སྡོམ་གསུམ་དང་སྤྱོད་འཇུག་ཙམ་ལས་སྦྱང་བརྩོན་མ་བྱས་ཀྱང་སྒོམ་བྱུང་གི་ཤེས་རབ་ཀྱི་ཀློང་བརྡོལ་ཏེ་དགོན་འདིའི་འཁོར་ལོ་གསུམ་གྱི་བྱ་བ་གང་ཐད་ནས་དྲིས་ཀྱང་ལན་ཐོགས་མེད་དུ་བཏབ། ཁྱད་པར་དུ་ཀུན་དགའ་ཐུབ་བསྟན་༏འོད་ཟེར་གྱིས་ཟེ་ཆེན་ཀོང་སྤྲུལ་པདམ་དྲི་མེད་ལེགས་པའི་བཏོ་གྲོས་གདན་དྲང་ས་སྐབས། ཀོང་སྤྲུལ་རིན་པོ་ཆེ་རྗེ་ཉིད་ཀྱི་དྲུང་དུ་བྱོན་ནས་དཀའ་གནད་ཁ་ཤས་དྲིས་པ་ལ་ལན་ཐོགས་མེད་དུ་གསུངས་པས། ཀོང་སྤྲུལ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་ཉེ་གནས་རྣམས་ལ་དེ་རིང་ཉིན་དེ་བྱས་པ་དོན་ལྡན་དུ་གྱུར་འདི་འདྲའིསྐྱེས་ཆེན་འཇལ་དཀའ་གསུངས་ནས་བསྔགས་བརྗོད་མཛད། ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་གཏེར་མཛོད་ཀྱི་དབང་ལུང་གསན་གཞན་ཡང་ཀོང་སྤྲུལ་རིན་པོ་ཆེའི་ཞལ་ནས། གསང་སྔགས་ཀྱི་དབང་ལུང་སྤེལ་བའི་རྡོ་རྗེ་སློབ་དཔོན་ལ་ཕྱི་ནང་གི་དེ་ཉིད་བཅུའི་མཚན་ཉིད་ཚང་བ་ནི་རྫ་མཚམས་པ་དགེ་དོན་ཉིད་ཡིན་གསུངས་པ་དང་། གྲུབ་ཆེན་ཚེ་རིང་རྡོ་རྗེའི་ཐུགས་ཀྱི་སྤྲུལ་སྐུ་དངོས་ནི་རྗེ་འདི་ཉིད་ཡིན་པར་ཞལ་བཞེ་གནང་། མདོར་ན་སྐྱེས་བུ་དམ་པ་འདི་ཉིད་བགྲང་བྱ་བཅུ་ཕྲག་བདུན་དང་ཉག་མ་ལྔའི་བར་བཞུགས། ཡི་དམ་ལྷག་པའི་ལྷ་གང་གི་བསྙེན་མཚམས་བཞུགས་ཀྱང་ཞལ་མངོན་གསུམ་དུ་མཇལ་བ་དང་། སྒྲུབ་གཏོར་ལ་མེ་འབར་བ་དང་སྨན་རྐ་ཁོལ་བ་སོགས་གཞུང་ནས་བཤད་པའི་རྟགས་མ་ཐོན་པ་གཅིག་ཀྱང་མེད་པ་ཚད་མས་གྲུབ་པའོ། རིག་གནས་གསར་བརྗེ་ཆེན་པོའི་དུས་སུ་ཉིན་ཞིག་སང་ཉིན་ཚོགས་ཆེན་སྐབས་བླ་མ་དགེ་དོན་ལ་འཐབ་རྩོད་རྒྱག་དགོས་ཞེ་ས་དྲིལ་བསྒྲགས་བྱས་པ་ན། དེའི་ནུབ་མོ་རྗེ་འདི་ཉིད་ཀྱི་སྐུ་མཆེད་དགེ་ལེགས་ནོར་བུ་ནས་སང་ཉིན་ཚོགས་ཆེན་ཁར་ཉིད་ལ་བརྡུང་རྡེག་བྱེད་པའི་ཚུལ་རྣམས་མཐོང་བ་མི་བཟོད་དོ་ཞུས་པས། འོ་ན་དོ་ནུབ་སྐུ་བཤེགས་པར་ཞལ་བཞེས་གནང་ཏེ་ད་ལན་ཞིང་འདིར་སྐུ་དངོས་ཀྱི་མཛད་པ་རེ་ཞིག་རྫོགས་སོ།།
གྲུབ་ཆེན་རྟོགས་ལྡན་རྡོ་རྗེ་ནི། ཡབ་མདན་ལྷ་རྒྱལ་དང་ཡུམ་མེ་ཏོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར་འཁྲུངས། འདི་ནི་ཁྲག་འཐུང་བདུད་འདུལ་རྡོ་རྗེའམ་རྒེ་ལི་གཏེར་སྟོན་གྱི་སྤྲུལ་སྐུ་དངོས་ཡིན་པར་གྲགས་པ་ནི་སྔོན་བྱོན་བུ་སློབ། མཆོག་སྤྲུལ་པདམ་གུ་རུའི་གཟིགས་སྣང་ལ་ཁྲག་འཐུང་རྡོ་རྗེ་བདུད་འཇོམས་དངོས་སུ་མཐོང་བ་བཞིན། སྐུ་ལ་སྟག་ཤམ་གྱི་རི་མོ་གསལ་པོར་ཡོད་པ་དང་། གཞན་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་སྐུ་འདའ་ཁར་ཁོ་བོའི་རུས་རྐང་འདི་མ་འོངས་པ་ན་རྫ་ཆུ་ཁར་ཁོང་གི་སྤྲུལ་པ་ཞིག་འབྱུང་བས་དེ་དུས་དེ་ལ་སྤྲོད་ཅིག་གསུངས། ཕྱིས་གསེར་རྟའི་གྲྭ་པ་ཞིག་གིས་རྗེ་ཉིད་ལ་ཕུལ་བར་གྲགས། དེ་ལྟར་བསྟན་འགྲོར་ཕན་པའི་མཛད་འཕྲིན་མཐའ་ཡས་གནང་སྟེ་དགུང་གྲང་ས་རེ་བདུན་པར་གཤེགས།། གཞན་ཡང་ཕུ་ཁོང་དགོན་དུ་ཀོང་སྤྲུལ་རིན་པོ་ཆེས་དབང་[page 525] གནང་སྐབས་རྟོགས་ལྡན་རྡོ་རྗེ་ཟེར་བའི་བླ་མ་མངོན་མཁྱེན་ཅན་ཡིན་པར་གྲགས་པ་ཞིག་འདུག་པར་མཁས་དབང་པད་ཚེས་མངོན་མཁྱེན་ཡོད་མེད་བརྟག་ཕྱིར། གཞན་སེམས་ཤེས་པའི་མངོན་ཤེས་ཡོད་ན་ཁོང་ལ་ཕྱག་མདུད་ཅིག་གནང་ན་ཞེས་ཐུགས་ལ་དགོངས་པ་ཙམ་གྱིས་དབང་འགྲིམས་སྐབས་ཕྱག་མདུད་ཅིག་གནང་བྱུང་བ་སོགས་མངོན་མཁྱེན་སྒྲུབ་རྟགས་བསམ་བརྗོད་ལས་འདས་ཀྱང་རེ་ཞིག་དེ་ཙམ་མོ།།
ད་ལྟའི་གནས་ཚུལ་སྐོར། དེ་ལྟར་ཀ༔ཐོག་དགོན་མདོ་སྔགས་འཕེལ་རྒྱས་གླིང་གི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་བགྲང་བྱ་བརྒྱ་ལྔ་ཙམ་དུ་མཁན་སྤྲུལ་གསེར་རིའི་ལྷུན་པོ་ཏཚར་དུ་བསྒྲིགས་པ་ལྟ་བུ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མཛེས་རྒྱན་དུ་འགྱུར་ཀྱང་སྐྱེ་དགུ་བསོད་ནམས་དམན་པས་རེ་ཞིག་རྒྱལ་བསྟན་ལུང་རྟོགས་གཉིས་ལ་བཤད་སྒྲུབ་ཀྱི་སྲོལ་ཀ་ལྟ་ཞོག་སྐྱེ་བོ་བགྲང་འཕྲེང་འཛིན་པ་ཞིག་ཀྱང་རྙེད་པར་དཀའ་ཞིང་ལྷ་རྟེན་ཆོས་གསུམ་ཐམས་ཅད་བཤིགས་ནས་མི་ལོ་སུམ་ཅུ་ཙམ་དུ་དགོན་ས་སྟོང་པར་གྱུར་སོང་དད་ལྡན་གྱི་སྐྱེ་བོ་ཐམས་ཅད་ཡིད་སྐྱོ་བའི་གནས་སུ་གྱུར་ནའང་སླར་ཡང་རྒྱལ་བསྟན་ཉི་གཞོན་གསལ་བའི་འོད་སྟོང་ཆོས་ལྡན་མི་རིགས་ཀྱི་དཔལ་དུ་ཤར་མ་ཐག་ཏུ་མཆོག་སྤྲུལ་བདེ་ཆེན་ཆོས་ཀྱི་ཉི་མ་དང་ མཁན་ཆེན་རིག་འཛིན་བཟང་པོ། བླ་མ་ཀ་དགའ། དགོངས་དགའ་སོགས་མཁན་སྤྲུལ་རེ་ཟུང་ཞིག་ཞལ་བཞུགས་པ་དེ་རྣམས་ཀྱིས་ཐུགས་ཁྲ་ཆེར་བཞེས་ཀྱིས་དུས་མཆོད་རྣམས་ཀྱི་བཅའ་འདོན་འབུད་བརྡུང་སོགས་སུ་ཐུགས་གྲོས་གནད་ནས་བསྟན་པའི་མེ་རོ་གསོ་བའི་དབུ་རྩོམ། ཁྱད་པར་དུ་མཁན་ཆེན་རིག་འཛིན་བཟང་པོ་ཉིད་ནི་ཞེ་རྫོགས་ཀྱི་མཁན་སྤྲུལ་མཁས་གྲུབ་ཟུང་ལྡན་གྱི་བཤེསགཉེན་དུ་མའི་ཞབས་པད་ཡུན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐུགས་སྦྱོང་མཐའ་ཕྱིན་པ་མཛད། དགུང་ལོ་ཉེར་ལྔའི་སྐོར་དགོན་འདིའི་མཁན་པོ་ལོ་གསུམ་ད་ཁུར། གཞན་ཡང་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད་པ་དང་ཁྱད་པར་དུ་ཆོས་དད་རང་མོས་ཀྱི་སྲིད་ཇུས་གསར་དུ་བྱུང་བའི་དུས་སུ་དགོན་འདིའི་བསྟན་པ་འཆི་ཁ་མའི་སྲོག་མཐུད་པ་བཞོན་དུ་རྗེ་འདི་ཉིད་ཀྱིས་གཙོ་བོར་མཛད་པའི་བླ་སྤྲུལ་རྣམས་ཀྱིས་གཙུག་ལག་ཁང་དང་སྒྲུབ་གྲྭ་གྲྭ་ཤག་བཅུ་གཉིས་དང་ལྷ་ཁང་བཅས་ཐམས་ཅད་བཞེངས་ཏེ་སྔ་སྲོལ་ལྟར་དུས་མཆོད་ཀྱི་སྒྲུབ་པ་ལ་གར་འཆམ་གྱི་ཆ་ལག་དང་བཅས་རྒྱུན་བཙུགས། གཞན་ཡང་རྗེ་ཉིད་ཀྱིས་དགོན་གྱི་གྲྭ་བ་རྣམས་ལ་ལོ་རེར་ཀུན་བཟང་བླ་མའི་ཆོས་ཁྲིད་དང་། ཡུལ་སྡེའི་སྐྱེ་བོ་རྣམས་ལ་ཞིང་ཁྲིད་ཉི་མ་བདུན་དང་སྨྱུང་གནས་དཀར་པོ་བརྒྱད་ཀྱི་ཆོས་སྐལ་བཞག དགུང་གྲངས་བདུན་བཅུའི་སྐོར་སླེབས་སྐབས་གཤེགས།
དགོན་འདིར་ད་ལྟར་འདུས་སྡེ་བཅུ་ཕྲག་གསུམ་ལྷག་ཙམ་གྱིས་འཆད་ཉན་གྱི་རྒྱུན་མ་ཉམས་པ་ཙམ་ཞིག་མཆིས་སོ། སྤྱིར་སྤྱི་ལོ་༡༩༥༨ལོ་ནས་བསྟན་པ་རིན་པོ་ཆེ་ལ་གནོད་འཚེ་བྱུང་ཞིང་ལྷག་པར་དུ་རིག་[page 526] གནས་གསར་བརྗེ་ཆེན་པོའི་དུས་སུ་དགོན་འདིར་ཐ་ན་གྲྭ་རེ་ཟུང་ཙམ་ཡང་མ་ལུས་པར་ཐལ་ཕུང་དུ་གྱུར། ད་ལྟའ་ཕྱི་འི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་རྣམས་དང་། ནང་དགེ་འདུན་འདུས་པའི་སྡེ་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་འཛུགས་སྐྲུན་ལ་འབད་བཞིན་པ་ཙམ་དུ་གནས་སོ།
དགོན་འདི་ཕྱག་འདེབས་པ་པོ་ནི་རྒྱལ་བ་ཀམཐོག་པའི་གསེར་ཁྲི་ལྔ་བ་དགེ་རྩེ་མ་ཧཱ་པཎཊི་ཏ་ཡིན། དགོན་འདི་རབ་བྱུང་བཅུ་གསུམ་པའི་མཇུག་ལ་བཏབས། དགོན་འདིར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་གཏོར་བརླག་ཤོར་བ་མ་གཏོགས་གཞན་གང་གི་གནོད་འཚེ་ཅི་ཡང་མ་བྱུང་། དགོན་འདིར་བཤད་སྒྲུབ་ཀྱི་བསྟན་པ་ཐོག་མར་མཁན་པོ་ཀུན་བཟང་བསྟན་འཕེལ་གྱིསཐུགས་ཁུར་རྒྱ་ཆེར་བཞེས་ནས་སྲོལ་བཙུགས། བཤད་གྲ་རྒྱུན་བཞུགས་གྲ་པ་བཅོ་ལྔ། སྒྲུབ་གྲ་རྒྱུན་བཞུགས་གྲ་པ་བཅུ་བཅས་མཁན་པོ་ཐུབ་བསྟན་མིའགྱུར་པདྨ་དབང་གྲགས། པདྨ་རྡོ་རྗེ་སོགས་སོ། དགོན་པ་འདིའི་མངའ་འོག་ལ་དུད་གྲངས་བརྒྱ་དང་བདུན་བཅ་ལྷག་ཡོད། དེང་གི་གནས་ཚུལ། མཆོག་སྤྲུལ་བསྐལ་བཟང་སྟོབས་རྒྱལ། འབྲི་གུང་གཏེར་སྲསདཀོན་མཆོག་བསྟན་གནས། མཁན་ཀུན་བཟང་གཙོའི་ཐུགས་ཁུར་བཞེས་ནས་གཙུག་ལག་ཁང་སོགས་སླར་གསོ་དང་རྟེན་དང་བསྟེན་པ་བཅས་བཞེངས། སྔར་སྲོལ་དུས་མཆོད་འཆམ་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྨང་གཞི་ཙམ་ཚུགས།
དགོན་འདིའི་ལོ་རྒྱུས་ལ། ཐོག་མར་འབྱུང་ཁུངས། བར་གྱི་དར་ཚུལ། མཐར་ད་ལྟའི་གནས་ཚུལ་བཅས་གསུམ་དུ་ཕྱེ་བའི་དང་པོ་དགོན་འདི་དུས་ནམ་ཞིག་ལ་བཏབ་པ་དང་། ཐོག་མའི་ཕྱག་འདེབས་པ་པོ་སུ་ཡིན་སོགས་ལོ་རྒྱུས་ཀྱི་ཡིག་ཆ་བརླགས་སོང་བས་གསལ་པོར་འགོད་མ་ཐུབ་གསུངས་པ་ལྟར་ཡིན་འདུག། འོན་ཏེ་ཆོས་བརྒྱད་ཀྱི་ཁུངས་དཔལ་ཡལ་དགོན་ཆེན་གྱི་བླ་ཚབ་མངགས་པའི་དགོན་ལག་ཞིག་ཡིན་པ་དང་། བླ་ཚབ་དང་བཅས་བླ་མ་གསུམ་གྱིས་ས་དཔྱད་ཀྱི་ལུང་དང་མཐུན་པར་དགོན་པ་རྒྱ་བསྐྱེད་ཚུལ་དུ་འདུ་ཁང་ཐོགབརྩེགས་གཉིས་པ། གྲྭ་པ་ཉིས་བརྒྱ་ཙམ་ཤོང་བཞིག་བཞེངས་ནྶ། མཚན་ཐུབ་བསྟན་ཡོངས་འདས་ཆོས་གླིང་ཞས་གྲགས་པ་ཤིག་ཆགས་པའོ། །སྡེ་དགེ་རྒྱལ་པོ་ས་དཀར་པདྨ་ལེགས་གྲུབ་ཀྱི་[page 527] དས་ས་ར་སྠོར་འདིར་མིང་དཔོན་གྲགས་ཀྱང་དོན་དུ་བླ་མ་དངོས་སྟོང་ཟ་བདུད་འདུལ་དེ་ནི་ལུགས་གཉེས་ལ་བློ་རྒྱ་ཆེ་བ། སྡེ་དགེའི་གཉེར་ཆེན་བཞི་ཡི་ནང་ནས་གཅིག་དང་། ཤར་སྒོ་སྲུང་བའི་དམག་དཔོན། ཝ་ཤུལ་དགེར་ཐལ་གྱི་མྱང་སྒོ་སྲུང་བའི་དམག་དཔོན་མཅས་ཀྱི་གོས་ཡོད། ས་འདིར་དགོན་ས་བཏབ་ན་བར་ཆད་སེལ་ཕྱེར་དྭངས་སྟོད་སྨད་བར་གསམ་ལ་ཕུར་བའི་རྡོ་འབུམ་བཅུ་གསུམ་བཞེངས། རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་མཀར་ཆའི་བྲག་དང་སྤ་གྲོ་སྟག་ཚང་ད་སྒྲུབ་པ་སྙིང་པོ་མཛད་དཔལ་ཡུལ་དགོན་ཆེན་ཆོས་གླིང་བཏབ་དེ་ལས་གྱེས་པའི་དགོན་ལག་དུ་དཔོན་མདུད་འདལ་གྱིས་སྦྱན་བདག་བྱས་ནས་ར་སྐོར་འདིར་དཔལ་ཡུལ་དགོན་ཆེན་གྱི་བླ་ཚབ་དུ་འདས་ཤུལ་བླ་མ་བསོད་ནམས་ཆོས་ལྡན་བཏང་། སྒོ་ཆེན་གདུ་བུ་མགོ་ནས་མཆོད་གནས་སུ་སྒོ་ཆེན་མསོད་ནམས་རྡོ་རྗེ་གདན་དྲངས། སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་དང་གསུམ་གྱིས་འདུ་ཁང་བརྩེགས་གཉིས་ཡོད་པ་ཞིག་བཞེངས། དགོན་མིང་ལ་ཐུབ་བསྟན་ཡོངས་འདུ་ཆོས་གླིང་གསོལ་སོ། །ནང་རྟེན་རགས་རིམ་ནི། ཐུབ་སྐུ་ལི་མ་བྱེའུ་དྲོད་མ། རོལ་མོ་སྐྱ་རེངས་དཀར་ཆེན། རྫོགས་ཆེན་དགོན་གྱི་མི་འགྱུར་ནམ་མཁའི་རྡོ་རྗེས་བསམ་ཡས་བེེ་དཀར་གླིང་ནས་དྲངས་པའི་རོལ་མོ་བྲ་ཧོར་ཁ་སྤྲོད། ཁྲི་སྟོན་རོལ་མོ་སོགས་གནས། དཔལ་སྤུངས་དགོན་ཆེན་ནས་རོལ་དབྱངས་བསམ་འཕེལ་ནོར་བ་དང་རྟེན་དུ་མ། བཀའ་བརྒྱུད་ཚར་ཚར་དགོན་གྱི་ཉ་འགེ་གོང་ངས་གནམ་ལྕགས་ར་མ་ལུགས་གི་ཕུར་བ་གཙོའི་རྟེན་ཁྱད་འཕགས་ད་མ།
གདན་རབས་རིམ་བྱོན་གྱིམཚན་ཐོ་ཙམ་ནི། རང་ཅག་ལ་གོ་ཐོས་ཤིན་ཏུ་ཆེ་བའི་བླ་རབས་རྣམས་ནི། འདས་ཤུལ་བླ་མ་བསོད་ནམས་ཆོས་ལྡན། སྒོ་ཆེན་བསོད་ནམས་རྡོ་རྗེ། སྤྲུལ་སྐ་བསྟན་པའི་རྒྱལ་མཚན། སྒོ་ཆེན་མསོད་ནམས་དར་རྒྱས། དབོན་ཆུང་བློ་གྲོས་བཟང་པོ། སྒོ་ཆེན་མསོད་ནམསཉི་མ། ཆེ་བོས་བླ་མ་དཔལ་འབྱོར། ཉག་རོང་ཕར་བ། མ་ཧྰ་བླ་མ་མགུར་བ། མ་བླ་ཆེ་མཆོག་སོགས་མང་ངོ་།།
དགོན་པར་དར་གུད་བྱུངཚུལ་རགསབསྡུས་དང་པོ་གཉེན་ཆེན་ཕུག་པ་སྦྲ་དགོན་གཉིས་གང་སྔ་མ་ཤེས། བར་དུ་སྦྲ་དགོན་གྱི་འཕྲོ་ལ་གོང་སྨོས་ཇོ་དར་དགོན་དེ ནི་དུས་འགྱུར་གྱི་དབང་གི་ཤར་རྒྱ་ཟེར་བ་ཞིག་གིས་བཤིགས། འཐོར་ཞིག་མ་ཤོར། སྔར་གྱི་དགོན་པའི་གཤམ་ཇོ་དར་གྱི་ཕྱི་ཐང་དུ་སྦྲ་ཆུང་ཇ་ཐབ་བྱས་ནས་ཆགས། གྲྭ་ཉིས་བརྒྱ་ཙམ་ཤོང་བའི་སྦྲ་ཆེན་འདུ་ཁང་། སྦྲ་འབྲིང་ཆོས་ཁང་། སྦྲ་ཆུང་ཇ་ཐབ་བྱས་ནས་སྦྲ་དགོན་དུ་གྱུར། ཚེ་དང་སྒྲུབ་པ་མཉམ་པའི་བསམ་གཏན་སྒོམ་པའི་རི་ཁྲོད་པ་རྣམས་ནི། གཉེན་ཆེན་གསེར་ཁྲབ་ཀྱི་མདའ་སྒོ་རང་བྱུང་ཕུག་པའི་ནང་ད་ཆགས། དེ་དུས་དགེ་འདུས་པའི་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། ཡང་བདུད་འདུལ་ནས་དཔོན་རབས་བཞིའི་རྗེས། སྟོང་ཟ་དར་རྒྱས་ནི་མིང་ལ་དཔོན་དང་དོན་དུ་བསྟན་དགྲ་དེ་ཡིས་དབང་ཆ་བཟུང་ནས། བླ་མ་རྣམས་ལ་དབང་ཆ་མེད་[page 528] པས་དགོན་པའི་གོང་སྨོས་བཀའ་འགྱུར་གཙོས་གསེར་བྲིས་གསུང་རབ་དང་། ཐང་སྐུ་ཚང་མ་རག་ཁྲོམ་དགོན་སོགས་ཉོ་མི་ས་ཡོད་བཙོངས། དེ་ཡི་དུས་སུ་རྫོགས་ཆེན་དགོན་གྱིས་ར་སྐོར། རྫོགས་ཆེན་གྱི་དགོན་ལག་བྱེད་དགོས་གསུངས་བས། སྤྱིར་སྔ་འགྱུར་པ་ཐམས་ཅད་དགོངས་པ་ཆུ་བོ་གཅིག་འདྲེས་ཀྱི་ལྟ་གྲུབ་ལ་ཁྱད་མེད་ན་ཡང་། ར་སྐོར་བླ་རྒན་རྣམས་ཀྱི་དཔལ་ཡུལ་རང་ལུགས་ལ་ཞེན་ཆགས་ཆེ་བས་མ་བསྒྱར་འདོད། ཡོན་མཆོད་དེ་དག་གི་དུས་སུ་རྟེན་བཞེངས་ཚུལ་སྐུ་རྟེན་དུ་ཆབ་མདོའི་ལས་མགར་གདན་དྲངས་ནས། ཟངས་གསེར་གྱི་གུ་རུ་མཚན་བརྒྱད། བདེ་བཤེགས་སོ་བདུན་སྐུ་གདུང་མཆོད་རྟེན་ཆ་བརྒྱད། གསེར་གྱིས་བྲིས་པའི་བསྐལ་བཟང་གི་སངས་རྒྱས་ཡབ་སྟོང་ཡུམ་སྟོང་སྲས་སྟོང་རིམ་གྲོ་མ་སྟོང་གི་སྟོང་ཐང་། ཐུབ་པའི་མཛད་པ་བཅུ་གཉིྶ། གུ་རུ་སྟོང་ཐང་། སྒྲོལ་མ་སྟོང་ཐང་། ཀླུ་སྒྲུབ་ལུགས་ལྟར་བདེ་ཆེན་ཞིང་བཀོད། རྒྱལ་པོ་བསོད་ནམས་སྟོབས་ཀྱིཐང་ཀ་སོགས་དང་། ཡང་གསུང་རྟེན་དུ་མཐིང་ཤོག་ལ་གསེར་ཞུན་ངས་བྲིས་པའི་རྒྱལ་བའི་བཀའ་འགྱུར་དང་། འབུམ། གཟུངས་འདུས། པདྨ་བཀའ་ཐང་། གསེར་འོད་ས་བཅུ་སོགས།
ཡུལ་སྡེ་ལ་གནའ་དངུལ་རྡིལ་ཚད་བརྒྱའི་སྤྱི་བཞག་ཀུར་འདོད་མེད་པའི་རྐྱེན་བྱས་ནས་ཡུལ་སྡེའི་ཕྱེད་དང་བླ་གྲྭ་ཕྱེད་བཅས་རྨེ་ཁོག་ལ་འགྲོ་དགོས་བྱུང་། དཔལ་ཡུལ་དར་ཐང་དགོན་བས་མཆོག་སྤྲུལ་རིན་པོ་ཆེས་ར་སྐོར་སྔར་ནས་དཔལ་ཡུལ་བ་ཡིན་ལུགས་ལོ་རྒྱུས་དང་བཅས་པའི་བཀའ་ཞོག་ཐམ་ཁ་ཅན་གནང་ནས་ཆོས་ལུགས་བསྒྱུར་མ་དགོས། དགོན་པ་སྤྱི་ཡི་རང་ཚུགས་མ་ཤོར་བར་བཙད་སྒྲུབ་དང་དུས་མཆོད་མ་ཆད་བར་དུ་རིག་གནས་གསར་བརཇེ་བར་དུ་གནས་སོ།།
ཆོས་ལུགས་ནི་དཔལ་ཡུལ་རང་རྐང་ཁྱད་པར་དུ་གཏེར་ཆེན་རདྣ་གླིང་བའི་གཏེར་ཆོས་དང་། གནམ་ཆོས་མི་འགྱུར་རྡོ་རྗེས་གཙོ་བོར་བྱས་པའི་ཀརྨ་གླིང་བ། འཇའ་ཚོན་སྙིང་བོ་སོགས་ཀྱི་དབང་ལུང་དར་རྒྱས་སུ་གྱུར། སྙིང་ཐིག་དུམ་གཉིས། རིན་ཆེན་གཏེར་མཛོད། རྒྱུད་ཕུར། བཀའ་གཅོད། སྒྱུ་འཕྲུལ་སོགས་བཀའ་གཏེར་ཕལ་ཆེར་དར།
དུས་མཆོད་ཀྱི་རྒྱུན་སྲོལ་ནི། ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ནས་བཀའ་འགྱུར་དག་འདོན་གཅིག་ཧོར་ཟླ་བཞི་པའི་ཚེས་སུམ་ཅུའི་བར་སྨྱུང་གནས་ཆ་བརྒྱད་བླ་སེར་ཕྱེད་ཀྱིས་རེས་མོས་འཚོགས། ཧོར་ཟླ་ལྔ་པའི་ཚེས་བཞི་ནས་ཉིན་བཞི་ལ་མགོན་པོ་ཚོགས་བདག་དང་། གེ་སར་གསོལ་ཁ་བཅས་དང་། ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་ནས་དབྱར་གནས་འཚོགས་སྲོལ་དེ་ཟླ་བ་གཅིག་གིས་སྔ་བ་དེ་ནི་པན་ཆེན་ཤྰ་ཀྱ་ཤྲིའམ། མངའ་རིས་པཎ་ཆེན་གྱི་ལུགས་ཡིན་ནམ་བླ་རྒན་རྣམས་ཀྱི་སེམས་ལ་མི་གསལ། ཞེས་རྔ་ཟི་མཁན་པོ་རིག་འཛིན་འཟང་པོས་གསུངས་དར། དུས་འགྱུར་སྔོན་ཙམ་ནས་ཟླ་བ་དྲུག་བར་བསྒྱུར་བ་བཞིན་ད་ལྟའང་དེ་ཡིན། ཧོར་ཟླ་དྲག་པའི་ཚེས་གསུམ་ནས་ཉིན་བརྒྱད་[page 529] བར་ཐོས་གྲོལ་དབང་སྟོང་དང་། ཚེས་བཅུའི་ཉིན་ལ་མཚན་བརྒྱད་གདན་འདྲེན་འཆམ་སྣ་ཉི་ཤུ་ཡོད། ཚེས་བཅུ་བཞི་ནས་དགེ་ཚུལ་སློང་ཉི་ཤུ་རྩ་ལྔ་དྦཡར་གནས་ཟླ་ཕྱེད་གཉིས་དང་། ཧོར་ཟླབརྒཡད་པའི་ཚེས་གཅིག་ནས་སྒྲུབ་ཆེན་སྣ་སེལ་ཕུར་བ་སྲི་མནན། གདུགས་དཀར་སོགས་དང་། གླིང་གི་དཔའ་ཐུལ་སུམ་ཅུ། གིང་ཀུན་ཐུབ་བྱིན་འབེབས་གྲོ་ལོང་བཅས་འཆམ་སྣ་བདུན་ལྷག་ཙམ་ཡོད། ཧོར་ཟླ་དགུ་བའི་ཚེ་ཉེར་དགུ་ནས་འོད་དཔག་མེད་མྱུར་ལམ་ཞིང་སྒྲུབ་ཀྱི་ཁྲིད་ལ་ཉིན་བདུན། ཕུར་བ་རབ་གནས་ཚོགས་འཁོར་སོགས་ཉིན་དྲུག་ཡིན་པ་དང་། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནས་དགུ་གཏོར་བཀའ་བརྒྱད་སེང་གདོང་གཉིས་ཉིན་བཞི་ལ་དགེ་འདུན་ཕལ་ཆེར་འཚོགས་པའོ།།
ད་ལྟའི་གནས་ཚུལ་ནི། རིག་གནས་གསར་བརྗེའི་སྐབས། དགོན་པ་དང་གནའ་རྫས་གཏོར་བརླགས་སོང་བའི་ཚུལ་ནི་ཡིད་སྐྱོ་བའི་གནས་ཤིག་ཡིན། འོན་ཀྱང་སྤྱི་ལོ་༡༩༨༥ལོར་སྡེ་དགེ་ཆོས་ལུགས་ཅུས་ཀྱི་དགོན་པ་སླར་གསོའི་བཀའ་ཐོབ་འཕྲལ་དགོན་འདིར་ཤིན་ཏུ་བཀའ་དྲིན་ཆེའི་མཁན་ཆེན་ཐུབ་བསྟན་ནོར་བུ་དང་། སྟོང་ཟ་རྟོགས་ལྡན་བློ་བཟང་འཕྲིན་ལས། དགེ་འདུན་སྤྱི་ཡིས་སྔར་གྱི་ཇོ་དར་དགོན་ཉམས་གསོ་མཛད་འདོད་ཤིན་ཏུ་ཆེ་བ་དང་། ཡུལ་སྡེ་སྤྱི་ཡི་འདོད་བློ་ལྟར་དགོན་ས་བཙལ་བས་ཐོག་ངར་ཕུར་བའི་རྡོ་འབུམ་བཞེངས་པའི་གནས་ཉི་མདོའི་རྡོ་རྒྱུད་ཆོས་ཀྱི་དོ་ར་དེ་ནི། རྒྱབ་རི་ས་སྔོན་སྟག་རྩེ་འི་མདུན་ཞོལ། རི་ངོས་སུ་སྐྱེ་མེད་ར་ཡིག་རང་བྱོན། མདུན་སྐྱིད་ཉི་མ་རང་ཤར་གྱི་ལན་དེར། སའི་ཀ་བཞི་སྲུང་བཞི་སོགས་དཔལ་ཕུན་སུམ་ཚོགས་ས་དེར། འདུ་ཁང་བརྩེགས་གཉིས་ཀ་བ་སོ་དྲུག་དང་གསེར་ཏོག་སྤེལ་རྒྱ་ཅན། ཡང་འཁོར་ཁང་སྒྲུབ་གྲྭ་ཀང་བཅས་བཞེངས་གྲུབ། དགོན་མིང་ཐུབ་བསྟན་བཤད་སྒྲུབ་ཆོས་འཕེལ་གླིང་ད་གྲགས་པ། སྔར་ཇོ་དརདགོན་ཐུབ་བསྟན་དང་ད་ལྟ་བཤད་སྒྲུབ་གཉིས་ཡོད་པའི་དོན་ཡིན་གསུངས། བླ་མ་གཉིས་དགོངས་པ་རཛོགས་རྗེས་སུ། མཁན་ཆུང་བུམ་པ་དང་། མཁའ་འགྲོ་དཀོན་མཆོག་ཆོས་སྒྲོན། མཁན་རིན་པོ་ཆེའི་ཕྱག་མཛོད་ལེགས་སྒྲུབ་རྣམས་ཀྱི་དུས་སུ། སློབ་གྲྭ་ཁང་། རྔ་ཁང་། ཇ་ཁང་། ཇ་ཁང་བཅས་བཞེངས་མས་གརུབ་པོ།། དགོན་འདིའི་ནང་རྟེན་ནི། ཟངས་གསེར་ལས་གྲུབ་པའི་གུ་རུ་སྣང་སྲིད་ཟིལ་གནོན་ཁང་བརྩེགས་ཀྱི་ཚད་དང་། ཀློང་ཆེན་རབ་འབྱམས་དང་། འཇིགས་མེད་གླིང་བ་གཉིས་ལུས་ཚད་མ། འཇམ་དབྱངས་སྐུ་མདའ་ཚད་མ། གསེར་སྐུ་ལི་མ་མཐོ་ཚད་མ་ཆ་ཤས་བཞུགས། གུ་རུ། རྡོར་སེམས། སྒྲོལ་མ་མཅས་སྟོང་ཐང་ལྔ་དང་། གསུང་རྟེན་སྐོར་ལ། བཀའ་འགྱུར་གཅིག་བསྟན་འགྱུར་གཅིག་རྙིང་མ་རྒྱུད་འབུམ་དང་། གཏེར་མཛོད་སོགས་པོད་བཞི་བརྒྱ་ལྷག་བཞུགས། ཐུགས་རྟེན་ལ་ཟངས་གསེར་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་མདའ་ཚད་མ་གིག་བཅས་སོ། །སྒྲུབ་གྲྭ་ཁང་དུ་རྟེན་ཟངས་གསེར་གྱི་གུ་རུ་དང་། ཀརྨ་གླིང་བ་གཉིས་[page 530] མདའ་ཚད་རེ་དང་། རྡོར་སེམས་སྟོང་ཐང་། ཞི་ཁྲོ་ཀ་ཤོག་གཉིས་བཅས་སོ།།
དེང་གི་དགོན་འདི་ཡི་ཡོན་ཏན་འབྱུང་ཁུངས། མཁན་ཐུབ་ནོར་དང་། སྟོང་ཟ་བློ་འཕྲིན། ཕྱག་མཛོད་ལེགས་སྒྲུབ་བཅས་ཀྱི་ཕྱག་རྒྱུ་ཡོངས་རྫོགས་དང་། རྒྱལ་ཁབ་ཀྱི་དགོན་པ་ཉམས་དསོའི་སགོར་གཅིག་ཁྲི་ཉིས་སྟོང་བདུན་བརྒྱ། དགེ་འདུན་འདུ་སྒོའི་རྒྱུ་རྫས་གྲོན་རླག་མ་ཀོར་བར་དགེ་སྐོས་བཞིས་བསགས་པ། ཡུལ་སྡེའི་རང་མོས་ཀྱི་དད་པས་འབུལ་བ་བཅས་ཀྱིས་ཐོན་པ་ཡིན་ནོ།
དགོན་འདིར་དགེ་འདུན་གྱི་གྲངས་ནི། མཁན་པོ་གཅིག མགོན་བླ་གཉིས། སྒྲུབ་གྲྭ་བཅུ་ཕྲག་གཅིག བཤད་གྲྭ་བཅུ་ཕྲག་གཅིག བླ་གྲྭ་དགེ་འདུན་འདུས་པ་ཡོངས་བཅུ་ཕྲག་མདུན་ཞྷག་ཀྱིས་དགོན་པ་འདི་ཡི་བསྟན་པའི་དོན་དུ་ཐུགས་ཁུར་ལྷོད་མེད་དུ་མཛད་པའོ།།
དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་༡༨༤༥ལོ་ནས་༡༩༠༢ལོའི་མར་བཞུགས་པའི་རྗེ་བླ་མ་དམ་པ་པདྨ་འགྲོ་འདལ་རྩལ་མཆོག་ཉིད་ཡིན། ཆགས་པའི་ཡུལ་ནི་བོད་གངས་ཅན་གྱི་ལྗོངས་འདིར་ཆོལ་ཀ་དསུམ་དུ་གྲགས་པའི་ཡ་གྱལ། མདོ་སྟོད་མའི་ཆོལ་ཁའ་ནང་གསེས། ཁྲ་མོ་གླིང་དཀར་སྡེ་པའམ་གླིང་ཚང་ཞེས་ཡོངས་སུ་གྲགས་པའི་ས་འདིར། ཀུན་གཟིགས་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་མཆོག་ཉིད། རྫོང་བྲག་གི་གནས་འདིར་བཞུགས་སྐབས། གནས་ཀྱི་ཁ་བྱང་ལས། ཨེ་མ་སྐལ་ལྡན་བུ་ཁྱོད གསལ་སྣང་ཞེན་པས་མ་འཆིང་སྣང་སྲིད་ལྷ་ཡི་དཀྱིལ་འཁོར གྲག་སྟོང་སྒྲ་ཡིས་མ་འཆིང་སྒྲ་གྲགསསྔངས་ཀྱི་རོལ་པ་འཁྲུལ་མ་རྒྱ་ཡན་མ་བཏང་ཞེས་སོགས་གསུངྶ། དགོན་པ་ཐོག་མར་འདེབས་ཤ་ཤོ་ནི། གླིང་གི་དབོན་རྒྱུད་དཔོན་ཨྱོབ་ཚེ་ཐར་གླིང་གི་རྒྱལ་སར་བཀོད། ཧོར་ཁང་པའི་སྲས་མོ་ནམ་མཁའ་སྒྲོལ་མ་ཁབ་ཏུ་བཞེས་པའི་སྲས་བཞིའི་ནང་ཆེ་ཤོས་ནི་ཨྱ་རིནཔོ་ཆེའི་སྤྲུལ་པའི་ཟློས་གར་རྗེ་བླ་མ་དམ་པ་པདྨ་འགྲོ་འདུལ་རྩལ་འདི་ཉིད་ཡིན། རིགས་ཀྱི་ཆེ་བ་རྒྱལ་རིགས་སུ་འཁྲུངས། ཞེས་གསུངས་པ་ལྟར། རབ་བྱུང་བཅུ་བཞི་པའི་ཤིང་མོ་སྦྲུལ་གྱི་ལོར་སྐུ་བལྟམས། མཚན་ཀུན་དགའ་བསོད་ནམས་གསོལ་ཞིང་། སྐུ་ཆུང་ངུ་སྐུ་ཆང་ང་བྱིས་པའི་དུས་ནས་བཟང་པོའི་བག་ཆགས་སད་པ་ལ་ཡི་གེ་རིགས་བསླབ་པ་སོགས་མཁྱེན། གཞོན་ནུའི་རོལ་རྩེད་དུའང་དགོན་པའམ་འདུ་ཁང་གི་བཀོད་པ་ཧིང་སྒོམ་དང་ས་འདམ་གྱི་བཅའ། དུས་ཆེན་ཙེས་བཅུ་ཧར་དུས་ལྡེ་བཟོའི་མི་གཟུགས་མང་པོའི་ཙེས་བུའི་འབག་འཆམས་བྱ་ཚལ་མཛད། དགུལལོ་བདུན་བརྒཡད་ནས་ཨྱོན་རིན་པོ་ཆེ་དང་ཡེ་ཤེས་མཚོ་རྒྱལ་གྱིས་ཞལ་གཟིགས་ཚེ་སྒྲུབ་སྐོར་དང་། ཕུར་སྒྲུབ་ཇོ་མོའི་ལགས་གྲོ་ལོད་སྒྲུབ་ཐབས་དག་[page 531] སྣང་ཆོས་ཚན་ངལ་པོ་སྩལ། གཏེར་སྟོན་བདུན་འདུལ་རྡོ་རྗེ་དང་ཀློགགསལ་སྙིང་སོགས་ཀྱི་གཏེར་ཆོས་དབང་ལུང་རྣམས་གཏེར་སྟོན་པདྨ་དབང་ཕྱུག་གི་སྲས་བརྒྱུད་བླ་མ་ཞིག་བཞུགས་པའི་མདུན་ནས་གསན། བྱིས་རྩེད་ལྟ་བུས་རྩ་གསུམ་སྒྲུབ་ཆེན་ཕྱག་བཞེས་ལྟར་བཙུགས། སྔགས་རྒྱུན་སར་སྐྱ་སེར་གང་རིགས་གཉིས་གསུམ་རེ་བཞག དེའི་ཀ་པྭ་ལའི་ང་ཆང་མདོག་མཐིང་ལྗང་དུ་འགྱུར་བ་དང་། སྒྲུབ་ཁང་སྤོས་སྨན་དྲི་ངད་ལྡང་བ་སོགས་བྱུང་ང་བྱིས་པ་གཞོན་བུས་སྐུ་རྩེད་ཡིན་ཁུལ་གྱིས་དག་སྣང་སྐྱེས་མཀན་ཉུང་། གླིང་སྲས་ཆེ་ཤོས་ཡིན་སྟབས་རྒྱལ་སྲིད་ལོ་ཤས་འཛིན་ལྡན་ཁོག་གི་དཔྱ་ཁྲལ་བསྡུ་སྐབས་གློང་ཐང་སྒྲོལ་མ་ལྷ་ཁང་དུ་བྱོན། མཆོད་འབལ་གསོལ་བཏབ་མཛད་པས་རྗེ་བཙན་སྒྲོལ་མའི་ཞལ་གཟིགས་སྒྲབ་ཐབས་དང་ལུང་གསན། ཚར་ཚར་དགོན་ད་དཔལ་གཡང་དྲུང་རྗེ་དབང་ཀརྨའི་སྤྲུལ་སྐའི་ཀར་ལགས་རྡོ་རྗེ་ཕག་མོའི་དབང་ཞུ་གྲབས་ཀྱི་ནུབ་མོར་གདེར་རྡོར་རྭ་གཅིག་ལ་སྐྱོན་བྱུང་བ་རྙིད་པ་རྨིས། ཕྱི་ཉིན་དབང་ཐོབ་པས་ལྟས་སུ་སོང་། བདུད་འདལ་རྡོ་རྗེའི་སྲས་རྒྱུད་པདྨ་རྣམ་རྒྱལ་ཡབ་སྲས་གླིང་གི་སར་གདན་དྲངས། དབང་ལུང་ཤིན་ཏུ་མང་པོ་གསན། ཞབས་ཏོག་རྒྱ་ཆེར་སྒྲུབ། དེའི་ཚེ་པདྨ་རྣམ་རྒྱལ་ཞལ་ནས་འདུས་བྱས་སྤྱི་དང་ཁྱད་པར་སྡེ་ཁོག་དཔོན་པོ་ལ་སྙིང་པོ་མེད། དབེན་གནས་ཀྱང་སྣ་བྲག་རྡོ་རྗེ་རྫོང་འདིར་སྔོན་གྱི་ལས་སྨོན་ོད་པའི་གནས་ཡིན་ཙལ་གསུངྶ། དེའི་རྐྱེན་གྱིས་འཁོར་བ་ལ་བློ་ལོག གླིང་སྲས་མེད་ཟླ་རྣམས་སྐ་ནར་འཕར་བས་རྗེ་དེ་ཉིད་ཀུ་སྰ་ལིའིསྤྱོད་པ་ཁོ་ན་སྣ་བྲག་དབེན་རིར་ཕེབས། དེར་རྡོ་བརྩིགས་ལོ་གཅིག་གཉིས་ཙམ་ཤིང་ཐག་བརྐྱང་པར་རས་ཡོལ་བཀབ་ནས་བཞུས་གནས་མཛད། སྐུ་འཁོར་གསུམ་བཅས་རྩ་གསུམ་མཁའ་འགྲོ་མང་པོའི་བསྙེན་སྒྲུབ་ཁོ་ནར་བརྩོན་ཚེ་ཉམས་ལེན་གྱི་དྲོད་རྟགས་འབར། རྫོགས་ཆེན་དགོན་དུ་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་གདན་དྲངས། དབང་ལང་ཕུལ། ཚུར་ལའང་གཏེར་རྙིང་མང་པོ་གསན། དེ་སྐབས་ཙམ་ནས་སྣ་བྲག་ཏུ་སྒྲུབ་ཁང་ཆུང་ང་བཞེངས། སྐུ་འཁོར་ཉི་ཤུ་བསྐོར་གྱིས་གེར་ཆེན་ར་ཏྣ་གླིང་པའི་གེར་བྱོན་ཐགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་སྨན་སྒྲུབ་དང་སྦྲེལ་བ་ཞག་བདུན་ཕྲག་རེ་བཙུགས། གཞན་ཡང་དུས་ངན་བཟློག་རིན་བླ་མ་མཁྲོའི་ལུང་བསྟན་ལྟར་བརྩོན་ནས་བསྟན་པ་དང་སེམས་ལ་ཕན་ཐབས་སྒྲུབ། པདྨ་དྲག་པོ་ཡཀྴ་མེ་དབལ་སྐོར་སོགས་དག་སྣང་གི་ཆོས་སྡེ་འགའ་ཞིག་གཏན་ལ་ཕབ་ཅིང་། ལྷོ་བྲག་གཏེར་བསྐལ་གཏེར་སྲུང་དགེ་བསྙེན་ཁ་རིས་བི་མ་ལ་མི་ཏྲའིསྒྲུབ་བསྐོར་སོགས་ཁྱེར་ཏེ་དངོས་སུ་ཕུལ། རྒྱ་ནག་རི་བོ་རྩེལྔ་ནས་བི་མ་ལ་དངོས་སུ་མཇལ་ནས་དམལ་བསྐུར་བྱིན་གྱིས་བརླབས་པའིདག་སྣང་[page 532] ཤར། སྒྲུབ་ཐབས་ཉུང་ངུ་དང་དུས་བབས་ཀྱི་ལུང་བསྟན་གནང་། སྣ་བྲག་རྡོ་རྗེའི་རྫོང་ཞེས་པའི་གནས་འདི་ཉིད་ཀྱི་རྒྱུ་མཚན་ནི། ཨོ་རྒྱན་རིན་པོ་ཆེའི་ལྷ་སྲིན་སྡེ་བརྒྱད་དམ་འོག་དུ་བཅུག་སྐབས་སྲིན་པོའམ་དམ་སྲི་མ་རུང་པ་ཞིག་བྲོས་ཏེ་སོང་བ་དང་། ཨོ་རྒྱན་གྱིས་པདྨ་དབང་ཆེར་སྐུར་བཞེངས་ནས་དབང་དུ་བསྡུས་པས་སྣ་བྲག་ལ་གནས་སོང་ཚེ། དེ་མ་ཐག་ཕྱག་གིས་རྡོ་རྗེ་འཕང་ནས་བྲག་ལ་རྒྱབ་པས་བྲག་ཟང་ཐལ་དུ་ཕུག་སྲིན་པོ་དམ་སྲི་མ་རུང་པ་བཏུལ་ནས་གནས་དེའི་རི་བྲག་ཀུན་ཏུ་ཆོས་དང་དམ་རྫས་མང་པོ་གཏེར་དུ་སྦས། དམ་ཅན་རྡོར་ལེགས་དང་བཙན་རྒོད་རོལ་པ་རྐྱ་བདུན་ཀླུ་དང་སྲིན་པོ་དམ་ཚིག་ལ་གནས་པ་རྣམས་ལ་གཉེར་དུ་གཏད་པ་རྣམས། སྔོན་གྱི་གཏེར་སྟོན་འགའ་ཞིག་གིས་རང་སྐལ་ལས་སྨོན་བཞིན་གདན་དྲངས་པ་དང་། རྙེ་འདི་ཉིད་ལའང་བཀའ་བབས་ཡོད་པ་རྣམས་གཏེར་ནས་བཞེས་རྒྱུ་ཡོད་ཀྱང་། གཏེར་བདག་གསང་ཡུམ་ལུང་བསྟན་དང་མཐུན་པ་ནི་གཞན་དབང་དུ་སོང་། འབྲིང་སྨན་ཙམ་གྱིས་མཚན་ཉིད་ཅན་ཕྱག་རྒྱར་བཞེས་ཀྱང་རྟེན་འབྲེལ་གྱི་གནད་འགོག འོན་ཀྱང་གཏེར་སྲུང་རྣམས་ཀྱིས་ནོར་བདག་པོ་ལ་སྤྲད་པ་བཞིན་དངོས་དང་ཉམས་སྣང་འདྲེས་སྐབས་གཏེར་སྒྲོམ་ཤེལ་གྱི་མཆོད་རྟེན་དུ་ཤོག་སེར་ཡོད་པ་ཕུལ་བར། ཡང་གསང་མཁའ་འགྲོ་སྙན་རྒྱུད་སྐོར་གྱི་ཤོག་སེར་དང་གཏེར་རྫས་འགའ་ཞིག་དངོས་སུ་མཇལ་རྒྱུ་ཡོད། དག་པའི་སྣང་བ་ཨོ་རྒྱན་རིན་པོ་ཆེ་དངོས་སུ་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས་ཅིང་བརྡ་ཚིག་རང་གྲོལ་དུ་བཀའ་བབ་པའི་ཟབ་ཆོས་ཡིན་ཕྱིར་ཐམས་ཅད་དག་སྣང་གི་ཆོས་སྡེར་གཏོགས་པ་ཡིན་པས་དད་འདུན་ཅན་གྱིས་ཉམས་སུ་ལེན་ན་ལེགས་པའི་མཚན་ལྟས་མཐོང་ཆོས་ཅན་དུ་བཞུགས། གསུངས་ཆོས་སྣ་ཚོགས་བཞུགས་པ་ལ། ཐམ་ཡིག་ཁ་བྱང་ཞིབ་རྒྱས་ཆ་ལག་ཚང་མ་ཞིག་གི་འཕྲོ་ལུས་པ་ལྟར་མཛད། དེང་སང་ཆོས་དང་ཆོས་མིན་དབྱེ་དཀའ་བ་དང་། ཡུལ་གྲུ་རེ་ལ་གཏེར་སྟོན་འདྲ་བ་རེ་འབྱུང་ཕྱིར་སེམས་ཅན་ལས་ངན་གྱི་དབང་ཆེ་སྟབས། རྟེན་འབྲེལ་གྱི་གནད་འགའ་ཞིག་འཆུག་ཅིང་ནག་ཕྱོགས་ཁ་རྒྱལ་བའི་སྟོབས་ཀྱིས་སྙིང་ནས་དད་པའི་བློ་བརྟན་དགའ་བས་རྩོད་མེད་ཀྱི་ཆོས་རྣམས་མ་གཏོགས་གཏེར་གསར་སྤེལ་བའི་སྣོད་ལྡན་དཀའ་ཕྱིར་རང་གིས་ཉམས་ལེན་དང་གཞན་ལའང་གཏེར་རྙིང་ཚད་ལྡན་སྤེལ་ཐུབ་ན་ལེགས་ཞེས་ཡང་ཡང་གསུངས། སྣ་བྲག་གནས་དེར་ཡུན་རིང་བཞུགས་ཅིང་གདུལ་བྱ་སྨིན་གྲོལ་ལ་བཀོད་པའི་ཕྲིན་ལས་རྒྱས་ཚེ། རྫོང་དགོན་གཏེར་སྟོན་པདྨ་དབང་ཕྱུག་གིས་གནས་གཞི་ཕུལ་བ་ལ་གཞི་བཅས་ནས་བཞུགས་ཤིང་། སླར་ཡང་བྱང་ཆུབ་སེམས་ཀྱིས་གདུལ་བྱ་རང་ཤུགས་ལ་འདུལ་བའི་འགྲོ་དོན་མ་འབད་ལྷུན་འགྲུབ་དབང་གིས་ཟང་ཟིང་འབྱོར་བ་རྒྱས་པ་དང་། བཟའ་བརྒྱད་བདེར་འདུས་ཀྱི་གཏོར་བཟློག་དང་། སྒྲུབ་མཆོད་ལ་སྨན་སྒྲུབ་སྦྲེལ་བ་སོགས་ལོ་རེ་བཞིན་དུས་མཆོད་ཟབ་རྒྱས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་བཙུགས། སྐྱེས་རབ་དཔག་བསམ་འཁྲི་ཤིང་སོགས་རྒྱུ་བཟང་སྤུས་ལེགས་ཀྱི་ཞལ་ཐང་ཉིས་བརྒྱ་ལྷག་[page 532] ཙམ་དང་བཀའ་འགྱུར་དང་བསྟན་འགྱུར་བཀའ་གཏེར་གསར་རྙིང་གི་པུ་སྟི་སྟོང་ཕྲག་ཙམ་དང་། གསེར་སྐུ་མང་པོ་སོགས་རྟེན་ཤིན་ཏུ་ངོ་མཚར་བཞེངས། ལྷ་ལྡན་ལ་གནས་མཇལ་ཕེབས་ནས་དབུས་གཙང་གི་གྲུབ་མཐའ་རིས་མེད་སོགས་ཐམས་ཅད་ལ་བཀུར་བསྟི་འབུལ་ནོད་རྒྱ་གང་ཆེ་བསྒྲུབས། གསང་སྔགས་རྙིང་མའི་བཀའ་གཏེར་ཡོངས་གྲགས་ཀྱི་དབང་ལུང་དང་། གསར་མ་ཤིན་ཏུ་མང་པོའི་དབང་ལུང་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་སོགས་གསན་བཞེས་གནང་བའི་གསན་ཡིག་ཟུར་གསལ་ལྟར་ལ་དེ་རྣམས་རྡོ་བྲག སྨིན་གླིང་། འབྲི་གུང་། ལྷོ་བྲག་ཕྱོགས་སྟོད་ཀྱི་བླ་མ་རྣམས་དང་། རྒྱལ་རོང་ནམ་མཁའ། ཁམས་རྫོགས་ཆེན་སྤྲུལ་པའི་སྐུ། ཞེ་ཆེན་སྤྲུལ་སྐུ་རྣམས་དང་ཤར་ཀཿཐོག་རྡོ་རྗེ་གདན་དུ་གདན་འདྲེན་གནང་སྐབས་སོགས་སུ། དགེ་སྤྲུལ་རིན་ཆེན་ཚེ་དབང་གྲུབ་པ། མོང་ཚ་སྤྲུལ་པའི་སྐུ་དཔལ་ཡུལ་དགོན་དུ་ཕེབས་སྐབས་དཔལ་ཡུལ་སྤྲུལ་པའི་སྐུ་སོགས་ཡོངས་གྲགས་ཀྱི་བླ་མ་རྣམས་དང་། གཞན་ཡང་བླ་མ་དབང་ལུང་ཚུར་གསན་པ་དང་། ཕར་ལ་ཕུལ་བ་སོགས་ཀྱིས་བསྟན་པ་མི་ནུབ་པའི་བཅས་རྒྱ་ཆེར་བསྒྲུགས། ཐར་རྩེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་ས་སྐྱའི་བླ་མ་མང་པོ་དང་། ཀརྨ་པ་ཇེག་མཆོག་རྡོ་རྗེ་སོགས་བཀའ་རྒྱུད་ཡབ་སྲས་མདུན་དང་དབང་ཆོས་ཟབ་མོ་གསན་ཅིང་འབུལ་ཞབས་རྒྱ་ཆེར་བསྒྲུབ་པ་སོགས་ཟང་ཟིང་ཅུང་ཆུད་ཟོས་མེད་པའི་དཀོན་མཆོག་མཆོད་པ་ལ་བརྩོན།
གདན་རབས་རགས་རིམ། དེ་ནས་རིམ་བཞིན་པདྨ་འགྲོ་འདུལ་རྩལ་གྱི་རྒྱལ་ཚབ་འགྱུར་མེད་པདྨ་ཀུན་གྲོལ་དང་། དེའི་རྒྱལ་ཚབ་འགྱུར་མེད་པདྨ་བསྟན་འཛིན་འདིས་རྫོང་དགོན་ཐེག་མཆོག་དར་རྒྱས་གླིང་གི་ཆོས་སྡེ་ཉམས་གསོས་ལ་མཛད་རྗེས་ཤིན་ཏུ་ཆེ་བས་ཁོང་གི་མཛད་རྣམ་རགས་ཙམ་ནི། ཁོང་ནི་མེ་གླང་ལོར་སྐུ་འཁྲུངས། རྫོང་བྲག་གནས་རིའི་རྩེ་ལ་སྒྲུབ་པའི་རྒྱལ་མཚན་བཙུགས། སྒྲུབ་གྲྭ་བཅུ་ཕྲག་ཙམ་རེས། ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ལྟར། གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཏེར་ཆོས། བདེ་གཤེགས་ཀུན་འདུས་ཕྱི་ནང་གསང་གསུམ་གྱི་ལམ་ཆ་ཚང་གི་སྒྲུབ་པ་དང་། གཞན་རྙིང་གཏེར་སོགས་ཀྱི་སྒྲུབ་པ་དང་། བསྐྱེད་རྫོགས་སྒོམ་གསུམ་གྱི་ཉམས་ལེན་ལོ་གསུམ་ཟླ་གསུམ་ཞག་གསུམ་ལ་སྒྲུབ་དཔོན་གྱིས་ཞལ་བཀོད་དང་སྒྲག་ཁྲིམས་ལྟར་ཕྱི་མི་ནང་ལ་འགྲོ་མི་ཆོག ནང་གྲྭ་ཕྱི་ལ་འདུག་མི་ཆོག་པ་སོགས་ཀྱི་མཐར་དགུན་ཟླ་འབྲིང་པོའི་ཚེས་བཅུ་ཉིན་ཞོགས་པར་སྒྲུབ་པའི་རྟགས་ཐོན་མི་ཐོན་གྱི་རྒྱུགས་ལེན་བྱེད་ཚུལ་ནི། རས་དཀར་ཡུག་རེ་ཆུ་ལ་ཡང་ཡང་བསྒྲེང་ཏེ་སྐུ་ལུས་གཅེར་བུར་བནབས་པས། ཀུན་གྱི་མིག་ལམ་ལ་སྐམ་སྐོམ་མཐོང་རྒྱུ་ཡོད་པ་སོགས་ངོ་མཚར་ཆེ་བའི་སྒྲུབ་གྲྭ་ཞིག་ཆོས་རྒྱུན་མ་ཆད་པར་ད་ལྟའི་བར་གནས་ཡོད་དོ། དགོན་འདིར་འདུ་ཁང་སྤུས་ལེགས་ཞིག་དང་། པར་ཁང་གཅིག་སོགས་བཞེངས། ལི་གཏེར་གཉིས་ཀྱི་སྐུ་དྲུག་ཅུ་ཙམ་དང་། ཟངས་གསེར་སྐུ་ལུས་ཚད་མ་བཅུ་གསུམ་[page 534] དང་། མཁན་སློབ་ཆོས་གསུམ་དང་མཚན་བརྒྱད་ཟངས་གསེར་སྐུ་དང་། བཀའ་འགྱུར་བསྟན་འགྱུར། གཏེར་མཛད་སོགས་དང་། གཞན་བཀའ་གཏེར་གསུང་པུ་ཏུ་བརྒྱ་དང་། རྒྱ་ནག་ཁྲི་ཆས་དང་། ལྕང་སྐྱའི་ཁྲི་ཆས། འཆམ་ཆས་གོས་བཟང་སེར་ཁྲ་ཆ་ལྔ། མཁའ་འགྲོ་སྤྲིན་ཐགས་ཆ་བཞི། གཞན་ཡང་གོས་བཟང་འཆམ་ཆས་བཅས་ཉིས་བརྒྱ་ལྔ་བཅུ་ཙམ་དང་། རྒྱ་གླིང་གསེར་དངུལ་བཀྲ་མ། རྐང་གླིང་གསེར་དངུལ་བཀྲ་མ་བཅས་ཆ་བཞི། དུང་དམར་གསེར་དངུལ་བཀྲ་མ་ཆ་བདུན། བྱིན་འབེབས་བཅུ་དྲུག་ལ་ཟངས་གསེར་གྱི་སྲོག་ཞུར་གཡུ་བྱུ་རུའི་ཕྲ་རྒྱན་ཅན། གསེར་དངུལ་གྱི་མཆོད་ཆ་ཆ་གསུམ། གསེར་དངུལ་བཀྲ་མའི་སྟོང་མཆོད། རོལ་ཆས་རིགས་ནི། དཀར་མོའི་མཛོ་བརྒྱ་མ་ཆ་གཉིས་རྒྱ་སྤྲེལ་ཐོད་ཆ་བཞི། གྲ་རོལ་ཆ་ལྔ་དང་། རྒྱ་ཧོར་ཆ་གསུམ། སིལ་སྙན་ཆ་ཉི་ཤུ་རོལ་མོ་སུམ་བཅུ་དང་། འཁར་རྔ་ཆེ་ཆུང་བཅི་ལྔ་དང་། གུང་གདན་བཞི། སྟག་གདན་དྲུག གཟིག་གདན་བཅུ། སོགས་བཞེངས་ཡོད་ལ། དགོན་འདིར། དུས་མཆོད་བཅུ་གསུམ་ཡོད་པ་ལས། དང་པོ། ཆེན་མོ་རྣམ་གསུམ་ཡོད་པ་དེ། སྤྲེལ་ཟླའི་ཚེས་བཅུ་ཆེན་མོ། ས་ཟླ་སྒྲུབ་མཆོད་ཆེན་པོ། ལོ་མཇུག་དགུ་ཆེན་ཆེན་མོ་དང་། འབུམ་འགྱུར་ཟླ་བའི་ནས་ཕྱར་པའི་བུམ་སྒྲུབ། སྤྱི་འདུལ་བུམ་སྒྲུབ་དང་། ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་དུས་འཁོར། ཧོར་ཟླ་བཅུ་པ་ནང་འཁོར་བ་དོང་སྤྲུགས་དང་རབ་གནས་ཡིན། དབྱར་སྔ་མར་དབྱར་གནས་དང་། ས་ཟླའི་ནང་ཚེ་སྒྲུབ་འཚོགས་རྒྱུ་ཡོན་ནོ། ཡོན་བདག་གམ་སྤྱི་བ་ནི། ཆེན་མོ་རྣམ་གསུམ་གྱི་གཙོའི་དུས་མཆོད་བདུན་གྱི་ཡོན་བདག་ནི་གླིང་ཞྭ་ལམ་རབ་འབྱམས་
ཚང་ཡིན། བུམ་སྒྲུབ་གསུམ་རྗེ་དྲུང་བླ་བྲང་ཡིན། དུས་མཆོད་གསུམ་འདན་མ་ཕྱོགས་བཞི་མའི་སྤྱི་བ་བྱེད་དོ།།
མཁན་རབས་ནི་མཁན་ཚུལ་ཁྲིམས་རྒྱ་མཚོ། མཁན་ཀརྨ་རྒྱ་མཚོ། མཁན་ཐུབ་བསྟན་དགེ་ལེགས་རབ་རྒྱས། ཚེ་དབང་ཀུན་ཁྱབ། ཨོ་རྒྱན་རྡོ་རྗེ། སྨོན་དགའ། སྨན་ལྷ་ཚེ་རིང་། ཐུབ་བསྟན་འོད་གསལ། ཨོ་རྒྱན་སྐབས། མཁན་པདྨ་ཆོས་འཛིན་བཅས་བྱོནནོ། དེའི་སྐབས་སུ་གྲྭ་ཤག་དྲུག་བཅུ་དང་། གྲྭ་པ་སུམ་བརྒྱ་ལྷག་ཙམ་ཡོད་པ་ཡིན། དགུང་ལོ་བཅུ་གསུམ་ཐོག་གླིང་རྫོང་དགོན་འདིའི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་སྲོག་ཤིང་ལྟར་གྱུར་ནའང་སྐབས་ཤིག་ལ་བསྟན་པའི་ཉི་མ་ནིབ་རིར་ཆས་པ་དང་། བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང་སྟེ་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ། དེང་གི་སྐབས་ཆོས་ལྡན་བོད་འབངས་ཀྱི་དད་པའི་རང་དབང་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག་པ་ལྟར་གདན་ས་འདིའི་སྔར་གྱི་མཆོག་སྤྲུལ་བཞི་པ་འགྱུར་མེད་བཤད་སྒྲུབ་བསྟན་འཕེལ་གྱི་ཐུགས་རྗེ་འོད་ཟེར་མཛད་པའི་ཕྲིན་ལས་ཀྱིས་བསྟན་འཕེལ་གྱི་ཐུགས་འོད་ཟེར་མཛད་པའི་ཕྲིན་ལས་ཀྱིས་[page 535] བསྟན་པའི་མེ་རོ་སློང་ཚུལ་ནི། སྔ་ལུགས་ལྟར་སྒྲུབ་གྲྭ་ཚུགས་པ་དང་། བཤད་གྲྭ་འདུ་ཁང་དང་གྲྭ་ཤག་སུམ་ཅུ་ཙམ་བཞེངས་ཏེ། སློབ་མ་བཅུ་ཕྲག་གསུམ་ལ། རྗུ་རྒྱུད་ཕུ་ཁང་ཆོས་གྲྭའི་མཁན་འོད་གསལ་རང་གྲོལ་དང་། གསེར་རྟ་མཁན་ཚུལ་ཁྲིམས་རྣམ་རྒྱལ་སོགས་ཀྱིས་མདོ་སྔགས་རིག་གཞུང་འཆད་ཉན་གནང་བའི་རྒྱུན་ཚུགས། དགོན་ཁང་ནང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀྱི་འདག་སྐུ་ཙམ་བཞེངས། ཚེས་བཅུའི་དུས་མཆོད་གར་འཆམ་དང་བཅས་པ་རགས་ཙམ་བཞེངས། གཞན་དུས་མཆོད་རྡོར་སེམས་བདེ་ཀུན་དགུ་ཆེན། དབྱར་གནས་བཅས་ཉམས་གསོ་ཟིན། གཙུག་ལག་ཁང་ཉམས་གསོ་དང་དགེ་འདུན་པ་བརྒྱ་དང་སུམ་ཅུ་ཙམ་གྱིས་སྔར་གྱི་སྨིན་ལུགས་ཀྱི་གྲུབ་མཐའ་མིང་མ་བོར་ཙམདུ་ཚུགས།
དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཡིན། ཁོང་ནི་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་སྟག་སྤྱི་ལོ་༡༦༥༠ལོར། དབུ་རུ་འཕན་ཡུལ་དུ་སྐུ་འཁྲུངས། འགུང་ལོ་ཞེ་གཅིག་པ་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་སྤྱི་ལོ་༡༦༩༠ལོ། སྡེ་དགེའི་ཆོས་རྒྱལ་ཆེན་པོ་ཁྲི་རབས་བཞི་པ་སངས་རྒྱས་བསྟན་པའི་རིང་ལ་དགོན་པ་འདི་བཏབ་པ་ཡིན། རྗེ་བསྟན་པའི་རྒྱལ་མཚན་དགུང་གྲངས་ཞེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་༡༦༩༠ལོར་ཞེ་ཆེན་དགོན་ཨོ་རྒྱན་ཆོས་རྫོང་བཏབ། སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གཉེར་ཆེན་ལྷ་ལུང་སོགས་ཀྱིས་བཀུར་སྟི་ཞུས་ཏེ། གཅུག་ལག་ཁང་དང་གྲྭ་ཤག་མགོན་ཁང་བཅས་གྲུབ། གཉེར་ཆེན་ལྷ་ལུང་སོགས་ཀྱིས་བཀུར་སྟི་ཞུས་ཏེ། གཅུག་ལག་ཁང་དང་གྲྭ་ཤག་མགོན་ཁང་བཅས་གྲུབ། རྗེའི་ཞལ་ནས་གནས་སྐབས་འདིར་སྒྲུབ་པ་མཛོད་དེང་ཉམས་རྟོགས་གོང་འཕེལ་དུ་འགྲོ་ངེས་ལགས། མཐར་དགོན་འདི་ཕ་གའི་རི་ངོས་ལ་ཆགས་ན་བསྟན་པ་མཐའ་རྒྱས་སུ་འགྱུར་བའི་ལུང་བསྟན་གནང་། དེ་ནས་བཟུང་སྟེ་གད་ཡག་བླ་མ་པདྨ་དབང་ཕྱུག་གཙོས་སློབ་ཆེན་བརྒྱད་སོགས་ཀྱིས་གདན་ས་བསྐྱངས་ཤིང་། ནང་གི་རྟེན་གསུམ་ཡང་བཞེངས་པ་གྲུབ། ངུར་སྨིག་གི་རྒྱལ་མཚན་འཛིན་པའི་དགེ་འདུན་གྱི་སྡེ་གོང་འཕེལ་དུ་སོང་། བཤད་སྒྲུབ་ཀྱི་སྲོལ་ཇི་ལྟར་ཆགས་ཚུལ་ནི་ལུང་གི་ཆོས་ལ་འཆད་ཉན་དང་རྟོགས་པའི་ཆོས་ལ་སྒོམ་སྒྲུབ། ཞྭ་ལམ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱི་སྐུ་དུས་ནས་དབྱར་ཆོས་དང་དགུན་ཆོས་མིང་བཏགས་ཀྱང་། དབྱར་སྡེ་སྣོད་གསུམ་ལ་ཐོས་བསམ་དང་། དགུན་རྒྱུད་སྡེ་སྒོམ་སྒྲུབ་བྱེད་དེ་རྗེ་ཉིད་ཀྱིས་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་ཚུགས། དེ་ནས་བསྟན་པའི་གཞི་མ་བཤད་གྲྭའི་མཁན་པོ་ཉིད་ཀྱི་ཐུགས་སྲས་མདྨ་དབང་ཕྱུག་གིས་མཁན་རབས་དང་པོ་མཛད། དོན་ལ་བཤད་སྒྲུབ་གཉིས་ཀ་གོང་མའི་ཕྱག་སྲོལ་བཞིན་མཁན་པོ་གཅིག་གིས་དེ་དུས་ཐུགས་འགན་བཞེས། དེ་ནས་མཁས་དབང་ཞེ་[page 536] དྲུང་པྲཛྙ། མཁན་པོ་པདྨ་ཆོས་འབྱོར། མཧཱ་པཎྜི་ཏ་དབོན་སྦྲུལ་མཐུ་སྟོབས་རྣམ་རྒྱལ་བཅས་མཁས་པའི་ཕུལ་དུ་ཕྱིན་པ་གྲུབ་པའི་ས་མཐོར་གཤེགས་པ་དག་གིས་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པ་བསྐྱངས༌། །འཆད་ཉན་ལ་མཚོན་ན། བཅུ་ཕྲག་རིག་པའི་གནས་སྤྱི་དང་བྱེ་བྲག་ནང་དོན་རིག་པ་དབུ་ཕར་འདུལ་མཛོད། ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་ལ་ཐུགས་ཉམས་སུ་བསྟར་བའི་སློབ་ཚོགས་མང་དུ་བསྐྲུན། །དེ་ནས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་དང༌། །རབ་འབྱམས་རིག་འཛིན་དཔལ་འབྱོར་རྒྱ་མཚོ་གཉིས་ནས་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལོར་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་ཟུར་འཛུགས་གནང་སྟེ། བསྙེན་སྒྲུབ་མན་ངག་གི་ཉམས་བཞེས་ཁོར་ཡུག་ཏུ་བསྐྱངས་བས་རིག་པ་ཚད་ཕེབས་ཀྱི་རྟོགས་པ་ལ་མངའ་དབང་འབྱོར་བའི་གྲུབ་ཆེན་བཅུ་གསུམ་དུས་གཅིག་ལ་བྱུང༌། དེ་ནས་བཟུང་སྒྲུབ་གྲྭའི་ཉམས་བཞེས་གཙོ་བོ་ནི། སྙིང་ཐིག་ཡ་བཞི། སྨིན་གླིང་རྡོར་སེམས། བདེ་ཀུན་རིག་འཛིན་ཐུགས། ཨ་ཏི་ཟབ་དོན་སྙིང་བོ། བླ་མ་གསང་འདུས། བཀའ་བརྒྱད་བདེ་འདུས། གཤིན་རྗེ་དྲེགས་འཇོམས། ཉང་གི་ཁྲོས་ནག་བཅས་ཟབ་མོ་མན་ངག་ཉམས་བཞེས་མཛད་པའི་མཁས་གྲུབ་བར་མ་ཆད་དུ་བྱོན། རབ་འབྱམས་ལྔ་པ་ཀུན་བཟང་བསྟན་པའི་ཉི་མ། རྒྱལ་ཚབ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གཉིས་ནས་ཐེག་མཆོག་བཤད་སྒྲུབ་པདྨའི་དགའ་ཚལ་གསར་དུ་བཏབ། ལྔ་རིག་སྨྲ་བའི་དབང་ཕྱུག་དབྱར་གྱི་མཚོ་ལྟར་རྒྱས་པའི་མཁན་རབས་ནོར་བྱའི་ཕྲེང་བ་ཟེ་ཆེན་མ་ཏཱ་པནྚི་ཏ། ཀུན་མཁྱེན་མི་ཕམ་རིན་པོ་ཆེ། རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། མཁན་ཀུན་དཔལ། རྫོགས་ཆེན་མཁན་རིག་འཛིན་འོད་ཟེར། མཁན་བསྟན་འཛིན་དར་རྒྱས། མཁན་འགྱུར་མེད་བློ་ལྡན་བཅས་ནས་ཐུགས་ཁུར་བཞེས་ཏེ་རྒྱལ་བའི་དབང་པོ་རོང་ཀློང་རྣམ་གཉིས་ཀྱི་གསུང་སྤྱི་དང་བྱེ་བྲག་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་རབ་གཙོ་བོར་འཛིན་པའི་སྔ་འགྱུར་གྱི་ཡིག་ཆ་དུ་མ་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་རིམ་བཞིན་བསྐྱངས། ལྷག་པར་རབ་འབྱམས་དྲུག་པ་དང་རྒྱལ་ཚབ་བཞི་པ། ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་རྣམ་གསུམ་གྱིས་བཤད་གྲྭ་མདུན་ཆེན་ཕུན་ཚོགས་དར་ཐང་དུ་སྤོས་ཏེ་ལེགས་བཤད་ཉི་ཟླའི་གླིང་གསར་དུ་བསྐྲུན། འདུ་ཁང་སྐུ་གསུང་ཐུགས་རྟེན་དཔེ་མཁྱུད་སོགས་གསར་བཞེངས་དང༌། གྲྭ་ཁང་ལྔ་བཅུ་ང་ལྔ། སྤྱི་གཉེར་ཁང༌། ཇ་ཁང་བཅས་ལེགས་པར་བཞེངས་ཏེ། བཤང་གྲྭ་བ་དགེ་བའི་བཤེས་གཉེན་ལྔ་བཅུ་རྒྱུན་བཞུགས་གསོལ་ཕོག་ཉེར་སྤྱད་སོགས་རྒྱུན་བཞག་མཛད་ཅིང༌། རོང་དགོན་གྱི་མཁན་བློ་གྲོས་རབ་གསལ། མཁན་ཐུབ་བསྟན་རྒྱ་མཚོ། ཁྲོ་ཤུལ་མཁན་འཇམ་དཔལ་རྡོ་རྗེ། མགོན་ཚ་མཁན་ཨོ་རྒྱན་བསྟན་འཕེལ། ལྔ་རིག་སྨྲ་བའི་དབང་པོ་བོད་སྤྲུལ། མཁན་གང་ཤར་བཅས་གསན་བསམ་ལ་མཚོན་ན། བཅུ་ཕྲག་རིག་པ་སྤྱི་དང་བྱེ་བྲག་ནང་དོན་རིག་པ། ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་ལ་བཤད་པ་མཐར་སོན་པའི་ལྔ་རིག་སྨྲ་བའི་སློབ་ཚོགས་དང་ཆོས་རྒྱུན་གྱིས་རྒྱ་དཀར་ནག་བར་[page 537] ཡོངས་སུ་ཁྱབ་པའི་ཁམས་ཞེ་ཆེན་བཤད་གྲྭ་ཞེས་མཁས་པ་ཀུན་གྱིས་བསྟོད་བསྔགས་དང་ཐུགས་སྨོན་གྱི་གནས་སུ་མཛད་པ་དེང་སང་ཡང་གསེར་ཐར་མཁན་ཆོས་ཁྱབ། རྨེ་པ་མཁན་པོ་འཇམ་དཔལ་བཅས་ཀྱིས་ཟབ་གསང་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པ་འདིའོ། །
སྐུ་གསུང་ཐུགས་རྟེན་ནི་ཆོས་སྡེ་ཆེན་པོ་འདི་ཆགས་ནས་ད་བར་དུ་སྐྱེས་ཆེན་དམ་པ་གདན་རབས་རིམ་བྱོན་གྱིས་བཞེས་པའི་རྟེན་དང་བརྟེན་པའི་གྲངས་སྣང་མཛད་གྲུབ་པའི་རྡོ་རྗེའི་སྐུ་དུས་སུ་དངོས་སུ་བཞུགས་པའི་མཚན་ཐོ་ཙམ་འགོད་པར་བྱ་སྟེ། དེའང་ཕོ་བྲང་དཀར་པོ་ཕུན་ཚོགས་ཡོངས་འདུས་གྲུབ་པའི་དགའ་ཚལ་ཐོག་བརྩེགས་ལྔ་པ་ཅན། དམར་པོ་འཆི་མེད་གྲུབ་པའི་དགའ་ཚལ་ཀ་རིང་བཅུ་གཉིས་དང་ཐོག་བརྩེགས་གསུམ་ཅན་གྱིས་གཙོས་སྟོང་སྐུ་ལྷ་ཁང་བཅུ་གསུམ། མགོན་ཁང་བདུད་དཔུང་ཟིལ་གནོན་བཅས་དང༌། སྐུ་རྟེན་རགས་ཙམ་སྨོས་ན། དབུས་སུ་སྙིང་ལྷ་ཁང་གི་རྟེན་གཙོ་འཕགས་པ་སའི་སྙིང་པོའི་ཟངས་གསེར་གྱི་སྐུ་ཐོག་བརྩེགས་ཅན་བྱིན་ལྡན། རྒྱ་ནག་ལི་མ་ཁྲུ་ཚད་ཅན་གྱི་འཕགས་པ་གནས་བསྟན་བཅུ་དྲུག་དང་བདེ་གཤེགས་སོ་ལྔ། ཟངས་གསེར་གྱི་གནས་བརྟན་བཅུ་དྲུག་ཆ་གསུམ། སྒྲོལ་མ་ཉེར་གཅིག་ཉེ་སྲས་བརྒྱད་རྒྱབ་གཡོལ་ཅན། ཆོས་ལི་ཚེ་དཔག་མེད། འཇམ་དབྱངས་ཕྱག་བཞི་པ། རྣམ་རྒྱལ་མ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། གུ་རུ་ཞྭ་ཕུད་མ་གླང་ནག་ཐུབ་པ་བྱིས་དྲོད་མ་སོགས་དང༌། གཞན་ཡང་སྒྲུབ་སྡེ་པདྨ་འོད་གླིང་གི་རྟེན་གཙོ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལ་བུ་ཡུལ་འཁོར་སྐྱོང་ལམ་ཆེན་ཙེ་རས་དངོས་སུ་ཕུལ་བ་ར་གྲགས་པའི་ཀཿཐོག་པའི་ནང་རྟེན་ཐུབ་དབང་སྐུ་གཟི་བྱིན་ཅན་དང་ཀཿཐོག་དྲུང་རིན་པོ་ཆེ་ནམ་མཁའ་རྒྱ་མཚོའི་ཐུགས་དམ་རྟེན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་ཁྱད་འཕགས། རྡོ་རྗེ་འཆང་ལི་སྐུ་ཐུབ་དབང་སྐུ་རག་ཞབས་ཅན། འཇའ་ཚོན་གཏེར་བྱོན་དུ་གྲགས་པའི་པདྨ་སམ་བྷ་བ། ཐུབ་ཆེན་བཀྲ་ཤིས་འོད་འབར། བདེ་གཤེགས་སོ་ལྔ། གནས་བརྟན་ཆེན་པོ་བཅུ་དྲུག །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་གྲགས་པ་ན་ལེནྡྲའི་ཐུབ་པ་རྡོར་གདན་མེ་ཐུབ་མ། སློབ་དཔོན་སྣང་སྲིད་ཟིལ་གནོན་གསེར་སྐུ་ཁྲུ་ཚད་སོགས་མདོར་ན་སྐུ་ཡི་རྟེན་གསར་རྙིང་ཁྲི་ལ་ཉེ་བ་བཞུགས། གསུང་གི་རྟེན་ཡང་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གཙོའི་སྔ་འགྱུར་བཀའ་མ་དང་གཏེར་མ། གངས་ཅན་མཁས་པའི་དབང་པོ་ཕལ་ཆེར་གྱི་གསུང་འབུམ་བཅས་ཁྲི་ལས་བརྒལ་བ་བཞུགས། དེ་མིན་དགོན་འདིར་མཁས་གྲུབ་རིམ་བྱོན་གྱི་བཀའ་འབུམ་མང་པོ་ཞིག་ཡོད་ནའང་དཔེ་རྒྱུན་ཆད་པའམ་དཔེ་དཀོན་དུ་གྱུར་ཟིན་པས་གསལ་པོ་བརྗོད་ཐབས་བྲལ།
འདིར་རགས་ཙམ་ཞུས་ན། ཞྭ་ལམ་རབ་འབྱམས་པ་སྐུ་ཕྲེང་གོང་འོག་དང༌། རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན། གྲུབ་ཆེན་བཅུ་གསུམ་བཅས་ལ་མདོ་རྒྱུད་ཕྱི་ནང་གི་སྐོར་འགྲེལ་པ་པོ་ཏི་བཅུ་ཕྲག་ལྔ་ཙམ་བཞུགས་ཀྱང་ད་ལྟ་ཕལ་ཆེར་དཔེ་དཀོན་དུ་གྱུར་ཟིན་འདུག །གདན་རབས་སྐབས་སོ་སོའི་གསུང་པོད་[page 538] ཆེ་ལོང་ཙམ་བཤད་ཟིན་པས་འདིར་སྤྱི་སྡོམ་སྨོས་པའོ། །ཁྱད་པར་དུ་སྤོབས་པའི་གཏེར་བརྒྱད་ལ་མངའ་དབང་འབྱོར་བ་མི་ཕམ་ཕྱོགས་ལམ་རྣམ་རྒྱལ་གྱི་རིག་གནས་སྤྱི་དང་མདོ་རྒྱུད་མན་ངག་ཟབ་ཅིང་གཏིང་དཔོག་དཀའ་བ་པོད་སུམ་ཅུ། རྒྱལ་ཚབ་སྐུ་ཕྲེང་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་འབུམ་པོད་བཅུ་གསུམ། ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱི་གསུང་རྡོར་སེམས་སྔོན་འགྲོའི་ངག་འདོན་དང༌། ཁྲིད་ཡིག་རྣམ་གྲོལ་ཐེམ་སྐས་བཅས་པོད་གསུམ་ཙམ། བླ་པདྨ་མ་འོད་གསལ་གྱི་གསུང་པོད་གཉིས་བཅས་བཞུགས།
ཐུགས་ཀྱི་རྟེན་ནི། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་སྐུ་དམར་གདུང་ནང་རྟེན་དུ་བཞུགས་པའི་གསེར་གདུང་མཐོང་བ་དོན་ལྡན་ཐོག་རྩེག་གཅིག་ཅན། བུམ་སྒོར་སྤྱན་རས་གཟིགས་བཅུ་གཅིག་ཞལ་བྱིན་ལྡན་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་གསེར་གདུང་ཐོག་བརྩེགས་མ། བུམ་སྒོར་ཐུབ་སྐུ་རྡོར་གདན་མ། རིག་འཛིན་དཔལ་འབྱོར་རྒྱ་མཚོའི་སྐུ་དམར་གདུང་ནང་རྟེན་དུ་བཞུགས་པའི་དངུལ་གདུང་བཀྲ་ཤིས་འོད་འབར། རིག་འཛིན་དཔལ་འབྱོར་རྒྱ་མཚོའི་སྐུ་དམར་གདུང་ནང་རྟེན་དུ་བཞུགས་པའི་དངྀཾལ་གདུང་བཀྲ་ཤིས་འོད་འབར། བུམ་སྒོར་ཆོས་དབང་གཏེར་བྱོན། རྒྱལ་དབང་ལྔ་པའི་ཐུགས་དམ་རྟེན་ཇོ་བོ་ལོ་ཀི་ཤྭ་རའི་སྐུ། ཀྵི་ལས་གྲུབ་པ་མཐོང་གྲོལ་མ། རྒྱལ་ཚབ་ཨོ་རྒྱན་རང་བྱུང་རྡོ་རྗེའི་གསེར་གདུང༌། ནང་རྟེན་རྗེ་ཉིད་ཀྱི་ཐུགས་སྤྱན་གསུམ་དང་རིང་བསྲིལ་གྱི་ཕུང་པོས་གཏམས་པ་ཐོག་རྩེག་ཅན། བུམ་སྒོར་ཐུབ་སྐུ་རྡོར་གདན་མ་བྱིན་ལྡན། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་གདུང་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གདུང་རྟེན་ཟངས་གསེར་གྱི་འཇམ་དབྱངས་སྐུ་སེང་ཁྲི་རྒྱབ་ཡོལ་ཅན་ཐོག་རྩེག་གཉིས་པ། ཐུགས་ཀར་རྗེ་ཉིད་ཀྱི་ཐུགས་དམ་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་རྟེན་ལི་མ་བཞུགས་པ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་བདུད་རྩིའི་རྒྱུན་བབས་པ་ཀུན་གྱི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཁྱད་འཕགས་དང༌། དབུ་གཙུག་ཏུ་དུང་དཀར་གཡས་འཁྱིལ་དང་གཟི་བྱུར་སོགས་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པ། དུས་འཁོར་མཆོད་རྟེན་ལི་མ། བཀའ་གདམས་མཆོད་རྟེན་ལྕགས་རྩེ་མ། བདེ་གཤེགས་མཆོད་རྟེན་ཆ་བརྒྱད་ཆ་གཉིས་བཅས་མཚོན་ཞིབ་ཏུ་སྨྲོས་ན་ཡི་གེ་མང་བས་འཇིགས་ཏེ་དེ་ཙམ་མོ།
བསྟན་པ་འཛིན་པའི་དགེ་འདུན་པའི་གྲངས་སྐུ་ཕྲེང་གོང་འོག་གི་དུས་སུ་གཉུག་མར་གནས་པ་ལྔ་བརྒྱ་ལྷག་བཞུགས། དབང་ཁྲིད་གདམས་པ་བཅས་ནང་རྒྱུད་སྡེ་གསུམ་ལ་འཆད་ཉན་མཛད་པའི་ཚེ་དབུས་གཙང་ཁམས་གསུམ་གྱི་སློབ་ཚོགས་སྟོང་ཕྲག་ལྔ་ཙམ་འདུས་པ་རྣམ་ཐར་ལས་གསལ་བ་ལྟར་ཟབ་གསང་ཆོས་ཀྱིས་ཚིམ་པར་མཛད། ཁྱད་པར་དུ་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེའི་སྐུ་དུས་སུ་རིན་ཆེན་གཏེར་མཛོད་ཆེན་མོ་གཙོས་དབང་ཁྲིད་གསུང་སྐབས་རང་གཞན་དོན་གཉིས་སོན་པའི་སྐྱེས་ཆེན་བརྒྱ་ཕྲག་ལྷག་དང་དགེ་འདུན་པ་བདུན་སྟོང་ཉེ་བར་བཀའ་གཏེར་ཆོས་ཀྱིས་སྨིན་པར་བྱས། [page 539] དགོན་འདིར་རྒྱུན་བཞུགས་ཁྲིམས་གཙང་བསླབ་ལྡན་དྲུག་བརྒྱར་ཉེ་བ་བཞུགས། ད་ནི་མཆོད་པའི་ཡོ་བྱད་ཆེ་ལོང་ཙམ་ཞུས་ན་འཁར་རྔ་རྒྱས་རུང་དམ་ཆོས་སྒྲ་དབྱངས། འཁར་རྔ་སྟེར་འབུར་མ་བཅས་འཁར་རྔ་ཉི་ཤུ། རོལ་མོ་འབུམ་ཤུལ་ཚེ་དབང་ཀུན་ཁྱབ་འབྲུག་སྒྲ་ཟིལ་གནོན། ཨ་ལྡོག་འབྲུག་སྒྲ་ཟིལ་གནོན་བཅས་བསྡོམས་དྲུག་ཅུ་རེ་ལྔ། སིལ་སྙན་རྫོགས་ཆེན་མ་ཎི་མ། འབའ་ཆུང་མ་ཎི་མ་བཅས། གཞན་རྡོར་དྲིལ་པདྨ་འོད་གསལ་སོགས་གྲྭ་རྡོར་ཤང་ཤང་རྒྱ་བལ་ལི་རྙིང་བཅུ་ཕྲག་དགུ་ལྷག་དང༌། རྒྱ་གླིང༌། སོག་མོའི་གསེར་རྒྱག །དུང་ཆེན་བཀྲ་ཤིས་སྒྲ་དབྱངས། རྡོ་རྗེ་སྒྲ་དབྱངས་སོགས་གསེར་དངུལ་ཟངས་རག་གི་རྒྱུ་ལས་གྲུབ་པ། གཟི་དང་བྱུ་རུ་གཡོ་སྤོས་ཤེལ་སོགས་ཀྱི་ཕྲ་དང་ལྡན་པ་བཅུ་ཕྲག་འགའ་བཅས་རིན་གོང་གཞལ་བར་དཀའ་བའི་མཆོད་ཆས་དང༌། གཞན་ཡང་གསེར་དངུལ་བཀྲ་མའི་སྟོང་མཆོད་ཆེན་མོ་དང༌། གཏོར་ཆས། ཕན་གདུགས་ཡོ་བྱད་རིན་ཐང་ཅན་ཡོད། འཆམ་གོས་ཧོར་སྟག་ཤམ་གྱི་གར་ཆས་ལྔ་བཅུ། སྣ་ཚོགས་བརྒྱ་དང་ལྔ་བཅུ་བཅས་དང༌། གཞན་གསེར་འབག །དངུལ་འབག་གཏེར་འབག་བཅས་ཁྱོན་ཉིས་བརྒྱའི་འཆམ་ཆས་བཅས་བཞུགས་པ་ལགས་སོ།
དུས་མཆོད་རྒྱུན་སྲོལ་ནི་སྣང་མཛད་གྲུབ་རྡོར་གྱི་སྐུ་རིང་ཙམ་ལ་རྒྱུན་འཇགས་སུ་གྱུར་ཟིན་པའི་ལོ་འཁོར་མོའི་དུས་མཆོད་རགས་རིམ་བཞིག་བཀོད་ན། ཟླ་བ་དང་པོའི་ཚེས་གཅིག་ཉིན་ལོ་ཆེན་ཆོས་སྤྱོད་ཀྱི་སྒོ་ནས་བཀྲ་ཤིས་ལོ་གསར་ཆེན་མོ་ཉིན་གཅིག་འཚོགས། ཚེས་གཉིས་ཉིན་གྲྭ་དམངས་ལོ་གསར། ཚེས་གསུམ་ཉིན་བླ་བྲང་གཞུང་ནས་ལྷ་བསངས་བདེ་ལེགས་ཀུན་འབྱུང་ཉིན་གཅིག་ཚེས་བརྒྱད་ཉིན་བྱང་གཏེར་ཐུགས་སྒྲུབ་ཉིན་གཅིག །ཚེས་དགུ་ཉིན་ཆོས་དབང་ཟབ་གཏེར་ཡང་སྙིང་འདུས་པའི་སྒོ་ནས་ལྷ་ཆེན་ཡང་སྒྲུབ་འདུས་པ་ཉུང་ཤོས་ནས་ཉིན་བདུན། ཚེས་བཅུ་བདུན་ནས་འགོ་བཟུང་སྟེ་བསླབ་གྲྭ་ཆེན་མོའི་འདོན་རྒྱ་བླ་མའི་རྣལ་འབྱོར་ལྔ་དང༌། གཙོ་བོ་ནི་ཐིག་རྡུལ་ཚོན། རྒྱན་མེ་རིས་འབུད་བརྡུང་དཀྲོལ་དབྱངས་བཅས་ཟླ་བ་གཅིག་དང་ཉིན་བཅོ་ལྔ་འཚོག་རྒྱུ་ཡོད། ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ཉིན་སློབ་གྲྭ་མཐའ་རྟེན་ཀར་གླིང་ཞི་ཁྲོའི་ཚོགས་མཆོད་རྒྱས་པ་ཉིན་གཅིག །ཟླ་བ་གསུམཔའི་ནང་ཚེས་བཞི་ནས་དབུ་བཙུགས་ཏེ་རཏ་གླིང་ཚེ་སྒྲུབ་གསང་བ་འདུས་པ་ཉིན་བདུན། ཚེས་བཅུ་དགུ་ཉིན་སྒྱུ་འཕྲུལ་ཁྲོ་བོའི་རྩ་འཆམ། ཚེས་ཉེར་བཞི་ནས་དབུ་བཟུང་སྟེ་སྔ་འགྱུར་བཀའ་མའི་ཚོགས་ཁག་དྲུག་ཉིན་བདུན། ཟླ་བ་བཞི་པའི་ནང་ཚེས་དགུ་ནས་བཟུང་སྟེ་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་ཉིན་བདུན། ཆ་ལག་ཆབ་གཏོར་བརྒྱ་རྩ། ཚེས་བཅོ་ལྔའི་ཉིན་ནང་གི་གར་འཆམ། ཚེས་བཅུ་དྲུག་ཉིན་ཕྱིའི་གར་འཆམ། ཉེར་བཞི་ནས་ཉིན་གཉིས་བདེ་གཤེགས་ཀུན་འདུས་སྒོ་ནས་རབ་གནས་འཚོགས། ཉེར་དྲུག་ཉེར་བདུན་ལ་སྤྱོད་འཇུག་མཆོད་པ། ཉེར་དགུ་དང་གནམ་སྟོང་གཉིས་ལ་ཚེས་བཅུ་སྒྲིག་ཆེན་སྒྲིག་ཆུང༌། ཟླ་བ་ལྔ་པའི་ཚེས་གསུམ་ནས་ཆོས་དབང་ཟབ་གཏེར་བླ་སྒྲུབ་གསང་བ་[page 540] འདུས་པའི་སྒོ་ནས་སྤྲོས་བཅས་ཚེས་བཅུ་ཉིན་བདུན། ཚེས་དགུ་ཉིན་གསེར་ཚོགས་བྱིངས་སོགས་ཀྱིས་དམར་འཆམ། ཚེས་བཅུ་ཉིན་དངོས་གཞི་འཆམ། ཚེས་བཅུ་གཅིག་ཉིན་ཕྱི་དབང་ཆེན་མོ་ཡོད། ཚེས་བཅོ་ལྔ་ནས་དབུ་འཛིན་ཏེ་རྒྱལ་ཚབ་འདས་མཆོད་སྨིན་གླིང་རྡོར་སེམས་ཉིན་བདུན། ཡན་ལག་རྩ་གསུམ་དགོངས་འདུས་འདུས་པ་ཉུང་ཤོས་ནས་ཉིན་བདུན། ཚེས་ཉེར་གསུམ་ནས་བཀྲ་ཤིས་ལྷ་བསངས་ཆེན་མོ་དངོས་གྲུབ་རོལ་མཚོ་དང༌། ལྷ་བསངས་བདེ་ལེགས་ཀུན་འབྱུང་ཉིན་བདུན། ཟླ་བ་དྲུག་པའི་ནང༌། ཚེས་བཅུ་དྲུག་ནས་བཟུང་སྟེ་དབྱར་སྔ་མ་ཟླ་བ་གཅིག་དང་ཉིན་བཅོ་ལྔ་འཚོགས། ཟླ་བ་བདུན་པའི་ཚེས་ཉེར་དགུ་ཉིན་གྲོལ། ཟླ་བ་བརྒྱད་པའི་ནང་ཚེས་བཅུ་ནས་བཟུང་སྟེ་ཀར་གླིང་ཞི་ཁྲོའི་སྟོང་མཆོད་ཉིན་བདུན། ཚེས་བཅོ་བརྒྱད་ནས་ཉིན་གསུམ་མཁྱེན་བརྩེ་རིན་པོ་ཆེའི་འདས་མཆོད་སྨིན་གཏེར། བདེར་གཤེགས་ཀུན་འདུས་ཀྱི་སྒོ་ནས་འཚོགས་རྒྱུ་ཡོད་པ་དེ་གསར་བཞག་ཡིན། ཟླ་བ་དགུ་པའི་ནང་ཚེས་ཉེར་གཉིས་ནས་གཤིན་རྗེ་ཀིང་ཀང་ཉིན་བདུན། ཉིན་རྒྱུན་མཚན་རྒྱུན་འདུས་པ་ཉུང་ཤས་ནས་འཚོགས། ཟླ་བ་བཅུ་པའི་ནང་ཚེས་ཉེར་གསུམ་ནས་ཆོས་དབང་ཕུར་པ་སྤུ་གྲི་དང༌། རཏ་གླིར་ཕུར་པ་ཡང་གསང་གཉིས་ལོ་རེས་མོས་ཀྱིས་ཉིན་བདུན་འཚོགས། ཟླ་བ་བཅུ་པའི་ནང་ཚེས་བཅུ་ནས་འགོ་བཟུང་སྟེ་དགུན་བཅའ་ཞག་བརྒྱ་ཚད་ལྡན་ཆོ་ག་ཆོས་སྤྱོད་ཡན་ལག་བདུན་པ། དཀོན་མཆོག་སྤྱི་འདུས་ཆབ་གཏོར་བརྒྱ་རྩ་ཞག་བརྒྱ་མ་གྲོལ་ཚེ་རྒྱུན་དུ་གསུང་སྲོལ་ཡོད། ཚེས་ཉེར་གསུམ་ནས་བཀའ་བརྒྱད་ཁྲོ་རོལ་གཏོར་བཟློག་ཉིན་བདུན་འཚོགས། ཆ་ལག་ཉིན་ལོག་བཀའ་འགྱུར་བཅས་གསུང༌། གནམ་སྟོང་དང་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ནས་ཉིན་གཉིས་ལ་གསོལ་ཀ་དངོས་རོལ། ཟླ་བ་བཅུ་གཉིས་པའི་ནང་ཚེས་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་སྒྲིག་ཆེན་སྒྲིག་ཆུང་འཆམ། ཉེར་གསུམ་ནས་དབུ་འཛིན་ཏེ་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་སྒོ་ནས་སྒྲུབ་ཆེན་ཚད་ལྡན་ཡོད། ཉེར་བརྒྱད་ཉིན་གཤིན་རྗེའི་ལྷ་ཚོགས་འཆམ། ཉེར་དགུ་ཉིན་གཏོར་རྒྱག་ཟོར་འཆམ་གསེར་སྦྲེང་བཅས་ཡོད། གནམ་སྟོང་ཉིན་གཏོར་གཤེགས་དང་གསེར་ཕྲེང་རྒྱས་པ། ཆ་ལག་ལ་འདུས་པ་ཉུང་ཤས་ནས་སྲེག་པ་མེ་ཡི་ལས་སྦྱོར་དང༌། གུར་དྲག་མེ་རླུང་འཁྱིལ་བ་གཉིས་ཉིན་བདུན་ཚོགས། དུས་མཆོད་གོང་བཤད་དུས་ལྷར་མགོན་ཁང་བདུད་དཔུང་ཟིལ་མནོན་དུ་འདུས་པ་ཁ་གསོའི་གསོལ་ཀ་རྒྱས་པ་གསུང་དགོས། ཉི་ཤུ་གཉིས་ལ་རྒྱུན་དུ་གསོ་སྦྱོང་དང་ཚེས་ཉེར་དགུ་ལ་བསྟར་ཆགས་ཀྱིས་འདུས་པ་བྱིངས་ནས་གསོལ་ཆེན་གསུང་དགོས། མགོན་ཁང་གོང་འོག་གཉིས་ནས་རྒྱུན་དུ་བསྐང་གསོལ་བཅས་སྐུ་ཕྲེང་གོང་འོག་གིས་བཞག་པའི་དུས་མཆོད་དེ་ཙམ་ལགས་སོ། །
ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་སའི་གོ་རིམ་རགས་ཙམ་སྨོས་ན། ཆོས་སྡེ་ཆེན་པོ་འདི་ཉིད་ལ་བསྟན་པ་ཡོན་གྱི་ཚོགས་སྒོ་དང་བཞེངས་འབུལ་སོགས་ནི། གདན་རབས་རིམ་བྱོན་གྱི་སྐུ་དུས་སུ། [page 541] སྡེ་དགེ་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པ། གསེར་ཆེན་ལྷ་ལི། ཆོས་རྒྱལ་བསྟན་པ་ཚེ་རིང༌། གཉེར་པ་སྟག་རྒྱལ། རྒྱལ་སྲས་ཚེ་དབང་བདུད་འདུལ། བྱ་རྒོད་སྟོབས་ལྡན་བཅས་སྡེ་དགེ་རྒྱལ་བློན་རིམ་བྱོན་དང༌། གླིང་ཚང་རྒྱལ་པོ། ལྷ་ཐོག་རྒྱལ་པོ། ཨ་སྐྱོང་དཔོག་ཁག །སྒོ་མེ་ཆན་རུ་བེ་རུ། སྡེ་པ་གཞུང་གི་སྐུ་དྲག་བཅས་ནས་དགེ་འདུན་པའི་གསོལ་ཆས་དང༌། དུས་མཆོད་རེས་རྒྱུན་བཅུགས། ཞབས་འདེགས་རྟེན་བཞག་སྲི་ཞུ་བླ་ན་མེད་པ་བསྐྲུན། ཆོས་གྲྭ་ཆེན་པོ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས་པ་ལ་རབ་འབྱམས་སྐུ་ཕྲེང༌། རྒྱལ་ཚབ་སྐུ་ཕྲེང་དང༌། ཟུར་པ་དབོན་སྤྲུལ་རིམ་བྱོན། སྒོམ་སྟོད་སྐྱེ་ཕྲེང༌། མཁྱེན་ཀོང་རྣམ་གཉིས་བཅས་གཙོ་བོའི་འགན་བཞེས་གནང༌། དེའི་འོག་དགེ་བསྐོས། སྤྱི་གཉེར། ཕྱག་མཛོད། ཕྱོགས་ཁག་བཞིའི་མི་བཅས་བསྟན་པ་ལ་སྒྲུབ་པ་ཚོགས་སྐབས་དང༌། འཆམ་རྒྱག་སྐབས་གཙོ་བོའི་འགན་བཞེས་པ་ཡིན་ནོ། །
ཡུལ་དགོན་གཞན་དང་འབྲེལ་པ་ནི་ཆོས་རྗེ་ཟེ་ཆེན་པའི་གདན་རབས་རིམ་བྱོན་དང༌། ཁྲི་པ་ཁྲི་ཟུར་གྱིས་སྐྱོང་བའི་དགོན་སྡེ་དང་ཆོས་བརྒྱུད་ལས་མཆེད་པའི་དགོན་ལག་ཉིས་བརྒྱ་ཉེ་བ་བཞུགས་ཞེས་གྲགས་ཀྱང་གསལ་པོ་ཇི་བཞིན་འབྲི་རྒྱུ་མ་རྙེད། རབ་འབྱམས་དྲུག་པཀུན་བཟང་བསྟན་པའི་ཉི་མའི་སྐུ་དུས་སུ་ཡུལ་དགོན་གཞན་དང་དངོས་སུ་འབྲེལ་བ་ཡོད་པའ་དགོན་གྱི་བླ་གྲྭ་རྒན་རབས་རྣམས་ཀྱིས་ཤེས་གསལ་བཞིན་རགས་སྨོས་ན། རྗེ་བསྟན་འཛིན་ཆོས་རྒྱལ་གྱི་ཐུགས་སྲས་སུ་གྱུར་པ་བླ་མ་པདྨ་ཆོས་འབྱོར་གྱིས་བཏབ་པའི་ཟུར་ལྷ་འབུམ་དགོན་གཙོས་ཉག་དགོན་ཁག་ལྔ། རྫ་རྒྱུད་ཕུག་དགོན་གཙོར་བྱས་པའི་དགོན་ལག་ནེར་ལྔ། ལྷོ་རྒྱུད་སིབ་མདའ་དགོན་དང༌། ལྕང་བྲག་དགོན་བཅས་དགོན་ཁག་ལྔ། དགོན་ལོག་ཨ་མཆོད་སྟོང་སྐྱབས་དགོན་གཙོས་དགོན་ཁག་ལྔ། རྒྱལ་རོང་གནམ་མཚོ་དགོན་བཅས་དགོན་ཁག་ལྔ། གླིང་ཚང་རྫོང་མགོ་དགོན། སྡེ་དགེ་དབོན་སྟོད་ལྷ་འབྲང་དགོན། ད་ལྟ་གསར་བསྐྲུན་བྱས་པ་བལ་ཡུལ་ཞེ་ཆེན་དགོན་མ་ལག་བཅས་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པའི་ཡང་དགོན་བརྒྱད་བཅས་མཚོན། བཤད་སྒྲུབ་ལས་གསུམ་གྱི་བྱེད་པོ་མཚུངས་མེད་ཆོས་བརྒྱུད་དེ་དག་གི་ཕྱི་མོ་རུ་གྱུར་པའོ།
།དེང་གི་གནས་ཚུལ། དེ་ལྟར་རྒྱལ་བ་ཟེ་ཆེན་པའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས་པའི་རྒྱལ་བསྟན་སྤྱི་དང༌། སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་སྲོག་ཤིང་ལྟར་གྱུར་ནའང་རེ་ཞིག་བསྟན་པའི་ཉི་མ་ནུབ་རིར་ཆས་ནས་བགྲང་བྱ་བཅུ་ཕྲག་རིང་དགོན་སྡེ་ཕལ་མོ་ཆེ་དང་བཤད་སྒྲུབ་ཀྱི་རྣམ་པ་མིང་མེད་དུ་གྱུར་ཏེ་རྟེན་དང་བརྟེན་པ་ཡོངས་རྫོགས་བརླགས། སླར་ཡང་རྒྱལ་བསྟན་ཉམས་གསོའི་སྐྱ་རེངས་ཤར་ཏེ་བོད་ཆོས་ལྡན་མིང་མེད་དོན་དང་མཐུན་ར། བསྟན་པ་ཉམས་གསོའི་བྱེད་པོ་མཚུངས་[page 542] མེད་བླ་མ་དགེ་འཕེལ་མཆོག་གིས། རབ་བྱུང་བཅུ་དྲུག་པའི་ས་ལུག་ལོར་རྒྱལ་བསྟན་ཉམས་གསོ་ཆོག་པའི་སྐབས། སླར་གསོའི་དབུ་བཙུགས་ཏེ་གདན་ས་ཆེན་པོ་ཟེ་ཆེན་དུ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས། སྐུ་གསུང་ཐུགས་རྟེན་རྙིང་པ། ཇོ་བོ་ལོ་ཀི་ཤྭོ་ར་སོགས་རྟེན་རྩ་ཆེན་ཅུང་ལྷག་པ་རྣམས་དད་ལྡན་འགའ་རེས་རང་མོས་ཀྱིས་ཕུལ། ཁོང་ཉིད་ཀྱི་ཕྱག་རྫས་ཀྱིས་རྟེན་རྙིང་བླུས་པ་དང༌། གསར་བཞེངས་ཟངས་གསེར་ལས་གྲུབ་པའི་གུ་རུ་ཐོག་རྩེག གསེར་གདུང་མཐོང་བ་དོན་ལྡན་ཐོག་རྩེག་མ་འཕྲ་རྒྱན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། འཕགས་ཡུལ་ནས་བྱས་པའི་གསེར་སྐུ་ཆིག་སྟོང༌། མཆོད་ཆས། གསེར་དངུལ་ལས་བྱས་པ་གྲངས་ལྡན། གཞན་ཡང་ཁོང་ཉིད་ཀྱི་ཕྱག་རྫས་ཀྱིས་བཤད་སྒྲུབ་དགོན་གཞུང་བཅས་ཀྱི་སྤྱི་གཉེར་བསྐོས་ཏེ་བསྟན་རྩ་རྒྱུན་བཞག་དང༌། བཀའ་འགྱུར། བསྟན་འགྱུར། གསུང་འབུམ་སྣ་ཚོགས་སྐོར་དང༌། ཁྱད་དུ་འཕགས་པ་རྒྱ་ནག་བཀའ་འགྱུར་བཅས་ཀྱིས་མཚོན་དེང་སྐབས་ས་སྙིང་སྐུ་ཐོག་རྩེག་ཅན་བལ་ཡུལ་ལི་གསར་ལས་བྱས་པ་བཞེངས་མུས་ཀྱི་སྔ་འགྱུར་བཅས་ཀྱིས་མཚོན་དེང་སྐབས་ས་སྙིང་སྐུ་ཐོག་རྩེག་ཅན་བལ་ཡུལ་ལི་གསར་ལས་བྱས་པ་བཞེངས་མུས་ཀྱི་སྔ་འགྱུར་སྤྱི་དང་རྒྱལ་བ་ཟེ་ཆེན་པའི་བསྟན་པའི་བྱེ་པོ་མཚུངས་མེད་དུ་གྱུར་བ་ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སྐུ་འཚོ་ཞིང་བཞེངས་པ་ལགས་སོ། སྐྱབས་མཆོག་འཁོར་ལོའི་མགོན་པོ་མཁྱེན་བརྩེ་རྡོ་རྗེ་འཆང་གི་ཐུགས་བསྐྱེད་ཟབ་མོ་དང༌། རབ་འབྱམས་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་སེང་གེས་ཐུགས་ཁུར་ཆེ་བཞེས་ཀྱིས་བལ་ཡུལ་རྒྱལ་ས་ཀ་མན་ཌུར་རབ་བྱུང་བཅུ་དྲུག་པ། སྤྱི་ལོ་༡༩༨༤ལོར་གདན་ས་གཉིས་པའི་གཙུག་ལག་ཁང་ཆེན་པོ་གཞི་བཏིང་སྟེང་ཏེ་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། འདུས་པ་བརྒྱ་ཕྲག་ལྷག་ཙམ་གྱིས་ཡར་མར་ཚེས་བཅུ་དང༌། གཞི་གསུམ་ཕྱག་ལེན། བཀའ་མ་འདུས་མདོའི་སྒྲུབ་མཆོད། སྨིན་གླིང་རྡོར་སེམས་སྒྲུབ་ཆེན། གཤིན་རྗེ་དྲེགས་འཇོམས། བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་མཆོད་སོགས་ཕྱག་བཞེས་མ་ཉམས་པའི་རྒྱུན་སྐྱོང༌། སྤྱི་ལོ་༡༩༨༨ལོར་བཤད་གྲྭ་ལེགས་བཤད་ཉི་ཟླའི་གླིང་ཟུར་འཛུགས་གནང་སྟེ་སློབ་གཉེར་བ་༥༠ནས་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཡིག་ཆ་གཞིར་བཟུང་སྔ་འགྱུར་རང་རྐང་འཛིན་པའི་གཞུང་ལུགས་ལ་ཐོས་བསམ་རྒྱུན་མར་གནང་བཞིན་པ་དང༌། དེ་མཚུངས་འབྲུག་དང་ཧྥ་རན་སི། འཕགས་ཡུལ་རྡོ་རྗེ་ལྡན་རྣམས་སུ་ཡང་ཆོས་ཚོགས་དང༌། བཤད་སྒྲུབ་ཀྱི་སྡེ་གསར་འཛུགས་གནང་མུས་ཀྱིས་རྒྱལ་བསྟན་སྤྱིར་སྨན་པའི་ཐུགས་བསྐྱེད་འོད་སྣང་དཀར་པོས་ཕྱོགས་ཀྱི་ཐ་གྲུར་ཀུན་ཏུ་ཁྱབ་སྤེལ་མཛད་བཞིན་པར། རབ་བྱུང་བཅུ་བདུན་པའི་སྤྱི་ལོ་༡༩༩༡ཟླ་བ་༩པའི་ཚེས་༢༧དགོངས་པ་རྫོགས། དེང་སྐབས་རབ་འབྱམས་བདུན་པ་འགྱུར་མེད་ཆོས་ཀྱི་སེང་གེའི་ཐུགས་བསྐྱེད་བླ་མེད་ཀྱི་འཁོར་ལོ་གསུམ་གྱི་མཛད་འཕྲིན་གོང་འཕེལ་དུ་སྐྱོང་བཞིན་པ་ལགས་སོ། །དགོན་འདིར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང༌། རབ་འབྱམས་རྣམ་གཉིས་འཕགས་ཡུལ་ནས་ཆིབས་བསྐྱོད་ལན་གཉིས་ཀྱི་སྐལ་བཟང་ཐོབ་སྟེ། དགོན་མ་ལག་བཅས་ཀྱི་འདུས་པ་ལྔ་སྟོང་ལྷག་མདོ་བུམ་[page 543] ཆེན་མོའི་དབང་དང༌། ཆོས་དབྱིངས་མཛོད། མན་ངག་ལྟ་ཕྲེང༌། རྫོགས་པ་ཆེན་པོ་ཚིག་གསུམ་གནད་བརྡེག་གི་ཁྲིད་བཅས་འདུས་པ་ཡོངས་ལ་ཟབ་གསང་ཆོས་ཀྱིས་སྨིན་པ་དང་དུས་མཆོད་ཁ་གསོ་གནའ་བོའི་རྫས་རོལ་ཆས་ཀྱིས་སྨིན་པ་དང་དུས་མཆོད་ཁ་གསོ་གནའ་བོའི་རྫས་རོལ་ཆས། ལི་སྐུ་རྡོར་དྲིལ་སོགས་རྒྱུ་རྙིང་དང༌། གསར་བཞེངས། དུས་གསུམ་སངས་རྒྱས་ཐོག་རྩེག་མ། འཇམ་དབྱངས་སྐུ་ཐོག་རྩེག་མ་བཅས་དང༌། བཀའ་འགྱུར་དང་བསྟན་འགྱུར། རྙིང་མ་རྒྱུད་འབུམ་བཅས་ཆ་གཉིས་བཞག་གནང་དང༌། མཆོག་སྤྲུལ་པདྨ་དབང་རྒྱལ་ནས་བཤད་གྲྭའི་ཕོགས་དངུལ་བཞག་པ་དང༌། གཞན་མཁན་སྤྲུལ་དགེ་བཤེས་བཅས་ནས་བཞེངས་པའི་རྣམ་གྲངས་ཞིབ་མོ་སྨོས་ན་ཡི་གེས་འཇིགས་ནས་དེ་ཙམ་གྱིས་འཐུས་ལགས། གཞན་ཡང་མཆོག་སྤྲུལ་གསར་དུ་མཚན་དཔེ་བཞད་པ་དང༌། མཁན་སྤྲུལ་རྒན་པ་གཙོས་བླ་གྲྭ་ཀུན་ཐུགས་མཐུན་གྱི་སྒོ་ནས་རྒྱལ་བ་ཞེ་ཆེན་པའི་བསྟན་པ་སྔ་སྲོལ་བཤད་སྒྲུབ་ལས་གསུམ་གྱི་འཛུགས་པར་འབད་བཞིན་པ་དང་གཞིས་བྱེས་བླ་སེར་ཀུན་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་ཉམས་བཞེས་དང་བཅས་ཆོས་མཐུན་གྱི་མཛད་སྤྱོད་གནང་མུས་སུ་མཆིས་པ་ལགས་སོ། །
རྒྱལ་དབང་ལྔ་པ་ཆེན་པོ་དང༌། མཁས་གྲུབ་ཀརྨ་ཆགས་མེད་གཉིས་ཀྱིས་བསྟན་འགྲོར་ཕན་པར་དམིགས་ནས། གྲུབ་དབང་རིན་པོ་ཆེ་པདྨ་རིག་འཛིན་མདོ་སྨད་ལ་ཕེབས་དགོས་པའི་བཀའ་ཕབ། རང་ཉིད་སྔོན་གྱི་ཐུགས་བསྐྱེད་དང་གོང་མ་རྣམས་ཀྱིས་ལུང་བསྟན་བཞིན་ཆིབས་ཁ་བསྒྱུར། འཁོར་སློབས་ལྔ་བཅས་བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱི་སྤྱི་ལོ་༡༦༨༤ལོར་རྫོགས་ཆེན་འབྲོག་རུ་བའི་སྡེ་ཕྱོགས་གནས་མཆོག་ཞབས་ཆེན་ཕ་གི་རྩར་གསང་ཆེན་ཟབ་མོའི་གཏེར་འབྱེད་ཉི་མ་གྲགས་པ། ཐུགས་སྲས་ཚད་མའི་སྐྱེས་བུ་རབ་འབྱམས་བསྟན་པའི་རྒྱལ་མཚན། རྫོགས་ཆེན་འབྲོག་རུ་བའི་སྡེ་ཕྱོགས་གནས་མཆོག་ཞབས་ཆེན་ཕ་གི་རྩར་གསང་ཆེན་ཟབ་མོའི་གཏེར་འབྱེད་ཉི་མ་གྲགས་པ། ཐུགས་སྲས་ཚད་མའི་སྐྱེས་བུ་རབ་འབྱམས་བསྟན་པའི་རྒྱལ་མཚན། རྫོགས་ཆེན་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་པ་ནམ་མཁའ་འོད་གསལ། རྗེ་དབོན་ཀུན་གྲོལ་རྣམ་རྒྱལ། སེ་རའི་བླ་མ་སངས་རྒྱས་རྒྱ་མཚོ་བཅས་ཀྱི་ཐུགས་བསྐྱེད་ཀྱི་སྨོན་ལམ་རྣམ་པར་དག་པ་མངོན་དུ་འགྱུར་ཞིང༌། སློབ་བུ་རྣམས་ཕྱོགས་སོ་སོར་བཏང་ཞིང་འཁོར་སློབ་སྐྱོང་བའི་བཀའ་ཕབ་པ་ལས་སེ་རའི་བླ་མ་སངས་རྒྱས་རྒྱ་མཚོ་ཁོང་ཡིད་ལྷུང་སའི་ཐིག་ལེ་འཕགས་མཆོག་ཕྱག་ན་པདྨོའི་མདུན་རི་གཡག་གི་ཟེ་བ་དང་འདྲ་བའི་གནས་དེར་སའི་བཀོད་པ་ཕུན་སུམ་ཚོགས་སྟབས་རྟེན་འབྲེལ་ལེགས་པར་བྱུང་དང་ལྷན་དུ་ཡིད་ལྷུང་ལྷ་རིགས་དཔོན་པོས་སྦྱིན་བདག་མཛད་ནས་ཐེག་མཆོག་འགྲོ་འདུལ་གླིང་གི་ཆོས་སྡེ་འདི་བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་ཡོས་ལོར་སྤྱི་ལོ་༡༦༨༧ལ་བཏབ། སྡེ་དགེའི་གདུང་རབས་ཞེ་གཅིག་པ་ས་སྐྱོང་དབང་ཆེན་མགོན་[page 544] པོའི་རིང༌། སྤྱིའི་རྒྱལ་རབས་བཅུ་གཅིག་པ་ཆོས་རྒྱལ་གྱི་ཁྲི་རབས་ལྔ་པ་བསོད་ནམས་ཕུན་ཚོགས་ཀྱི་སྐབས་ཡིན། དགོན་པའི་རྟེན་གཙོ་སྐོར་ལ། སྟོན་པ་བདེ་བར་གཤེགས་པ་གཙོ་འཁོར་གསུམ་ཁང་བརྩེགས་ཅན། ཕྱག་རྡོར། གུ་རུ་སོགས་འདམ་སྐུ་ཉི་ཤུ་རྩ་གཉིས། གུ་རུ་རིན་པོ་ཆེ་ལུས་ཚད་མ་དང༌། ཐུབ་པ་ལི་དམར་རྒྱབ་ཡོལ་མའམ་སེང་ཁྲི་ཅན། རཀྴ་གུ་རུ་སོགས་གཙོ་བོར་གྱུར་པའི་གནའ་རྫས་ལི་གཏེར་བཅོ་བརྒྱད། ཐང་ཀ་གསེར་ཐང་དྲུག་ཅུ་རེ་ལྔ། ཐང་ཀ་གཞན་པ་དུ་མ་དང༌། གསེར་འབག་སོགས་འབག་རིགས་ལྔ་བཅུ་ལྷག་བཅས་ཡོད། གསུང་རྟེན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། བསྟན་འགྱུར། འབུམ། རིན་ཆེན་གཏེར་མཛོད། མི་ཕམ་བཀའ་འབུམ། རྙིང་མ་རྒྱུད་འབུམ། མཛོད་བདུན། ཡ་བཞི། དུམ་གཉིས། གཏེར་ཆོས་སྐོར་པོར་བཅུ་གསུམ་གར་དབང་གླིང་པའི་གསུང་ཡིན། གསེར་ཆོས་དུམ་གཉིས་སྟོན་བསྟན་འཛིན་འགྱུར་མེད་ཀྱི་གསུང་དང༌། ཞི་ཁྲོའི་འགྲེལ་བ་ཀུན་བཟང་དགོངས་རྒྱན། གཟུངས་འདུས། བརྒྱད་སྟོང་སོགས་པོད་མཐའ་ཡས་པ་ཡོད་དོ།
སྤྱིར་དགོན་པའི་ཡོང་སྒོ་ཧ་ཅང་ཚད་དམའ་ཞིང་དུས་མཆོད་དང་གཏོང་སྒོའི་ཕྱོགས་མང་བས་གཞན་ལ་བསྡུར་ན་དཔལ་འབྱོར་རྗེས་ལུས་ཡིན། དགོན་པ་སྤྱིའི་དཔལ་འབྱོར་གྱིས་ཚོགས་ཁང་འདུ་ཁང་ཆེ་ཆུང་གསུམ་དང༌། མགོན་ཁང༌། མཛོད་ཁང༌། སྤྱི་གཉེར་ཁང༌། སྣེ་ལེན་ཁང་བདག་གཉེར་ཁང༌། ཇ་ཁང་སོགས་དང༌། གྲྭ་ཁང་བརྒྱ་དང་བརྒྱད་ཅུ་བཅས་བཞེངས་ནས་ཁྱོན་བཞི་འདོམ་ལྔ་བརྒྱ་ལ་བརྩིས་པའི་རྒྱང་གྲགས་གཅིག་ལྷག་གི་གྲུ་བཞི་མའི་ས་ཆར་ཡོད། བཤད་གྲྭ་རྒྱུན་འདུག་བཅུ་དང་སྒྲུབ་གྲྭ་རྒྱུན་འདུག་བཅུ། སློབ་གྲྭ་བ་རྒྱུན་འདུག་ཉི་ཤུ་ལྷག་བཅས་ཡོད། དེ་རྣམས་ལ་ཕོགས་དང༌། འབུད་ཤིང་སོགས་གཏོང་སྒོ་དགོས་རིགས་འདིའི་ནང་དུ་མི་རང་སྒེར་གྱིས་དགོན་པ་ལ་རྒྱབ་སྐྱོར་བྱས་ནས་འཛུགས་སྐྲུན་དང་རོགས་རམ་བྱས་པ་ཡང་ཡོད་དོ། །དེང་སང་ཏང་གི་སྲིད་ཇུས་བཟང་པོའི་འོག་ནས་ང་ཚོར་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བའི་རང་དབང་ཐོབ། དགོན་པའི་བཤད་སྒྲུབ་སྐོར། དགོན་པའི་སྒྲུབ་གྲྭ་ནི། རབ་བྱུང་བཅུ་བཞི་པའི་ནང་རིག་འཛིན་དབང་དྲག་རོལ་བའི་རྡོ་རྗེ་དང་སྤྲུལ་སྐུ་འཇམ་དབྱངས་རྣམ་གཉིས་ལས་དང་པོ་པ་རྣམས་ལ་བློ་སྦྱོང་དང་དཀོན་མཆོག་སྤྱི་འདུས། རིག་འདུས། ཞི་ཁྲོ། རྡོར་སེམས། བཀའ་དགོངས་ཕུར་སོགས་དགོན་པ་སྤྱིའི་སྒྲུབ་པའི་རྒྱལ་མཚན་ཟླ་གསུམ་རེར་བཙུགས། རང་དགོན་གྱི་ཡང་དབེན་འོད་གསལ་སྒྲུབ་ཕུག་སོགས་ཐག་ཅུང་ནེ་བ་ན་སྒྲུབ་གྲྭའི་ལྷ་ཁང་སོགས་བཞེངས་པར་གྲགས། དེང་བསོད་ནམས་རིན་ཆེན་དང༌། སྤྲུལ་སྐུ་བསྟན་སྐྱོང་ནོར་བུ་གཉིས་ཀྱིས་དགོན་པའི་གཡས་ཟུར་རི་ནོར་བུ་འདྲ་བའི་པང་དུ་སྒྲུབ་པའི་ལྷ་ཁང་གསར་དུ་བཏབ། སྒྲུབ་ཁང་བཅུ་ལྷག་ཅིག་གསར་བཞེངས་མཛད། བཤད་གྲྭ་ནི། མཆོག་སྤྲུལ་དབང་དྲག་རོལ་པའི་རྡོ་རྗེ་དང་གཡག་ཟེའི་བླ་མ་པདྨ་དབང་ཕྱུག་གཉིས་ཀྱིས་རྫོགས་ཆེན་དུ་དམ་ཤྲཱི་སེང་ཏའི་ཆོས་སྡེའི་ཕྱག་བཞེས་དང་[page 545] སྲོལ་རྒྱུན་ཉམས་པ་མེད་པའི་བཤད་གྲྭ་ཞིག་བཏབ། རྟག་པར་བཤད་གྲྭར་བཞུགས་མཁན་ཚོད་འཛིན་མེད་པ་རང་ཉིད་ལ་མོས་པ་གང་ཡོད་ལྟར་དཔེ་ཆ་ཀུན་བཟང་བླ་མ་དང༌། སྤྱོད་འཇུག་སྡོམ་གསུམ། གཞུང་ཆེན་བཅུ་གསུམ། མཛོད་བདུན་སོགས་གཙོར་མཛད་ནས་འཆད་སྤེལ་གྱི་སྲོལ་རྒྱུན་མ་ཉམས་པ་ཡོད། དགོན་པའི་བཤད་གྲྭ་ལོ་ལྔར་བསྐྱངས་ནས་ཤྲི་སེང་ཆོས་གྲྭར་བཞུགས་དགོས། དགོན་པའི་རྩེད་མོ་དང་འཆམ་གར་སྟབས་སྐོར། ཧོར་ཟླ་ལྔ་པའི་ཚེས་གཅིག་ཉིན་དགོན་པའི་རི་བསང་དང་རྟ་བསང་བྱེད། ཤེད་འགྲན་དང་རྒྱུགས་རྩལ་འགྲན། རྟ་རྒྱུགས་སོགས་བྱེད་སྲོལ་མཆིས། ཧོར་ཟླ་དྲུག་པའི་ཚེས་བཅུ་ཉིན་སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། གསེར་སྐྱེམས་སྐོར། བྱིན་འབེབས་སྐོར། གྲི་འཆམ་སྐོར། ཚོགས་ལེན་སྐོར། ལྷག་མ་གིང་ཆེན་སྡེ་བཞི་ཀུན་ཐུབ་མ། གིང་ཕྲུག་གཉིས། མི་སྣ་དང་ཧ་ཤང་ཨ་ཙ་ར་སོགས་མང་ངོ༌། །ཚེས་བཅུ་གཅིག་ཉིན་གླིང་གེ་སར་རྒྱལ་པོ། མ་སྲུ་མོ་སྨན་བདུན་ནམ་བརྒྱད་དང༌། གླིང་ལྷའི་སྐོར། ཞི་བའི་སྐོར། རྒྱས་པའི་སྐོར། དབང་གི་སྐོར། དྲག་པོའི་སྐོར་དང༌། བར་སྣང་གཉེན་གྱི་ཀླུང་རྟ་སྡེ་ལྔ་དང༌། སྟག་སེང་ཁྱུང་འབྲུག་ཚེ་རིང་རྣམ་གསུམ་རྟ་མཆོག་དང་བཅས་འདྲ་མིན་སུམ་ཅུ་ལྷག་ཡོད་པས་ཉིན་གཉིས་གསུམ་གྱི་རིང་ལ་འགྲུབ་ངེས། ཧོར་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་དབྱར་ལྗོངས་རྒྱུར་བྱོན་ནས་རྩེད་མོ་འདྲ་མིན་དང༌། རྒྱུན་ལྡན་འཆད་རྩོད་རྩོམ་གསུམ་བཅས་བསྟན་པའི་སྙིང་དོན་བླངས་ཤིང༌། དུས་མཆོད་སོགས་ལ་གླུ་གར་ཚོགས་ཀྱི་དགའ་སྟོན་དང༌། འདོན་བརྡུང་དབྱངས་ཀྱིས་གདུལ་བྱའི་རྣ་དབང་འཕྲོག་ཅིང༌། དད་ལྡན་འགྲོ་བའི་མིག་རྒྱན་དང༌། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་སར་གྱུར་ཅིང༌། །ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང༌། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བཅས་བྱས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས། མཁའ་འགྲོ་དམ་ཅན་རྒྱ་མཚོ། ཆོས་སྐྱོང་ནོར་ལྷ་གཏེར་བདག་ཡུལ་ལྷ་སྤྱིའི་ཟོ་དོར་སོགས་ཀྱི་ཐུགས་དམ་དགྱེས་པར་བསྐངས་ཏེ། བསྟན་པ་སྤྱི་དང་འགྲོ་བ་མཐའ་དག་ཕན་བདེ་རྒྱས་ཤིང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །ཅེས་བོད་རབ་རྒྱན་ཤིང་ཁྱི་ཧོར་ཟླ་བཅུ་གཅིག་པའི་ཡར་ཚེས་ལྔ་ལ་རིག་པའི་གནས་ལ་ཅུང་ཟད་སྦྱངས་པའི་རྨོངས་རྟུལ་དཔལ་བསྡུས་སམ་ཡེ་ཤེས་རྒྱ་མཚོས་བྲིས་པ་དགེའོ། །
དགོན་པ་འདི་ནི་འགྱུར་མེད་པདྨ་ཀུན་གྲོལ་རྣམ་རྒྱལ་དགུང་གྲངས་སོ་བདུན་པ། ཆུ་ཁྱི་འབྲས་ལྡན་འཆར་བའི་ལོར་རྒྱ་རོང་རྟག་བརྟན་རྣམ་པར་རྒྱལ་བའི་གླིང་ཞེས་པའི་སྒྲུབ་གྲྭ་འདི་ཐོག་མར་བཏབ། དེ་ནས་སློབ་མའི་ཚོགས་ཆོས་གྲྭ་འདིར་ངང་གིས་འདུས་པར་གྱུར་ཏོ། །དེ་ཚུན་བཞུགས་གནས་ཕལ་ཆེར་[page 546] རྒྱ་རོང་མཛད། གྲུབ་མཐའ་ནི། གངས་ཅན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འཛིན་མཁན་རྙིང་མ་ཡིན། ཆོས་བརྒྱུད་ནི། རྡོ་རྗེ་གྲགས།
སྨིན་གྲོལ་གླིང༌། ཉི་གྲགས། ཀུན་མཁྱེན་ཡབ་སྲས་དང༌། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལས་སྙན་བརྒྱུད་རྡོ་རྗེའི་བར་མ་ཆད་པ་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བརྒྱུད་པ་འཛིན་ནོ། །
གདན་རབས་མཁན་རབས་རིམ་བྱོན་ནི། རྗེ་དབོན་རིན་པོ་ཆེ་ནས་འགྱུར་མེད་འཕྲིན་ལས་རྒྱ་མཚོ་བར་གདན་རབས་བདུན། བླ་རབས་ནི། དབོན་སྤྲུལ་བླ་རབས་བཅུ་གསུམ། མཁན་རབས་མཁན་ཆེན་དཔལ་ལྡན་ཚུལ་ཁྲིམས། དེ་རྗེས་མཁན་མདོ་སྡེ་མཁས་བཙུན་ཕུལ་བྱུང༌། མཁན་ཀུན་བཟང༌། མཁན་ཐུབ་བསྟན་ལྷ་པ། མཁན་ཀུན་བཟང་རྣམ་གྲོལ་བཅས་མཁན་རབས་ལྔ་ཡིན། བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི་སྐྱེད་ཆེན་པ་དེ་དག་གི་སྐུ་རིང་ལ་ལུང་རྟོགས་ཀྱི་བསྟན་པ་སྒོམ་སྒྲུབ་ཇི་ལྟར་མཛད་ཚུལ་ནི་གོང་སྨོས་བཞིན། རྒྱལ་རོང་རྣམ་སྤྲུལ་གསུམ་པ་འགྱུར་མེད་འགྲོ་འདུལ་གར་གྱི་རྡོ་རྗེའི་སྒྲུབ་གྲྭ་གསར་འཛུགས་གསོལ་ཕོག་རྟེན་རྩ་བཅས་ཚུགས་པ་རེད། ཐོག་མར་རྗེ་དབོན་རིན་པོ་ཆེའི་དགོན་པ་ཕྱག་བཏབ་སྐབས་རྒྱལ་རོང་རྟག་བརྟན་རྣམ་པར་རྒྱལ་བའི་སྒྲུབ་གྲྭ་ཞེས་མཚན་དོན་མཐུན་པ་སྒྲུབ། རྒྱུན་གྱི་སྲོལ་ཀྱང༌། མཁས་གྲུབ་རིམ་བྱོན་གྱིས་དབྱར་སྟོན་ཉམས་ཁྲིད་སོགས་གཙོ་བོ་མཛད། དུས་མཆོད་རྒྱུན་སྲོལ་ནི། བོད་ཟླ་དང་པོའི་ཚེས་གཅིག་ནས་རིག་འཛིན་འཇའ་ཚོན་གྱི་གཏེར་ཁ་དཀོན་མཆོག་སྤྱི་འདུས་བུམ་སྒྲུབ་ཆེན་པོ་ཉིན་བདུན། གཏེར་ཆེན་གུ་རུ་ཆོས་དབང་གི་བླ་སྒྲུབ་གསང་བ་དའུས་པའི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་སྲོལ་ལྟར་ཞྭ་ནག་མའི་ལུགས་གར་འཆམ་དབྱངས་རོལ་མོ། བཀོད་བཤམས་སོགས། བོད་ཟླ་བཞི་པའི་ནང་ཐུགས་རྗེ་ཆེན་པོ་སངས་རྒྱས་སྨན་བླའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པ་ཉིན་བདུན། བོད་ཟླ་ལྔ་པའི་ཚེ་བཅུ་གསུམ་ནས་སྒྲུབ་མཆོད་ཆེན་མོ། རིག་འཛིན་འཇིགས་མེད་གླིང་པའི་གཏེར་ཆོས། ཕུར་པ་སྡུད་ལུགས། རྒྱལ་དབང་ལྔ་པའི་སྨན་བླ། ཉི་གྲགས་ཚེ་སྒྲུབ། ར་སྟོན་ཕུར་པ། གླིང་གཏེར་པདྨ་རྒྱལ་པོ། བཀའ་བརྒྱད་བཅས་ཆོ་ག་ཁག་བདུན། བོད་ཟླ་དྲུག་པའི་ཚེ་བཅོ་ལྔ་གསོ་སྦྱོང་བཅས་དབྱར་གནས་ཞག་ཞེ་ལྔ། བོད་ཟླ་བཅུ་པའི་ཚེས་འགོ་ནས་བླ་གྲྭ་ཀུན་འདུས་ནས་ནང་ནུབ་ཐུན་བཅད་ནས་བོད་ཟླ་བཅུ་གཉིས་པའི་ཚེས་གསུམ་ནས་འཆམ་སྦྱོང༌། ཚེས་ཉེར་གཅིག་ནས་རྣམ་སྤྲུལ་གསུམ་པ་འགྱུར་མེད་འགྲོ་འདུལ་གར་གྱི་རྡོ་རྗེའི་གཏེར་བྱོན་གཤིན་རྗེ་ཚེ་བདག་གི་སྒྲུབ་པ་ཞག་བདུན་དང་དག་སྣང་གི་གར་འཆམ་དབྱངས་རོལ་ཟོར་འཆམ་གཏོར་རྒྱག་གྲུབ་ཆེན་བརྒྱད་ཅུའི་གར་འཆམ་བཅས་ཡོད།
ཡོན་གྱི་འབྱུང་ཁུངས་ནི་དགོན་པ་འདི་རྒྱུ་སྦྱོར་ཡོན་བདག་གི་འབྱུང་ཁུངས་ནི། རྗེ་དབོན་བླ་མ་བྱོན་ཚུན། སྐུ་ཕྲེང་རིམ་བྱོན་རྣམས་སུ་བསྟན་པ་ཞབས་ཏོག་ཁྱད་པར་ཅན་སྒྲུབ་པའ་སྦྱིན་བདག ས་[page 547] སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ནས་རྒྱལ་རབས་རིམ་བྱོན། རྗེ་དབོན་རིན་པོ་ཆེ་ནས་མཛོད་བདུན་སྤར་བརྗོ་ཐུགས་འདོད་གནང་བའི་བསྟན་པའི་རྩ་ལག་ཏུ་ཐུགས་ཁུར་གཟིགས་སྐྱོང་གནང་ནས་དབུ་བླ་མཛད། སྡེ་དགེ་རྒྱལ་རབས་རིམ་ཕེབས་རྣམས་ཀྱི་ཐུགས་ཁུར་འོག བུམ་སྒྲུབ་ཚེས་བཅུ། སྒྲུབ་མཆོད་བཅས་དུས་མཆོད། རྫ་སྟོད་ཤོག་ཁ་ས་ཞིང་དང༌། རྫ་སྨད་ཕྱོགས་ཁ་ལ་དེ་བཞིན་ས་ཞིང༌། དགོན་སྡེ་བ་ཡིད་ལྷུང་སྤྱིའི་ཁོངས་གཏོགས་མཛད། རྫོང་དཀར་དམར་གཉིས་ཟེར། དཀར་པོ་ཡིད་ལྷུང་ལྷ་རུ་ཚང༌། རྗེས་སུ་དཔོན་པོ་བྱ་རྒོད་ཚང༌། རྫོང་དམར་པོ་བླ་མ་རྒྱལ་རོང་ཚང་གཉིས་ཡིན། དེ་ལྟར་ཡིད་ལྷུང་ཁོག་དགོན་འདིས་ཆོས་སྡེ་མཛད་ནས་དུས་ཆེན་ཕྱུག་ཁག་རྣམས་ལ་སྤྱི་བ་དང་གཉེར་བ་སོགས་སྐོས་དགོས། དེ་ལ་སྤྱི་རྒྱུ་ནི་རྒྱ་རོང་དབོན་སྤྲུལ་ནམ་སྤྲུལ་བླ་ཁག་གཉིས་ཀྱི་གདུལ་བྱ་བྱོན་པའི་རྒྱུ་རྫས་རྟ་ཟོག་གི་འབྱུང་ཁུངས་ཀྱི་རྩིས་སྤྲོད་མཛད། སྤྱི་རྒྱུ་སྔོན་གྱི་དངུལ་དཀར་པོ་རྡོ་ཚད་༦༠ མར་རྒྱ་མ་༢༠༠ མཛོ་ཁལ་༡༠༠ འབྲི་མཛོ་མོ་༣༠༠ ཇ་སྒམ་༡༠༠༡ས་ཞིང་བཅས་རྩིས་སྤྲོད་ཡོད། ཚོགས་པའི་གཏོང་སྒོའི་མ་རྩ་ཡིན། གཞན་གླིང་ཚང་རྒྱལ་པོ། ས་སྐྱོང་སྡེ་དགེའི་བཀའ་ཁྲིམས་ཀྱི་ཁ་ལོ་བསྒྱུར་བའི་གཉེར་བ། ས་གར་པདྨ་ལས་གྲུབ། བྱ་རྒོད་གཉེར་བ། ལྷ་རུ་དཔོན། སྐལ་བཟང་ཕུན་ཚོགས། ཧོར་སྟོད་ལ་གར་ཚང༌། རི་ཕུགས་ཚང༌། བྱང་རྫ་ཆུ་ཁ། ཁྲོ་ཤུལ་གང་འགབ། ཁྲམ་གཟའ་གང་འབ། མགོ་ལོག་རྟ་རྟག །ཧོར་སྟོད་ལ་གར་ཚང༌། རི་ཕུགས་ཚང༌། བྱ་རྫ་ཆུ་ཁ། ཁྲོ་ཤུལ་གང་འགབ། ཁྲམ་གཟའ་གང་འགབ། མགོ་ལོག་རྟ་རྟག །ཧོར་བསྐོར་སོགས་བསྟན་པའི་ཞབས་ཏོག་ཁྱད་པར་ཅན་སྒྲུབ་པའི་སྦྱིན་བདག་ཏུ་གྱུར་བ་ཡིན། དགེ་འདུན་ཐོག་མར་རྗེ་བླ་མའི་ཞབས་ཀྱིས་བཅགས་ཤིང་རིམ་པར་སྒྲུབ་སྡེ་བཏབ་ནས་དགེ་འདུན་ཉེར་གྲངས་བཞུགས། དེ་རྗེས་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་བཀའ་དྲིན་བསྐྱངས་བའི་སྐབས་དགེ་འདུན་གཉིས་བརྒྱ་ལྷག་ཙམ། དགོན་འདིས་མངའ་འོག་གྲྭ་རྩ་ཡིད་ལྷུང་སྡེ་ཕྱོགས་སོ་སོའི་ནང་ཕྲན་བུ་རེ་ཡོད། སྡོམ་རྩིས་བྱེད་ན་དུད་གྲངས་ལྔ་བཅུ་ལྷག་ཙམ་ཡོད།
དེང་གི་གནས་ཚུལ་ནི་དེ་ལྟར་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་སྲོག་ཤིང་འཛིན་རྒྱ་རོང་རྟག་བརྟན་རྣམ་པར་རྒྱལ་བའི་སྒྲུབ་གྲྭ་ཆེནཔོ་འདི། ཏང་ཀྲུང་དབྱང་དང༌། ཏིང་ཞོའོ་ཕིང་གི་ཆོས་ལུགས་སྲིད་ཇུས་ཇེ་བཟང་ལ་སོང་བའི་རྐྱེན་གྱིས་༡༩༨༥ལོའི་བོད་ཤིང་གླང་ལོར་གསར་སྐྲུན་བྱས་པ་ཡིན། ཕྱོགས་སོ་སོའི་མི་དམངས་ཀྱི་རོགས་རམ་ཞབས་ཞུ་ལ་རྟེན་ནས་ལོ་ལྔའི་རིང་ཙམ་གྱིས་ལེགས་གྲུབ་བྱུང༌། ཨོ་རྒྱན་རིན་པོ་ཆེའི་གཙོས་ཁང་བརྩེགས་ཅན་ལྷ་བདུན། རས་གཞི། དགོན་ཁང་ཡི་དམ་ཆོས་སྐྱོང་ཡོངས་རྫོགས་ཀྱི་སྨན་འདག་སྐུ་བཅས་སླར་གསོ་གྲུབ། སྒྲུབ་གྲྭ་ཡང་ཉམས་གསོ་གསར་འཛུགས་བྱས། སྒྲུབ་ཁང༌། ཅ་ལག གསོལ་ཕོག་བཅས་ལེགས་པར་བཞག སྐུ་གསུང་ཐུགས་རྟེན་ཅུང་ལྷག་ཡོད་པ་རྣམས་དད་ལྡན་དང་གྲྭ་པ་རྒན་འགའི་རང་མོས་ཀྱིས་ཕུལ་བ་དང༌། ལི་གཏེར་སོགས་གྲངས་མང་ཡོད་པ། དགེ་འདུན་པ་གསར་དུ་གྲྭ་གཞོན་པའི་བཅུ་ལྷག་ཙམ་བསྡུས་ནས། འདོན་[page 548] རྟ་དབྱངས། འཆམ་གར་སྟབས་སོགས། སྔ་སྲོལ་དུས་མཆོད། བཅའ་ལག་ཁྲ་འཆམ་བཅས་རྨང་གཞི་ཙམ་ཚུགས་པ་བཅས་སོ། །
བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་དུ་བོན་ཆོས་དར་ནུབ་བྱུང་སྐབས། འབངས་རི་བ་ནམ་མཁའ་ཐོག་རྡུགས་དང་གྲུབ་ཆེན་བཀྲ་ཤིས་རྒྱལ་མཚན་ཡབ་སྲས་མདོ་སྨད་བསྟན་འགྲོའི་དོན་དུ་ཞབས་[page 617] དངོས་སུ་བཅགས་ཏེ་རྫ་སྟོད་རིན་ཆེན་སྤུངས་པའི་ཕྲག་གོང་དུ་བཞུགས། དེ་ནས་རབ་བྱུང་དང་པོའི་དཀྱིལ་ཙམ་ན་རྨེའུ་སྟོན་བསོད་ནམས་མཚན་ཅན་འདིར་བྱོན་ནས་སྒྲུབ་རྒྱུད་ཀྱི་བསྟན་པའི་རྐང་བཙུགས་པས། བཀྲ་ཤིས་ཕུན་ཚོགས་གླིང་ཞེས་མཚན་གསོལ། དེ་ནས་གནམ་བབ་ཀྱི་གདུང་ལས་ཆད་པའི་དམ་པ་ཁྲོ་ཚང་གིས་གདན་ས་བཟུང་པས་ཁྲོ་ཚང་དར་རྒྱས་དགོན་པ་ཞེས་གྲགས་སོ། །དེ་རྗེས་ཀུན་གྲོལ་འཇའ་ཚོན་གླིང་པ་དགོན་འདིར་ཕེབས་ནས་བསྟན་པ་དར་སྤེལ་དང༌། སྐུ་གསུང་ཐུགས་སོགས་ཀྱི་དགོན་ཁག་ཏུ་ཕྱེས་ཏེ། དགོན་འདིར་རང་བྱུང་གིས་གྲུབ་པའི་རྩལ་དང་མངོན་ཤེས་ལྔ་ལྡན་གྱི་སྐྱེས་ཆེན་དམ་པ་ཤ་སྟག་བྱོན་པ་ཡིན་ཞེས་གསུངས་ནས་རྫ་སྟོད་ཐུགས་ཀྱི་དགོན་པ་ཐེག་ཆེན་ཕུན་ཚོགས་གླིང་ཞེས་མཚན་གསོལ། དགོན་ཁག་བར་གྱི་འབྲེལ་འདྲིས་དམ་པོར་བཞག དེ་ནས་ཁོང་གི་བཀའ་གཏེར་དབང་མཆོག་ཟབ་མོའི་ཆུ་རྒྱུན་རྣམས་དད་ལྡན་ཁྲོམ་རྫོང་ཡུལ་དགོན་ལྷན་རྒྱས་ལ་སྨིན་གྲོལ་གྱི་བའ་དྲིན་སྩལ་གྱིན་མེ་ཏོག་ཆར་དང་འཇའ་འོད་སྒྲ་དང་བཅས་ཏེ་རང་གནས་རིན་ཆེན་སྤུངས་པའི་དགའ་ཚལ་དུ་ཞི་དབྱིངས་སུ་གཤེགས་སོ། །དེ་ལྟར་དགོན་པའི་མཚན་གྲངས་དང༌། གྲུབ་མཐའ་ཡང་དུས་དེ་སྐབས་ནས་འགྱུར་ལྡོག་བྱུང་མ་མྱོང་ལ་སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་ལགས་སོ། །དེ་ནས་བཟུང་ཀུན་གྲོལ་སྐུ་ཕྲེང་རིམ་བྱོན་ཧུཾ་ཆེན་བླ་མའི་བར་དུ་དགོན་འདིར་ཕེབས་ནས་བསྟན་པ་གཅིག་སྡོང་གཅིག་གིས་མཛད་རྒྱུད་མཆིས་སོ། །ཉག་གཏེར་གསང་སྔགས་གླིང་པ་དགོན་འདིར་ཕེབས་ནས་མི་དམན་པའི་དངོས་རྫས་དང་སྨིན་གྲོལ་གྱི་བཀའ་དྲིན་བསྐྱངས། ཀུན་མཁྱེན་ཤར་རྫ་པ་དགོན་འདིར་ཕེབས་ནས་ལོ་གཅིག་ཙམ་བཞུགས་ཏེ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་མཛད་པས་ཐེག་ཆེན་ཕུན་ཚོགས་གླིང་དུ་ཐུགས་རིག་སད། དམ་པ་དེས་ཟབ་རྒྱས་ཀྱི་བོན་སྒོ་དུ་མའི་ཁྲིད་ལུང་གི་རྒྱུན་སྤེལ་མཛད། གཞན་ཡང་བླ་སྤྲུལ་རྒྱལ་བ་གཡུང་དྲུང༌། ཐར་བདེ་གཡུང་དྲུང་ཕུན་ཚོགས། མི་འགྱུར་ནམ་མཁའ་རྡོ་རྗེ། རབ་འབྱམས་བསྟན་པའི་རྒྱལ་མཚན་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མ་བྱོན་ནས་མངའ་གསོལ་ཤིས་བརྗོད་སྨོན་ལམ་མཛད་པ་མ་ཟད་བན་བོན་རིས་མེད་ཀྱི་གཏད་སོ་དང་དགོན་སྡེ་བརྒྱ་ཕྲག་ལྷག་ལ་འབྲེལ་འདྲིས་ཟབ་མོ་ཡོད་པའི་དགོན་གནས་ཤིག་ཡིན་ནོ། །
དགེ་འདུན་པའི་ཞལ་གྲངས་ཀྱང་མང་དུས་བརྒྱ་དང་ལྔ་བཅུ་ང་བདུན་དང་ཉུང་མཐའ་བརྒྱད་ཅུ་ཙམ་བཞུགས་པ་ཡིན་ནོ། །མཆོད་པའི་ཡོ་བྱད་སོགས་ནི། སིལ་སྙན་ཉི་མ་འབྲུག་གྲགས། རོལ་མོ་སྒྲ་བརྒྱ་ཟིལ་གནོན་དང༌། འཁར་རྔ་སྟོང་གསུམ་སྒྲ་དབྱངས་ཞེས་པ་སོགས་བཀའ་རྒྱ་ཅན་བཅུ་གསུམ། སྣ་ཚོགས་བདུན་ཅུ་ལ་ཉེ་ཙམ་དང༌། གཞན་ཡང་མཆོད་ཆ་རྣམས་གསེར་དངུལ་ཟངས་རག་སོགས་ལས་[page 618] གྲུབ་པའི་སྤུས་གཙང་ཞིང་སྒྲོས་ལེགས་པ་དུ་མ་དང༌། རིན་ཐང་ཆེ་བའི་གནའ་རྫས། གཏེར་ཟངས་དཀར་མོ་དུང་མཚོ་དང༌། འཆམ་གོས་གསེར་ལེབ་ཆེ་ཆུང་གཉིས་དང་རྒྱན་གཞི་སོགས་དྲུག་ཅུ་ཙམ་དང༌། ཟངས་གསེར་དང་ཤིང་འབག་གཏེར་མ་རས་འདམ་འབག་བཅས་བརྒྱ་ཕྲག་ལྷག་དང༌། སྐུ་ཐང་ཡང་བདུན་ཅུ་ཙམ་བཞུགས་སོ། །དུས་མཆོད་རྒྱུན་གསོལ་ནི་ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ་གྱི་སྐུ་རིང་ལ་རྒྱུན་འཇགས་སུ་ཡོད་པ་རགས་རིམ་ཙམ་འདོག་ན། བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལ་བླ་གྲྭ་རྣམས་འདུས་ནས་ལོ་གསར་འཚོགས་ཏེ་འཛམ་གླིང་སྤྱི་བསང་དང་རིག་འདུས་ཚོགས་འཁོར། ཡི་དམ་ཕྱི་ནང་གསང་གསུམ་གྱི་བསྐང་བ་དང་བཅས་པ་ཉིན་གཅིག་འཚོགས། ཚེས་བརྒྱད་ཉིན་ནས་བླ་སེར་ཡོངས་ཀྱིས་ཀུན་རིགས་སྒྲོལ་མའི་ཆོ་ག་ཉིན་བཞི། མདོ་གཡུང་དྲུང་ཀློང་རྒྱས་ཉིན་གཉིས། ཞི་ཁྲོ་སྒྲུབ་ཆེན་དབང་དང་བཅས་ཉིན་བཅུ། མ་རྒྱུད་ཐུགས་རྗེ་ཉི་མའི་ཚོགས་ཆེན་དང་ཀུན་གསལ་བྱམས་མའི་སྔགས་སྒྲུབ་བཅས་ཉིན་བཞི་སོགས་འཚོགས། བོད་ཟླ་བཞི་པའི་ཚེས་བཅུ་ལ་སྣང་སྲིད་ཞི་བ་ཆེན་པོའི་སྦྱིན་སྲེག་དང་མཆོད་གཏེར་བདུད་རྩིའི་ཆུ་རྒྱུན་སོགས་ཉིན་གཅིག་དང༌། བོད་ཟླ་ལྔ་པའི་ཚེས་གསུམ་ནས་འདུས་གྲྭ་བརྒྱ་ཕྲག་ལྷག་ཙམ་གྱིས་བླ་མ་རིག་འཛིན་འདུས་པའི་སྒྲུབ་ཆེན་དང་གར་འཆམ་བཅས་ཉིན་བཅུ། སྤྱི་བསང་ཡིད་བཞིན་ནོར་བུ་དང་མཆོད་གཏོར་བཅས་ཉིན་གཉིས། དེ་ནས་ཚེས་བཅོ་ལྔ་ནས་དགེ་འདུན་པའི་ཞལ་གྲངས་ཉེར་ལྔས་ཉིན་ལྔ་བཅུ་ཙམ་ལ་གཞི་གསུམ་གྱི་དོན་ལ་ཐུགས་ཉམས་བཞེས། བོད་ཟླ་དྲུག་པའི་ཚེས་བཅུ་བདུན་ནས་བྱམས་པའི་མདོ་ཆོག་དང༌། སྲིད་རྒྱལ་དྲེའུ་དམར་ཚོགས་འཁོར་དང་སྨྱུང་གནས་བཅས་ཉིན་དྲུག བོད་ཟླ་བཅུ་པའི་ཚེས་བཅུ་བདུན་ནས་བླ་གྲྭ་ཡོངས་ཀྱིས་དགུ་གཏོར་ཆེན་མོ་འཚོགས་ཏེ་ཞི་བ་གཡུང་དྲུང་ཡོངས་རྫོགས་དང་ཁྲོ་བོ་ངོ་མཚར་རྒྱས་པའི་སྒྲུབ་ཆེན། མཁའ་ཀློང་གསང་བའི་མདོས་ཆེན། ཁྲོ་བོ་ངོ་མཚར་རྒྱས་ཟློག་སོགས་ཀྱི་སྒྲུབ་ཁག་དང༌། ལག་ལེན་གར་གྱི་རྣམ་རོལ་གྱི་ཟུར་བསྟན་པ་དང༌། ཞི་ཁྲོ་རྩ་གསུམ་རྒྱ་མཚོའི་གར་འཆམ་བཅས་ཉིན་བཅོ་ལྔ་དང༌། བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནས་བུམ་སྒྲུབ་ཆེན་མོ་སྒྲིབ་སྦྱོང་དྲིལ་སྒྲུབ་ཉིན་བརྒྱད། འོད་དཔག་མེད་དང་ཞི་ཁྲོ་རིགས་བརྒྱ་རྒྱས་འབྲིང་བསྡུས་གསུམ་དང་བཅས་ཉིན་བདུན། ཚེས་ཉེར་ལྔ་ནས་ལས་སྣ་བདུན་པོས་སྟག་ལའི་སྒྲུབ་པ་ཉིན་ལྔ་དང༌། ཟླ་ཚེས་བཟང་པོ་དག་ལ་ལོ་རྒྱུན་དུ་སྤྱི་རིམ་དགེ་འདུན་པ་བཅུ་ཙམ་གྱིས་རྣམ་རྒྱལ་གཡང་སྒྲུབ་དང་གདུགས་དཀར་སྒྲུབ་པ། གེ་ཁོད། གར་ཕུར་བཅས་ཀྱི་སྒྲུབ་པ་དུས་བབ་དང་བསྟུན་ནས་ཉིན་བདུན་དུ་འཚོགས་རྒྱུ་ཡོད་ཅིང༌། གཞན་ཡང་མ་མགོན་ཁང་དུ་དགེ་འདུན་པ་གཅིག་གིས་རྒྱུན་དུ་བསང་གསོལ་དང་དབལ་གསས་གཞུང་དང་དྲེའུ་དམར་བཅས་དང༌། ཉ་སྟོང་ཚེས་བརྒྱད་རྣམས་ལ་ཇོ་ཕུར་དང་དྲན་པ་ཡབ་སྲས་ལྷ་མོ་མི་བདུན་སོགས་ཀྱི་ཚོགས་འཁོར་གང་རུང་ཞིག་[page 619] གསུང་སྲོལ་མཆིས་སོ། །
དེ་ལྟར་དགོན་འདིའི་དུས་མཆོད་དང་སྒྲུབ་མཆོད་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་སོགས་ཀྱི་ཡོན་གྱི་འབྱུང་ཁུངས་ནི། དེ་ཡང་སྔོན་རྨེའུ་སྟོན་གྱི་ཞལ་བཀོད་གཙུག་ལག་ཁང་དེ། དད་སྦྱིན་ཁྲོམ་རྫོང་གི་མངའ་རིས་ཀྱིས་བགྱི་འོས་གང་ལ་ཡང་མི་དམན་པའི་འབྱོར་ཚོགས་ཕུལ་ནས་བྱ་རྒོད་བླ་མ་དུང་ཁུར་སོགས་ཀྱི་སྐུ་རིང་ལ་བཞེངས་འདུག དུས་དེར་དགེ་འདུན་པའི་འཚོ་བ་ཡང་མངའ་འོག་གི་ལྷ་སྡེ་སོགས་ལ་བླ་གྲྭ་གང་འཛོམས་ཤིག་བསོད་སྙོམས་སུ་ཕེབས་རྒྱུན་མཆིས། དེའི་རྗེས་བྱ་རྒོད་གདུང་རྒྱུད་བཅུ་གསུམ་དང་ཁྲོམ་བཟང་བླ་རབས་རིམ་བྱོན་སོགས་ཀྱིས་ཀྱང་དེ་ཙམ་གྱིས་ཆོག་ཤེས་བསྟེན་ནོ། །དེ་ནས་བསྟན་པ་རིམ་གྱིས་འཕེལ་རྒྱས་བྱུང་ནས་སྔར་གྱི་གཙུག་ལག་ཁང་ཅུང་ཞིག་ཆུང་ལ། དེར་བརྟེན་གྱི་འདུས་སྡེ་བརྒྱ་ཕྲག་ལྷག་ཙམ་འཕེལ་བས། ཁྲོ་བླ་བསྟན་འཛིན་ནོར་བུས་གཙུག་ལག་བཀྲ་ཤིས་འོད་འབར་གསར་དུ་བཞེངས། དེ་ནས་ཁྲོ་ཚང་སྐུ་མཆེད་དང༌། བྱ་རྒོད་འཇིགས་མེད་རྟོགས་ལྡན། དབྲ་སྟོན་དྲུང་མུ་མཚན་ཅན། རིག་འཛིན་ཀུན་གྲོལ་འཇའ་ཚོན་སོགས་ཀྱིས་མི་དམན་པའི་དངོས་རྫས་བཀའ་དྲིན་བསྩལ་བ་དང༌། གཞན་ཡང་འབྲེལ་ཡོད་ཀྱི་དགོན་སྡེ་ལྔ་བཅུ་ཙམ་ལ་བསོད་སྙོམས་སུ་བྱོན་ནས་འབུལ་སྡུད་དང༌། ལྷག་པར་དད་སྦྱིན་ཁྲོམ་བཟང་ལྷ་སྡེས་འབྲི་མཛོ་ས་ཞིང་བཅས་མཐུན་རྐྱེན་དུ་བསྒྲུབས་ནས་སྤྱི་རྟེན་གྱི་རྨང་གཞི་བཙུགས་ཏེ། བླ་མ་བྱ་ཁྲོ་གཉིས་ཀྱིས་བསྟན་བདག་གི་འགན་བཞེས་གནང༌། དཔལ་འབྱོར་གྱི་འགན་བཞེས་པ་གཙོ་བོ་རྒྱན་གཉེར་དང་གྲྭ་མང་སྤྱི་པ་བཅས་མི་གཉིས། གཏོང་སྒོའི་ལས་ཐོག་གི་སྤྱི་གཉེར་ཁག་གསུམ་ལ་མི་གཉིས་རེ་དང༌། སྒྲུབ་བླ་དགེ་འདུན་པ་གཅིག དགེ་བསྐོས་གྲྭ་པ་གཉིས་རེ་དང༌། དབུ་མཛད་མཆོད་དཔོན་འཆམ་དཔོན་བཅས་མི་གཉིས་རེ། དེ་དག་ཀྱང་གཡུང་དྲུང་སེམས་དཔའི་སྒྲིག་ལ་ཞུགས་ནས་གར་ཐིག་དབྱངས་གསུམ། འབུད་དཀྲོལ་རྡུང་གསུམ། བཅའ་བསྒྱུར་ཕྱག་རྒྱ་སོགས་ལ་མཁས་པ་དང༌། ཁྱད་པར་དུ་རང་རང་ལ་མིང་གི་ཅོད་པན་གང་གནང་དེ་ཐོགས་ཆག་མེད་པ་ཞིག་དགོས་ངེས་པ་ཡིན། སྒྲུབ་གྲྭ་ལའང་དགེ་འདུན་པ་གསུམ་རེ་བཅས་དེ་དག་ལོ་ལྔ་རེའི་རེས་བཡས་ནས་བསྐོ་བཞག་གནང་སྲོལ་ངེས་ཅན་དུ་མཆིས། དགོན་འདིའི་མཁན་པོ་ནི་མདོ་སྔགས་སེམས་གསུམ་ལ་མཁས་ཤིང་གྲུབ་པ་གཞན་དོན་དུ་སྨིན་གྲོལ་ཟབ་མོའི་གདམས་ངག་རྣམས་བཀའ་དྲིན་དུ་སྩལ་བ་ཞིག་མཁན་ཁྲིར་མངའ་གསོལ་བ་ཡིན་ནོ། །ཕྱིས་སུ་དུས་རྐྱེན་གྱི་དབང་གིས་སྐབས་ཤིག་ལ་རིན་ཐང་ཆེ་བའི་གནའ་རྫས་རྣམས་གོང་ལེན་དང་གཏོར་བརླག་བྱས་སོང་ངོ༌། །དེང་གངས་ལྗོངས་རྒྱལ་བསྟན་ཉམས་གསོ་ཆོག་སྐབས། གསུང་རབ་འཛམ་གླིང་རྒྱན་གཅིག་སོགས་ཅུང་ཟད་ལྷག་ཡོད་པ་རྣམས་དད་སྦྱིན་འགའ་ཡིས་རང་མོས་ཀྱི་སྒོ་ནས་ཕུལ་བ་དང༌། གཙུག་ལག་ཁང་གཉིས་ཀ་ཞིག་གསོ་དང༌། རྟེན་མཆོག་རྣམ་པར་རྒྱལ་བ་སོགས་སྨན་འདམ་སྐུ་བཅུ་དང༌། སྟོན་པ་གསུང་འབྱིན་སོགས་[page 620] གསེར་ཟངས་ལས་གྲུབ་པ་བདུན་ཙམ་ཞིག་གསོ་གྲུབ་བོ། །བླ་གྲྭ་བདུན་ཅུ་ཙམ་གྱིས་སྔ་སྲོལ་དུས་མཆོད་འཆམ་དང་བཅས་པ་རྨང་གཞི་ཙམ་ཚུགས་པ་དང༌། དེ་ཡང་ཐུགས་མཐུན་ཁྲིམས་གཙང་ཞིང་བསླབ་པ་མི་ཉམས་པར་བསྲུང་བའི་སྒོ་ནས་ཐོས་བསམ་སྒོམ་གསུམ། བསྙེན་སྒྲུབ་ལས་གསུམ་གྱིས་དུས་འདའ་ཞིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་བསྟན་པའི་བྱ་བ་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཟབ་མོ་དང་བཅས་ཏེ་བཞུགས།
ལྷ་ཁང་འདེབས་པ་པོའི་མཛད་རྣམ་རགས་ཙམ་ནི་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྟོད་སྨད་དབུས་གཙང་སྟེ་ཆོལ་ཁ་གསུམ་དུ་ཕྱེས་པའི་མདོ་སྟོད་མིའི་ཆོལ་ཁའི་ཡ་གྱལ་ཁྲ་མོ་གླིང་དཀར་སྡེ་བའམ་གླིང་ཚང་ཞེས་ཡོངས་སུ་གྲགས་པ་འདིའི་ཆོས་རྒྱལ་གྱི་གདུང་རབས་ནི། བོད་མིའུ་གདོང་དྲུག་ཆོས་ལ་འཕེན་དང༌། དེ་ནས་གདུང་རབས་སོ་བདུན་མཚམས་སུ་གདོང་ཆོས་འཕེལ་ནག་པོ་འཁྲུངས། དེ་ལ་གསེར་བཟའ་འོམ་བཟའ་སྤྱང་བཟའ་གསུམ་ཁབ་ཏུ་བསུས་པས་རིམ་པ་བཞིན་སྲས་གསེར་བུ་ལྷ་ཡག་དར་དཀར་དང༌། འོམ་བུ་ཁྲི་སྤྱང་དཔལ་རྒྱལ། སྤྱང་བུ་དགྲ་རྒྱལ་འབུམ་མེ་གསུམ་འཁྲུངས། དེ་དག་གི་རྒྱུད་པ་ལ་གླིང་ཆེ་འབྲིང་ཆུང་གསུམ་དུ་གྲགས་པའི་ནང་ཚན་ཆུང་བརྒྱུད་དགྲ་ལྷ་འབུམ་མེའི་སྲས་ཐོག་ལྷ་འབུམ། དེའི་སྲས་ཆོས་ལྷ་འབུམ་ལ་རོང་བཟའ། རྒ་བཟའ་རྨུ་བཟའ་གསུམ་ཁབ་ཏུ་བསུས་པས་རོང་གཟའ་ལ་སྤྱི་དཔོན་དང༌། རྒ་གཟའ་ལ་གཡུལ་རྒྱལ་འབུམ། རྨུ་བཟའ་ལ་སེང་བློན་གསུམ་འཁྲུངས་པའི་སེང་བློན་ནས་རྒྱ་བཟའ། རོང་བཟའ། འགོག་བཟའ་གསུམ་ཁབ་ཏུ་བཞེས་པས་རྒྱ་གཟའ་ལ་སྲས་རྒྱ་ཚ་ཞལ་དཀར། རོང་གཟའ་ལ་རོང་ཚ་དམར་ལེགས། འགོག་གཟའ་ལ་སེང་ཆེན་ནོར་བུ་དགྲ་འདུལ་རྣམས་འཁྲུངས། རྒྱ་ཚ་ཞལ་དཀར་གྱིས་རག་གཟའ་ཁབ་ཏུ་བཞེས་པའི་སྲས་སུ་དགྲ་འདུལ་ལྷ་རྩེའམ་ཡོངས་གྲགས་སུ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཞེས་པ་ཉམས་ཆུང་གི་ཕ་མ། བཙན་པོའི་གཉའ་གནོན། དགྲ་མགོ་བརྡུང་བའི་ཐོ་བ། མི་རྒྱུད་ལྷ་ལས་ཆད་པ་གང་ཉིད་སྐུ་འཁྲུངས། དེ་ནས་གདུང་རབས་རེ་གཅིག་པ་གླིང་རྒྱལ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་ཉིད་ཀྱིས་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གཙུག་ཏུ་བཀུར། སློབ་མའི་མཆོག་དུ་འགྱུར། ཁོང་མཁྱེན་ཀོང་རྣམ་གཉིས་ཀྱིས་ལྷ་སྲས་མུ་ཁྲི་བཙན་པོའི་སྐྱེས་མཐའ་ངོས་བཟུང་མཛད། ཆོས་རྒྱལ་ཆེན་པོ་ཉིད་ལ་ཉག་བླར་བསོད་རྒྱལ་རིན་པོ་ཆེ་ནས་གེ་སར་སྐུ་འཁྲུངས་ཡུལ་འདིར་གེ་སར་གྱི་ལྷ་ཁང་ཞིག་བཞེངས་པ་ཉམས་གསོ་[page 551] དང་དར་རྒྱས་གཏོང་ན་འཛམ་གླིང་གི་ས་གནས་མེ་རྩ་ལྟ་བུ་ཤིན་ཏུ་གལ་ཆེ་བ་ཡིན་པས། སྤྱིར་བོད་ཁམས་ཡོངས་དང་སྒོས་སུ་གླིང་རྒྱལ་པོའི་མངའ་འབངས་ལ་འགྲོ་ཕན་རྒྱ་ཆེན་ཡོད་ཅེས་ལུང་བསྟན་པ་བཞིན་གླིང་ཚང་མངའ་འོག་གི་མཆོད་གནས་གེ་སར་ལྷ་ཁང་གསར་གསོ་དང༌། རྟེན་ཕུ་ནུ་སུམ་ཅུ་སོགས་སྐུ་མདོག་ཕྱག་མཚན་རྣམས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས་ཞལ་བཀོད་ལྟར་བཞེངས། སེང་ཆེན་རྒྱལ་པོ་མི་རྟ་གཉིས་ཟངས་གསེར་ལས་གྲུབ་པ། གཞན་ཕུ་ནུ་མོ་སྨན་རྣམས་སྨན་འདག་དང་སྐུ་གསོབ་ནང་གཞུག་ཚད་ལྡན་ཅན་བྱས་སོ། །སེང་ཆེན་རྒྱལ་པོའི་ལེགས་བྲིས་དགྲ་ལྷ་བཅུ་གསུམ་དང་བཅས་པ་རྣམས་སྒྲུབ་རྒན་བདུད་འདུལ་བསྟན་པའི་ཉི་མས་ཕྱག་བྲིས་བགྱིས་ཤིང༌། ཕྱིས་སུ་ལྷ་རྟ་རྐྱང་བུའི་འཚེར་སྐད་ཀུན་གྱིས་མཐུནསནང་དུ་ཐོས་སྐད་དེ་རྣམས་བཞེངས་ཟིན་རྗེས། འཇམ་དབྱངས་མཁྱེན་ཀོང་རྣམ་གཉིས་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ། ཉག་བླ་བསོད་རྒྱལ་སོགས་རིས་མེད་སྐྱེས་ཆེན་འཕགས་པ་རྣམས་ཀྱིས་རབ་གནས་མཛད་པས་བྱིན་རླབས་ཀྱི་གཟི་འོད་འབར་བ་བྱུང༌། འཇམ་དབྱངས་མཁྱེན་བརྩེ་དབང་པོ་བྱོན་སྐབས་མི་ཆུང་ཁ་བདེའི་ཞྭ་ཕུད་པ་དང༌། ཨ་སྟག་ཀླུ་མོའི་མིག་འབྱེད་འཛུམ་བྱས་པ། དུས་རྒྱུན་དུ་ལྷ་ཁང་གི་སྒོ་ཕྱི་ནང་ནས་རྟ་སྐད་དང་མི་སྐད་རྡོག་སྒྲ་སོགས་མི་ཀུན་གྱིས་གོ་ཐོས་ཡོད་པའི་ངོ་མཚར་བའི་ལྷ་ཁང་གྲགས་ཅན་ཞིག་ཏུ་གྱུར། ཆོས་རྒྱལ་ཆེན་པོ་དེ་ཉིད་ཀྱི་སྐུ་རིང་ལ་བཙན་པོ་ཐམས་ཅད་གཉའ་གནོན་དང་ཉམས་ཆུང་ཐམས་ཅད་མཐའ་ནས་སྐྱོང༌། དགེ་བཅུའི་བཀའ་ཁྲིམས་ཀྱིས་མངའ་འབངས་བདེ་ལ་བཀོད་ནས་རྒྱལ་ཇུས་ལ་ཆགས་འཇིག་མ་བྱུང་བ་སྲ་ཞིང་བརྟན་པ་བྱུང་བའང་འདི་ཉིད་ཀྱི་རྟེན་འབྲེལ་ལས་བྱུང་བར་གྲགས་སོ། །ལྷ་ཁང་འཕེལ་འགྲིབ་བྱུང་ཚུང༌། ལྷ་ཁང་འདི་ཉིད་ཕྱག་བཏབ་ནས་བཟུང་དམངས་གཙོ་བཅོས་སྒྱུར་སྐབས་སུ་རྒྱལ་ཁབས་ཀྱིས་སྲུང་སྐྱོབ་བྱ་ཡུལ་ལྷ་ཁང་བརྩིས་ནས་སྲུང་སྐྱོབ་ཆེད་དུ་གྲྭ་རྒན་ཁ་ཤས་བཞག་ཀྱང༌། རྗེས་སུ་རིག་གནས་གསར་བརྗེའི་སྐབས་སུ་རྟེན་དང་བརྟེན་པ་བཅས་པ་བརླགས་ཤིང༌། ཕྱིས་སུ་གོ་སྐབས་བཟང་པོའི་ཉི་མ་ཤར་ནས། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་རང་སྐྱོང་ཁུལ་རིམ་པ་ཁག་གིས་གེ་སར་ལྷ་ཁང་རྗེས་དྲན་ཁང་འཛུགས་དགོས་པའི་ཆོག་མཆན་ཐོབ་རྗེས་ཚར་ཚར་དགོན་རང་གི་བླ་གྲྭ་བཅུ་ཕྲག་ཁ་ཤས་རྩ་འཛུགས་བྱས་ནས་བདག་གཉེར་ཚོ་ཆུང་ངམ་གེ་སར་རྗེས་དྲན་ཁང་ཞེས་པ་འདི་ཉིད་ཉམས་གསོ་བྱས་ནས་ལྷ་ཁང་དང་གྲྭ་ཤག་སོགས་སྔར་ལས་རྒྱ་ཁྱོན་ལྡབ་ལོག་ཆེ་རུ་བཏང་ཡོད།
གེ་སར་ལྷ་ཁང་ངམ་གེ་སར་རྗེས་དྲན་ཁང་འདི་ན་སྔར་རྟེན་གསར་བཞེངས་བྱེད་པའི་དུས་ནས་བཟུང༌། བླ་བསྐོས་མཁན་པོ་རེ་དང་གྲྭ་བ་བདུན་བརྒྱད་ཀྱིས་དུས་རྒྱུན་དུས་མཆོད་གསོལ་ཀ་སོགས་དང་ཉར་ཚགས་བྱེད་སྲོལ་ཡོད། དེང་སང་ཡང་བདག་གཉེར་ཚོ་ཆུང་གི་མགོན་བླ་དང་གྲྭ་པ་བཅུ་ཕྲག་ཙམ་གྱིས་བསང་མཆོད་དང་གསོལ་ཀ་སོགས་ཀྱི་འགན་བཞེས། དགོན་འདི་སྦྱིན་བདག་དམིགས་བསལ་གླིང་[page 552] རྒྱལ་པོ་རྒྱལ་རབ་རིམ་བྱོན་དང༌། གླིང་རྒྱལ་པོའི་མངའ་འོག་གཏོགས་ཚད་ཐམས་ཅད་ཀྱི་སྐྱབས་གནས་ཞུ་ས་དང་སྦྱིན་བདག་བྱེད་པ་ཡིན་ནོ། །
ཐོག་མར་ཕྱག་འདེབས་པ་པོ་ནི་ལ་འབྲུག་པ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྤྲུལ་སྐུ་འབྲུག་པ་བདུད་ལས་རྣམ་རྒྱལ་ལམཐམས་ཅད་མཁྱེན་པ་པདྨ་དཀར་པོའི་སྐྱེ་སྲིད་གཉིས་པ་འབྲུག་རྟོགས་ལྡན་པདྨ་དཀར་པོའམ་སྒྲུབ་རྒྱུད་འཕྲིན་ལས་རྣམ་རྒྱལ་བོད་ལྷོ་ཁའི་བྱ་ཡུལ་གསང་སྔགས་ཆོས་གླིང་ཕྱོགས་སུ་སྐུ་འཁྲུངས། རབ་བྱུང་ཅུ་གཅིག་པ་ལ་ཁམས་སུ་ཕེབས། གླིང་དཔོན་མགོན་པོ་ལྷུན་གྲུབ་ཀྱིས་སྦྱིན་བདག་གནང་སྟེ་ས་དེར་རབ་བྱུང་བཅུ་གཅིག་པའི་ས་གླང་༡༦༤༩ལོར་བཀྲ་ཤིས་ཆོས་རྫོང་ཞེས་པའི་སྒྲུབ་སྡེ་ཕྱག་བཏབ། དོན་བརྒྱུད་འབྲུག་པའི་བསྟན་པའི་སྙིང་པོ་སྒྲུབ་པ་གཙོ་བོར་གནང༌། སློབ་བུ་རྟོགས་ལྡན་རས་པ་བདུན་གྲུབ་པའི་སར་བརྙེས། བླ་མའི་སྐུ་འོད་དུ་ཞུ་བས་དབུ་སྐྲ་ཕྱིས་སུ་མཇལ་རྒྱུ་ཡོད། དེའི་སྐབས་སུ་བསྟན་དགོས་པར་བསྒྱུར་ནས་བཀྲ་ཤིས་ཆོས་གླིང་ཞེས་པའི་མཚན་གསོལ། སྔར་གྱི་སྒྲུབ་ཁང་གི་ཀ་གདུང་སོགས་རྐོས་རིས་ཕྲན་བུ་ཡོད་པ་རྣམས་གཙུག་ལག་ཐོག་བརྩེགས་ཏུ་སྤྱོད་པ་ཡོད་པ་[page 614] ད་ལྟ་ཡང་མཐོང་ཐུབ་བོ། །མཁན་ཆེན་བློ་གྲོས་རྒྱ་མཚོས་སྐུ་རིང་ལ་དགོན་པ་འདིར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྫོགས་ཆེན་ལུགས་ལྟར་བཙུགས། མཁན་ཆེན་པད་རྡོར་ནས་ཀྱང་གཙུག་ལག་ཁང་འདི་བསླབ་གསུམ་ནོར་བུའི་གླིང་ཞེས་པའི་མཚན་གནང༌། རྫ་རི་མགུལ་དགོན་དུ་ཡང་མཁན་པོ་བློ་གྲོས་རྒྱ་མཚོས་དབྱར་གནས་ཀྱི་ཕྱག་ལེན་བཙུགས་ནས་ད་ལྟའི་བར་འདུལ་བའི་བསྟན་པ་འཕེལ་བཞིན་པའོ། །དགོན་པ་དེའི་གྲྭ་པ་རྣམས་ནི་ཐོག་མར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གང་ལྟར་ཡང་རང་ལུགས་ཀྱི་ཆོ་ག་ཕྱག་ལེན་སྦྱོངས། ཕྱག་ཆེན་སྔོན་འགྲོ་ནས་འབུམ་ལྔ་མཐར་དབྱུངས། སྤྱོད་འཇུག་སོགས་རྒྱུན་སྡེའི་དབང་དང༌། དེ་མིན་བཀའ་གཏེར་རིས་མེད་ཀྱི་དབང་གང་ཐོབ་ཞུ། བསྙེན་མཚམས་ཡང་ཇི་འགྲུབ་སྒྲུབ། འབྲུག་ལུགས་ཀྱི་ན་རོ་ཆོས་དྲུག་དང༌། རོ་སྙོམས་སྐོར་དྲུག་སོགས་ཉམས་ལེན་སྒྲུབ་ལ་གཞོལ་བས་དགུན་ཁར་བཞུགས་གནས་ཀྱི་འཁོར་ཡུག་ཏུ་གངས་མི་ཆགས་པ་དང༌། འཕོ་བ་ལ་ཉེ་རིང་མེད་པར་རྟགས་ཐོན་པ། མངོན་ཤེས་དང་ནུས་མཐུ་ཐོགས་མེད་མངའ་བའི་བླ་སྤྲུལ་མང་དུ་བྱོན་པ་སོགས་ལོ་རྒྱུས་མང༌། དོན་བརྒྱུད་འབྲུག་པའི་ཟབ་ཆོས་བཅས་ཀྱི་ཆེ་བ་ནི་རྨོངས་བརྟུལ་བདག་ལྟ་བུས་བརྗོད་མི་ནུས་ལ་བསྐྱར་བཟློ་ཡང་བྱ་མི་དགོས་པ་ཞིག་གོ །དགོན་པ་དེར་ཁམས་པ་ཀུན་དགའ་བསྟན་འཛིན་དང་ཆོས་ཀྱི་ཉི་མ། བསྟན་པའི་ཉི་མ་བཅས་དང༌། ཀརྨ་པ་བཅུ་གསུམ་པ་དང་དཔལ་སྤུངས་སུ་ཏུ་པཎ་ཆེན་སོགས་རིམ་པ། རྫ་དཔལ་སྤྲུལ་ཡུན་རིང་ཙམ་བཞུགས་པའི་ལོ་རྒྱུས་ཡོད་པ་དང༌། རྫོགས་ཆེན་འབྲུག་པ་དང་གླིང་བླ་བཅས་སྐུ་རབས་ཁ་ཤས་དང༌། གླིང་གི་གཏེར་ཆེན། ཟེ་ཆེན་ཀོང་སྤྲུལ། ཨ་ཛམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྗེ་སོགས་བྱོན་ནས་དགོན་གནས་དེའི་རི་ཁྲོད་དུ་སོ་ཐར་གྱི་སྡོམ་པ་གནང་བ་དང་སྨིན་གྲོལ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་གནང་སོགས་འགྲོ་དོན་མཛད། མདོར་ན་དགོན་པ་འདི་ཕྱག་ནས་ཕྱིས་ཀྱི་བར་དུ་གྲྭ་བ་རྒྱུན་བཞུགས་རྣམས་དགོན་པའི་དུས་མཆོད་ལ་ཞུགས་པ་མ་གཏོགས་ཕལ་ཆེར་སྒྲུབ་པ་གཙོ་བོ་མཛད་པས་གྲྭ་ཤག་རྙིང་པ་ཚང་མའི་ཉི་མཐོང་དང༌། གསང་སྤྱོད་ནང་ལ་ཡོད་པས་ཐུན་བར་གྱི་སྤྱོད་ལམ་རྣམས་ཕྱི་མིས་མི་མཐོང་བ་བྱས་པ་ཤ་སྟག་ཡིན། དགོན་པ་འདིའི་སྒྲིགས་གཞི་ནི། སྤྱི་ཆེན་དང་དགེ་བསྐོས་སོགས་ལས་སྣེ་བདུན་ལས་གྲུབ་པ་ཡིན། ལས་སྣེ་དེ་དག་རེས་སྐོར་གྱིས་ལོ་གསུམ་གྱི་འགན་གྲུབ་རྗེས་དབུ་ཆེ་ཡིན། དགོན་པའི་རྒྱུན་གྱི་སྒྲིག་ཁྲིམས་ལ་དགེ་བསྐོས་དང་དབུ་ཆེ་རྣམས་ཀྱིས་གཟིགས་དགོས། གལ་ཆེའི་དོན་སྐོར་སྤྲུལ་སྐུ་ལ་ཞུ་ནས་ཐག་གཅོད་གནང་སྲོལ་ཡོད། སྤྲུལ་སྐུ་དང་བླ་མ་མཁན་པོ་བཅས་ནི་ཆོས་དོན་གཙོ་འགན་བཞེས་པ་ཕུད། སྐབས་སྐབས་སུ་དགེ་བསྐོས་ཀྱི་འགན་བཞེས་སྲོལ་ཡོད། སྤྱིར་པད་དཀར་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་སྔར་གྱི་སྐུ་ཕྲེང་ཁ་ཤས་ཀྱིས་འདི་ཕྱོགས་ནས་བསོད་སྙོམས་དང་འབུལ་བསྡུད་བྱུང་བ་རྣམས་ལོ་གསུམ་རེའི་མཚམས་ནས་འབྲུག་གསང་སྔགས་ཆོས་གླིང་དུ་འབུལ་སྐྱེལ་ཕུལ་བའི་འབུལ་ཐོ་དང་དེའི་སྐབས་སུ་གནང་[page 615] བའི་འབྲུག་པད་དཀར་གྱི་ཐུགས་དམ་རྟེན་ཟི་ཁྱིམ་དཀར་པོ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་རྙིང་བརྡར་ཟད་སོང་བ་ཞིག་དང་མབ་ཤམ། འབྲུག་པའི་བཀའ་རྒྱ་བཅའ་ཡིག་བཅས་མང་ཙམ་ཡོད་པར་མ་ཟད། དེ་སྐབས་སུ་བོད་ལྷོ་ཕྱོགས་ཀྱི་གོང་མའི་གོ་གནས་འབྲུག་པ་ལ་ཡོད་པས། གཡང་ཊི་ལས་གྲུབ་པའི་ཐམ་ག་གྲུ་བཞི་དུང་དཀར་ལས་འོད་ཟེར་འཕྲོ་བ་ཕྱོགས་བཞིར་དཔལ་ལྡན་འབྲུག་པ་ཞེས་པའི་ཡིག་འབྲུ་བཞི་ཡོད་པ་ཆེ་བ་གཅིག་བཅས་གནང་ཡོད་པ་ཕྱིས་སུ་མཇལ་རྒྱུ་ཡོད་པ་ལ་དེ་མིན་ཟིན་ཁྲོན་གྱི་ཀྲང་ཏ་རིང་ཟེར་བས་རྔོན་ཁྲིམས་བསྡམས་དགོས་པའི་བཀའ་རྒྱ་དམ་ལྡན་དང་བོད་ས་གནས་སྲིད་གཞུང་མདའ་དཔོན་བཀྲས་མཐོང་པ་དེར་ཕེབས་ནས། དགོན་པར་གནང་བའི་བཀའ་ཤོག་ས་སྐྱོང་ཆེན་པོ་གླིང་རྒྱལ་རིམ་བྱོན་དང༌། སྡེ་དགེ་རྒྱལ་པོ་རིམ་བྱོན་གྱིས་གནང་བའི་བཀའ་ཤོག་ས་སྐྱོང་ཆེན་པོ་གླིང་རྒྱལ་རིམ་བྱོན་དང༌། སྡེ་དགེ་རྒྱལ་པོ་རིམ་བྱོན་གྱིས་གནང་བའི་བཀའ་ཤོག་བཅས་མང་ཙམ་ཡོད། དེ་མིན་དགོན་པ་དེར་མཆད་རྫས་འཆམ་ཆས་རྒྱན་བཀོད་སོགས་རིགས་རྣམས་གསེར་དངུལ་ཟངས་རག་རྒྱ་ནག་ནང་མཛོད་ཀྱི་གོས་དང་སྤྱིར་བཏང་གོས་ཆེན་བཅས་ལས་གྲུབ་པ་ཆ་ཚང་དང་སྡེ་བཙུན་ཀུན་དགའ་དབང་མོའི་གཏན་འཇོག་གནང་བའི་རྒྱ་གླིང་གསེར་རྒྱག་ཟེ་བར་སོགས་སྣེ་མང་ལ་ཆ་ཚང་བ་དང་རོལ་སིལ་ཡང༌། གྲྭ་ཆོས་སྐྱོང་དབྱངས་རྒྱལ། དཀར་ལྡིང་མ། སིལ་སྙན་འཛམ་གླིང་གཡས་བཞག སིལ་སྙན་མ་ཆི་མ་སོགས་ཧོར་དང༌། རྒྱ་ཤང་ཤང་སོགས་བཅུ་ཕྲག་བཞི་ལྷག་དང༌། ཆོས་བཅུ་དགུ་ཆེན་གཉིས་ཀྱི་ཞལ་འབག་དང༌། བླ་མ་གོང་མའི་ཕྱག་བཟོས་ཞལ་འབག་བྱིན་ལྡན་སོགས་བརྒྱ་ཕྲག་ཙམ་ཡོད་ཚུལ་བཅས་རགས་བསྡུས་བྲིས་པ་ཡིན།
དགོན་པ་འདིའི་འཕེལ་འགྲིབ་བྱུང་བའི་སྐོར། ལོ་རྒྱུས་ཐོག་གྲུབ་མཐའི་ཕྱོགས་ཞེན་གྱི་མཐུན་པོ་མེད་པ་དང་སོག་པོའི་གཏོར་རྐྱེན་སོགས་ཉམས་ཉེས་འགའ་བྱུང་བ་དང༌། གདན་ས་འདིའི་ཕྱག་བཞེས་ཀྱང་རྙིང་ལུགས་འགྱུར་ལ་ཁད་གྱུར། ད་ལྟ་དཀར་མཛེས་ཁུལ་དུ་སྡེ་དགེ་རྫོང་ཁོངས་སུ་འབྲུག་ལུགས་ཀྱི་དགོན་པ་བཞི་ལས་མེད། དེ་དག་ལ་ཡང་ཕྱིས་སུ་རང་ལུགས་ཀྱི་ཐུན་མིན་དབང་ཁྲིད་གདམས་པ་དང་བཤད་སྒྲུབ་ཀྱི་རྒྱུན་ཆ་ཚང་ངེས་ཤིག་མེད་པ་ལ་ཉེ་བ་དང་དུས་མཚུངས་ཉེ་བའི་ལོ་རབས་ཁ་ཤས་ནང་དུས་རྐྱེན་རིག་གནས་གསར་བརྗེའི་སྐབས་སུ་རྒྱལ་ཁབ་མི་རིགས་དགོན་སྡེ་སྤྱི་ལ་གོད་ཆགས་ཚབས་ཆེན་བྱུང་བ་དང་བསྟུན་ཆུ་ངོས་དགོན་འདིའི་ལོ་སུམ་བརྒྱ་ལྷག་མར་གྱུར་པ་ནི་རྗེ་མི་ལའི་གསུང་ལྟར་མི་རྟག་སྒྱུ་མའི་སློབ་དཔོན་དུ་གྱུར་པ་ཡིན་པར་ངེས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པ་ནས་ཆོས་དད་རང་དབང་གི་སྲིད་ཇུས་དངོས་འཇུག་མཛད་དེ་རྒྱལ་བསྟན་ཡང་དར་གྱི་གོ་སྐབས་ཐོབ་ནས་དགོན་པ་འདིར་༡༩༨༦ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ནས་ཆོས་ལུགས་མཛད་སྒོའི་ར་བ་འཛུགས་རྒྱུའི་ཆོག་མཆན་ཐོབ་སྟེ་དགོན་པར་བདག་གཉེར་ཚོགས་ཆུང་བཙུགས་ནས་བཟུང་ད་ལྟའི་བར་ལྷག་ལུས་བྱུང་བའི་བླ་རྒན་གྲྭ་རྒན་ཁ་ཤས་དང་ཡུལ་མི་རྣམས་ནས་དུས་རྐྱེན་[page 616] སྐབས་སྲོག་དང་བསྡོས་ནས་ཉར་ཚག་བྱས་པའི་སྐུ་གསུང་ཐུགས་རྟེན་རྙིང་པ་རོལ་སིལ་མཆོད་ཆས་ཞལ་ཐང་འབག་སོགས་རྩ་ཆེན་ཉུང་ཤོས་ཡོད་པ་རྣམས་ཀྱང་དགོན་པར་ཕུལ། གཙུག་ལག་ཁང་ཉམས་གསོ་དང་སྤྲུལ་སྐུའི་གཟིམ་ཤག་གྲྭ་ཁང་སོགས་ཁང་པ་ཆེ་ཆུང་སུམ་ཅུ་ལྷག་བཞེངས་ཟིན་པ་དང༌། སྒྲུབ་མཆོད་ཆེ་བ་ཕལ་ཆེར་འཚོགས་རྟེན་དང་དགུ་གཏོར་ཚོག་བཅུའ་འཆམ་ཆས་ཞལ་འབག་ཡོངས་རྫོགས་གཙུག་ལག་ཁང་གི་རྒྱན་བཀོད་ཞལ་ཐང་གསར་བཞག་བྱས་ཡོད། འགོ་ཚ་མཁན་པོ་དཔལ་དགའ་གདན་ཞུས་ཀྱིས་གྲྭ་པ་གསར་བུ་ཚོ་ལ་རབ་བྱུང་བསྙེན་རྫོགས། སྡོམ་པ་འབོག ར་སྐོར་མཁའ་འགྲོ་གདན་ཞུས་བྱས་ནས་མ་ཎི་གསུངས་པ་དང་དེའི་ཞོར་དུ་སྐྱ་སེར་ལ་རྒྱུ་འབྲས་ཀྱི་ཆོས་གསུངས་དུང་འཁོར་བཞེངས། རི་འགུལ་མཁན་དགེ་འདུན་དང་པད་སྙིང་བླ་མ། ཀ་ཐང་སོགས་ཀྱིས་དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་དམ་བཅའ་བསྐུལ་བ་དང་དགོན་པ་དེར་གྲྭ་པ་བསྡུས་ནས་ད་ལྟ་དགོན་པ་དེར་མཁན་པོ་གཉིས། བླ་མ་ཁ་ཤས། དགེ་བསྐོས། དབུ་ཆེ་སོགས་ཀྱིས་དགོན་པ་བདག་གཉེར་ཚོགས་ཆུང་གི་འགན་ཁུར་འགོ་ཁྲིད་འོག་ཆོས་ལུགས་མཛད་པར་ཞུགས་མཁན་གྲྭ་གྲངས་བརྒྱ་ཕྲག་ལས་བརྒལ་བ་ཞིག་བཞུགས། དགོན་པ་དེར་གསར་བཞེངས་ཀྱི་རྟེན་སྐོར་ལ་༡༩༩༢ལོར་གཙུག་ལག་ཁང་གི་ནང་པད་དཀར་རང་གི་ལག་བཟོའི་ནང་རྟེན་གཟུངས་སོགས་ཚད་ལྡན་ཕུལ་བ་སྐུ་པད་གདན་བཅས་ལ་གསེར་ལྗིད་བྱུག རྡོ་རྗེ་འཆང་ཏེ་ལོ་ནཱ་རོའི་སྐུ་དང་མར་མི་དྭགས་གསུམ་སློབ་དཔོན་པདྨ་ཁམས་ཀུན་དགའ་བསྟན་འཛིན་གྱི་སྐུ་བཅས་བཞེངས་གྲུབ་པ་ཡིན། གསུང་རྟེན་བཀའ་འགྱུར་ཚར་ལྔ་རཉིང་རྒྱུད་བསྟན་འགྱུར་གཏེར་མཛོད་མཁྱེན་པད་དཀར་བཀའ་འབུམ་ཚར་བཞི་འདོན་སྒྲུབ་ཀྱི་སྐོར་སོགས་པོད་བརྒྱ་ཕྲག་ཁ་ཤས། གསེར་སྐུ་ལི་མ་རྙིང་པ་དང༌། བཟོ་མ་བལ་ལི་གསར་བ་བཅས་བཅུ་ཕྲག་ཁ་ཤས་དང༌། སྲིད་གཞུང་ནས་ཀྱང་སྐུ་རྙིང་བ་དང་མཆོད་ཆས་ཐར་ཐོར་དང་སྒོར་ཁྲི་གཅིག་སྟོང་ཉིས་ལྷག་གནང་བ་བཅས་རྨང་གཞི་ལེགས་ཙམ་གྲུབ་ཟིན་པ་ཡིན། ད་དུང་རིམ་གྱིས་འབད་བརྩོན་བྱེད་དེ་ལྷ་ཁང་ཆུང་བ་གསུམ་དང་མགོན་ཁང་ནང་དུ་སྐུ་བརྙན་བཟོ་རྒྱུ་དང༌། མཆོད་རྟེན་ཆེ་ཆུང་གཉིས་ཁང་བརྩེགས་མཆོད་རྟེན་གསུམ། ལྷག་པར་དུ་རང་ལུགས་ནཱ་རོ་ཆོས་དྲུག་གི་སྒྲུབ་ཁང་ཆུང་བ་ཞིག་ཉམས་གསོ་བྱ་རྒྱུ་བཅས་ཡུལ་དགོན་ཐུན་མོང་གིས་རེ་བ་བཅང་བཞིན་པ་ལགས་སོ། །
དགོན་པ་འདི་ཐོག་མར་ཕྱག་བཏབ་ཚུལ་ནི། ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་ཕྱག་བཏབ་ནས་གདན་ས་ཐོག་མའི་དབུ་བཙུགས་པའི་མཛད་བཟང་སྤེལ་བར་ངེས་ཀྱང༌། བར་སྐབས་ས་གཡོས་སོགས་ཅི་རིགས་ཀྱི་རྐྱེན་དག་གིས་གདན་ས་ཉམས་གུད་ཅུང་ཟད་བྱུང༌། ཐོག་མའི་དབུ་འཛུགས་པའི་དུས་དེ་ནས་ཡིན་ཀྱང་དེའི་སྐབས་ཀྱི་ལོ་རྒྱུས་དང་ཞལ་རྒྱུན་གསལ་མོ་མི་ངེས་པས་གདན་སའི་རྒྱུད་རིམ་དང་ལོ་རྒྱུས་ཁ་གསལ་མི་ཤེས། དེའི་རྗེས་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ལ་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་གཏེར་གནས་སྒྲུབ་ཕུག་བཅས་བྱུང་བས་ཉང་ཕུག་ཁོག་ཞེས་པའི་ཡུལ་སྡེའི་མིང་ཆགས། དེའི་སྐབས་སུ་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་དེ་གླིང་རྒྱལ་པོ་མཆོད་གནས་སུ་བཀུར་བའི་དུས་སུ་གང་དེའི་སྲས་ཀྱི་ཐུ་བོ་གྲུབ་ཚ་ཞེས་པའི་རིགས་སུ་སྐུ་འཁྲུངས་པའི་གཏེར་སྟོན་གྲུབ་པ་མཆོག་སྦྱིན་ཞེས་པའི་མཚན་དང་ཉིད་ཀྱི་ཆོས་བདག་སུ་མངའ་གསོལ་བའི་དམ་པ་དེའི་གདན་ས་མཛད་ནས་ཆུ་གཏེར་བཞེས་ཏེ་ཅུང་ཞིག་ན། ཉེ་གནས་ལ་ཆུ་ཅི་ཙམ་འདུག་ལྟོས་ཤོག་གསུང་པ་ལྟར་བལྟས་ནས་ལན་དུ་ཇ་བསྐོལ་བའི་ཆུ་ལ་ཟད་པ་མི་འདུག་ཅེས་ཞུས་པའི་རྒྱུ་མཚན་དེ་ལ་བརྟེན་ཇ་ཆུ་དགོན་ཞེས་གྲགས་པའམ་ཐུབ་བསྟན་དགའ་ཚལ་ཆོས་འཁོར་གླིང་ཞེས་པའི་མཚན་གསོལ་ཞིང་ཀརྨ་པ་བདུད་འདུལ་རྡོ་རྗེ་དང༌། ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག སི་ཏུ་ཆོས་ཀྱི་འབྱུང་གནས། གནས་སྣང་དཔའ་བོ་གཙུག་ལག་རྣམས་ནས་བཅའ་ཡིག་ཐམ་ག་དང་བཅས་པ་གནང༌། ཆོས་ལུགས་ཀྱི་གྲུབ་མཐའ་ཡང་སྒྲུབ་རྒྱུད་ཀརྨ་ཀམ་ཚང་དང་བདུད་འདུལ་གྱི་གཏེར་ཆོས་གཙོས་རྙིང་མའི་བཀའ་གཏེར་གྱི་ཕྱག་སྲོལ་བཅས་དར་སྤེལ་བྱུང་བས་བཀའ་རྙིང་རིས་མེད་ཀྱི་གྲུབ་མཐའ་འདྲེས་མར་གྱུར། པདྨ་རྒྱལ་ཚབ་བཀའ་གཏེར་ཆོས་ཀྱི་བདག་པོ་གཏེར་སྟོན་གྲུབ་པ་མཆོག་སྦྱིན་ནི། གྲུབ་ཚ་ཞེས་པའི་རིགས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཆུང་པའི་དུས་ནས་ཤེས་རབ་དང་སྙིང་རྗེས་རྒྱུད་བརླན་ཞིང་ཐེག་ཆེན་གྱི་རིགས་ཕུན་སུམ་ཚོགས་པས་ཕྱུག་པ་དེ་ཉིད་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེའི་ཐུགས་སྲས་སུ་གྱུར་ཅིང་ཉིད་ཀྱི་ཆོས་བདག་ལ་མངའ་གསོལ། སྒོམ་སྒྲུབ་ཀྱི་ཉམས་ལེན་མཐར་ཕྱིན་ཏེ་སྣང་སེམས་དབྱེར་མེད་དུ་གྱུར་ནས་གྲུབ་པའི་ས་མཐོར་གཤེགས། གྲུབ་པའི་རྟགས་ཡང་ཀུན་གྱི་མཐོང་སྣང་དུ་གྱུར་བ་མཁའ་ལ་བྱ་ལྟར་འཕུར། རི་བྲག་ལ་ཁ་ཐུར་དུ་གཤེགས་པ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ། [page 553] གནམ་ལྕགས་ཀྱི་བསྒྲལ་ཆས་ཆ་ཚང་དུས་ཕྱིས་ཀྱང་མཇལ་ད་ཡོད་པ་སོགས་མཁས་པའི་ཚུལ། བཙུན་པའི་ཚུགས། གྲུབ་པའི་རྟགས་སོགས་འགྲན་ཟླ་དང་བྲལ་བ། འཕྲིན་ལས་ཀྱི་མཛད་བཟང་བསྟན་འགྲོར་སྨན་པའི་དོན་རྒྱ་ཆེན་པོའི་མཐར་དགོངས་པ་ཆོས་དབྱིངས་སུ་ཐིམ།
གདན་སའི་བཤད་སྒྲུབ་ལས་གསུམ་གྱི་དར་སྲོལ་ཅུང་ཟད་བརྗོད་པ། ཐོག་མར་སྒྲུབ་གྲྭ་ནི་ཞི་བྱེད་གཅོད་ཀྱི་བཀའ་བབ་མ་གཅིག་ལབ་སྒྲོན་གྱི་སྲས་རྒྱལ་བ་དོན་གྲུབ་ཀྱི་རྣམ་རོལ་ཟླ་ཕྱོགས་བླ་མའི་བླ་ཡོན་ཏན་ཞེས་བདུད་བཞི་གཅིག་ཆར་དུ་གཅོད་གྲུབ་བརྙེས་ཀྱི་དམ་པ་དེའི་སྐུའི་སྐྱེ་སྲིད་ལུང་ཟིན་ལྟར་མཁན་བསོད་ནམས་རྒྱ་མཚོ་དེས་ཕྱག་བཏབ་པའི་སྤྱི་བོ་གསང་སྔགས་ཟབ་ཡངས་རི་ཁྲོད་ཞེས་དབེན་གནས་ཕུན་སུམ་ཚོགས་པ་དེར་སྒྲུབ་གྲྭ་བཅུ་གསུམ་ཙམ་གྱིས། དཔལ་སྤུངས་ཀྱི་ཆོས་རྒྱུད་དང་མཐུན་པར་ཡི་དམ་གནམ་ཆོས་འོད་དཔག་གི་བསྙེན་པ་ལོ་གསུམ་གྱི་བར་དུ་བསྙེན་ཅིང་གཞན་ཡང་རྩ་གསུམ་སོགས་ཀྱི་བསྙེན་སྒྲུབ་དང་ཆོས་དྲུག་སོགས་ལ་གུས་རྟག་གི་བརྩོན་པ་རྒྱ་ཆེར་མཛད་དེ་དོན་གཉིས་ཀྱི་འཕྲིན་ལས་ཚད་མེད་མངའ། བཤད་གྲྭ་ཞེས་ཆེད་དུ་དབུ་འཛུགས་མ་ཐུབ་ཀྱང་མཁན་སྤྲུལ་དང་བླ་མ་མང་པོས་མདོ་སྔགས་རིག གནས་དང་བཅས་པ་བཤད་ཁྲིད་ཀྱི་མཛད་པ་རྒྱ་ཆེན་པོ་དར། འདུ་ཁང་ཀ་བ་བརྒྱད་ཅན་དང་གྲྭ་ཤག་ཉི་ཤུ་ལྷག་ཙམ་དང༌། གྲྭ་བརྒྱ་ལྷག་བཅས་དང༌། དགོན་གྱི་མངའ་ཁུལ་ཆོས་སྡེ་དུད་ཚང་བརྒྱ་ཕྲག་ཁ་ཤས་ཡོད།
གདན་ས་འདིར་ཡང་གོང་གི་མཛད་རྣམ་ལྟར་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་ཉིད་ཀྱི་དབུ་འཛིན་དང་ཐུགས་ཁུར་གྱི་བཀའ་དྲིན་ལྷག་པར་བསྐྱངས་ཤིང་གཞན་ཡང་མཁན་སྤྲུལ་དང་བླ་གྲྭ་རྒན་རིམ་མང་པོས་ཐུགས་ཁུར་གཅིག་བསྒྲིལ་དང་མངའ་འབངས་མི་སེར་རྣམས་ཀྱིས་ཀྱང་རོགས་རམ་རྒྱ་ཆེར་བཅས་སླར་གསོ་བྱས་ཚུལ་ནི། ཐོག་མར་གཙུག་ལག་ཁང་ཀ་བ་སུམ་ཅུ་ལྷག་ཙམ་དང་སྤྱི་ཁང་རྒྱན་ཁང༌། རྔ་ཁང༌། མགོན་ཁང༌། གཉེར་ཁང༌། བླ་བྲང༌། གཞན་གྲྭ་ཤག་སུམ་ཅུ་ལྷག་ཙམ། སྐུ་རྟེན། གཙུག་ལག་ཁང༌། མཁན་སློབ་ཆོས་གསུམ། ཇོ་བོ་ཚེ་དཔག་མེད་སོགས་སྐུ་སྨན་འདམ་ལས་གྲུབ་པ་ནང་རྟེན་གཟུངས་བཞུགས་རྟེན་རྙིང་པ་ཁྱད་འཕགས་དང༌། ཟངས་གསེར་ལས་བྱས་པའི་ཀུན་མཁྱེན་ཡབ་སྲས་གསུམ། གུ་རུ་མཚན་བརྒྱད། སྒྲོལ་ཉེར་གཅིག མར་མི་དྭགས་གསུམ་སོགས་དང༌། སྔར་གྱི་དགོན་འདིའི་ལི་མ་དང་གཏེར་མ་རྙིང་པ་བྱིན་ལྡན་ཅུང་ལྷག་ཡོད་པ་རྣམས་ཉམས་གསོའི་སྐབས་རང་མོས་ཀྱི་ཕུལ་བ་དང༌། དངོས་རྫས་ཀྱིས་བླུས་པའི་གསེར་སྐུ་ལི་མ་བཅུ་ཕྲག་ལྷག་ཙམ་དང༌། ཐང་སྐུ་ཡང་མཚན་བརྒྱད་དགུ་ཐང༌། སྟོན་པའི་མཛད་བཅུ། གནས་རྟེན་ལྔ་ཐང་གསར་རྙིང་ཆ་གཉིས་དང༌། གཞན་ཡང་ཐང་སྐུ་གསར་རྙིང་ཁྱོན་སྡོམ་བརྒྱ་ལྷག་བཞུགས། མགོན་ཁང་ནང་རྒྱུ་སྨན་འདམ་ལས་གྲུབ་པའི་བེར་ནག་ཅན། ལྷ་མོ་དམ་ཅན་ཞིང་སྐྱོང་ཡབ་ཡུམ་མགོན་པོ་ཕྱག་བཞི་པ་བཅས། གསུང་རྟེན་[page 554] བཀའ་བསྟན་འགྱུར་ཆ་ཚང་དང་གཞན་ཡང་གསུང་རབ་གྲངས་མང་བཞུགས། དགེ་འདུན་གྱི་གྲངས་ཀྱང་བརྒྱ་ལྷག་ཙམ་བཞུགས།
ཆོས་ལུགས་ཀྱ་གྲུབ་མཐའ་ཐོག་མར་གྲུབ་པ་མཆོག་སྦྱིན་སྐབས་ན་བཀའ་རྙིང་འདྲེས་མར་གྱུར། དེང་དུས་ཡང་དེ་བཞིན་གནས་ལ་ཁྱད་པར་གྲུབ་དབང་རྫོགས་ཆེན་པ་ལ་ཕན་ཚུན་དམ་ཚིག་གི་འབྲེལ་བ་རྒྱ་ཆེན་པོ་གྱུར་བ་ལ་བརྟེན་ནས་རྫོགས་ཆེན་གྱི་ཆོས་རྒྱུད་དང་ཁྱད་པར་སྙིང་ཐིག་གི་ཟབ་ཆོས་དར་སྤེལ་རྒྱ་ཆེར་བྱུང༌། དགོན་གྱི་དུས་མཆོད་ནི་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ནང་སྐྱ་སེར་ཕོ་མོ་ཀུན་ལ་དགེ་བསྐུལ་དང་ཤི་བོ་སོགས་ཀྱི་དགེ་རྩ་མ་ཎི་དང་བདེ་སྨོན་ཞིང་སྒྲུབ་ཉིན་བཅུ་ལྷག་ཙམ་དང༌། བོད་ཟླ་བཞི་པ་ས་ག་ཟླ་བའི་ནང་སྨྱུང་གནས་ཟླ་བ་ཕྱེད། བོད་ཟླ་ལྔ་པའི་ཚེས་གསུམ་ནས་འཇའ་ཚོན་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་སིདྡྷི་བུམ་སྒྲུབ། ཚེས་བཅུ་གསང་འདུས་ཀྱི་སྒོ་ནས་གར་འཆམ་རྒྱས་པ། ཚེས་བཅུ་གསུམ་ནས་དགེ་ཚུལ་སློང་སུམ་ཅུ་ལྷག་ཟླ་བ་ཕྱེད་གཉིས་རིང་དབྱར་གནས་མཛད། བོད་ཟླ་བརྒྱད་པའི་ནང༌། སྨིན་གཏེར་རྡོར་སེམས་བུམ་སྒྲུབ་ཉིན་བརྒྱད། ཀར་གླིང་ཞི་ཁྲོའི་གནས་སྟོང་དང༌། དེའི་རྒྱབ་ཆོས་དགེ་སྡིག་མཐོང་བ་རང་གྲོལ་གྱི་ལོ་རྒྱུས་གར་འཆམ་གེ་སར་གཙོས་ཕུ་བོ་ཝེ་མ་སོགས་ཀྱི་གར་འཆམ་རྒྱས་པ། བོད་ཟླ་དགུ་པའི་ནང་རྒྱལ་བ་ལྷ་ལས་བབས་པའི་དུས་མཆོད། བོད་ཟླ་བཅུ་གཅིག་ནང་དགུན་ཉི་ཟློག་སྐབས་སྒྲོལ་མ་གཡུལ་མདོས་ཉིན་གསུམ། རྒྱལ་བཀའ་ཞལ་ཕྱེ་དགྲ་བཅོམ། འབུམ་སྐོར། བོད་ཟླ་བཅུ་གཉིས་པའི་ཉི་ཤུའི་ནང་དགུ་ཆེན་བེར་ནག་ཅན་གྱི་བསྐང་གསོལ་བཅས་སོ། གཞན་ཡང་སྒྲུབ་ཁང་དུ་གྲྭ་བཅུ་ལྷག་ཞིག་ལོ་གསུམ་བར་བཅད་རྒྱ་དམ་པོར་བྱས་ཏེ་ན་རོ་ཆོས་དྲུག་གི་ཉམས་ལེན་དང་སྒྲུབ་པ་མཐར་ཕྱིན་མཛད། དུས་མཆོད་སྐོར། རྒྱུན་དུ་ཟླ་བ་རེ་བཞིན་ཚེས་བརྒྱད་ལ་བདེ་མཆོག བཅུ་ལ་སྤྱི་འདུས། བཅུ་བཞི་བའ་རྒྱུད་འགུར་མཚོ། ཅོ་ལྔ་ལ་མཎྜལ། ཉེར་ལྔ་ལ་ཕག་མོ། ནེར་དགུ་ལ་དགུ་གསོལ། གནམ་གང་ལས་རྒྱལ་བ་རྒྱ་མཚོ་བཅས་དང་ལོ་རེར་ཀུན་མཁྱེན་འདས་མཆོད་དང༌། མི་ལའི་འདས་མཆོད་ཚོགས་འཁོར་ཟབ་རྒྱས། ལོ་གསུམ་སྒྲུབ་པ་མཐར་ཕྱིན་སྐབས་རས་ཆོས་ཀྱི་མཇལ་བསྟན་བཅས་མཛད་ནས་བསྒྲུབ་གྲྭ་པ་བརྗེ་ལན་བྱས་ཏེ་གྲོལ། བཤད་གྲྭ་ཡང་དཔལ་སེང་གེ་རིའི་ཕྱག་སྲོལ་ལྟར་གཞན་དག་གཞུང་བཅུ་གསུམ་དང༌། ཀུན་བཟང་བླ་མ། མི་ཕམ་གསུང་གཞུང་འགྲེལ་ཁ་ཤས་སོགས་ཀྱི་མཐའ་རྒྱན་བྱས་པ་ནི་བཤད་ཁྲིད་དང་ཐོས་བསམ་བྱེད་པའོ། །གཞན་ཡང་གསར་ཞུགས་ཀྱི་གྲྭ་ཆུང་རྣམས་སློབ་གྲྭ་ཁང་ཟུར་དུ་བཙུགས་ཏེ་དེར་ཀློག་འདོན་ལེགས་པར་སྦྱོང་བ་བཅས་ཡོད། སྤྱིར་དགོན་སྡེའི་གྲྭ་ཡོངས་ཀྱི་བསླབ་རིམ་ནི། ཚུལ་གནས་བྱོན་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་པའི་ལམ་གྱི་རིམ་པ་ལྟར་དང་པོ་སློབ་གྲྭ་ཁང་དུ་ཀློག་འདོན་ལེགས་པར་སྦྱངས། །རྒྱུན་ཚོགས་ཁང་དུ་བཞུགས། ཆོ་གའི་འདོན་དབྱངས་རོལ་མོ་འབུད་པ་སོགས་ཁོང་དུ་ཆུད་[page 555] པར་མཛད། དེ་རྗེས་བཤད་གྲྭ་ཁང་དུ་ལོ་གསུམ་ལས་མི་ཉུང་བར་བཞུགས་རྗེས། སྒྲུབ་ཁང་དུ་ལོ་གསུམ་བཞུགས་པ་རྣམས་སྤྱིའི་བསླབ་རིམ་ལགས། དེ་ལྟ་བུའི་གསར་རྙིང་གི་ལོ་རྒྱུས་རགས་རིམ་ཞིག་སྒྲོ་སྐུར་མེད་པ་རང་བཞིན་ཅུང་ཟད་བརྗོད་པ་ལགས་སོ། །
དང་པོ་ཆགས་སའི་ཡུལ་གླིང་རི་སྡེ་པར་ཞེས་པའི་ཉ་འགེ་གྲོང་པའི་ས་ཡིན། གླིང་རི་ཞེས་པའི་རྒྱུ་མཚན་ནི། གླིང་གི་ས་ཡིན་པ་དང་ཉ་འགེ་ཞེས་པ་ནི། ཉ་ཚ་ཨ་བརྟན་གྱི་ས་ཡིན་པས་ཉ་འགེ་ཡང་ཉ་ཚས་བཏགས་པ་ཡིན། ཉ་སའི་ཡང་རྗེས་ལ་གླིང་ཨ་བརྟན་བུ་བཞི་ཞེས་པ་དཔོན་དུ་བཞག དགོན་པ་ཚོགས་ས་ཉ་འགེ་ཡིན་པས་ཉ་འགེ་ཡིན་པས་ཉ་འགེ་དགོན་བཏགས། དགོན་པའི་རྒྱབ་རི་ལ་བྲག་པོ་གཅིག་ཡོད་པའི་ལྕམ་སྲང་བླ་རི་ཡིན་པར་གྲགས། བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ནས་དགེ་བསྙེན་ཆེན་པོ་ནེ་སེ་ཕྱིང་དཀར་བ་སྲུང་མ་རུ་བཏང༌། ཁོང་གི་ཞལ་ཐང་དང་རྡོ་ཡིས་དགེ་བསྙེན་ཡབ་སྲས་གསུམ་བཅས་ཤིན་ཏུ་བྱིན་རླབས་ཅན་གནང་ཡོད།
ཐོག་མར་ཕྱག་འདེབས་པ་པོ་ནི་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་ཡིན། དུས་ནི་རབ་བྱུང་བཅུ་གཅིག་པ་ཡིན་ཟེར།
ཆོས་སྡེ་འདིའི་ཚོགས་པའི་གཏོང་སྒོ་ཡོན་གྱི་འབྱུང་ཁུངས་ནི། སྔོན་བཀའ་བཅུ་རྡོ་རྗེ་འཆང་[page 640] སྐུ་རིང་ལ་གླིང་ཨབརྟན་བུ་བཞི་དང་དཔོན་རིགས་སོགས་ནས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་བསྒྲུབས། དགེ་འདུན་པའི་འཚོ་བ་ནི་སྔོན་དཔོན་རིགས་རྣམས་དང་ཕྱུག་པོ་རྣམས་ནས་ཡོན་བདག་མཛད་ནས་རིམ་བཞིན་ཡར་རྒྱས་ཕྱིན། དེང་སང་ཡུལ་པ་དང་མི་གཞན་ལ་སྤྱི་ལ་ཉིན་གཅིག་གི་ཁྲལ་མེད་རང་མོས་ཀྱི་འཚོག་པ་ཡོད་ན་མ་གཏོགས་དགོན་པ་རང་གིས་རང་ཁ་རང་གསོ་བྱེད་ནས་དུས་མཆོད་ཁག་ཀྱང་འཚོགས་བཞིན་ཡོད། དེ་གི་གནས་ཚུལ། དེ་ལྟར་བཀྲ་ཤིས་ལྷ་བརྩེ་པའི་བསྟན་པ་བཤད་སྒྲུབ་གསུམ་བསྐྱངས་བས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་བློ་བཟང་རྒྱལ་བའི་བསྟན་པ་ཞྭ་སེར་རིང་ལུགས་དྲི་མ་མེད་པ་བཙོ་སྦྱང་གསེར་གྱི་ཡང་ཞུན་ལྟ་བུའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པ་ཆེའི་སྲོག་ཤིང་ལྟ་བུར་གྱུར་ནའང་བར་སྐབས་སུ་གཏོར་སྐྱོན་པོག་གོང་དེང་ཆོས་ལྡན་བོད་འབངས་ཀྱི་དད་པའི་རང་དབང་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག གདན་ས་འདིའི་སྔོན་གྱི་མཁན་པོ་ཐུབ་བསྟན་མགོན་པོས་ཉམས་གསོ་མཛད། དེ་ནས་སྤྲུལ་སྐུ་སྐུ་ཆེན་སྐུ་འཁྲུངས་ནས་གདན་སར་བཞུགས། བཤད་སྒྲུབ་ཀྱི་རྟེན་པ་མ་ཉམས་ཙམ་ཚུགས་ཟིན། སྐུ་གསུང་ཐུགས་བསྟན་ཡང་ཉམས་བཞེས་མཛད་ཡོད། དད་ལྡན་ཕོ་མོ་རྣམས་ནས་ཞལ་ཐང་དང་ཅན་དན་ཐུགས་རྗེ་ཆེན་པོ་བྱམས་པ་མགོན་པོ་སོགས་སྐུ་གསུང་ཐུགས་རྟེན་ཀྱང་ལྷ་པ་རྣམས་ཕུལ་ཡོད། མཁན་རབས་བཞི་བཅུ་པ་དགོངས་པ་ཆོས་དབྱིངས་སུ་གཤེགས། ད་ཡོད་སྐུ་ཞབས་དང་མཁན་ཚབ་བླ་གྲྭ་ཐུགས་མཐུན་ཁྲིམས་གཙང་སྒོ་ནས་ཉཿའགེ་དགོན་སྔ་སྲོལ་བཤད་སྒྲུབ་ལས་གསུམ་གྱིས་འཛུགས་པར་འབད་བཞིན་པ་དང་བླ་སེར་ཀུན་གྱིས་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི་ཉམས་བཞེས་དང་བཅས་ཆོས་མཐུན་གྱི་མཛད་སྤྱོད་གནང་བཞིན་པ་ལགས་སོ། །
[page 634] ཐོག་མར་ཕྱག་འདེབས་པ་པོ་ནི་གཡུང་དྲུང་བོན་ལ་གདུང་རྒྱུད་ཆེན་པོ་དྲུག་ཞེས་ངོས་འཛིན་ཚུལ་ཡོད་པ་ལས། ཁོང་མཁས་པ་རྨེའུ་བ་གོར་ཅན་རྒྱུད་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ་ཞུ་བ་དེ་ཡིན། སྔོན་བསགས་བསོད་ནམས་ཆེན་པོའི་མཐུ་ལས་སློབ་གཉེར་དང་སྒོམ་སྒྲུབ་པ་སོགས་ལེགས་པར་གྲུབ། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། སྐབས་ཞིག་དཔོན་སློབ་མང་ཙམ་ཞིག་འབྲོག་ཞོར་གྱི་ས་ཆ་རུ་གདུལ་བྱ་རྗེས་སུ་འཛིན་པར་ཕེབས་ཚེ། སོག་དམག་གིས་རྒྱུ་མཚན་མེད་པར་སློབ་མ་རྣམས་བསད། བླ་མ་གཅིག་པུ་བཙོན་དུ་བཙུད་ནས། འབྲི་ཆུའི་སྟོད་གད་པོ་ཆེ་རུ་སླེབས་དུས། སོག་དམག་གིས་བླ་མའི་རྐང་ལག་ལྕགས་སྒྲོག་གི་བཀྱིག་སྟེ་དམག་སྒར་གྱི་དབུས་སུ་བཞག དེའི་ནམ་ཕྱེད་ཙམ་ན་བླ་མའི་ཐོས་འཛིན་གྱི་ཡུལ་དུ་བུད་མེད་ཀྱི་སྐད་འདྲ་བ་ཞིག་གིས་ད་ལྟ་བྲོས་ན་ཐར་བ་ཡིན། ལུས་ནི་གྲུ་གང་ཙམ་དུ་སྤྲུལ། གབ་ཁུང་བྲི་བའི་ཁུང་དུ་ཡོད། ཞེས་པ་ཐོས་ནས་མཁའ་འགྲོའི་ལུང་བསྟན་ཡིན་པར་གོ་ནས་གསོལ་བ་འདེབས་པར་ཙམ་གྱིས་ཚེ་ལུས་ཀྱི་ལྕགས་སྒྲོགས་ཀྱང་ས་ལ་འཐོར། དེ་ནས་བླ་མས་སྐུ་ལུས་གྲུ་གང་ཙམ་དུ་སྤྲུལ་ནས། བྱི་བའི་ཁུང་བུ་ཞིག་ཏུ་གབ། ཕྱི་ཉིན་སོག་དམག་གིས་ཅི་ནུས་ཀྱིས་བཙལ་ཀྱང་མ་རྙེད་པར་མི་ལོག་ཀ་མེད་བྱུང༌། དེ་ནས་བླ་མ་གཅིག་པུ་འབྲི་ཆུའི་སྨད་མཁར་གསུམ་མདོ་ཞེས་པར་ཕེབས་ནས་ལོ་ཤས་བཞུགས། ཡུན་མི་རིང་བར་ཁོང་གདུང་རྒྱུད་ཅན་ཡིད་པས་ཡུམ་ཞིག་བཞེས་པ་ལ་སྲས་གཉིས་འཁྲུངས་སྟེ། མཚན་ལ་ལྷ་རྒྱལ་འཕགས་དང་ཉི་མ་གསོལ། དེའི་མཁའ་འགྲོའི་ལུང་བསྟན་བཞིན་འགྲོ་དོན་མགོ་ལོག་ཏུ་ཡོད་པ་གཟིགས་ནས། ཡུལ་སྤུང་ཚལ་ཞེས་པ་རུ་བླ་བྲང་བཏབ། ཐར་བདེ་དགོན་འདི་ཕྱག་ཐོག་མར་བཏབས་སོ། །རྗེས་སུ་ལུང་བཞིན་ཚ་བ་རོང་དུ་འགྲོ་བའི་དོན་མཛད་པ་ལ་ཕེབས། རྒྱུད་འཛིན་སྤྲུལ་པའི་གཏེར་སྟོན་སངས་རྒྱས་གླིང་པ་སོགས་གྲུབ་མང་ཙམ་བྱོན་པ་རྣམ་ཐར་གཞན་དུ་གསལ། སྲ་ལྷ་འཕན་ནི་གདུང་རྒྱུད་ཅན་ཡིན་པའི་སྔགས་འཆང་གི་ཚུལ་མཛད། ཉི་མ་རབ་ཏུ་བྱུང༌། དེ་ནས་སྤུན་གཉིས་ཀྱིས་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱས་སོ། །དགོན་པ་ཕྱག་འདེབས་པའི་དུས་རབས་སོགས་ཁ་གསལ་མི་འདུག་ཀྱང༌། སོག་དམག་གིས་བླ་མ་བཅོམ་པ་ལ་གཞིག་ན། སོག་པོ་གོང་མ་ཆེན་པོས་རྒྱ་ནག་མངའ་དབང་སྒྱུར་བའི་དུས་ཙམ་ཨེ་ཡིན་སྙམ། ཐར་བདེ་བླ་རབས་བཅུ་གསུམ་ཞེས་བཤད་སྲོལ་འདུག་ཀྱང༌། དོན་དུ་བླ་རབས་བཅུ་བདུན་ཙམ་བྱོན་པའི་ལོ་རྒྱུས་འདུག
གྲུབ་ཐོབ་དམ་པ་དེ་རྣམས་ཀྱི་སྐུ་རིང་ལ་འཆད་ཉན་སྒྲུབ་པ་ཉམས་ལེན་གྱི་སྲོལ་ཡོད་པ། བཤད་[page 635] སྒྲུབ་ཀྱི་ཁང་ཚན་སོགས་མ་མཆིས་ཀྱང༌། མདོར་ན་བླ་རབས་འདི་རྣམས་ཀྱི་རིང་ལ་རྫོགས་པ་ཆེན་པོ་སོགས་ཞང་ཞུང་སྙན་རྒྱུད་ཀྱི་རྒྱུད་པ་ཟམ་མ་ཆད་པར་འཆད་ན་ཉན་དང་ཉམས་ལེན་མཛད། འདི་ཡི་དུས་སུ་བླ་གྲྭ་ལྔ་བཅུ་ལྷག་ཡོད། འདུ་ཁང་ཆེ་ཆུང་གཉིས། སྒྲུབ་ཁང་གཅིག ཁང་ཆེན་མཆོད་རྟེན་བཞི། གྲྭ་ཁང་བཅོ་ལྔ། འདུ་ཁང་དུ་རྟེན་གཙོ་བདེ་གླིང་སྐུ་དུས་སུ་བཞེངས་པའི་ཟངས་གསེར་ལས་གྲུབ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་ཁང་ཚད། ཙན་དན་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་ལུས་ཚད་མ་ཆ་བརྒྱད། ཁྲུ་ཚད་མ་ཆ་བརྒྱད་གཉིས་ཟངས་གསེང་ལས་གྲུབ་པའི་མཆོད་རྟེན་ལུས་ཚད། ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་སོགས་མང་ངོ༌། །
དགོན་འདིའི་དུས་མཆོད་ནི། བོད་ཟླ་དང་པོའི་ཚེས་གཅིག་ནས་དབྱར་མཆོད་བདེ་ཆེན་ཞིང་སྒྲུབ་ཚོགས། ཚེས་བཅོ་ལྔ་ལ་རྒྱབ་རི་གཙང་ཆེན་གཞི་གཉེན་ལ་ཡུལ་ལྷའི་གསང་སྔགས་དང༌། ཚེས་བཅུ་དྲུག་ནས་ཉེར་གཉིས་བར་བདེ་གླིང་ས་གཉིས་འཁྲུག་གཅེས། ཟླ་བ་དགུ་བའི་ཚེས་ཉི་ཤུ་ནས་ཉེ་དགུའི་བར་སྟག་ལའི་སྒྲུབ་མཆོད། གཞན་ཡང་བར་མཚམས་ཀྱི་ཟླ་བ་ཐམས་ཅད་ལ་དྲེལ་དམར་གྱི་ཚོགས་སྟོང༌། ཀུན་རིག་གནས་སྟོང༌། རིག་འཛིན་གསང་སྒྲུབ་སྒྲུབ་མཆོད། སྨྱུང་གནས་ཀྱི་ཆོ་ག་རྟེན་སོགས་གསུང་སྲོལ་འདུག དགོན་འདིའི་དུས་མཆོད་དང་ཡོན་གྱི་འབྱུང་ཁུངས་ནི། སྔོན་བླ་རབས་རྣམས་ཀྱི་དུས་སུ། བླ་བྲང་ནས་ཕུད་པ་དང༌། ཕྱིས་སྡེ་ས་འགའ་ཡུལ་ཕུད་པའི་ས་ཞིང་མང་ཙམ་ཞིག་མང་ཚོགས་ནས་དགོན་པ་ལ་ཕུལ་ཡོད་པ་དེ་དང་ཐར་བདེ་བླ་བྲང་དང་མང་ཚོགས་ནས་བསྡུས་ནས་བཙུགས་པ་རེད། དགོན་སྡེ་གཞན་དང་འབྲེལ་བ་ཡོད་པ་ནི། ཐར་བདེ་བླ་རབས་གོང་མ་རྣམས་ཀྱི་དུས་དང་ཁྱད་པར་དུ་བླ་མ་དྲི་མེད་ཀྱི་དུས་སུ་ཞེ་ཞོལ་དགོན་དང༌། སྟག་ཞུག་དགོན། སེ་ཞིག་དགོན། རབ་རྒྱས་དགོན། སྤངས་རྟོགས་དགོན། ལྕང་ལུང་དགོན་བཅས་ཐམས་ཅད་ཀྱིས་སྔོན་འགྲོ་དངོས་གཞི་རྩ་རླུང༌། རྫོགས་ཆེན་གྱི་ཁྲིད་བཅས་ཆ་ཚང་འདིར་ཞུ་སྲོལ་ཡོད། དེ་ལྟར་ཐར་བདེ་དགོན་པའི་བསྟེན་གསུམ་ཐམས་ཅད་སྐབས་ཤིག་མིང་གི་ལྷག་མར་བསྒྱུར། དེང་སང་མཆོག་སྤྲུལ་ཉི་མ་རྒྱལ་ཚམན་གྱི་སྐུ་དྲིན་གྱིས་གཙུག་ལག་ཁང་ཀ་བ་བཅུ་གཉིས་ཅན། མཁའ་སྤྱོད་བདེ་གསལ་ཁང་ཞེས་ལྷ་ཁང་གཅིག གཞན་ཡང་གཙུག་ལག་ཁང་དུ་སྨན་འདག་ལས་གྲུབ་པའི་རྣམ་རྒྱལ་སྐུ་ཁང་ཚད། སྟོན་པའི་སྐུ་ཁང་ཚད། བྱམས་པའི་སྐུ་ཁང་ཚད། བླ་མ་དྲི་མེད་འདྲ་སྐུ་ལུས་ཚད། གསུང་རྟེན་སྐོར་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་བསྟན་སོགས་པོད་གྲངས་བརྒྱ་ལྔ་ལྷག་དང༌། ཐང་སྐུ་བཞི་བཅུ་ལྷག་གཞན་ཡང་མཆོད་ཆའི་སྐོར་ཆ་ཚང་གཉིས། འཕན་གདུག་ཡོ་བྱད་བཅས་སྣེ་ཚང་དང༌། ད་ལྟ་བླ་སྤྲུལ་གཙོས་གྲྭ་བ་བཞི་བཅུ་ལྷག་ནས་དགོན་པའི་གསོ་སྐྱོང་བྱེད་བཞིན་ཡོད།
དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཉིད་ཡིན་ལ། ཧོར་ནམ་མཁའ་རྒྱལ་མཚན་གྱི་སྲས་སྐུ་མཆེད་དྲུག་གི་ནང་ཨུལ་ཆུང་ནོར་ཡོན་ལ། དཔོན་མོ་དགེ་བཟའ་ཞིག་དང་མངའ་འོག་ནས་རྔལ་སོང་ཞིག་གི་བུ་མོ་དང་གཉིས་ཁབ་ཏུ་བླང་བ་ལས་དགེ་རྩ་གཟའ་ལ་བླ་མ་འདི་ཉིད་དང༌། དབོན་མདོ་མང་བཀྲ་ཤིས་སྐུ་མཆེད་གཉིས་བྱུང༌། བཙུན་མོ་གཅིག་ཤོས་ལ་དབོན་དུར་ནར་ཡོན་དང་མཁན་པོ་བློ་བཟང་ཆོས་སྐྱོང་རྣམས་འཁྲུངས་པར་གྲགས་པ་ལ་བླ་མ་འདི་ཉིད་སྐུ་གཞོན་ནུ་ནས་ཡི་གེ་འབྲི་ཀློག་དང་གཞུང་དང་འདོན་ཆ་སོགས་ཀྱི་ཐུགས་འཛིན་སོགས་ལ་སྦྱངས། ཤིང་སྟག་ལོར་འཕྱོང་རྒྱས་རི་པོ་བདེ་ཆེན་གྱི་མཁན་ཟུར་ཨ་ཁུ་ངག་དབང་དཔལ་བཟང་དབུས་སུ་བྱོན་པ་དང་ལྷན་ཅིག་ཕེབས་ཏེ། དགུང་ལོ་བདུན་པར་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་ལས་རབ་ཏུ་བྱུང་ཞིང་གཙུག་ཕུད་ཕུལ་ཏེ་མཚན་ལ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་འཇམ་དཔལ་ཞེས་བཏགས། ཆོས་འབྲེལ་གཞན་ཡང་ཅི་རིགས་གསན། གཞན་ཡང་དབང་ལུང་མན་ངག་གྲངས་མང་གསན། ཁུ་བོ་ཆོས་རྗེ་དཀའ་བཅུ་ངག་དབང་ཕུན་ཚོགས་ཞི་བར་གཤེགས་རྗེས། ཧོར་ཁོག་བཞི་སོ་སོར་གྱེས་པའི་ཨུལ་ཆིང་ནོ་ཡོན་ཕ་བུ་རྣམས་ཏྲེ་པོ་ཕྱོགས་ཀྱི་བདག་པོར་གྱུར་པ་ལས། དེ་ནས་ཀྱང་ཐུགས་ནད་མ་ཤིས་པ་ཞིག་བྱུང་བའི་རྐྱེན་དང་འགྲོ་དོན་དུས་ལ་བབས་པའི་ཆོས་ཆོས་རྗེ་ངག་དབང་ཕུན་ཚོགས་རིན་པོ་ཆེ་འདི་ཉིད་དང༌། དཔོན་མདོ་མང་བཀྲ་ཤིས་སྐུ་མཆེད་གཉིས་རྫ་ཁོག་ཏུ་རྟེན་ཆགས་ནས་རིགས་དྲུག་གྲོང་ཞེས་པའི་སའི་ཆར་གྲོང་པ་ཆུང་ཆུང་ཞིག་གི་དབུས་སུ་ལྷ་ཁང་ཆུང་ངུ་རྟེན་གསུམ་སོགས་ཕྲན་བུ་ཡོད་པའི་གནས་སུ་ས་དཔྱད་ལེགས་པ་དང༌། སྔོན་ཀུན་མཁྱེན་ལྔ་པ་ཆེན་པོས་རྒྱབ་རི་དཔལ་འཁོར་ལོ་སྡོམས་པའི་གནས་ཡིན་པར་མ་ཟད་དགེ་ལུགས་ཀྱི་དགོན་པ་བཅུ་གསུམ་འདེབས་དགོས་པའི་བཀའ་ལྟར་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གི་གནས་གཞི་འདི་ཉིད་སྔོན་དུ་བསྐྲུན་ནས་རིམ་བཞིན་དགོན་ལག་གཞན་རྣམས་ཕྱག་བཏབ་མཛད། དགོན་གསར་དུ་དགེ་འདུན་ཡང་ལྔ་བརྒྱ་ལྷག་འདུ་བ་བྱུང་ཞིང༌། དགེ་སློང་རྣམས་ལ་ཆོས་གོས་རྣམ་གསུམ་འདིང་བ་སོགས་དང་གྲྭ་རིགས་ཡོངས་རྫོགས་ལ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཚུལ་དང་མཐུན་པ་དང༌། ཟླ་རེ་བཞིན་གྱི་ཡར་མར་གྱི་གསོ་སྦྱོངས་དང༌། དབྱར་གནས་དགག་དབྱེ་སྟེ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་དབུས་གཙང་གི་དགེ་ལུགས་གྲྭ་ཚང་ཚུལ་ལྡན་རྣམས་ལ་འགྲན་[page 644] བཟོད་པ་འཛུགས་བར་མཛད་དོ། །
གདན་རབས་རགས་རིམ། སྐུ་ཕྲེང་དང་པོ། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་འཇམ་དཔལ་འདི་ཉིད་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནས་ངོས་འཛིན་ཅིང་གསེར་ཁྲི་ལ་མངའ་གསོལ། སྐུ་ཕྲེང་གཉིས་པ། ཧོར་ཆོས་རྗེ་སྐལ་བཟང་མཐུ་སྟོབས་དཔལ་འབར་མཆོག་ནི། རྒྱལ་དབང་སྐལ་བཟང་རྒྱ་མཚོས་ངོས་འཛིན་མཛད་ཅིང་གསེར་ཁྲི་ལ་བཀོད། སྐུ་ཕྲེང་གསུམ་པ་ཧོར་ཆོས་རྗེ་བློ་བཟང་བསྟན་འཛིན་མཐུ་སྟོབས་ནི་སྐྱབས་མགོན་རྒྱལ་དབང་པཎ་ཆེན། རྭ་སྒྲེང་ཁྲི་ཆེན་སྤྲུལ་སྐུ། གླིང་སྤྲུལ་སྐུ། དགའ་ལྡན་ཁྲི་བ་བློ་བཟང་བཀྲ་ཤིས་བཅས་བླ་ཁག་དྲུག་དང༌། གནས་ཆུང༌། ཀརྨ་ཞལ་བཅས་ནས་ངོས་འཛིན་མཛད་ཅིང་ཁྲི་ལ་བཀོད། སྐུ་ཕྲེང་བཞི་པ། ཧོར་ཆོས་རྗེ་ངག་དབང་ཆོས་འཕེལ་བསྟན་པའི་རྒྱལ་མཚན་མཚན་ནི་ཁུངས་དག་གི་ཡིག་ཆ་མ་ལོན་ཡང་ངག་རྒྱུན་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་ཡིན་པར་གྲགས། སྐུ་ཕྲེང་ལྔ་པ། ཧོར་ཆོས་རྗེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས་མཆོག་ནི། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་དང༌། ཕུར་ལྕོགས་བྱམས་པ་རིན་པོ་ཆེ། འཇམ་དཔལ་རོལ་པའི་བློ་གྲོས་སོགས་དམ་པ་རྣམས་ཀྱིས་ངོས་འཛིན་མཛད་ཅིང༌། གསེར་ཁྲི་ལ་མངའ་གསོལ། སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་ལ་ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་པ་སྒོམ་སྒྲུབ་མཛད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་གནང་བའི་ཚུལ་ནི། སྐྱེས་ཆེན་དམ་པ་ཧོར་ཆོས་རྗེ་ངག་དབང་ཆོས་འཕེལ་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་ལ་ཆོས་གྲྭ་འདི་དབུ་ཚུགས་ཏེ་བཤད་སྒྲུབ་ཀྱི་སྲོལ་ཚུགས། དགེ་བའི་བཤེས་གཉེན་འཇམ་དཔལ་རོལ་པའི་བློ་གྲོས། དགེ་བཤེས་དགེ་འདུན་རབ་རྒྱས། དགེ་འདུན་བསོད་ནམས་རིན་ཆེན་སྐྱབས་སོགས་དམ་པ་བར་མ་ཆད་པར་རིམ་བཞིན་བྱོན་ནས། བསྡུས་གྲྭ། རྟགས་རིག བློ་རིག མངོན་རྟོགས་རྒྱན། དབུ་མ་འཇུག་པ། ཕར་ཕྱིན། ཚད་མ་རྣམ་འགྲེལ། འདུལ་བ་སོགས་མདོ་སྔགས་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་དང༌། འཛིན་སྐྱོང་སྤེལ་གསུམ་བཅས་དུས་ད་ལྟ་བར་དར་ཁྱབ་བྱུང༌། སྐུ་གསུང་ཐུགས་རྟེན། དགོན་འདི་ཆགས་ནས་སྐུ་ཕྲེང་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་དང་བཀོད་པ་འདི་ཙམ་མོ་ཞེས་སྨྲ་མི་ནུས་ཀྱང་ཀུན་མཁྱེན་རྒྱལ་དབང་ལྔ་པ་ཆེན་པོས་གནང་བའི་ཇོ་བོ་ལོ་ཀི་ཤྭ་ར་གཙོ་གནའ་རབས་རིག་གནས་དངོས་རྫས་འགངས་ཆེན་གྲངས་མེད་པ་ཞིག་ཡོད། དེའང་སའི་རྒྱ་ཁྱོན་གཞུ་འདོམ་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཡོད་པའི་མདུན་ཁང་གཉིས། ཆོས་ར་ཁང་གཅིག ཇོ་ཁང་ལམ་རིམ་ཁང༌། ལྷ་ཆེན་ཁང༌། མགོན་ཁང་གཉིས། གྲྭ་ཤག་བརྒྱ་དང་ལྔ་བཅུ་བཅས་བཞུགས། ལྷ་ཁང་རེ་ནང་རྟེན་ལའང་སྐུ་བརྙན་བརྒྱ་ལྷག་ཙམ་རེ་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་གཙོས་པོད་ཁྲི་གཉིས་ལྷག་བཞུགས། ཐུགས་རྟེན་ཙནྡ་དཀར་དམར་ལས་གྲུབ་པའི་མཆོད་རྟེན་བཅུ་ལྷག་[page 645] ཙམ། མཆོད་པའི་ཡོ་བྱད་སོགས་ལ་འཁར་རྔ། རོལ་མོ། རྒྱ་གླིང༌། དུང་ཆེན། སྒྲུབ་ཆ། སིལ་སྙན་སོགས་རྒྱ་བལ་སོགས་ཀྱི་ལི་རྙིང་ལྔ་བརྒྱ་ཙམ་ཞིག་བརྗེ་ལོན་བྱ་རྒྱུ་བཞུགས། འཆམ་གོས་དང༌། ཞལ་འབག་གཏེར་མ་འཆམ་ཆས་བཅས་བརྒྱད་ཅུ་ཙམ་བཞུགས་པ་ལགས་སོ། །ད་ལྟའང་སྔོན་གྱི་དཀར་ཆག་ཡོད། དགོན་པ་འདིའི་བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་སོགས་ཡོན་གྱི་འབྱུང་ཁུངས་ནི། སྔོན་ཆོས་རྗེ་དམ་པའི་སྐུ་རིང་ལ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྡེ་གསར་ཤོག་བརྒྱད་ལྷ་སྡེས་གནང་ཞིང༌། ཞིང་པ་དུད་གྲངས་སུམ་བརྒྱ་དང་འབྲོག་པ་དུད་གྲངས་སུམ་ཅུ་ཆོས་སྡེ་བཞག་ནས་དགོན་གཞུང་གི་འབྲི་རིགས་དང་མར་ཆུར་ལོ་ལྟར་ལེན་རྒྱུ་ཡོད་པའི་སྲོལ་བཙུགས། སྔོན་བྱོན་དམ་པའི་སྲོལ་ལྟར་འཚོ་བ་བསོད་སྙོམས་ཁོ་ན་ལ་བརྟེན་པ་ཡིན། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་དགོན་སྡེ་བཅུ་གསུམ་ཡོད་པར་གྲགས། དཀར་མཛེས་དགོན། དར་རྒྱས་དགོན། རྟའི་ཉ་མཚོ་དགོན། ལྕོགས་རི་དགོན། མཁར་ཉལ་དགོན། རྩེ་གསུམ་དགོན། སྟོང་སྐོར་དགོན། བེ་རི་དགོན། གླིང་བཀྲིས་རྩེ་མིང་གཞན་ཉ་འགེ་དགོན་ཡང་ཟེར། བསམ་འགྲུབ་དགོན། བྲག་མགོ་དགོན། བྲག་ལྕོག་དགོན་བཅས་སོ། །ཁུངས་དག་ཡིག་ཆ་རིག་གནས་གསར་བརྗེ་སྐབས་གཏོར་བརླག་སོང་བའི་ངག་རྒྱུན་ལྟར་རོ། །དེ་རྗེས་སྲིད་ཇུས་ཇེ་ཡག་ཏུ་སོང་ནས་པད་དཀར་བྱམས་པ་རིན་པོ་ཆེ་ནས་བརྩེ་གཟིགས་ཆེན་པོ་མཛད་ནས་གཙུག་ལག་ཁང་ཉམས་གསོ་དང་བཤད་སྒྲུབ་ཀྱི་བསྟན་པ་རིམ་བཞིན་སྤེལ་བ་གནང་ལགས།
གདན་ས་འདི་ཉིད་ཐོག་མར་ཇི་ལྟར་བཏབ་པའི་ཚུལ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་གསུང་རྣམ་ཐར་ལས་གླིང་ཆེན་པོ་བདག་དྲུང་གི་གྲོས་དབང་གཡས་གྲལ་མགོ་མ་ཨ་ཁོན་དུ་གྲགས་པ་ཞིག་བྱུང་བ་དེའི་བུ་ཨ་ལོ་ཚེ་དགོན། དེ་ལ་བུ་གསུམ་བྱུང་ནས་རྒྱུད་པ་ཁག་གསུམ་དུ་གྱེས་པར་ཀླུང་དཀོན་བསོད་གསུམ་གྱི་རྒྱུད་དུ་གྲགས་པ་བྱུང་བ་ལས་ཀླུ་ལུའི་རྒྱུད་པ་ཡིན་ཞིང་ཀླུང་དཀོན་བསོད་གསུམ་གྱིས། རྗེ་བདུན་པའི་སྐབས་སྒང་ཆེན་འཛམ་གླིང་རྒྱན་ནས་ཏྲེ་པོ་བླ་མ་ཞུས་ཏེ་ཡུལ་གྱི་གོང་དུ་རི་ཁྲོད་ཆུང་ངུ་ཞིག་གསར་དུ་བཏབ། རྗེ་བརྒྱད་པས་ཀྱང་མགུར་དཔོན་པ་སྤྲོས་པ་ཀུན་ཞི་གནང་ནས་དེར་སྤོང་བ་པའི་སྡེ་དངོས་གཙང་ཞིག་བྱུང༌། ཞྭ་དམར་ལྔ་པ་ཡུལ་དེར་བྱོན་པའི་ཚེ་རི་ཁྲོད་དུ་ཕྱག་ནས་དེར་སྤོང་བ་པའི་སྡེ་དངོས་གཙང་ཞིག་བྱུང༌། ཞྭ་དམར་ལྔ་པ་ཡུ་དེར་བྱོན་པའི་ཚེ་རི་ཁྲོད་དུ་ཕྱག་ནས་དང་མིང་ཞུས་པར། རི་ཁྲོད་གཟིགས་ཞིང་ཕྱག་ནས་གནང་ནས་མིང་དཔལ་འབྱོར་སྒང་དུ་འདོགས་པར་མཛད། ཀླུ་ལུའི་བུ་མདོ་ཁྲོམ་གཉིས་ལས། མདོ་ལུའི་བུ་ཨ་ཡག་རྒྱལ། དེའི་བུ་གུར་མགོན་ཆེས་པ་ནས་སྡེ་དགེའི་ལས་དབང་གི་ཤུགས་བཙན་པོས་ཡུལ་དེ་དག་ཏུ་མངའ་སྒྱུར་བར་བརྩམས་པའི་ཚེ་གྲོགས་སུ་ཆོས་སྨན་པར་བགྱིས། དེའི་སྤུན་ཟླ་བླ་མ་དཀའ་ཐུབ་དང༌། བསྟན་སྲུང་ཞེས་པ་གཉིས་ཀྱིས་ཡང་རིའི་སྒྲིགས་ལ་ཞུགས་ནས་རང་ཚུགས་ཟིན་པ་ཙམ་བྱུང་ཞེས་གྲགས། གུར་མགོན་གྱི་ཁུ་བོ་བླ་མ་ཕུན་ཚོགས་རྗེ་དགུ་པའི་དུས་ཐོག་མར་སྔགས་གྲྭ་འགྲིམ་ཞིང་ཕྱིས་སྒར་ཆེན་གྱི་ཞབས་ཕྱིར་བཞུགས་ཏེ་དཔལ་འབྱོར་སྒང་པ་ཉིད་ཀྱི་བླ་མར་གནང་ནས་དཔལ་འབྱོར་སྒང་པའི་འདྲེན་པ་མཛད་ཅིང༌། རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས་པ་སོགས་ཐུགས་དམ་གྱི་དྲོད་ཚད་ཕུལ་བྱུང་བརྙེས་པ་ཞིག་ཡིན་པར་སྣང༌། དེ་དུས་སྒར་ཆེན་ནས་བླ་མ་དོན་རྟོགས་པ་ཞེས་མགོན་པོའི་རྣལ་འབྱོར་པ་དེ་ཕེབས། བེར་གྱི་དགྲ་ཆོས་སོགས་ཀྱི་ལག་ལེན་བསླབ་འདུག་པ་བཞིན་ད་ལྟ་ཁོ་བོ་ཅག་གིས་ཀྱང་བགྱིད་བཞིན་པ་དེའོ། །བསོད་ནམས་རྒྱལ་གྱི་བུ་ངག་དབང་ཚེ་རིང་ཞེས་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་སྐུ་མཆེད་མཁས་གྲུབ་བསྟན་པ་རྒྱལ་མཚན་དུ་གྲགས་པའི་སྐྱེས་ཆེན་དེས་མིང་དུ་བཏགས་པ་ནི་ཁོ་བོའི་ལུས་དངོས་སུ་སྐྱེས་བའི་ཕའོ། །དེའི་[page 611] སྤུན་ཟླ་བླ་མ་གཉིས་ཡོད་པའི། བླ་མ་ཆོས་དབང་ནི་ཟུར་རིའི་སྒྲིགས་ལའང་ཞུགས་ཤིང་ཁམས་ཕྱོགས་སུ་གསོ་རིག་གི་འཕྲིན་ལས་ཆེ། ཐུགས་བརླིང་ཤིང་གཟུ་བོར་གནས་པ་རྒྱུད་དེས་ཤིང་འཇམ་པ། གསུང་རབ་ཀྱི་ཚིག་དོན་ལ་དཔྱད་པའི་བློ་གྲོས་ཡངས་པ་ཞིག་གོ །བླ་མ་ཀུན་མཁྱེན་ནི། གཏེར་སྟོན་བདུད་འདུལ་རྡོ་རྗེའི་ལུང་བསྟན་དུ། གར་གྱི་མིང་ཿཞེས་འབྱུང་བ་དེ་ཡིན་པར་སྒྲོགས་ཤིང༌། བསྐྱེད་རིམ་གྱི་ང་རྒྱལ་བརྟན་པས་རྣལ་འབྱོར་གྱི་དྲོད་རྟགས་ཀྱང་ཅི་རིགས་པར་གྲུབ་པ་ཞིག་གོ །ཞེས་གསུངས་པས་ཐོག་མར་དགོན་པ་འདེབས་པ་པོ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱལ་མཚོ་ཡིན་པ་དང་དེའང་རབ་བྱུང་བརྒྱད་པའི་ནང་ཡིན་པ་དང་གདན་རབས་དང་ཡོན་བདག་བཅས་ཀྱི་ལོ་རྒྱུས་རགས་ཙམ་གསལ། དེའང་གོང་དུ་སི་ཏུའི་རྣམ་ཐར་དུ་འཁོད་པའི་ཞྭ་དམར་ལྔ་པས་དཔལ་འབྱོར་དགོན་བཏགས་དགོས་དོན་གནས་འདིའི་བྲག་ནགས་བཅས་ངོས་ཡི་གེ་དཔལ་ཞེས་པའི་རང་བྱོན་ཡོད་པ་རྒྱུ་མཚན་དུ་མཛད་སྐད་དང༌། བླ་མ་ཀུན་མཁྱེན་ཞུ་བ་འདི་ཉིད་གུར་དྲག་ཡེ་ཤེས་རབ་འབར་གྱི་སྒོ་ནས་གྲུབ་པ་ཐོབ། ཞི་བའི་གདུལ་བྱ་ལ་བྱང་སེམས་འཕགས་པའི་མཛད་དཔྱད་ཀྱིས་རྗེས་སུ་བཟུངས་ཤིང༌། ཞི་བས་འདུལ་དུ་མི་འཚལ་བའི་བསྟན་འགྲོ་ཆོས་སྡེ་ལ་གནོད་པའི་སྡིག་ཅན་རྣམས་དྲག་པོ་མངོན་སྤྱོད་ཀྱི་སྒོ་ནས་བསྒྲལ་བའི་སྒྲུབ་ཕུག་དང་གྲུབ་ཁུང་ད་ལྟའང་མཇལ་རྒྱུ་ཡོད། དམ་པ་འདི་ཉིད་ཀྱིས་ལྷ་ཁང་རྙིང་པ་གསར་བཞེངས་ངོ་མཚར་ཀུན་གཟིགས་ལྷ་ཁང་ཞེས་པ་བསྐྲུན། ཨ་ལོ་ཡུལ་དགོན་ཞེས་པའི་མཆོད་སྡེ་དང་གསོལ་ཞིང་ཡོད་པ་དམ་པ་འདི་ཉིད་ཀྱི་སྐུ་དུས་སུ་བྱུང་བར་གྲགས། གོང་གསལ་ལྟར་རྗེ་འདི་ཉིད་དང་གདུང་རིགས་གཅིག་པ་ལས། ས་གསུམ་ན་སྙན་པས་ཁྱབ་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཞེས་པ་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་ཀྱི་ལོར་ཨ་ལོ་དེང་རིང་སྒོང་དུ་མཚན་དཔེ་བཞད། དགུང་ལོ་གསུམ་པར་རྒྱལ་དབང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེས་སི་ཏུ་སྐུ་ཕྲེང་བདུན་པ་ལེགས་བཤད་སྨྲ་བའི་ཉི་མའི་ཡང་སྲིད་དུ་ངོས་འཛིན་གནང་བས་གདན་ས་བར་མ་ཀརྨའི་དགོན་དུ་གསེར་ཁྲིར་འཁོད་དགོས་ཀྱང་སྡེ་དགེ་ཆོས་རྒྱལ་གྱིས་ང་རང་ས་ཆ་ལ་འཁྲུངས་པའི་སྤྲུལ་སྐུ་ང་རང་ལ་དབང་གསུངས་ནས་མ་གནང་བས་དཔལ་འབྱོར་དགོན་དུ་དགུང་ལོ་ཉེར་དགུའི་བར་དུ་གདན་ས་མཛད། དེའང་རྗེ་འདི་ཉིད་ཀྱི་སྐུ་ཕྲེང་གོང་མའི་གོང་མ་སི་ཏུ་ཆོས་རྒྱལ་མི་ཕམ་འཕྲིན་ལས་རབ་བརྟན་དཔལ་འབྱོར་དགོན་དུ་ཕེབས་སྐབས་ལྷ་ཁང་གི་དཔེ་ཆ་རྣམས་ལ་ཐུགས་རྟོགས་གནང་ནས་དེ་དག་ཕལ་ཆེར་འབུལ་དགོས་ཞེས་ཕེབས་པར། མ་ཕུལ་བའི་ཚེ། སླར་དཔེ་ཆ་འདི་ཐམས་ཅད་བདག་གིས་རང་དབང་བྱེད་པ་ཞིག་འབྱུང་དེ་ཚེ་ཁྱེད་རྣམས་ཀྱིས་ཅི་བྱར་ཡོད་ཅེས་གསུངས་པ་ལུང་བསྟན་དོན་འཁྱོལ་བྱུང་བ་ཡིན་གསུངས།
དེ་ནས་དགུང་ལོ་ཉེར་དགུ་པ་མེ་ལུག་ལོར་དཔལ་སྤུངས་དགོན་བཏབས་སྟེ་གདན་ས་མཛད་ཚུལ་སོགས་རྣམ་ཐར་ན་གསལ། གདན་ས་གཉིས་པ་དཔལ་སྤུངས་སུ་མཛད་རྗེས་ཀྱང་སྔར་རྒྱུན་བཞིན་[page 612] དཔལ་འབྱོར་དགོན་ལའང་གཟིགས་རྟོགས་ཁྱད་མེད་མཛད། དེ་ནས་སི་ཏུ་པདྨ་ཉིན་བྱེད། པདྨ་ཀུན་བཟང༌། པདྨ་དབང་མཆོག་པདྨ་དོན་ཡོད་རྣམས་ཀྱིས་སྔར་སྲོལ་བཞིན་དགོན་འདིའི་བསྟན་པའི་བདག་པོ་མཛད་པ་དང༌། དབོན་སྤྲུལ་དབང་གི་རྡོ་རྗེ་ཡང་དགོན་འདིར་ཡུན་དུ་བཞུགས་ཤིང༌། རྟེན་གསུམ་བྱིན་ལྡན་འགའ་གསར་བཞག་མཛད། གཟིམ་ཤག གསོལ་ཐབ་ཁང་བཅས་དུས་ཕྱིས་བར་ཡོད་པ་དང༌། རབ་བྱུང་བཅུ་གསུམ་པའི་ནང་ཨ་ལོ་བླ་མ་ཀརྨ་ཕུན་ཚོགས་ཞུ་བ་སི་ཏུ་ཆོས་འབྱུང་གི་ཡོངས་འཛིན་མཛད་པའི་དམ་པ་དེ་ཉིད་དང༌། མཆིམས་ཕུ་ཉི་མ་རྒྱལ་མཚན། འབོང་པ་རྟོགས་ལྡན། ཚ་རོང་གཅོད་པ། ཤེས་རབ་རྡོ་རྗེ་བཅས་རིམ་པར་གདན་ས་མཛད་ཅིང༌། རབ་བྱུང་བཅུ་བཞི་པའི་སྐོར་མཁན་ཆེན་བཀྲ་ཤིས་འོད་ཟེར་རམ་དཔལ་ཆེན་བློ་གྲོས་འོད་འཕྲོ་ཞེས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་བྱུང་མངའ་བ། མཁྱེན་མཆོག་གསུམ་གྱི་རྣམ་ཐར་ཁྲོད་དུ་ལོ་རྒྱུས་འབྱུང་བ་དེ་ཉིད་སྐུ་ཚེ་ཧྲིལ་པོར་གདན་ས་མཛད་དེ་འཁོར་ལོ་གསུམ་གྱི་མཛད་རྗེས་ཆེ། ལྗགས་རྩོམ་ཡང་རྗེ་བཙུན་སྙིང་ཐིག་གི་ཟིན་ཁྲིད་སོགས་འགའ་ཡོད། དེ་སྐབས་དམ་པ་འདི་ཉིད་མཁྱེན་ཀོང་མཆོག་གསུམ་དང་ཞལ་འདྲིས་ཆེ་སྟབས་གདན་ས་འདིར་ཕེབས་ཏེ་གནས་ཞལ་གསར་འབྱེད་དང་ཟབ་གཏེར་བཞེས་ཚུལ་སོགས་སོ་སོའི་རྣམ་ཐར་དུ་གསལ་བ་ལྟར་དང༌། དེ་ནས་གནས་གསར་བཀྲ་འཕེལ། དབོ་སྒང་དབང་ཕྱུག ཁྱུང་པོ་མཁྱེན་རབ་བཅས་བཞུགས། རབ་བྱུང་བཅོ་ལྔ་པའི་སྐོར་ཚར་ཚར་མཁན་པོ་ཀརྨ་ཐུབ་བསྟན་ཞེས་རྫོགས་ཆེན་གཞན་དགའི་ཞལ་སློབ་དེ་ཉིད་སྐུ་ཚེ་ཧྲིལ་པོར་གདན་ས་མཛད། བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་བསྐྱངས། ལྷ་ཁང་ཐོག་བརྩེགས་གཉིས་པ་རྟེན་དང་བརྟེན་པ་བཅས་པ་བཞེངས་ནས་སྒྲུབ་གྲྭ་ཉི་ཤུ་རེ་ཡོད་པའི་སྒྲུབ་སྡེ་གསར་དུ་བརྒྱབ་པ་སོགས་མཛད་རྗེས་ཆེའོ།།
དགོན་འདིའི་འདུས་སྡེ་ཅི་ཙམ་ཡོད་དང་སྒྲིག་སྲོལ་ནི། སྔོན་རབས་ཅི་ལྟར་བྱུང་བའི་ལོ་རྒྱུས་གསལ་པོ་མ་ཤེས། དགོན་པ་རྩ་བརླག་འགྲོ་ཉེ་སྐབས་དགེ་ཚུལ་སློང་ལྔ་བཅུ་ལྷག་ཡོད་འདུག སྒྲིག་སྲོལ་ནི། དཔལ་སྤུངས་སི་ཏུ་སྐུ་རབས་རིམ་བྱོན་གྱིས་བསྐོ་བཞག་གནང་བའི་རྡོར་སློབ་དང༌། དབུ་མཛད། ཚུལ་ཁྲིམས་པ། སྤྱི་པ། དགེ་བསྐོས། ལས་རྡོར་བཅས་དུས་ཡུན་ལོ་གསུམ་རེའི་ནང་བརྗེས་ནས། བསྐྱར་དུ་བསྐོ་བཞག་བྱ་སྲོལ་ཡོད། སྒྲུབ་སྡེའི་གཙོ་འཛིན་བླ་མའམ་མཁན་པོ་མཁས་བཙུན་ལྡན་པ་གོང་བཞུགས་དེ་ཡིས་འགན་དབང་ལས། དུས་ཡུན་གྱི་ངེས་པ་མ་མཆིས། གཞན་སྤྱི་ལུགས་ལྟར་དམ་གཙང་སོགས་སྒྲིག་སྲོལ་དམ་པོ་ཡོད་དོ། །
ཡོན་གྱི་འབྱུང་ཁུངས་ནི། སྔོན་གྱི་དུས་ཡུལ་མི་དད་ལྡན་ཀྱི་དད་འབྱོར་གྱི་མཐུན་རྐྱེན་སྒྲུབ་ནས་བསོད་སྙོམས་པ་ཁོ་ན་ལས་ཕུག་ནོར་འཆར་བའི་སྤྲོས་པ་མེད། ཀུན་མཁྱེན་དང༌། སི་ཏུ་ཆོས་འབྱུང་བཅས་སྐུ་རབས་རིམ་བྱོན་གྱིས་སྡེ་དགེ་རྒྱལ་བློན་མཁོས་དབང་ཆེ་བའི་དཔོན་རིགས་དང༌། [page 613] འབྱོར་ལྡན་དང་ཡུལ་མི་རིགས་ལ། ས་ཞིང་སོགས་འབུལ་བསྡུད་སློང་གསུམ་གྱི་སྤྲོས་པ་མཛད་རྗེས། ཕག་མོ། གཡར་གནས། ཞི་ཁྲོ། སྨོན་ལམ། ཉེར་སྲས་བཅས་ཀྱི་དུས་མཆོད་ལ། ཆོས་ཁྲིམས་པ་དང༌། སྤྱི་ཁག་སོ་སོར་རྩར་སྤྱི་རྐང་གི་ཐེབས་རྩ་རྒྱུན་འཇགས་ཡོད།
དགོན་མ་ལག་གི་འབྲེལ་བ་ནི། སྔོན་མཐིང་དམར་ཅོད་པན་འཆང་བའི་རྒྱལ་བ་ཡབ་སྲས་ཞབས་ཀྱིས་བཅགས་ཏེ་དགོན་པ་འདེབས་པ་དང་མཚན་གསོལ་གནང་བས་འོག་མིན་མཚུར་ཕུའི་དགོན་ལག་ཏུ་གཏོགས་མོད་ཕྱིས་སི་ཏུ་ཆོས་འབྱུང་གིས་དཔལ་སྤུངས་ཆོས་སྡེ་གསར་དུ་བཏབ་པ་གདན་ས་འདི་ཉིད་དཔལ་སྤུངས་དགོན་ལག་དུ་གཏོགས་སོ། །ད་སྐབས་ནི། རབ་བྱུང་བཅུ་དྲུག་པའི་ས་རྟ་ལོ་ནས་མཁན་ཐུབ་བསྟན་གྱི་དངོས་སློབ་བླ་མ་ཀརྨ་ཆོས་སྐྱོང་ཞེས་པ་སྔོན་སི་ཏུ་པདྨ་དབང་མཆོག་གིས་དཔལ་འབྱོར་དགོན་གྱི་རྡོ་སློབ་དུ་བསྐོས་པ་དེ་ཉིད་དུས་ཀྱི་འགལ་རྐྱེན་ནང་འཚོ་བཞེས་བྱུང་བས་གཙོས་བླ་གྲྭ་བཅུ་སྐོར་ཙམ་བཞུགས་པས། ལྷ་ཁང་ཞིག་རལ་དུ་སོང་བ་གསར་བཟོ། ཞིག་རལ་ཆེར་མ་སོང་བ་ཉམས་གསོ་བགྱིད་པས། ཚོགས་ཁང་དང་སྒྲུབ་ཁང་བཅས་ལྡེབས་བྲིས་རྟེན་གསུམ་ཡོ་བྱད་མཆོད་ཆ་སོགས་སྐྱོན་མེད་ཙམ་དང༌། གྲྭ་ཁང་བཅུ་སྐོར་ཐོན་སོང༌། དགེ་འདུན་སུམ་ཅུ་སྐོར་འདུས་པ་ལས། སྒྲུབ་ཁང་དུ་དཔལ་སྤུངས་ནས་སྒྲུབ་དཔོན་བླ་མ་བློ་བཟང་ཚེར་བཏང་བས་དབུ་འཛིན་བཅས་བཅུ་བཞུགས། དེ་འཕྲོས་རྣམས་ཀྱིས་དུས་མཆོད་འགའ་དང་མགོན་ཁང་དུ་རྒྱུན་གསོལ་མ་ཆད་ཙམ་དུ་མཆིས་སོ། །
དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནི་བོད་གངས་ཅན་གྱི་ལྗོངས་འདིར་འབྲི་ཟླ་དེ། ཟླ་ཀླུང་གཉིས་ཀྱི་བར་དུ་ཚུད་པའི་འབྲི་ཟླ་ཟལ་མོ་སྒང༌། སྔོན་གླིང་གི་དུས་གླིང་དཔོན་དུ་སི་དང༌། བར་དུ་སྡེ་དགེའི་རྒྱལ་རབས། ཕྱིས་སྡེ་དགེ་རྫོང་སྨན་ཤོད་ཆུད་དཔལ་སྤུངས་ཤང་གི་མངའ་ཁོངས་སུ་གཏོགས། གནས་ཀྱི་ཁྱད་པར་ནི་ཐུན་མོང་སོ་སྐྱེ་རྣམས་ཀྱི་མཐུན་སྣང་དུ་ཇི་ལྟར་གྲུབ་པ་ནི། འཕགས་ཡུལ་དང་རྒྱ་ནག་གི་གཞུང་ལས་ཇི་སྐད་བཤད་པའི་སའི་དཔྱད་ལེགས་རྙེད་དཀའ་བ་ཐམས་ཅད་མ་ཚང་བ་མེད་པ། ས་གཞི་ཐམས་ཅད་འཇམ་ཞིང་ངམ་གྲོག་དང་གཡང་ས་མེད་ཅིང་རྡོ་དང་ཚེར་མ་ཉུང་བ། མི་མ་ཡིན་གདུག་པ་ཅན་དང་གཅན་གཟན་གཏུམ་པོའི་འཚེ་བ་དབེན་ཞིང་ཁྱད་པར་སྦྲུལ་སོགས་མི་བསྲུན་པའི་སྲོག་ཆགས་ཉེ་བའི་ཕྱོགས་སུའང་མི་གནས་པ། མཐོ་དམན་ཁོད་སྙོམས་པ། ཧ་ཅང་ཚ་བ་དང་གྲང་བའི་གནོད་པ་མེད་པ། དབྱར་དགུན་ཀུན་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་བ། ཤིན་ཏུ་མཛེས་པའི་བྲག་རི་དཀར་ནག་སྔོན་པོའི་ཕྲེང་བ་དང༌། བཟང་ཞིང་སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསེང་སྤང་ལྗོངས་ཡིད་དུ་འོང་བས་བརྒྱན་པ། རོ་ནུས་ཁྱད་པར་འཕགས་པའི་སྨན་གྱི་རིགས་དུ་མ་འཁྲུངས་པ། ཕུ་མ་ཤོ་མདའ་མ་རལ། དྭངས་ཤིང་བསིལ་བའི་འབབ་ཆུ་སྙནསྒྲན་འགག་གཡས་གཡོན་ནས་རྒྱུ་ཞིང་མདུན་དུ་འདུས་པ། རི་རྒྱུད་གངས་དང་འབྲེལ་ཞིང་ཆུ་རྒྱུད་གཙང་པོ་ལ་ཟུག་པ། སྐང་རིགས་མི་གཅིག་པའི་སྐྱེ་བོ་དུ་མ་འདུས་ཤིང་སྡེ་བཞིའི་དཔལ་ཡོན་ཕུན་སུམ་ཚོགས་པ་སྟེ། །ཁང་ས་ཞིང་ས་ས་ཡི་དགེ། ཀང་ཤིང་བུད་ཤིང་ཤིང་གི་དགེ། ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ། གམ་འབྲོག་རྒྱང་འབྲོག་རྩ་ཡི་དགེ་ཞེས་བཤད་པའི་ཡུལ་གྱི་དགེ་བཅུ་མཐའ་དག་ཀྱང་ཐད་ཀར་འབྱོར་པ་སོགས་ཕྱི་ལྟར་བསྔགས་པར་འོས་པའི་ཡོན་ཏན་དུ་མའི་དཔལ་གྱིས་སྤུངས་པ། ནང་ལྟར་ན་མཁས་གྲུབ་སྐྱེས་དུ་མའི་གདན་ས། འཁོར་ལོ་གསུམ་གྱི་བསྟན་པའི་མཛེས་རྒྱན་བཀྲ་བ། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་སྤུངས་བ། གསང་བ་ལྟར་ན་ཨོ་རྒྱན་པདྨས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཡོན་ཏན་ཐུགས་ཀྱི་གནས། དེ་ཝི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་མདུན་ཞོལ། སྔོན་དུས་རྗེ་མར་པས་[page 556] བསྟན་པ་རྒྱས་པར་ལུང་བསྟན་པའི་ཁྱད་པར་འཕགས་པའི་དཔལ་གྱིས་མངོན་པར་སྤུངས་པའི་གནས་ཁྱད་པར་འཕགས་པའོ། །
ཕྱིས་དུས་སྙིགས་མའི་སྐབས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་རོལ་བ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པ་ཉིད་ཀྱིས་དུས་རབས་བཅུ་གསུམ་པ་ཐོག་མར་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་ཕྱག་བཏབ། དེའང་དཔལ་ལྡན་བྱང་གླིང་པ་ཉིད་ཡུལ་དེ་ལ་ཕྱག་ཕེབས་སྐབས། ཡུལ་དེ་ཡི་མཚོར་གནས་པའི་ནགས་ཕྱོགས་ཀྱི་ཀླུ་མ་རུང་པ་དེ་ཕྱག་འཁར་གྱིས་བཏུལ་ནས་བསྒྲལ་ཏེ་མཚོ་ཕལ་ཆེར་བསྐམས། རིའི་རྩེ་མོ་ལ་བཙན་དམར་གཅོད་གྲྭ་པའི་བྲག་རི་ཡོད་པ་རྫུ་འཕྲུལ་གྱི་ཞགས་པས་སྐེ་ནས་མཐུར་དུ་ཁྲིད་པ་ན། བླ་གཡུ་ཕུལ་ཏེ་སྐྱབས་སུ་ཞུས་པས་དགེ་བསྙེན་གྱི་གཏན་ཁྲིམས་ཕོག་ཅིང་དམ་ལ་བཏགས། མིང་རྡོ་རྗེ་རྫོང་དམར་གསོལ། ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབས། རྫུ་འཕྲུལ་གྱི་ཞབས་རྗེས་སྟོད་སྨད་བར་གསུམ་བཞག་པ་ད་ལྟའང་མཇལ་རྒྱུ་ཡོད། གདན་སའི་མཐིལ་དཔལ་ལྡན་བྱང་ཆུབ་གླིང་ཞེས་ད་ལྟ་དཔལ་སྤུངས་དགོན་དེར་མཛད། དེ་ལས་གྱེས་པའི་བྲག་ནག་དགོན་བཅས་ཀློག་པ་གཙོ་ཆེའི་གྲྭ་སྡེ་དང༌། དབུ་ཆེ་རི་མགུལ་དུ་སྤང་བ་པའི་སྡེ་བཙུགས་ཤིང་དེ་རྣམས་སུ་དགེ་འདུན་ཁྲི་ཚོ་དུ་མ་འདུས། གདན་ས་དེ་དག་དང་ཉེ་བའི་ཆོས་ཁྲི་བརྩིགས་ནས་རྒྱུ་འབྲས་ཀྱི་ཆོས་དུ་མ་གསུངས། སྐྱེ་བོ་མང་པོ་སྨིན་གྲོལ་ལ་བཀོད་པས་དེང་སང་ཡང་ཆོས་ཁྲི་ཐང་དུ་གྲགས། དཔལ་ལྡན་བྱང་ཆུབ་གླིང་པ་འབྲི་གུང་བྱང་ཆུབ་གླིང་ནས་བྱུང་བས་དགོན་པའི་མིང་དཔལ་ལྡན་བྱང་ཆུབ་གླིང་ཞེས་བརྗོད། ཁམས་པའི་ངག་རྒྱུན་དུ་སྤེའུ་བྱང་ཆུབ་གླིང་ཡང་ཟེར། དེང་ཡང་དབུ་ཆེ་མགུལ་སོགས་ལ་སྤང་བ་པོའི་ཁང་མལ་མང་པོ་ད་ལྟའང་མཐོང་རྒྱུ་ཡོད། དེ་ལྟར་བཤད་སྒྲུབ་གཉིས་ཀྱིས་འབྲི་གུང་བསྟན་པ་ལོ་གྲངས་བཅུ་ཕྲག་མང་པོར་བསྐྱངས།
སྤྱི་ལོ་༡༢༩༠ལོར་འབྲི་གུང་གདན་སར་ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་དཔུང་ཆེན་དྲངས་ནས་འབྲི་གུང་ལྷ་ཁང་མེར་བསྲེགས་པ་སོགས་ཀྱིས་འབྲི་གུང་གླིང་ལོག་ཅེས་པ་དེ་བྱུང༌། དེ་སྐབས་ཁམས་དབུས་ཀྱི་འབྲི་གུང་དགོན་སྡེ་ཐམས་ཅད་ས་སྐྱར་བསྒྱུར་པས། དགོན་འདི་དང་མ་ལག་བཅས་དེ་དུས་ས་ལུགས་སུ་བསྒྱུར་ནས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་གདན་ས་བཟུང༌། གསང་སྔགས་ལམ་འབྲས་བུ་དང་བཅས་པའི་ཆོས་ཀྱི་འཁོར་ལོ་གཟབ་རྒྱས་བསྐོར། འཆད་རྩོད་རྩོམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། མཁན་སློབ་གཟི་བརྗིད་ཅན་བཞུགས་སྟབས་ཀྱིས་མདོ་ཁམས་ཕྱོགས་ནས་ས་དའི་དབང་གིས་ངོར་གྱི་དགོན་གྲྭ་རྣམས་དགོན་འདིར་ཆོས་ཞུ་བྱུང་བ་ལས། ས་ངོར་ལ་ཆོས་ཞུའི་གྲྭ་རྒྱུན་འགྲོ་མཁན་རྒྱུན་ཆད། ངོར་པས་མཐུ་མཛད། ངོར་གྱི་གཏོར་ཟོར་ཟེར་བ་དགོན་པའི་ཉེ་བར་བྲག་གྲུ་གསུམ་དམར་གཏོར་འདྲ་[page 557] བ་ཞིག་དང༌། མདུན་གྱི་ནགས་ཚལ་དབུས་མི་ལྤགས་ཐང་ཞེས་སྤང་རི་གཡང་གཞིའི་དབྱིབས་འདྲ་བ་ཡོད། དེ་ནས་དཔལ་ལྡན་ས་སྐྱའི་བསྟན་པ་མཁན་པོ་དཔལ་ལྡན་ལྷུན་གྲུབ་ཀྱི་བར་དུ་དར་རྒྱས་སུ་བཞུགས། དེ་དུས་སུ་སྤེའུ་བྱང་ཆུབ་གླིང་པའི་བསྟན་པ་ཨ་རས་བཤིག་ཞེས་ལུང་བསྟན་ཡོད་སྐད་ཀྱིས་གྲྭ་བས་དགོན་པའི་རྟེན་དང་བརྟེན་པ་ཡོངས་རྫོགས་བརླག་སོང་བ་རེད་ཅེས་བཤད་སྲོལ་ཡོད་དོ། །ཕྱིས་སུ་ཞིང་རྨོ། ས་རྐོ། རྡོ་སློག་བྱས་སྐབས་ཁང་པའི་ཀ་བ་དང༌། གདུང་མ་མེས་ཚིག་འཕྲོ་ཅན་དང༌། རྒྱ་བཟོས་གྱོ་གནྫར་པ་ཊ་དང་འབྲུགས་སོགས་སྲོག་ཆགས་ཀྱི་གཟུགས་ཅན་ཆག་དུམ་དང་སྐུ་འདྲ། མཆོད་ཆས་རེ་ཟུང་ཡང་རྙེད་རྒྱུ་ཡོད་པ་ཀུན་གྱིས་མཐོང་བས་དགོན་པ་མེར་ཤོར་ཡོད་པ་ནི་གདོན་མི་ཟའོ། །
དེ་ནས་རྐྱེན་འགའ་ཞིག་གིས་སྟོང་པར་གྱུར་ནས་དུས་རེ་ཞིག་འདས་པ་ན། ཨོ་རྒྱན་ཆེན་པོའི་གཏེར་ལུང་དུ་མ་ནས་ལུང་གིས་ཟིན་པ་རྒྱལ་ཚབ་བྱམས་པ་མགོན་པོའི་རྣམ་པར་འཕྲུལ་བ། མངའ་བདག་ལོ་ཙཱ་བ་ཆེན་པོ་བསམ་བཞིན་མིའི་སྲིད་པ་བཟུང་བ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་ཀྱིས་བཅགས་ཤིང༌། ཡོན་ཏན་རིན་པོ་ཆེ་མ་ཚང་བ་མེད་པའི་དཔལ་གྱིས་སྤུངས་པའི་གདན་ས་ཆེན་པོ་འདི་ཉིད་བཏབ། འཆད་ཉན་སྒོམ་སྒྲུབ་ཀྱི་མཛད་པ་རྒྱ་ཆེན་གྱིས་སྒྲུབ་བརྒྱུད་བསྟན་པའི་མེ་རོ་གཞི་ནས་བསླངས། སི་ཏུ་ཆོས་ཀྱི་འབྱུང་གནས་དགུང་ལོ་ཉེར་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་མེ་ལུག་༡༧༢༧ལོར་ཁོང་དང་ཨ་ལོ་བླ་མ་ཀུན་མཁྱེན་གཉིས་དཔལ་སྤུངས་སུ་བཏེགས་ཏེ་དགོན་པ་འདེབས་པའི་ས་དཔྱད་གཟིགས་སྐབས། ད་ལྟ་འདུ་ཁང་བཞེངས་པའི་ས་དེ་ལ་རྡོ་ཞིག་གི་ཐོག་ཏུ་ནས་བཟང་པོ་ཁྱོར་གང་ཙམ་ལ་བྱིའུ་ཞིག་གིས་བསྲུང་ནས་ཡོད་པར་མཐོང་བས་དགོན་པ་དེར་འདེབས་རྒྱུའི་རྟེན་འབྲེལ་འགྲིག་སྟབས་ཐུགས་ཐག་བཅད། བྱིའུ་བསྲུང་བའི་ནས་དེ་དཔལ་སྤུངས་དགོན་པའི་རྟེན་སྒམ་དུ་ཡོད་ཅེས་ཆོས་འབྱུང་རྣམ་ཐར་དུ་གསལ། ཕྱི་ལོ་ཟླ་བ་གསུམ་པའི་ཚེས་གསར། ས་སློང་འདུལ་བ་དང་མཐུན་པར་མཛད། ཚེས་བདུན་ལ་སྡེ་དགེའི་གཉེར་ཆེན་ཆོས་སྐྱོང་བཀྲ་ཤིས་ཀྱིས་ལས་དཔོན་མཛད་ནས་གཙུག་ལག་ཁང་གི་རྩིག་རྨང་བཏིང༌། སྡེ་དགེའི་རྒྱལ་པོས་འུ་ལག་གནང་སྟེ་ལོ་གཉིས་ཀྱི་རིང་གཙུག་ལག་ཁང་དང༌། གྲྭ་ཁང་ཉེར་ལྔ་ཙམ་གྲུབ། དེ་ནས་ལྷ་བྲིས་ལྡེབས་བཟོ་ཚོན་བཅས་ལེགས་པར་གྲུབ། ས་བྱ་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུར་ཆོས་རྒྱལ་བསྟན་པ་ཚེ་རིང་རྒྱལ་བློན་འཁོར་བཅས་དཔལ་སྤུངས་སུ་བྱོན་ནས་དགོན་པ་རྨང་བཏིང་བའི་ལེགས་སྐྱེས་རྒྱ་ཆེན་པོ་གནང་བ་དང་ཕྱི་འབྲོག་པདྨའི་དཔོན་ཁག་རྣམས་དང་ཨ་ལོ་སེ་ཚ། དཔེ་ཝར། ལྷ་རུ་བཅས་ལས་བཙུན་ཁྲལ་ལྔ་བརྒྱ་ལྷག་ཆོས་རྒྱལ་ཡབ་སྲས་ཀྱིས་བཀས་བཅད། སྡེ་དགེའི་ཆོས་སྲིད་ལ་དཔལ་སྤུངས་སི་ཏུའི་སྐུ་ཕྲེང་གིས་ཕན་བདེའི་འཕྲིན་ལས་རྒྱ་ཆེར་སྤེལ་བ་དང་ཀར་ལུགས་ཀྱི་བསྟན་པའི་མེ་རོ་ཕྱོགས་འདི་ནས་འབར་བའི་[page 558] སྐལ་བཟང་བྱུང་ངོ༌། །དེ་ནས་སྙིགས་དུས་ཀྱི་རྡོ་རྗ་འཆང་འགྲོ་བའི་མགོན་པོ་པདྨའི་རྒྱལ་ཚབ་པདྨ་ཉིན་བྱེད་དབང་པོས་སྒྲུབ་སྡེ་འོག་མ་རྒྱ་བསྐྱེད་བཏང༌། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོར་མཆོག་གྱུར་གླིང་པས་ཙཱ་འདྲ་རིན་ཆེན་བྲག་ཏུ་ལྷ་ཁང་དགོས་ཚུལ་ལུང་བསྟན་པ་ལྟར་ཐོག་མར་དཔལ་སྤུངས་བླ་བྲང་ནས་གཞི་བཏིང༌། དེ་རྗེས་ཁོང་ལ་གང་བྱུང་གི་དངོས་པོ་ཐམས་ཅད་ལྷ་ཁང་དང་སྒྲུབ་སྡེའི་གྲྭ་འདི་ཉིད་ཀྱི་ཐེབས་སུ་བཏང་ནས་རིམ་པ་འདུ་བགྱིས་པ་ལ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་པའི་སྒྲུབ་སྡེ་བཙུགས་ནས་སྤྱི་ལོ་༡༩༦༠ལོ་བོད་ཟླ་བཅུ་པའི་ཚེས་བདུན་ལ་སྒྲུབ་པ་གསར་དུ་འཛུག་པའི་དབུ་ཚུགས། དེ་ནས་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་དཔལ་སྤུངས་འདུ་ཁང་གཞི་ནས་རྒྱ་བསྐྱེད་བཏང་བ་དང༌། རྟེན་གསུམ་རྒྱ་ཆེན། བཤད་གྲྭ་དང་སྒྲུབ་གྲྭསཔར་ཁང་བཅས་གསར་བཞེངས་དར་རྒྱས་རྒྱ་ཆེར་མཛད། གཞན་ཡང་གངས་ཅན་མགོན་པོ་རྒྱལ་དབང་ཀརྨ་པ་ཞྭ་དམར་ནག དཔལ་ལྡན་དཔའ་བོ་དབང་ཕྱུག་སོགས་ཡོངས་གྲགས་འཕགས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་གསང་སྔགས་ཀྱི་སྒྲུབ་ཆེན་མཛད་དེ་རྒྱལ་བསྟན་ལ་ཞབས་འདེབས་བླ་ལྷག་མཛད་དོ། །
ཐོག་མ་སི་ཏུའི་ཕྲེང་ནི་ས་ཆེན་པོར་གནས་པའི་འཕགས་པ་རྣམས་ཀྱི་རྣམ་རོལ་དུ་བཞུགས་པ་དང༌། འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཊོ་མྦོ་ཧེ་རུ་ཀ་དང༌། སློབ་དཔོན་ཆེན་པོ་ཤཱི་སིངྷ་དང༌། སློབ་དཔོན་ཆེན་པོ་ཏཱ་རིག་པ་སྟེ། མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་མང་པོའི་སྐུར་བསྟེན་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་སྤེལ་བ་དང་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། བོད་ཡུལ་འདིའང་སློབ་དཔོན་ཆེན་པོ་པདྨས་མཛད་རྗེས་སུ་བཟུང་བའི་རྒྱ་འཇམ་དཔལ་གསང་བའམ་གྱིམ་ཤང་ཞབས་ཅེས་གྱིམ་གང་མན་ངག་སོགས་སྔགས་རྩིས་རྣམས་གསུངས་ཤིང་དཔལ་གྱི་བསམ་ཡས་བཞེས་པའི་ས་དཔྱད་ཀྱི་རྟེན་འབྱུང་བསྒྲིགས་པ་མཛད་པ་དང༌། སྐད་གཉིས་སྨྲ་བ་འདན་མ་རྩེ་མང་ཞེས་རྒྱལ་བའི་བཀའ་བོད་ཀྱི་སྐད་དུ་བསྒྱུར་བར་མཛད་པ་དང༌། རྗེ་དྭགས་པོའི་དབོན་སྒམ་པོ་ཚུལ་ཁྲིམས་སྙིང་པོ་དང༌། ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་སྲས་རས་ཆེན་པ་བསོད་ནམས་གྲགས་པ་དང༌། གྲུབ་ཆེན་ཀརྨ་པཀྴིའི་ཉེ་གནས་ཡེ་ཤེས་འོད་དང༌། རབ་བྱུང་ཞབས་ཀྱི་ཐུགས་སྲས་གྲུབ་ཆེན་རི་མགོ་པ་རཏྣ་[page 559] བྷ་དྲ་དང༌། གཞན་ཡང་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་རྩ་ལག་མཁན་ཆེན་དྲི་མེད་འོད་ཟེར་བླ་མ་དང༌། ཇོ་ནང་བ་སྒྲོལ་མགོན་སོགས་སྐྱེས་བུ་དམ་པ་མང་པོར་སྤྲུལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད། ཀརྨ་པ་རོལ་པའི་རྡོ་རྗེའི་སྐབས་སུ་རྒྱ་ནག་ཏུ་ཏཱའི་ཞིང་རྫུ་འཕྲུལ་ཅན་འཕགས་པའི་གནས་བརྟན་བཅུ་དྲུག་སྤྱན་འདྲེན་པ་པོ་དེ་དང༌། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་འཕགས་པའི་གནས་བརྟན་བཅུ་དྲུག་སྤྱན་འདྲེན་པ་པོ་དེ་དང༌། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པ་དང༌། རིན་སྤུངས་པ་ངང་དབང་འཇིག་རྟེན་དབང་ཕྱུག་སོགས་སྐྱེ་དགུ་ཆོས་བཞིན་སྐྱོང་བའི་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱི་སྐུའི་སྐྱེ་ཕྲེང་རི་པ་བརྒྱུད་ནམ་ཆོས་རྗེ་དེ་བཞིན་གཤེགས་པ་ལས་དོན་རྒྱུད་ཀྱི་བྱིན་རླབས་དངོས་སུ་འཕོས་པའ་འོག་མིན་ཀརྨ་ཡི་དབོན་རབ་སི་ཏུ་ཆོས་ཀྱི་རྒྱལ་མཚན་༡༣༧༧-༡༤༤༨ཞེས་གོང་མ་ཏཱ་མིན་རྒྱལ་པོའི་སྤྱི་བོ་ནས་དབང་བསྐུར་ཞིང༌། ཀྭན་ཏ་ཏིང་ཡོན་ཐོང་མྱའི་ཙི་གྭི་ཤིར། ཞེས་པའི་མཚན་དང་ལས་ཀ ཤེལ་ཐམ་སོགས་ཕུལ་ཞིང༌། དེའི་སྐྱེ་སྤྲུལ་ཕྱི་མ་ཏཱའི་སི་ཏུ་བཀྲ་ཤིས་རྣམ་རྒྱལ་༡༤༥༠-༡༤༩༧དེའི་ཕྱི་མ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཐུགས་སྲས་ཏཱའི་སི་བཀྲ་ཤིས་དཔལ་འབྱོར་༡༤༩༨-༡༥༤༡ཏེ། དེ་དག་ནི་གདན་ས་བར་མའི་དབོན་རབ་བོད་ཆོས་རྒྱལ་གྱི་གདུང་རིགས་སུ་འཁྲུངས་ཤིང༌། གོང་མ་ཆེན་པོའི་ལུང་གིས་མངོན་པར་མཐོ་བའོ། །དེའི་ཕྱི་མ་ཟུར་མང་རྩི་རྒྱུད་དུ་འཁྲུངས་པའི་སྤྲུལ་པའི་སྐུ་མི་འཁྲུགས་ཆོས་ཀྱི་འོད་ཟེར་གོ་ཆ་༡༥༤༢-༡༥༨༥ཞེས་རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཉིད་དང་སྟོན་འཁོར་ཐ་མི་དད་དུ་ཞལ་གྱིས་བཞེས་ཏེ་རྒྱལ་ཚབ་ཏུ་མངའ་གསོལ། ཕྲིན་ལས་པར་དབང་བསྐུར་རོ། །དེའི་སྤྲུལ་པའི་སྐུ་ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་༡༥༨༦-༡༦༣༢ཞེས་ཀརྨ་དབང་ཕྱུག་རྡོ་རྗེས་དབང་རྟགས་ཀྱི་ཅོད་པན་དབུ་ལ་གསོལ་ཏེ་རང་ཉིད་ཀྱི་སེང་གེའི་ཁྲིར་མངའ་གསོལ་ཏེ་སྙིང་པོའི་བསྟན་པ་གཏད་དོ། །དེའི་སྐྱེ་སྤྲུལ་ཕྱི་མ་རྗེ་བཅུ་པའི་ཐུགས་སྲས་ཆོས་རྒྱལ་མི་ཕམ་འཕྲིན་ལས་རབ་བརྟན་༡༦༥༨-༡༦༨༢ཏེ་དུས་བབ་ཀྱི་དབང་ལས་ཨ་ལོ་དཔལ་འབྱོར་དུ་ཕེབས་སྐབས། མ་འོངས་པ་ན་དགོན་ཕུལ་རྟེན་མཆོད་བཅས་བདག་གིར་མཛད་པ་ལུང་གིས་བསྟན། དེ་ཉིད་བསམ་བཞིན་དུ་སྤྲུལ་པའི་སྐུར་བཞེངས་པར་མཛད་པ་འཇམ་མགོན་ཆོས་ཀྱི་འབྱུང་གནས་ནི་༡༧༠༠-༡༧༧༤སྡེ་དགེའི་ཨ་ལོ་དིང་རིང་སྒང་དུ་འཁྲུངས། དགུང་ལོ་གཉིས་སུ་ཕེབས་པ་ཆུ་སྤྲུལ་ལོར་ཀརྨ་པ་བཅུ་གཅིག་པས་སི་ཏུ་གོང་མའི་ཡང་སྲིད་དུ་ངོས་བཟུང༌། དེ་སྐབས་བཀའ་ལུགས་ཉམས་དམས་སྐབས་སུ་སོང་བས་སྡེ་དགེའི་བླ་མས་ངའི་ས་ཆར་འཁྲུངས་པའི་སྤྲུལ་སྐུ་ང་ལ་དབང་གསུངས་ནས། ཀརྨ་དགོན་པར་མ་གནང༌། དགུང་ལོ་བཅུ་བཞིར་བོད་ལྗོངས་སུ་བྱོན་ནས་ཞྭ་དམར་བརྒྱད་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས། སྔ་ཕྱི་ཞྭ་དམར་དང་དེའི་དེའུ་དམར་དགེ་བཤེས་སོགས་ཀྱི་དྲུང་དུ་གཞུང་དང་རིག་གནས་དང་བཅས་པར་སློབ་གཉེར་མཛད། བལ་ཡུལ་དང་འཇའ་ཧོར་སོགས་ཀྱི་ཡུལ་གྲུ་ལ་ཐེངས་མང་བྱོན་ནས་རྒྱ་དཀར་ནག་གི་སྐད་ཡིག་དང་རིག་[page 560] གནས་ལ་མཁས་པར་སྦྱངས། རྒྱའི་གསོ་བ་རིག་པ་དང་སྐར་རྩིས་གནས་དཔྱད་རིག་པ་སོགས་བོད་ཡིག་ཏུ་བསྒྱུར། ལྕགས་ཕགས་ལོར་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གི་བཀའ་ལྟར་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཞུ་དག་མཛད། དེང་རྒྱལ་ནང་དུ་བཀའ་འགྱུར་ཤིང་པར་ཁང་བདུན་ལས་སྡེ་དགེའི་བཀའ་འགྱུར་ཞེས་ཚད་མར་གྱུར་པ་དེ་ཁོང་གི་བཀའ་དྲིན་ཡིན། གསུང་འབུམ་ལ། ཀཱ་ཚན་གྱི་འགྲེལ་པ་སོགས་སྒྲ་སྐོར། ཕྱག་ཆེན་སྨོན་ལམ་གྱི་འགྲེལ་བ་སོགས་ལྟ་བསྐོར། མཛོད་འགྲེལ་སོགས་མངོན་པའི་སྐོར་སོགས་ཀ་ནས་ན་པོད་བར་སྲིད་ན་རྙེད་པ་དཀའ་བའི་གཞུང་འགྲེལ་ཁོ་ན་བཞུགས་སོ། རྗེ་ཉིད་ཀྱི་བུ་སློབ་རྒྱ་དཀར་ནག འཇང༌། བལ། ཁམས་བོད་ཨམ་གསུམ་སོགས་སུ་བསྟན་འགྲོའི་དོན་རླབས་ཅན་མཛད་མཐའ་ཡས་པ་བྱུང་བ་དང༌། ཁྱད་པར་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་རྗེ་ཉིད་ཞབས་བཞུགས་སྐབས་ནས་འཕྲིན་ལས་ཀྱི་ཁ་ལོ་བར་གྱུར་ཞིང༌། རྒྱལ་རོང་ཕྱོགས་སུ་བཀའ་བསྟན་ལ་བྱ་བ་ཆེར་མཛད། གསེར་གདུང་ཆེན་མོའི་ནང་གཞུག་ཚད་ལྡན་དང༌། ཐོག་ཁར་གསེར་འཕྲུ། རྒྱལ་མཚན་བཞི་བཅས་བཞེངས། རྗེའི་ཀྲཾ་ཚང་རྣམ་ཐར་སོགས་ཁ་བསྐང༌། སྒྲ་སྨན་རྩིས་སོགས་གསར་འགྱུར་མང་པོ་མཛད་པས་དེང་སང་ཡང་གྲགས་སྙན་ཆེའོ། །
སི་ཏུ་པདྨ་ཉིན་བྱེད་དབང་པོ་ནི་༡༧༧༤-༡༨༥༤སྡེ་དགེའི་ཡིད་ལྷུང་དུ་སྐུ་བལྟམས། དཔའ་བོ་གཙུག་ལག་དགའ་བས་སི་ཏུ་ཆོས་འབྱུང་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་བྱས། དགུང་ལོ་ལྔ་པར་དཔལ་སྤུངས་དགོན་དུ་མངའ་གསོལ། ཆུང་དུས་ནས་རྒྱལ་དབང་བདུད་འདུལ་རྡོ་རྗེ་དང་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་སོགས་ཀྱི་དྲུང་ནས་འབྲི་འབྲུག་ས་རྙིང་ཀཾ་ཚང་བཅས་ཀྱི་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་ཁྲིད་རྒྱབ་རྟེན་གྱི་ལུང་སོགས་ཀྱི་ཐུགས་རྒྱུད་ཡོངས་སུ་གཏམས། ཕྱག་ནས་ཟངས་ཐལ་དུ་འགྲོ་པ་དང༌། རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་པ་ཆེན་པོའི་རྣམ་ཐར་ཡང་མངའ། སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་ངོ་མཚར་བ་པོད་གསུམ་བཞུགས། སློབ་ཚོགས་གཙོ་བོ་ནི་རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། མཁན་ཆེན་ཟླ་བ་བཟང་པོ་བཅས་སོ། །
སི་ཏུ་པདྨ་ཀུན་བཟང་མཆོག་ནི། ༡༨༥༤-༡༨༨༥བྱང་གནམ་མཚོའི་འགྲམ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། ཟབ་གཏེར་རྡོ་རྗེ་ལུང་གིས་བསྟན་པ་ལྟར་རྒྱལ་དབང་ཀརྨ་པ་བཅུ་བཞི་པས་པདྨ་ཉིན་བྱེད་ཀྱི་ཡང་སྲིད་དུ་ངོས་བཟུང་ཞིང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དབུས་ཕེབས་མཛད་ནས། གཞུང་ས་དང་སེར་ར་དགོན་པར་གནང་བར་ཞུས་ནས་དཔལ་སྤུངས་སུ་གདན་དྲངས། མཁན་བཀྲ་ཤིས་འོད་ཟེར་སོགས་ལ་བསྟེན་ནས་གསན་སྦྱོང་མཛད། སྐུ་ཆུང་ངུའི་དུས་ནས་རྫུ་འཕྲུལ་དང་མངོན་ཤེས་དུ་མ་མངའ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ནི། ༡༨༨༦-༡༩༥༢མདོ་སྨད་ལི་ཐང་ཉག་རོང་ཚང་དུ་སྐུ་[page 561] བལྟམས། རྒྱལ་དབང་ཀརྨ་པ་བཅོ་ལྔ་པས་ངོས་བཟུང་ཞིང་དཔལ་སྤུངས་ཆོས་འཁོར་གླིང་དུ་གདན་དྲངས་ནས་སེང་ཁྲིར་མངའ་གསོལ། མཁན་ཆེན་བཀྲ་ཤིས་འོད་ཟེར་མདུན་རབ་བྱུང་བརྙེན་རྫོགས་གནང༌། ཁྱུང་པོ་ཀརྨ་འོད་ཟེར་དང་བཙད་པོ་ལྷ་རྒྱལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ལས་མདོ་རྩ་བཀའ་འགྱུར་ལུང༌། བཀའ་བརྒྱུད་སྔགས་མཛོད་སོགས་ཞུས། གཞན་ཡང་མཁན་ཆེན་གཞན་དགའ་སོགས་མཁས་དབང་དུ་མའི་དྲུང་ནས་མདོ་རྒྱུད་བསྟན་བཅོས་གྲངས་ལས་འདས་པ་གསན། ཁམས་ཕྱོགས་ཀྱི་བཀའ་དགོན་ཐམས་ཅད་ལ་བཅའ་ཁྲིམས་སྡམས་ནས་གྲུབ་མཆོག་མར་མི་དྭགས་གསུམ་གྱི་བསྟན་པ་དར་རྒྱས་སུ་བཏང༌། ཐ་ན་བཅའ་འབུད་བརྡུང་གསུམ་ཚུན་ལའང་བརྒྱུད་པའི་ཕྱག་བཞེས་བཞིན་ཞིབ་ཆ་མཛད། རྗེ་ཉིད་ཀྱི་ཞལ་སློབ་ཐུ་བོ་ནི་ཀརྨ་བ་བཅུ་དྲུག་དང་བེ་རི་མཁྱེན་བརྩེ་རིན་པོ་ཆེ། དཔལ་ལྡན་མཁྱེན་འོད་ཟེར་སོགས་མང་ངོ༌། །
སི་ཏུ་པདྨ་དོན་ཡོད་ནི་༡༩༥༤ལོ་སྡེ་དགེའི་དཔལ་ཡུལ་དུ་སྐུ་བལྟམས། ཀརྨ་པ་བཅུ་དྲུག་པས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཡང་སྲིད་དུ་ངོས་འཛིན། དགུང་གྲངས་གཉིས་པར་བསུ་བ་སེར་ཕྲེང་རོལ་མོའི་བྱེ་བྲག་སྣ་ཚོགས་དང་བཅས་གདན་ས་ཆེན་པོ་དཔལ་སྤུངས་སུ་སྤྱན་དྲངས། དགུང་ལོ་དྲུག་པར་ལྷ་ས་མཚུར་ཕུ་བརྒྱུད་དེ་འབྲུག་ཡུལ་དང་འབྲས་ལྗོངས་སུ་འབྱོར། དེ་ནས་འབྲས་ལྗོངས་རུམ་བཏེགས་དགོན་དུ་རེ་ཞིག་བཞུགས། སྐུ་ན་སོན་པ་དང་རྒྱ་གར་ཤེས་རབ་གླིང་དུ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་དྲུང་དུ་བསྙེན་པ་རྫོགས། བླ་མ་ཀར་ལུ་རིན་པོ་ཆེ་ཁྲ་གུ་རིན་པོ་ཆེ་སོགས་དུ་མའི་དྲུང་ནས་རིན་ཆེན་གཏེར་མཛོད་སོགས་མདོ་རྒྱུད་བསྟན་བཅོས་དག་གསན་བསམ་ལེགས་པར་མཛད་དེ་མཁས་བཙུན་བཟང་གསུམ་འཛོམ་པའི་དམ་པའི་སྐྱེས་བུ་ཚད་ཐུབ་གྱུར། མེས་རྒྱལ་ནང་ཁུལ་དུ་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་སྲིད་ཇུས་གུ་ཡངས་སུ་བཏང་སྟབས་ཐེངས
་དང་པོ་སྤྱི་ལོ་༡༩༨༤ལོའི་སྤྱི་ཟླ་བཅུ་གཅིག་པར་རྒྱལ་ས་པེ་ཅིན་བརྒྱུད་དེ་རང་དགོན་དཔལ་སྤུངས་སུ་ཞབས་འཁོད་གནང༌། དེ་ནས་ལྷ་ལདན་སོགས་སུ་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། མཐར་ཤང་ཀང་བརྒྱུད་དེ་རྒྱ་གར་ཤེས་རབ་གླིང་དུ་ཕེབས། ཐེངས་གཉིས་པ་ནི་སྤྱི་ལོ་༡༩༩༡ལོའི་ཟླ་བ་༡༠ཚེས་༢༥ཉིན་བར་ཤར་རྒྱལ་བ་དཔལ་སྤུངས་དགོན་དུ་ཀྲུང་དབྱང་ནས་ཆོན་མཆན་ཐོབ་པ་ལྟར་དགོན་ཁག་བརྒྱད་ཅུ་གྱ་བརྒྱད་དང་བླ་གྲྭ་གཉིས་སྟོང་ལྷག དེའི་ནང་སྤྲུ་སྐུ་བདུན་ཅུ་དོན་བརྒྱད་འདུས་པ་བཅས་ལ་གདམས་ངག་མཛོད་དབང་དང༌། བཀའ་བརྒྱུད་སྔགས་མཛོད་ལུང་སོགས་བཀའ་ཆོས་རྒྱ་ཆེར་གནང་སྟེ་བླ་གྲྭ་གཙོས་ཆོས་དད་མང་ཚོགས་བཅས་ལ་འབྲེལ་ཚད་དོན་ལྡན་མཛད་དེ་སླར་༡༩༩༢ལོའི་ཟླ་༡ཚེས་༡༠ཉིན་ལ་ཤང་ཀང་བརྒྱུད་དེ་རྒྱ་གར་ཤེས་རབ་གླིང་དུ་ཕྱིར་ཕེབས།
གཉིས་པ་ཀོང་སྤྲུལ་སྐུ་རབས་ནི། ཐོག་མར་ཀོང་སྤྲུ་ཞེས་པའི་མཚན་དོན་ནི་ཀོང་སྤྲུལ་ཡོན་ཏན་[page 562] རྒྱ་མཚོ་དགུང་ལོ་བཅུ་དགུ་བཞེས་ཚེ་རོང་རྒྱལ་ཕྱོགས་ཀྱི་དཔོན་ཁང་གསར་ཚེ་འཕེལ་དང་མཉམ་དུ་ཤར་དཔལ་སྤུངས་ཕྱོགས་སུ་ཕེབས། དགོན་དུ་དཔོན་རྒན་སོགས་ལ་འཇལ་ཕྱག་ཕུལ། དཔོན་རྒན་ནས་ཁོང་ལ་ཐུགས་བརྩེ་རེ་འདུན་ཤིན་ཏུ་ཆེ་ཞིང༌། དགོས་དོན་ལ་བརྟེན་ནས་རྗེ་གོང་མའི་ཉེ་གནས་ངང་ཞལ་སློབ་ཀོང་པོ་བམ་སྐུའི་སྐྱེ་སྲིད་ངོས་འཛིན་མཛད་བས་དེ་ཕྱིན་ཀོང་སྤྲུལ་གྱི་མཚན་འདི་ཐོགས་སོ། དམ་པ་འདི་ནི་ཉིད། ༡༩༣༡-༡༨༩༩མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱལ་སྦས་པའི་ཡུལ་དུ་སྐུ་བལྟམས། བོན་ལ་ཞུགས་ནས་འབྲི་ཀློག་དང་བོན་ཆོས་རྣམས་སྦྱངས། དགུང་ལོ་བཅུ་དགུ་བཞེས་སྐབས་དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་གཙོས་རིས་མེད་ཀྱི་སྐྱེས་ཆེན་ལྔ་བཅུ་ཙམ་བསྟེན་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་རྩལ་རྫོགས། གཞན་དོན་དུ་མདོ་སྔགས་རིག་གནས་ཀྱི་ལྗགས་བཤད་དང་དབང་ཁྲིད་མན་ངག་དུ་མ་སྩལ་ནས་སྐལ་ལྡན་རྣམས་རྗེས་སུ་བཟུང༌། ཁྱད་པར་དུ་མཛོད་ཆེན་རྣམ་ལྔའི་བཀའ་བསྡུ་དང་གསུང་འབུམ་བཅས་ལྗགས་རྩོམ་གླེགས་བམ་དགུ་བཅུ་ཙམ་གྱིས་རྗེས་འཇུག་ལ་བསྟན་རྒྱུན་བཞག་པར་མཛད། སློབ་ཚོགས་ཀྱང་རྒྱལ་དབང་ཀརྨ་པ་བཅུ་བཞི་དང་བཅོ་ལྔ་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་དབུས་གཙང་དང་མདོ་ཁམས་སྟོད་སྨད་བར་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་དམ་པ་ཤིན་དུ་གྲངས་མང་བྱུང་ངོ༌། །
འཇམ་མགོན་ཀོང་སྤྲུལ་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་༡༩༠༤-༡༩༥༤ནི་དབུས་གཙང་རུ་བཞི་ལས་སྟོད་ལུང་དཔལ་གྱི་མཚུར་ཕུར་སྐུ་འཁྲུངས། རྒྱལ་མཆོག་བཅོ་ལྔ་པའི་དྲུང་ནས་དབང་ལུང་སྨིན་ཁྲིད་མང་པོ་དང༌། ཁྱད་པར་དུ་སྒྲུབ་རྒྱུད་རིན་པོ་ཆེའི་གསེར་ཆོས་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་བཅུ་གཉིས་པ་ཤིང་ཡོས་ལོའི་ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་གདན་ས་ཆེན་པོ་འོག་མིན་མཚུར་ཕུའི་གཙུག་ལག་ཁང་ཆེན་པོར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་མངའ་གསོལ། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་གཙུག་ཕུད་བཞེས་པ་དང༌། ཤེལ་བམ་དང་ཐམ་ཀ་གནང་ནས་གཟེངས་བསྟོད་སྩལ་མཚན་ཐུབ་བསྟན་ཆོས་སྐུ་བདེ་ཆེན་དབང་ཕྱུག་ཅེས་གསོལ། ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་མགོར་རྟ་ཐབས་རོལ་བསུ་བཅས་ཀྱིས་གདན་ས་ཆེན་པོར་ཕྱག་ཕེབས། དེ་ནས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བཞུགས་ཏེ་ཕྱག་དཔེ་འབྲི་འདོན་སོགས་སྐུ་ཡོན་ལ་བརྩོན་པར་མཛད། མེ་འབྲུག་ལོ་ཡི་ཟླ་བ་དྲུག་པར་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་གཙུག་ལག་ཁང་དུ་ཁྲི་སྟོན་མངའ་གསོལ་མཛད། སྔ་ཕྱིར་གྲོང་ཉིད་ཚེ་དབང་དང་མཁས་དབང་བླ་མ་བཀྲིས། གསེར་ཁ་ཆོས་གྲགས། སྐེ་སྲིབ་བླ་མ་ཨ་ཚང་བཅས་ལས་རིག་གནས་དང་གཞུང་ལུགས་གསན་པས་མཁྱེན་རྒྱ་བརྙེས། ཁྱད་པར་གསང་སྔགས་ཟབ་མོའི་དོན་[page 563] ལ་མཁན་ཆེན་རྣམས་ཀྱིས་ཀྱང་གཏིང་དཔོག་པར་དཀའ་བའི་སྒོམ་བྱུང་གི་ཤེས་རབ་བརྡོལ། སྐུ་ཚེ་གང་པོར་སྡོམ་པ་དམ་ཚིག་ལ་གཅེས་སྤྲས་དང༌། འཆད་ཉན་སྒོམ་སྒྲུབ་ཁོ་ནས་དུས་འདའ་བར་མཛད་དོ།
འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གསུམ་པ་ཀརྨ་བློ་གྲོས་ཆོས་ཀྱི་སེངྒེ་ནི་༡༩༥༤-༡༩༩༢སྐུ་གོང་མའི་ཞལ་ཆེམས་ལྟར་ལྷ་ལྡན་དུ་ས་འདུལ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། དཔལ་ཀརྨ་རིག་པའི་རྡོ་རྗེས་ངོས་འཛིན་གནང༌། སྤྱི་ལོ་༡༩༦༠ལོར་འབྲས་ལྗོངས་རུམ་བཏེགས་ཀརྨ་པའི་དགོན་དུ་ཁྲི་སྟོན་མངའ་གསོལ་རྒྱས་པར་མཛད། དགུང་གྲངས་བཅུ་གཅིག་བཞེས་པའི་ཐོག་སྐྱེས་ཐོབ་ཀྱི་ཤེས་རབ་ཀློང་བརྡོལ་ཏེ་འཆད་རྩོམ་ལ་ཐོགས་པ་མེད། རྒྱལ་དབང་རིག་པའི་རྡོ་རྗེ་དང༌། དཔའ་བོ་སྐུ་ཕྲེང་བཅུ་གཉིས་པ་ལས་བཀའ་ལུགས་ཀྱི་དབང་ལུང་ཁྲིད་གསུམ་དང༌། བླ་མ་ཀར་ལུའི་མདུན་ནས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་གྱི་དབང་ཁྲིད་མན་ངག་ཡོངས་རྫོགས་དང༌། ཁྲ་མགུ་མཁན་རིན་པོ་ཆེའི་དྲུང་ནས་མདོ་སྔགས་གཞུང་འགྲེལཁག་ལ་གསན་སྦྱོང་གིས་རྒྱུགས་འབུལ་བརྒལ་བརྟག་རྩོད་གླེང་སོགས་དཔྱིས་ཕྱིན་པར་མཛད། བཀའ་བརྒྱུད་གོང་མའི་བརྒྱུད་པར་འཛིན་ཐུབ་ངེས་གནང༌། ཕྱི་རྒྱལ་ཁག་ལ་ཀར་བསྟན་གྱི་ཆོས་ཚོགས་གྲངས་མང་བཙུགས། སྤྱི་ལོ་༡༩༨༤ལོ་དང་༡༩༩༡ལོར་སྔོན་རྗེས་ཐེངས་གཉིས་རང་དགོན་དུ་ཕེབས་ཏེ་ཆོས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ།
སྤྲུལ་སྐུ་དབོན་རྒན་སྐུ་ཕྲེང་ནི་སི་ཏུ་ཆོས་འབྱུང་གི་དབོན་པོ་ཡིན་ལ་སྐུ་ཚེ་མཐར་ཕྱིན་པས་དབོན་རྒན་རིན་པོ་ཆེར་གྲགས་པ་ལས། དབོན་བསམ་གཏན་ནི་མཁས་བཙུན་གཉིས་ལྡན། ཁྱད་པར་དུ་གསོ་རིག་ལ་མཁས་པས་གཡུ་ཐོག་ཡོན་ཏན་མགོན་པོའི་སྤྲུལ་པར་གྲགས། རྗེ་སི་ཏུ་ཆོས་འབྱུང་ཞིང་གཤེགས་རྗེས་ཀྱི་དགོངས་རྫོགས་གདུང་རྟེན་བཞེངས་པ་སོགས་མཛད་པའི་འགན་བཞེས། དབོན་ཀརྨ་ངེས་ལེགས་ལ་མཁས་གྲུབ་གཉིས་ལྡན་གྱི་རྣམ་ཐར་མང༌། གསུང་ཆོས་ཀྱང་མཚུར་རྩིས་ཉེར་བུམ་སྡོམ་གསུམ་དང་མཛོད་འགྲེལ་སོགས་པུ་སྟི་བཞི་ཡོད། སྐུ་ཚེ་རིང་པོ་མ་བཞུགས། དེའི་ཡང་སྲིད་ཀརྨ་རིན་ཆེན། རིག་འཛིན་ཀློང་གསལ་སྙིང་པོའི་སྐུ་སྐྱེ་དབོན་བསམ་འཕེལ། དེའི་ཡང་སྲིད་དབོན་སྤྲུལ་དབང་གི་རྡོ་རྗེའི་ཡང་སྲིད་དགུང་གྲངས་བརྒྱད་ཅུར་ཞི་བར་གཤེགས། དེའི་ཡང་སྲིད་སྐྱབས་རྗེ་ཉིད་ཀྱི་སྐུ་དབོན་བློ་བཟང་རྒྱལ་མཚན་གྱི་སྲས་སུ་གནས་ར་ཚང་རྩར་འཁྲུངས། ངོས་འཛིན་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་མཛད། དབོན་བསམ་གཏན་གྱི་སློབ་ཚོགས་ཤིན་ཏུ་མང་བ་རྣམས། རྣམ་ཐར་རྒྱས་པ་ལས་བྱུང་བ་ལྟར་རོ། །
གཞན་ཡང་སྐྱབས་རྗེ་འཕྲིན་ལས་པ་ཆེན་པོ་བེ་རི་མཁྱེན་བརྩེ་སྤྲུལ་སྐུ་ནི་རབ་བྱུང་བཅུ་དྲུག་པར་ཧོར་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཁྱེན་བརྩེ་སྤྲུལ་སྐུ་ནི་རབ་བྱུང་བཅུ་དྲུག་པར་ཧོར་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཁྱེན་བརྩེའི་སྤྲུལ་སྐུ་བཀའ་[page 564] བརྒྱུད་པའི་བསྟན་པར་དགོངས་ཏེ་སྐྱེ་བ་བཞེས་པ་ཡིན་པར་ངོས་འཛིན། མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་ཐུགས་ཁུར་འོ་བརྒྱལ་ཆེན་པོས་དཔལ་སྤུངས་སུ་གདན་དྲངས། དེ་ནས་མཁའ་ཁྱབ་རྡོ་རྗེ་སོགས་ཡོངས་འཛིན་མང་པོར་བསྟེན་ནས་མཁས་པ་ཆེན་པོར་གྱུར། རྒྱ་དཀར་ནག་བོད་དབུས་གཙང་སོགས་བྱོན་ནས་ཕྲིན་ལས་རྒྱ་ཆེན་སྤེལ། དཔལ་སྤུངས་སུ་ཀུན་རིག་སྒྲུབ་སྡེ་གསར་དུ་འཛུགས། ཁྱད་པར་དུ་ཙུང་ཐུང་ཇེ་ཧྲུའུའི་དབུ་བླར་གྱུར། འཁོར་ལོ་ཐ་མའི་གྲུབ་མཐའ་སོགས་བརྩམས། མཁའ་ཁྱབ་རྡོ་རྗེའི་གསུང་འབུམ་སྤར་སྐྲུན་སོགས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ནས་དགུང་ལོ་ལྔ་བཅུ་པར་འདས་སོ། །དེ་ལྟར་སྤྲུལ་སྐུ་རྣམ་པའི་སྐུ་ཕྲེང་རིམ་བྱོན་ས་བཅས་མ་སྟོང་ཙམ་བཀོད་དེ་རྒྱས་པར་སོ་སོའི་རྣམ་པར་དུ་གསལ།
དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་སྤར་ཁར་དམ་ཆོས་བང་མཛོད་ཅེས་པ་ནི་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབངཔོས་གསར་བཞེངས་མཛད། སྤར་ཁང་འདི་ཁམས་ཕྱོགས་སྡེ་དགེ་སྤར་ཁང་ཆོས་མཛོད་ཆེན་མོ་ཕུད་སྤར་ཁང་ཆེས་ཆེ་བ་ཞིག་ཡིན། གང་དེ་སྟོན་པ་ཐུགས་རྗེ་ཆེན་པོའི་བསྟན་པ་འགའ་ཞིག་གི་དབང་དུ་བྱས་ཏེ་འཕགས་པའི་ཡུལ་དང་གང་ས་ཅན་གྱི་ལྗོངས་འདིར་བྱོན་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲ་བའི་ཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་ལྡན་བསྟན་བཅོས་དང་གཞན་ཡང་རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་གཅིག་པུ་ཐུན་མོང་རིག་པའི་གནས་དང༌། སྐབས་འགའ་ཞིག་ཏུ་ཉེར་མཁོའི་ཚོགས་ཇི་སྙེད་ལས། འཇིག་རྟེན་དབང་ཕྱུག་ཀརྨ་ཀཾ་ཚང་ཆེན་པོ་དང༌། བྱམས་མགོན་སི་ཏུ་ཡབ་སྲས་ཀྱི་གསུང་འབུམ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་མཛོད་ཆེན་རྣམ་པ་ལྔའི་ཤིང་ར་འཛམ་བུ་གླིང་ན་སྔ་མེད་གསར་དུ་དྲངས་པ་ཕྱོགས་རེའི་ཐོས་བསམ་གོ་བ་རགས་རིམ་རྙེད་པས་འབྲི་འདོད་རྩོམ་འདོད་ཀྱིས་རྩོལ་བས་གྲགས་སྐམ་གྱི་ཡིག་སྣ་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་མ་ཡིན་པར། བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུར་གྱུར་པ་ངོ་མཚར་གསུང་རབ་གླེགས་བམ་དགུ་བཅུར་ལོང་པ་སོགས་ཀྱིས་རིག་གཞུང་ནོར་མཛོད་ནང་གི་མུ་ཏིག་གཟི་འོད་རབ་ཏུ་འཕྲོ་བ་སྤར་ཤར་ཁྲི་བཅུ་བཞི་ཙམ་ཡོད་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རིན་ཆེན་གཏེར་མཛོད་གཙོས་སྤར་ཤར་ཁྲི་བཅུ་ལྷག་གཏོར་བརླག་སོང༌། གཤམ་དུ་བཀོད་པ་ནི་ད་ཡོད་ཀྱི་སྤར་གྲངས་ཡིན། ཐོག་མར་འཇམ་པའི་དབྱངས་དངོས་ཏཱའི་མི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ་པོད་ཀ་ནས་པའི་བར་སྒྲ་དང་མངོན་བརྗོད། སུམ་རྟགས། [page 565] སྙན་ངག མངོན་བརྗོད། ཀཾ་ཚང་གི་འདོན་ཚོགས་དང་ཞལ་གདམས། རྣམ་ཐར། དཀར་ཆག་བཅས་སྣ་ཚོགས་དང་ཨ་པོད་ལ་ཏཱ་སི་ཏུ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་རྣམ་ཚུལ་དྲང་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་དང་བཞུགས་བྱང་དཀར་ཆག་བཅས་བསྡོམས་པོད་བཅུ་བཞི་ལ་ལྡེབ་༥༠༡༢བཞུགས།
འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་བསྡུས་བསྒྲུགས་གནང་པའི་མཛོད་ཆེན་རྣམ་ལྔ་ལས་རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་སོགས་དང༌། གསར་འགྱུར་མར་རྔོག་རྒྱུག་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད་ཨོཾ་ཨཱཿཧཱུ་སྟེ་པོད་གསུམ་ལ་བསྡོམས་ལྡེབ་༡༥༥༨བཞུགས།
ཐུན་མོང་རིག་པའི་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་དུ་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པཤེས་བྱ་ཀུན་ཁྱབ་ཨོཾ་ཨཱཿ་ཧཱུ་སྟེ་པོད་གསུམ་ལ་བསྡོམས་ལྡེབ་༡༠༧༨བཞུགས། སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་རིན་པོ་ཆེའི་མཛོད་པོད་བཅུ་བཞུགས།
གསང་སྔགས་རྙིང་མའི་ཟབ་གཏེར་སྙིང་པོ་རྣམས་ཀྱི་སྒྲུབ་དཀྱིལ་སྨིན་གྲོལ་མན་ངག་དང་བཅས་པ་ཕྱོགས་གཅིག་ཏུ་བསྡུས་པའི་རིན་ཆེན་གཏེར་གྱི་མཛོད་པོད་༨༤བཞུགས། རྗེ་ཉིད་ཀྱི་བཀའ་འབུམ་རྒྱ་ཆེན་བཀའ་མཛོད་ལས་གསོལ་འདེབས་དང༌། དབང་ཆོག་སྒྲུབ་ཐབས།
མཆོད་ཆོག བསྙེན་ཆོག སྡོམ་ལུང༌། ཁྲིད་ཡིག ཟིན་བྲིས། ཉམས་མགུར་ཞལ་གདམས། མངོན་བརྗོད། དགོན་ཆེན་བསམ་གྲུབ་མཐོང་གྲོལ་གླིང་གི་དཀར་ཆག གནས་ཡིག་ཡིག་བསྐུར་ཉེར་མཁོ། སྐར་རྩིས། འབྱུང་རྩིས། ས་དཔྱད། སྨན་གཞུང་ཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ཅེས་བྱ་བ། ཕྱི་རྒྱུད་རྩ་ཆུའི་འགྲེལ་པ། བརྡ་སྤྲོད་ཙཎྜཱི་གཞུང་ལ་འཇུག་པའི་ཡན་ལག་ལེགས་སྦྱར་རིན་ཆེན་སྒྲོན་མེ། རྗེ་ཉིད་ཀྱི་རྣམ་ཐར་བཅས་ཀ་པོད་ནས་ཏ་པོད་བར། ཨ་པོད་སོགས་པོད་བཅུ་ལ་བསྡོམས་ལྡེབ་༦༠༨༣བཞུགས།
གཞན་ཡང་ནང་བརྟག་རྒྱུད་གསུམ་འགྲེལ་པ་དང༌། དགས་པོའི་ཐར་རྒྱན། མི་ལའི་མགུར་མཚོ། ལྷག་བསམ་སུམ་རྟགས། སྨན་གཞུང་སྐོར་འཆི་མེད་ནོར་ཕྲེང་མ་བུ། ཟིན་ཏིག་བུ་ཡིག རྩ་ཆུའི་འགྲེལ་པ། ཕྱག་ཆེན་ངེས་དོན་རྒྱ་མཚོ། སངས་རྒྱས་མཚན་འབུམ། སྤྱོད་འཇུག་རྩ་བ། གྲ་ལྔ་གསེར་འོད་ས་བཅུ་མ། གཙོད་ཚོགས་རིན་ཆེན་ཕྲེང་བ། པདྨ་དབང་མཆོག རྒྱལ་པོའི་རྣམ་ཐར། འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་རྣམ་ཐར། པདྨ་བཀའ་ཐང་ལྷ་བརྒྱ་མ། ཆགས་མེད་རི་ཆོས། བརྒྱད་སྟོང༌། དབུ་མ་བཞི་བརྒྱ་བ། དབུ་མ་རྩ་ཤེས། རིག་པ་དྲུག་ཅུ་བ། སྐར་ནག་རྩིས་སྐོར། ཀུན་རིག་[page 566] དང་མི་འཁྲུགས་པ། སྒྲོལ་མ། རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་སོགས་པོད་དང་ཚན་པ་ཉིས་བརྒྱ་ཙམ་ལ་ལྡེབ་ཉིས་ཁྲི་ཙམ་བཞུགས། གོང་དུ་བཀོད་པའི་སྤར་ཤིང་ལས་སི་ཏུའི་སུམ་རྟགས་འགྲེལ་ཆེན་དང༌། དྭགས་པོའི་ཐར་རྒྱན། ཤེས་བྱ་ཀུན་ཁྱབ་གསུམ་མཚོ་སྔོན་དང་སི་ཁྲོན། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གསུམ་གྱིས་པར་དུ་སྐྲུན་ཡོད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་པའི་ཤེས་བྱ་ཀུན་ཁྱབ་དེབ་གསུམ་དེ་ལ་གཞི་བྱས་ནས་མཁས་དབང་ཐུབ་བསྟན་ཉི་མ་མཆོག་གིས་གཞུང་འདིར་ཐོས་བསམ་བྱེད་པར་གནས་དང་རིམ་སྐབས་སོ་སོའི་དོན་ཕྱོགས་ཙམ་རྟོགས་ཆེད་ཤེས་བྱ་ཀུན་ཁྱབ་ཀྱི་ས་བཅད་བརྩམས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད་དོ། །
རྟེན་གྱི་གཙོ་བོ་སི་ཏུ་ཆོས་འབྱུང་སྐབས་རྗེ་ཉིད་ཀྱིས་བྲིས་གནང་བའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བཀོད་པ་རྒྱའི་སི་ཐང་ལྟར་གྱི་རི་མོ་ཚོན་མདངས་ཅན་ནམས་རྒྱའི་ལུགས་དང་ཁ་བཟང་ཆ་ལུགས་སོགས་རྒྱ་བལ་གྱི་ཡུལ་ཉམས་ཅན་རང་བློས་གསར་དུ་སྤྲོས་པའི་ཞལ་ཐང་ཉི་ཤུ་སྐོར་དང༌། གྲུབ་ཆེན་བརྒྱད་ཅུ། རྒྱན་དྲུག་མཆོག་གཉིས་སོགས་ཀྱི་སྐུ་ཐང་བོད་ཡུལ་དུ་འདི་སྔོན་ཆད་སྨན་མཁྱེན་བྱིའུ་སོགས་རི་མོ་མཁན་གང་གིས་ཀྱང་བསྐྲུན་དུ་མེད་པ་མིག་གི་དཔྱིད་དུ་གྱུར་པ་བརྒྱ་ཕྲག་ལས་བརྒལ་བ་དང༌། གསེར་རྐྱང་གིས་བྲིས་པའི་བཀའ་འགྱུར། དེ་ལ་དབུ་ལྷ། གླེགས་ཤིང༌། གླེགས་ཐག་སྒྲིག་ཆས་ཕྱི་ནང་བཅས་བོད་ཁམས་སུ་འགྲན་ཟླ་བྲལ་བ་དང་ཐུགས་རྟེན་གཙོ་བོ་དགོན་གྱི་ལྷ་ཁང་དུ་གསེར་གདུང་ཆེན་མོ་ལ་སོགས་པའི་རྟེན་རྩ་ཆེན་གྲངས་ལས་འདས་པ་བཞུགས།
ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ། དཔལ་ཆེན་ལྷ་ཁང་ནང་ཡང་དག་སོགས་སྐུ་བརྙན་ཐོག་ཚད་གསུམ། ཐུབ་དབང༌། ཨོ་རྒྱན་ཟ་ཧོར་མ་སོགས་སྐུ་ལྔ། ལྟུང་བཤགས་སོགས་སྐུ་འབྲིང་གྲས་བརྒྱ་དང་བདུན། ཚེ་དཔག་མེད་སོགས་སྐུ་ཆུང་གྲས་བརྒྱ་དང་ལྔ། གསུང་རབ་ཀང་དུ་ཐུབ་དབང་སོགས་སྐུ་ཆེ་ཚད་གསུམ། དུས་གསུམ་སངས་རྒྱས་སོགས་འབྲིང་ཚད་བཅུ། མཐོང་གོལ་ལྷ་ཀང་དུ་རྟེན་གཙོ་སྒྲོལ་མ་གསུང་འབྱོན་མ་གཙོའི་ཆེ་གྲས་གཉིས། འབྲིང་གྲས་ཉེར་གཉིས། ཆུང་གྲས་བརྒྱད། ཙནྡན་དཀར་པོའི་སངས་རྒྱས་རབ་བདུན། ཙནྡན་དམར་པོའི་ཉེ་སྲས་ཁྲི་རྒྱབ་བཞུགས་ཁང་བཅས། སྒྲོལ་མ་ལྷ་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་སྒྲོལ་མ་གསུང་འབྱོན་མ། སྒྲོལ་དཀར་ཐོག་ཚད། གུ་རུ་བདེ་བ་ཆེན་པོ་སོགས་ཆེ་གྲགས་བཞི། གནས་བརྟན་གཙོ་འཁོར་སོགས་འབྲི་ཚད་ཉེར་ལྔ། གནས་བཅུ་ལྷ་ཁང་དུ་ཐུབ་དབང་འབྲིང་ཚད་གཉིས། ཙནྡན་དཀའ་པོའི་ཐུབ་དབང་གནས་བརྟན་གཙོ་འཁོར། གསེར་ཟངས་གནས་བརྟན་གཙོ་འཁོར། སྐུ་ཐོར་སྣ་ཚོགས་བཅུ། ཐུགས་དམ་ལྷ་ཁང་དུ་རྟེན་གཙོ་གཏེར་བྱོན་སྐུ་རྣམ་གསུམ་བཞུགས་ཁྲི་བཅས། ཐུགས་ཆེན་ཕྱག་བཞི་པ་ཁ་ཆེའི་ལི་མ། བླ་མ་[page 567] ཡི་དམ་སྐོར་ཆེ་གྲས་ཉེ་ཤུ་བདུན། འབྲིང་གྲས། བརྒྱད་ཅུ་གྱ་དྲུག་ཆུང་གྲས་བརྒྱད་ཅུ། ཕྱི་ཁྱམས་སུ་སྒྲོལ་དཀར་གཙོར་གྱུར་སོགས་སྐུ་འབྲིང་ཚད་ཉེར་ལྔ། མགོན་ཁང་དུ་མགོན་པོ་དང་གསར་རྙིང་ཆོས་སྐྱོང་སྐོར་གསེར་སྐུ་བཅུ་གཅིག ཞལ་ཐང་སྐོར་རྒྱུད་སྡེ་དང་སངས་རྒྱས་སྟོང་སྐུ་གྲ་ཚར་བཅས་གསེར་ཐང་སོ་བཞི། དགོངས་འདུས་ཞལ་ཐང་ཆ་གཉིས། རྒྱ་ཆེར་རོལ་པའི་བཀོད་པ་ཆ་ལྔ། བཀའ་བརྒྱུད་གསེར་ཕྲེང་ཞལ་ཐང་དང༌། གནས་བཅུའི་ཐང་ཀ་གྲ་ཚར་གསུམ། ཚེ་དཔག་མེད་ལུས་ཚད། བཀའ་བརྒྱུད་བླ་མའི་ཞལ་ཐང་སོགས་ཚད་གསུམ། གནས་བཅུ་ཚར་ལྔ། གཏེར་སྟོན་བརྒྱ་རྩའི་ཞབ་ཐང་གསུམ། གཞན་ཡང་ཞལ་ཐང་ཐོར་བུ་སྐོར་སུམ་བརྒྱ་ཙམ་བཅས་དང༌། རིན་ཆེན་གཏེར་མཛོད་སོགས་ཀྱི་གཙོས་སྒྲུབ་དཀྱིལ་སྣ་ཚོགས་ཀྱི་ཡིག་པོད། དཀྱིལ་ཐང༌། ཙག་ལི་སོགས་གྲངས་མང་ཡོད།
གསུང་རབ་སྐོར་ལ་བཀའ་བསྟན་གཉིས་ཀྱི་གཙོས་རྙིང་རྒྱུད་ཡ་བཞི་མཛོད་བདུན་སོགས་བཀའ་པོད་ཆིག་སྟོང་བཞི་བརྒྱ་ལྷག་དང༌། བཀའ་བརྒྱད་དང་བླ་མ་དགོངས་འདུས་སོགས་ཤིང་རྟ་བརྒྱད་ཀྱི་ཡིག་ཆ་སྣ་ཚོགས་ཤིན་ཏུ་མང་པོ་དང༌། མཛོད་ཆེན་རྣམ་ལྔ་གཙོས་བྲིས་པོད་ཀྱང་ཁྱོན་དྲུག་བརྒྱ་དང་གོ་གསུམ་ཙམ་བཞུགས། དཔལ་ཆེན་ལྷ་ཁང་དུ་འོད་དཔག་མེད་པའི་མཆོད་རྟེན་སོགས་ཀྱི་གཙོས་ཐུགས་རྟེན་ཆེ་ཆུང་དྲུག་ཅུ་རྩ་བཞི་ཙམ་བཞུགས། འདི་རྣམས་ལ་ནང་བཞུགས་ཁྱད་པར་འཕགས་པ་བཞུགས། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱི་སྐབས་ཡང་ཁྲོད་དུ་གསར་བཞེངས་བགྱིས་པའི་རྟེན་གཙོ་བོ་ནི་ཀར་རབས་ལྷ་ཁང་གསར་བཞེངས་བྱས་ནས་དེའི་རྟེན་རྒྱལ་དབང་དབང་བཅོ་ལྔ་པ་ཆེན་པོའི་སྐུ་ཐོག་ཚད་གསེར་ཟངས་ཁྲི་རྒྱན་རྒྱབ་ཡོལ་རྒྱན་བཅས་དང༌། གསེར་དངུལ་སྤེལ་མ་འཁོར་ཀར་རབས་བཅུ་བཞི་སྐུ་ཚད་མཐོ་བརྒྱད་རེ་བཅས་ཚང་ཟངས་དང་གསེར་ཤས་འཐུག་ཅིང་གསེར་མདངས་ལེགས་པ་བཅས་བཞུགས། གཞན་སྒྲུབ་ཁང་འོག་མ་དང་ཀུན་རིག་སྒྲུབ་ཁང༌། དབྱར་གནས་ལྷ་སར། མགོན་ཀང་ཁག་བཅས་ལ་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་ཡོད། ཡང་དཔལ་སྤུངས་དགོན་ཆེན་ནང་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་སྐུ་རིང་ལ་གཙོ་ཁང་དུ་བྱམས་ཆེན་ཐོག་བརྩེགས་བདུན་ཅན། ལྷ་ཁང་ཆེན་མོར་ཐུབ་དབང་དང༌། འོད་དཔག་མེད། སྤྱན་རས་གཟིགས། སློབ་དཔོན་རིན་པོ་ཆེ། འཇམ་དབྱངས། རྡོ་རྗེ་སེམས་དཔའ། ཇོ་བོ་སོགས་གསེར་ཟངས་ལས་གྲུབ་པ་ཐོག་ཚད་རེ་རི་བོ་བསྒྲིགས་པ་ལྟ་བུ་དང་སྒྲོལ་དཀར་དངུལ་སྐུ་ཆེན་མོ་ཐོག་ཚད། གཞན་ཡང་ཚེ་ལྷ་རྣམ་གསུམ་ཐོག་ཚད་སོགས་ཆེ་ཆུང་གྲངས་མང་དང༌། རིས་སུ་བྲིས་པའང་ལྷ་ཁང་གི་རྒྱ་མཐོང་གོང་འོག་བར་གསུམ་སོགས་དང༌། དུས་འཁོར་ཁང་དུ་རྡོར་སེམས་སྟོང་སྐུ་གསེར་བྲིས། ཞལ་ཐང་གྲས་ཐུབ་པའི་སྐྱེས་རབས། རྡོ་རྗེ་ཕུར་བའི་ལྷ་ཁང་འཁོར་ཡོངས་རྫོགས། བྱམས་པའི་སྐྱེས་རབས། སྒྲོལ་དཀར་ཞལ་ཐང་བཅས་བརྒྱ་ཕྲག་ལས་བརྒལ་བ་དང༌། རྟེན་གསུམ་སྤར་དུ་བརྐོས་པའང་གྲངས་མང༌། སྤར་དུ་བཏབ་པའི་གསུང་རྟེན་རྒྱལ་བའི་བཀའ་འགྱུར། [page 568] མཛོད་ཆེན་རྣམ་ལྔ། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་གླེགས་བམ་སྟོང་ལྷག་དང༌། གཏེར་མཛོད་བཀའ་རྒྱ་སོགས་བྲིས་པོད་ཀྱང་གྲངས་མང༌། ཐུགས་རྟེན་མཁན་ཆེན་ཀརྨ་འོད་ཟེར་རབ་བརྟན་དཔལ་བཟང་པོ་དང་དབོན་སྤྲུལ། འཇམ་མགོན་ཀུན་གཟིགས་གཞན་ཕན་སྣང་བ་བཅས་ཀྱི་གདུང་རྟེན་ཐོག་ཚད་གསུམ་གྱིས་གཙོས་མཆོད་རྟེན་གྲངས་མང༌། གཞན་ཡང་སྤར་ཁང་ཆེན་མོ་གསར་བཞེངས་ཀྱི་རྟེན་གཙོར་བྱམས་སྐུ་ཆེན་པོ་ས་གཙོ་སྐུ་རྟེན་རིགས་དང་གསུང་རབ་དཔལ་གྱི་ལྷ་ཁང་སྟེང་ཤོད་བར་གསུམ་བཀང་བའི་རྟེན་བརྟེན་པ་སྐུ་ཐོག་འདིའི་བཞེངས། གཞན་རྒྱ་མཚལ་གྱིས་བཏབ་པའི་རྡོར་སེམས་ཡིག་བརྒྱ་ས་ཡ་ལྔ་བཅུ་བཞུགས་པའི་དུང་འཁོར་ཆེན་མོ་གསར་བཞེངས་ལ་རྟེན་ལྷ་ཁང་དང་བརྟེན་པ་ལྷ་བྲིས་གསེར་སྐུ་སོགས་མངོན་དུ་འགྱུར་པ། ཕྱིས་སུ་ཚོགས་ཟངས་ཆུ་ཟམ་ཉེར་ལྔ་ཤོང་བ་གཅིག་ལ་དངུལ་རྡོ་ཚད་ཉེར་ལྔ་བྱིན་ནས་ཚོགས་ཐབ་ཏུ་བཞག སྤྱི་ལོ་༡༩༤༡ལོར་རྒྱའི་བླུག་པ་རུས་ཅང་ཞེས་པ་གདན་ནས་ཚོགས་ཟངས་ཆུ་ཟོམ་བཞི་ཅུ་དང་བརྒྱད་ཅུ་ཤོང་བ་རེ་བླུགས་ནས་ཚོགས་ཐབ་ཏུ་བཞག
དབོན་རྒན་རིན་པོ་ཆེ་དང་བོད་རྒྱལ་གྱི་གདུང་རྒྱུད་བསྟན་པའི་སྦྱིན་བདག་སྡེ་དགེ་ས་དབང་བློ་གྲོས་རྒྱལ་མཚན་མཆོད་ཡོན་གྱིས་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ལོར་སྐུ་རྒྱུ་རིན་པོ་ཆེ་སའི་སྙིང་པོ་ཞོ་འཁོར་བརྒྱ་དང་བརྒྱད། དངུལ་དཀར་སྲང་འཁོར་བཞི་སྟོང་བརྒྱད་བརྒྱད་དྲུག་ཅུ་ཟངས་ཁལ་ཉིས་བརྒྱ་ཉེར་གཉིས། མུ་ཏིག་བྱུ་རུ་སོགས་ཕྲ་རྒྱན་གྱིས་བརྒྱན་པའི་བྱམས་མགོན་བསྟན་པའི་ཉིན་བྱེད་ཀྱི་ཆོས་སྐུའི་མཆོད་རྟེན་མཐོང་གྲོལ་ཆེན་མོ་ནང་བཞུགས། དེ་མིན་དབོན་སྤྲུལ་དབང་གི་རྡོ་རྗེས། དབོན་རྒན་གོང་མའི་གདུང་རྟེན་མདོ་ཁམས་སྨད་འདིར་འགྲན་ཟླ་བྲལ་བའི་རྟེན་རྩ་ཆེན་དབུས་གཙང་སོགས་ནས་ཕྱག་འབྱོར་ནང་བཞུགས་གསོལ་བའི་གསར་བཞེངས་མཛད།
བཤད་གྲྭའི་སྐོར། དཔལ་སྤུངས་སི་ཏུ་ཆོས་འབྱུང་སྐབས་རྗེ་ཉིད་ཀྱིས་བསྡུས་གྲྭ་ནས་བཟུང༌། སྒྲ་དང་ཚད་མ། གཞན་ཡང་རིག་གནས་མདོ་སྔགས་ཀྱི་བཤད་པ་རྒྱུན་ཆད་མེད་པ་ནི་རྣམ་ཐར་ཡོངས་གྲགས་དང༌། རྗེ་དཔོན་ཀརྨ་ངེས་ལེགས་དང་འབེ་ལོ་ཚེ་དབང་ཀུན་ཁྱབ་གཉིས་ནས་བཤད་པ་རྒྱ་ཆེར་མཛད། སྐྱབས་མགོན་པདྨ་ཉིན་བྱེད་དང་པདྨ་ཀུན་བཟང་གཉིས་ཀྱི་སྐབས་མཁན་ཆེན་ཟླ་བ་བཟང་པོ་དང་འཇམ་མགོན་ཀོང་སྤྲུལ་གྱི་སྐུ་ཚེའི་སྟོད་མཁ་ཆེན་བཀྲ་ཤིས་འོད་ཟེར་དང༌། ལི་ཐང་མཁན་པོ་ངེས་དོན། ཨོ་སྒང་དབང་ཕྱུག ལྷག་བསམ་བསྟན་པའི་རྒྱལ་མཚན་བཅས་ཀྱིས་གཞུང་རིག་གནས་རྒྱ་[page 569] ཆེར་བཤད་པས་གཞི་བྱེས་ཀྱི་མཁས་པ་མང་པོ་བྱུང་ཞིང༌། མདོ་སྔགས་རིག་གནས་གསུང་རྩོམ་ཡང་ཅི་རིགས་སྤེལ་ཡོད། སི་ཏུ་པདྨ་དབང་མཆོག་གི་སྐུ་དུས་སུ། ཡང་ན་ཀློག་པ་ཐོས་བསམ་དང་ཡང་ན་སྤང་བ་བསམ་གཏན་གྱི་བྱ་བ་ཁོ་ནས་དུས་འདའ་དགོས་གསུངས་ཏེ་སྔོན་སྒྲུབ་ཁང་རྒྱབ་ཏུ་ཡོད་པའི་བཤད་གྲྭ་དབྱར་གནས་ཁང་དུ་སྤོས་ནས་གསར་བཞེངས་གནང༌། བཅའ་ཡིག་སོགས་གསར་དུ་བཀོད་ནས་སྤྱི་ལོ་༡༩༡༠ལོར་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ལོར་མཁན་ཆེན་གཞན་དགའ་རིན་པོ་ཆེ་གདན་ནས་ལོ་བརྒྱད་ལ་དགོན་འདིའི་མཁན་པོ་མཛད། དེ་སྐོར་བཤད་གྲྭ་ལ་ས་དགེ་བཀའ་རྙིང་གྲུབ་མཐའ་རིས་མེད་ཀྱི་སློབ་མ་ལྔ་བརྒྱ་ཙམ་འདུས་པའི་ནང༌། མཁན་མཁྱེན་རབ། ཟུར་མང་པད་རྣམ། ཚྭ་ཚྭ་ཐུབ་བསྟན། ཚེ་དབང་དཔལ་འབྱོར། སྟོབས་བཅུ་རབ་རྒྱས། མཁན་བསོད་ནམས། ར་ཧོར་མཁན་པོ། ལི་ཐང་མཁན་པོ། གསེར་ཐང་མཁན་པོ། བྲག་གཡབ་མཁན་པོ། ཐུར་མང་མཁན་པོ་སོགས་མཁས་བཙུན་མང་པོ་བྱུང་ཡོད། དཔལ་སྤུངས་རང་དགོན་དུ་མཁན་པོ་ནི་གསེར་ཁ་ཆོས་གྲགས་ལོ་བཞི་སྟོབས་བཅུ་རབ་རྒྱས་ལོ་གསུམ། དབོན་སྟོད་མཁྱེན་རབ་ལོ་གསུམ་བཅས་གདན་དྲངས་པ་དང༌། རང་དགོན་གྱི་མཁན་པོ་ནི་ཇ་ར་མཁན་པོ་ཚུལ་ཁྲིམས་བཟང་པོ་དང༌། སྒོ་རུ་འཇམ་དཔལ། གྲོ་སྤུ་ཚེ་དབང་སོགས་ཡོད། གཞན་ཡང་མཁས་དབང་མི་ཕམ་རྣམ་རྒྱལ་རྒྱ་མཚོ་༡༨༤༦-༡༩༡༢ཆེད་དུ་གདན་ཞུས་ཏེ་སྨན་གྱི་གྲྭ་ཚང་བཙུགས་ནས་རྒྱུན་རིང་སྨན་གཞུང་རྣམས་བཤད་པས་སྨན་པ་མཁས་པ་མང་པོ་བྱུང་ངོ་། །
བཤད་གྲྭའི་སྒྲིག་སྲོལ་ནི། བཤད་གྲྭ་འདིར་བཞུགས་ཚད་ཐོག་མར་བཤད་གྲྭ་དང་བླ་བྲང་ལ་སྙན་སྒྲོན་ཞུ་ཐོག་དགེ་འདུན་ལ་མང་ཇ་དང༌། མཁན་ཆོས་ལ་མཇལ་དར་ཕུལ་ནས་ཞུགས་དགོས། ཞུགས་རྗེས་དམིགས་བསལ་མེད་ན་བཤད་གྲྭ་ལ་བསྡད་ནས་ཐ་ན་ལོ་གཅིག་མ་སོང་བ་དགོངས་ཞུ་བྱེད་མི་ཆོག དམིགས་བསལ་ཡོད་ན་བླ་བྲང་དང་འདི་གའི་མཁན་ཆོས་བཅས་ལ་དགོངས་པ་ཞུ་དགོས། དེ་མིན་ཐམས་ཅད་རྒྱུན་ཇ་ལ་ཞུགས་ནས་བསླབ་སྦྱོང་ཁོ་ན་མཛད་དགོས་པ་ལས། རང་བབ་གུ་ཡངས་ནས་དྲག་ཞན་སུའང་སྡོད་མི་ཆོག དགོངས་པ་མི་ཞུ་བ་སོགས་བྱུང་ཚེ་ཕྱག་དང་མཆོད་མེ་སོགས་ཀྱི་ཆད་པ་སྦྱར། ཚོགས་བརྡ་རྫོགས་མ་ཐག་ཐམས་ཅད་འཚོགས་ཐུབ་པ་དགོས་ཤིང༌། དེ་ལས་ཕྱི་བྱུང་ན་ཕྱག་རྒྱ་སོགས་ཀྱི་ཆད་པ་སྐབས་དང་སྦྱར། ཚོགས་ལ་ངག་བཅད་མི་བྱེད་པ་བྱུང་ཚེ་བརྒྱ་ཕྱག་སོགས་ཀྱི་ཆད་པ་སྦྱར། མཁན་ཆོས་སོགས་ལ་བརྩི་མེད་ཀྱིས་ཁ་ལན་ལག་ལེན་བྱེད་པ་དང༌། ཚོགས་ཐོག་དང་གླིང་ནང་ནས་འཛིང་རྩོད་རྒྱབ་རེས་བྱེད་པ་བཅས་དྲག་ཞན་སུའི་ཐད་ནས་བྱུང་ན་ཡང་མང་ཇ་དང་བརྒྱ་མཆོད་མ་ཕུལ་གྱི་བར་དུ་དར་ཆེན་ལ་བཀྱིག་གོ །ནངས་དུས་བཤད་གྲྭའི་རྒྱལ་སྒོ་མ་ཕྱེས་གོང་དང༌། ནུབ་དུས་རྒྱལ་སྒོ་མ་རྒྱབ་གོང་གླིང་རྒྱབ་ཏུ་འགྲིམ་འགྲུལ་བྱ་མི་ཆོག གཞན་ཡང་རྒྱུན་དུ་དགོན་པའི་བཅའ་བཀོད་རྣམས་ཚུལ་བཞིན་བསྲུང་དགོས་པ་དང༌། མཁན་ཆེན་དང་བསླབ་པ་རྒན་རིམ་རྣམས་ཀྱི་ཞལ་བཀོད་ཇི་ལྟར་[page 570] གནང་བ་དང༌། རྒྱུན་པར་ནམ་གྱི་ཆ་སྟོད་དང་ཆ་སྨད་སོགས་ལ་བརྩོན་འགྲུས་ཀྱིས་སློབ་སྦྱོང་དང་དགོང་ཚོགས་གྲོལ་བ་དང་རང་ཤག་སྟེང་དུ་སོ་སོའི་དཔེ་ཆ་སྐྱོང་སྦྱོང་བྱ་དགོས། གཞུང་ཚན་རྫོགས་པ་རྣམས་ཀྱི་རྩ་བ་བློ་རྒྱུགས་སྤྲོད་དགོས་པ་དང༌། གཞུང་དེ་དང་དེའི་འགྲེལ་བ་ཚོགས་བཤད་ཀྱི་རྒྱུགས་འབུལ་དགོས་པ་བཅས་ཡིན། སློབ་གྲྭ་བ་རྣམས་ཀྱིས་ཀྱང་ཐོག་མར་སུམ་རྟགས་དག་གསུམ། རྩ་འཇུག་བཞི་སོགས་དབུ་མ་དང༌། ཀཱ་རི་ཀ་དང༌། སོར་ཐར་བའི་མདོ་དང༌། མདོ་རྩའི་འགྲེལ་པ་སོགས་འདུལ་བ་དང་མངོན་པ་གོང་འོག་གཉིས་སོགས། མངོན་པ་དང༌། མངོན་རྟོགས་རྒྱན་སོགས་བྱམ་ཆོས་སྡེ་ལྔ་དང༌། རིག་གཞུང་རྒྱ་མཚོ་སོགས་ཚད་མ་དང༌། སྡོམ་གསུམ། སྒོམ་རིམ་ཐོག་མཐའ་བར་གསུམ། དྲག་པོའི་ཐར་རྒྱན་སོགས་ལམ་རིམ་དང༌། ནང་རྟག་རྒྱུད་གསུམ་སོགས་སྔགས་སྐོར་བཅས་ལ་གསན་སྦྱོང་བྱེད་སྲོལ་ཡོད། སྦྱང་ཡུལ་སྤྱིར་བཏང་ལོ་ལྔ་ཡིན་ནོ། །
སྒྲུབ་གྲྭའི་སྐོར། ཡང་ཁྲོད་ཀུང་བཟང་བདེ་ཆེན་གླིང་ནི་རྗེ་ཆོས་ཀྱི་འབྱུང་གནས་སྐབས་སྒྲུབ་ཁང་དང་སྒྲུབ་གྲྭ་ཡོད་ཀྱང༌། ཕྱིས་དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་ཁང་འོག་མ་ཚུགས་ཕྱིན་གོང་མ་བདག་མེད་ལྟ་བུས་འཐོར་ཞིག་སོང་ནས་ཁང་པའང་ཧྲལ་ཧྲུལ་ཙམ་ལས་མེད་པས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སྟོན་རྒྱབ་ཉིན་གཅིག་གཟིགས་སྐོར་དང་ལྷ་བསང་བཏང་པར་ཕེབས་སྐབས་འགྲོ་ལམ་གསལ་པོ་མེད་ཀྱང་སྒྲུབ་ཁང་འོག་མའི་ལྟག་ཏུ་ཕེབས་དུས་བྱ་རྒོད་གཅིག་འདུག་པ་དེ་གྱེན་དུ་སོང་པའི་རྗེས་སྙེགས་ནས་ཕེབས་པས་ལྷ་ཀང་ཞིག་ནས་ཤར་དུ་ཁ་གཏད་འཕུར་སོང་བ་དེ་ནས་གཟིགས་པས་རི་ཁྲོད་ཡོད་སའི་ཕྱོགས་དེར་གཟིགས་ས་རྟགས་དང་རྟེན་འབྲེལ་བཟང་པོ་བྱུང༌། མཆོག་གྱུར་གླིང་པས་ཡང་ཁྲོད་སའི་ཕྱོགས་དེར་གཟིགས་ས་རྟགས་དང་རྟེན་འབྲེལ་བཟང་པོ་བྱུང༌། མཆོག་གྱུར་གླིང་པས་ཡང་ཁྲོད་འདིར་ལྷ་ཁང་དགོས་ཚུལ་ལུང་བསྟན་པ་ལྟར་དཔལ་སྤུངས་བླ་བྲང་ནས་གཞི་བཏིང༌། དེ་ནས་རྗེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོ་ལ་གང་བྱུང་གི་དངོས་པོ་ཐམས་ཅད་ལྷ་ཁང་དང་སྒྲུབ་སྡེའི་གྲྭ་འདི་ཉིད་ཀྱི་ཐེབས་སུ་བཏང་ནས་རིམ་པར་འདུ་བགྱི་པས་སྤྱི་ལོ་༡༨༦༠ལོའི་ལྷ་བབས་དུས་ཆེན་གྱི་ཚེས་བཅུ་ལ་སྒྲུབ་པ་གསར་དུ་འཇོག་པའི་དབུ་ཚུགས། ཐོག་མར་སྒྲུབ་པ་དཔོན་མགོ་དྲུག་དང་མགོན་བླ་བཅས་བདུན་ཡོད་པ་རྣམས་ལ་ཁང་པ་བདག་བཟུང་དང་སྐར་འཛིན་བྱས། སྒྲུབ་པ་རྣམས་ཀྱི་དང་པོ་སྣ་སེལ་ནས་བཟུང་ལོ་གསུམ་གྱི་བསྙེན་སྒྲུབ་ཉམས་ལེན་ཟླ་རེ་བཞིན་དུ་དུས་མཆོད། ཉིན་རེ་བཞིན་དུ་ཐུན་བཞི་བཅས་བཅའ་ཡིག་བཞིན་ཞིབ་པ་ལག་བསྟར་བགྱིས། སྐྱབས་རྗེ་པདྨ་ཉིན་བྱེད་ཀྱིས་ཡང་ཁྲོད་ཀྱི་མིང་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་གསོལ། རྗེ་ཉིད་ཀྱི་སྐུ་དུས་སུ་སྒྲུབ་ཐེངས་དགུ་གྲོལ། འཇམ་མགོན་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་དུས་ཡང་ཁྲོད་ཀྱི་རྟེན་དང་བརྟེན་པ་རྒྱ་བསྐྱེད་གནང་བ་དང༌། ལྷག་པར་ཀར་རབས་ལྷ་ཁང་སོགས་གསར་བཞེངས་གནང་ངོ༌། །ཡང་འཇམ་མགོན་ཀོང་སྤྲུལ་གོང་མའི་དུས་ཡང་ཁྲོད་ཀྱི་རྡོར་སློབ་བླ་མ་ཧོར་པདྨ་ནོར་བུ། ཨ་ཏི་བླ་མ་ཤེས་རབ་སོགས་རིམ་བཞིན་བྱུང༌། [page 571] དེའི་ནང་ནས་འགྲོ་དོན་ཕྲིན་ལས་ཁྱད་པར་འཕགས་པ། བླ་མ་ཀར་བསྟན། བླ་མ་མགོ་ལུ། བླ་མ་ནོར་བུ་དོན་གྲུབ། ཇ་གཡོག་བསྟན་འཕེལ། བླ་མ་རང་བྱུང་ཀུན་ཁྱབ་བམ་བླ་མ་ཀར་ལུ། བླ་མ་ཀར་ལུ་ནི་ཡབ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་ཞེས་དཔལ་བཟང་སྤྲུལ་སྐུའི་སྐྱེ་སྲིད་ཡིན་ལ། དཔལ་བཟང་སྤྲུལ་སྐུ་ནི་ཚྭ་ཚྭ་གྲུབ་ཐོབ་ཆེན་མོ་བཀའ་བརྒྱུད་བསྟན་འཛིན་གྱི་ཐུགས་སྲས། ཀརྨ་ལྷག་མཐོང་གི་སློབ་མ་སྣང་སེམས་ལ་རང་དབང་འབྱོར་ཏེ་བཀོད་པ་ལུས་ཀྱི་རྫུ་འཕྲུལ་མངོན་དུ་གྱུར་པ་ཀརྨ་ནོར་བུའི་དངོས་སློབ་ཉག་མཚོ་སྣ་དགོན་གྱི་སྤྲུལ་སྐུ་སྐྱེ་ཕྲེང་བཅུ་གཉིས་པ་དེ་ཉིད་སྒོ་འདར་སྦྱར་གྱིས་ལོ་གྲངས་དུ་མར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཉམས་བཞེས་དང་འབྲེལ་སྒྲུབ་པའི་རྒྱལ་མཚན་བཙུགས། རྨི་ལམ་དང་སྒྱུ་ལུས་ལ་མངའ་དབང་འབྱོར་ཏེ་ཐངས་ཐལ་དུ་བྱོན། མངོན་མཁྱེན་སྒྲིབ་ཐོགས་མི་མངའ། དེ་ཉིད་ཀྱི་སྐུའི་སྐྱེ་སྲིད་གཏེར་ཆེན་ཡོངས་དགེ་མི་འགྱུར་རྡོ་རྗེས་གཏེར་མཇུག་སྐྱོང་མཁན་ཞིག་ཡོང་རྒྱུ་ལུང་བསྟན་པ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་དཔལ་བཟང་སྤྲུལ་སྐུ་བསམ་བཞིན་ར་སྟག་ཚང་དུ་སྐྱེ་སྲིད་གཏེར་ཆེན་ཡོངས་དགེ་མི་འགྱུར་རྡོ་རྗེས་གཏེར་མཇུག་སྐྱོང་མཁན་ཞིག་ཡོང་རྒྱུ་ལུང་བསྟན་པ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་དཔལ་བཟང་སྤྲུལ་སྐུ་བསམ་བཞིན་ར་སྟག་ཚང་དུ་སྐྱེ་སྲིད་བཟུང་བར་ངོས་འཛིན་གནང་བའི་སྐྱེ་ཕྲེང་བཅུ་གསུམ་པ་སྔགས་འཆང་ཀརྨ་ལེགས་བཤད་སྒྲ་དབྱངས་ནི་ཆུང་དུས་ནས་སྐྱེས་སྦྱངས་རིག་རྩལ་ཤིན་ཏུ་ཆེ་བས་རིག་པའི་གནས་ལྔ་དང་ལྷག་པར་གསོ་རིག་ལ་མཁས་པའི་གྲགས་སྙན་ཆེ། འཇམ་མགོན་རྣམ་གཉིས་དང་མི་ཕམ་རྣམ་རྒྱལ་གྱི་སློབ་མའི་ཐུ་བོ་གྱུར། ཟབ་རྒྱས་ཀྱི་གདམས་པ་ནོད་དེ་བསྐྱེད་རྫོགས་གཉིས་ལ་བརྩོན་པས་ལྷག་པའི་ལྷའི་ཞལ་གཟིགས། བླ་མ་ལ་མོས་གུས་དང་སྦྱོར་སྒྲོལ་ལམ་གྱི་ཡོན་ཏན་མངའའ་ཞིང༌། སྐུའི་སྐྱེ་བ་རྗེས་མ་ཤར་མི་ཉག་ཡུལ་དུ་འཁྲུངས་ཤིང་འགྲོ་དོན་ཕྱོགས་མེད་དུ་བྱེད་པར་ལུང་སྟོན་ནས་དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་སྐུ་གཤེགས་པ་དེ་ནི་རྗེ་འདི་ཉིད་ཀྱི་ཡབ་དང༌། ཡུམ་ནི་ཆུང་དུས་ནས་ཆོས་ལ་བློ་དཀར་ཞིང་འཇམ་མགོན་བླ་མའི་རིགས་བཟང་མཁའ་འགྲོ་ཚོགས་ཀྱི་འཁོར་ལོའི་འདུ་བ་སོགས་ཀྱི་སྐབས་ཚོགས་གྲལ་དུ་འདུས་ཡོང་བའི་བསྐལ་བཟང་ཐོབ་ཅིང་སྒྲོལ་དཀར་ཆུང་ཆུང་ཞེས་པའི་མིང་གནང༌། རིམ་གྱིས་རྟེན་འབྲེལ་ལེགས་ཚོགས་འགྲིགས་ཏེ་ལམ་གཉིས་འདུན་ཐབས་གཉེན་སྦྲེལ་བྱས་ནས་ལོ་ཤས་མཚམས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུ་སོ་སོར་བསྙེན་མཚམས་ལ་བཞུགས་ཤིང༌། ཆོས་བཅུ་ཉིན་ལྷན་ཅིག་ཚོགས་འཁོར་ཟབ་རྒྱས་ཤིག་གི་ནུབ་ཡུམ་གྱི་ལྷུམས་སུ་བཞུགས་པ་དང་གཞན་ཡང་ཚེས་བཅུའི་མཆོད་པ་སོགས་ཀྱི་སྐབས་ཡབ་ཡུམ་གྱི་རྨི་ལམ་དུ་འཇམ་མགོན་ཡོན་ཏན་རྒྱ་མཚོ་བྱོན་ཏེ་བདག་ལ་གནས་གཡར་དགོས་ཞེས་རང་ལ་ཐིམ་པ་དང༌། ཨོ་རྒྱན་རིན་པོ་ཆེས་ཡབ་ཡུམ་དཔའ་བོ་དཔའ་མོའི་ཚོགས་བཅས་མངོན་སུམ་བྱོན་སོགས་དག་སྣང་སྣ་ཚོགས་པ་བྱུང༌། དེ་ཚེ་ཡུམ་གྱི་ལུས་ཟོ་འདོག་བདེ་ཞིང་ཉིན་གཅིག་རི་བྲག་དགོན་པའི་རི་རྩེར་སྨན་རིགས་འཐུ་རུ་ཕྱིན་ནས་སྐྱེ་བའི་མཙན་མ་མཐོང་སྟེ་ཁྱིམ་དུ་ལོག་པ་དང༌། མཉམ་དུ་ཁང་པ་དང་ཉེ་འཁོར་ཀུན་ཏུ་མེ་ཏོག་གི་ཆ་ལང་ལིང་དང་འཇའ་འོད་ཀྱི་གུར་ཁྱིམ་[page 572] སོགས་ཀུན་གྱིས་མཐོར་སྣང་དུ་གྲུབ་པ་བཅས་སྐུ་འཁྲུངས། འཁྲུངས་མ་ཐག་བག་ཚ་བ་མེད་པར་འཛུམ་མདངས་དང་ལྡན་པའི་ཞལ་ནས་ཡིག་དྲུག་དང་བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་གསུང་སྣ་ཚོགས་འབྱོན་བྱུང་བ་ཉེ་འཁོར་གྱི་མི་རྣམས་ཀྱིས་ཐོས། སྐྱེ་བོ་ཀུན་གྱིས་མངོན་པར་བསྟོད་ཅིང་ངོ་མཚར་ཆེ་བའི་སྤྲུལ་བའི་སྐུ་ཞིག་ཡིན་འདུག་ཅེས་གླེང༌། བྱིས་པའི་དུས་ནས་ཚེ་འདིའི་ཞེན་ཆགས་བློས་བཏང་ནས་དབེན་པའི་རི་སུལ་ཞིག་ཏུ་ཉམས་ལེན་ཁོ་ན་སྐྱོང་བའི་ཐུགས་འདུན་མངའ། སེམས་ཅན་སྤྱི་དང་ཉམ་ཐག་གི་འགྲོ་བར་བཟོད་མེད་ཀྱི་སྙིང་རྗེ་དང༌། དབང་དང་ཆོས་ཀྱི་འབྲེལ་བའི་བླ་མ་ལ་བཅོས་མིན་གྱི་མོས་གུས་ལྷན་སྐྱེས་སུ་མངའ་བ། རང་བཞིན་གྱི་བློ་རིག་བཟང་ཞིང་སྨྲ་ལྕེ་བདེ་བ་ཐུགས་རྗེ་ཆེན་པོ་དང་སྒྲོལ་དཀར་ཡི་དམ་དུ་འཛིན་ཧོར་བན་རྒན་དགོན་པར་གྲྭ་པ་བྱས་ཏེ་ཡིག་ཀློག་སོགས་ལེགས་པ་བསླབས། དགུང་ལོ་བཅུ་གསུམ་ལོར་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་མདུན་ནས་རབ་ཏུ་བྱུང༌། མཚན་ཀརྨ་རང་བྱུང་ཀུན་ཁྱབ་ཞེས་བསྩལ། ཕྱིས་སུ་འགྲོ་དོན་འཕྲིན་ལས་བལྟ་ན་མཚན་དོན་མཚུངས་པ་རེད་འདུག་ཅེས་ཀུན་གྱིས་སྒྲོགས། ཡབ་ཀྱི་མདུན་ནས་སྡོམ་གསུམ་སོགས་བཤད་ཁྲིད་གསན། མཁས་དབང་བཀྲ་ཤིས་ཆོས་འཕེལ་མདུན་ནས་བཀའ་བརྒྱུད་སྔགས་མཛོད་དབང་ལུང་དང༌། ནང་བརྟག་རྒྱུད་གསུམ་དང་གཞུང་ཆུང་གཉིས་ཀྱི་ཞིབ་ཁྲིད་གསན། དགུང་ལོ་བཅོ་ལྔའི་དུས་ཧོར་བན་རྒན་དགོན་དུ་དབྱར་གནས་སྐབས་སེར་སྐྱ་བརྒྱ་ཕྲག་དུ་མའི་དབུས་སུ་མི་འཇིགས་བློ་གྲོས་ཀྱི་སྤོབས་པས་སྡོམ་གསུམ་གྱི་བཤད་པ་མཛད། བློ་རིག་གསལ་ཞིང་ཚིག་སྒྲོས་ལེགས་ལ་དོན་མ་ཉམས་པ་འདུག་ཟེར་ཀུན་གྱི་ཡིད་དབང་འཕྲོགས། དགུང་ལོ་བཅུ་དྲུག་ལ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གདན་སཙཱ་འདྲ་རིན་ཆེན་བྲག་ཏུ་སྒྲུབ་ཁང་ཆེན་མོར་སྒྲུབ་པ་བཞུགས་ཤིང༌། དད་བརྩོན་འགྲན་ཟླ་བྲལ་ཞིང་བླ་མ་ནོར་བུ་དོན་འགྲུབ་ཞལ་སྔ་ནས་གསར་རྙིང་གཏེར་གསུམ་གྱི་སྨིན་གྲོལ་ཆོས་བཀའ་དཔག་མེད་དང་ཁྱད་པར་གྲུབ་ཆེན་ཁྱུང་པོའི་གསེར་ཆོས་རྣམ་ལྔ་གདམས་ངག་ལག་ལེན་དང་བཅས་པ་བུམ་པ་གང་བྱོས་ཚུལ་དུ་བསྩལ་གནང་མཛད། གཞན་ཡང་སི་ཏུ་པདྨ་དབང་མཆོག་བཀྲ་ཤིས་ཆོས་འཕེལ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ། དཔའ་བོ་གཙུག་ལག་སྨྲ་བའི་སེང་གེ ས་སྐྱ་ཁྲི་ཆེན་སོགས་མཁས་གྲུབ་སྐྱེས་བུ་མང་པོར་བསྟེན་ནས་མདོ་སྔགས་གསར་རྙིང་གི་གདམས་སྐོར་དཔག་མེད་གསན་བསམ་སྒོམ་སྒྲུབ་ཆེར་གནང་ཀུན་གྱི་ཐུགས་སྲས་སུ་གྱུར། གཟིམས་ལམ་གྱི་སྐབས་སུ་འཇམ་མགོན་བླ་མ་དངོས་མཇལ་བར་རྨིས་ཞིང༌། དབང་ལུང་ཡོངས་རྫོགས་བསྐུར་ཏེ་རྗེ་ཉིད་ལ་ཐིམ་པའི་སྣང་བ་དང༌། སྐབས་ཤིག་ལ་རྗེ་ཉིད་པདྨ་འབྱུང་གནས་ཀྱི་སྐུར་གྱུར་ནས་ལྷ་སྲིན་མང་པོ་དང་དུ་བསྡུས་ནས་བཀའ་སྒོ་བ་དང༌། ཡང་བརྟན་སྨན་བཙུན་མའི་ཚོགས་རྣམས་མདུན་དུ་འདུས་ཏེ་དར་དང་རིན་པོ་ཆེའི་རྒྱན་བཅས་གར་དང་གླུ་ཡི་མཆོད་པ་སྣ་ཚོགས་ཕུལ། ནད་གདོན་གྱི་གནོད་པ་བྱུང་ཚེ་ཡི་དམ་གྱི་སྐུར་གྱུར་ནས་རྒྱལ་འགོང་དམ་སྲི་སོགས་[page 573] འདུལ་བའི་ཉམས་དང་རྨི་ལམ་བསམ་གྱིསི་ཁྱབ་ཅིང་རྗེ་ཉིད་བསྙུན་གྱིས་མནར་སྐབས་རྗེ་བཙུན་སྒྲོལ་མས་ལུང་བསྟན་ནས་སངས་རྒྱས་བྱང་སེམས་སོགས་དང་ཞིང་མཆོག་མང་པོ་ཞལ་མཇལ་ཞིང་སྨོན་ལམ་བཏབ་པ་སོགས་རྨི་ལམ་འབྱུང་བའི་རྟགས་མཚན་གསལ་པོར་མངའ། དགུང་ལོ་ཉེར་ལྔ་ནས་ཁྱིམ་གྱི་སོ་ཚོས་ཀུན་སྤོངས་ཏེ་མི་མེད་བྲག་ཕུགས་སོགས་སུ་ལོ་བཅུ་གཉིས་མཚམས་སྒྲུབ་མཛད། དད་གཤིན་རྫས་ཀུན་ཆོས་ཕྱོགས་སུ་བཏང་ནས་བྱ་བཏང་གི་རྒྱལ་པོ་གྱུར། ཀུན་དང་མཐུན་ཞིང་ཞེན་འཛིན་མེད་པའི་དགྲ་གཉེར་བར་མ་ཀུན་རོ་མཉམ་གྱི་སྙིང་རྗེས་སྐྱོང༌། འདོད་ཡོན་ཞེན་མེད་ཚོགས་ཀྱི་མཆོད་པར་རོལ་པའི་དུས་མཐའི་རྣལ་འབྱོར་པ། ཕྱི་གཞན་གནོད་གཞིར་བཅས་སྤོངས་པའི་རང་རྒྱུད་ཉེས་སྤྱོད་ལས་སྡོམ། ནང་གཞན་ཕན་བྱང་སེམས་ལ་རྟག་ཏུ་བརྩོན། གསང་བ་བསྐྱེད་རྫོགས་རིམ་གཉིས་ཟུང་འཇུག་ཉམས་སུ་ལེན་མཐར་འདོན་ཐུབ་པའི་གསུམ་ལྡན་རྡོ་རྗེ་འཛིན་པར་གྱུར། རྒྱལ་མཆོག་བཅུ་དྲུག་པ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་ཀོང་སྤྲུལ་སོགས་དམ་པའི་སྐྱེས་བུ་དུ་མས་རྗེ་འདི་ཉིད་འཇམ་མགོན་བློ་གྲོས་མཐའ་ཡས་དང༌། བཛྲ་རཏྣ་སོགས་ཀྱི་སྐྱེ་སྤྲུལ་ཡིན་ནོ་ཞེས། ཞལ་བཞེས་མཛད། ཟབ་མོའི་གཟུང་སྔགས་དང་སངས་རྒྱས་ཀྱི་མཚན་བསྒྲགས་བ་དང་མྱོང་གྲོལ་དམ་རྫས་རེག་གྲོལ་བྱེ་མ་སོགས་ཐབས་མཁས་སྣ་ཚོགས་ཀྱིས་སེམས་ཅན་བྱེ་ཕྲག་དཔག་མེད་ཐར་ལམ་ལ་འགོད་པར་མཛད། རྒྱལ་བསྟན་སྤྱི་དང་ལྷག་པར་ཀརྨ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འཆད་སྤེལ་འཛིན་སྐྱོང་གིས་བོད་དང༌། ནང་ས། རྒྱ་གར། འབྲུག འབྲས་ལྗོངས་སོགས་སུ་བསྟན་པ་སྤེལ་ཞིང་གདམས་པའི་སྲོག་མཐུད་པ་མཛད། སེ་ར་ལྷ་བཙུན་རིན་པོ་ཆེ། ཐོགས་མེད་རིན་པོ་ཆེ་སོགས་དང༌། འབྲས་སྤུངས་རྨོག་ལྕོག་རིན་པོ་ཆེ་དང༌། གཞན་ཡང་འབོ་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་སོགས་གསར་རྙིང་སྐྱེས་ཆེན་དུ་མར་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་གཏད་པ་མཛད། ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དང༌། ཞང་ཞུང་རྡོ་རྗེ་གདན། ལྷ་ཕུ་རྨོག་ལྕོག སྙེ་ཐང་རྨོག་ལྕོག་སོགས་སུ་ཇོ་ཤངས་ཀྱི་བསྟན་པ་སླར་གསོ་མཛད། ལྷ་ལྡན་དང་མཚུར་ཕུ། འབྲི་གུང༌། ཁྲོ་ཕུ། བཀྲ་ཤིས་ལྷུན་པོ་སྣར་ཐང་སོགས་དབུས་གཙང་གི་རྟེན་རྣམས་ལ་དད་མོས་དང་ཚོགས་བསགས་ཚིམ་པར་མཛད། ལྔ་བཅུ་པ་ལ་དགོས་དབང་དང་སྔོན་སྨོན་ལ་བརྟེན་ནས་རྒྱ་གར་འཕགས་ཡུལ་དུ་བགྲོད། ལྷོ་ལྗོངས་ས་ཕྱོགས་ཀུན་ཏུ་ཆོས་ཀྱི་འཆད་སྤེལ་མཛད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་སྟོན། རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་སྨིན་གྲོལ་གདམས་པའི་བདུད་རྩི་བསྩལ་ཞིང་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ། འཇམ་མགོན་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་སོགས་ཐར་ལམ་ན་རོ་དང་ནི་གུ་ཆོས་དྲུག གྲོལ་ལམ་ཕྱག་རྒྱ་ཆེན་པོ། ཤངས་པའི་གསེར་ཆོས་རྣམ་ལྔ་སོགས་བཀའ་བརྒྱུད་ཀྱི་གདམས་པའི་བཅུད་ཡོངས་རྫོགས་བུམ་པ་གང་བྱོས་ཚུལ་དུ་ཕུལ་བར་མཛད། བྲག་ཡབ་ཧོར་ཐོག་ཐུར་[page 574] སྟོད་རིན་པོ་ཆེ་དང༌། རྒྱུད་སྨན་མཁན་ཆེན། དགེ་བཤེས་རབ་བརྟན། གསོལ་གཟིམས་མཆོད་གསུམ། རྒྱུད་གྲྭ་སྟོད་སྨད། མཁན་པོ་ཁག་རྩེ། རྣམ་རྒྱལ་གྲྭ་ཚང་སོགས་སུ་དམ་པ་མང་པོར་གསང་བདེ་སོགས་རྒྱུད་སྡེ་ཆེན་པོ་ལྔ་དང༌། གསེར་ཆོས་རྣམ་ལྔ། མགོན་པོའི་བཀའ་ཆེན་མ་བཅུ་གསུམ་སོགས་ཀྱི་དབང་ཁྲིད་གདམས་ངག་ལག་ལེན་དང་བཅས་པ་ཕུལ་བ་མཛད། གཞན་ཡང་འཇམ་མགོན་མཁྱེན་བརྩེ་འོད་ཟེར། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྒྱལ་དབང་རིག་པའི་རྡོ་རྗེ། སོགས་ས་དགེ་བཀའ་རྙིང་རིས་མེད་ཀྱི་སྐྱེས་ཆེན་བུ་སློབ་གྲངས་ལས་འདས་པ་ལ་སྒྲིན་གྲོལ་དབང་ཁྲིད་གདམས་ངག་སོགས་བསྩལ། ཆོས་ནོར་གཉིས་ཀྱི་སྒོ་ནས་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་སྲིད་ཞུ་དཔག་ཏུ་མེད་པ་དང་འབྲས་འབྲུག་རྒྱ་བལ་གྱི་གནས་ཆེན་རྣམས་སུ་མཆོད་སྨོན་ཡིད་ཚིམ་ཞུས། དགེ་འདུན་རྒྱ་ཕྲག་གཉིས་ཙམ་ལ་སྒྲུབ་པའི་སྡེ་བཙུགས། འཛམ་བུའི་གླིང་དང་གླིང་ཕྲན་ཨི་ཏྲ་ལི། སུའི་སི། འཇར་མན། ཧོ་ལེན། ཕ་རན་སི། དབྱིན་ཇི། ཨ་མི་རི་ཀ ཁེ་ནེ་ཊ། འཇར་པན་སོགས་སུ་ལན་དུ་མ་ཕེབས་ཏེ། མི་རིགས་སྐད་ཡིག་མི་གཅིག་པའི་སྐྱེ་བོ་རྣམས་ལ་ལས་རྒྱུ་འབྲས་དང༌། ཐེག་པ་ཆེ་ཆུང་གི་ཆོས་གདམས་ངག་གནང་ནས་རྒྱལ་བསྟན་རིན་པོ་ཆེ་ཉི་མ་ལྟར་གསལ་བར་མཛད། སྣང་གྲངས་རྟོགས་ཚོགས་ཀྱི་ཆོས་རྣམས་བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུར་སྦྱངས། ལུགས་གཉིས་ཀྱི་མཛད་པ་ཐམས་ཅད་གཞན་དོན་ཁོ་ནར་དམིགས་ནས་བསྔོ་སྨོན་ཟབ་མོས་རྒྱས་བཏབ། ནོར་ལོངས་སྤྱོད་མ་ལུས་པ་ཆོས་ཕྱོགས་གཏོང་སྟེ་འབྲེལ་ཚད་ཐམས་ཅད་མཐོ་རིས་དང་ཐར་པ་ཐོབ་པའི་རྒྱུར་འགྱུར་བ་མཛད། འཁོར་ལོ་གསུམ་གྱི་མཛད་པ་མཐའ་ཡས་ཀྱང༌། ལོ་གྲངས་བཅོ་ལྔ་ཙམ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཞལ་ཐོག་ནས་ནས་བཟླས་བརྗོད་ཀྱང་དུང་ཕྱུར་གཉིས་ལྷག་མཛད། བཟང་སྤྱོད་སྨོན་ལམ་དང་འབྲེལ་བའི་མེ་མེ་བདུན་འབུམ་ཙམ་ཕུལ། ལྷ་ཁང་བཙུ་གསུམ་གསར་དུ་བཞེངས། གནས་ཆེན་ལྷ་ཁང་ཁག་ཤིན་ཏུ་མང་པོར་མཆོད་རྫས་དང་མར་མེ་སོགས་གྲངས་ལས་འདས་པ་ཕུལ། སྒྲུབ་སྡེ་བཅུ་ཕྲག་གཅི་དང༌། དུང་ཁོར་བཅུ་བཞི་གསར་དུ་བཙུགས། སྐུ་ཚེའི་དྲུག་ཆ་ཙམ་གྱི་དངོས་པོ་ཇི་ཡོད་ཡིག་དྲུག་རྡོ་ལ་བརྐོས། སྨྱུང་གནས་བརྒྱ་ཕྲག་མང་པོ་བཙུགས་ཤིང་ཕྱི་རྒྱལ་ཁག་ལ་ཆོས་གཞི་བདུ་བཅུ་ཙམ་གསར་འཛུགས་མཛད།
དེ་ནས་སྒྲིབ་ཁང་འོག་མ་ནི་དབོན་སྤྲུལ་དབང་གི་རྡོ་རྗེས་གསར་བཞེངས་མཛད་པ་དེ་ནས་རྒྱུན་མ་ཆད་པ་བྱུང་ཡོད། པདྨ་ཉིན་བྱེད་སྐབས་ཚུན་རྡོར་སློབ་བླ་མ་ལི་ཐང་ངེས་དོན། འཇམ་མགོན་བླ་མ་བཅས་སྒྲུབ་ཐེངས་ཁ་ཤས་དང༌། དེ་ནས་བླ་རྒན་དོན་འགྲུབ་སྒྲུབ་ཐེངས་བཅུ་གཉིས། ཁྱུང་པོ་ཀར་ཚུལ་སྒྲུབ་ཐེངས་གཉིས། མགྲིན་སྒྲུབ་གཉིས། ཡེ་ཤེས་འབྱུང་གནས་སྒྲུབ་ཐེང་བཞི་བཅས་སོ།།
སྒྲུབ་ཁང་ཡར་མར་གཉིས་ཀའི་སྒྲུབ་པ་པོའི་རྩ་བའི་རྨང་གཞི་ནི་སྒྲུབ་པ་ལ་ཞུགས་མཁན་རྣམས་སྡོམ་གསུམ་རྣམ་པར་དག་ཅིང་བཤད་གྲྭ་ལ་ཞུགས་ནས་མདོ་རྒྱུད་ཀྱི་ཐོས་བསམ་བག་རེ་ཡོད་པ། ཁྱད་[page 575] པར་ཚེ་ཕྱི་མ་དང་ཐར་བ་བྱང་ཆུབ་སྒྲུབ་པའི་འདུན་པ་ཡོད་ངེས་ལས་མ་བརྟག་པ་གང་བྱུང་མི་བཞག སྒྲུབ་པ་འཇུག་པ་པོ་ལ་ཐོག་མར་འདུན་པ་ཕྱིན་ཅི་ལོག་ཏུ་མ་སོང་བས་གཞི་ལེགས་པར་དུ་སྒྲུབ་བྱའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པས་གཞན་དག་མགུ་བ། མཐར་སྒྲུབ་པའི་འབྲས་བུ་ཆུད་ཟོས་སུ་མ་ཤོར་བས་རང་བློ་བདེ་བ་ཞིག་དགོས་ཐོག་མར་མཚམས་ཐོ་བཞག་ནས་བུང་ཐོ་མ་བླངས་ཀྱི་བར་སེར་སྐྱ་བུད་མེད་རིགས་དྲག་ཞན་ཆེ་ཆུང་སུའང་མཚམས་ཐོ་ནང་བཙུད་མི་ཆོག་པ་དང༌། གྲྭ་ཤག་སོ་སོར་བྱི་དོར། མཎྜལ། གཏོར་མ་སོགས་གང་འབྱོར་དངོས་གཙང་བྱས་ན་རང་རང་གི་རྒྱུད་དག་ཅིང་ཚོགས་རྫོགས་པའི་རྟེན་འབྲེལ་བྱ་དགོས། གྲྭ་ཤག་ཏུ་སྤོས་མེ་ཙམ་ལས་མེ་བཞག་ལེན་མི་ཆོག། སྤོས་མེས་ཀྱང་ལྷ་ཁང་དང་ཡོ་བྱད་བསྲེགས་པའི་ལོ་རྒྱུས་མང་བས་མེ་ཁྱེར་ལུགས་དང་ཚགས་ལུགས་ཤིན་ཏུ་སྟབས་གཟབ་བྱ་དགོས། གཏེར་སྒྲུབ་དང་ཚོགས་འཁོར་ལ་ཆང་ཕུད་ཕྲ་བུ་མ་གཏོགས་ཆང་རག་གི་རིག་སྒྲུབ་ཁང་ནང་དུ་ཁྱེར་མི་ཆོག ཁྱེར་འཐུང་བྱེད་མཁན་བྱུང་ན་ཆེ་བར་དར་དང་ཐག ཆུང་བར་མང་ཇ། བརྒྱ་ཕྱག་ཆད་པ་ཡོད། སྒྲུབ་པ་རྣམས་སྤྱི་ཕན་ཚུན་ཐོག་མ་ནས་ཡང་དག་ཆེ་བ་མི་བྱེད། ཐ་མ་འཁོན་པའི་རྒྱུར་འོང༌། འཁོན་རྒྱུ་བཟུང་དོན་མེད། རྡོ་རྗེ་མཆེད་ཀྱི་དམ་ཚིག་དང་འགལ། རྩེད་མོ་ཁ་མཚར་མི་རྩེ། རྩེད་སྣ་བྱུར་གྱིས་ཁྲིད་པ་ཡིན། ཕྱོགས་རིས་ཆགས་སྡང་མི་གླེང༌། ཆོས་པའི་མཚངས་ས་རྟགས་ངོམས་པ་འོང༌། ངན་པའི་དོན་ལ་གཅིག་རྒྱབ་གཅིག་འདུག་མི་བྱེད། གྲོགས་ངན་གྱི་བྱུར་ཆགས་དོན་མེད་ལ་འཁོར་བ་ཡིན། ཐམས་ཅད་བླ་མའི་བཀའ་དང་དགོངས་པར་བསྟུན། སྒོ་ཕྱི་ནང་བྱོན་བཞུགས་སྐབས་ཐམས་ཅད་ལ་གྲྭ་ཆས་དང་འབྲལ་མི་ཆོག བཀོད་པ་མི་ཉན་པ་དང༌། སྒྲིག་ལམ་མི་སྲུང་བ་སོགས་ལ་མང་ཇ། བརྒྱ་ཕྱག་འཚལ་བ་སོགས་བཅའ་ཡིག་འོས་ཤིང་འཚམ་པ་ཞིབ་ཕྲ་ཡོད་དོ། །
སྒྲུབ་པ་རྣམས་ལོ་གསུམ་ཕྱོགས་གསུམ་བྱེ་བྲག་གི་ཉམས་ལེན་སྒྲུབ་ཁང་ཡར་མར་གཉིས་དབྱེ་བ་ཅུང་ཡོད། འདིར་ཡང་ཁྲོད་སྒྲུབ་བཞུགས་རྣམས་ནས། ཐོག་མར་ཐར་བ་རིན་པོ་ཆེའི་རྒྱུན་དང་ལམ་རིམ་སྦྲགས་པའི་ཐུན་མོང་གི་སྔོན་འགྲོ་བློ་སྦྱོང་དང༌། བསགས་སྦྱོང་བླ་མའི་རྣལ་འབྱོར་རྣམས་གྲུབ་མཚམས་ཤངས་ལུགས་བདེ་མཆོག་ལྷ་ལྔ་དང༌། རྒྱུད་སྡེ་ལྔའི་བསྙེན་པ་བཏང༌། ལོ་ཕྱེད་ཤངས་ཆོས་རྩ་བ་དང་ཡན་ལག་ཚང་མ་ཉམས་སུ་ལེན། ལོ་གཉིས་པའི་ཕྱེད་ལ་དུས་འཁོར་ལྷ་དགུའི་བསྙེན་པ་དང་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པར་འབྲེལ་འཇོག་ཙམ་བྱས། ལོ་ཕྱི་མར་རྡོར་སེམས་དང་ཡང་དག་གི་བསྙེན་པ་དང་བླ་མ་ཡང་ཏིག་ཅི་འགྲུབ་བྱ་བ་དང༌། ལོ་རེ་བཞིན་དུས་འཁོར། བརྟག་གཉིས། བདེ་མཆོག་གསུམ་གྱི་རྒྱུད་ཚར་རེ། ཟླ་བ་དང་པོར་མར་མེའི་སྐུ་མཆོད། རས་འབུད་དང་མགུར་མཚོ། གཉིས་པར་སྨིན་གླིང་གཏེར་ཆེན་སྐུ་མཆོད་རིག་འཛིན་ཐུགས་ཐིག་ཚོགས་སྐོར། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་མཆོད་ཤངས་ལུགས་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཉིན་གསུམ། ནག་པ་ཟླ་བར་དུས་འཁོར་སྒྲུབ་མཆོད་རྣལ་འབྱོར་[page 576] མ་རིགས་བརྒྱའི་མཆོད་ཆོག་བཅས་ཉིན་བདུན། ལྔ་པར་བླ་མ་དགོངས་འདུས་སྐོར་ཆོག དགུ་པར་ཁྱུང་པོའི་དུས་ཆེན་ལ་ཤངས་ལུགས་བླ་མཆོད། བཅུ་གཉིས་པར་ཀུན་མཁྱེན་ཀློང་ཆེན་པའི་དུས་ཆེན་ལ་སྙིང་ཐིག་བླ་མཆོད། བཅུ་གཅིག་པར་རྟག་གཏོར་བརྗེ་བའི་གསོལ་ཁ་འཕར་མ། ལོ་མཇུག་ཏུ་མྱུར་མཛད་ཡེ་ཤེས་མགོན་བོའི་གཏོར་སྒྲུབ། ཟླ་བ་བཞི་པའི་དུས་ཆེན་ལ་ཚོགས་བསགས་གསོ་སྦྱོང་རྒྱས་བ་བྱ་བ་དང་ཟླ་རེ་བཞིན་ཚེས་བདུན་པདྨ་ཉིན་བྱེད་སྐུ་མཆོད་རྡོར་སེམས་སྒྲུབ་མཆོད། བརྒྱད་ཚེ་སྒྲུབ་གསང་འདུས་དང་སྒྲོལ་དཀར་སྒྲུབ་མཆོད། ཚེས་བཅུ་བླ་མ་དགོངས་འདུས་དང་བླ་སྒྲུབ་སྐབས་བབ་དང་པི་མའི་ཚོགས་མཆོད། བཅོ་ལྔར་དུས་འཁོར་མཆོད་ཆོག ཉེར་ལྔར་བདེ་མཆོག་སྒྲུབ་མཆོད། བརྒྱད་ཚེ་སྒྲུབ་གསང་འདུས་དང་སྒྲོལ་དཀར་སྒྲུབ་མཆོད། ཚེ་བཅུ་བླ་མ་དགོངས་འདུས་དང་བླ་སྒྲུབ་སྐབས་བབ་དང་པི་མའི་ཚོགས་མཆོད། བཅོ་ལྔར་དུས་འཁོར་མཆོད་ཆོག ཉེར་ལྔར་བདེ་མཆོག་སྒྲུབ་མཆོད་དང་མཁའ་སྤྱོད་དཀར་དམར་གཉིས་རེས་མོས། ཉེར་དགུར་བསྐོང་གསོལ་འཕར་མ། གནམ་སྟོང་གསོ་ལུགས་ཡང་དག་དང་ཉི་མ་རིང་སྐབས་ཟླ་བ་དྲུག་ལ་གསང་སྙིང་རྒྱུད། ཐུང་སྐབས་དྲུག་ལ་འཇམ་དཔལ་མཚན་བརྗོད་བཅས་རྒྱུད་ཐམས་ཅད་ཀྱང་སོ་སོའི་བཀླག་ཆོག་དང་ལྡན་པས་ཚུལ་བཞིན་བགྱིས་པ་དང༌། ཉིན་རེ་བཞིན་གྱི་ཞོགས་པར་དཔལ་ཆེན་ལྷ་ཁང་དུ་ཚོགས་གསོག་དང་འབྲེལ་བའི་སྡོམ་གསུམ་གསོ་སྦྱོང༌། དགོང་མོར་མགོན་ཁང་དུ་གསར་རྙིང་ཆོས་སྐྱོང་རྣམས་ཀྱི་སྐང་གསོལ་བསྟར་ཆགས། ཐུན་བཞིའི་རྣལ་འབྱོར་གྱི་རིམ་པའང་འཁྲིགས་སུ་བཀོད། ཟླ་རེ་བཞིན་དགེ་ཚུལ་སློང་སོ་སོས་ཉ་སྟོང་གི་གསོ་སྦྱོང་བཅས་དང༌། བྱེ་བྲག་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན། ལོ་དུས་ཟླ་དུས་ཀྱི་སྒྲུབ་མཆོད་སྐུ་མཆོད་འདོན་བྱ་འཕར་མ། ཞག་རེ་བཞིན་གྱི་ཐུན་བཞིའི་བཅད་ཁྲིད། མགོན་ཁང་སྒྲུབ་པ་པོའི་ཉམས་ལེན་དང་འདོན་བྱའི་སྐོར་བཅས་ཞིབ་པར་ཡང་བཅའ་ཡིག་ལྟར་ལག་ལེན་བྱེད་དོ། །
དགོན་པའི་གྲྭ་མང་གིས་བོད་ཟླ་དང་པོའི་ཚེ་ལྔ་ནས་ཚེས་བཅོ་ལྔའི་བར་བླ་བྲང་དང་བླ་མར་འགས་ཡོན་བདག་བགྱིས་ཏེ་སྨོན་ལམ་འཚོགས། ཚེས་བཅུ་བཞིའི་དགུང་མོར་མི་ལའི་མགུར་མཚོ་དང་བཅོ་ལྔའི་ཐོ་རངས་རས་འབུད་སེང་སྤྲེལ་དང་ཉིན་མོར་མི་ལའི་སྐུ་མཆོད་ཀྱང་འདོན་དགོས། ཟླ་བ་གཉིས་པའི་ཚེས་ལྔ་ནས་བཅོ་ལྔའི་བར་རྡོར་སེམས་སྒྲུབ་མཆོད་འཚོགས་ནས་ཚེས་བཅོ་ལྔར་ཁྲོམ་ལ་རྡོར་སེམས་དབང་བསྐུར། ཟླ་བ་བཞི་པའི་ཚེས་ལྔ་ནས་བཅོ་ལྔའི་བར་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བུམ་བསྒྲུབ་འཚོགས་ནས་ཚེས་བཅོ་ལྔར་ཁྲོམ་ལ་བུམ་སྒྲུབ་དབང་བསྐུར། ཟླ་བ་ལྔ་པའི་ནང་དུ་ར་ལུགས་དགྱེས་རྡོར། མ་ཧཱ་མ་ཡ། གསང་འདུས་གསུམ་ཉིན་ལྔ་རེ། རྒྱལ་བ་རྒྱ་མཚོ་ཉིན་བརྒྱད། མི་འཁྲུགས་པ་ཉིན་ལྔ། ཚེས་བཅོ་ལྔ་ཉིན་དབུ་ཆེ་མགུལ་སོགས་སུ་ལ་བསྟོད་དང་གཞི་བདག་གསོལ། ཟླ་བ་དྲུག་[page 577] པའི་ཚེས་གཅིག་ནས་ཚེས་བཅུའི་བར་ཚེས་བཅུའི་གསང་འདུས་ལེའུ་བརྒྱད་མ་འཚོགས། ལོ་ཤས་རེའི་མཚམས་ཚེས་དགུ་དང་ཚེས་བཅུ་གཉིས་ལ་གར་འཆམ་སྲོལ་ཡོད། ཟླ་བ་བརྒྱད་པའི་ཚེས་ཉེར་གཉིས་ནས་སུམ་ཅུའི་བར་དཔལ་སྤུངས་ས་འབྲི་དགོན་པ་གཉིས་བརླག་ཤུལ་གྱི་སྲི་རྐྱེན་ཟློག་པ་ལ་ཕུར་སྒྲུབ་འཚོགས། ཚེས་ཉེར་དགུར་ཕུར་གདབ་དང་ཟློག་པ་བོར། གནམསྟོང་དངོས་གྲུབ་ལེན། ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གཉིས་ནས་སུམ་ཅུའི་བར་གྲོ་ལོད་སྒྲུབ་མཆོད་དང༌། ཉེར་དགུ་ཉིན་གཏོར་བརྒྱག་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ནས་ཟླ་བ་དང་པོའི་ཚེས་གཅིག་བར་དགུ་གཏོར་འཚོགས། ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་དགུ་གཏོར་འཆམ་དང་བཅས་ཕྱི་དྲོར་དགུ་གཏོར་བརྒྱག དེ་ལྟར་ལོ་གཅིག་གི་སྒྲུབ་འཚོགས་ཆེ་ཤོས་ཡིན་ལ་རྒྱས་པ་བཅའ་ཡིག་སོགས་སུ་གསལ་ལོ། །
དཔལ་སྤུངས་དགོན་པའི་གྲྭ་ཚང་ཤོག་བཞི་སྟེ་སེ་ཚ་ཨ་ལོ་གཉིས་ཀྱི་གྲྭ་པ་ལ་སེ་ལོ་ཤོག ཕྱི་འབྲོག་པདྨ་རུབ་དང༌། འཛི་གཤན་གཉིས་ཀྱི་གྲྭ་པ་ལ་ཕྱི་འབྲོག་ཤོག་དཔེ་ཝར་ཆུ་ཉིན་སྲིབ་དང༌། དཔེ་ཁ་ཀཿཐོག་བཅས་ཀྱི་གྲྭ་པ་ལ་དཔ་ཝར་ཤོག སྨན་ཤོད་འཛིང་གཏེར་ལྷུང་ཙམ་མདོར་ཧོར་བོ་སོགས་ལ་ལྷ་རུ་ཤོག་ཟེར། འདུས་པའི་སྡེ་ནི་མཐའ་གཅིག་ཏུ་མ་ངེས་ཀྱང༌། འདུས་པའི་འཁོར་ནི་སུམ་སྟོང་དྲུག་བརྒྱ་ལྔ་བཅུ་བྱུང་ཞེས་འཁོད་ཡོད་པ་རེད། ཕྱིས་ནི་སྒྲུབ་ཁང་དང་བཤད་གྲྭ་ལྔ་སོགས་མི་བརྩི་བའི་གཞུང་གྲྭ་རྒྱ་དང་ལྔ་བཅུ་ཙམ་འདུག དགོན་དུ་མགོན་ཁང་ཁག་བདུན་དང་སྒྲུབ་ཁང་གཉིས་དབྱར་གནས་ཁང་གཅིག ཀུན་རིག་སྒྲུབ་ཁང་གཅིག སྤར་ཁང་གཅིག འདུ་ཁང་ཚོགས་ཆེན་བཅས་དང༌། དགོན་ལག་ནི་སྤུ་སྟོད་སྨད་དེང་བོད་ལྗོངས་ཁོངས་རྡོ་སྟོད་སྨད་དེང་རྔ་པ་འཛམ་ཐང་རྫོང་ཁོངས་འཇད་དགོན་ཁག་བཅུ་གསུམ་དེང་ཡུན་ནན་ཞིང་ཆེན་ཁོངས་སུ་གཏོགས། རྒྱལ་རོང་དེང་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ཀྱི་ཁོངས་ལྷོ་པ་ཕྱི་འབྲོག་དེང་ཆབ་མདོ་ས་ཁུལ་ཁོངས་མཚོ་སྔོན་ཞིང་ཆེན་སྐྱེ་དགུ་རང་སྐྱོང་ཁུལ་ལའང་དགོན་ལག་མང་པོ་ཡོད། དགོན་ལག་དེ་དག་ལ་དཔལ་སྤུངས་རང་ནས་བླ་བསྐོས་གཏོང་དགོས་པ་ནི་སྤུ་བོ་དགོན་ཁག་གཉིས། རྡོ་སྟོད་སྨད་གཉིས། མགུ་ལོག་རྒྱུད་སྡེ་དགོན། དེ་དག་ལ་བླ་གྲྭ་གསུམ་རེ་སྒར་པ་གཞིས་བཅས་དང༌། འདན་དྲང་ཐང་ཨོ་དར་རྒྱས་དགོན། རྣམ་རྒྱལ་གླིང༌། རྫོང་ཤོད་བཅས་ལ་བླ་མ་རེ་གཏོང་དགོས། སྤྱིར་བཀའ་དགོན་བརྒྱ་དང་བརྒྱད་ཅུ་གྲགས་པ་ཡོད།
སྡེ་འཁོར་དུད་ནི་སྡེ་དགེ་རང་ཞབས་ནས་ཨ་ལོ་སྐུ་ཚབ་གཉིས། སེ་ཚ་སྐུ་ཚབ་གཅིག ཧོར་རབ་[page 578] ཙམ་མདོ་སྐུ་ཚབ་གཅིག འཛིང་གཏེར་ལྷུང་གཉིས་ལ་སྐུ་ཚབ་གཅིག རྣམ་རྒྱལ་གླིང་ལ་སྐུ་ཚབ་གཅིག དྲན་ཐང་ལ་སྐུ་ཚབ་གཅིག མདོར་བརྒྱུད་སྐུ་ཚབ་གཅིག་བཅས་དང༌། འབྲོག་ཁུལ་གོ་ཆེ་ལ་ཤེ་དཔོན་གཡོག་གསུམ། ཕྱི་འབྲོག་ནོར་ཁག་གསུམ་ལ་དཔོན་རེ་རེ། རྟ་དཔོན་གཅིག། རི་མདའ་ལ་སྐུ་ཚབ་གཅིག། དཔོན་སྟོད་ལ་སྐུ་ཚབ་གཅིག ཕྱི་འབྲོག་ཤེར་སྡུད་དཔོན་གཡོག་ལྔ་དྲུག་རེ། ཨ་ལོ་དང་རྣམ་རྒྱལ་གླིང་ཐོག་སྡུས་དཔོན་གཡོག་གཉིས་རེ་བཅས་སྐུ་ཚབ་རྣམས་ལོ་གསུམ་རེ་དང༌། ཐོག་དང་ཤེར་སྡུད་རྣམས་ལོ་རེ་ཟླ་བ་ལྔ་དྲུག་རེ་ཡིན། དགོན་ལག་དང་སྡེ་འཁོར་པའི་མང་ཉུང་མ་ངེས་ཀྱང་སྔོན་ཆོས་ཁྲིམས་སོགས་ཀྱི་གཏམ་བཤད་སྐབས་ཤར་རྒྱལ་བ་དཔལ་སྤུངས་དགོན་པ་ནི། བཀའ་དགོན་བརྒྱ་དང་བརྒྱད་ཅུས་བརྟེན་པ། ས་དགོན་སྟོང་དང་རྩ་གཉིས་ཀྱིས་སྨོན་པ། རྒྱ་བོད་ཧོར་གསུམ་གྱི་འདུས་པ། རྒྱ་ནག་པོའི་ཡུལ་དུ་ཇ་ཞིང༌། འཇང་ཁྲ་མོའི་མཐིལ་དུ་འབྲས་ཞིང༌། བྱང་རྡོ་རི་མདོ་རུ་ཚྭ་ཞིང༌། སྡེ་དགེའི་ཡུལ་གྱི་གནམ་ས་ཕྱེད་བགོས་ཀྱི་བདག་པོ། རྫོང་ཁག་དགུ་ནས་ས་བོགས་འབྲུ་ཁྲག་དགོས་པ་ཡིན་ཟེར་སྲོལ་ཡོད་པས། སྡེ་དང་དགོན་ལག་གྲངས་མང་ཡོད་པ་ནི་གོར་མ་ཆག
བཅིངས་འགྲོལ་བཏང་རྗེས་དཔལ་སྤུངས་དགོན་ནི་སི་ཁྲོན་ཞིང་ཆེན་མི་དམང་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་སྲུང་སྐྱོབ་བྱས་སའི་བཀའ་བརྒྱུད་དགོན་པ་ཞིག་ཡིན་སྟབས། འདུ་ཁང་ཚོགས་ཆེན་གྱི་རྟེན་དང་བརྟེན་པ་བཅས་ཏང་དང་སྲིད་གཞུང་གིས་སྲུང་སྐྱོབ་ཐོབ་ནས་དགེ་འདུན་པ་བཅུ་གཉིས་སྒྲིག་འཛུགས་བྱས། དེ་དག་གིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་རེད། དེ་སྐབས་དགོན་དུ་སྐུ་འདྲ་རིགས་འདྲ་མིན་ཆེ་ཆུང་དགུ་བརྒྱ་ཙམ་དང་ཞལ་ཐང་རིགས་ཆེ་ཆུང་ཆིག་ཁྲི་ལ་ཉེ་བ། གསུང་རབ་པོད་སུམ་ཁྲི་ཉིས་སྟོང་བཞི་བརྒྱ། སྤར་ཤིང་ཁྲི་བཅུ་གསུམ། གཞན་མཆོད་ཆས་རིགས་འདྲ་མིན་སུམ་སྟོང་ཙམ་བདག་གཉེར་བྱས་ཡོད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་དཔལ་སྤུངས་དགོན་པའང་མེས་རྒྱལ་གྱི་ས་གནས་གཞན་དག་དང་འདྲ་བ་རྟེན་གསུམ་ལ་གནོད་ཚབ་ཆེན་ཕོག་ཏེ་མེད་པར་སོང༌། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག ཟང་ཟིང་ཡོ་བསྲང་བྱེད་པ་བརྒྱུད་རིམ་པ་ཁག་གི་སྲིད་གཞུང་གིས་མི་རིགས་དང༌། ཆོས་ལུགས་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་བྱའི་ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་སྤུངས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་བརྟེན་ལོ་དེའི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་སླར་ཡང་དགོན་སྒོ་[page 579] དངོས་སུ་ཕྱེས། དད་ལྡན་མང་ཚོགས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཁེ་དབང་ལ་ལ་འགན་ལེན་བྱུང༌། མེ་ཕོ་སྟག་ལོར་ཏང་དང་སྲིད་གཞུང་གིས་རྟེན་གསར་བཞེངས་བྱེད་ཡས་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་གཏོང་བ་དང༌། དད་ལྡན་སེར་སྐྱ་རྣམས་ཀྱིས་ཞལ་འདེབས་ཕུལ་བ་བཅས་ལ་བརྟེན་ཆུ་མོ་ཕག་ལོའི་སྟོན་ཟླ་གསར་ཚེས་དུས་སྒྲུབ་ཁང་འོག་མ་གསར་བཞེངས་དབུ་འཛུགས་ལ་ཤིང་བྱི་ལོའི་སྟོན་ཀར་ཨར་ལས་གྲུབ་སྟེ་ལོ་དེའི་ཟླ་བ་བཅུ་པའི་གསར་ཚེས་སྒྲུབ་པ་པོ་བཅུ་དགུ་དང་རྡོར་སློབ་བླ་མ་བཅས་སྒྲུབ་ཐེངས་དང་པོ་བཞུགས་ནས་དེང་སྒྲུབ་ཐེངས་གཉིས་པ་གྲོལ་གྲབས་ཡོད། ཤིང་མོ་གླང་ལོའི་དབྱར་ཚེས་ལ་ཡང་ཁྲོད་སྒྲུབ་ང་གསར་བཞེངས་དབུ་འཛུགས་ཏེ་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོའི་སྟོན་ཟླ་གསར་ཚེས་ཨར་ལས་གྲུབ་སྟེ་ལོ་དེའི་ཟླ་བ་བཅུ་པ་ཚེས་ཁར་སྒྲུབ་པ་པོ་ཉེར་གཅིག་དང་རྡོར་སློབ་བླ་མ་བཅས་སྒྲུབ་ཐེངས་པོ་བཞུགས་དང་དེང་སྒྲུབ་ཐེངས་གཉིས་པ་བཞུགས་གྲབས་བྱེད་བཞིན་ཡོད། ས་མོ་སྦྲུལ་ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་དགོན་པའི་བཤད་གྲྭ་དབུ་བརྙེས་ནས་ད་ལྟ་དངོས་ཞུགས་སློབ་མ་དང་མཁན་པོ་བཅས་ལ་དབྱིན་ཇིའི་རྒྱལ་ཁོངས་བཞུགས་པའི་འཛམ་གླིང་རོགས་སྐྱོར་ཚོགས་པའི་དབུ་འཛིན་ཨ་དཀོན་རིན་པོ་ཆེས་ལོ་རེར་རོགས་སྐྱོར་དངུལ་ཉིས་ཁྲི་དགུ་སྟོང་གནང་གི་ཡོད་དོ། །
གཞན་རྟེན་གསུམ་སོགས་གསར་བཞེངས་བྱས་པ་ནི་གཙོ་ཁང་སྦུག་ཏུ་བྱམས་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་ཐོག་རྩེགས་བཞི་ལྡན་རྒྱབ་ཡོལ་རྒྱན་དྲུག་བཞི་ཁྲི་དང་བཅས་པ་དང༌། གཡས་སུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་གདུང་མཆོད་རྟེན་ཟངས་གསེར་ལས་སྒྲུབས་པ། གཡོན་དུ་གསེར་ཟངས་ལས་བསྒྲུབ་པའི་མཉམ་མེད་ཤཱཀྱ་ཐུབ་པའི་སྐུ་བརྙན་ཐོག་ཚད་བཅས་བཞུགས། ཚོགས་ཆེན་འདུ་ཁང་ཆེན་མོའི་གདོང་གྲལ་གྱི་དབུས་ཕུགས་སུ་རྒྱལ་བ་བྱམས་པ་མགོན་པོ་དང་དབྱེར་མེད་པའི་སི་ཏུ་སྐུ་ཕྲེང་རིམ་བྱོན་མངའ་གསོལ་བའི་བཞུགས་ཁྲི་མི་འཇིགས་གདོང་ལྔ་བརྒྱད་ཀྱི་བཏེགས་པ་བྱིན་རླབས་ཀྱི་གཡུང་དྲུང་བརྙན་པ་ཁྲི་དམར་མ་བྱ་བ་གནས་པའི་གཡས་སུ་སློབ་དཔོན་པདྨ་འབྱུང་གནས་དང་གཡོན་དུ་ཐུགས་རྗེ་ཆེན་པོའི་སྐུ་བརྟེན་ཐང་ག་གསེར་ལས་བསྒྲུབས་པ་ཐོག་ཚད་བཞུགས། འདུ་ཁང་སྟེང་ཤོད་ཀྱི་ཀ་ཁྱམས་སོ་སོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་གཙོས་པའི་གསུང་རབ་གླེགས་བམ་གྲངས་མང་དང༌། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གྲྭ་ཚར། བཀའ་བརྒྱུད་གསེར་ཕྲེང་གྲྭ་ཚར། གནས་བརྟན་བཅུ་དྲག་གྲ་ཚར། གཞན་ཡང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མ། ཡི་དམ་ཆོས་སྐྱོང་སོགས་ཀྱི་ཞལ་ཐང་བཞུགས། སྐུ་བརྙན་ཡང་གསེར། དངུལ། ཟངས། ཙནྡན། སྨན་འདམ་སོགས་ལས་བསྒྲུབས་པ་མང་ཙམ་བཞུགས། འདུ་ཁང་རྒྱ་མཐོང༌། སྒོ་ཁང་སོགས་ཀྱི་ངོས་སུ། སངས་རྒྱས་བྱང་སེམས་དང༌། སྒྲུབ་རྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བླ་མ། ཡི་དམ། མཁའ་འགྲོ་ཆོས་སྐྱོང་སྲུང་མ། [page 580] རྒྱལ་ཆེན་སྡེ་བཞི། བདེ་བ་ཆེན་པོའི་ཞིང་བཀོད། སྲིད་པ་འཁོར་ལོ་སོགས་ཀྱི་ལྡེབས་རིས་ཉམས་གསོ་བྱས་པ་བཞུགས་སོ། །
གསེར་གདུང་ལྷ་ཁང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གདུང་རྟེན་དང༌། སྔོན་ཉམས་ཆག་མ་སོང་བའི་སངས་རྒྱས་སྟོང་སྐུའི་ལྡེབས་རིས་ངོ་མཚར་ཅན་བཞུགས། སྤར་ཁང་དུ་འོད་དཔག་མེད་དང༌། སྤྱན་རས་གཟིགས། གུ་རུ་རིན་པོ་ཆེ་གསུམ་གྱི་སྐུ་བརྙན་འདམ་ལས་བསྒྲུབས་པ་ཐོག་ཚད་རེ་བཞུགས། སྒྲུབ་ཁང་འོག་མར་རྒྱལ་བའི་བཀའ་བསྟན་འགྱུར་ཆ་གཅིག་དང་མཆོད་ཆས་ཡོ་བྱད་དང་འབུད་རྡུང་བཀྲོལ་གསུམ་གྱི་རོལ་ཆས། ཞལ་ཐང་སྣ་ཚོགས་བཅུ་ཕྲག་བཅས་བཞུགས་སོ།
ཡང་ཁྲོད་དུ་བདེ་མཆོག་ཧེ་རུ་ཀ མྱུར་མཛད་ཡེ་ཤེས་མགོན་པོ། ཡང་དག་སོགས་ཀྱི་སྐུ་བརྙན་འདམ་ལས་བསྒྲུབས་པ་ལུས་ཚད། བཀའ་བསྟན་འགྱུར་ཆ་སོགས་བཞུགས་གོང་སྨོས་ཀྱི་ལྷ་ཁང་ཁག་ཏུ་བཞུགས་པའི་རྟེན་གསུམ་སོགས་ལ་ནང་གཞུགས་སངས་རྒྱས་བྱང་སེམས་ཀྱི་འཕེལ་གདུང༌། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྐྱེས་ཆེན་རྣམས་ཀྱི་དབུ་ཐོད། དབུ་སྐྲ། ཚེམས། ན་བཟའ་དང༌། གདུང་རུས་ཀྱི་ཆ་ཤས་སོགས་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པ་ལ་གཟུང་གཞུག་རབ་གནས་ཁྱད་འཕགས་གྲུབ། དེ་ལྟར་བླ་བྲང་དང་སྒྲུབ་ཀང་སོགས་སུ་གནམ་རྒྱན། འཕན་དར། རྒྱལ་མཚན། ཡོན་ཆབ་མར་མེ་གཙོས་མཆོད་པའི་ཡོ་བྱད། རྔ་སིལ་སྙན། སྦྲུལ་ཆོལ། དུང་དཀར་དམར་རྒྱ་གླིང༌། རྐང་དུང་བཅས་རོལ་མོའི་རིགས། འབག འཆམ་གོས། འཚོགས་པའི་གྲྭ་གདན། གཉེར་ཁང་དང་ཐབ་ཚང་རྣམས་སུ་ཁྲོ་ཟངས་སོགས་ཀྱིས་མཚོན་པའི་ཉེར་མཁོ་རྣམས་ཡོད།
དེང་འདུས་པའི་སྡེ་གོང་ཞུས་ཤོག་བཞི་ལས་བྱུང་བ་རྡོར་སློབ་གསུམ། མཁན་པོ་གཉིས། དབུ་མཛད་ཆེ་ཆུང་བཞི། ཆོས་ཁྲིམས་གཅིག དགེ་གཡོག་གསུམ། མཆོད་གཡོག་གསུམ། སྒྲུབ་ཁང་ཁག་གཉིས་དང་བཤད་གྲྭའི་དབུ་མཛད། ཆོས་ཁྲིམས། མཆོད་དཔོན་བཅས་གོང་དུ་འཐུས་མེད། དེ་ལྟར་བསྡོམས་བླ་མ་༡༦༥དང་གྲྭ་པ་༣༡༡ཡོད། དེ་དག་ལ་གྲྭ་ཁང་ཆིག་བརྒྱ་ཡོད་ཅིང་གསར་བཞེངས་བགྱིས་པའི་གྲྭ་ཁང་སུམ་ཅུ་སོ་གཅིག་ཡོད།
དེང་སྐབས་དགོན་དུ་དགོན་བདག་གཉེར་ཨུ་ཡོན་ལྷན་ཁང་བླ་གྲྭ་བཅུ་གཅིག་རྩ་འཛུགས་བྱས་ཏེ། ཀྲུའུ་རིན་དང་ཀྲུན་རིན་གཞོན་པ། བདག་གཉེར། རྩིས་པ། དངུལ་གནེར་སོགས་ལས་བགོས་སོ་སོ་ཡོད་ལ། དེའི་འོག་ཏུ་དགོན་པའི་རིག་དངོས་སྲུང་སྐྱོབ། ཕྱོགས་བསྡུས་བདག་སྐྱོང༌། ཁོར་ཡུག་སྲུང་སྐྱོབ། ཁྲིམས་ལུགས་སློབ་གསོ་མེ་འགོག་བཅས་ཀྱི་ཚོ་ཆུང་རྩ་འཛུགས་བྱས་ནས་ས་སོ་སོའི་འོས་འགན་སྒྲུབ་བཞིན་པའོ། །
དུས་ཕྱིས་དཔལ་སྤུངས་དགོན་ལ་ལྷག་བསམ་དང་ཞབས་འདེབས་མཆོག་གྱུར་བླ་མ་ཀརྨ་བློ་གྲོས་[page 581] འོད་ཟེར་རམ་ཐང་བླ་ཚེ་དབང་མཆོག་ནི་སྡེ་དགེ་རྫོང་དཔེ་ཝར་ཨ་རབ་ཏུ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་སྐུ་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་བསླབ་པས་མཁས་པར་གྱུར། ཡ་རབས་ཀྱི་སྤྱོད་པ་དང་རང་གཤིས་བཟང་བས་ཀུན་དང་མཐུན། བླ་སྤྲུལ་ཡུལ་སྡེ་དང་ཞང་པོ་བླ་མ་བསོད་ནམས་སོགས་ཀྱིས་ཐུགས་རྩིས་ཤིན་ཏུ་ཆེ། དགུང་ལོ་བདུན་བརྒྱད་སྐབས་དཔལ་སྤུངས་དགོན་དུ་ལྷ་འབྲིར་སྦྱང་བརྩོན་བྱས། ཞང་རྒན་དེས་མཐུན་པ་སྤུན་བཞིའི་ཤོག་ལྷ་དང༌། རྒྱ་རིས་ཀྱ་ལྷ་དཔེ་ཞིག་བྱིན་པས་དེ་དག་དཔེ་མཛད་ནས་བྲིས། ཚོན་སྦྱོར་སོགས་ཀྱི་འགྲོས་ཙམ་སློབ་མཁན་མེད་ཀྱང་རང་སྟོབས་ཀྱིས་ཐང་ཀ་ཉི་ཤུ་ཙམ་ཚོན་བྲིས་མཛད་པས་ཞང་རྒན་གྱིས་གོང་གཤམ་སྦྱར་ནས་ཁྱིམ་དུ་བསྐུར། རང་ལོ་བཅུ་གཉིས་སྐབས་མ་རྒན་དང་ཞང་པོས་དཔལ་སྤུངས་དགོན་ཏུ་གྲྭ་པ་དང་ལྷ་སྦྱོང་འཇུག་རྒྱུའི་ཐག་བཅད། མཁས་མཆོག་འཇམ་དབྱངས་ཆོས་རྒྱན་སོགས་ཀྱི་མདུན་ནས་རིག་པའི་གནས་ལྔ་སོགས་ལ་གསན་སྦྱོང་མཛད། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚན་གདུལ་བྱ་བྱོན་ཞོར་ཞིག་ལ་ཁོང་གིས་ཁྱིམ་དུ་གདན་འདྲེན་ཞུས་ཏེ། བྲིས་པའི་ཞལ་ཐང་རྣམས་གཟིགས་པས་ཐུགས་ཤིན་ཏུ་དགྱེས། གྲྭ་ཆུང་འདི་ཀཿཐོག་ཏུ་ཅིས་ཀྱང་འོང་དགོས། གྲུ་ལྷ་ཕུར་བུ་ཚེ་རིང་མདུན་ནས་ལྷ་བྲིས་སྦྱོང་ན་མཁས་པ་ཞིག་འོང་ཚོད་འདུག་གསུངས་ཁོང་གི་བཀའ་བཞིན་ཀཿཐོག་ཏུ་ཕེབས་ཀྱང་གྲུ་ལྷ་དང་མ་མཇལ། འཇམ་དབྱངས་གསེར་རྟགས་ཕུན་ཚོགས་ཟེར་བས་ཀཿཐོག་བླ་རབས་ཞལ་སྐོང་འབྲི་བཞིན་ཡོད་པས་སྦྱོང་བརྡར་དང་ཁོང་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་ཐང་ཆེན་མོ་ཞིག་བྲིས། དེ་སྐབས་དཔལ་སི་ཏུ་རིན་པོ་ཆེས་གྲྭ་ཞིབ་ཆེན་མོ་མཛད་པ་དང་གྲྭ་ཁྲལ་གསར་བསྡུ་སྐབས་ཡིན་པས་ཁོང་ཡང་དཔལ་སྤུངས་ལ་འོང་དགོས་པའི་ཡི་གེ་དང་བསུ་མི་སླེབས་པ་ལྟར་ཕེབས། འཇམ་དབྱངས་ཆོས་རྒྱན་སོགས་ནས་སློབ་བཞུགས་ཡོད་པས་ཁོང་སྒྲུབ་ཁང་དུ་བཞུགས་རྒྱུའི་རེ་བ་ཡོད་བཞིན་བྱང་འདྲེན་དུ་བསྐོས། ཚོགས་ཆེན་སྒྲིག་ལམ་དང༌། རི་ཁྲོད་དུ་གསར་རྙིང་མང་པོའི་འདོན་ཕྱག་ལེན་ཤིན་ཏུ་བྱང་བར་མཛད། དབུ་མཛད་བྱས་དང་སྒྲུབ་སྡེ་ལོ་གསུམ་ཕྱོགས་གསུམ་མཐར་ཕྱིན། ཞང་རྒན་ནས་ད་དུང་ཀུན་རིག་དང་མི་འཁྲུགས་བསྙེན་མཚམས་བཞུགས་རྒྱུའི་ཐུགས་འདུ་མཛད་ཀྱང་དཔལ་སྤུངས་སི་ཏུ་རིན་པོ་ཆེས་ཡིག་བརྒྱ་དུས་འཁོར་ལྷ་ཁང་བཅས་གསར་བཞེངས་བྱེད་རྒྱུའི་བཀའ་ཕེབས་པས་ཁོང་དང་ས་གནས་ཁག་གི་ལྷ་བཟོ་བ་མང་པོ་དང་དབུ་མཛད་ཕན་ཁ་སྒྲོན་སྐྱབས་ཟེར་བའི་བན་རྒན་ཞིག་བྱུང་བས་ལྷན་དུ་བྲིས། ཁོང་ཡང་དགུང་ལོ་ཉི་ཤུ་ཙམ་དུ་ཟིན། བར་ལམ་རྣམས་སུ་རིས་མེད་ཀྱི་བླ་མ་དུ་མར་བསྟེན། དབང་ལུང་ཁྲིད་གསུམ་མ་ཐོབ་པ་མེད་པར་མཛད། དེ་ནས་དཔལ་སྤུངས་དགོན་པའི་འདུ་ཁང་ཆེན་མོ་རྒྱ་བསྐྱེད་གསར་སྐྲུན་མཛད་སྐབས་མདོ་སྨད་ཁམས་སུ་ལྷ་བཟོ་མཁས་པ་འཚོལ་བས་སྒར་སྟོད་ཕྱོགས་ནས་སྤྲུལ་པའི་བཟོ་བོ་གནས་ཆེན་དགེ་འདུན་གྱི་དངོས་སློབ་དཀར་འབྲུག་ཅེས་ཕྱིས་འདིར་འགྲན་ཟླ་བྲལ་[page 582] བའི་ལྷ་བཟོ་མཁས་བཙུན་ཟུང་ལྡན་དེའི་ཕྱི་ནང་ཀུན་གྱི་བྲིས་འབུར་རྣམས་ཀྱི་གཞི་བཏིང༌། ཁོང་ནི་རི་མོ་བརྐོས་བླུགས་སོགས་འགྲན་ཟླ་བྲལ་བ་མ་ཟད་ཐེག་ཆེན་གྱི་གནས་མཐའ་དག་ཐུགས་ལ་མངའ་བ་དེ་ལས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སོ་སོར་མ་འདྲེས་པའི་ཐིག་ཚད་དུས་འཁོར་དང་སྡོམ་འབྱུང་གི་དགོངས་པ་འཁྲུལ་མེད་ལམ་ཙམ་མིན་པའི་ཞིབ་ཆ་གསན་སྦྱོང་མཛད། ཡུན་རིང་མ་འགོར་བར་རིག་གནས་སྤྱི་དང་ཁྱད་པར་མཛེས་རྩལ་རི་མོ་ལ་སྦྱོང་སྟོབས་ཀྱིས་རྩལ་རྒྱས་ལྷ་བཟོའི་ཁྱུ་ལས་འབུར་དུ་ཐོན། ལོགས་བྲིས་ཆེན་མོའི་ཚོན་མདངས་སྐབས་མེ་ཏོག་བྲིས་ཡོད་པའི་ཐོག་སྦྲང་མ་འབབ་པ་དང༌། ཆོས་མཇལ་པས་ལོགས་བྲིས་ངོས་ནས་བྱ་ངང་པ་འཕུར་བྱུང་སྙམ་པའི་འཕྲུལ་སྣང་སྟོན་པ་དང༌། བྱི་བ་བྲིས་པའི་ཐོག་ལ་བྱི་ལ་མཆོང་བ་སོགས་ངོ་མཚར་བའི་འབུར་གཟུགས་ཀྱི་ཚོན་སྦྱོར་མཛད། གཞན་ཡང་བཟོ་གནས་ཀྱི་འཕྲུལ་ལ་ལེགས་པ་བྱང་བའི་རྟགས་སུ་དུས་ཅིག་སྐྱ་རིས་སྐབས་ལྷ་བཟོ་དབུ་མཛད་མང་སོས་ཐིག་དང་སྦྲགས་ནས་འབྲི་བཞིན་ཡོད་པས་ཁོང་ནས་ཐིག་སོགས་ཀྱི་རྒྱས་སྤྲོས་མ་མཛད་ཀྱང་རྗེ་སི་ཏུ་རིན་པོ་ཆེས་ལྷ་རྩིས་ལེན་སྐབས་གཞན་དག་ལས་ཆ་ཚད་དང་ཉམས་འགྱུར་འབུམ་གྱི་ཁྱད་པར་ཡོད་པ་གཟིགས་འཕྲལ་བཟོ་གནད་ཀྱི་ཕྱོགས་ལ་ལེགས་པ་བྱང་བར་ཆ་ཚད་ཀྱི་ངེས་པ་མེད་ཅེས་གཟེངས་སུ་བསྟོད་དོ། །
དེ་བཞིན་གསོན་ཉམས་ལྡན་པའི་སི་ཐང་མང་པོ་བྲིས་པས་མཛེས་དཔལ་ཆེ་བའི་ཉམས་ཀྱི་ཡིད་དབང་མེད་དུ་འཕྲོག་ནུས། མདོར་ན་རི་མེའི་འདུ་བྱེད་ཀྱི་སངས་རྒྱས་ཀྱིས་བསྟན་པ་དར་བ་མཛད་པས་རྫོང་སར་འཇམ་དབྱང་ཆོས་ཀྱི་བློ་གྲོས་ཀྱིས་ཐང་བླ་ཚེ་དབང་གིས་བྲིས་པའི་ཞལ་ཐང་ལ་རབ་གནས་ཀྱི་སྤྲོས་མ་གྲུབ་ཀྱང་བྱིན་རླབས་ཀྱ་ཚན་ཁ་ཉམས་མེད་དུ་གནས་ཞེས་གསུངས་བཞིན་དུ་བྲིས་སྐུ་རྗེ་རང་ཉིད་ཀྱི་དབུ་ལ་ལནགསུམ་བཞག་སྟེ་འདི་ནི་སྤྲུལ་པའི་བཟོ་བོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་མཆོད། རྗེ་སི་ཏུའི་འཕྲིན་ལས་ཀྱི་སྤྲུལ་པ་ཡིན་ཞེས་ཞལ་གྱིས་བཞེས་སོ། དེ་ནས་དགུངལོ་ལྔ་བཅུའི་བར་ཙམ་ལ་གཙོ་ཆེར་སི་ཏུ་རིན་པོ་ཆེའི་རྟེན་བཞེངས་གྲངས་མེད་མཛད་པ་ལ་ཐུགས་བརྩོན་ལྷོད་མེད་དང༌། བར་ལམ་དབོན་སྟོན་ལྷུན་རྩེ་བཤད་གྲྭར་ལོ་གཉིས་བཞུགས། དབོན་སྟོན་མཁྱེན་རབ་མདུན་ནས་དབུ་མའི་སྐོར་སོགས་དང༌། བཀའ་གཏེར་གསར་རྙིང་གི་དབང་ལུང་ཁྲིད་གསུམ་དང་མན་ངག་སོགས་དད་བརྩོན་ཆེན་པོས་ཞུས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་དྲུང་ཡིག་མཛད་ནས་ལོ་ཤས་བོད་དུ་འགོར། ལྷ་ལྡན་གྱི་གཞུང་སྲོང་ནས་རས་གཞི་ཆེ་ཆུང་སྟོང་ཚོ་ཙམ་དང༌། སྐྱ་རིས་ཁྲི་ཕྲག་ལས་བརྒལ་བའི་སྐུ་བརྙན་རྣམས་ནི་གང་ཟག་རབ་འབྲིང་ཐ་གསུམ་སུས་མཇལ་ཡང་རྒྱལ་བ་སྲས་མངོན་སུམ་མཇལ་བ་ལྟར་བྱམས་པའི་སེམས། བརྩེ་པའི་ཉམས། འཛུམ་པའི་མདངས། མཛེས་པའི་རྣམ་འགྱུར་སོགས་འཛོམས་པ་ཤ་སྟག་གོ །གཞན་ལ་སློབ་སྟོན་མཛད་སྐབས་རིག་པ་རྟུལ་པོའང་བློ་[page 583] རིག་ཕྲལ་དུ་སད་ནས་བཙན་ཐབས་སུ་རིག་པའི་གནས་ལ་སྤོབས་པའི་དཔལ་ཐོབ་པ་སོགས་མཐོང་ཆོས་སུ་ཡོད་དོ། སྤྱི་ལོ་༡༩༨༢ལོ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཛེས་རྩལ་རི་མོའི་དགེ་རྒན་མཛད། ཁོང་གིས་ཐིག་ཚད་ཚོན་སྦྱོར་མཛེས་རིས་སོགས་སློབ་ཁྲིད་མཛད་པའི་དངོས་སློབ། སྟོད་རྒྱ་གར། སྨད་རྒྱ་ནག་བར་བརྒྱ་ཕྲག་ལས་བརྒལ་བ་ཡོད། དེ་དག་ལའང་རྐྱ་འཕེར་བའི་སྐལ་ལྡན་ཤ་སྟག་ཡོད། དུས་ཕྱིས་བསྟན་པ་ཉམས་གསོ་སྐབས་མདོ་སྨད་ཁམས་ཀྱི་དགོན་སྡེ་ཕལ་ཆེའི་སྐྱ་རིས་མཛད་དང༌། སྡེ་དགེ་པར་ཁང་དུ་གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཉེར་གསུམ་དང༌། གུ་རུ་མཚན་བརྒྱད་དང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་སོགས་ཀྱི་སྤར་གཞི་དང༌། དཔལ་སྤུངས་དགོན་པ་དང༌། གཡུ་འབྲུག་ལྷ་ཁང༌། ལྕགས་ར་དགོན། དགོན་ཆེན་དགོན་སོགས་ཀྱི་ལྷ་བཀོད་དང་ལོགས་བྲིས་ཚང་མའི་སྐྱ་རིས་ཁོང་གིས་བྲིས། རི་མོའི་རིང་ལུགས་ལེགས་པའི་ཆ་ཐམས་ཅད་བཏུས་ནས་བྲིས་པའི་སྒར་སྨན་འདྲེས་མའང་སྡེ་རིས་ཞེས་པའི་སྲོལ་དུ་ཡོད་པར་མཛད། དེ་མིན་ཡང་ཁྲོད་ལྷ་ཁང་དུ་བདེ་མཆོག་ཡང་དག ཕྱག་དྲུག་པ་སོགས་ཀྱི་སྐུ་བརྙན་འདམ་ལས་བཟོས་སློབ་མ་མཐོ་དམན། ཕྱུག་དབུལ་ཐམས་ཅད་ལ་ཐུགས་བརྩེ་མཚུངས་པས་ཞིབ་ཁྲིད་དང༌། དབུལ་པོ་ཕལ་ཆེར་བར་འཚོ་བ་ཉིད་ནས་བསྩལ། སྐུ་ཚེ་ཧྲིལ་པོ་བོད་ཀྱི་རིག་གནས་འབའ་ཞིག་དར་སྤེལ་བཏང་སྟེ། མཐར་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བརྒྱད་པའི་ཚེས་ཉེར་བདུན་ལ་དགོངས་པ་ཞི་བའི་དབྱིངས་སུ་ཐིམ་མོ། །
དགོན་པའི་བཅའ་ཡིག་ལྟར་སྒྲིག་ལམ་ནི་དགེ་ཚུལ་སློང་ཞིག ཡིན་ཕྱིན་གཞི་བྱེས་གང་དུ་འགྲོ་སྡོད་བྱེད་ཀྱང་འདུལ་ཁྲིམས་མཐའ་དག་དང༌། སྡོམ་པ་གོང་མ་གཉིས་ཐོབ་ནས་དེ་དག་གི་སྡོམ་པ་རྣམས་སྲུང་དགོས་པ་གཞིར་བཅས། ཐ་ནའང་འདི་ཙམ་ཞིག་མ་བྱུང་ན་གྲྭ་པའི་གྲངས་སུ་མི་འགྲོ་བས་རྒྱན་གྱི་སྤྱོད་ལམ་དུ་ཞོགས་པར་སྔོན་འགྲོ་བཞི་སྦྱོར་ནས་ཡི་དམ་གང་ཡིན་གྱི་མངོན་རྟགས་དང་བཅས་པའི་བཟླས་པ་དང་ཆུ་གཏོར་སོགས་དང༌། དགོང་མོར་གཏོར་བསྔོས་ལུས་མཆོད་སྦྱིན་བསྔཻཾ་བ་སྨོན་ལམ་སོགས་ཆག་མེད་དང༌། བསྙེན་རྫོགས་མ་ཞུགས་པ་ཡིན་ཡང་རྟགས་མི་བོར་བ་དང༌། སློབ་གཉེར་ལ་བརྩོན་པ་དང༌། ཚོགས་སུ་ཆོས་གོས་རྣམ་གསུམ་ཟླ་གམ་རྩེ་ཞྭ། གདང་བ་སྒྲིག་ལྷམ་སོགས་སྲོལ་གང་ཡོད་དེ་རིགས་ལས། ཀོ་ནག་གི་ལྷམ་སོགས་དགོན་དང་གཞི་བྱེས་གང་ལ་ཡང་གྱོན་མི་ཆོག རབ་བྱུང་གི་རྟགས་དང་འགལ་བའི་ཚྭ་ཁེ་ཚོངས་སྤོགས། ཁྱད་པར་དམར་ཚོང༌། མགོ་སྐོར་འཕྲོག་བཅོམས། ཧོར་ཆས། ཆང་འཐུང་གླུ་བྲོ་སོགས་སྐྱེ་བོ་ཕོ་མོ་དང་མཉམ་དུ་སྤྱོད་པ་དང༌། ཁྱིམ་པའི་གཡོག་བྱེད་པ་སོགས་རྒྱལ་བསྟན་ལ་སྨ་འབེབས་ཤིང་སྦྱིན་བདག་གི་དད་པ་ལོག་པའི་རྐྱེན་བྱེད། དད་རྫས་ཆུད་གསན་ཚེ་འདིར་རང་ཉིད་སེར་སྐྱ་གང་གི་མིའི་ཁྱུ་ནས་བུད། ཕྱི་མ་ངན་སོང་གི་བོན་དུ་འགྱུར་བའི་ལས་ཀྱི་རིགས་མངའ་དག་དགོན་པའི་བཅའ་ཁྲིམས་ལྟར་བཤགས་འོས་བཤགས། བསྡོམས་འོས་རྣམས་མ་[page 584] བསྡམས་ན་ཆད་ལས་འབེབས་དགོས་སོ། །དགུན་བཅའ་ཚོགས་དུས་རང་རང་གྲོགས་དང་བཅས་པར་བླ་མ་དབུ་ཆོས་ཀྱི་དྲི་རྩད་ཞིབ་ཏུ་བཅད་པའི་སྟེང་དུ་ཚགས་སུ་ཚུད་པར་བྱེད། ཁྱད་པར་སྡོམ་པ་གསུམ་གའི་རྩ་སོ་སོ་ཐར་པའི་རྩ་བའི་ལྟུང་བ་བསྐོར་གྲགས་པའི་མི་བསད་པ། གསེར་ཞོ་ལྔ་ཡན་གྱི་རིན་ཐང་དང་མཉམ་པའི་དངོས་པོ་བརྐུས་པ། བུད་མེད་སྤྱད་པ། ལྷ་མཐོང་འདྲེ་མཐོང་སོགས་བཟང་བརྫུས་གཞན་མགོ་སྐོར་བའི་མི་ཆོས་བླ་མའི་རྫུན་ཏེ་བཞི་ནི་ཤིང་ཏཱ་ལའི་འགོ་བཅད་ནས་འཕེལ་ཞིང་རྒྱས་པ་དང༌། སྔོན་པོ་འགྱུར་དུ་མི་རུང་བཞིན་དུ་གསུངས་པས་སྡོམ་པ་རྩ་ནས་ཉམས་པ་ཡིན་པས། དེ་རྣམས་ཀྱི་སྟེང་དུ་རྩ་བ་བཞི་དང་ཕལ་ཆེར་མཚུངས་པའི་དགེ་འདུན་དཀྲུག་སེལ་གྱི་དབྱེད་བྱེད་བཅས། བྱུང་ན་གནས་གསུམ་མཇལ་ནས་ཇོ་ཤཀཡགི་བསྐོར་བ་ཕྱི་ནང་བར་གསུམ་གང་ཡིན་བསགས་ཐུབ་ནའང༌། ལོ་གསུམ་སྟན་ཐོག་གཅིག་ཏུ་སྟབས་བཞིའི་བཤགས་པ་བྱའི་མཇུག་ཏུ་མང་ཇ། རྣམ་བཞག བརྒྱ་ཕྱག་བཅས་ཀྱི་གནང་བ་ཞུས་ནས་བསླབ་པ་སྐྱར་དུ་སོར་ཆུད་རྩིས་དང༌། ཡང་ལུས་ལོག་ཀྱང་སེམས་མ་ལོག་པའི་བླ་གྲྭ་ཚང་མ་ལ་ཞུ་བཤགས་ཚད་ལྡན་བྱེད་འདོད་ཅན་བྱུང་ན། རྟེན་གཙོ་སྙན་དར་ལུས་ཚད་དང༌། ཚེ་འབར་ཀོང་ཆེན་གང༌། བླ་བྲང་ལ་ཁ་བཏགས། ཇ་འཁོར་དྲུག་ཅུའི་བབ། གྲྭ་ཚང་ལ་མང་ཇ་རྣམ་བཞག ཇ་འཁོར་དྲུག་ལྔའི་བབ། དབུ་ཆོས་ལ་ཇ་ཁག་རེའི་བབ་བཅས་ཟླ་གསུམ་ཚུན་དུ་རྗེས་གཙང་སྒྲུབ་དགོས་པ་བཅས་དུས་རྣམ་ཀུན་གྱི་བཅའ་བ་ཡིན་ཞིང༌། དགོན་ནང་དུ་བུད་མེད་ཉི་མ་མ་ཤར་གོང་དང་ཉི་མ་གྲིབ་ནས་དགོངས་པ་ཞུས་པའི་སྐུ་དྲག་ཐག་རིང་གི་མཇལ་མི་ལྟ་བུར་དམིགས་བསལ་མ་གཏོགས་འགྲོ་སྡོད་བྱེད་མི་ཆོག དེའི་སྐྱོན་གྱིས་འདོན་བརྗོད་གང་ཡང་ཆད་བུན་ཆེ་བའི་ཕྱིར་རོ། །ཁའི་འཐབ་རྩོད་གཞན་གྱིས་ཚོར་བ་བྱས་ན་བརྒྱ་ཕྲག་གཅིག་ནས་བཞིའི་བར་དང༌། ལག་འཛིང་ཆུང་ན་མང་ཇ་རྣམ་བཞག བརྒྱ་ཕྱག་ཇ་ཁག་ནས་འཁོར་དྲུག་གི་བར་ཉེས་ཆེ་ཆུང་དང་ལེན་པ་ཡོད་མེད་ཞིབ་ལྟས་ལུས་ཆད་སོགས་ཕྱི་ལམ་ཁེགས་བ་བཅད། ཆོས་ཁྲིམས་ཀྱིས་ཇི་ལྟར་འོས་པའི་བཀོད་པ་ལ་མ་ཉན་བའི་ངག་ཁྲེབ་བྱས་ན་བརྒྱ་ཕྲག་ནས། མང་ཇ་རྣམ་བཞག་གི་བར་ཉེས་དང་བསྟུན་པའི་ཆད་པ་བཅད། བརྐུས་པ་གསེར་ཞོ་ལྔ་ཕྱིན་ཆད་ཆེ་ཆུང་འོས་བབ་ལྟ་བའི་ལག་གིས་འཛིང་པ་དང་འདྲ་བའི་ཆད་པ་བཅད། ཁ་ལན་བྱས་ན་མང་ཇ་བརྒྱ་ཕྱག བླ་བྲང་ལ་ཇ་ཁག་ཆོས་ཁྲིམས་ལ་ནས་ཁལ་གཅིག་གིས་བཤགས་པ་དང༌། ལག་ལེན་བྱས་ན་གནས་ནས་དབྱུང༌། དགེ་གཡོག་བཞིའི་འོས་པའི་བཀོད་པ་བྱས་པ་མ་ཉན་ན་བརྒྱ་ཕྱག་སོགས་འོས་བབ་དང༌། ཁ་ལན་མཚང་འབྲུ་སྨ་འབེབས་བཞད་འུར་ཚོགས་དང་གླིང་གསེབ་གང་ནས་བྱ་ཀྱང་མང་ཇ། རྣམ་བཞག བརྒྱ་ཕྱག་ནས་ཁལ་གཅིག་གི་ཆད་པ་བཅད། ལག་ལེན་བྱས་ན་མང་ཇ་རྣམ་བཞག བརྒྱ་ཕྱག་ཇ་འཁོར་དྲུག་གཅིག་གི་ཆད་པ་བཅད་པའི་ཕྱེད་དགེ་གཡོག་བཞིར་སྟེར་ཆོས་ཁྲིམས་དགེ་གཡོག་གྲྭ་པ་ནང་ཕན་ཚུན་ཕྱོགས་ལངས་བྱེད་ན་ཉེས་བཏུན་ཆད་པ་[page 585] སོ་སོར་བཅད། ངན་པའི་རྒྱབ་ཤེད་བློ་སྟོན་གྲོས་གཅིག་ནས་ངན་པ་གང་ཡིན་དེ་དང་ནེས་ཆེ་ཆུང་འདྲ། རྒྱུན་འཚོགས་སྐབས་དགོངས་པ་མ་ཞུས་པར་ཚོགས་ལ་མ་ཞུགས་ན་ཚོགས་ཐེངས་རེ་ལ་བརྒྱ་ཕྱག་རེ། བརྡ་རྫོགས་ནས་ཚོགས་བགག་ལུས་ན་ཡུན་རིང་ཐུང་དང་བསྟུན་པའི་ཕྱག་བཅུ་གྲངས་རེ་ཕུལ་བཅུག ཚོགས་ཆེན་ལ་བརྡ་བཏང་སྐབས་གླིང་སྟོད་སྨད་གོ་ཐོས་འོང་ངེས་དང༌། ཚོགས་ཐེབས་སྐབས་ཀྱང་ཚོགས་པའི་འགྲོས་བསྟུན་ལས་བརྡ་ཧ་ཅང་ཐུང་ན་དགེ་འདུན་རྣམས་རྒྱུག་འཆོང་དགོས་པས་དལ་བྲེལ་རན་པ་དང༌། ཚོགས་ནས་དགོངས་ཞུ་ཆབ་མ་བཏང་བར་ལངས་ན་བརྒྱ་ཕྱག་དང༌། ཚོགས་ཞུགས་ཚེ་ཡང་ཆོ་ག་གང་ཡིན་གྱི་དབྱངས་གདངས་ཕྱག་རྒྱ་རྔ་རྡུལ་དྲིལ་བསིལ་ལྷ་སྔགས་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གཏོད་དེ་ལུས་དྲང་པོར་གནས་པ་ལས་འདོན་པ་དཀྲུག་པའི་སྐད་མི་མཉམ་པ་རྒྱག་པ། མགོ་གཏུམས། གཏམ་ལབ། གཉིད་ཡུར། རང་བཞིན་དུ་སྡོད་པ། ཕར་ཚུར་ལྟ་སོགས་བྱེད་མི་ཆོག་ཞོགས་གུང་སོགས་ཡར་ཚོགས་སྐབས་དགེ་འདུན་རྣམས་གཟན་ཟླུམ་ཁྱེར་དང་བློ་གྲོས་འཕེལ་བའི་རྟེན་འབྲེལ་གྱི་གང་བློ་མ་འུར་འདོན་དང༌། ཚོགས་ཕྱིར་གྲོལ་དུས་སྙིང་རྗེ་ཆེན་པོའི་འགྲོ་བའི་དོན་དུ་འབྱུང་བའི་རྟེན་འབྲེལ་དུ་མ་མ་ཎི་འུར་འདོན་གྱིས་འགྲོ་བ་ལས་གཏམ་ལབ། རྒྱུག་མཆོང༌། ལག་སྦྲེལ་སོགས་མ་དུལ་བའི་སྤྱོད་ལམ་གྱིས་འགྲོ་མི་ཆོག དུས་མཆོད་ནི་ཚེས་བརྒྱད་སྔ་དྲོར་སྒྲོལ་ལྗང་མཎྜལ། ཕྱི་དྲོར་རྒྱལ་བ་རྒྱ་མཚོ། ཚེས་བཅུའི་སྔ་དྲོར་གསང་འདུས་ལེའུ་བརྒྱད་མ། ཕྱི་དྲོར་རྡོ་རྗེ་ཕག་མོ། ཚེས་བཅུ་བཞིར་ཚེ་ཆོག བཅོ་ལྔ་ཀུན་རིག་ཉེར་ལྔར་བདེ་མཆོག་དང་ཕྱག་བཞི་པ་དང༌། ཉེར་བརྒྱད་ཚེ་ཞིང༌། ནེར་དགུར་བསྐང་གསོ་རྒྱས་པ། གནམ་གང་མི་འཁྲུགས་པ་དང༌། ཆོས་སྤྱོད་རབ་གསལ་སོགས་སྔོན་གྱི་འདོན་སྲོལ་གང་ཡོད་བསྟར་ཆགས་དང༌། ཉ་སྟོང་གི་གསོ་སྦྱོང་ལ་སྟོན་པའི་རྗེས་འཇུག་ཡིན་པས་ནད་པ་ཕུད། དེ་བྱིང་དགེ་ཚུལ་སློང་ཡོངས་རྫོགས་ཉེས་ལྟུང་ཕྱིར་བཅོས་ཀྱི་ཆེད་དུ་རྒྱུན་པར་ཞོགས་ཚོགས་ལ་རྣམ་རྒྱལ་འཇོམས་ཆོས་སྤྱོད་འདོན་རེས་ཀྱིས་གང་འགྲོ་དང༌། སྒྲོལ་དཀར་མངོན་རྟོགས་དང་བཅས་ཞབས་རྟེན་གྱི་རིགས། དགོངས་ཚོགས་ལ་ལྟུང་བཤགས། ཚེ་བཟུང༌། སྒྲོལ་མ། ཤེར་སྙིང༌། གདུགས་དཀར་མངོན་རྟོགས་དང་ལྡན་པ། ཆ་གསུམ་སོགས་སྐབས་དང་བསྟུན། སྒྲུབ་མཆོད་ལ་ཆོས་སྤྱོད། ཞི་ཁྲོ། ཕག་མོ། རྒྱལ་བ་རྒྱ་མཚོ། བདེ་མཆོག ཚེས་བཅུ་གསང་འདུས། མི་འཁྲུགས་པ། ཀུན་རིག ལོ་མཇུག་གི་མགོན་པོའི་སྐུ་རིམ་སོགས། དེ་རྣམས་ཀྱི་འདོན་བྱའི་རིགས་ཐམས་ཅད། ཁྱད་པར་དཀྱིལ་ཆོག་རྣམས་ཀྱི་སྟ་གོན་སོགས་ཀྱི་སྐོར་དང༌། འཆམ་སོགས་ཀྱི་སྐབས་འདོན་བྱ་གང་ཡོད་དང༌། གཞན་ཡང་རང་གཞན་གྱི་རིམ་གྲོའི་དོན་སོགས་སུ་ཡིག་དྲུག སིདྷི། སེང་གདོང་མ་བཅས་ཀྱི་མངོན་རྟོགས། རབ་གནས་སྦྱིན་སྲེག་སོགས་ཀྱང་བློ་ལ་ཡོད་པའི་རྒྱུགས་འཕྲོད་ངེས། ཞི་ཁྲོ། འབར་མ། སྒར་བསང་[page 586] ཆེན་མོ། དགྲ་ཆོས་སོགས་དཔེ་ཆ་ཚང་ཞིང་ལག་ལེན་ཤེས་ངེས་དང༌། དགུ་ཚེས་ཀྱི་གར་འཆམ། དབྱངས་གདངས། རོལ་མོ། ཁ་འབུད་རིགས་སྟ་གོན་དང་ཐིག་ཚོན་སོགས་ཀྱིས་ལག་ལེན། ཕྱག་འགྲིགས། གཏོར་བཟོ། བཤམ་བཀོད། བསྐྱེད་རྫོགས་ཀྱི་ཉམས་ལེན། ནང་བརྟག་རྒྱུད་གསུམ་སོགས་ཕྱི་ནང་གི་སློབ་གཉེར་བྱ་འོས་རྣམས་རང་རང་གི་བློ་གྲོས་ལ་དཔགས་པའི་གང་ཤེས་བྱེད་པ་ལས་བཏང་སྙོམས་སུ་མི་བཞག རོ་སྲེག་དང་དགུ་ཞག་ལ་བསྙེན་པ་སྔོན་སོང་མ་གཏོགས་གཞན་གྱིས་མི་འོས། ཁྱད་པར་དཀྱིལ་འཁོར་སྒྲུབ་མཆོད། རབ་གནས་སྦྱིན་སྲེག གཏོར་རྒྱག་རྣམས་ལ་བསྣེན་སོང་མ་གཏོགས་པས་སློབ་དཔོན་མི་བྱེད། དགེ་འདུན་ལྷག་མའི་ལྟུང་བ་སོགས་ལ་བག་ཡོད་དྲན་ཤེས་ཀྱིས་འཛེམ་ཞིང༌། དའུལ་ཁྲིམས་དང་འགལ་རིགས་ཕྲན་ཚོགས་ལའང་ཇི་མི་སྙོམས་སུ་མི་འཇོག་པར། གསོ་སྦྱོང་གི་སྐབས་སུ་སྙིང་ཐག་པ་ནས་བཤགས་དགོས། དགོན་པ་འདིར་བརྟེན་པ་ཐམས་ཅད་ཀྱིས་གཏོར་བཟོ་སོགས་གང་འདོན་ཅི་དྲན་མི་བྱེད་པ་འདི་ནས་བསླབ་པའི་ཁུངས་ལྡན་གྱི་དཔེ་འགྲེ་དཀྱུས་གཅིག་ཏུ་བྱ་དགོས་པ་ནི། རྒྱུན་གྱི་བཅའ་སྒྲིག་ཡིན་ཞིང༌། རྒྱུན་སྤྱོད་དེ་རྣམས་ཀྱང་འདི་དང་གཏན་དུ་བདེ་བའི་རྒྱུ་ཡིན་སྙམ་པའི་ལྷག་བསམ་ལ་བརྟེན་ནས་སྒྲུབ་པ་ལས། འཇིག་རྟེན་ཆོས་ཀྱི་སྐུལ་སློང་ལ་བརྟེན་པ་སོགས་མི་རིགས། བཀའ་བརྒྱུད་གོང་མའི་རྣམ་ཐར་ལྟར་སྤྱོད་ལམ་ཀུན་ཏུ་ལྟ་སྟངས་དང༌། སྡོད་ཚེ་ལུས་བ་སྲང༌། ཆོས་གོས་རྣམ་གསུམ་གྱིས་ལུས་གཡོགས་པ་ལས། སྐྱ་གོས་ཕུ་དུང་ཅན་དང་པགས་རོགས་ཞྭ་ཅན་སོགས་མི་གྱོན། འདོད་ཆུང་ཆོག་ཤེས་ཀྱིས་འཚོ་བ་ངན་ངོན་ཙམ་ལ་བརྟེན་དེ་གཞུང་སྡེ་སྣོད་གསུམ་ལ་ཐོས་བསམ་ལྷུར་ལེན་པ་དང༌། ཁྱད་པར་གྲྭ་ཚང་ཐམས་ཅད་མ་འདུས་པ་དང་འདུས་པ་ཕྱིར་ལོག་མེད་པར་དགུན་ཟླ་འབྲིང་པོ་བཅུ་གཅིག་པའི་ཚེས་གཅིག་ནས་ཟླ་བ་གཉིས་པའི་ཚེས་བཅུ་བཟང་པོའི་བར་དལ་འབྱོར་རྙེད་དཀའ་སོགས་བློ་ལྡོག་རྣམ་བཞི་ནས་མཐར་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ཉམས་ལེན་བར་ལོ་བསྟར་ཆགས་སུ་ཉམས་བཞེས་ཞག་བརྒྱ་དང༌། དབྱར་ཟླ་གསུམ་པའི་ཡར་ཚེས་གཅིག་བཟང་པོ་ནས་ཟླ་བཞི་པའི་ཚེས་བཅུ་བར་བཅའ་བའི་དུས་ཚེས་དེ་དག་གི་གོང་དུ་ཏོ་ཆས་མེ་ཤིང་སོགས་བཅའ་བའི་ནང་དུ་དགོས་པའི་ཡོ་བྱད་ཐམས་ཅད་ཚུགས་སུ་ཚུད་པ་བྱེད་དགོས། ཐོ་འཛུགས་ཚར་ནས་ཤིང་ཐུ་སོགས་དམིགས་བསལ་དགོངས་པ་ཞུས་པ་མ་གཏོགས་ནང་མི་ཕྱིར་མི་འགྲོ་ཕྱི་མི་ནང་དུ་མི་འཇུག ཞོགས་ཐུན་དང་པོའི་བཞེངས་བརྡ་བྱུང་བ་ནས་དགེ་སློང་ཡིན་ཕྱིན་ཕྱག་ཆེན་གྱི་ཁྲིད་རིམ་བྱུང་བའི་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་བཞི་སྦྱོར་གྱི་སྐྱབས་འགྲོ་སོགས་ཚར་བདུན་གསུམ་ལས་མི་ཉུང་བ་སྐད་གསང་སྟོད་ནས་ཐུན་ཉུ་མཁན་གྱི་ཐོས་པར་འདོན། དེ་རྗེས་རང་རེའི་བརྒྱུད་པ་འདིའི་བཀའ་བབ་པའི་ཡི་དམ་གྱི་ལྷ་སྐལ་བྱིན་བརླབ་ཀྱི་དྲོད་མ་ཡལ་ཞིང་དབང་ཁྲིད་ཀྱི་ཆུ་བོ་མ་ཉམས་པ་ནི་ནག་རྒྱུལ་ཕག་གསུམ་དང་བདེ་དགྱེས་གསང་གསུམ་ཡིན་པ་ལྟར་རྒྱལ་བ་རྒྱ་མཚོ་དང་ཕག་[page 587] མོ་གང་རུང་གི་མངོན་རྟོགས་བསྒོམ་བཟླས་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་འབད། གཏོར་བརྡ་བཏང་ནས་ཐུན་བསྡུས་ཏེ་ཆུ་གཏོར་གང་ལྕོགས་རེ་བཏང་ནས་ཚ་བ་བསྐོལ་ཞིང་ཚོགས་ལ་བྱོན་གྱི་བར་དུ་ཐུན་དང་པོ། ལྔ་ཚོགས་ལ་བྱོན་ནས་གྲོལ་བའི་ཐུན་བར་གུང་གསེང་དང༌། ཕྱི་དྲོའི་ཚོགས་པར་ཡང་གོང་མཚུངས་ཀྱི་ཐུན་བར་དང༌། དགོང་ཐུན་བསྡོམ་ནས་སྔོན་གྱི་བསྐྱེད་རིམ་ཕྲོ་མཐུད་ནས་ཟུང་འཇུག་གི་ཉམས་ལེན་དང་ཕྱག་ཆེན་ཞི་ལྷག་གི་རྣལ་འབྱོར་ལ་བརྩོན་ཞིང་མཐའ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་མདོར་ན་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོ་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དགུ་ལ་རྩལ་ཅི་ཐོན་དང༌། དེ་དག་གི་རྒྱབ་རྟེན་དུ་ནང་བརྟག་རྒྱུད་གསུམ། འོད་ཟེར་སྐོར་གསུམ་སོགས་གཞུང་ལུགས་རྣམས་ལ་ཐུན་གསེང་དུ་ཡང་ཡང་བལྟ་བ་སོགས་གང་ལྕོགས། བཙུན་ཆུང་རྣམས་ནས་བློ་ལེན་གཤར་སྦྱོང་བྱེད་ཅིང་མགོན་ཐུན་གྲོལ་བསྟུན་མ་མགོན་གྱི་གཏོར་བསྔོས་བཏང༌། ལུས་མཆོད་སྦྱིན་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན། ཐུན་གྲོལ་བརྡ་བྱུང་ནས་ད་རུང་དགེ་སྦྱོར་འཕྲོ་མཐུད་པ་དང༌། དེ་མིན་རྣལ་འབྱོར་དང་ལྡན་པས་ཉལ་བ་ལས་ཆབ་གསང་མ་གཏོགས་འགྲོ་སྒོ་དབྱེ་འདན། གཏམ་ལབ་གླེང༌། མེ་འབུད་པ། ཟས་ཟ་བ་སོགས་མི་བྱེད། ཡང་དམིགས་བསལ་རྩ་རླུང་འཕྲུལ་འཁོར་སྦྱོང་མཁན་ལྟ་བུ་ཡིན་ནའང་གསང་སྒྲོག་དང་གཞན་ལ་བསམ་གྱི་ཚེར་མར་མ་སོང་བ་དང༌། ཡི་དམ་དཀྱིལ་འཁོར་གྱི་བསྙེན་སྒྲུབ་གྲངས་དང་དུས་ཚད་ལྡན་པ་བསགས་མཁན་ཡིན་ནའང་རང་གཞུང་ལྟར་བསྙེན་གྲངས་མ་ཚང་བར་བསགས་པ་དང༌། བཙུན་ཆུང་སློབ་གཉེར་སྦྱོང་མཁན་ཡིན་ནའང་ཀློག་གདངས་ཆེ་ཆུང་མི་མཉམ་པ་དང་མི་གོ་བ་མིན་པའི་རན་པས་གཞན་ལ་མི་གནོད་པར་ཐུན་ཧྲིལ་པོར་ལྷོད་མེད་བཤར་སྦྱོང་བྱེད་དགོས་ཤིང༌། ཐུན་འགོ་དང་ཐུན་མཇུག་མ་གཏོགས་ཐུན་གཞུང་ལ་སྐུ་རིམ་བྱེད་མཁན་དམིགས་བསལ་ཅན་ལས་རྔ་རོལ་ཌཱ་རོལ་སོགས་རང་གར་དོན་མེད་མི་བྱེད། དེའི་ཐུན་བཞིའི་ཐུན་འོག་ཚུགས་ནས་མ་གྲོལ་བར་ཆོས་ཁྲིམས་དང་ཐུན་ཉུལ་བ་དམིགས་བསལ་ཅན་མ་གཏོགས་སུ་ཡིན་ཡང་སྟན་གཅིག་ཏུ་འདུག་པ་ལས་ལངས་འདུག་བྱེད་མི་ཆོག གུང་དགོང་ཐུན་པར་མེ་འབུད་ལྟོ་བསྐོལ་ཟས་ཟ་ལས་ཐུན་འགོ་ཚུགས་ནས་མེ་རྒྱུན་མི་བཅད་པ་དང་ཟས་ཟ་བ་གཡང་ས་སུ་སྡོད་པ་སོགས་བྱེད་མི་ཆོག་ཅིང༌། སཱཙྪ་ཕྱག་སྐོར་སོགས་དགེ་ལས་ཡིན་ཡང་ཐུན་ནང་མི་བྱེད། ཕྱེས་ནས་གསར་སློབ་སོགས་ཀྱི་རྟ་ནོར་ཁྱི་རྣམས་ཞག་གསུམ་ཕན་ལ་དགོན་ནང་བླ་བྲང་མ་གཏོགས་བཞག་མི་ཆོག ཐུན་བཞིར་ཐུན་ཉུལ་བ་མི་ཐར་བའི་སྒོ་རྒྱབ་པ་དང་སྐས་བབ་པ་སོགས་བྱེད་མི་ཆོག དེ་ལྟར་ལོ་འཁོར་ཡུག་ཏུ་ཐོས་དོན་རྒྱུད་ལ་སྦྱར་ཏེ་རྟོགས་པ་ན་ཅི་ཐོན་དུ་འབད་པ་ལས། སོས་དལ་གུ་ཡངས་སུ་བསྡད་པ་དང༌། ཚིག་འཁྲི་སྐམ་པོའི་རྩོད་པ་སོགས་མི་བྱེད། ཚེས་བཅུ་གྲོལ་ནས་རེ་ཞིག་ཕ་ཡུལ་སོགས་ལ་འབྱོན་དགོས་པ་ཡོད་ན་ཅི་བདེར་གཤེགས་ཤིང་གྲོ་བཞིན་ཟླ་བའི་ཚེས་གཅིག་བཟང་པོ་ནས་ཁྲུམས་ཟླ་[page 588] བའི་ཚེས་བར་སྟོན་ཚོགས་ལ་ལྷོ་འབྲོག་པ་རྣམས་མ་གཏོགས་ཡུལ་གྲྭ་འདུ་དགོས། སྔ་མ་དབྱར་དགུན་བཅའ་ཞབས་འདོན་པ་མ་ཚང་རིགས་དང༌། དམིགས་པས་བདེ་བར་བྱུང་རིགས་ཚོགས་གལ་ཆེ་བ་སྔ་སྲོལ་དུས་འདིའི་ཟླ་བའི་ནང་དུ་འཛོམས་ནས་དགོན་དུ་སྡོད་དགོས་ཟེར་བ་ལྟར་ཞག་རེ་མ་འཛོམས་པ་དང༌། འཛོམས་ཡང་གཞན་དུ་འགྲོ་བ་སོགས་གཏན་སྡོད་མ་བྱས་ན་ཆད་པ་ཡོད། དབྱར་དགུན་བཅའ་བ་གཉིས་དང་སྟོན་ཚོགས་སྐབས་ཀྱི་སྒྲིག་ལམ་བཅས་རགས་ཙམ་ལས་ཞིབ་པ་བཅའ་ཡིག་ལྟར་རོ།
།ལས་སྣེ་རྣམས་ཀྱི་སོ་སོའི་མཛད་པ། ཆོས་ཁྲིམས་པས་གྲྭ་མང་རྣམས་ལ་ངོ་ཆེ་ཆུང་ཉེ་རིང་ཕྱོགས་ལྷུང་མེད་པའི་བསྟན་པ་ལ་རྒྱའི་དོན་ལ་བཅའ་ཁྲིམས་ཆེ་ཕྲ་སྐོར་འདི་དོན་རྒྱུན་པར་ལྷོད་མེད་ཀྱི་ལྷ་ཁང་གཙོས། གྲྭ་ཁང་རྣམས་ཚགས་བཀོད་ཀྱི་བསླབ་བྱ། བརྡུང་བཏགས་ཆད་པ་སོགས་ཅི་འོས་བཏང༌། དཀོར་སྐལ་ཡང་གཞུང་ཐུབ་ཀྱི་རྒྱལ་ཕམ་མེད་པ་གཏད་དེ་ཡོན་བདག་གི་འདོན་བྱ་ལ་ངོ་ཆེ་ཆུང་གི་དབང་དུ་མ་སོང་བར་གསུང་བསྐུལ་གང་དྲག བླ་བྲང་གཞུང་གི་ཕྱག་གཉེར་ནས་ཀྱང་ཚེས་དུས་མཆོད་པ། སྒྲུབ་མཆོད་སོགས་གཏོང་སྒོ་རིགས་སྔར་སྲོལ་བཞིན་དུ་སྐབས་དང་བསྟུན་པའི་ཐབས་གང་གཟབ་གཙུག་ལག་གཙོས་ཚེགས་སྲིད་ཞུ་ལྷོད་བྲལ། ཡོན་བདག་མཆོག་དམན་ངོ་ལེན་དང༌། མཆོད་ཐེབས་ཡུལ་འབྲོག་གི་འཁོར་དུད་རྣམས་སྐྱོང་བྲན། ཤོག་དཔོན་སོ་སོར་འགན་བཀོད། དབུ་མཛད་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཉམས་མེད་ལས། རང་བཟོ་དང་གཞན་ཕྱོགས་ཀྱིས་བསླད་པ་ཞུགས་སོགས་བྱུང་རྒྱལ་སྤྱོད་པ་ནམ་ཡང་མི་ཆོག གར་འཆམ་དབྱངས་རོལ་ཚོགས་འདོན་སྒྲིག་ལམ་གྱི་གཞུང་འཚོ་རྒྱུན་པར་ཚོར་འཛིན་དང༌། ཚེས་བཅུ་ཆེན་མོ་སྣང་གདོང་རྩེ་ལུགས། ཚེ་རིང་མ་ཉི་ལྡེའི་ལུགས་དང༌། ཞིང་སྐྱོང་ཆོག་གྲྭའི་ལུགས། གཞན་ཕག་མོ་དང་རྒྱལ་བ་རྒྱ་མཚོའི་སྔགས་གྲྭ་དང༌། ཀརྨ་གདན་ས་བར་མ། ཟུར་མང་ལུགས་ཀྱི་ཞི་ཁྲོ་དང་གཅོད་གདངས་སོགས་ཁ་ཤས་མ་གཏོགས་འདོན་ཆོག་ཚང་མ་འོག་མིན་མཚུར་ཕུའི་གདན་སར་རྗེ་བརྒྱད་པའི་བཞེད་པ་ལྟར་དཔལ་ལྡན་ཟུར་རིའི་ལུགས་གཙོར་བཏོན་ཡིན། འོག་བསྐུལ་དང་དབྱངས་རོལ་སོགས་ཐམས་ཅད་སོར་གནས་འཕྱུག་མེད་ལས་གང་དྲན་མི་བྱེད་ཅིང་དལ་ལ་འབོལ་ཞིང་ལྡིར་བསོགས་ཀྱིས་སྦྱོར་དངོས་རྗེས་གསུམ་ཚང་ཞིང་ཚོགས་ཡུན་ཧ་ཅང་མི་ཐུང་ཞིང་བསྙེན་སྔགས་སོགས་གྲངས་འགྲོ་ངེས་ཆད་བུན་མེད་པ། ཆོ་ག་སོ་སོའི་སྟ་གོན་ནས་རྡུལ་ཚོན་གཤེགས་པའི་བར་གྱི་ཕྱག་ལེན་ཕྱི་ནང་གི་གནད་རྣམས་རང་བློས་གང་དཔོག་བཏང་སྙོམས་སུ་མ་སོང་བར་ལག་ལེན་དུ་ཁེལ་ཞིང་གཞན་ལ་སློབ་ནུས་པ་དང་བརྩོན་པར་བྱེད། མཆོད་གཡོག་པས་གཏོར་མཆོད་ཀྱི་ཤ་ཆང་མར་ནས་མཆོད་ཕྱེ་སོགས་ལ་གཙང་སྦྲ་དང་ལྡན་པར་གཏོར་མཆོད་དུ་འགྲོ་ངེས་དང༌། ཕྱག་ལེན་མཐོང་རྒྱུན་ལྟར་བཅའ་བཤམས་གསོ་བྲན་སོགས་ཚུལ་བཞིན་བྱེད་པ་ལས་སླ་ཆོས། ཆོག་བསམ། མཁས་ཁྱད་སོགས་བྱས་ན་འོས་བབ་ཀྱི་ཆད་པ་ཡོད། རྩིས་སྤྲོད་ལེན་གྱི་སྐབས་དབོན་སྤྲུལ་རྩེ་བཞུགས། ཆོས་[page 589] གཉེར་སོགས་བསམ་ཡོད་རྣམས་དང་མཆོད་གཡོག་གསར་རྙིང་ནས་ཞིབ་བལྟས། རྒྱུན་པར་རྟེན་གསུམ་དང་གཏན་བཞག་གི་མཆོད་རྫས་སོགས་ལ་གཙང་སྦྲ་དང་བཅའ་ཁ་གང་འཐག་མཆོད་མེ་ཡོན་ཆབ་མ་ཆག་པ་དང་བྱི་དོར་ལེགས་པ་དགོས། རྩིས་སྤྲོད་ཀྱི་དངོས་པོ་མ་ཚང་བ་དང་སྐྱོན་བྱུང་ན་ཚབ་དགོས། ཚོགས་ཀྱི་རྔ་བརྡ་སྔར་ནས་རང་ལུགས་ཀྱི་སྲོལ་ལ་ཡོད་པ་ལྟར་སོ་སོའི་སྤྱན་འདྲེན་གྱི་རོལ་མོ་དང་མཐུན་དགོས་པས། བསྐང་གསོའི་རྔ་བརྡ་ལ་འུར་བརྡུང་ཐོག་མར་ཤིན་ཏུ་དལ་ལ་རིམ་པར་བྲེལ་བའི་རྔ་སིལ་ཡུན་རིང་པོའི་མཐའ་སུམ་རྡུང་དལ་ལ་འཛག་རྗེས་མ་མེད་པས་མཚམས་བཅད། ཞིང་སྐྱོང་ལ་འུར་རྡུང་ཉིས་འབེབས་དང་མཐར་འདྲ། ལྷ་བསང་ལ་འཐིང་རྡུང་ཉིས་འབེབས་མཐར་གོང་བཞིན་དུ་མཆོད་གང་ཡིན་གྱིས་དགོས། ཁ་འབུད་པ་རྣམས་ཀྱིས་དུང་དཀར་པས་ཐོག་མར་དཀོན་མཆོག་ལ་ཕྱག་གསུམ་འཚལ་ནས་ཞྭ་དགོས་བཅས་ཏེ་དུང་བརྡ་གསུམ་བཏང་ནས་སྨོན་ཐུང་ཚར་གཅིག་དང་ཟླ་མེད་མ་འདོན། དེ་ནས་དུང་ཆེན་དགུ་འཇོག་མཐོང་བརྒྱུད་ལྟར་ལན་གསུམ་འབུད་ཅིང་སྔ་ཕྱི་དང་སྐད་མི་འགྲིག་པ་མེད་པར་བྱེད་དགོས། དག་དུང་པ་རྣམས་ཀྱིས་ཀྱང་བསྐང་གསོའི་སྤྱན་འདྲེན་སོ་སོ་ལ་སོ་སོའི་འབུད་ཚུལ་དེས་བར་དང༌། འདོར་རྒྱང་ཏི་སོགས་ལ་འཛར་འཛེར་སྐད་འཁྱར་མེད་པར་འཇམ་སྙན་འགྲིག་པ་ཞིག་གལ་ཆེ་བས་ལོ་ལྟར་གྱི་ཚེས་བཅུའི་རྒྱ་འོལ་སྐོར་དང༌། དགུ་ཆེན་སྐབས་བཀྲ་ཤིས་དགུ་བརྩེགས་འབུད་པའི་རྒྱ་གླིང་དང་བཅས་གང་མོས་བྱུང་རྒྱལ་དུ་མ་སོང་བར་སློབ་དཔོན་གྱིས་ནན་ཏན་གྲུབ་མ་ཐུབ་པར་དུ་བསླབ་ཅིང་སོ་སོ་ནས་སྦྱངས་པའི་གྲྭ་ས་ཐུབ་ངེས་དགོས། རྐང་གླིང་པ་རྣམས་ཀྱིས་བསྐང་གསོལ་སོགས་འོས་བབ་གང་ཡོད་ཀྱི་འབུད་ལུགས་ལེགས་པར་སྦྱངས་ཏེ། རྣམ་སྲས། སྔགས་བདག་སོགས་དེ་རིགས་དང༌། གཞི་བདག་དཀར་གཏོར། བསྟོད་པ། རྗེས་ཆོག་སོགས་མ་ཡིན་པའི་འབུད་དགོས་རྣམས་སུ་འགྲིགས་གཅིག་ལེགས་པར་བྱ་དགོས། དགེ་གཡོག་བཞི་ནས་གོང་དུ་གསལ་བའི་བཅའ་ཁྲིམས་འདི་དག་དང་གཞན་ཡང་མི་འོས་པའི་རིགས་སུ་གྱུར་ཚད་ལ་བླ་མ་དང་ཆོས་ཁྲིམས་ཀྱིས་གསུང་བཀོད་ཅི་གནང་ལྟར་བྱ་དགོས། ཚོགས་པ་ཡོད་ཕྱིན་རྒྱུན་པར་གྲལ་ཡངས་དགོ་བསྒྲིགས་པ་དང་ཚོགས་སུ་མགོ་གཏུམ་གཉིད་ཡུར། གཏམ་ལབ། འཕྱ་བག་རང་གར་འདུག་པ། འདུག་ཚུལ་དང་འདོན་པ་ཕྱག་རྒྱ་སོགས་མི་འགྲིག་པ་རྣམས་ལྟ་རྟོག་བྱེད་ནས་འཕྲལ་དུ་ཆོས་ཚོགས་གྲོལ་དུས་དང༌། ཇ་འདྲེན་པ་སོགས་ཀྱིས་སྒོ་འགག་ཏུ་རྩེད་མོ་ཀུ་ཅོ་འཕྲལ་དུ་རྗེས་ནོན་བྱེད། མ་བྱན་གྱིས་ལྷག་བསམ་བཟང་པོས་གཙང་སྦྲ་མི་འབུད་པ་གསོལ་ཇ་ཕྱར་བ་སོགས་བཟང་ཞིམ་ཅི་ཐོན་དང༌། མཚམསཔ། ནད་པ་འཁོར་འཐེན། ཤིང་འཐུ་སོགས་དང་བླ་བྲང་ལས་ཀའི་སྐབས་སྐལ་བ་དགོས་རིགས་མ་གཏོགས་པར་ཇ་ཐུག་འཐོར་ཟག་ཏུ་མ་སོང་བ་དང༌། དམྱལ་རྒྱུའི་སྡིག་པ་མི་ཟད་པ་ཡིན་པས་ཇ་མར་འཕྲི་བ་སོགས་གཏན་ནས་མི་ཆོག དགེ་རྒན་སློབ་དཔོན་དུ་འོས་པས་རང་རང་གི་སློབ་ཕྲུག་དང་ཚ་བོ་སོགས་རང་ལ་བཅར་བའི་རིགས་གང་[page 590] ཡིན་ཀྱང༌། ཁྱི་རྡུང་བྱེའུ་གསོད་པ་སོགས་མིག་ལྟོས་སྤྱོད་ངན་ལས་ཟློག་ཅིང་བློ་ཆོས་ལ་བསྒྱུར། འབྲུ་དེད་ནས་སློབ་གཉེར་རྫོགས་པའི་བར་ཕ་མ་བུ་ཚ་ལྟ་བུར་སྐྱོང༌། སློབ་མས་ཀྱང་ཕ་མ་ལས་ལྷག་པར་བཀུར་ཞིང་བསླབ་བྱ་བཟང་པོར་ཉན་འཇོག་ནན་ཏན་བྱེད། མདོར་ནསྡོམ་གསུམ་ལས་ཇི་ལྟར་འབྱུང་བའི་སྤང་བླང་གི་ཚུལ་ལ་ཇི་མི་སྙམ་དུ་མི་འཇོག་པར་བསམ་པ་ཡང་ལྡན་གྱི་སྒོ་ནས་ཚུལ་བཞིན་དུ་སྒྲུབ་ཅི་ནུས་ལ་འབད་པར་བྱ་བའོ། །
ཅེས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ལོ་རྒྱུས་ཉུང་བསྡུས་འདི། ལོ་རྒྱུས་རྩོམ་བསྡུ་བྱེད་སྐབས་དཔྱད་གཞི་ཡིག་རིགས་ནི་སི་ཏུ་ཆོས་འབྱུང་གི་རྣམ་ཐར་སི་ཏུ་པདྨ་དབང་མཆོག་རྒྱལ་པོའྀ་རྣམ་ཐར། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རྣམ་ཐར། འཇམ་མགོན་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱི་རྣམ་ཐར། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཙཱ་འདྲའི་གནས་ཡིག ཡང་ཁྲོད་དཀར་ཆག་བཅས་དང་སྡེ་དགེ་རྫོང་སྲིད་གྲོས་ནས་བསྡུ་བསྒྲིགས་བྱས་པའི་བཀའ་བརྒྱུད་ལོ་རྒྱུས་གསར་བསྒྲིགས་དབྱར་གྱི་རྔ་གསང༌། ཞེས་པ་བཅས་ལ་བརྟེན་ནས་རབ་བྱུང་བཅུ་བདུན་པའི་བྱེ་བྲག་སྐྱེས་བདག་ལྕགས་ལུག་ལོ་༡༩༩༡གྲོ་བཞིན་ཟླ་བའི་མཇུག་ལམ་ལ་བྲིས་པའོ།
དགོན་པ་འདི་སྡེ་དགེ་རྫོང༌། དཔལ་སྤུངས་ཤང་དུ་གནས་སོ།
བླ་མ་བྱམས་པ་ཆོས་ཀྱི་བློ་གྲོས་ཞེས་པ་དེས་དགོན་པ་འདི་སྤྱི་ལོ་༡༩༠༩ལོ་ཐོག་མར་ཕྱག་བཏབས། དེ་ཡང་སེར་རུང་སྐུ་ཞབས་འཇམ་དབྱངས་དབང་ཕྱུག་རབ་བརྟན། དགེ་བའི་བཤེས་གཉེན་འཇམ་དཔལ་རོལ་བའི་བློ་གྲོས། ཇོ་བོ་ཁྲི་སྤྲུལ་རྫོགས་ཆེན་རིན་པོ་ཆེ་སོགས་བླ་སྤྲུལ་ཚད་ལྡན་རྣམས་ཀྱི་ལུང་བསྟན་པ་ལྟར། དུད་གསར་ལྷུན་གྲུབ་དགོན་ཞེས་མཚན་བཏགས། དུས་དེ་ནས་བཟུང་དམ་པ་དེ་ཉིད་ཀྱིས་སེར་རུང་སྐུ་ཞབས་དང་ཨ་མདོ་དགེ་བཤེས་འཇམ་པ་རོལ་པའི་བློ་གྲོས་སོགས་དམ་པ་དུ་མ་ལ་བསྟེན་ནས་ཐོས་བསམ་སྒོམ་གསུམ་གྱིས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གཏན་ལ་ཕབ། འཛིན་སྐྱོང་སྤེལ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་མཛད། དགོན་ཐོག་མ་[page 641] འདེབས་སྐབས་ནས་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་ཚུགས་ཏེ་གཙོ་བོ་དགེ་ལུགས་གྱུར་པའི་གྲུབ་མཐའ་རིས་མེད་ཀྱི་སྒྲུབ་གྲྭ་བ་བླ་མ་སུམ་ཅུ་སོ་ལྔ་ཙམ་ཡོད་པའི་དབྱར་ཆོས་དགུན་ཆོས་ཚང་མ་དང་དུས་རྒྱུན་སྒྲུབ་གྲྭ་སོགས་རྒྱུན་སྡེ་ཕྱི་ནང་གི་ཉམས་ལེན་སྒྲུབ་པ་གཙོ་བོ་མཛད་ནས་སྒྲུབ་སོ་སོར་ཁོང་ཉིད་ཀྱིས་མཁན་པོ་མཛད། སྔར་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ་སོགས་ཡོད་ཀྱང་སྐབས་ཤིག་ལ་གཏོར་བརླག་སོང༌། དེ་རྗེས་སྲིད་ཇུས་ཇེ་ཡག་སོང་ནས་བསྟན་པ་ཉམས་གསོ་དང་གཙུག་ལག་ཁང་ཀ་མིག་བཞི་བཅུ་ཞེ་གཉིས་ཅན་ཞིག་གསོ་དང་སྒྲུབ་གསར་བཞེངས་དང་རྟེན་གཙོ་གནའ་སྔ་མོའི་ཐང་ག་དང་ལི་རྙིང་དང་གསེར་སྐུ་བལ་ཡུལ་ལི་ཁྲ་བཀའ་འགྱུར་སོགས་དང་བླ་སེར་བཅོ་ལྔ་ཙམ་ནས་དུས་མཆོད་དང་མ་ཎི་དུང་བསྒྲུབས་སོགས་སྔོན་གྱི་ཕྱག་སྲོལ་ལྟར་འཛུགས་བཞིན་པ་འདི་ལགས།
དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་གསང་ཆེན་སྤྲིང་གི་པ་ཡིན་ལ་དམ་པ་དེ་ནི་བལ་ཡུལ་ཡོལ་མོ་གངས་ར་ལ་རབ་བྱུང་དགུ་པའི་མེ་འབྲུག་༡༥༦༢ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། བྱིས་པའི་དུས་ནས་ཡང་དབང་བསྐུར་བ་དང༌། རྒྱུད་འཆད་པའི་ཚུལ་ཁོ་ན་བྱེད། དགུང་ལོ་བཅུ་ཙམ་ནས་ཡུལ་དེའི་དགེ་སློང་ཚུལ་ཁྲིམས་དཔལ་ཅེས་པ་ལས་མི་ལའི་རྣམ་མགུར་ཐོས་པས་རིག་སད། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ་ཕྱག་ཆེན། ཆོས་དྲུག་རོ་སྙོམས། རྟེན་འབྲེལ་སོགས་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་པས། ཐུགས་དམ་གྱི་རྩལ་རྫོགས། ཀུན་མཁྱེན་པདྨ་དཀར་པོ་ལས་བསྙེན་པར་རྫོགས། ལིང་པའི་བྲག ཏི་སི། ལོ་རེ་སོགས་གནས་ངེས་མེད་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། རྟོགས་པའི་ཀློང་བརྡོལ། དགུང་གྲངས་བཞི་བཅུའི་དུས་སུ་སྔོན་སྨོན་གདུལ་བྱའི་རྟེན་འབྱུང་གིས་བསྐུལ་ཏེ་གནས་འདིར་བྱོན། ལོ་གསུམ་དུ་བཅད་རྒྱ་ལ་བཞུགས། དགུང་གྲངས་ཞེ་ལྔའི་ཐོག་རབ་བྱུང་༡༠པའི་ལྕགས་བྱི་༡༦༠༠ལོར་གདན་ས་འདི་ཉིད་གསར་དུ་བཏབ། སྨིན་གྲོལ་གྱི་ཆོས་འཁོར་དུ་མ་བསྐོར་བས། ཚོགས་པ་བརྒྱ་ལྷག་ཙམ་འདུས། མཐར་དགུང་གྲངས་དོན་གཉིས་བཞེས་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །དགོན་པའི་མིང་ལ་བསྟན་གཉིས་[page 598] འགྲོ་འདུལ་གླིང་ཏེ། ལུང་རྟོགས་ཀྱི་བསྟན་པ་གཉིས་ཀྱི་སྒོ་ནས་འགྲོ་བ་རྣམས་འདུལ་བར་བྱེད་པའི་གླིང་ཞེས་པ་ཡིན། ཡོངས་གྲངས་ལ་ནི་པད་སྙིང་དགོན་དུ་འབོད།
བསྟན་འཛིན་ཆོས་དབང་རྒྱ་མཚོ། བསྟན་འཛིན་ཡེ་ཤེས་རྒྱ་མཚོ། བསྟན་འཛིན་ཐུབ་བསྟན་སངས་རྒྱས་ཡེ་ཤེས། བསྟན་འཛིན་ཀརྨ་ངག་དབང་རྒྱ་མཚོ། སྐུ་ཕྲེང་དྲུག་པ་བསྟན་འཛིན་ཐུབ་བསྟན་ཡེ་ཤེས་རྒྱ་མཚོ་འདི་ཡན་ཁམ་སྒར་གྱི་ལུགས་གཙོ་བོར་བྱེད་ལ་སྐུ་ཕྲེང་བདུན། ཐུབ་བསྟན་འཕྲིན་ལས་རྒྱ་མཚོ་ནས་འཛི་སྒར་ལུགས་གཙོ་བོར་བྱེད་ལ་འབྲེལ་བ་ཡང་ཤིན་ཏུ་ཆེ། དེ་ལྟ། པད་སྤྲུལ་རིན་པོ་ཆེ་སྐུ་རབས་བདུན་དང༌། བསྟན་འཛིན་ཀརྨ་ངག་དབང་རྒྱ་མཚོའི་སྐུ་དུས་ལ་བཞི་བརྒྱ་ཙམ་རེ་འདུས་པར་གྲགས། ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་དགེ་ཚུལ་སློང་འབའ་ཞིག་པར་ཉིས་བརྒྱ་ལྷག་ཙམ་ཡོད་དོ། །
བཤད་སྒྲུབ་ཇི་ལྟར་བྱུང་ཚུལ་ནི། གོང་དུ་སྨྲས་པའི་སྐྱེས་བུ་དམ་པ་དེ་དག་གི་རིང་ལ་ལུང་གི་ཆོས་འཆད་ཉན། རྟོགས་པའི་ཆོས་བསྒོམ་སྒྲུབ་བྱས་ནས་རྒྱལ་བའི་བསྟན་པ་ཇི་ལྟར་སྐྱོང་བའི་ཚུལ་ནི། དེ་ཡང་རང་བྱུང་༡༦པའི་མེ་བྱི་ལོར། ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་བཤད་གྲྭའི་ལྷ་ཁང་གྲྭ་ཁང་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས་ནས། མཁན་རིན་པོ་འཇམ་དཔལ་བཟང་པོ་དགུང་གྲངས་༦༠བཞེས་པའི་སྐབས་སུ་བཤད་གྲྭའི་མཁན་པོ་མཛད་དེ་བཤད་པའི་སྲོལ་ཚུགས། དམ་པ་འདི་ནི་ཤིན་ཏུ་བཀའ་དྲིན་ཆེ་བས་ལོ་རྒྱུས་རགས་ཙམ་ཞུ་ན། ཁོང་ནི་རབ་བྱུང་༡༥པའི་མེ་གླང་༡༨༧༧ལ་ཡ་དེང་ཕྱི་རྐུད་ཚང་ཞེས་པར་སྐུ་བལྟམས། དགུང་ལོ་ཉེར་ལྔའི་དུས་སུ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་གཟིགས་ནས། རྫོགས་ཆེན་མཁན་པོ་གཞན་དགའི་མདུན་དུ་ལོ་ལྔ་ཡི་བར་དུ་བཞུགས། གཞུང་ཆེན་བཅུ་གསུམ་དང་ཚད་མ་རྣམ་འགྲེལ། རྒྱུད་གསང་སྙིང༌། རྩ་རྒྱུད་བརྟག་གཉིས་སོགས་ལ་གསན་བསམ་མཐར་ཕྱིན་པ་མཛདད། དེ་ནས་ཁམས་སྤྲུལ་སངས་རྒྱས་བསྟན་འཛིན། འབྲུ་འཇམ་དབྱངས་འཇམ་དབྱངས་གྲགས་པ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མ་བསྟེན། ཆོས་རྗེ་གཙང་པའི་ཐུགས་དམ་སྒྲུབ་ཐབས་སྐོར་ལ། འཕྲལ་དགོས་ཆོས་བཞི་སོགས་སྨིན་བྱེད་ཀྱི་དབང་དང་ཕྱག་ཆེན། རྫོགས་ཆེན། ཆོས་དྲུག རྟེན་འབྲེལ་སོགས་གྲོལ་བྱེད་ཀྱི་ཁྲིད། རྒྱབ་བསྟེན་ལུང་མང་པོ་བཅས་གསུམ་སྒྲུབ་པ་འབའ་ཞིག་ལ་གཞོལ་བས་རྟོགས་པ་ནམ་མཁའ་དང་མཉམ་མོ། །བཤད་གྲྭའི་མཁན་རབས་དང་པོ་དང༌། སྒྲུབ་ཁང་གི་རྡོར་འཛིན་ཡང་མཛད། དགུང་གྲངས་དྲུག་ཅུ་རེ་ལྔ་ཙམ་ནས། མཚམས་ཁྲོད་སྐལ་བཟང་དགའ་བའི་ལྗོངས་སམ་འཇམ་[page 599] བཟང་གླིང་ཞེས་པར་དེར་དགོན་བཏབ། སྤྱོད་འཇུག སྡོམ་གསུམ། ཐར་རྒྱན། ཕྱག་ཆེན། ཆོས་དྲུག་རོ་སྙོམ། ལམ་ཟབ། རྫོགས་ཆེན་ཁྲེགས་ཆོད། ཐོད་རྒལ། ཞི་བྱེད་སོགས་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་བས། འཁོར་སློབ་མང་དུས་ཉིས་བརྒྱ་སུམ་བརྒྱ་ཙམ་དང༌། ཉུང་མཐའ་ཡང་ལྔ་བཅུ་དྲུག་ཅུ་བར་མེད་དུ་འཚོགས། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྤྲུལ་སྐུ་རུ་གྲགས། སློབ་མའི་གཙོ་བོ། པད་སྤྲུལ་བདུན་པ་དང༌། ཟེ་ཆེན་མཁན་པོ་གང་ཤར། ར་སྐོར་མཁན་པོ་བཀའ་ཆོས། སྟག་སྒམ་མཁན་པོ་རིག་འཛིན་བཟང་པོ། མཁན་པོ་སྣང་གསལ། མཁན་པོ་ཆོ་ལོ་ཚེ་རིང༌། མཁན་པོ་པདྨ་རབ་རྒྱས་སོགས་སློབ་ཚོགས་ཤིན་ཏུ་མང༌། མཐར་དགུང་གྲངས་༨༠བཞེས་པ་མེ་སྤྲེལ་ལོ་སྤྲུལ་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ཏོ། གསུམ་རྩོམ་ཡང༌། ཉམས་མགུར་གསོལ་མཆོད་སོགས་པོད་མཆིས་སོ། །མཁན་རབ་གཉིས་པ། ཐུབ་བསྟན་སྙན་གྲགས། མཁན་རབས་གསུམ་པ། ཀ་ཐོག་མཁན་པོ་པདྨ་རབ་རྒྱས། མཁན་རབས་བཞི་པ། སྣང་གསལ་རྡོ་རྗེ། མཁན་རབས་ལྔ་པ། ཨ་བྱ་ཁྱུང་ནི། ཞེ་ཆེན་བཤད་གྲྭ་ལ་ཡུན་རིང་དུ་བཞུགས་ནས། མཁན་པོ་གང་ཤར། མཁན་པོ་བློ་གྲོས་རབ་གསལ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས། མདོ་སྔགས་རིག་གནས་དང་བཅས་ལ་སྦྱངས་པ་མཐར་ཕྱིན། ཉིན་རེ་ཤོག་གུ་མདའ་ཚད་མ་བཞི་བཅུ་རེ་བློ་ལ་འཛིན། སེར་ཤུལ། དགེ་མང༌། མགོ་ཟི་སོགས་སུ་གྲྭ་བསྐོར་ལ་བྱོན་ནས་མཁས་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ། ཁམས་སྤྲུལ་སྐལ་བཟང་དོན་བརྒྱུད་ཉི་མ་ལས་དོན་བརྒྱུད་ཀྱི་བྱིན་རླབས་འཕོས། ཕྱིས་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེས་གདན་དྲངས་ནས་མཚུར་ཕུ་དགོན་གྱི་བཤད་གྲྭའི་མཁན་པོ་མཛད། མཐར་གསང་སྔགས་ཆོས་གླིང་གི་མཁན་པོ་ཡང་མཛད། གསུང་རྩོམ་ཡང༌། གཞན་སྟོང་རྣམ་བཞག སྒྲ་བསྐོར་ཟིན་བྲིས་སོགས་པོད་གཉིས་ཙམ་བཞུགས། དེ་ལྟ་བུའི་མཁན་རབས་རྣམས་ཀྱིས་བཤད་གྲྭ་འདིར། བཤད་བྱའི་གཞུང་ནི། དྭགས་པོ་ཟླ་འོད་གཞོན་ནུ། ཀུན་མཁྱེན་པདྨ་དཀར་པོ། ཀརྨ་པ་རང་བྱུང་རྡོ་རྗེ། མཁས་དབང་སངས་རྒྱས་རྡོ་རྗེ་སོགས་རང་ལུགས་ཀྱི་མཁས་པ་རྣམས་ཀྱི་གསུང་ཆེས་གཞིར་བཞག་གཞན་དགའི་གཞུང་བཅུ་གསུམ་གྱི་མཆན་འགྲེལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། གོ་རམས་པ་བསོད་ནམས་སེང་གེ ཙོང་ཁ་བ་བློ་བཟང་གྲགས་པ་སོགས་ཀྱི་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་ཅད། དེ་ལྟ་བུའི་བཤད་གྲྭ་ལས་མཐར་ཕྱིན་ནས་སྒྲུབ་གྲྭ་ལ་བཞུགས་པ། རི་ཁྲོད་འགྲིམས་པ། དགོན་པ་གཞན་ལ་མཁན་པོ་མངགས་པ་སོགས་བྱས་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱས་སོ། སྒྲུབ་གྲྭ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་གསང་ཆེན་སྦྲིང་གི་པས་སྒྲུབ་གྲྭ་བཏབ་སྟེ་སྒྲུབ་དཔོན་མཛད་བཟུང༌། སྒྲུབ་དཔོན་རྡོ་རྗེ་འཛིན་པ་པད་མ་དབང་རྒྱལ་གྱི་བར་དུ་སྒྲུབ་རེས་བདུན་ཅུ་ལྷག་ཙམ་ལེགས་པར་བྱུང་ལ། འདིར་གང་ཉམས་སུ་ལེན་པར་བྱ་བ་ནི། ཐོག་མར་མཉམ་མེད་[page 600] དྭགས་པོའི་ཐར་རྒྱན་ལ་འཆད་ཉན། སྐྱེས་བུ་གསུམ་གྱི་ལམ་རིམ་རྣམས་ཇི་ལྟར་འཚམས་པ་ཉམས་སུ་ལེན། དེ་ནས་ཐུན་མོང་གི་ཕྱག་ཆེན་སྔོན་འགྲོའི་སྒོ་ནས་འབུམ་བཞི་གྲངས་ལེགས་པར་བསགས། ཐུན་མིན་གྱི་སྔོན་འགྲོ་སེམས་གནས་རྣམས་རིམ་བཞིན་བསྒོམ་ནས། གསར་རྙིང་དཀྱིལ་ཆོག་བཅུ་ཡི་བསྐྱེད་རིམ་སྒོམ་པ་སྟེ་གྲུབ་ཐོབ་གླིང་རས་པས་བླ་མ་མཆོད་པ། མི་ལ་རས་པའི་བླ་སྒྲུབ། བདེ་མཆོག་ལྷན་སྐྱེས། བདེ་མཆོག་བཅུ་གསུམ་མ། ཕག་མོ་ལྷ་མོ་བཅོ་ལྔ། རབ་ཆུང་ལུགས་ཀྱི་གཏུམ་པོ་ཁྱུང་ཤམ་ཅན། མཇུག་ཏུ་མགོན་པོ་ཕྱག་བཞི་པ་དང༌། ལྷ་མོ་དུད་སོལ་མ་དང༌། ཚེ་རིང་མ་གཉིས་བཅད་དང་རྙིང་ལུགས་ཞང་ཁྲམ་ཚེ་བདག་པད་དཀར་ཆོག་བསྒྲིགས་དང༌། པད་དཀར་རག་སྣང་གུ་དྲག་ཀཱི་ལ་ཡ་བཅས་ཏེ་དེ་རྣམས་ཀྱི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པ་བྱས་ནས། རྫོགས་རིམ་གདམ་ངག་བཀའ་རྒྱ་ཅན་ལྔ་སྟེ། ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོའི་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དྲུག འབྲས་བུ་རྟེན་འབྲེལ་རབ་བདུན། ཀུན་གཅེས་ལམ་ཟབ་དང་བཅས་ལྔ་དང༌། རྫོགས་ཆེན་པད་མ་སྙིང་ཐིག་ཞི་བྱེད་སེང་གེ་རྣམ་རྩེ་སོགས་ལ་བརྩོན།
སྐུ་གསུང་ཐུགས་རྟེན་བཤད་པ། དགོན་པ་འདི་ཆགས་ནས་ལོ་སུམ་བརྒྱ་སོ་ལྔ་ཙམ་གྱི་རིང་ལ་སྐྱེས་བུ་དམ་པ་རྣམས་ཀྱིས་བཞེངས་པའི་རྟེན་དང་བརྟེན་པ་རེ་རེ་རྣམས་འདིའོ་ཞེས་འབྲི་མི་ནུས་ནའང༌། ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་སྐུ་དུས་ལ་དངོས་སུ་བཞུགས་པའི་མཚན་ཐོ་རགས་པ་ཙམ་འགོད་པར། དེ་ཡང་ས་ཡི་རྒྱ་ཁྱོན་གཞུ་འདོམ་གྲུ་བཞི་མ་སུམ་བརྒྱ་ལྔ་བཅུ་ཙམ་ཟིན་པར། བཤད་གྲྭ་ཁང་ཚན་བཅུ་གསུམ་སྒྲུབ་གྲྭ་ཁང་ཚན་བཅུ་གསུམ་ལྷ་ཁང་གསུམ། འཁོར་ཁང་གཉིས། པར་ཁང་གཅིག གྲྭ་ཁང་བརྒྱད་དང་ཉི་ཤུ། སྤྱི་ཁང༌། རོལ་ཁང་དང་བཅས་པ་ཡོད་ལ། ཐོག་མར་གཙོ་ཁང་དུ་ཁང་བརྩེགས་གསུམ་ལ་སླེབས་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་འདག་ལས་གྲུབ་པ་ལ་གསེར་ཤིན་ཏུ་མཐུག་པོ་ཡོད་པ། གཞན་ཡང་གུ་རུ། སྒྲོལ་མ། ཚེ་དཔག་མེད་སོགས་ཀྱི་སྐུ་ལི་རྙིང་ལས་གྲུབ་པ་བརྒྱ་ཕྲག་ཉེ་བ། པད་སྤྲུལ་སྐུ་ཕྲེང་བཞི་པས་བཞེངས་པའི་སྐུ་གདུང་མཆོད་རྟེན་ཟངས་གསེར་ལས་གྲུབ་པ་ཁྲུ་བཞི་ཙམ་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འཕྲ་དང་ལྡན་པ། བཤད་གྲྭའི་ལྷ་ཁང་ནང༌། མཁན་འཇམ་དཔལ་བཟང་པོས་བཞེངས་པའི་རྒྱལ་བ་བྱམས་པ་ཁང་བརྩེགས་གཉིས་ལ་སླེབས་པ་ཟངས་གསེར་ལས་གྲུབ་པ། གཟི་བྱི་རུ་སོགས་ཀྱི་འཕྲ་བརྒྱ་ཕྲག་དང་ལྡན་པ། གསེར་གདུང་ཁྲི་གསུམ་ལྷག་ཡོད་པ། དུས་གསུམ་སངས་རྒྱས་ཚེ་སྐུ་ལི་མ་སོགས་ལི་གཏེར་སྐུ་བཞི་བཅུ་ཉེ་བ། སྒྲུབ་གྲྭའི་ལྷ་ཁང་ནང་ཟངས་གསེར་ལས་གྲུབ་པའི་རྡོ་རྗེ་འཆང་ཏེལླ་ནཱ་རོ། མར་མི་དྭགས་གསུམ་བཅས་མི་ཚད་ཙམ་དང༌། ཕུར་སྐུ་ལི་མ་སོགས་གཏེར་གྱི་སྐུ་ལྔ་བཅུ་ལྷ་ཙམ། གཞན་ཡང་གསང་ཆེན་སྦྲིང་གི་པའི་སྐུ་དམར་གདུང་བཞུགས་པའི་མཆོད་སྡོང་ཆེནཻཾ་ནང་བཞུགས་ཤིན་ཏུ་རྩ་ཆེ་བའི་ཐུབ་སྐུ་ལི་མ། ཕྱག་རྡོར་ལི་མ་སོགས་ལི་གཏེར་བཅུ་ཙམ་གྱིས་བྱུར་བུར་[page 601] བཀང་བ། སྐུ་ཕྲེང་རིམ་བྱོན་གྱི་ས་རྡོའི་མཆོད་རྟེན་ནང་བཞུགས་ཁྱད་པར་ཅན་ཡོད་པ་ཡང་དུ་མ་མཆིས་སོ། བཀའ་བརྒྱུད་གསེར་ཕྲེང་གི་ཐང་ག་གསེར་བྲིས་མ་བཞི་བཅུ་ལྷག་ཙམ་དང༌། མཚན་བརྒྱད་གསེར་བྲིས་མ། ཐང་ཆེན་མང་པོ། ཐུབ་པའི་སྐྱེས་རབས་ཐང་ག་སོ་བཞི། བཟོ་བཀོད་ཀྱི་རི་མོ་ཆེས་ཤིན་ཏུ་མཚར་བ་སོགས་བཤད་སྒྲུབ་དགོན་གཞུང་ཡོངས་རྫོགས་ལ་བཀའ་འགྱུར་ཆ་ལྔ། འབུམ་གསེར་བྲིས་མ། བརྒྱད་སྟོང་དངུལ་བྲིས་མ། རྒྱ་བོད་མཁས་དབང་རྣམས་ཀྱི་གསུང་འབུམ་དུ་མ། རང་དགོན་སྤྲུལ་སྐུ་དང་མཁན་རབས་རིམ་བྱོན་གྱི་བཀའ་འབུམ་སོགས་པོད་བཞི་སྟོང་ཙམ་བཞུགས། པར་ཁང་ལ་པར་ལེབ་ཆིག་སྟོང་ཙམ་མཆིས། མཆོད་པའི་ཡོ་བྱད་སོགས་ནི། རོལ་མོ་འཛམ་གླིང་སྙན་དཀྲོལ། ཆོས་འབྱུང་ཆོས་དར་ཆེན། སིལ་སྙན་ཚངས་དབྱངས་སྒྲ་ལྡན་སོགས་རིན་ཐང་གཞལ་བ་དགའ་དཀའ་བའི་རོལ་སིལ་བཞི་བཅུར་ཉེ་བ། ཕལ་པ་ཡང་ཉི་ཤུ་ཙམ། གཞན་ཡང་གསེར་དུང་དངུལ་དུང་སོགས་རིན་ཆེན་སྣ་ཚོགས་ཀྱི་ཕྲ་ཡོད་པ་དང༌། གཏོར་ཆས། འཕེན་གདུགས་སོགས་རྒྱ་ཡུལ་ནས་བྱུང་བའི་གོས་རྙིང་རིན་ཐང་ལྡན་པའི་འཆམས་གོས་བརྒྱ་ལྷག གསེར་འབག དངུལ་འབག རབ་འདམ་གྱི་འབག་བཅས་བསྡོམ་རྒྱ་དང་སུམ་ཅུ་ཙམ་བཅས་ཀྱང་བཞུགས་སོ། །
དུས་མཆོད་རྒྱུན་སྲོལ་ནི། སྔར་གྱི་གནས་སྐབས་འཕེལ་འགྲིབ་ཅུང་བྱས་ཡོད་པར་སྣང་རུང་ཐུབ་བསྟན་འཕྲིན་ལས་རྒྱ་མཚོའི་སྐུ་དུས་ལ་གཏན་འཇགས་གྱུར་ཟིན་པའི་དུས་མཆོད་རྣམས་ཞུ་ན་བོད་ཟླ་དང་པོའི་ནང་བླ་སེར་ཡོངས་རྫོགས་མཎྜལ་དང་བསམ་ལྷུན་ཉིན་གསུམ་ལ་འཚོགས། ཚེས་བཅོ་ལྔ་ནས་བླ་སེར་ཡོངས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་དང༌། དབྱར་འབྲིང་པོའི་ནང་བདེ་མཆོག་བཅུ་གསུམ་མའི་སྒྲུབ་མཆོད། མི་འཁྲུགས་པའི་སྒྲུབ་མཆོད། དགེ་འདུན་ཞལ་གྲངས་བཅུ་ཡིས་སྟག་ཤམ་སེང་གདོང་དང༌། ཉང་ཉི་མ་འོད་ཟེར་གྱི་དྲག་དམར་སྒྲུབ་པ་པོ་སོ་སོར་འཚོགས་དགོས། དགུན་ཟླ་འབྲིང་པོ་ནས་བཟུང༌། མས་ངག་དབང་ཀུན་དགའ་བསྟན་འཛིན་གྱི་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་བླ་སེར་ཡོངས་རྫོགས་ཀྱིས་ཉིན་བདུན། དེ་ནས་བླ་སེར་ཡོངས་རྫོགས་ཀྱིས་ཀར་གླིང་ཞི་ཁྲོ་ཉིན་བཅུ། གཞན་ཡང་བཤད་གྲྭ་ལ་སྟག་ཤམ་སེང་གདོང༌། མར་མི་དྭགས་གསུམ་འདས་མཆོད། ཀུན་མཁྱེན་པདྨ་དཀར་པོའི་འདས་མཆོད་བཅས་ཡོད་ལ། སྒྲུབ་གྲྭ་ལ་ཡང༌། ཞང་ཁྲོམ་ཚེ་བདག མར་མི་དྭགས་གསུམ་དང་ཀུན་མཁྱེན་པད་དཀར་འདས་མཆོད་བཅས་ཀྱང་ཡོད་ལགས་སོ། །
ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་ཀྱི་གོ་རིམ་ལ། ཆོས་སྡེ་འདི་ཡི་བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་སོགས་ཀྱི་ཡོན་གྱི་འབྱུང་ཁུངས་ནི། དད་ལྡན་རྣམས་ཀྱིས་རང་མོས་ཕུལ་བ་དང་མཁན་སྤྲུལ་རྣམས་ཀྱི་གདུལ་བྱ་ལྡོམ་བྱས་པ་རྣམས་དང༌། དགོན་པ་རང་ལ་ཡོན་དང་རྒྱབ་ཆོག་[page 602] བྱུང་བ་རྣམས་ཡིན་ལ། དེ་དག་དུད་ཚང་རྣམས་ལ་བགོས་ཏེ་སྤྱི་བ་ཞེས་ལོ་རེ་ཡི་དུས་མཆོད་གཅིག་འཚོགས་པའམ་བཤད་སྒྲུབ་ལ་ཕོག་སྤྲོད་དགོས། མ་དངུལ་བདུན་སྟོང་ཙམ་དང་ཟོག་ནག་བཞི་བརྒྱ་ཙམ་ཡོད། ཆོས་གྲྭ་འདི་ཡི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ནི། སྐུ་ཕྲེང་རིམ་བྱོན་གྱིས་བསྟན་བདག་གི་འགན་བཞེས་གནང༌། དེ་འོག་བླ་ཟུར་གཉིས་རེ་དང༌། དགེ་བསྐོས་གཉིས་རེས་ལོ་གསུམ་གསུམ་རེའི་འགན་བཞེས་ནས་དགོན་གཞུང་བཤད་སྒྲུབ་བཅས་སྐྱོང་བ་དང༌། ཚོགས་པ་སོ་སོའི་སྐབས་དགེ་བསྐོས་སོགས་རང་རང་གི་ལས་བབ་ཀྱི་དབང་ཆ་བཅས་བསྐོ་བཞག་གནང་སྲོལ་ཡོད་ལ། དཔལ་འབྱོར་གྱི་འགན་བཞེས་ནི། གཙོ་བོ་དགོན་གཞུང་གི་སྤྱི་ཆེན་དང༌། མཉེར་པ་བཅས་ཡོད་པ་ཡིན་ལ། གཞན་ཡང་བཤད་སྒྲུབ་དཔོན་ཐུན་དཔོན་སོགས་བསྐོ་སྲོལ་ཡོད་ལ། སྤྲུལ་སྐུ་བླ་མ་སོགས་ཀྱི་གོ་སའི་ཐོབ་ཐང་ནི་སྤྲུལ་སྐུ་རྣམས་ལ་དྭགས་ཞྭ་དང༌། མཁན་པོ་ཤིན་ཏུ་མཁས་པ་ཉམས་ལེན་ཕུན་སུམ་ཚོགས་པ་ཅན་རྣམས་ལ་ཡང་དྭགས་ཞྭའི་ཐོབ་ཐང་ཡོད་ལ། དཀྱུས་མ་རྣམས་ལ་མཁན་ཞུ་རྣ་རིང་དང་ཞྭ་ཁའི་ཐོབ་ཐང་ཡོད། དགོན་འདི་ཡི་མངའ་ཞབས་ཀྱི་དུད་གྲངས་ནི་བཞི་བརྒྱ་ལྷག་མཆིས་སོ། །
དེང་དུས་ཀྱི་གནས་ཚུལ། དེ་ལྟར་བསྟན་གཉིས་འགྲོ་འདུལ། གླིང་གི་ཆོས་སྡེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱིས་ལེགས་པར་སྐྱོང་བས་དོན་རྒྱུད་དཔལ་ལྡན་འབྲུག་པའི་རིང་ལུགས་ཤིན་ཏུ་དར་ཡང༌། རིག་གནས་གསར་བརྗེ་ཞེས་པའི་སྐབས་སུ་སྐུ་གསུང་ཐུགས་རྟེན་ཕལ་ཆེར་རྩ་མེད་སོང༌། འོན་ཀྱང་དེང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཉི་གཞོན་གསར་དུ་འཆར་བའི་སྐབས་འདིར། བསྟན་པའི་བདག་པོ་པདྨ་སྙིང་ཡང་སྲིད་རིན་པོ་ཆེ་དང༌། དབོན་སྤྲུལ། མཁན་སྤྲུལ་གཉིས་བཅས། ཁྲིར་བཀོད། དུས་མཆོད་རྣམས་ཀྱང་ཕལ་ཆེར་ཚུགས། བླ་མ་ཀ་ཐང་རྒྱ་མཚོའི་སྒྲུབ་གྲྭ་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས་ནས་སྒྲུབ་གྲྭ་བ་དྲུག་དང་བླ་མ་དང་བདུན་ལ་འཚོ་རྟེན་དང་བཅས་པ། མཁན་པོ་བེའུ་དགའ་ནས་བཤད་གྲྭ་ལྷ་ཁང༌། གྲྭ་ཁང་བཅས་རྟེན་དང་བརྟེན་པ་དང་བཅས་པ་བཞེངས་ནས། བཤད་གྲྭའི་མཁན་པོ་གསར་བསྐོ་བྱས་ནས། པར་ལེབ་ཆིག་སྟོང་ལྷག་ཙམ་གསར་དུ་བསྐོས། རོལ་མོ་སིལ་ཉན་སོགས་གནའ་རྫས་རི་ཟུང་དང༌། འཆམ་གོས་འཆོད་ཆས་སོགས་ཀྱང་བཅུ་ཙམ་རེ་གྲུབ། དབོན་སྤྲུལ་རིན་པོ་ཆེ་ནས་ལྷ་ཁང་ཀ་རིང་བཅུ་གཉིས་ཀ་ཐུང་ལྔ་བཅུ་ལྷག་ཡོད་པ་བཞེངས་བཞིན་པ་དང༌། བླ་སེར་བརྒྱ་ལྷག་ཙམ་གྱིས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་དོན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་སྤེལ་གཏོང་བ་ལ་འབད་བཞིན་མཆིས་སོ། །
དེ་ལ་འདིར་ཆོས་ཀྱི་རྗེ་བོ་ཀུན་བཟང་རྒྱ་མཚོའི་གདན་ས། དཔལ་ཕུན་ཚོགས་བསམ་གཏན་གླིང་ངམ་གླིང་བསྟན་འཕེལ་དགོན་གྱི་རང་བཞིན་པ་བརྗོད་པ་ལ་གསུམ། ཐོག་མར་དགེ་བའི་གཏམ་གདན་ས་ཕྱག་འདེབས་མཛད་པའི་ཚུལ། བར་དུ་དགེ་བའི་གཏམ་བསྟན་འཛིན་གྱི་སྐྱེས་བུ་སོ་སོ་རིམ་བྱོན་གྱི་མཛད་པའི་ཚུལ། མཐའ་མར་དགེ་བའི་གཏམ་སྐུ་གསུང་ཐུགས་རྟེན་གང་བཞུགས་ཀྱི་དཀར་ཆག་འགོད་པའོ། །
དང་པོ་ནི། མཁས་ཤིང་གྲུབ་བརྙེས་བཻ་རོ་ཙ་ན་སོགས་དམ་པ་དུ་མས་ཞབས་ཀྱིས་བཅགས་པའི་གནས། རྨ་རྫ་ཟལ་མོའི་སྒང་རྫ་ཀླུ་དལ་འབབ་ཀྱི་གཡས་ཟུར། ཤར་ཕྱེས། ལྷོ་སྤངས། ནུབ་འདབ། བྱང་ཡོལ་བ་སྟེ་སའི་ཀ་བ་བཞི་དང་ལྡན་པའི་བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་མཆོག་དེར། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་རྒྱུད་འཛིན་ངག་དབང་འབྱུང་གནས་ཞེས་པ་དེ་ཉིད་ཀྱིས་གནམ་ས་མི་འགྱུར་གཡུང་དྲུང་ལྡན་པའི་ཤེལ་ཁོག་སྣ་ཚོགས་བཀྲ་ཤིང་ཐང་ཟེར་བ་ལ་སྒྲུབ་པའི་གདན་ས་ཐོག་མར་བཏབ། རབ་བྱུང་ནམ་ཡིན་མ་ངེས་ཀྱང་སོག་དམག་ཡ་དེའུ་འཇུ་གཞི་ཟེར་བའི་ཐོན་དུས་སོག་དཔོན་[page 591] སོར་ཟུར་ཐོན་ཞེས་པ་དེ། གཡོན་རུའི་བུ་རྫི་རུ་ཐོན་གྱིས་བསད། དེའི་དུས་སུ་ཕུག་གི་དགོན་པ་དར་ལྕོག་ཅན་བསྟན་འཕེལ་དགོན་དང༌། མདོའི་གྲོང་ཆུང་ལྕགས་རྭ་ཅན་ཡ་དེའུ་ཞེས་ཡིན་པའི་གནད་ཀྱིས་དགྲ་ལག་བསྟན་འཕེལ་དགོན་ལ་བཞག་པ་ཡིན་ཞེས་གཏམ་ཐོས་པ་ལགས་སོ། དེ་ལྟར་དཔྱད་ན་དེའི་སྔོན་ལ་དགོན་པ་ཆགས་ཡོད་པར་ངེས་ཀྱང༌། ཆགས་ནས་སྐུ་ཕྲེང་དང༌། ལོ་དུ་ཙམ་སོང་ཡོད་མི་གསལ། རྗེས་སུ་མར་གླིང་ངག་དབང་འབྱུང་གནས་ཞེས་པ་དེ་ཉིད་ཀྱིས་གནུབས་བན་སངས་རྒྱས་ཡེ་ཤེས་དང་གཡུ་ཐོག་ཡོན་ཏན་མགོན་པོའི་སྤྲུལ་པའི་རྣམ་རོལ་དུ་ཤར་བ་བསྟན་འཕེལ་ཀུན་བཟང་རྒྱ་མཚོ་ཞེས་པ་དེ་ཉིད་ལ་སླར་བསྟན་པ་གཏད་ནས་སྒྲུབ་གནས་གཡར་མ་ལུང་པའི་མདོར། དཔལ་ཕུན་ཚོགས་བསམ་གཏན་གླིང་ཞེས་པ་རབ་བྱུང་བཅུ་པའི་ལྕགས་བྱ་ལོ་ལ་བཏབ། ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་པ་སྒོམ་སྒྲུབ་མཛད་ནས་རྒྱལ་བསྟན་འཛིན་སྐྱོང་གནང་བའི་ཚུལ་ནི། དགོན་འདིར་མཁས་བཙུན་བཟང་པོའི་རྣམ་ཐར་གྱི་ཡང་རྩེར་སོན་པ་ཉག་བླ་ཤེས་རབ་འོད་ཟེར་ཕེབས་ནས་སྒྲུབ་སྡེ་རྟོགས་ཚོགས་རང་གྲོལ་ཞེས་ཕྱི་གཙུག་ལག་ཁང་དང༌། ནང་རྟེན་གྱི་གཙོ་བོ། ཆོས་སྐུ་རྡོ་རྗེ་འཆང་ཆེན། གུ་རུ་སྣང་སྲིད་ཟིལ་གནོན། མར་མི་དྭགས་གསུམ་འཕང་ལ་མདའ་ཚད་ཙམ་རྒྱུ་ཟངས་གསེར་ལས་གྲུབ་པ་དང༌། རྡོ་རྗེ་སེམས་དཔའ་རྒྱ་ནག་ལི་མའི་སྐུ་སོགས་རྟེན་དང༌། ཁྱད་པར་དུ་དོན་བརྒྱུད་འབྲུག་པའི་བསྟན་འཛིན་གྱི་གཙོ་བོ་འབྲུ་འཇམ་དབྱངས་གྲགས་པའི་ཞབས་དྲུང་དུ། རིག་འཛིན་སྤྲུལ་སྐུ་སོགས་དཔོན་གཡོག་བདུན་བཏང་ནས་དོན་བརྒྱུད་དང་དཔལ་ལྡན་འབྲུག་པའི་རིང་ལུགས་ཐུན་མོང་མ་ཡིན་པ་འགྲོ་བའི་མགྲོན་པོ་གཙང་པ་ཏྲྱ་རས་ཡེ་ཤེས་རྡོ་རྗེའི་དགོངས་ཀློང་ནས་བྱོན་པའི་གདམས་ངག་བཀའ་རྒྱ་ཅན་ལྔ་སྟེ། ལྟ་བ་ཕྱག་རྒྱ་ཆེན་པོ་སྒོམ་པ་ན་རོ་ཆོས་དྲུག སྤྱོད་པ་རོ་སྙོམ་སྐོར་དྲུག འབྲས་བུ་རྟེན་འབྲེལ་རབ་བདུན། ཀུན་གཅེས་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་རྣམས་ཀྱི་སྲོལ་བཙུགས། གཞན་ཡང་སྔོན་འགྲོ་འབུམ་ལྔ་དང་ཡི་དམ་འཁོར་ལོ་བདེ་མཆོག་གི་བསྙེན་ཚད་སོགས་ཐུན་མོང་དང་ཐུན་མོང་མིན་པའི་ཉམས་བཞེས་དེང་སེང་བར་ཁྲིད་རྒྱུན་མ་ཉམས་པ་ཡོད་དོ། །རིག་འཛིན་སྤྲུལ་སྐུ་བཤད་གྲྭ་ལེགས་བཤད་པདྨའི་དགའ་ཚུལ་ཞེས་ཕྱི་གཙུག་ལག་ཁང་གྲྭ་ཤག་བཅུ་གསུམ་དང༌། ནང་ཟངས་གསེར་ལས་གྲུབ་པའི་གནས་བརྟེན་བཅུ་དྲུག་སོགས་དང༌། མཁས་པ་རྣམས་ཀྱི་གསུང་འབུམ་དུ་མ་བཞེངས་མཛད། འཇུ་རྙིང་ཉུང་དགོན་གྱི་མཁན་པོ་ཚུལ་ལོ་གདན་དྲངས་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་དར་སྤེལ་མཛད།
གཉིས་པ་བར་དུ་དགེ་བའི་གཏམ་བསྟན་འཛིན་གྱི་སྐྱེས་བུ་སོ་སོར་རིམ་བྱོན་གྱི་ལོ་རྒྱུས་མདོར་ཙམ་འགོད་པ་ནི། དེ་ཡང་ཆོས་སྡེ་འདིར་མངོན་པ་དང་མི་མངོན་པའི་ཚུལ་ཅི་རིགས་ཀྱིས་ཕེབས་པའི་སྐྱེས་ཆེན་རིམ་བྱོན་རྣམས་ཀྱིས་བསྟན་འགྲོར་སྨན་པའི་ལེགས་ཚོགས་ཅི་མཛད་མཐའ་དག་བརྗོད་པ་མི་ནུས་[page 592] ཀྱང༌། འདིར་ཡོངས་སུ་གྲགས་པའི་སྐྱེས་ཆེན་ལྕགས་མོ་སྤྲུལ་སྐུ། སྐུ་ཕྲེང་གཉིས་པ་གྲུབ་བརྙེས་ཨོ་རྒྱན་དགེ་ལེགས་བསྟན་འཛིན། གསུམ་པ་མི་ཕམ་གྲུབ་མཆོག་ཉི་མ། བཞི་བ་མི་ཕམ་ཀུན་བཟང་འཆི་མེད་གྲུབ་པ། ལྔ་བརྒྱལ་སྲས་འཕྲིན་ལས་རྣམ་རྒྱལ། དྲུག་པ་རྒྱལ་སྲས་འཕྲིན་ལས་ཀུན་ཁྱབ་སོགས་མང་དུ་བྱོན།
གསུམ་པ་ནི། དགོན་འདི་ཆགས་ནས་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པའི་གྲངས་དང་བཀོད་པ་འདི་ཙམ་མོ་ཞེས་སྨྲ་མི་ཤེས་ཀྱང་རྒན་པོའི་ངག་རྒྱུན་ལྟར་རགས་ཙམ་འགོད་པསཏེ། རྟེན་གྱི་གཙོ་བོ་ལྷ་ཆེན་ཁང་དུ་སྟོན་པ་བདེ་བར་གཤེགས་པའི་སྐུ་ཐུབ་པ་བྱིའུ་དྲོད་མཞེས་པ་ཐུགས་ཀར་བྱེའུ་ཞིག་གི་དྲོད་ཙམ་ཡོད་པའི་ལི་མའི་སྐུ་གཅིག་དང༌། ཚེས་བཅུའི་སྒྲུབ་རྟེན་སྐུ་ཚབ་བྱེ་མའི་ཨ་འཁྲུངས་ཞེས་གུ་རུའི་སྐུ་ནང་གཏེར་མ་ཕྱི་ལི་མ་ལས་གྲུབ་པའི་སྐུ། རྒྱ་ནག་གོང་མ་ཏ་མིང་ཡུང་ལོ་རྒྱལ་པོའི་དུས་སུ་བྱུང་བའི་སྨན་བླའི་སྐུ་ལི་མདའ་ཚད་ཅན་དང༌། འདམ་སྐུ་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། སྒོ་སྲུང་བཞི་དང༌། ཇོ་ཁང་དུ་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དཔངས་སུ་ཁྲི་བརྒྱད་ཙམ་གྱི་མཐོ་ཚད་དང༌། གཡས་སུ་སྒྲོལ་མའི་ཁྲི་དྲུག་གི་ཚད་ཙམ་དང༌། གཡོན་དུ་གུ་རུ་འཕང་དུ་ཁྲི་དྲུག་ཡོད་པ་དང༌། རྒྱུ་ཟངས་གསེར་ལས་གྲུབ་པ། འདམ་སྐུ་ལས་གྲུབ་པ་སྒྲོལ་མ་དཀར་མོའི་སྐུ་ཆིག་སྟོང་བཅས་བཞུགས། གཞན་ཡང་ལྕགས་མོ་སྤྲུལ་སྐུ་སོགས་ཀྱིས་བཞེངས་པའི་རྟེན་ནི། གུ་རུ། རྡོ་རྗེ་འཆང་ཚེ་དཔག་མེད། རྡོར་སེམས། ཕྱག་རྡོ་སོགས་ཀྱི་ལི་མ་དང་གཏེར་མ་སྐུ་བཅུ་ཕྲག་བཅུ་གསུམ་དང༌། ཙན་དན་དཀར་དམར་ལས་གྲུབ་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་ཉེ་སྲས་བརྒྱད་སོགས་བཞུགས་སོ། །གསུང་རྟེན་རྒྱལ་བའི་བཀའ་འགྱུར་བསྟན་འགྱུར། གངས་ཅན་མཁས་པའི་དབང་བོ་འབྲུག་པདྨ་དཀར་པོ། ཁམས་ཀརྨ་བསྟན་འཕེལ་སོགས་ཀྱི་གསུང་འབུམ་གཙོ་བོར་གྱུར་པའི་བོད་ཀྱི་མཁས་པ་རྣམས་ཀྱི་གསུང་འབུམ་བཅས་བསྡོམས་ན་པོད་སྟོང་སུམ་ལྷག་ཙམ་བཞུགས། ཐུགས་རྟེ། སྒོ་མང་མཆོད་རྟེན་ཞེས་འཕང་དུ་ཁྲི་གསུམ་ཙམ་ཡོད་པ་ས་གདན་སྲིན་པོའི་ཐོད་པས་བྱས་པའི་ནང་རྟེན་སྲིན་པའི་ཐོད་པའི་ཞབས་གདན་བྱས་པའི་གུ་རུ་བདེ་བ་ཆེན་པོའི་སྐུ་དང་གནམ་ལྕགས་རྡོ་རྗེ་དང༌། གཞན་ཡང་གསེར་གདུང་མཆོད་རྟེན་ཆ་བརྒྱད་དང་དངུལ་གདུང་མཆོད་རྟེན་བདུན་བཅས་བཞུགས། མཆོད་པའི་ཡོ་བྱད་སོགས་ནི། བྱ་ཤང་ཤང་གིས་ཁྱེར་བའི་སིལ་སྙན་ཉི་མ་འབྲུག་གྲགས། འདར་སིལ་ཚངས་དབྱངས་འབུམ་ལྡན། གྲ་དགོས་འདོན་ཀུན་འབྱུང༌། རྣམ་རྒྱལ་འབུམ། རྒྱ་ཧོར་ཁ་སྤྲོད་སོགས་ཀྱི་ལི་རྙིང་ལྔ་ཕྲག་ཁ་ཤས་དང༌། རྒྱ་གླིང་སྙན་འཇེབས་ལྷ་འཁོར། དུང་དམར་དབྱངས་སྙན་འབྲུག་སྒྲ་ཞེས་པ་སོགས་གསེར་དངུལ་ཟངས་རག་གི་རྒྱུ་བྱས་པའི་ར་པར་གཟི་དང་བྱུ་ར་གཡུ་སྤོས་ཤེལ་སོགས་ཀྱི་ཕྲ་དང་ལྡན་པའི་རིན་ཐང་གཞལ་བ་དཀའ་བའི་མཆོད་ཆས་དང༌། གཏོར་ཆས་འཕན་གདུགས། [page 593] འཆམ་གོས་སོགས་དུ་མ་མཆིས་སོ། །
ཡི་དམ་འཁོར་ལོ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་མགོན་པོ་བཀའ་བརྒྱད་ལ་སོགས་དཀྱིལ་འཁོར་ཆེན་པོ་བཅུ་གསུམ་གྱི་སྒྲུབ་མཆོད་ཡོད། ཁྱད་པར་དུ་ཁམས་ངག་དབང་ཀུན་དགའ་བསྟན་འཛིན་གྱི་ཞལ་གཟིགས་དག་སྣང་ཚེས་བཅུ་ཆེན་པོ་འདི་ཡི་བཀའ་བབས། བསྟན་འཕེལ་ཨོ་རྒྱན་དགེ་ལེགས་བསྟན་འཛིན་ལ་གཏད་པའི་ཚུལ་ནི། རྗེ་ཀུན་དགའ་བསྟན་འཛིན་དེ་ཉིད་ཟླ་རྒྱལ་གོ་ཕུག་ཏུ་སྒྲུབ་པ་མཛད་སྐབས་སྤྲེལ་ཟླའི་ཚེས་བཅུའི་ཉིན། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཞལ་གཟིགས་ནས་ཇི་སྐད་དུ། གོ་བོའི་ཚངས་དུ་ཉལ་བའི་རྒོད། དུས་བབས་ཉེར་བར་འཕུར་ན་ལེགས། ཡངས་པའི་རྒྱལ་ཁབ་ལྟད་མོ་དེ། དེ་ལ་མེད་ལྟ་བ་གལ་དུ་ཆེ། སྒྲུབ་པ་ལས་བཞིའི་འགྲོ་དོན་གྱིས། དུས་མཆོད་ཚེས་བཅུའི་འགྲོ་དོན་བརྩོན། ཞེས་གསུངས་ཏེ། འགྲོ་དོན་གྱིས་རྒྱུད་བསྐུལ་ནས། ཟངས་མདོག་དཔའ་རིའི་རྩེ་ཁང༌། བར་ཁང༌། འོག་ཁང་སོགས་ཆོས་ལོངས་སྤྲུལ་གསུམ་གྱི་རོལ་གར། ཚེས་བཅུ་ཆེན་པོའི་འགྲོ་དོན་དབུས་གཙང་རུ་བཞི་དང༌། མདོ་ཁམས་སུ་ཁྱབ་པ་ཡིན། དེ་ལྟར་གུ་རུའི་ཞལ་གཟིགས་ཚེས་བཅུ་ཆེན་པོའི་གར་འཆམ་གནང་བའི་སློབ་མའི་ཐུ་བོ་ཨོ་རྒྱན་དགེ་ལེགས་བསྟན་འཛིན་ལ་བཀའ་བབ་དག་སྣང་ཞལ་བཞེས་གནང་པའི་ཚེས་བཅུ་ཆེན་པོ་འདི་ཉིད་གུ་རུ་ཆོས་དབང་གཏེར་བྱོན་ཐུགས་སྒྲུབ་བླ་མ་གསང་བ་འདུས་པ། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་བརྟེན་པའི་ཚེས་བཅུའི་སྒྲུབ་པ་སོགས་སྔར་བཅུ་གསུམ་ཡོད་པ་ལས། ད་སྐབས་དགུ་ཙམ་ཚུགས་ཡོད།
སྔར་གྱི་སྐུ་གསུང་ཐུགས་རྟེན་རོལ་ཆས་ཡོ་བྱད་སོགས་སྤུས་གཙང་ལ་ལེགས་པ། རིན་ཐང་ཆེ་བ་རྣམས་ནི་རིག་གནས་གསར་བརྗེའི་སྐབས་གཏོར་བརླགས་སོང་ཚར། དེང་སང་གཙུག་ལག་ཁང་ཞིག་གསོ་དང་ལྷ་ཆེན་ཁང་ལ་འདམ་སྐུ་དུས་གསུམ་སངས་རྒྱས། ཉེར་སྲས་བརྒྱད། ཇོ་ཁང་དུ་ཇོ་བོ། གུ་རུ། སྒྲོལ་མ་སོགས་དང༌། འཆམ་གོས། རོ་ཆས། འཕན་གདུག་སོགས་འགའ་ཙམ་མཆིས་ལགས། ད་དུང་ཡང་སྤྲུལ་སྐུ་སྐུ་མཆེད་རྣམས་གཙོ་མཛད་ནས་བླ་གྲྭ་ཐམས་ཅད་ཀྱིས་སྔར་སྲོལ་བཤད་སྒྲུབ་ལས་གསུམ་གྱིས་འཛུགས་པར་འབད་བཞིན་གནས་ལགས་སོ། །
དགོན་པ་འདི་སྡེ་དགེ་རྫོང༌། ཟོག་པ་ཤང་དུ་གནས་སོ། །
དགོན་པ་འདི་ཉིད་ཐོག་མར་འདེབས་པ་པོ་ནི། ཚར་ཚར་སྒྲུབ་རྒན་རྟོགས་ལྡན་གྲགས་པ་རྒྱལ་མཚན་ཡིན། ཁོང་གིས་ལྕགས་མོ་མདོ་སྟེང་དགོན་བཏབ། ད་ལྟ་དཀར་མཛེས་རྫོང་གསེར་མཁར་ཆུས་ནང་དུ་ཡོད། རྟོགས་ལྡན་གྲགས་པ་རྒྱལ་མཚན་ཁོང་མདོ་སྨད་ཕྱོགས་སྒ་སྐྱེ་དགུ་མདོ་ལ་ཡབ་ཨོ་རྒྱན་འཕྲིན་ལས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་བའི་མེ་ཁྱི་༡༥༢༦ལོར་འཁྲུངས། དགུང་ལོ་དྲུག་བདུན་ཙམ་ནས་ཡི་གེ་ལྗགས་ཀློག་གསན། སྐུ་ཆུང་ངུའི་དུས་ནས་མཁྱེན་རབ་ཀྱི་རྩལ་རྫོགས་པས་འབྲི་ཀློག་སོགས་ཚད་མེད་མཁྱེན། མཉན་པ་བཀྲ་ཤིས་དཔལ་འབྱོར་ལས་རབ་ཏུ་བྱུང༌། སློབ་དཔོན་མང་དུ་བསྟན་པ་ལས་གཙོ་བོ་ཀརྨ་བརྒྱད་པ་མི་བསྐྱོད་རྡོ་རྗེ་དང༌། ཞྭ་དམར་དཀོན་མཆོག་ཡན་ལག དཔའ་བོ་གཙུག་ལག་ཕྲེང་བ། སངས་རྒྱས་མཉན་པ་བཀྲ་ཤིས་དཔལ་འབྱོར་རྣམས་[page 606] རིགས་ཀྱི་བདག་པོར་བཀུར། ཤེར་ཕྱིན་མངོན་པ་དབུ་མ་ནང་བརྟག་རྒྱུད་གསུམ། ཚད་སྤྱོད་འཇུག སྡོམ་གསུམ། གསང་འདུས་མ་ཧཱ་མ་ཡ། རྣལ་འབྱོར་གསུམ་དང་སྒྱུ་མ་གསུམ་སོགས་རྒྱུད་འགྲེལ་ཆ་ལག་བཅས་པའི་གདམས་པ་མང་པོ་གསན། རང་དོན་དུ་ཐོས་བསམ་བསྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ལ་བྱང་ཆུབ་པར་མ་ཟད། སྣང་སེམས་རོ་མཉམ། འབྱུང་བཞིར་དབང་བསྒྱུར། རྫུ་འཕྲུལ་ལ་མངའ་བརྙེས་པས་གྲུབ་ཐོབ་ཆེན་པོ་རྟོགས་ལྡན་གྲགས་པ་རྒྱལ་མཚན་ཞེས་མཚན་སྙན་འབྲུག་ལྟར་གྲགས། སྟོད་ན་ཨ་མཁའ་རྟོགས་ལྡན། བྱ་རྒོད་པོ་ལ་འཕོ་བ་འདེབས། སྨད་ན་མི་ཉག་རྟོགས་ལྡན། བྲག་ལ་ཕུར་པ་འདེབས། བར་ན་ཚར་ཚར་རྟོགས་ལྡན། འབྱུང་བ་བཞི་ལ་སྭཙྪ་བཏབ། སཱཙྪ་ཆུ་ལ་བཏབ། ཆུ་ཚྭ་ཤེལ་ལ་འགྱུར། ས་ལ་སཱཙྪ་བཏབ། ས་ཚྭ་གསེར་ལ་འགྱུར་བ་སོགས་གྲུབ་པའི་རྟོགས་བསམ་བརྗོད་ལས་འདས་པ་བསྟན་པ་དེ་ཉིད་ཀྱིས་དགོན་འདི་བཏབ་པ་ཡིན། ད་ལྟ་དགོན་པ་འདི་སྡེ་དགེ་རྫོང་ཨ་ཕྱུག་ཤང་ན་གནས་ཡོད། དེ་ཡང་དགོན་པ་འདེབས་པ་པོ་ཚར་ཚར་རྟོགས་ལྡན་གྲགས་པ་རྒྱལ་མཚན་གྱི་དུས་སུ་སྒྲུབ་གྲྭ་དང་བཤད་གྲྭ་དམིགས་བསལ་ལོགས་སུ་མེད་ཀྱང་དགོན་པའི་བླ་གྲྭ་ཡོངས་ཀྱིས་དཔལ་འཁོར་ལོ་བདེ་མཆོག་དང༌། རྒྱལ་ཕག་ནག་གསུམ་སོགས་ཀྱི་དུས་མཆོད། ནཱ་རོ་ཆོས་དྲུག་ཕྱག་ཆེན་སོགས་སྒྲུབ་པ་ཉམས་བཞེས་རྩལ་འདོན་གནང་བས་ལུང་དང་རྟོགས་པའི་བསྟན་པ་ལ་ཕྱག་རྗེས་རླབས་པོ་ཆེ་བཞག དེ་ཡི་དུས་ནས་མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་སྲོལ་ལེགས་པར་དར་བ་ཡིན། དེ་ནས་རིམ་བཞིན་དགེ་འདུན་གྲྭ་ཚང་ཡར་རྒྱས་དང༌། ཚེས་བཅུ་བུམ་སྒྲུབ་སོགས་དུས་མཆོད་གྲངས་མང་འཕར་མ་འཛུགས་རྟེན་བཞེངས་མཆོད་ཆས་གསར་བཞེངས་དང༌། སྒྲུབ་སྡེ་ཁག་གསུམ། བཤད་གྲྭ་བཅས་འཕེལ་རྒྱས་བྱུང༌། དགོན་གྲྭ་རྣམས་ལོ་བདུན་བརྒྱད་བོད་ཡིག་འབྲི་ཀློག་དང༌། ཆོ་ག་ཆོས་སྤྱོད་བསླབས། དེ་ནས་ཁ་འབུད་ལག་བརྡུང༌། བཅའ་ཕྱག་ལེན། ཐིག་རྡུལ་ཚོན། འདོན་རྟ་དབྱངས་སོགས་ལ་རྩལ་སྦྱང་དང༌། རིམ་པར་དགེ་ཚུལ་སློང་གི་སྡོམ་པ། ལུགས་གཉིས་གང་རུང་གི་སེམས་སྡོམ་ཞུས་ནས། ལམ་རིམ་ཐར་པ་རིན་པོ་ཆེ་རྒྱན་དང༌། སྔོན་འགྲོ་བློ་ལྡོག་རྣམ་བཞིའི་ཁྲིད། འབུམ་ལྔ་གསོག་པ་ལ་འབད། དེ་ནས་རིམ་པར་སྒྲུབ་གྲྭ་ལ་ཞུགས་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་སྐུ་ཚེ་ཧྲིལ་པོ་འབད་པ་བྱེད་དོ། །
གདན་རབས་རགས་ཙམ་བརྗོད་པ་ལ། བསྟན་པའི་སྐྱེས་ཆེན་དམ་པ་ཚར་ཚར་སྒྲུབ་རྒན་རིན་པོ་ཆེ་སྐུ་ཕྲེང་དང་པོ། རྟོགས་ལྡན་གྲགས་པ་རྒྱལ་མཚན། གཉིས་པ་གྲུབ་དབང་ཀརྨ་རབ་འཕེལ། གསུམ་པ་རྒྱལ་སྲས་ཕུན་ཚོགས་རྣམ་རྒྱལ། བཞི་པ་ཆོས་འཛིན་རྒྱལ་པོ། ལྔ་པ་ཆོས་དབྱིངས་ལྷུན་གྲུབ། དྲུག་པ་བསྟན་པ་རབ་རྒྱས། བདུན་པ་བདུད་འདུལ་བསྟན་པའི་ཉི་མ། བརྒྱད་པ་ཀརྨ་བློ་གྲོས་ངེས་དོན་བསྟན་འཛིན་སེང་གེ་དཔལ་བཟང་པོ་རྣམས་སོ། །ཉ་སྤྲུལ་སྐུ་ཕྲེང་བདུན་དང༌། སྐུ་སྐྱེ་སྐུ་ཕྲེང་དྲུག་པ་[page 607] དང༌། འབྱོར་རྒྱས་སྐུ་ཕྲེང་དྲུག་དང༌། མཚམས་པ་གདུགས་དཀར་སྐུ་ཕྲེང་གསུམ་དང༌། ནོར་བཀྲ་སྐུ་ཕྲེང་གསུམ་དང༌། རོང་སྤྲུལ་སྐུ་ཕྲེང་གཉིས་སོགས་སྤྲུལ་པའི་སྐྱེས་མཆོག་རྣམས་དང༌། དཔལ་ལྡན་གསེར་ཆོས་ཤངས་པ་བཀའ་བརྒྱུད་ཀྱི་གདན་རབས་རགས་རིམ་ལ། སྐུ་སྐྱེ་བཀའ་བརྒྱུད་བསྟན་འཛིན། མཆོག་གཟིགས་ཀརྨ་ལྷག་མཐོང༌། གྲུབ་ཆེན་ཀརྨ་ཚེ་སྲུང༌། བདུད་འདུལ་བསྟན་པའི་ཉི་མ། བླ་མ་ཀརྨ་ཐེག་མཆོག ཀརྨ་རབ་དགའ། ཀརྨ་གཞན་ཕན་འོད་ཟེར། ཀརྨ་བཀྲ་ཤིས་སོགས་དང༌། རྟོགས་པ་མཆོག་ཐོབ་པའི་རྣལ་འབྱོར་པ་རྗེ་བཙུན་མི་ལ་གཉིས་པ་ལྟ་བུ་གྲུབ་ཆེན་བསོད་རྒྱལ་རིན་པོ་ཆེ་ནི་དགུང་ལོ་ཉི་ཤུ་ནས་དྲུག་ཅུའི་བར་ཞབས་སྒོ་ཐེམ་ཕྱིར་བརྒལ་བ་མི་མཛད་པའི་ངང་མ་ཎི་དུང་ཕྱུར་བཅོ་བརྒྱད་དང་དེ་མིན་ཡི་དམ་དུ་མ་ལ་བསྙེན་སྒྲུབ་ཚད་ལྡན་མཛད། སྐུ་གཤེགས་སྐབས་གདུང་རུས་ལ་རྗེ་བཙུན་མི་ལའི་སྐུ་རང་བྱོན་དང་རིང་སྲེལ་ཁ་དོག་ལྔ་ལྡན་གྲངས་མང་དད་ལྡན་བུ་སློབ་ཡོངས་ལ་དད་རྟེན་ངོ་མཚར་ཅན་བཞག མཁས་གྲུབ་གཉིས་ལྡན་བླ་མ་ཚེ་དཔལ་གྱིས་ཕུག་སྒོ་འདར་སྦྱར་གྱིས་ཡིག་དྲུག་དུང་ཕྱུར་བཅུ་གསུམ་གསུངས། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་གྲྭ་གསར་འཛུགས་གནང༌། སྐུ་ཚེ་ཧྲིལ་པོ་སྒྲུབ་པ་ཉམས་ལེན་གྱིས་མཐའ་འཁྱོལ་བར་མཛད་དོ། །མཁན་རབས་བཤད་པ། མཁན་ཆེན་ཀརྨ་ཐུབ་བསྟན། མཁན་མདོ་སྡེ། མཁན་ཀརྨ་བློ་གྲོས། མཁན་ཀརྨ་བཀྲ་ཤིས། གཅོད་པ་དབང་ལྡན། བླ་མ་ནོར་བཀྲ། བླ་མ་འབོ་ཐོག བླ་མ་རིན་པོ་ཆེ་བློ་ལུ། མཁན་བསོད་ནམས་ཡར་འཕེལ། མཁན་བསོད་ནམས་ཡོན་ཏན་སོགས་ལུང་སྡེ་སྣོད་གསུམ་ལ་འཆད་མཉན། ལམ་བསླབ་པ་གསུམ་ལ་ཉམས་བཞེས་ཀྱི་བརྟན་མཁས་ཡོན་ཏན་ལྡན་པ་ཤ་སྟག་ཡིན་ནོ། །སྐུ་གསུང་ཐུགས་རྟེན། དགོན་འདི་ཆགས་ནས་རབ་བྱུང་དགུ་བའི་མི་ཁྱི་ལོ་ནས་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་ལ་གྲངས་འདི་ཙམ་མོ་ཞེས་བགྲང་མི་ནུས་ཀྱང༌། སྒྲུབ་རན་ཆོས་འཛིན་རྒྱལ་པོའི་སྐུ་རིང་ལ་དངོས་སུ་བཞུགས་པའི་མཚན་ཐོ་ཙམ་བཀོད་པ་ནི། དེ་ཡང་ས་ཡི་ཁྱོན་ཡངས་ཤིང་རྒྱ་ཆེ་བའི་རྒྱབ་རི་གླང་ཆེན་འགྱིང་ཡག་གི་རི་རྩ་ན། འདུ་ཁང་ཆེན་པ་བཅུ་གཉིས། བཤད་གྲྭའི་གྲྭ་ཤག་ཉེར་ལྔ་ཅན་དང༌། སྒྲུབ་ཁང་གཉིས། སྒྲུབ་ཁང་རེ་ལ་གྲྭ་ཤག་ཉི་ཤུ། པར་ཁང་གཅིག གསེར་ཁང་གཉིས། གྲྭ་ཤག་གཉིས་བརྒྱ་བརྒྱད་བཅུ། ཚོགས་ཆེན་འདུ་ཁང་ཆེན་པོ་གཅིག་བཅས་བཞུགས་སོ། །
ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ། གླིང་ཚང་རྒྱལ་པོ་དང་སྡེ་དགེ་རྒྱལ་པོ་གཙོས་དཔོན་ཁག་རྣམས་དང༌། རྫ་བྱང་རོང་གསུམ་གྱི་སྡེ་ཁག་མང་པོས་འཚོ་བའི་མཐུན་རྐྱེན་སྒྲུབ་པ་དང༌། དགེ་འདུན་པར་ཡོངས་སྒོ་སྣ་ཚོགས་བྱུང་བ་ལ་བརྟེན་ནས་འཚོ་བ་སྐྱེལ་བའོ། །ཆོས་གྲྭ་འདིའི་བསྟན་པ་མཆོག་སྤྲུལ་རྣམས་ཀྱི་སྐྱེ་ཕྲེང་རིམ་བྱོན་གྱིས་བསྟན་པའི་བདག་པོའི་འགན་བཞེས་ནས་འཁོར་ལོ་གསུམ་གྱི་འཕྲིན་ལས་རྒྱ་ཆེན་སྤེལ། དེ་འོག་མཁན་པོ། སྒྲུབ་དཔོན། དབུ་ཆེན། དགེ་བསྐོས། སྤྱི་[page 608] ཆེན། དབུ་མཛད། དུང་འབུད། མཆོད་དཔོན་སོགས་ལས་སྣེ་རྣམས་ཀྱིས་སོ་སོའི་ལས་འགན་རིམ་པ་ལྟར་བསྒྲུབས་ཏེ་ལམ་བསླབ་པ་གསུམ་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སྒོམ་སྒྲུབ་དར་སྤེལ་གཏོང་དགོས་པ་ཡིན་ནོ། །མཁན་པོ་ནི། བསྙེན་པར་རྫོགས་ནས་ལོ་བཅུ་ཚང་ཞིང༌། གཞུང་རིག་གནས་བཅས་པར་འཆད་སྤེལ་བྱེད་ཐུབ་པ། མར་ལུགས་རྒྱུད་སྡེ་རྣམས་ལ་བསྙེན་བསྒྲུབས་ཚད་ལྡན་དང༌། ཞི་དུལ་ལྷོད་གསུམ་ལྡན་པ་གཅིག་ལ་མཁན་པོ་ཞེས་མཚན་གསོལ། སྒྲུབ་དཔོན་ནི་བཤད་གྲྭ་ལ་ལོ་གསུམ། སྒྲུབ་གྲྭར་ལོ་དྲུག་བཞུགས་ནས་ནཱ་རོ་དང་ནི་གུའི་གཙོའི་སྒྲུབ་སྡེའི་ཆོས་སྐོར་རྣམས་ཀྱི་ཕྱག་ལེན་ལ་མངའ་བརྙེས་པ། དབང་ལུང་འཆད་སྤེལ་ཐུབ་པ། མན་ངག་ལག་ལེན་རྩ་རླུང་འཕྲུལ་འཁོར་སོགས་ལ་བྱང་ཆུབ་པ་ཞིག་ལ་སྒྲུབ་དཔོན་དུ་མཚན་གསོལ། སྒྲུབ་གྲྭ་ལོ་གསུམ་བཞུགས་ཡོད་པ་དང༌། ཀར་ལུགས་དཀྱིལ་འཁོར་ཐམས་ཅད་ལ་བསྙེན་འཚམས་མཐར་ཕྱིན་པ་ཕྱག་ལེན་ལ་མངའ་བརྙེས་པ་ལ་རྡོ་རྗེ་སློབ་དཔོན་གྱི་མཚན་གསོལ་བ་ཡིན། སྒྲུབ་ཁང་དུ་ལོ་གསུམ་ལ་སྒོམ་སྒྲུབ་མཛད་པ་རྣམས་ལ་བླ་མ་དཀྱུས་མའི་མཚན་ཙམ་ལས་མེད། དེ་རྣམས་ཀྱིས་རིམ་པ་ལྟར་དུ་གཙོ་འགན་བཞེས་ནས་ཕྱག་ལེན་སྐོར་རྒྱུན་མཐུད་མཛད་པ་ཡིན་ནོ། །
དེང་གི་གནས་ཚུལ་མདོར་བསྡུས། དེ་ལྟར་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གསུམ་གྱིས་སྐྱོང་བའི་རྒྱལ་བསྟན་སྤྱི་དང་བྱེ་བྲག་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་སྲོག་ཤིང་ལྟ་བུ། ཀརྨ་བཀའ་བརྒྱུད་ཀྱི་གདན་ས་གསུམ་པ་གྲགས་པའི་དགོན་པ་འདི་ཉིད་བར་སྐབས་དུས་དབང་གིས་རྟེན་དང་བརྟེན་པ་ཐམས་ཅད་གཏོར་བརླག་སོང་ངོ༌། །ཕྱིས་སུ་ཏང་གི་སྲིད་ཇུས་བཟང་པོའི་དུས་སྐབས་གསར་བའི་ནང་གདན་ས་འདིའི་གཙོ་འཛིན་སྐུ་སྐྱེ་དཔལ་རྒྱལ་དང་བླ་མ་ཚེ་དབང་མཆོག་ལྡན་གཙོས་ཁོང་བླ་སྤྲུལ་ཐམས་ཅད་ཀྱིས་རྒྱལ་བསྟན་ཉམས་གསོ་ཆོག་པའི་རྩ་དོན་ལྟར། སླར་གསོའི་ཕྲིན་ལས་དབུ་བཙུགས་ཏེ་རྟེན་དང་བསྟེན་པ་བཅས་བཞེངས། སྐུ་གསུང་ཐུགས་རྟེན་རྙིང་པ་ལི་མ་གཏེར་མ་སིལ་སྙན་རོལ་མོ་ཐང་ག་སོགས་དད་ལྡན་རྒན་རབས་པ་འགས་རང་མོས་ཀྱིས་ཕུལ་བ་དང༌། ཁོང་རྣམས་ཀྱིས་གསོན་གཤིན་གྱི་དོན་དུ་ཕུལ་བའི་རྒྱུ་རྫས་རྣམས་ཀྱིས་བཞེངས་པའི་ལྷ་ཁང་སྒྲུབ་ཁང་རྒྱན་ཁང་སོགས་དང༌། དགེ་འདུན་པ་སུམ་བརྒྱ་ཙམ་གྱིས་སྔར་སྲོལ་སྒྲུབ་མཆོད་གར་འཆམ་དང་བཅས་རྨང་གཞི་ཚུགས། ཉ་སྤྲུལ་རིན་པོ་ཆེ་ནས་དགུ་གཏོར་ཕག་མོ་སོགས་དུས་མཆོད་སྐྱི་རྐང་བཙུགས། མཆོག་སྤྲུལ་འབྱོར་རྒྱས་ཉིད་ཀྱིས་དགུ་ཆུང་སོགས་དུས་མཆོད་དང༌། གཙུག་ལག་ཁང་ལ་གསེར་གྱི་རྒྱ་ཕིབས་བཙུགས། མཆོག་སྤྲུལ་སྐུ་སྐྱེ་ཉིད་ཀྱིས་སྒྲུབ་གྲྭ་ཁག་གཉིས་བཞེངས་ནས་སྒྲུབ་ཁང་དུས་མཆོད་སྒྲུབ་བླ་རྣམས་ལ་ཕྱག་ཕོགས་དང༌། ཚེས་བཅུ་སྒྲུབ་མཆོད་ཀྱི་སྤྱི་རྐང་བཙུགས། རོང་སྤྲུལ་ཀརྨ་ཆོས་དབྱིངས་ནས་བཤད་གྲྭའི་སྤྱི་རྐང་དང༌། སྐུ་གསུང་ཐུགས་རྟེན་སོགས་ཕྱག་རྫས་གྲངས་མང་ཞིག་བཞག མཁན་བསོད་ནམས་ཡར་[page 609] འཕེལ་དང་སྐུ་སྐྱེ་རིན་པོ་ཆེ་སོགས་ཡུལ་དགོན་སྤྱི་ཡིས་བཤད་གྲྭ་ཁང་ཚན་སུམ་ཅུ་ལྷག་ཙམ་དང་ལྷ་ཁང་བཅས་གསར་དུ་བཞེངས། དེ་ནས་བཤད་གྲྭའི་འཆད་ཉན་དབུ་བཙུགས་ཏེ་མཁས་པའི་དབང་པོ་ཁྲོ་རུ་མཁན་པོ་ཚེ་རྣམ། དཔལ་སྤུངས་མཁན་པོ་བློ་ཆོས། མགོ་ཚ་མཁན་པོ་དཔལ་ལྡན་རྡོ་རྗེ་སོགས་དང༌། ཁྱད་པར་ཞིང་ཆེན་བོད་ཡིག་སློབ་གྲྭའི་རྒྱབ་སྐྱོར་ལེགས་པའི་འོག་དགེ་འགྱུར་མེད་ཚེ་དབང་སོགས་ཀྱིས་རྒྱུ་མཚན་ཉིད་ཐེག་པའི་གཞུང་སྐོར་དང་རིག་གནས་ཀྱི་སྐོར་སོགས་ལོ་མང་རིང་འཆད་ཉན་བྱེད་བཞིན་པ་དང༌། རང་དགོན་གྱི་མཁན་པོ་རྣམས་ཀྱིས་སྔར་སྲོལ་བཞིན་མདོ་སྔགས་རིག་གནས་དང་བཅས་པ་ལ་འཆད་ཉན་གནང་བའི་རྒྱུན་ཚུགས། གཞན་ཡང་བླ་སྤྲུལ་ཡོངས་རྫོགས་ཀྱིས་ཁས་བླངས་པའི་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དམ་ཚིག་མིག་འབྲས་ལྟར་བསྲུང་བའི་ཐོག་སྔར་སྲོལ་ལྟར་བཤད་སྒྲུབ་ལས་ཀྱིས་རྒྱལ་བསྟན་སྤྱི་དང༌། ཁྱད་པར་དཔལ་མཉམ་མེད་མར་པ་བཀའ་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ཕྱག་སྲོལ་རྒྱུན་འཛིན་བཞིན་པ་ལགས་སོ། །དགོན་པའི་ཆགས་འཇིག་གི་སྐོར་བཤད་པ། རྫ་ཚར་ཚར་དགོན་དང༌། ཧོར་བན་རྒན་དགོན། འདན་ཇ་ཆུ་དགོན། འདི་གསུམ་དགོན་སྡེ་གཅིག་ལས་བྱུང་བ་སྟེ། ད་ལྟའི་དཀར་མཛེས་རྫོང་གསེར་མཁར་ཆུས་ཀྱི་གནས་འདི་ན་སྔོན་དུས་ལྕགས་མོ་མདོ་སྟེང་དགོན་ཞེས་པའི་དགོན་སྡེ་ཆེན་པོ་ཞིག་ཡོད་པས། དགོན་སྡེ་དེའི་ཚོགས་བརྡ་གཏོང་ཚེ་ཕྱོགས་བཞི་ནས་འཁར་རྔ་བརྡུང་དགོས་པ་དང་གྲྭ་མང་ལྷན་འཛོམས་བྱུང་སྐབས་སུ་ངུར་སྨྲིག་འོག་ནམ་མཁར་ཤར་བ་བཤད། རྒྱལ་དབང་ལྔ་པའི་དུས་སུ་བསྟན་དགྲ་སོགས་དམག་གིས་བཀའ་བརྒྱུད་ཀྱི་བསྟན་པ་དང་ས་སྐྱ་སོགས་ལ་ཉམས་ཆགས་བྱུང་དུས་དགོན་པ་འདི་ཡང་བརླགས་བཅོམ། གྲྭ་པ་མང་པོའི་སྐུ་སྲོག་འཕྲོག་སྟེ་དགོན་པ་འཐོར་སོ། །དེ་དུས་སོག་དམག་གིས་མ་མཐོང་བར། རྫ་སྨད་ས་སྐྱོང་གླིང་དགོན་པ་ནི། ཧོར་དགོན་སྡེ་བཅུ་གསུམ་གྱི་གྲྭ་པ་དགེ་བཤེས་ཀྱི་སེར་དམག་གིས་ལྷ་ཁང་མེར་བསྲེགས། སྐུ་རྟེན་རྣམས་དེ་ནས་རིམ་བཞིན་བླ་གྲྭ་ལོ་ན་བགྲེས་པ་རྣམས་ལ་ལུང་མང་པོ་བརྒལ་བ་ལ་དཀའ་ཚེགས་མི་ལྕོགས་མཁན་ཚོ་ཧོར་རོང་པ་ཚ་ལ་ཕེབས། སྐུ་སྐྱེ་གོང་མ་བླ་མ་བློ་གྲོས་ཀྱིས་ཐོག་མར་རི་ཁྲོད་ཅིག་བཏབ་པ་དེར་བསྡད་པས་བན་རྒན་དགོན་ཟེར། ན་ཚོད་ཆུང་བའམ་གཞོན་པ་ཁག་གཅིག་རྫ་ཁོག་བརྒྱུད་རྨེའུ་ས་ཆེན་མདོ་རུ་གནས་བཅས་ཏེ་ས་ཆེན་དགོན་ཞེས་པ་ཞིག་བཏབ། སྐབས་དེའི་དགོན་པ་ཡང་རྐྱེན་དུ་མས་དགོན་གནས་དེ་དེང་གི་ཡ་དེང་གི་ཁོངས་སུ་གཏོགས་པའི་གླང་མཐིལ་ཁོག་དུ་སྤོས་ནས་དགོན་མིང་ལ་སྡེ་ཡུལ་དགོན་ཞེས་བཏགས་ཡོད། དུས་དེར་ཚར་སྤྲུལ་གྲུབ་དབང་ཀརྨ་རབ་འཕེལ་གྱིས་དགོན་པའི་གཙོ་འགན་བཞེས། དེ་རྗེས་ཚ་སྤྲུལ་བཞི་པ་ཆོས་འཛིན་རྒྱལ་པོས་ཀརྨ་ཞྭ་དམར་པས་ལུང་བསྟན་པ་བཞིན་བསྟན་པ་དར་རྒྱས་ཆེད་དུ་ས་ཡི་དགེ་མཚན་མ་ལུས་པ་ཚང་བའི་སོས་མདའ་ཞེས་པ་དེར་རང་དགོན་བཏབ། ས་དཔྱད་ཨ་མྱེ་ཚངས་པས་མཛད། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་ས་འདུལ་རབ་[page 610] གནས་མཛད་ཅིང༌། དེ་དུས་གླིང་རྒྱལ་མགོན་པོ་རིན་ཆེན་དང་མཆོད་ཡོན་སྦྲེལ་ཞིང་ཨ་ཕྱུག་དཔོན་ཨ་མེད་སྐྱབས་སྡེ་ཕུལ་ནས་མཆོད་གཞི་ཚུགས་ཏེ། ཚར་ཚར་ཆོས་འཁོར་རྣམ་རྒྱལ་གླིང་གི་དགོན་འདི་ཐོག་མར་བཏབ་པ་ཡིན་ནོ། །
[page 636] འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་འདུས་སྡེ་ཟེར་འཕྲོ་དགོན་ནི་ཤར་རྫ་ཆུས་བདུད་རྩིའི་ཀླུང་རྒྱུས་འདྲེན་པའི་ངོགས་སུ། རྒྱབ་རི་དུང་དཀར་གཡས་འཁྱིལ་འདྲ་བ་དང༌། ཝན་བླ་མཚོ་ཕྱུག་མོ་མདུན་དུ་འགྱིང་བའི་ཡང་སྟེང་ལ་ཕྱི་ནང་རྟེན་དང་བརྟེན་པར་བཅས་ཆགས་ཡོད་དེ། དུས་བཟང་པོ་མི་ལོ་བརྒྱད་བརྒྱ་ལྷག་གི་སྔོན་ལ་རྒྱལ་བསྟན་ཉིན་མོ་ལྟར་དར་ཞིང་རྒྱས་པའི་སྐབས་སུ། སྐྱེས་ཆེན་མཁས་གྲུབ་དམ་པ་བླ་མ་གཡུང་དྲུང་རྣམ་རྒྱལ་བྱ་བས་གནས་ཕུན་སུམ་ཚོགས་པ་རྩེ་དུང་རྣམ་གསུམ་དུ་དགོན་པ་འདི་ཐོག་མར་ཕྱག་བཏབ་ཅིང༌། ས་དབང་གླིང་ཚང་གིས་སྦྱིན་བདག་མཛད་དེ་དགོན་ཆེན་སྟོབས་འབྱོར་དང་ལྡན་པ་ཞིག་བཞེངས་གྲུབ་ནས་བཤད་སྒྲུབ་ལས་གསུམ་གྱི་མཛད་འཕྲིན་རྒྱས་བཞིན་པའི་སྐབས་སུ། གསེར་གྱི་རྒྱ་ཕིབས་ཆེན་པོ་ཞིག་གཙུག་ལག་ཁང་གི་སྟེང་དུ་ཕུབ་པས་ལྷ་སྲིན་གཞི་བདག་དྲེགས་པ་རྣམས་ཁྲོས་ཏེ་ཆུ་ཡི་འཇིག་པ་ཆེན་པོ་བཤམས་ནས་དགོན་པ་ཡོངས་རྫོགས་ཤུལ་མེད་དུ་བཏང་ངོ༌། །དེ་རྗེ་རྫ་སྨོན་རྒྱལ་དགོན་པས་ཐུགས་རྗེ་ཆེན་པོས་གཟིགས་སྐྱོང་འོག་རིག་འཛིན་ཀུན་གྲོལ་གྲགས་པའི་སློབ་མ་ཉག་རོང་བཀྲ་ཤིས་དགེ་ལེགས་ཉག་ཡུལ་ནས་གདན་དྲངས་ཏེ་ཟེར་འཕྲོ་དགོན་པའི་བསྟན་བདག་ཏུ་མངའ་གསོལ་ནས་བླ་མ་དེས་དགོན་པ་སྔར་གྱི་རྩེ་དུང་རྣམ་གསུམ་ལས་ས་སྤོས་ཤིང་རྒྱབ་རིའི་རྩ་ལ་སྐྱར་བཞེངས་མཛད་དོ། །དེ་ཡང་དགོན་པ་འདིའི་མཚན་དངོས་ལ་ཟེར་འཕྲོ་བསམ་གཏན་གཡུང་དྲུང་གླིང་ཞེས་བྱ་བ་སྟེ། གྲུབ་མཐའ་གཡུང་དྲུང་བོན་དང་གསར་རྙིང་རིས་མེད་ཀྱི་བོན་བརྒྱུད་འཛིན་པ་ཞིག་ཡིན། དགོན་པ་འདི་ཐོག་མར་སྨོན་རྒྱལ་དགོན་པའི་འཕྲིན་ལས་ཀྱི་དགོན་ལག་ཡིན་ཞིང་ཕྱིས་སུ་རབ་བྱུང་བཅོ་ལྔ་པའི་ནང་ལ་རྫ་སྟེང་ཆེན་དགོན་གྱི་དགོན་ལག་ཏུ་གྱུར་ཏོ། །དགོན་པ་འདི་ལ་སྤྲུལ་པའི་སྐུའི་སྲོལ་མེད་ཀྱང་མཁན་རབས་རིམ་བྱོན་གྱིས་བསྟན་པའི་མངའ་བདག་མཛད་དེ་བཤད་སྒྲུབ་ཀྱི་འཕྲིན་ལས་སྤེལ་ཚུལ་ནི། དང་པོ་བཀྲ་ཤིས་དགེ་ལེགས་ཀྱིས་གཙུག་ལག་ཁང་གཅིག་དང་སྒྲུབ་ཁང་གཉིས་བཅས་བཞེངས་གྲུབ་རྗེས་གཟུགས་སྐུའི་བཀོད་པ་བསྡུས། དེ་ནས་མཁན་པོ་ཕུན་ཚོགས་བློ་གྲོས་ཀྱིས་བསྟན་བདག་མཛད། དམ་པ་འདིས་དགོན་པའི་ལྷ་ཆེན་དང་ལྡེབས་རིས། སྒྲུབ་ཁང་གི་ལོགས་རིས་སོགས་རྟེན་བཞེངས་གནང་ངོ༌། །དེ་ནས་བླ་མ་ཚུལ་ཁྲིམས་དར་རྒྱས་ཀྱིས་བསྟན་བདག་མཛད། འདིས་དགོན་པའི་ཇ་ཁང་དང་སྔར་གྱི་སྒྲུབ་ཁང་གསར་བཞེངས་མཛད་ཅིང༌། སྒྲུབ་བླ་བཞི་ལོ་གཉིས་རེ་བཞུགས་པ་ལ་འཚོ་ཆས་གྱ་ནོམ་པ་གནངས་སྦྱིན་མཛད། དེ་ནས་རྟོགས་ལྡན་ཤེས་རབ་བསྟན་འཛིན་གྱིས་བསྟན་བདག་མཛད། འདི་ཉིད་ཉག་རོང་དང་ཁྱུང་པོ་སོགས་བོན་[page 637] འཁོར་བསྐོར་བར་བྱོན་ནས་ཡོན་འབྱོར་པས་དགོན་པ་ལ་འཁོར་ཆུང་སུམ་ཅུ་དང་ཚོགས་ཟངས་ཆེན་པོ་བཞི། གཞན་ཡང་རག་སྐྱོགས་སོགས་ཐབ་ཆས་ཡོ་བྱད་ཆ་ཚང་ཐེབས་བཞག་མཛད་པ་སོགས་བཀའ་དྲིན་ཆེ། དེ་ནས་རྟོགས་ལྡན་བསྟན་འཛིན་བློ་གྲོས་བསྟན་བདག་བྱོན། དམ་པ་འདི་ཉིད་ཉེ་སྐོར་གྱི་ཞིང་འབྲོག་ས་ཆར་བོན་སྐལ་བསྩལ་བར་བྱོན་ཏེ་ཡོན་སྦྱོར་གྱིས་དགོན་པ་ལ་ཟངས་གསེར་གྱི་སྐུ་གནས་བརྟན་བཅུ་དྲུག་དང་གུ་རུ་མཚན་བརྒྱད། གསེར་བ་ཀོ་ཙམ་གསོལ་བའི་སྟོན་པ་གཙོ་འཁོར་གསུམ་བཅས་རྟེན་བཞེངས་མཛད་ཅིང༌། མཆོད་ཆ་ཡོ་བྱད་ཆ་ཚང་ཐེབས་བཞག་གནང་ངོ༌། །དེ་ནས་རྟོགས་ལྡན་ཟླ་བ་རྒྱལ་མཚན་གྱིས་བསྟན་བདག་མཛད། འདི་ཉིད་ཡུལ་ལྷ་ལྡན་དུ་བྱོན་ནས་དགོན་པ་ལ་མཉམ་མེད་བཀའ་འབུམ་དང༌། དུང་དཀར་ཆ་གཉིས། ལི་མའི་སྐུ་གསུམ་རྣམས་གདན་དྲངས་ཡོད། དེ་ནས་བླ་མ་དབང་ལི་བསྟན་བདག་བྱོན། དམ་པ་འདི་ཉིད་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་སློབ་མ་ཡིན་ཞིང་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཏེ་འཇའ་ལུས་འོད་སྐུར་ཞི་བ་ཞིག་ཡིན། དེ་ནས་བླ་མ་བསྐལ་བཟང་བསྟན་འཛིན་གྱིས་བསྟན་བདག་མཛད། འདིས་བླ་མ་དབང་ལིའི་གསེར་གདུང་མཆོད་རྟེན་ཐོག་བརྩེགས་མ་གསར་བཞེངས་མཛད་ཅིང་དགོན་པ་ལ་སྒྲུབ་ཐབས་ཀྱི་གཞུང་པོ་ཏི་བཞི་བཅུ་ལྷག་འཚོལ་བསྒྲུགས་གནང༌། དེ་ནས་རྟོགས་ལྡན་མི་ཕམ་རྣམ་རྒྱལ་དང་གཡུང་དྲུང་ཉི་མ་གཉིས་ཀྱིས་བསྟན་བདག་མཛད། དམ་པ་འདི་གཉིས་ཀྱིས་ལྟུང་བཤགས་སོ་ལྔའི་ཟངས་གསེར་གྱི་སྐུ་དང༌། རོལ་མོ་ཆ་གཉིས། དུང་ཆེན་བཞི། དངུལ་གྱི་མཆོད་ཆ་ཆ་ཚང་བཅས་རྟེན་བཞེངས་མཛད། དེ་ནས་སྨོན་རྒྱལ་ཀུན་གྲོལ་གྱི་སྲས་ནམ་མཁའ་གྲགས་པས་བསྟན་པ་བདག་མཛད། ཀུན་གྲོལ་གྱི་གསུང་རྩོམ་ཆ་ཚང་དང་གཏེར་སྟོན་གསང་སྔགས་གླིང་པའི་གསུང་འབུམ་རྣམས་དགོན་པ་ལ་ཞལ་ཐང་བཞི་བཅུ་ལྷག་ཐེབས་བཞག་མཛད་དོ། །དེ་ནས་བླ་མ་དར་རྒྱས་དང་ཤེས་རབ་ཕུན་ཚོགས། ནམ་མཁའ་ཡེ་ཤེས་གསུམ་གྱིས་བསྟན་བདག་མཛད། འདི་གསུམ་ཤར་རྫ་རི་ཁྲོད་དུ་བྱོན་ནས་ཐོས་བསམ་དང་སྒོམ་སྒྲུབ་མཛད་དེ་མཁས་གྲུབ་ཀྱི་རྩེ་མོར་སོན། གྲུབ་མཐའ་རིས་མེད་ཀྱི་བསྟན་པ་བསྐྱངས་ཤིང་དགོན་པ་ལ་བཤད་གྲྭ་བཙུགས་ནས་ཁོང་གསུམ་རེས་མོས་ཀྱིས་བཤད་གྲྭའི་མཁན་པོ་ལོ་གཉིས་རེར་མཛད། བཤད་གྲྭའི་སློབ་མ་མཁས་པ་ལ་སྒོར་མོ་ཉིས་བརྒྱ་མན་གྱི་ལེགས་སྐྱེས་སྟེར་བ་དང་སྦྱངས་འབྲས་དམན་པ་ལ་ཉེས་ཆད་བཅད་པའི་སྲོལ་བཟང་བཙུགས། དེ་ནས་བླ་མ་ཚུལ་ཁྲིམས་དབང་རྒྱལ་གྱིས་བསྟན་བདག་མཛད། འདིས་དགོན་པ་ལ་སྒྲུབ་ཐབས་ཀྱི་གཞུང་སྣ་ཚོགས་པའི་པར་ཤིང་ལྡེབ་ཆིག་སྟོང་ལྷག་རྟེན་བཞེངས་མཛད་ཅིང༌། དགུན་ཟླ་དང་པོར་ཨ་དཀར་དུང་སྒྲུབ་དང་དེའི་མཚམས་བོན་སྔོན་འགྲོ་ནས་རིམ་བཞིན་དབང་ལུང་ཁྲིད་གསུམ་[page 638] ཟླ་བ་གཉིས་ལ་གནང་བ་དང༌། དབྱར་ཟླ་འབྲིང་བར་སྨྱུང་གནས་ཆ་ལྔ་འཚོགས་པ་རྣམས་ཀྱི་སྲོལ་བཟང་བཙུགས་ནས་བསྟན་འགྲོ་ལ་བཀའ་དྲིན་ཆེ་སྟེ། དགོན་པ་ལ་ཙན་དན་གྱི་རྣམ་རྒྱལ་མཆོད་རྟེན་ཆ་གཅིག་ཀྱང་ཐེབས་བཞག་མཛད་དོ། །དེ་ནས་བླ་མ་དཀོན་མཆོག་དང༌། དབང་ལྡན། མཐར་ཕྱིན། རྒྱལ་མཆོག་བཞིས་བཞག་མཛད། དེ་ཡང་བླ་མཐར་ཕྱིན་གྱིས་བཤད་གྲྭའི་མཁན་པོ་མཛད་པ་དང༌། བླ་མ་དབང་ལྡན་གྱིས་མགོན་བླ་མཛད། བླ་མ་རྒྱལ་མཆོག་ནི་གཅོད་པ་ཞིག་སྟེ། བླ་མ་དཀོན་མཆོག་ནི་མཁས་གྲུབ་ཀྱི་རྩེ་མོར་སོན་ཞིང་དགོན་པ་ལ་དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔར་བདེ་འདུས་སྒྲུབ་མཆོད་འཚོགས་པའི་སྲོལ་བཙུགས་ནས་མཆོད་པའི་ཡོ་བྱད་དང་དཀྱིལ་འཁོར་རྒྱན་ཆ། གར་འཆམ་གྱི་ཆས་གོས་སོགས་བསྒྲིགས་གནང་མཛད་དོ། །དེ་ནས་བླ་མ་བསྟན་པ་དཀོན་མཆོག་དང་ཚེ་རིང་དཔལ་བཟང༌། ཉི་མ་གྲགས་པ་གསུམ་གྱིས་བསྟན་བདག་མཛད། འདི་གསུམ་གྱིས་དམ་པ་གོང་མ་རིམ་བྱོན་གྱི་ཕྱག་སྲོལ་འཁྲུལ་མེད་ལྟར་བོན་བསྟན་བཤད་ཅིང་སྒྲུབ་པའི་ལས་ལ་འབད་བཞིན་བཞུགས་སོ།།
ཚོགས་པའི་གཏོང་སྒོ་ཡི་འབྱུང་ཁུངས་ནི་དགོན་པ་ལ་ནས་སྒྲོ་ཉེར་བཞིའི་ས་ཞིང་ཡོད་ཅིང་ལྷ་འབངས་དུད་ཚང་བདུན་ཅུ་དོན་ལྔ་ལྷག་གི་འབུལ་བ་ཡོན་སྦྱོར་སོགས་ཏེ། དགོན་པའི་འགན་བཞེས་པ་བསྟན་བདག་དང་ཁྲི་པ། དབུ་མཛད། མཆོད་དཔོན། དགེ་བསྐོས། དབུ་ཆེན་བོན་དཔོན་ཞེས་ཞལ་གཅིག་གྲག་གི་བདག་པོ་རྣམས་སོ། །ཟེར་འཕྲོ་དགོན་ལ་སྔོན་མར་འདུ་ཁང་ཀ་བ་སོ་བཞི་ཅན་གཅིག་དང༌། སྒྲུབ་ཁང་ཀ་བ་ཉེར་གཅིག་ཅན་གཅིག བཤད་གྲྭ་ཁང་ཀ་བ་བཅུ་དྲུག་ཅན་གཅིག གྲྭ་ཁང་སུམ་ཅུ། ཇ་ཁང་གཅིག འཁོར་ཁང་གཅིག གྲྭ་པ་དྲུག་ཅུ་རེ་བརྒྱད་བཅས་ཡོད་ཅིང༌། ནང་གི་བསྟེན་པ་སྐུ་གསུང་ཐུགས་རྣམས་ཏེ་འདིར་སླར་ཡང་གྲངས་བགྲང་བའི་ངལ་བ་སྤོང༌། རིག་གནས་གསར་བརྗེའི་སྐབས་སུ་ཟེར་འཕྲོ་དགོན་འདི་བོད་ཁམས་དགོན་སྡེ་ཡོངས་དང་འདྲ་བར་བསྟན་པ་བཤད་སྒྲུབ་ཀྱི་རྒྱུན་ཆད་ཅིང་ཕྱི་ཁང་ནང་རྟེན་ཡོངས་རྫོགས་ཤུལ་མེད་དུ་གཏོར་སོང༌། དེ་ནས་སླར་ཡང་བསོད་ནམས་ལེགས་ཚོགས་ཀྱི་བགོ་སྐལ་བཟང་པོ་བོད་ཆོས་ལྡན་གྱི་དད་འབངས་ཡོངས་སུ་རྫོགས་པའི་སྤྱི་བོར་བབས་ཏེ་རབ་བྱུང་བཅུ་དྲུག་པའི་མཇུག་ཙམ་ལ་རྒྱལ་ཁབ་ཀྱིས་བོན་སྒོ་ཕྱེས་རྗེས། བླ་མ་བསོད་ནམས་གཡུང་དྲུང་དང་དབྲ་སྲས་བསོད་ནམས་ལྷ་རྒྱལ། དབྲ་སྲས་ཡིད་བཞིན་དབང་རྒྱལ་གསུམ་གྱིས་ཟེར་འཕྲོ་དགོན་པའི་བསྟན་བདག་མཛད། གྲྭ་པ་ཉི་ཤུ་ལྷག་གིས་འབད་འབུངས་ལྷོད་མེད་གནང་ནས་ད་ལྟར་གཙུག་ལག་ཁང་ཀ་བ་ཉེར་བརྒྱད་ཅན་གཅིག་དང༌། སྒྲུབ་ཁང་ཀ་བ་བདུན་ཅན་གཅིག གྲྭ་ཁང་བཅུ་གཉིས་བཅས་གསར་བཞེངས་གྲུབ་ཅིང༌། འདུ་ཁང་ནང་ལ་སྟོན་པ་གཙོ་འཁོར་གསུམ། རྣམ་པར་རྒྱལ་བ། བྱམས་པ། མཉམ་མེད་ཤེས་རབ་རྒྱལ་མཚན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་རྣམས་སྨན་འདམ་ལས་གྲུབ་པའི་སྐུ་ཐོག་བརྩེགས་མ་བདུན་རྟེན་བཞེངས་བྱས་ལ། བླ་མ་དཀོན་མཆོག་གིས་ཉག་[page 639] རོང་ནས་གཏེར་བླངས་ཤིང་བསྟན་པ་ཡང་དར་སྐབས་སུ་དགོན་ནང་དུ་བཞག་དགོས་ཚུལ་གྱི་ལུང་བསྟན་པའི་རྡོར་སེམས་ལི་མ་གཅིག་དང༌། གུ་རུའི་སྐུ་ཟངས་གསེར་ལས་གྲུབ་པ་གཅིག སྟོན་པའི་སྐུ་ཟངས་གསེར་ལས་གྲུབ་པ་བཞི། རྒྱལ་པོ་ལི་བྱིན་ཧ་རའི་གསེར་འབག་ཀུན་གྲོལ་ལྔ་པའི་གཏེར་མ། ཞལ་ཐང་སུམ་ཅུ་སོ་གཅིག་དང་གསུང་རྟེན་བཀའ་འགྱུར་རིན་པོ་ཆེ་ཆ་གཅིག མཉམ་མེད་བཀའ་འབུམ། ཤར་རྫའི་བཀའ་འབུམ། བདེ་ཆེན་གླིང་པའི་གསུང་པོ་ཏི་བཅུ་གཅིག སྒྲུབ་ཐབས་སྣ་ཚོགས་ཀྱི་གཞུང་པོ་ཏི་སུམ་ཅུ་སོ་ལྔ་རྣམས་དགོན་པའི་ནང་རྟེན་དུ་བཞུགས་སུ་གསོལ་ནས། དངུལ་གྱི་མཆོད་ཆ་ཆ་ཚང་གཅིག་དང༌། རོལ་མོ་བདུན། དུང་མོ་ཆེ་ཆ་གཉིས། ཁྲོ་སྣོད་བཀྲ་ཤིས་རྟགས་བརྒྱད་ཅན་གཅིག་སོགས་ཀྱི་ཡོ་བྱད་འཆང་སྟེ་སྲོལ་རྒྱུན་བོན་ཚུལ་ཅི་རིགས་རང་ནུས་གང་ཐུབ་ཏུ་སྤེལ་བཞིན་ཡོད་དེ། བོན་བསྟན་ཡང་དར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ཁུང་པོ་བླ་མ་ཉི་མ་ཚུལ་ཁྲིམས་མདོ་ཁམས་འདིར་ཕེབས་སྐབས་རང་དགོན་གྱི་བླ་གྲྭ་ཡོངས་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ལུང་ནས་རིམ་པར་དངོས་གཞི་རྩ་རླུང་དང་སྒྱུ་ལུས་སོགས་སྨར་ཁྲིད་ཀྱིས་མདོ་སྔགས་བསྟན་པའི་བོན་སྐལ་བསྩལ་ཞིང་གཤེན་གྱི་དྲང་སྲོང་གི་སྡོམ་པ་གནང་སྟེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཉི་ཟླའི་སྣང་བ་སླར་ཡང་རྒྱས་པར་མཛད་དོ། །ཞེས་སེར་སྐྱ་བགྲེས་རྒན་རྣམས་ཀྱི་ངག་རྒྱུན་རྣམས་གཅིག་ཏུ་བསྡུས་ནས་རང་བློས་འདོར་ལེན་དང་བཅས་ཏེ་རྫ་པ་ཚེ་རིང་འགྱུར་མེད་ཀྱིས་བྲིས་པ་དགེའོ། །
དགོན་པ་འདི་རབ་བྱུང་དགུ་པའི་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོར་ཕྱི་ལོ་༡༥༢༥ལ་རྒྱལ་རོང་བླ་མ་གཡུང་དྲུང་བསྟན་འཛིན་གྱི་སློབ་མ་ཤེས་རབ་བསྟན་འཛིན་བྱ་བས་ཕྱག་བཏབ། བླ་མ་འདིའི་འཁྲུངས་འདས་ཀྱི་དུས་དང་མཛད་རྣམ་ཞིབ་མོ་མི་གསལ་ཞིང་དགོན་པ་འདིའི་མཚན་དངོས་བོན་གླིང་གཡུང་དྲུང་དགོན་ཞེས་འབོད་དེ། ཡོངས་གྲགས་སུ་འཕེན་ཞོལ་བོན་པོ་དགོན་ནམ་དགོན་ཆུང་དགོན་ཞེས་[page 628] ཟེར་རོ། །དེ་ཡང་དགོན་པ་འདིའི་གྲུབ་མཐའ་གཡུང་དྲུང་བོན་ཏེ་ཕྱི་བརྒྱུད་སྤྲུལ་སྐུ། ནང་བརྒྱུད་རྫོགས་སྐུ། གསང་བརྒྱུད་བོན་སྐུ་ནས་རིམ་པར་བརྒྱུད་པ་དྲུག་དང་ལྡན་པའི་བོན་ཟབ་མོ་འཛིན་སྐྱོང་སྤེལ་བ་ཞིག་ཡིན་ཞིང༌། གྲྭ་ས་གཙོ་བོ་སྨན་རིར་བྱེད་པ་ལ་ཕྱིས་སུ་གྱེར་ཟ་གཡུང་དྲུང་ལྷུན་པོའི་རི་ཁྲོད་དུ་གཞུང་ལུགས་ལ་གསན་བསམ་དང་མན་ངག་གསང་བ་ཟབ་མོ་ཉམས་སུ་ལེན་པའི་སྲོལ་དང་རོ། །དགོན་སྡེ་འདི་ཐོག་མར་སྨོན་རྒྱལ་དགོན་པའི་དགོན་ལག་ཡིན་མོད་རབ་བྱུང་བཅོ་ལྔ་པའི་ནང་ལ་རྫ་སྟེང་ཆེན་དགོན་པའི་དགོན་ལག་ཏུ་གྱུར་བ་ཡིན། བོན་པོ་དགོན་འདི་ཕྱག་བཏབ་ནས་ད་བར་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་མེད་ཅིང་གདན་རབས་དང་བླ་རབས་སོགས་ཀྱང་གོ་རིམ་ངེས་ཅན་ཞིག་མེད་ན་ཡང་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་པ་ཆེ་བའི་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ནི། འཕེན་ཞོལ་རང་ཡུལ་དུ་སྐུ་འཁྲུངས་པའི་ཀུན་གྲོལ་འཇའ་ཚོན་གྱི་སློབ་མ་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་བསོད་ནམས་རྒྱལ་མཚན་དང༌། ཀམ་ཉི་མ་རྒྱལ་མཚན་གྱི་སློབ་མ་ཁྲོ་བོ་ཚེ་བརྟན། དབྲ་པ་བསྟན་འཛིན་དབང་ལྡན་གྱི་སློབ་མ་ནམ་མཁའ་ཚེ་བརྟན། པད་སྤྲུལ་བསྟན་པ་དབང་རྒྱལ་གྱི་སློབ་མ་པདྨ་དང་ཉི་ལི་གཉིས། རྟོགས་ལྡན་བསམ་གཏན་ཡེ་ཤེས་ཀྱི་སློབ་མ་གཅོད་པ་སྨོན་ལམ། དབྲ་པ་བསྟན་འཛིན་དབང་རྒྱལ་གྱི་སློབ་མ་དཔལ་འབྱུང༌། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་སློབ་མ་རི་གཡང༌། རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་སློབ་མ་བྱང་ཆུབ་རྡོ་རྗེ། ཚུལ་ཁྲིམས་མཆོག་རྒྱལ། རིན་ཆེན་ཚེ་དབང་སོགས་སོ། །
དགོན་པ་འདི་ལ་བཤད་གྲྭ་མེད་ཅིང་སྒྲུབ་པ་ཉམས་ལེན་གཙོ་བོར་གཉེར་བའི་ཕྱག་སྲོལ་ལྟར་སྒྲུབ་ཁང་ཆེད་དུ་བཞེངས་པའི་ནང་སྒྲུབ་བླ་བརྒྱུད་ཆད་མེད་བཞུགས་ཡོད་དེ་བསྙེན་པའི་སྒྲུབ་པ་དང་ཟབ་མོ་རྫོགས་ཆེན་ལ་ཉམས་ལེན་མཛད་པ་ཤ་སྟག་ཡིན། བོན་པོ་དགོན་འདི་མ་དགོན་རྫ་སྟེང་ཆེན་དགོན་དང་ཐག་ཉེ་ཞིང་འབྲེལ་བ་བཟང་བས་ཕྱིས་སུ་དབྱར་གྱི་ཚེས་བཅུ་དང་ལོ་མཇུག་གི་དགུ་གཏོར་སྐབས་སུ་བླ་གྲྭ་ཡོངས་རྫོགས་སྟེང་ཆེན་དགོན་པའི་ཚོགས་ལ་ཞུགས་དགོས་ཤིང༌། གཞན་དག་དཔྱིད་ར་བར་བདེ་གཤེགས་ཀུན་རིག་གནས་ཆོག་དང༌། དབྱར་འབྲིང་པོར་བདེ་གཤེགས་འདུས་པའི་སྒྲུབ་མཆོད། སྟོན་ཐ་མར་བོན་སྐྱོང་མཆོད་གསོལ། དགུན་ཐ་མར་ཡི་དམ་དགུ་གཏོར་རྣམས་ཀྱི་སྒྲུབ་མཆོད་རང་དགོན་ཉིད་དུ་བྱེད་དོ། །དགོན་པ་འདི་ལ་གཙུག་ལག་ཁང་ཀ་བ་དགུ་ཅན་གཅིག་དང༌། ཇ་ཁང་གཅིག གྲྭ་ཁང་བཅུ་གཉིས། བླ་གྲྭ་བཅོ་བརྒྱད་ཡོད་ཅིང༌། སྐུ་རྟེན་གནས་བརྟན་བཅུ་དྲུག་ཟངས་གསེར་ལས་གྲུབ་པ་ཆ་ཚང་དང༌། རྒྱལ་ཆེན་སྡེ་བཞི་ཟངས་གསེར་ལས་གྲུབ་པ། སྟོན་པ་གཙོ་འཁོར་གསུམ་ཟངས་གསེར་ལས་གྲུབ་པ། ཞི་བ་ཞལ་ལྔ་ཕྱག་བཅུ་ཟངས་གསེར་ལས་གྲུབ་པ། བྱམས་མ་ཉེར་གཅིག་ཟངས་གསེར་ལས་གྲུབ་པ་ཆ་ཚང༌། གཤེན་ལྷ་འོད་དཀར་ཟངས་གསེར་ལས་གྲུབ་པ། སྟག་ཕུར་རུ་ཙ་ལི་མ་གཅིག སྟོན་པ་གཙོ་འཁོར་གསུམ་སྨན་འདམ་ལས་གྲུབ་པ་ཐོག་བརྩེགས་མ། དྲག་རྒྱལ་འཁོར་བཅས་སྨན་[page 629] འདམ་ལས་གྲུབ་པའི་སྐུ་ལྔ། སྲིད་པའི་རྒྱལ་མོའི་སྐུ་སྨན་འདམ་ལས་གྲུབ་པ། ཞལ་ཐང་སུམ་ཅུ་ལྷ་དང༌། གསུང་རྟེན་ཁམས་ཆེན་གསེར་དངུལ་ཞུན་མས་བྲིས་པ་ཆ་གཉིས། དྲི་མེད་པོ་ཏི་བཅུ་གཉིས། སྒྲུབ་ཐབས་སྣ་ཚོགས་པོད་བཅུ་གཉིས་དང༌། ཐུགས་རྟེན་སྐུ་གདུང་མཆོད་རྟེན་བརྒྱད། འཁོར་ལོ་དུང་འཁོར་གཅིག འཁོར་ཆུང་བཅོ་བརྒྱད་ཡོད་ལ། མར་མེའི་ཀོང་བུ་བརྒྱ་ཚར་གཅིག་དང༌། གསེར་དངུལ་བཀྲ་མའི་མཆོད་ཆ་སྤུས་ལེགས་ཆ་ཚང༌། དུང་ཆེན་ཆ་གཅིག རྒྱ་གླིང་ཆ་གཅིག རྐང་གླིང་ཆ་གཉིས། ཚྭ་ཀོང་གཏེར་མ་གཅིག གཞན་ཡང་རྔ་གཤང་རོལ་མོ་སོགས་ཡོ་བྱད་ཚ་ཚང་ཡོད་དོ། དགོན་པ་འདིའི་འགན་བསྐོའི་བླ་མ་དབུ་མཛད་དང༌། དགེ་བསྐོས། མཆོད་དཔོན་སོགས་རེས་མོས་ཀྱིས་བསྐོ་བཞག་བྱེད་ཅིང༌། གཏོང་སྒོའི་འབྱུང་ཁུངས་ནི་དགོན་པ་རང་གི་ནས་སྒྲོ་བཅུ་ལྷག་གི་ས་ཞིང་དང་ལྷ་སྡེ་དུད་ཚང་སུམ་ཅུ་སོ་དྲུག་གི་ཡོན་སྦྱོར་རྣམས་སོ། །དེང་འདིར་སྨོན་ལམ་བཟང་པོའི་འབྲས་བུ་དུས་སུ་སྨིན་ནས་བོན་སྒོ་ཕྱེས་པ་ལས་བསྟན་པ་ཡང་དར་བྱུང་ནས་བོན་པོ་དགོན་པའི་བླ་གྲྭ་ཉེར་གཉིས་དང༌། ལྷ་སྡེ་དད་འབངས་ཡོངས་ཀྱིས་རོགས་སྐྱོར་འབད་བུངས་འོག་སྔར་གྱི་འདུ་ཁང་ལ་ཞིག་གསོ་བྱས་ཤིང༌། སྐུ་རྟེན་སྟོན་པ་གསེར་ཟངས་ལས་གྲུབ་པ་གཅིག་དང༌། སྨན་འདམ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་ཐོག་བརྩེགས་མ། སྨན་འདམ་ལས་གྲུབ་པའི་དྲག་རྒྱལ་འཁོར་ལྔ། གསུང་རྟེན་བཀའ་འགྱུར་ཆ་གཅིག་རྣམས་བཞུགས་སུ་གསོལ། དུང་ཆེན་ཆ་གཅིག རྒྱ་གླིང་ཆ་གཅིག རྐང་གླིང་ཆ་གཅིག དུང་དཀར་ཆ་གཅིག་སོགས་ཀྱི་ཡོ་བྱད་ལ་བརྟེན་ནས་སྒྲུབ་མཆོད་རྣམས་འཚོགས་པ་དང༌། ཁྱུང་པོ་ཉི་མ་ཚུལ་ཁྲིམས་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མའི་མདུན་ནས་སྡོམ་རྒྱུད་དང་མདོ་སྔགས་ཀྱི་བོན་སྐལ་བླངས་ཏེ་བོན་བསྟན་བཤད་སྒྲུབ་ཀྱི་རིང་ལུགས་འཆོལ་མེད་འཛིན་སྐྱོང་སྤེལ་བཞིན་མཆིས་སོ། །ཞེས་འཕེན་ཞོལ་བོན་པོ་དགོན་གྱི་ལོ་རྒྱུས་ཉུང་བསྡུས་འདི་མཁས་པའི་གསུང་དང་སེར་སྐྱ་བགྲེས་པོ་རྣམས་ཀྱི་ངག་རྒྱུན་དག་མཉམ་དུ་བསྡེབས་ནས་རྫ་པ་ཚེ་རིང་འགྱུར་མེད་ཀྱིས་བྲིས་པ་བསྟན་འགྲོའི་དགེ་བའི་ས་བོན་གྱི་རྒྱུར་ཅིག་གུ།
ཨརྒ་རྟོགས་ལྡན་རིན་པོ་ཆེ་མཁར་དམར་དཀོན་མཆོག་རྒྱ་མཚོ་སྐུ་ཕྲེང་དང་པོ་དེ་ཉིད་བསྟན་པ་དང་འགྲོ་དོན་ལ་དགོངས་ནས་ཡུལ་འདིར་ཕེབས་པར། རྫི་བོ་གཞོན་ནུ་བློ་དང་ལྡན་པ་ཞིག་ལ་ས་ཆ་འདིའི་མིང་ཅི་ཞེས་གསུང་སྐབས། གཞོན་ནུ་དེས་ལན་དུ་འོག་མིན་བྱམས་པ་ཆོས་འཁོར་གླིང་ཞེས་ཟེར་བ་དང་མཉམ་དུ་ནམ་མཁའ་ནས་འབྲུག་སྒྲ་དྲག་པོ་ཞིག་གྲགས་པས་རྟེན་འབྲེལ་ལ་བརྟགས་ནས། འབྲུག་དགོན་པ་ཞེས་རབ་བྱུང་ལྔ་པའི་ནང་ལ་ཐོག་མར་མིང་གཞན་འོག་མིན་བྱམས་པ་ཆོས་འཁོར་གླིང་ཞེས་གྲགས་པའོ། །ད་ལྟ་སྡེ་དགེ་དགེ་རྫོང་དབེན་ཐོག་གཤམ་འོག་ཏུ་གནས་ཡོད། དགོན་པ་འདིའི་མ་དགོན་ནི་ལྷོ་ཁམས་པའི་སྒར་ཡིན། དགོན་པ་འདིའི་བུ་དགོན་ནི་བསྟན་འཕེལ་དགོན་ཡིན་པ་ངག་རྒྱུན་ལས་གསལ། དུས་མཆོད་ཀྱི་རྒྱུན་སྲོལ་ནི། ཟླ་བ་དང་པོ་ནང་བུམ་སྒྲུབ་བདུན་སྒྲུབ། ཟླ་བ་བཞི་པའི་ནང་བདེ་མཆོག་བདུན་སྒྲུབ། དབྱར་འབྲིང་པོའི་ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་བ་ཕྱེད་གཉིས། སྤྱི་ཆེན་གྱིས་ཚེ་བདག་བདུན་སྒྲུབ། ཐུགས་རྗེ་ཆེན་པོའི་བདུན་སྒྲུབ། ཞི་ཁྲོ་བདུན་སྒྲུབ། དགུ་ཆུང་ངུ་མགོན་པོ་བདུན་སྒྲུབ། དགུ་ཆེན་ལ་གསོལ་ཀ་རིགས་འདུས་བཅས་འཚོགས་རྒྱུ་ཡོད་དོ། །དགོན་པ་འདི་ཆགས་ནས་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་རྟེན་དང་བརྟེན་པའི་བཀོད་པ་དང་གྲངས་ནི་ཡིག་འཇོག་མེད་སྟབས་གསལ་པོ་ཞུ་མི་ཤེས། རྒན་རིམ་རྣམས་ཀྱི་ཞལ་རྒྱུན་བཞིན་རགས་ཙམ་སྨོས་ན། ཆབ་མདོའི་[page 605] ས་དབང་མན་ཆད་མི་ཉག་རྡོ་ར་ཡན་ཆད། ཐབ་ཀ་སྤྱང་ཀི་ཚུན་ཆད། འབྲི་ཕུ་རྡོ་དཀར་མན་ཆད། རྫོང་མདའི་མཚེར་ཁག་བཅུ་གསུམ་བཅས་སྔར་དགོན་པ་འདི་དང་འབྲེལ་བ་ཡོད་དོ། །དགོན་པའི་ཁོར་ཡུག་གི་སའི་རྒྱ་ཁྱོན་ལ་གཞུ་འདོམ་གྲུ་བཞི་མ་སུམ་བརྒྱ་ཙམ་ཟིན་པ་ལ། གཙུག་ལག་ཁང་གཅིག ཆོས་མཛོད་ཁང་གཉིས། སྨར་ལྷ་ཁང་གཅིག་སྒྲུབ་གྲྭ་ཁང་གཅིག ཚེ་དཔག་ལྷ་ཁང་གཅིག་དང་སྔོན་སྤྲུལ་པའི་ལྷ་བཟོ་ཡེར་པའི་འབག་བཟོ། བྱམས་ཆེན་དང༌། ཉེ་སྲས་བརྒྱད། རྡོ་རྗེ་འཆང༌། ཚེ་དཔག་མེད་གསེར་བྲིས་སྟོང་སྐུ། ཐུབ་པ་གཡུ་ཐོད་གསུང་བྱོན་མ། རྒྱ་གར་ཤང་ལི་ཐུབ་པ་མགུལ་གས་མ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གསུང་འབྱོན་མ། བདེ་མཆོག་ལི་མ། ཆོས་སྐུ་རྡོ་རྗེ་འཆང་ལི་མ་བཅས་སོགས་སོ། །གསུང་རྟེན་ལ་གསེར་བྲིས་ཀྱི་བཀའ་བསྟན་བཅོས་སོགས་ཆོས་མཛོད་ཁང་གཉིས་སུ་གསུང་འབུམ་རྒྱ་ཆེན་བཞུགས་སོ། །ཐུགས་རྟེན་ལ་བསམ་ཡས་རྡོ་ར་དང༌། དཔག་བསམ་ཁྲི་ཤིང་གི་སྐུ་གདུང་ཆ་བརྒྱད། བྱ་ཤང་ཤང་གིས་ཁྱེར་བའི་སིལ་སྙན་མ་ཎི་མ། ཐོད་པ་མེ་འབར་མ། དྲིལ་བུ་ཐེག་ཆེན་གསེར་མགོ་མ། བཀའ་གདམས་མཆོད་རྟེན་བཅས་ཤིན་ཏུ་མང་ངོ༌། །
དེང་གི་གནས་ཚུལ་ནི་སྔར་བཞེངས་རྟེན་གསུམ་དང་མཆོད་ཆས་སོགས་དོན་པ་གཞན་དང་འདྲ་བར་རིག་གནས་གསར་བརྗེའི་སྐབས་གཏོར་བརླགས་སོང་ནའང༌། ད་ལྟ་གཙུག་ལག་ཁང་གསར་བཞེངས་དང་རྟེན་གསུམ་བྱམས་པ་འདམ་སྐུ་གཙོ་སྐུ་གསུང་ཐུགས་ཀྱི་རྟེན་དང་གཞན་མཆོད་རྫས་སོགས་ཅི་རིགས་ཞིག་གསོ་བྱས་དང་བྱེད་བཞིན་པ་ཡོད་དོ། །གྲྭ་གྲངས་བདུན་ཅུ་ཙམ་གྱིས་དུས་མཆོད་འགའ་འཚོགས་ནས་རྒྱལ་བསྟན་གོང་འཕེལ་ཡོང་བར་འབད་བཞིན་དུ་ཡོད་དོ། །
དགོན་འདིར་ཐོག་མར་ཕྱག་འདེབས་པ་པོ་ནི། ཁྱུང་དཀར་ནག་སེར་གསུམ་ལས་ཁྱུང་དཀར་བརྒྱུད་པ་བླ་མ་བསྟན་པ་ལྷུན་གྲུབ་ཞེས་པ་ཡིན། ཁོང་གི་འཁྲུངས་ཡུལ་ཁྱུང་པོ་རི་རྩེ་དྲུག་ཡིན་ཀྱང་གདུལ་བྱའི་ཞིང་ས་མདོ་སྨད་སྡེ་དགེའི་མངའ་ཁོངས་རབ་རྒྱལ་ཞེས་པའི་ས་འདིར་དགོན་པ་འདི་ཕྱག་བཏབ། ཕྱག་འདེབས་པའི་དུས་ཚོད་སོགས་ཁ་གསལ་མི་འདུག བླ་མ་བསྟན་པ་ལྷུན་གྲུབ་ནས་གདུང་[page 630] རྒྱུད་ཅན་བཅུ་གསུམ་བྱོན་ཞེས་བཤད་སྲོལ་འདུག་ཀྱང༌། མཚན་གྱི་རྣམ་གྲངས་མ་ངེས། ཟུང་ཞིག་ངེས་པར་འདིར་བརྗོད་ན། དེ་ནས་བློ་གྲོས་རྒྱ་མཚོ། སྨོན་ལམ་བསྟན་འཛིན། གཡུང་དྲུང་བསྟན་འཛིན་སོགས་རིམ་བྱོན་རྣམས་ཀྱིས་བསྟན་པ་དར་ཞིང་རྒྱས་པར་བྱས། བཤད་སྒྲུབ་ཀྱི་སྲོལ་སོགས་དགོན་པ་གཞན་དུ་སྤེལ་བ་མ་གཏོགས་རང་དགོན་དུ་སྲོལ་མ་ཚུགས། སྐུ་གསུང་ཐུགས་རྟེན་སོགས་རྒྱུད་འཛིན་རིམ་བྱོན་གྱིས་བཞེངས་པ་ནི་འདུ་ཁང་གཅིག མགོན་ཁང་གཅིག སྤྱི་ཁང་གཅིག ལེ་དཀར་ལ་གྲུབ་པའི་སངས་རྒྱས་ཁྲི་གཙུག་རྒྱལ་བའི་སྐུ། གུ་རུའི་སྐུ་ཟངས་གསེར་ལས་གྲུབ་པ་སྐུ་མདའ་ཚད། འོག་ཏུ་གཤེན་རབ་འདོད་པ་དགུ་འགྱུར་གྱི་སྐུ་ལུས་ཚད། གཞན་ཡང་ཀུན་བཟང་རྒྱལ་བ་འདམ་སྐུ་ལི་མ། སྡེ་དགེ་གཉེར་ཆེན་ཉག་རྒྱལ་བརྒྱ་ཡིས་བཞེངས་པའི་ངོ་བོའི་སྐུ་ཟངས་གསེར་ལས་གྲུབ་པ་ཁང་ཚད་གཉིས། ཐང་སྐུའི་སྐོར། གྲུབ་ཆེན་བརྒྱད་ཅུའི་གསེར་ཐང༌། ཀུན་གྲོལ་སྐྱེ་ཕྲེང་གསེར་ཐང༌། ཚེ་དབང་སྐོར། གུ་རུ་ཞི་དྲ་མའི་ཐང་སྐུ་བཅས་ཁྱོན་བསྡོམས་བཅུ་ཕྲག་བརྒྱད་ཙམ། གསུང་སྐོར། དོ་འབུམ་གཟུངས་སོགས་བཞི་བརྒྱ་ཙམ། ཐུགས་བསྟན་ནི་སྟག་ལའི་མཆོད་རྟེན་ཁང་བརྩེགས་གཅིག་ཟངས་གསེར་ལས་གྲུབ་པ། ཙན་དན་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད། ཁྲུ་ཚད་ཅན་ཆ་གཉིས། ཤིང་མཚོན་གྱིས་སྤྲས་པའི་མཆོད་རྟེན་ཁང་ཚད་ཅིག མཆོད་ཆས་རིགས། ལི་དང་རིན་པོ་ཆེ་ལས་གྲུབ་པའི་སྤུས་ཁ་བཟང་ཞིང་སྒྲོས་ལེགས་པ་སོགས་གཞན་དང་མཚུངས་པ་ཡོད། དགོན་འདི་དུས་མཆོད་སོགས་དབྱར་ལ་དབྱར་མཆོད་དང་དགུན་ལ་དགུན་མཆོད་ཟེར་བ་བཞིན། དབྱར་གཤེན་རབ་རྣམ་པར་རྒྱལ་བའི་སྒྲུབ་མཆོད་ཉིན་བཅོ་ལྔ། དགུན་ལ་ཁྲོ་བོ་ངོ་མཚར་རྒྱས་པའི་སྒྲུབ་མཆོད་ཉིན་དང༌། འཆམ་པཚེས་བཅོ་ལྔ་ནས་གོས་འཆམ་ཉིན་གཅིག་འབག་འཆམ་ཉིན་གཅིག་བཅས་བྱེད་སྲོལ་ཡོད། དཔལ་སྤུངས་ཀོང་སྤྲུལ་འདིར་འཁྲུངས་པ་དང༌། ཕྱིས་སུ་ཁོང་གནས་འདིར་ཕེབས་ནས། དགོན་པ་ཉམས་གསོ་མཛད། སྒྲུབ་མཆོད་དང་འཆམ་ཆས་སྐོར་གསར་དུ་བསྒྲིགས། གཞན་ཡང་བཅའ་ཡིག་གཏན་འབེབས་མཛད་ནས་དར་ཞིང་རྒྱས་པར་བྱས། དབྱར་གནས་སྐབས་དགོན་པའི་རྒྱབ་རི་གུ་དཀར་ཕང་ཞེས་པའི་མདུན་དཀར་མཛོད་ཇི་ཚོགས་འཁོར་ཞིག་འབུལ་བའི་སྲོལ་བསྟོད་ཡོད་མྱོང༌། ད་ལྟ་དགོན་པ་ཉམས་གསོ་གྲུབ་པ་ནི། གཙུག་ལག་ཁང་ལྷ་རིས་བཅས་ལེགས་པར་ཐོན་ཡོད་པ་དང༌། མགོན་ཁང་དང་གྲྭ་ཤག་བདུན་ཙམ་གྲུབ། ད་ལྟ་བླ་གྲྭ་བཅུ་ཕྲག་གཉིས་ཙམ་གྱིས་དགོན་འདི་བདག་གཉེར་བྱ་བཞིན་མཆིས།
རི་སྤུན་དགོན་ནི་མདོ་ཁམས་སྡེ་དགེའི་ས་ཁུལ་གྱི་བྱེ་བྲག་སྨན་ཤོད་ཧྱོ་བ་ནང་ཞེས་རྫོང་སར་བཀྲ་[page 632] ཤིས་ལྷ་རྩེ་དང༌། མཁྱེན་ཀོང་མཆོག་གསུམ་གྱིས་རབ་ཚེས་མེ་ཡོས་ལོར་བཏབ་པའི་བོན་གནས་གཡུང་དྲུང་རྣ་པར་བཀོད་པའི་གནས་སམ་བུ་ལའི་མཆོད་རྟེན་དགུ་བརྩེགས་སུ་གྲགས་པ་དེའི་ཉེ་སྐོར་དུ་ཆགས་ཡོད། དཔལ་སྤུངས་ཐང་ལྷ་ཚེ་དབང་ནས་སེང་དུ་གཡུ་མཚོའི་ཁར་རི་སྤུན་དང་རྫོང་སར་ལོ་རྒྱུས་རྡོ་ལ་བརྐོས་པའི་ཡིག་རྙིང་འདུག་གསུངས་པ་ཁོ་བོས་དངོས་སུ་ཐོས་ཀྱང་ཡི་གེ་མ་རྙེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཉིས་གཏེར་ལྷུང་ནས་རྫོང་སར་དུ་ཕེབས་ལམ་རི་སྤུན་དགོན་དུ་གསོལ་ཇ་བཞེས་མྱོང་ཚུལ་དང༌། བཞུགས་གནས་གྲྭ་ཁང་འདི་ཡིན་ཅེས་ས་རྒོད་བརྐོ་བཅོལ་སྐབས་གྲྭ་ཁང་གི་རྩིག་རྨང་རེ་རེ་བཞིན་དངོས་སུ་ཐོན་ཁར་རྔ་བརྡུང་ནས་ཚོགས་བརྡ་བཏང་དགོས་པའི་དགོན་ཆེན་ཡོད་ཅེས་གསུངས་མྱོང་བའི་ངག་རྒྱུན་ཐོས། ཕྱིས་སུ་རི་བླ་བླ་རབས་དང༌། ཁྱུང་པོ་རྫོང་ཞེས་པར་ཁྱུང་པོ་ནང་ནས་བསྐོས་བླ་འོང་དགོས་རྒྱུ་ཁྱུང་པོ་བླ་རབས་ཡོད་སྐད། ཁྱུང་པོ་བླ་རབས་སྔ་མས་ནས་ཆད་སྡེ་བླ་བྲང་ཀྱང་རབ་བྱུང་བཅོ་ལྔ་པའི་མཇུག་ཙམ་ནས་ཞིག་སོང༌། སྔོན་རབས་ཡང་འགམ་ནང་བཞུགས་པའི་གྲུབ་ཐོབ་ཤར་པ་རྣལ་འབྱོར་དང༌། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། བུ་འབོར་བ་ཏོག་གི་རྒྱལ་མཚན་སོགས་རི་སྤུན་དུ་བཞུགས་མྱོང་ཚུལ་དང༌། ཕྱིས་སུ་དུ་ཚེ་རྟོགས་ལྡན་ཞེས་པ་གེ་ཕུ་ནང་ཕུར་པ་ལྷ་ཁང་དུ་བཞུགས་དེ་རི་སྤུན་དུ་བཞུགས་རབས་དང༌། ད་ལྟ་དྲན་ཐོག་འདིར་རི་བླ་ཡེ་ཤེས་ཞུ་བ་དགུང་ལོ་རྒྱ་ལྷག་བཞུགས་པ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་རྟོགས་ལྡན་རི་བླ་ཡེ་ཤེས་རྩར་ཚེ་དབང་ཞུ་སར་སོང་ཞེས་བསྔགས་བརྗོད་ཡང་ཡང་མཛད་པ་དེ་ཉིད་ཀྱི་སྐུ་ཚེའི་སྨད་རི་སྤུན་དགོན་རྟེན་དང་བརྟེན་པ་མེར་ཤོར། དེ་ནས་རི་བླ་དར་རྒྱས་ཞུ་བ་དེས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བསླང་ཡིག་དང་ཞལ་བཀོད་ལ་བརྟེན་ལྷ་ཁང་ཀ་བཞི་མ་རྟེན་དང་བརྟེན་པ་གསར་དུ་བཞེངས། དེ་སྐབས་ལྷ་ཁང་དང་འདབས་འབྲེལ་སྤྱི་ཁང༌། གཟིམ་ཁང༌། གྲྭ་ཁང་གསུམ་ཙམ། བླ་གྲྭ་ཉེར་ལྔ་ཙམ་གྱིས་དུས་མཆོད་གཡར་ཁ་སྨྱུང་གནས་ཁུག་གཉིས། ལོ་མཇུག་དགུ་གཏོང་ཉིན་ལྔ་རེ་ཚོགས་རྒྱུ་ཡོད། དེའི་ཐེབས་རྩ་ས་ཞིང་མུའུ་སུམ་ཅུ་ཙམ་ཡོད། དེང་སྐབས་འདུ་ཁང་ཀ་བཞི་མ་ལྡེབས་བྲིས་བཅས་དང་སྤྱི་ཁང་གྲུབ། བླ་གྲྭ་བཅུ་གཅིག་ཙམ་གྱིས་སྤྱི་རིམ་དང་དགུ་གཏོར་ཙམ་ཚོགས་སྟེ་གདན་ས་མ་བཏང་ཙམ་ཡོད། སྐབས་འདིར་དེ་ཙམ་ལས་འབྲི་རྒྱུ་མ་རྙེད། སླད་ལོ་རྒྱུས་དཔྱད་གཞི་ཐོབ་ན་གསར་དུ་འབྲི་དགོས། ཅེས་པའང་བཀྲ་ཤིས་དབང་ཕྱུག་དང་བཀྲ་བཟང་གཉིས་ཀྱི་ངག་རྒྱུན་དང་རང་གི་གོ་ཐོས་མྱོང་བས་ཟུར་བརྒྱན་ཏེ་བློ་གྲོས་ཕུན་ཚོགས་ནས་༡༩༩༤ལོའི་སྤྱི་ཟླ་༩ཚེས་༩ཉིན་བྲིས་པ་དགེ་ལེགས་འཕེལ།
[page 603] ཀརྨ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པ་རྟགས་འཕེལ་བསམ་གཏན་ཆོས་འཁོར་གླིང་ཞེས་པ་ནི། སྔར་དབོན་བློ་གྲོས་རྒྱ་མཚོའི་དུས་སྒོམ་ཆེན་པ་རྣམས་ལ་གྲུབ་རྟགས་དང་སྒོམ་པའི་ཉམས་གོང་ནས་གོང་དུ་འཕེལ་བའི་མཚན་ལྟས་མང་པོ་བྱུང་བ་ལ་བརྟེན་ནས་བཏགས་པ་ཡིན། དགོན་འདེབས་པ་པོ་དེ་ནི་ཚར་ཚར་ཆོས་འཛིན་རྒྱལ་པོའི་དབོན་བློ་གྲོས་རྒྱ་མཚོ་ཞེས་པ་དེ་ཡིན། ཁོང་ལོ་བཅུ་ནས་རབ་བྱུང༌། རིས་མེད་ཀྱི་སྐྱེས་ཆེན་མང་པོའི་ཞབས་པད་བསྟེན། མདོ་སྔགས་ཀྱི་གཞུང་ལ་མཁྱེན་པ་རྒྱས། གནས་བརྟན་འདུལ་འཛིན་ཆེན་པོ་མཁན་ཀརྨ་དོན་ཡོད་ཀྱི་མདུན་ནས་བསྙེན་པར་རྫོགས། བཅས་མཚམས་ཕྲ་མོའི་ཚུན་མིག་འབྲས་བཞིན་བསྲུངས། དམ་པའི་ཆོས་ཕྱོགས་ཀྱི་སྤྱོད་པ་མ་གཏོགས་འཇིག་རྟེན་བྱ་བ་ཐམས་ཅད་ལིང་གིས་དོར། ད་ལྟར་རྟགས་འཕེལ་དགོན་གྱི་ཉེ་འདབས། ཁྲ་ཏིང་ཕུག་པ་ཞེས་པ་ན་ཡུན་རིང་པོར་བསམ་གཏན་ལ་བཞུགས་སྐབས། ཚེ་རིང་མཆེད་ལྔ་དང་གནས་བདག་གཡའ་སྔོན་གཉིས་ཀྱིས་ཞབས་ཏོག་བསྒྲུབས། མ་འོངས་པ་ན་རྟེན་ཆེན་མ་ཞེས་པ་དེར་དགོན་པ་བཏབ་ན་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ཞེས་ལུང་བསྟན་པ་ལྟར། རབ་བྱུང་བཅུ་གསུམ་པའི་མེ་ཡོས་༡༧༤༧ལོ་རྟགས་འཕེལ་བསམ་གཏན་ཆོས་འཁོར་གླིང་གི་དགོན་པ་ཕྱག་བཏབ། དེ་དུས་སློབ་མའི་གཙོ་བོར། ཐང་བླ་མ་བློ་དགའ་དང༌། མཁས་གྲུབ་རྒྱ་མཚོ། སྟག་བླ་ཆོས་སྐྱོང་སོགས་མཁས་གྲུབ་གཉིས་ལྡན་མང་ཙམ་བྱོན། དམ་པ་འདི་ཉིད་ཀྱི་ལོ་རྒྱུས་ནི་སྐུ་སྐྱེ་ཉིད་ཀྱི་སྐུ་རབས་བྲིས་པ་ནས་གསལ། རྒྱལ་བའི་དབང་པོ་ཀརྨ་པ་དང༌། སྒྲུབ་རྒན་རིན་པོ་ཆེ་སོགས་དམ་པ་དུ་བས་ཞབས་ཀྱིས་བཅགས། དགོན་འདི་ཉིད་དུ་བཤད་སྒྲུབ་དར་སྲོལ་ནི། སྔར་དབོན་བློ་གྲོས་རྒྱ་མཚོའི་སྐུ་རབས་ཁ་ཤས་ལ། ཐོས་སྒོམ་ཟུང་འབྲེལ་བྱས་ནས་སློབ་ཚོགས་འཕེལ་བ་མ་ཟད། ཁྱད་པར་རྩ་རླུང་དང་གཏུམ་མོ་ལ་གྲུབ་པ་ཐོབ་པ་མཁས་གྲུབ་དུ་མ་བྱོན་ནོ། །
དགེ་འདུན་གྲངས་ལྔ་བཅུ་ཡས་མས་དང༌། དུས་མཆོད་ནག་རྒྱལ་ཕག་གསུམ་དང་ཚེ་སྒྲུབ་སོགས་སྒྲུབ་མཆོད་ཁ་ཤས་ཡོད། དགོན་འདི་ཉིད་ལ་འདུ་ཁང་གཅིག་དང༌། གཉེར་ཁང༌། ཇ་ཁང༌། གྲྭ་ཤག་སུམ་ཅུ་ལྷག་བཅས་ཡོད། སྐུ་རྟེན་དང་གསུང་རྟེན་གྱི་སྐོར་ནི། སྒྲུབ་རྒན་བདུད་འདུལ་བསྟན་པའི་ཉི་མའི་ཕྱག་བཟོ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཁང་རྩེག་ཅན་གཅིག་དང༌། རྡོ་རྗེ་འཆང་དང༌། རྡོར་སེམས་ཀྱི་སྐུ་མི་ཚད་གནའ་རྫས་རིན་ཐང་ལྡན་པ་དུ་མ་ཡོད། རྒྱལ་བའི་བཀའ་འགྱུར་ཆེན་མོ་དང༌། གསུང་འབུམ་སྣ་ཚོགས་གྲངས་མེད་མཆིས་ཀྱང༌། དུས་འགྱུར་དབང་གིས་ཕལ་ཆེར་བརླགས། དུས་[page 604] འགྱུར་སྐབས་དགོན་པའི་འདུ་ཁང་སོགས་ལ་སྲུང་སྐྱོབ་བྱེད་མཁན་མགོན་བླ་ཀརྨ་ཡེ་ཤེས་ཉིད་ཡིན། སླར་ཡང་རྒྱལ་བསྟན་གསལ་བའི་ཉི་མ་འཆར་བའི་ཚེ། སྐུ་སྐྱེའམ་དཔལ་བརྒྱ་མཆོག་སྤུལ་ནས་གཙོ་འགན་བཞེས་ཏེ། ནག་རྒྱལ་ཕག་གསུམ་དང་དབྱར་གནས་སོགས་སྒྲུབ་མཆོད་གསར་འཛུགས་དང༌། མཐུན་རྐྱེན་རོགས་རམ་གང་ལགས་མཛད། ཁྱད་པར་སྐུ་སྐྱེ་ཉིད་ཀྱི་སློབ་མ། མན་ཇུ་རིགས་ཀྱི་ཝུན་ཕུའུ་ཡིན་དང་ཝུ་ཕུའི་ཆེང༌། གཉིས་དང༌། གཞན་ཡང་པེ་ཅིན། ཀོང་ཏུང༌། ཧྲེན་ཀྲེང་སོགས་ཀྱི་སློབ་ཚོགས་རྣམས་ཀྱི་མཐུན་རྐྱེན་རོགས་རམ་ལ་བརྟེན་ནས། འདུ་ཁང་བརྩེགས་གསུམ་ཅན་ཞིག་དང༌། ནང་གི་རྟེན་སྟོན་པ་གཙོ་འཁོར་གསུམ་དང་གནས་བརྟན་བཅུ་དྲུག་སོགས་བཞེངས། གསུང་རྟེན་ལ་བཀའ་བསྟན་འགྱུར་དང་སྔོན་བྱོན་མཁས་པའི་གསུང་འབུམ་དང་བཅས་པོད་བཞི་བརྒྱ་ལྷག་བཞུགས། ད་ལྟའི་ལས་འགན་ཁུར་མཁན་བླ་བསྐོས་བསོད་ནམས་དབང་རྒྱལ་གྱིས་ཐབས་ཤེས་གང་དྲག་སྒོས་རྟགས་འཕེལ་དགོན་ཕྱི་ལྷ་ཁང་ནང་རྟེན་གསུམ། བར་དགེ་འདུན་གྱི་སྒྲིག་ལམ། བསླབ་པ་སློབ་གཉེར་བཅས་གོང་སྤེལ་མཛད་བཞིན་མཆིས་སོ། །
[page 633] རྨེའི་བླ་རབས་བཅུ་བཞི་པ་བསོད་ནམས་དབང་གྲགས་ཀྱིས་རབ་བྱུང་གཉིས་པའི་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ་༡༠༩༤ལ་དགོན་པ་འདི་ཕྱག་བཏབ་བོ། །
རྫ་འབུམ་སྨད་དགོན་མཁན་རབས་དང་གདན་འཛིན་སྤྲུལ་སྐུ་བྱོན་ཚུལ། རབ་བླ་ནམ་མཁའ་ཡེ་ཤེས་གདན་འཛིན་བཞགས་ནས་མཁན་རབས་བཅུ་གཅིག་བྱོན་མཚམས་སུ་རིག་འཛིན་འཇའ་ཚོན་སྙིང་བོས་རྟེན་དང་བརྟེན་པ་དར་སྤེལ་མཛད། ཉིད་ཀྱིས་དབོན་པོ་གཡུང་དྲུང་རྣམ་རྒྱལ་གདན་སར་བཞག དམ་པ་དེའི་འགྲོ་དོན་རྒྱ་ཆེན་པོ་མཛད་པར་མཐར་ཕྱིན། མཆོག་སྤྲུལ་མི་ཕམ་རྣམ་རྒྱལ། རྫ་དགེ་སྤྲུལ་ཡིད་བཞིན་ལེགས་གྲུབ་སྐུ་ཕྲེང་རིམ་བྱོན་ནོ། །བླ་རབས་ནི་རབ་བླའི་རུས་ལ་བྱོན་པའི་རིན་ཆེན་རྣམ་རྒྱལ། གྲུབ་ཆེན་ལྷ་མགོན། བསོད་ནམས་དབང་ཕྱུག གཡུང་དྲུང་ཕུན་ཚོགས། བསོད་ནམས་རིག་འཛིན། གཡུང་དྲུང་མི་ཕམ་སོགས་སོ། །གླིང་ཞིག་ཚེ་དབང་གཡུང་དྲུང༌། ཤར་རྫ་འཇའ་ལུས་པའི་སློབ་བུ་མཁན་པོ་མཐུ་སྟོབས་རྣམ་རྒྱལ་ཞེས་པས། རྒྱལ་ཚབ་བློ་གྲོས་རྒྱལ་མཚན་ཞལ་སྔ་ནས་ས་ལམ་གྱི་ཁྲིད་རིམ་སོགས་བརྒྱུད་གསུམ་བོན་གྱི་དབང་ལུང་མན་ངག་ཅི་རིགས་ཞུས། ཧཱུྃཿཆེན་འགྲོ་འདུལ་གླིང་པ་རིན་པོ་ཆེ་དང༌། བླ་མ་ས་དབང་ཚུལ་ཁྲིམས་དབང་ཕྱུག ཚེ་དབང་གཡུང་དྲུང༌། གྲྭ་ས་སྨན་རིའི་མཁན་པོ་ཉི་མ་དབང་རྒྱལ་སོགས་སྐྱེས་མཆོག་དམ་པ་དུ་མ་བསྟེན་ནས་དྲང་ངེས་ཟུང་འབྲེལ་ལམ་བསླབ་པ་གསུམ། རྫོགས་པ་ཆེན་པོའི་རྩ་འགྲེལ་སོགས་བཀའ་དྲིན་ཆེན་པོར་གནང༌། ༡༩༨༤ལོ་ཤར་རྫའི་གདན་སར་དམ་པའི་བཀའ་མཛོད་ཆེན་ལྔའི་གཙོ་སྟོང་ལྡེབ་ཙམ་ཉམས་གསོ་དང༌། བཀའ་འགྱུར་གྱི་ལུང༌། དྲང་ངེས་ཀྱི་ཁྲིད་སོགས་དབུལ་པོས་ཕྱུག་པོ་ཁས་བླངས་ནས་ལོ་ངོ་དྲུག་གི་རིང་ལ་ཞབས་ཕྱི་བསྒྲུབས་དེ་ནས་བརྗེས་སོང༌། ཁྱད་པར་རང་དགོན་འབུམ་རྨད་བསྟན་པ་ལ་ལྷག་བསམ་དཀར་བའི་ཆོས་ར་སྤེལ་ནས་འགན་ཁུར་གྲ་ཚང་ལ་ཞབས་ཕྱི། སྲིད་ལ་འགལ་བ་མེད་པའི་ངང་ནས་རང་ཁ་རང་གསོ་དང་དགོན་པའི་རྟེན་དང་བརྟེན་པ་སྐུ་གསུང་ཐུགས་རྟེན། འཁོར་ཆེན་འཁོར་ཆུང་འཆར་དར་རྒྱན། མཆོད་ཆས་རོལ་མོ། མཁོ་གལ་ཆེ་བའི་ཆོས་ལུགས་སྤྱོད་ཆས་རིགས་དང༌། བཞེངས་པ་གཏེར་བྱོན་གནའ་རྫས་དང་རྟེན་བྱིན་ཆེན་གསེར་སྐུ་མཆོད་རྟེན་ཁ་ཤས་ཞལ་ཐང་སོགས་སྔོན་གྱི་སྲོལ་རྒྱུན་ཇི་བཞིན་བསྒྲུབ་མཆོད་སོགས་སྔར་བཞིན་བཙུགས། དེ་ལྟར་ལོ་རྒྱུས་ཉུང་བསྡུས་དོན་དངོས་དང་འབྲེལ་ནས་བྲིས་པ་ལགས། དགོན་པ་འདི་བདག་གཉེར་ཚོགས་ཆུང་གིས་༡༩༩༤ཟླ་༨ཚེས་༡༧བྲིས།
[page 594] དགོན་པ་འདི་ནི་རི་ཡི་རྩེ་ལ་མ་ཆགས་ལ། རིའི་འདབས་སུ་ཡང་མ་ཆགས་ཤིང་རི་ཡི་མགུལ་ན་ཆགས་ཡོད་པས། རྫ་རི་མགུལ་དགོན་ཞེས་སྤྱི་མིང་དུ་གྲགས་སོ། །མཚན་དངོས་ནི་རྫ་རི་མགུལ་ཐུབ་བསྟན་བདེ་ཆེན་གླིང་ཞུ། དགོན་འདིར་ཀརྨ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་པོ་སྐུ་ཐོག་དང་པོ་ནས་བཟུང་ཀརྨའི་མིང་ཅན་བདུན་གྱིས་མདོ་སྔགས་ཀྱི་ལྟ་སྒོམ་སྤྱོད་པ་བཤད་སྒྲུབ་ལས་གསུམ་གྱི་སྲོལ་བཟང་གོང་ནས་གོང་དུ་སྤེལ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་ཐོག་མར་རབ་གནས་ཀྱི་མཛད་སྒོ་གནང་བདེ་དགྱེས་གསད་གསུམ་སོགས་ཀྱི་སྨིན་གྲོལ་གྱི་བཀའ་དྲིན་བསྐྱངས་སོ། ཕྱིས་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དགོན་འདིར་ལན་གཉིས་ཕེབས། དབུ་ཞྭ་སྒྲོན་པ་དང༌། དབང་ལུང་རྒྱ་ཆེན་གནང༌། འདུ་ཀང་དུ་རབ་གནས་མཛད་སྐབས། ལོགས་བྲིས་ཀྱི་སྒྲོལ་དཀར་དང༌། མགོན་པོ་བེར་ཅན་གཉིས་ཀྱི་ཕྱག་ནས་བཞེས་པས་བྱིན་རླབས་ཀྱི་མཚན་སྙན་ཡོངས་སུ་གྲགས། གཞན་ཡང་རྟེན་གྱི་གཙོ་བོ། མགོན་ཁང་དུ་མ་མགོན་མགར་གསུམ་གྱི་གསེར་སྐུ་ལུས་ཚད་དང༌། དེ་རྣམས་ཀྱི་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆ་ཚང་བའི་སྐུ་འདྲ་བྱིན་ལྡན་དང༌། དེར་རྒྱལ་བ་བཀའ་བརྒྱུད་པའི་སྲོལ་མ་འཆུག་པ་ད་ལྟ་ཡང་རྒྱུན་བཏོན་ཡོད། འདུ་ཁང་དུ་ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་ལི་མ་མདའ་ཚད་ཙམ་དང༌། སྨན་འདམ་ལས་གྲུབ་པའི་སྤྱན་རས་གཟིགས་དང་ཕྱག་རྡོར། འཇམ་དབྱངས་བཅས་ཀྱི་སྐུ་ཐོག་བརྩེགས་གཉིས་དང༌། ཐང་སྟོང་རྒྱལ་པོའི་སྐུ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ། ཀརྨ་པ་སྐུ་རབས་བཅུ་གསུམ་གྱི་སྐུ་ཟངས་གསེར་ལས་གྲུབ་པ་མདའ་ཚད་ཙམ་བཅུ་གསུམ་དང༌། གཞན་ཡང་སྲོང་བཙན་སྒམ་པོའི་སྐུ་དུས་ཡིན་ཟེར་བའི་རས་བྲིས་ཀྱི་ཐུབ་པའི་སྐྱེ་རབས་དཔགས་བསམ་ཁྲི་ཤིང་ཧ་ཅང་ངོ་མཚར་ཅན་དང༌། གནས་བརྟན་བཅུ་དྲུག་དང༌། གཞན་མཆོད་ཆའི་རིགས་དང༌། སྦྲིས་སྐུ་འབུར་སྐུ་སོགས་རིན་ཐང་ཆེ་བའི་ཕུགས་ནོར་མི་རབས་ནས་མི་རབས་སུ་བསགས་པ་བགྲང་ལས་འདས་སོ། །
གཞན་ཡང་སྒྲུབ་སྡེ་ཆེན་པོ་གསེར་རི་སྨན་ཆེན་ཞེས་རྒན་རབས་རྣམས་ཀྱིས་རྨ་ཆེན་སྤོམ་རིའི་གསོ་སྨན་དྲོང་མཁན་ཞེས་གནས་ཕྲན་ཁྱད་པར་ཅན་ཞིག་ཡིན་པར་བཞེད་པ་དེར་དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཏབ་པའི་དབེན་ཁྲོད་ད་ལྟ་ཡང་བརྒྱུད་འཛིན་དང་བཅས་བཞུགས་སོ། །དུས་མཆོད་ཀྱི་སྐོར་ལ། བཀའ་བརྒྱུད་ཀྱི་དཀྱིལ་འཁོར་བཅུ་གསུམ་ཆིང་ཕྱག་ལན་འདོན་རྟ་དབྱངས། ལྷ་སྔགས་ཏིང་ངེ་འཛིན་སོགས་མ་ཉམས་པར་ཆད་མེད་འཚོགས་པ་དང༌། བླ་སེར་བརྒྱ་དང་ལྔ་བཅུ་ཙམ་དང༌། སྤྲུལ་སྐུ་གསུམ་བཅས་ཡོད་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་སོང༌། དེང་སང་[page 595] འདུ་ཁང་དང༌། མགོན་ཁང༌། སྒྲུབ་ཁང་གསུམ་ཞིག་གསོ་བྱས་དང་བྱ་མུར་དང༌། བྲིས་འབུར་སོགས་ཀྱི་སྐུ་གསུང་ཐུགས་རྟེན་ཉུང་ཙམ་མཆིས། གསར་དུ་བཤད་གྲྭའི་འདུ་ཁང་ཞིག་ཉམས་གསོ་གྲུབ། ནང་རྟེན་སྐུ་གཟུགས་བཞེངས་མུས་དང༌། ད་ལྟ་བླ་སེར་བདུན་ཅུ་ཙམ་གྱིས་དབྱར་དགུན་གྱི་དུས་མཆོད་ལྔ་མ་ཆད་པར་བཞུགས་སོ། །
རྫ་རི་མགུལ་ཐུབ་བསྟན་བདེ་ཆེན་གླིང་གི་ཕྱག་འདེབས་པ་པོ་མཆོག་སྤྲུལ་ཀརྨ་བྱང་ཆུབ་རྒྱལ་མཚན་ནི། མདོ་སྨད་མི་ཉག་ཡུལ་དུ་རབ་བྱུང་བརྒྱད་པའི་མེ་བྱི་སྤྱི་ལོ་༡༤༥༦ལོར་འཁྲུངས། རྗེ་རྒྱལ་བའི་དབང་པོ་དཔལ་ཀརྨ་བདུན་པ་ཆོས་གྲགས་རྒྱ་མཚོས་རྗེས་སུ་བཟུང༌། རྒྱ་བྱང་ཆུབ་ཆེན་པོའི་རྣམ་འཕྲུལ་ཡིན་པ་བཀས་བཅད་དེ། མངའ་གསོལ་གཟེངས་བསྟོད་མཛད། རྫ་རྒྱུད་རི་མགུལ་དུད་སོལ་ལྷ་མོའི་གནས་མཆོག་ཏུ་ཕེབས་པར་ལུང་བསྟན། རབ་བྱུང་བརྒྱད་པའི་ལྕགས་ཕོ་ཁྱི་ལོར་སྤྱི་ལོ་༡༤༠༠དགོན་པ་གསར་དུ་བཏབ། ཆོས་རྒྱལ་བ་བཀའ་བརྒྱུད་པའི་ལུགས་མ་ཉམས་པ་བསྐྱངས། ཁྱད་པར་མདོ་སྔགས་ཀྱི་ཐོས་བསམ་སྒོམ་པའི་ལེགས་པར་སྦྱངས་པས་ཆོས་ཐམས་ཅད་ཀྱི་ལྟ་བའི་གནད་གཅིག་ཏུ་བབ་པར་དགོངས་ཏེ། འཁྲུལ་བྲལ་གྱི་ལེགས་བཤད་པོ་ཏི་གསུམ་ལྷག་ཡོད། ཁོང་གི་སློབ་མ་ཡང་མང་དུ་འཕེལ། རིག་པའི་གནས་ཆེན་ལྔ་དང་གནས་ཆུང་ལྔ་ལ་ལྗགས་བཤད་གྲངས་མང་གནང་བས། ཁམས་ཁུལ་མཁས་གྲུབ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་འཐོར། གཞན་དོན་ལ་ལུས་སྲོག་དོར་དགོས་ཡང་ཞུམ་པ་མེད། མཐར་དགུང་གྲངས་དོན་གསུམ་ལ་ཞི་བར་གཤེགས་སོ། །
སྐུ་ཕྲེང་གཉིས་པ་བྱང་ཆུབ་ཀརྨ་རབ་རྒྱས་ཕུ་ཚུར་ཤེལ་མདའ་ལ་འཁྲུངས། ད་ལྟ་སྡེ་དགེ་རྫོང་ཁོངས་སུ་གཏོགས། སྐུ་ཕྲེང་གསུམ་པ་ཀརྨ་བསྟན་པ་འགྱུར་མེད་འདན་ཡུལ་ས་སུ་འཁྲུངས། ད་ལྟ་སྡེ་དགེ་རྫོང་དུ་གཏོགས། རྫ་དགོན་གསར་ཆོས་རྗེ་དང་སྐུ་མཆེད་ཉི་ཟླ་ཟུང་འབྲེལ་དུ་གྱུར། དེ་རྣམས་ཀྱང་མཐིང་དམར་ཅོད་པན་འཆང་བ་དམ་པ་རིམ་བྱོན་རྣམས་ཀྱིས་རྗེས་སུ་བཟུང༌། ལྷག་པར་རྗེ་ཀརྨ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་དངོས་སློབ་ཡིན་པས་བཀའ་ཤེལ་ཐམ་གནང་བ་ད་ལྟའང་དངོས་སུ་ཡོད། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་ལ་ཉམས་ལེན་གྱི་རྩེར་སོན། ཁོང་ཀརྨ་པའི་སྐུ་རྐྱེན་ཟློག་ཆེད་སྟོད་ལུང་མཚུར་ཕུར་ཕེབས། རྒྱལ་དབང་ཀརྨ་པའི་དགོངས་བཞེད་མ་ལུས་པ་བསྒྲུབས། ཐོབ་དང་ཐམ་གའི་གཟེངས་བསྟོད་ཐོབ་མཐར་མཚུར་ཕུར་དགོངས་བཞེད་མ་ལུས་པ་བསྒྲུབ། །ཐོབ་དང་ཐམ་གའི་གཟེངས་བསྟོད་ཐོབ་མཐར་མཚུར་ཕུར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །སྐུ་ཕྲེང་ལྔ་པ་གོང་མའི་ཞལ་ཆེམས་དང༌། འཛི་སྒར་རྡོ་དྲག་པོའི་ལུང་བསྟན་དང་མཐུན་པར་གདོང་རིགས་སྲས་པོ་ཀརྨ་པདྨ་རིག་འཛིན་རི་མགུལ་དུ་འཁྲུངས། ད་ལྟ་སྡེ་དགེ་རྫོང་ཁོངས་སུ་གཏོགས། ཚ་ཚ་བླ་མ་གྲུབ་དབང་ཀརྨ་ཚེ་སྲུང་དང༌། རྗེ་འཇམ་དབྱངས་[page 596] མཁྱེན་རྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ལ་མཉེས་པ་གསུམ་གྱིས་ལེགས་པར་བསྟེན། ཟབ་ཆོས་ཡོད་དགུ་སྒྲུབ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་བདག་ཏུ་ཞལ་གྱིས་བཞེས། ལྷག་པའི་ལྷ་མཆོག་དུ་མར་བསྙེན་བ་ཚད་ལྡན་དང༌། འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་མཁའ་ཁྱབ་ཏུ་བརྡལ། འགྲོ་བ་མང་པོ་གནས་སྐབས་དང་མཐར་ཐུག་གི་སྐུ་ཕྲེང་བདུན་པ་ཀརྨ་ངེས་དོན་བསྟན་འཛིན་བཟང་པོ། རི་མགུལ་དཔོན་ཚང་ལ་འཁྲུངས། ད་ལྟ་སྡེ་དགེ་རྫོང་ཁོངས་སུ་གཏོགས། བྱམས་མགོན་ཏཱ་འི་སི་ཏུས་ཕ་ཡབ་བཀྲ་ཤིས་ཚེ་བརྣན། མ་ཡུམ་བཀྲ་ཤིས་གཡང་མཚོ་གཉིས་ཀྱི་བུ་བྱི་བའི་ལོ་པ་སོགས་ངེས་པས་དངོས་ཚིག་མང་པོས་ངོས་འཛིན། མཚན་གྱི་ཅོད་པན་བཅིངས་ནས་དམ་པ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། ཀ་ཁ་བསླབ་པ་ནས་ཕ་རྒྱུད་གསང་བ་འདུས་པའི་བར་ལེགས་པར་གསན། བསླབ་ཁྲིད་མཛད། དགོན་པའི་བཅའ་སྒྲིག་སྔ་ལས་ཟབ་ཏུ་གཏོང་བ་དང༌། བཅོས་སྒྱུར་ཚེ་རྒྱ་གར་དུ་ཕེབས་ནས་ད་ལྟ་གར་ན་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །
རྫ་རི་མགུལ་དགོན་གྱི་མཆོག་སྤྲུལ་ཆོས་ཀྱི་ཉི་མ་ནི། དང་པོ་གྲུབ་ཐོབ་ཀརྨ་ནོར་བུ་རང་དགོན་དུ་བྱོན་ནས་སྐུ་ཕྲེང་བཞི་ལ་སླེབས་ཡོད། སྐུ་ཕྲེང་ཐོག་མ་རྩ་རླུང་ལ་གྲུབ་པ་ཐོབ་པ་ཞིག་ཡོད་པ་དེ་མདོ་ཁམས་སྨད་དུ་རབ་བྱུང་བཅུ་གསུམ་པའི་ས་རྟ་ལོར་སྐུ་འཁྲུངས། འཇམ་མགོན་བློ་གྲོས་མཐའ་ཡས་བླ་མ་མང་པོར་བསྟེན། ཐུགས་ལ་རྟོགས་པ་མདོ་སྔགས་ནས་ཅི་ལྟར་གསུངས་པ་བཞིན་འཁྲུངས། ཁྱད་པར་དུ་རྩ་ཐིག་རླུང་གསུམ་ལ་རང་དབང་ཐོབ། དཔལ་སྤུངས་ནས་རང་དགོན་ལ་རྟ་པ་ཉིན་གསུམ་གྱི་ལམ་ཡིན་ནའང་སྔ་དྲོ་དཔལ་སྤུངས་ཕར་ཕེབས་ནས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལ་ནི་གུ་ཆོས་དྲུག་གི་གདམས་ཁྲིད་ཕུལ། སློབ་མ་མང་དུ་འཕེལ། དགུང་གྲངས་དོན་གསུམ་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །སྐུ་ཕྲེང་གཉིས་པ་མཁས་དབང་མགོན་པོ་ལྷ་དར་ཞེས་རྫ་རྒྱུད་རྡོ་དགུ་རུ་འཁྲུངས། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་རྩེར་སོན། རང་དགོན་དང་ཡར་མར་གྱི་དགོན་ཆུང་རྣམས་ལ་དམ་ཆོས་འདུལ་བའི་བཀའ་ཆོས་སམ་ཕྱག་ལེན་ལེགས་པ་ཁྲིད་དེ། དབྱར་གནས་སོགས་གཞི་གསུམ་གྱི་རྐང་བཙུགས་པའི་དགོན་ཁག་མི་ཉུང་བ་ཡོད་དོ། །སྐུ་ཕྲེང་གསུམ་པ་ཆོས་ཀྱི་ཉི་མ་ནི། ཐག་སྐྱེ་སྐུའི་དགོན་དུ་སྐུ་འཁྲུངས། ད་ལྟ་མཚོ་སྔོན་གྱི་ཁོངས་སུ་གཏོགས། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་མགོན་པོ་ལྷ་དར་གྱི་སྐྱེ་སྲིད་ངོས་འཛིན་བྱས་ནས་ཆོས་ཀྱི་ཉི་མ་ཞེས་མཚན་གྱི་ཅོད་པན་བཅིངས་ཏེ་མངའ་གསོལ་གཟེངས་བསྟོད་བྱས། དམ་པ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། མཁས་པའི་ཡོན་ཏན་ཡོད་དགུ་དང་ལྡན་པས་གྲགས་སྙན་ཕྱོགས་བཅུར་ཁྱབ། ཡལ་གྱི་གཞི་གནས་བདག་པོ་དང༌། གནས་རི་[page 597] རྣམས་ལ་བསང་དང་རླུང་རྟ་དཔལ་སྐྱེད་དང་འདུལ་མདོ་སྔགས་གསུམ་སོགས་གང་ཐད་ནས་ལྗགས་རྩོམ་པོ་ཏི་མང་ཙམ་ཡོད་ཀྱང་རྗེས་སུ་བརླག་ཤོར། དགུང་ལོ་སོ་གསུམ་ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །སྐུ་ཕྲེང་བཞི་པ་ནི་རབ་བྱུང་བཅུ་དྲུག་པའི་ས་རྟ་སྤྱི་ལོ་༡༩༧༨ལོར་སྤྱི་མིང་ཟླ་བ་ནོར་བུ་ཞེས་རྫ་སྟོད་སྟག་སྒམ་ས་སུ་འཁྲུངས། སྡེ་དགེ་རྫོང་ཁོང་དུ་གཏོགས་བྱམས་མགོན་སི་ཏུ་རིན་པོ་ཆེས། ཕ་ཡབ་དགེ་ལེགས་དང༌། མ་ཡུམ་བྱམས་མཚོ་ཞེས་པའི་བུ་སྐུ་གོང་མའི་སྐྱེ་སྲིད་ཡིན་པ་ངོས་འཛིན་བྱས་ནས་ཀརྨ་ལུང་རྟོགས་ཕྲིན་ལས་ཆོས་ཀྱི་རྒྱ་མཚོ་ཞེས་མཚན་གྱི་བ་དན་ཕྱོགས་བཅུར་བསྒྲེངས། ད་ལྟ་རང་དགོན་དུ་ཞལ་འཚོ་བཞིན་བཞུགས་ཡོད། སྔར་བསྟན་པའི་སྲོལ་བཟང་སྐྱོང་གཙོ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཡིན་པ་དེས་ཆོས་ཀྱི་ཉི་མ་སྐུ་ཕྲེང་གསུམ་པའི་སྐབས་ཁོང་ལ་བསྟན་འཛིན་གཙོ་བོ་ཡིན་པ་མངའ་གསོལ་ནས། ཆོས་ཀྱི་ཁྲི་འཕང་མཐོན་པོར་བཀོད་པ་དང༌། ད་ལྟར་ཡང་ཀརྨ་ལུང་རྟོགས་ཀྱིས་བསྟན་དགོན་གྱི་སྲོག་ཤིང་གཙོར་བཟུང༌། བླ་གྲྭ་ཡོངས་ཀྱིས་སྒྲུབ་རྒྱུད་རིན་པོ་ཆེའི་བསྟན་པ་སྐྱོང་མུར་གནས་སོ། །
དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་རྨིའུ་ཨ་ཡུ་དང་ར་སྟེ། དམ་པ་འདི་ཉིད་མདོ་ཁམས་སྨད་ལ་འགྲོ་བའི་དོན་དུ་ཕེབས་པའི་སྐབས་སུ། དྲེལ་དཀར་པོ་ལ་གླེགས་བམ་རྒྱབ་གཅིག་བཀལ་ནས་ཡོང་བས། དྲེལ་དེ་དགོན་གྱི་གདན་ས་གླང་ཆེན་སྣ་ཐོག་མེ་ཏོག་ཁྲ་མོའི་གླིང་དུ་སླེབས་ནས་ངལ་གསོ་བྱས་པས་རྟེན་འབྲེལ་ལེགས་པར་གྲུབ་སྟེ་དགོན་པ་བཏབ། གཞན་ཡང་དགོན་པ་ཐོག་མར་ཕྱག་བཏབ་མཁན་རྨིའུ་ལྷ་རུ་གཉེན་པོའི་རྗེས་ཀྱི་གདུང་རབས་གཉིས་པ་རྨིའུ་གྲུབ་ཆེན་ནམ་མཁའ་གཡུང་དྲུང་ཡིན་ཞེས་ཀྱང་བཤད་སྲོལ་འདུག་མོད་དཔྱད་འཚལ། དེ་ལྟར་འཕྲུལ་ངག་གཡུང་དྲུང་བོན་གྱི་དགོན་སྡེ་ཆེན་པོ་འདི་ཐོག་མར་བཏབ་པའི་དུས་ནི་མི་ལོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་སྔོན་ཏེ་སྤྱི་ལོའི་དུས་རབས་ལྔ་པའི་ནང་ཡིན། བོན་དགོན་འདིའི་ཐོག་མའི་མཚན་ནི་བསྟན་པ་འགྱུར་མེད་སྟེང་ཆེན་རྣམ་རྒྱལ་གླིང་སྟེ། གྲུབ་མཐའ་གཡུང་དྲུང་བོན་ཡིན་ཞིང་བོན་རྒྱུད་ཐོག་མར་རྨིའུ་མཁས་པའི་ཕྱག་སྲོལ་ལྟར་ལ་ཕྱིས་སུ་རྒྱལ་བ་སྨན་རི་བའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་བའི་སྲོལ་དར་ཞིང༌། རྒྱལ་བསྟན་རིས་སུ་མ་བཅད་པར་ཐོས་བསམ་བྱེད་པ་དང་ཁྱད་པར་དུ་བོན་ཟབ་མོ་ཨ་རྫོགས་སྙན་གསུམ་ལ་ཉམས་ལེན་མཛད་དེ་གདོད་མའི་བོན་སྐུའི་རང་སར་ཟིན་པའི་སྐྱེས་ཆེན་དམ་པ་གྲངས་མེད་པ་བྱོན། དགོན་འདི་ཐོག་མར་རྨིའུ་མཁས་པས་གདན་ས་བཟུང་ནས་རྨིའུ་མཁན་རབས་གྲས་མང་བྱོན་ཏེ་བསྟན་འགྲོའི་འཕྲིན་ལས་བསྐྱངས་ཤིང་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད། རྨིའུའི་མཁན་བརྒྱུད་བྱོནམཚམས་སུ་ཧོར་དཀར་མཛེས་ཡུལ་གྱི་དབྲ་དགོན་ཞེས་པ་ནས་དབྲ་ཁྱུང་དཀར་པོའི་གདུང་ལས་གྲོལ་བའི་དབྲ་སྟོན་ལྷ་ཡི་བློ་གྲོས་བཀའ་བབས་ལུང་སྟོན་ལྟར་ཤར་རྫའི་ཡུལ་དུ་ཞབས་སེན་པད་མོ་བཀོད་ཅིང་འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་དུས་མཉམ་དབྲ་སྟོན་འདིས་མདོ་དབུས་ཁམས་གསུམ་ན་དགོན་སྡེ་ཉི་ཤུ་རྩ་ལྔ་ཕྱག་བཏབ། སྟེང་ཆེན་རྣམ་རྒྱལ་གླིང་ལ་གཙུག་ལག་ཁང་གི་གཞི་གཏིང་བ་དང་ལྷ་ཁང་རྒྱ་བསྐྱེད་པ་སོགས་རྟེན་ཆེར་མཛད། གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་བཙུགས་པས་རྫ་སྟེང་[page 621] ཆེན་དགོན་གྱི་མཚན་སྙན་ཕྱོགས་ཀུན་གྲགས་པར་བྱས་སོ། །
རྫ་སྟེང་ཆེན་དགོན་གྱི་གདན་རབས་རགས་རིམ་ནི། རྨིའུ་མཁན་རབས་རིམ་བྱོན་གྱི་མཚན་དང་མཛད་པ་གྲངས་ངེས་སོགས་མི་གསལ་ཞིང་དབྲ་ཁྱུང་དཀར་པོའི་གདུང་བརྒྱུད་ལས་བརྗོད་ན། དབྲ་སྟོན་ལྷ་ཡི་བློ་གྲོས། དབྲ་པ་འདུལ་བ་རྒྱལ་མཚན། དེ་ནས་དབྲ་པ་ཚུལ་ཁྲིམས་རྒྱལ་མཚན་སོགས་མང་དུ་བྱོན། དབྲ་པ་དྲི་མེད་འོད་ཟེར་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལ་ཕྱི་ལོ་༡༩༢༦ཤར་ཕྱོགས་ཀྱི་འབྲོག་སྡེ་རྩྭ་འབར་བྱ་བ་ནས་སྐུ་འཁྲུངས་ཤིང་མ་ཡུམ་ལ་སྤུས་ལོ་ཟེར། མི་རིང་བར་རང་དགོན་དུ་གསེར་ཁྲིར་མངལ་གསོལ་ཏེ་བླ་མ་བློ་གྲོས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་ལ་གསན་བསམ་དཔྱིས་ཕྱིན་ཏེ་མཁས་གྲུབ་ཀྱི་དབང་པོར་གྱུར། འདིས་དགོན་པ་ལ་འཆམ་གོས་དང་བླ་བྲང་དུ་དབྲ་སྤུལ་སྐལ་བཟང་ཉི་མའི་གསེར་གདུང་མཆོད་རྟེན་ཐོག་བརྩེགས་མ་དངུལ་གདུང་མཆོད་རྟེན་ལུས་ཚད་མ་ཆ་གཅིག་སོགས་རྟེན་བཞེངས་མཛད། དེ་ནས་དབྲ་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་བྱོན། འདི་ཉིད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་ཕྱི་ལོ་༡༩༨༦སྟོད་ཀྱི་ར་སྐོར་དུ་སྐུ་འཁྲུངས་ཤིང་གསེར་ཁྲིར་མངའ་གསོལ་ཏེ་ད་ལྟར་བཞུགས་ཡོད་དོ། །འདི་ཡན་དབྲ་པའི་བླ་རབས་ཉི་ཤུ་རྩ་གཅིག་ནང་གྲུབ་ཐོབ་ཀྱི་གདུང་རྒྱུད་བཅུ་གསུམ་ཡོད། སྤྲུལ་པའི་ཡང་སྲིད་བྱོན་པའི་མཁས་གྲུབ་ཀྱི་སྐུ་ཕྲེང་བརྒྱད་ཡོད་དོ། །གཞན་ཡང་རྫ་སྟེང་ཆེན་དགོན་ལ་ཕྱིས་སུ་ཉི་ཧོར་ཉི་མ་འོད་ཟེར་ནི་གོང་བཤད་ལྟར་དགོན་པའི་ཁྲི་འཛིན་མཛད་མྱོང་ཞིང་ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་པ་ཞིག་ཡིན། སྐུ་ཕྲེང་གཉིས་པ་ཉི་ཧོར་སྤྲུལ་སྐུ་བསྟན་དམར་ཡང་འདས་ཟིན།
རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་ཕྱི་ལོ་༡༩༠༢ལྷ་བདུད་དཀར་ནག་གི་སྨོན་ལམ་ལོག་པའི་འབྲས་བུ་དུས་སུ་སྨིན་པ་ལས། དམ་སྲི་དང་རུ་ཏྲའི་དཔུང་སྡེ་གདུག་སེམས་ཆགས་སྡང་གིས་རབ་ཏུ་མྱོས་ཏེ་དགེ་སྦྱོང་བཟོད་པའི་དཀའ་ཐུབ་དང་བྲལ་བའི་ཕྱོགས་ཞེན་ཅན་ཁ་ཅིག་གིས། རྫ་སྟེང་ཆེན་དགོན་གྱི་ལྷ་ཁང་གིས་བདག་ཅག་གི་ཉི་མ་སྒྲིབ་སོང་ཞེས་མི་བཟོད་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། སྟེང་ཆེན་དགོན་དང་དགོན་གསར་དགོན་གཉིས་འཁྲུགས་ཟིང་གི་གཞི་བསླངས། དགོན་གསར་པས་ངན་སེམས་དང་གཡོ་འཕྲུལ་སྣ་ཚོགས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་དམག་ལ་བསྐུལ། དགེ་འདུན་པའི་སེར་དང༌། ཁྱད་པར་དུ་ཧོར་སེར་ཁག་ལྔའི་ལོ་རྒྱུས་དང༌། མདོ་ཁམས་སྒང་དྲུག་ལ་ཆགས་འཇོག་ཇི་ལྟར་བྱུང་ཚུལ་གྱི་ཡིག་སྣ་དུ་མ། སྲིད་ན་དཀོན་པའི་གནའ་རྫས་འབོར་ཆེན། རྫ་སྟེང་ཆེན་དགོན་གྱི་ལྷ་ཁང་དང་བླ་བྲང་གྲྭ་ཁང་བཅས་མེ་ལ་བསྲེགས། གསེར་ཟངས་ལས་གྲུབ་པའི་མདོ་ཡི་སྟོན་པ་ཁྲི་གཙུག་རྒྱལ་བ་དང་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་སྐུ་གཉིས་རིན་པོ་ཆེའི་རྒྱན་དང་བཅས་པ་ཐོག་[page 622] བརྩེགས་ལྷག་དང༌། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ་ཆ་ཚང༌། སྨན་འདམ་ལས་གྲུབ་པའི་གསས་མཁར་མཆོག་ལྔ་དང་བདེ་གཤེགས་སྟོང་སྐུ་སོགས་ཀྱིས་གཙོས་པའི་ལྷ་ཁང་ཉི་ཤུ་ལྷག་གི་ལི་གསེར་ཟངས་ལས་གྲུབ་པའི་སྐུ་དང་མཆོད་རྟེན་གྲངས་ལས་འདས་པ་ཐལ་བའི་ཕུང་པོར་བྱས་ཤིང༌། འབུམ་གསེར་བྲིས་མ་ཆ་གསུམ་གྱིས་གཙོས་པའི་ཡི་གེ་པོ་ཏི་སྟོང་གཉིས་ཙམ་དང༌། དབྲ་པའི་དཔེ་མཛོད་བོན་བརྩེགས་འཛམ་གླིང་རྒྱན་ཆེན་རྒྱན་ཆུང་ཞེས་བྱ་བའི་གླེགས་བམ་རིལ་བརྩེགས་བྱས་པ་ཁང་ཆེན་གཉིས་ཀྱི་གང་པོ་ཏི་ཁྲི་ཕྲག་མང་པོ་བཅས་ཐམས་ཅད་ཐལ་དུད་ཀྱི་ཕྱེ་མར་བཟོས། དགོན་པའི་ལྕགས་རིར་འཁོར་བའ་འཁོར་ཆེན་འཁོར་ཆུང་སྟོང་གཉིས་ལྷག་དང་ཆོས་ལུགས་ཀྱི་སྤྱན་རས་གཟིགས་སྐུ་རྟེན་ཕལ་པོ་ཆེའི་མདོ་སོགས་གླེགས་བམ་མང་པོ་བཅས་ཡོད་དོ་ཅོག་མེ་ཕུང་དུ་བསྒྱུར། ལྷ་དང་གསུང་རབ་ཀྱི་ན་བཟའ་འམ་འཁོར་ལོ་ཆེ་ཆུང་གི་ཕྱི་གཡོག་དར་གསོ་སོགས་ཀྱིས་གོས་དྲུབ་པའམ། ལྷམ་ཚང་བྱེད་པ། རྟ་སྟན་བྱེད་པ་སོགས་ལས་མི་དགེ་བ་མང་པོར་བྱས་པ་བློར་མི་ཤོང༌། དམག་དཔོན་འགས་ད་དུང་ལྷ་སྐུའི་ཚིག་རོ་སོགས་ལ་བལྟས་ཏེ་འདིའི་རོ་ལ་ལྟོས་ཤིག་ཅེས་ཧ་དགོད་བྱེད་པ་སོགས་ལས་སྡིག་ཚབས་ཆེན་བསགས་པ་བརྗེད་མི་ནུས། རྫ་སྟེང་ཆེན་དགོན་གྱི་རྔ་གཤང་རོལ་མོ། དུང་རྐང་གླིང་བུ། འཁར་རྔ་སིལ་སྙན། མཆོད་ཆ་གསེར་ཀོང༌། འཆམ་ཆས་ཞལ་འབག་སོགས་སྣོད་བཅུད་དང་བརྟེན་པར་བཅས་མེ་ལ་བསྲེགས་པས་ཡུལ་དགོན་གྱི་མི་རྣམས་མིག་མཆི་མས་ཁེངས་ཤིང་མྱ་ངན་གྱི་ཤུགས་རིང་འབྱིན་པ་བྱས། མཆོག་སྤྲུལ་ཉི་མ་འོད་ཟེར་དཔོན་སློབ་སྟོད་ཕྱོགས་ཧོར་སྤྱི་ཁྱབ་ཏུ་བྱོན། བླ་སྤྲུལ་གྲྭ་པ་ཆེ་བགྲེས་གཞན་གསེར་ཐར་ཕྱོགས་སུ་ཕེབས་པར་མཛད་དོ། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲུལ་ལོར་ཕྱི་ལོ་༡༩༠༥རྫ་སྟེང་ཆེན་དགོན་གྱི་དོན་དུ་དཔོན་སློབ་ཆེ་བགྲེས་རྣམས་བཀའ་བགྲོས་ནས་ཉག་རོང་དགོན་ཁག་རྣམས་ཀྱི་མི་སྣ་དང་ལྡིང་དཔོན་གཉིས་བཅས་བོད་ས་གནས་སྲིད་གཞུང་མདུན་སར་ཐུག གནས་བརྟན་གཡུང་དྲུང་བསྟན་པ་ཡིས་དགོན་པ་གཏོར་བཤིག་སོང་བའི་ལོ་རྒྱུས་རྒྱུ་མཚན་བཤད་ཅིང༌། མདོ་སྔགས་བླ་མེད་ཀྱི་རིང་ལུགས་སྐྱོང་བའི་བསྟན་པ་ཚུགས་ཐབས་ཀྱི་མགོ་འདྲེན་ཅིས་ཀྱང་གནང་ཐུབ་པ་ཡང་ཡང་ཞུས། སྤྱི་ཁྱབ་ནས་ཐུགས་ཁུར་ལེགས་བཞེས་ཀྱིས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ལ་སྙན་གསན་ཕུལ་བས། དགོན་སྡེ་རང་མལ་དུ་ཆགས་པ་ལ་གྲོགས་ལེགས་པར་དགོས་པའི་བཀའ་ཁྱབ་ཁྱད་པར་ཅན་འབྱོར་བར་བརྟེན། སྤྱི་ཁྱབ་ཀྱི་སྐུ་ཚབ་མི་སྣ་དང་ཉག་རོང་ལྡིང་དཔོན་ཨ་རྟ་ཆེད་བཏང་གིས་དཀར་ནག་མཐའ་སེལ་རིམ་པར་བཏང་སྟེ་ཕྱི་ལོ་ཙམ་ནས་དགོན་པ་གསར་ཆགས་ཀྱི་གཞི་ཚུགས་པར་གྱུར་ཏོ། །རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་ལོར་གོང་ས་སྐྱབས་མགོན་རྒྱལ་བའི་བདག་རྐྱེན་ས་ཤར་རྫའི་བསྟན་འགྲོ་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་རྫ་སྟེང་ཆེན་དགོན་སྐྱར་འདེབས་ཀྱི་དབུ་བརྩམས། དབྲ་སྤྲུལ་སྐལ་བཟང་ཉི་མ་དང་དབྲ་དཔོན་རྣམ་རྒྱལ་གྲགས་པ་རྣམ་གཉིས་ཀྱིས་དགོན་པ་གསར་བཞེངས་ཀྱི་[page 623] འགན་གཙོ་བོ་ཁུར། ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང་དབྲ་སྲས་ཟླ་བ་གྲགས་པ་རྣམ་གཉིས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར། བླ་གྲྭ་ཆ་བགྲེས་དང་དད་ལྡན་སེར་སྐྱ་ཡོངས་ནས་ཞབས་འདེབས་ཕུན་སུམ་ཚོགས་པར་བྱས་ཏེ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལ་ཕྱི་ལོ་༡༩༡༦དགོན་པའི་ཕྱིའི་བཀོད་པ་མཐར་ཕྱིན་པ་བཞེངས་གྲུབ་སྟེ་མཚན་གསར་པ་དཔལ་གཤེན་བསྟན་མདོ་སྔགས་གཡུང་དྲུང་བསྟན་རྒྱས་གླིང་ཞེས་གསོལ་ལོ། །ནང་གི་རྟེན་བཞེངས་སྐོར་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་བཀོད་སྟར་དབྲ་སྤྲུལ་སྐལ་བཟང་ཉི་མས་འདུ་ཁང་གི་ཤིང་ཚོན་རིགས་གནང་རྒྱུ་དང་ལེན་མཛད། དབྲ་སྲས་ཟླ་བ་གྲགས་པས་འདུ་ཁང་རྒྱ་མཐོང་གི་ལོགས་བྲིས་གནང་རྒྱུ་དང་ལེན་མཛད། གཙོ་ཁང་གི་ལྷ་ཆེན་བཞེངས་རྒྱུ་ཤར་རྫ་རང་ཉིད་ཀྱིས་གནང་རྩོལ་མཛད་པའི་ཞལ་བཞེས་གནང༌། དབྲ་སྲས་ཟླ་བ་གྲགས་པས་རྒྱུ་རྐྱེན་ལེགས་པར་སྦྱར་ཏེ་དེ་ལོ་ནས་རྒྱ་མཐོང་གི་གཤིན་རྗེ་གཙོ་འཁོར། དབལ་གསས་ཁྱུང་ནག་གཙོ་འཁོར། ཁྲོ་བོ་རྟ་མགྲིན་གཙོ་འཁོར། ཁྲོ་བོ་ལྷ་རྒོད་གཙོ་འཁོར། མ་རྒྱུད་གཙོ་འཁོར། ཁྲོ་བོ་རྟ་མགྲིན་གཙོ་འཁོར། ཁྲོ་བོ་གཙོ་མཆོག་གཙོ་འཁོར། མ་རྒྱུད་གཙོ་འཁོར། ཕུར་ནག་གཙོ་འཁོར། གེ་ཁོད་གསང་དྲག་གཙོ་འཁོར། ཁྲོ་བོ་ལྷ་རྒོད་གཙོ་འཁོར། ལྗང་ནག་དབུ་བརྒྱ་ཕྲག་སྟོང་གཙོ་འཁོར་རྣམས་ཀྱི་ལོགས་བྲིས་ལེགས་པར་གྲུབ་པར་མཛད། ཕྱི་ལོ་མེ་སྦྲུལ་ལོར་དབྲ་སྤྲུལ་སྐལ་བཟང་ཉི་མས་རྒྱུ་རྐྱེན་ལེགས་སྦྱར་འོག་འདུ་ཁང་གི་ཤིང་ཚོན་དང་ཕུག་ལོགས་ཀྱི་དྲ་མིག་བཅས་སྒྲོས་གཙང་མཐར་ཕྱིན་གྲུབ་པར་མཛད། ཡོན་བདག་འབྱོར་ལྡན་རྣམས་ལ་ཤར་རྫ་པའི་ཞལ་གསུང་ཕེབས་ཏེ་འདུ་ཁང་ནང་མའི་ལོགས་བྲིས་རས་བྲིས་སུ་བཀོད་ནས་ལེགས་པར་གྲུབ་ཅིང༌། སྔོན་ནས་དགོན་པའི་ཚོགས་རྒྱུན་དུ་ཁྲོ་བོའི་གར་འཆམ་སོགས་ཀྱ་ཕྱག་ལེན་རྒྱས་པར་མཆིས་པ་བཞིན་ཁྲོ་ཚོགས། དབལ་མོ། བོན་སྐྱོང༌། རུ་འདྲེན་ཚོགས་བཅས་དང༌། བདག་དབང་དང་མཆོད་ལྷའི་ཆས་རིགས་ལྔའི་དབུ་རྒྱན་སོགས་སྒྲུབ་མཆོད་ཀྱི་ཡོ་བྱད་རྣམས་ཀྱང་གྲུབ་པར་གནང་ངོ༌། །རབ་བྱུང་བཅོ་ལྔ་པའི་ས་ལུག་ལོར་ཕྱི་ལོ་༡༩༡༩དགོན་གྱི་བྱམས་པ་གཙོ་ཁང་དུ། རྟེན་གྱི་གཙོ་བོ་བྱམས་མགོན་གྱི་སྣང་བརྙན་མཐོང་བ་དོན་ལྡན་ལོངས་སྐུའི་ཆ་བྱད་ཅན་དང༌། གཡས་སུ་རྒྱལ་ཡུམ་བྱམས་མ་ཆེན་མོ། གཡོན་དུ་གཤེན་རབ་རྣམ་པར་རྒྱལ་བ། གཞན་ཡང་ལྷ་ཆེན་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན། ད་ལྟའི་སྟོན་པ་ཁྲི་གཙུག་རྒྱལ་བ་སོགས་ལྷ་གཤེན་སྲིད་གསུམ་དུས་གསུམ་སྟོན་པར་བཅས་དང་འཁོར་བྱམས་ལྡན་ལྷ་བརྒྱད་རྣམས་འདག་བསེ་དང་སྨན་འདམ་ལས་གྲུབ་པ་གསར་བཞེངས་ལ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་རྒྱུ་རྐྱེན་སྦྱར་ཞིང་བཟོ་བོ་བླ་མ་ཚུལ་ཁྲིམས་དབང་ཕྱུག་གིས་གཙོ་བོར་མཛད་དེ་ལྷ་གཙོ་བོ་གསུམ་ཐོག་བརྩེགས་གཉིས་རེ་བྱས་ནས་ན་དྲུག་དང་ཟ་དྲུག་རྒྱན་དྲུག་གིས་ལེགས་པར་བརྒྱན་ཞིང༌། ལྷ་གཞན་རྣམས་ཐོག་བརྩེགས་རེའི་ཚད་དང་སེམས་དཔའ་བརྒྱད་ལུས་ཚད་རེ་བྱས་ནས་བཟོ་ཁྱད་མིག་གི་བདུད་རྩི་རུ་གྲུབ་པར་མཛད། ནང་གཞུག་བྱམས་པའི་གཙུག་ཏོར་དུ་སངས་རྒྱས་འོད་[page 623] སྲུང་གི་འཕེལ་གདུང་འཁྲུལ་མེད་དང༌། བྱམས་མའི་གཙུག་ཏོར་དུ་ཞང་སད་ནེ་གའུའི་འཕེལ་གདུང་རིང་བསྲེལ་ཉེར་ལྔ་མ། རྣམ་རྒྱལ་གྱི་གཙུག་ཏུ་གཤེན་རབ་ཀྱི་འཕེལ་གདུང་འཁྲུལ་མེད་སོགས་སྲིད་ན་རྙེད་པར་དཀའ་བའི་རྟེན་བྱིན་ཅན་འགྲན་ཟླ་བྲལ་བ་བཞུགས་སུ་གསོལ་ལོ། །རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ལོར་ཕྱི་ལོ་༡༩༢༡གཙོ་ཁང་གི་ལྷ་རྟེན་རྣམས་ལ་ཚོན་རྩི་གསོལ་ནས་གསེར་བཏུལ་མ་རྡིལ་ཚད་གཅིག་གིས་ཞལ་གསེར་ལན་གསུམ་རེ་ཕུལ་ཞིང༌། བཟང་གོས་ཀྱི་ན་བཟའ་དང་བླ་བྲེ་འཕན་གདུགས་གྱ་ནོམ་པ་གསོལ་ནས་རབ་གནས་རྒྱས་པར་མཛད་དོ། །གཙོ་ཁང་གི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྤྱན་གཉིས་རང་བྱུང་དུ་བཀྲ་བ་དང༌། བྱམས་མའི་གསེར་མདངས་ལ་གློ་བུར་དུ་འོད་འབར་བ། མངའ་དབུལ་སྔ་ཕྱི་འཇའ་ཚོན་འཕྲོས་ཤིང་མེ་ཏོག་གི་ཆར་འབབ་པ་སོགས་སྟོན་པའི་ཐུགས་རྗེ་གདུལ་བྱ་ལ་འཇུག་པའི་རྟེན་འབྲེལ་གྱི་བརྡ་རྟགས་ཡང་དག་པ་ཤར་རོ། །དེ་ཡང་དགོན་པ་གཞི་ཚུགས་དུས་ནས་གྲུབ་དབང་ཤར་རྫ་པས་རྩ་བའི་བླ་མའི་གདན་ས་ལ་དགྱེས་ཚོར་ཆེན་པོས་དར་དཀར་པོའི་བ་དན་ཐོག་བརྩེགས་གཉིས་ཅན་ཞིག་དང་བསྟན་སྦྱིན་དད་ལྡན་འགར་བཅས་ལོ་རེར་འཁོར་ལོ་ཉི་ཤུ་བཙུགས་པའི་རྒྱུ་ནོར་ཐེབས་བཞག་མཛད་ཅིང༌། ཕྱིས་སུ་གཙུག་ལག་ཁང་སྟེང་གི་གསེར་ཏོག་ཁྲུ་ཚད་དགུར་གསེར་སྲང་བརྒྱད་ཕུལ་བའི་རྟེན་བཞེངས་ནས་མི་རིང་བར་དབྲ་དཔོན་རྣམ་རྒྱལ་གྲགས་པས་དབྲ་པའི་བླ་བྲང་ཀ་བ་བརྒྱ་ཅན་སྤུས་ལེགས་ཤིག་བཞེངས་གྲུབ་པར་བྱུང༌། དབྲ་སྤྲུལ་དྲི་མེད་འོད་ཟེར་གྱི་སྐུ་རིང་ལ་དགོན་པའི་གཙུག་ལག་ཁང་སྟེང་ན་རྒྱལ་མཚན་ཐོག་བརྩེགས་མ་བཞི་ལ་གསེར་གསོལ་བ་དང༌། རི་དྭགས་ཆོས་འཁོར་ཟངས་གསེར་ལས་གྲུབ་པ་མཐོ་བརྗིད་ཅན། པན་རྒྱན་སྣོད་ཀྱི་ཁ་ལེན་ཙམ་བཞི་ལ་གསེར་གསོལ་བ་རྣམས་གསར་བཞེངས་མཛད་དོ། །
རྫ་སྟེང་ཆེན་དགོན་ལ་བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི་དགོན་རྙིང་རྣམ་རྒྱལ་གླིང་དུ་སྒྲུབ་པ་ཉམས་ལེན་གྱིས་གཙོ་བའི་ཕྱག་སྲོལ་ལྟར་སྒྲུབ་ཁང་མང་པོ་ཡོད་པའི་ནང་དུ་སྒྲུབ་བླ་རྣམས་ཀྱིས་ཡི་དམ་གྱི་བསྙེན་མཚམས་དང༌། མན་ངག་ཨ་ཁྲིད། ཡང་གསང་རྫོགས་ཆེན། ཞང་ཞུང་སྙན་རྒྱུད་སོགས་ལ་ཉམས་ལེན་མཛད་ཅིང་གཞུང་ལུགས་ལ་ཐོས་བསམ་མོས་པ་རྣམས་ཀྱིས་མཁས་གྲུབ་ཀྱི་བཤེས་གཉེན་རང་གིས་བཙལ་ནས་གསན་སྦྱངས་མཛད་ལ་དགོན་རྙིང་སེར་དམག་གིས་བཅོམ་རྗེས། རྫ་སྟེང་ཆེན་མདོ་སྔགས་བསྟན་རྒྱས་གླིང་དུ་སྒྲུབ་ཁང་གཉིས་ཀྱི་ནང་ལ་སྒྲུབ་བླ་བཞི་རེ་ཆད་མེད་ཡོད་ཅིང༌། ཐུན་མོང་དང་ཐུན་མིན་གྱི་གཞུང་ལ་གསན་སྦྱངས་མཛད་མཁན་དང་ཨ་རྫོགས་སྙན་གསུམ། འཕོ་བ་བཅུད་ལེན། རླུང་སེམས་ཟུང་མཇུག་ཏུ་ཉམས་སུ་ལེན་མཁན་རྣམས་ཤར་རྫའི་གྱེར་ཟ་རི་ཁྲོད་དུ་བྱོན་པའི་སྲོལ་ཡོད་དེ། དགོན་པས་འདུ་ཁང་གི་ཉེ་འགྲམ་དུ་ས་སྟོང་ཆེད་དུ་བཞག་ནས་བཤད་གྲྭ་སྤུས་ལེགས་ཤིག་འཛུགས་[page 625] གྲབས་ཡོད་པ་དེ་གར་ལུས་སོ། །
ཤར་རྫ་སྟེང་ཆེན་དགོན་གྱི་གདན་ས་འདིར་མུ་གཤེན་ཚེ་དབང་བསྟན་པའི་རྒྱལ་མཚན་དང༌། སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ། གར་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོ། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན། རྗེ་བཙུན་ཁྲོ་འབྲུག རིག་འཛིན་རྒོད་ལྡན། ཞིག་པོ་བཅུ་གཉིས། སྤྲུལ་སྐུ་རྣམ་བཞི། དབྲ་ལྕང་སྨན་གསུམ། འཆི་མེད་རྒྱལ་བ་ཡབ་སྲས་སོགས་ས་ལ་གནས་པའི་སེམས་དཔའ་དང་སེམས་མ་མཐའ་ཡས་པས་ཞབས་བཀོད་བྱིན་གྱིས་བརླབས་ཤིང༌། ཧོར་པ་དྲང་སྲོང་སྨོན་ལམ་འོད་ཟེར། རྟོགས་ལྡན་སྟག་ཤམ་རྡོ་རྗེ། རྣལ་འབྱོར་པ་ཤེས་རབ་ཕུན་ཚོགས། ཤར་རྫ་བཀྲ་ཤིས་རྒྱལ་མཚན། དབྲ་སྲས་ཟླ་བ་གྲགས་པ། རྒྱལ་ཚབ་བློ་གྲོས་རྒྱ་མཚོ། རྣལ་འབྱོར་གཡུང་དྲུང་བསྟན་པ། ཅོ་ལུ་ཚུལ་ཁྲིམས་དབང་ཕྱུག་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་འཕགས་པའི་སྐྱེས་ཆེན་མང་པོ་སྐུ་འཁྲུངས་ཤིང་བསྟན་འགྲོའི་དོན་མཛད་དེ་འཇའ་ལུས་འོད་སྐུར་ཞི་བའི་གནས་ཁྱད་པར་ཅན་ཡིན། དེ་ཡང་བོན་བསྟན་དར་བའི་བརྡ་རྟགས་སུ་གཡུང་དྲུག་གི་རི་མོ་རང་བྱོན་ཤིན་ཏུ་གསལ་བ་ཡོད། རྗེ་ཆེ་དབང་རིག་འཛིན་གྱིས་སྲ་བརྟན་བྲག་ལ་ཕག་ཞབས་ཀྱི་རྗེས་ལམ་མེར་བཞག་ནས་བོན་བསྟན་ཡུན་རིང་རྒྱས་པའི་ཐུགས་བསྐྱེད་སྨོན་ལམ་གནང་དེང་སང་ཡང་སྨོན་ལམ་བྲག་དཀར་དུ་འབོད་པ་ནས་ཐུན་མོང་གི་མཐོང་སྣང་དུ་མཇལ་ཐུབ་བོ། །ཁྱད་པར་དུ་དགོན་པ་སྐྱར་བཞེངས་ཀྱི་ས་གནད་འདི་ཉིད་བསྟན་པའི་སྲི་བགེགས་མནན་པའི་གནམ་སའི་འཛོམས་ཁྱད་དུ་འཕགས་པ་ཡིན་ཞིང༌། འདུ་ཁང་གི་ལྷའི་བཀོད་ཚུལ་ཡང་ཞི་ཁྲོ་རྩ་བརྒྱད་ཀྱི་དགོངས་པར་སྤྱི་བོ་ལ་ཁྲོ་བོ་དང་སྙིང་ག་ལ་ཞི་བར་བསྒོམ་པར་གསུངས་པ་སོགས་ལ་བརྟེན་ནས། སྟེང་ཁང་དུ་ཡི་དམ་ཁྲོ་བོ་དང་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་བཀོད་ཅིང་འོག་ཏུ་མདོའི་ལྷ་ཚོགས་རྣམས་བཀོད་པ་སོགས་གཞལ་ཡས་ཁང་དངཽས་ཀྱི་བཟོ་བཀོད་བྱས་པས་བསྟན་འགྲོའི་ལེགས་ཚོགས་ཐམས་ཅད་དབྱར་ཆུ་བཞིན་འཕེལ་ཞིང་རྒྱས་པར་འགྱུར་བའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་དོ། །
རྫ་སྟེང་ཆེན་དགོན་ལ་གཙུག་ལག་ཁང་ཀ་བ་དྲུག་ཅུ་རེ་དྲུག་ཅན་གཅིག བླ་བྲང་ཀ་བ་བརྒྱ་ཅན་གཅིག ཇ་ཁང་སྤྱི་ཁང་གཉེར་ཁང་གསུམ་གཅིག་བྱས་པའི་ཁང་ཆེན་གཅིག སྒྲུབ་ཁང་གཉིས། གྲྭ་ཁང་དྲུག་ཅུ་རེ་བཞི། གྲྭ་པ་སུམ་བརྒྱ་ལྷག་ཡོད་དེ། གཙུག་ལག་ཁང་དུ་སྐུ་རྟེན་ཟང་གསེར་ལས་གྲུབ་པའི་ཇོ་བོ་ཐོག་བརྩེགས་མ་གཅིག་དང༌། ཟངས་གསེར་ལས་གྲུབ་པའི་སྟོན་པ་གསུང་འབྱོན་མ་གསུང་ལན་གཉིས་འབྱོན་མྱོང་བ་ཁྲུ་ཚད་མ་གཅིག་གཏེར་ནས་དྲངས་བ། ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་གི་སྐུ་ཆ་ཚང༌། གཞན་ཡང་ལི་གསེར་སྐུ་བཞི་བཅུ་ལྷག་དང༌། གཙོ་ཁང་དུ་འདག་བསེ་དང་སྨན་འདམ་ལས་གྲུབ་པའི་སྐུ་བརྙན་བྱམས་མགོན་གཤེན་རབ་བྱམས་མ་གསུམ་ཐོག་བརྩེགས་[page 626] གཉིས་ཅན། གཤེན་ལྷ་འོད་དཀར། སངས་པོ་འབུམ་ཁྲི། གཏོ་རྒྱལ་ཡེ་མཁྱེན། ཁྲི་གཙུག་རྒྱལ་བ་བཞི་ཐོག་བརྩེགས་གཅིག་ཅན། སེམས་དཔའ་བརྒྱད་ལུས་ཚད་རེ་ཅན་རྣམས་ལ་ཞལ་གསེར་དང་ན་བཟའ་བཟང་གོས་བླ་བྲེ་འཕན་གདུགས་སོགས་རྒྱས་འཇོམས། འདུ་ཁང་ནང་དབུས་ཇོ་བོའི་གསེར་སྐུ་ལ་གཡས་གཡོན་དུ་ཤར་རྫ་པ་དང་བསྟན་འཛིན་དབང་རྒྱལ་འདམ་སྐུ་ལུས་ཚད་མ་རེ་ཡོད་ཅིང༌། ཤར་ལོ་ནུབ་གསུམ་རས་བྲིས་ཐོག་བརྩེགས་མ་བཅུ་ལྷག་གི་ལོགས་བྲིས་ཡོད། རྒྱ་མཐོང་གི་ལོགས་བྲིས་ཡི་དམ་བཀའ་ཆེན་དགུ་དང་སྟེང་ཁང་གི་ལོགས་བྲིས་རྒྱལ་བ་རིགས་ལྔ་གནས་བརྟན་བཅུ་དྲུག་སོགས་སོ། །
རྫ་སྟེང་ཆེན་དགོན་པའི་སྒྲུབ་མཆོད་གཙོ་བོ་རྣམས་ནི་ཧོར་ཟླ་དང་པོར་མཉམ་མེད་བླ་མའི་ལྔ་མཆོད་དང་གཡུང་དྲུང་ཀློང་རྒྱས་ཞལ་ཕྱེ་ཉིན་ཉེར་བདུན། ཧོར་ཟླ་བཞི་པར་སྨན་ལྷའི་ཆོ་ག་དང་སྨྱུང་གནས་སོགས་ཉིན་བཅོ་ལྔ། ཧོར་ཟླ་ལྔ་པར་བདེ་གཤེགས་འདུས་པའི་བུམ་སྒྲུབ་ཆེན་མོ་ཉིན་བཅོ་ལྔ། ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཉིན་ཞེ་དགུ། ཧོར་ཟླ་བཅུ་གཅིག་པར་ཁྲོ་བོ་དབང་ཆེན་ཞལ་ཕྱེ་གར་འཆམ་བཅས་ཉིན་དགུ། མ་ཏྲི་བུམ་སྒྲུབ་ཉིན་བདུན། ཧོར་ཟླ་བཅུ་གཅིག་པར་ཁྲོ་བོ་དབང་ཆེན་ཞལ་ཕྱེ་གར་འཆམ་བཅས་ཉིན་དགུ། མ་ཏྲི་བུམ་སྒྲུབ་ཉིན་བདུན། ཧོར་ཟླ་བཅུ་གཉིས་པའི་མཇུག་ལ་ཁྲོ་ཕུར་གཏོར་རྒྱོབ་གར་འཆམ་བཅས་ཉིན་དགུ་ཡོད་དོ། །དེ་དག་གི་གཏོང་སྒོ་དང་ཡོན་གྱི་འབྱུང་ཁུངས་ནི་དགོན་པ་ལ་དབྱར་གནས་ཞིང་དང་ལྷ་གཉེར་ཞིང་སོགས་ནས་སྒྲོ་བཅོ་ལྔ་ལྷག་གི་ས་ཞིང་ཡོད་ཅིང༌། བླ་བྲང་ལ་ནས་སྒྲོ་བརྒྱད་ཅུ་ལྷག་གི་ས་ཞིང་དང་གྲྭ་པ་ལ་ནས་སྒྲོ་ལྔ་བཅུ་ལྷག་གི་ས་ཞིང་ཁྱིམ་པས་ཟུར་དུ་དགར་བ་ཡོད་ལ། འཁོར་གཉེར་སྤྱི་པ་གཉིས། འཆམ་གཉེར་སྤྱི་པ་གཉིས། ཚེ་འབར་སྤྱི་པ་གཉིས། གཞན་པའི་སྤྱི་པ་བཅུ་གཉིས་བཅས་སྤྱི་ཁག་བཅོ་བརྒྱད་ཀྱི་རྒྱུ་སྦྱོར་དང་དད་ལྡན་སེར་སྐྱ་ཡོངས་ཀྱི་དབུལ་བ་རྣམས་ཡིན་ཏེ། དད་འབངས་ཧོར་པ་ཤོག་བཞི་ལ་དུད་གྲངས་ཉིས་བརྒྱ་བཅོ་ལྔ་ལྷག་ཡོད་དོ། །དགོན་པའི་འགན་བཞེས་བླ་མ་ལ་མཁན་པོ། དབུ་མཛད། དགེ་བསྐོས། མཆོད་དཔོན། འཆམ་དཔོན། ཁྲི་འཛིན་སྤྲུལ་སྐུ་སོགས་ཡོད་ཅིང་གྲུབ་དབང་ཤར་རྫ་པས་བཅའ་སྒྲིག་ལེགས་བཞག་གནང་བ་ལྟར་སྤྱི་སྒོས་ཀུན་ནས་དབང་པོ་ཡང་རབ་རྣམས་ཀྱིས་བསྟན་དོན་ལ་དགོངས་པ་དང་དེའི་འོག་མ་རྣམས་ཀྱིས་རྒྱུ་འབྲས་ལ་བསམ་སྟེ། ཚོགས་གྲལ་དུ་ཤ་ཆང་སྒོག་ཙོང་ལ་རོལ་བ་དང་གྲོང་ཆོག་སྐབས་འབུལ་བ་སྒོར་གཅིག་ལས་ལྷག་མ་ལེན་པ་སོགས་འཇོལ་ཉོག་གི་སྤྱོད་པ་རྩ་བ་ནས་སྤོང་དགོས་སོ། །
རིག་གསར་སྐབས་སུ་རྫ་སྟེང་ཆེན་དགོན་ཡང་བོད་ཁམས་དགོན་སྡེ་ཡོངས་དང་འདྲ་བར་བསྟན་པ་བཤད་སྒྲུབ་ཀྱིས་སྟོང་ཞིང་སྐུ་གསུང་ཐུགས་རྟེན་ཕལ་ཆེར་མེད་བརླགས་ཤོར་སོང་མོད། གཙུག་ལག་ཁང་དང་བླ་བྲང་གཞན་ཡང་གཙོ་ཁང་གི་ལྷ་སྐུ་གཙོ་བོ་རྣམས་དང་ལོགས་བྲིས་ཕལ་ཆེར་བཅས་ཉེ་གནས་ལྷ་འབངས་རྣམས་ཀྱིས་སྙིང་སྟོབས་ཆེན་པོའི་ངང་ཐབས་དང་ཤེས་རབ་ལ་བརྟེན་ནས་སྲུང་སྐྱོབ་བྱས་པས་ད་ལྟ་ཡང་ལྷག་ཡོད་དོ། ། རྒྱལ་ཁབ་ཀྱིས་བོན་སྒོ་ཕྱེས་རེས་རང་དགོན་གྱི་བླ་མ་ཚེ་རིང་སོགས་ཀྱིས་[page 627] མགོ་འཛིན་མཛད་དེ་བླ་གྲྭ་བརྒྱད་ཅུ་ལྷག་གིས་འདུ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་ཞིག་གསོ་བྱས་ཤིང༌། དད་ལྡན་ཨ་སྟག་སོགས་ཀྱིས་གསེར་སྐུ་གསུང་འབྱོན་མ་དང་ཚོགས་དུང་དཀར་མོ་རྒྱང་གྲགས། གཞན་ཡང་འཁར་རྔ་རོལ་མོ་སོགས་དགོན་པ་ལ་ཕུལ་ཞིང་ལྷ་སྡེ་ཡོན་བདག་རྣམས་ཀྱིས་གསེར་སྐུ་དང་གསུང་རབ། འཆམ་གོས་ཡོ་བྱད་རྣམས་དགོན་པ་ལ་ཐེབས་བཞག་མཛད་དེ་བསྟན་པ་ཡང་དར་གྱི་དབུ་ཚུགས་སོ། །འབུ་འགོ་བསྟན་འཛིན་འགྱུར་མེད་ཀྱིས་གྲྭ་པ་གསར་པ་རྣམས་ལ་ཡི་གེ་འབྲི་ཀློག་དང་འདོན་ཐིག་རྟ་དབྱངས་སོགས་སློབ་ཅིང༌། ཁྱུང་པོ་ཉི་མ་ཚུལ་ཁྲིམས་མདོ་སྨད་དུ་བྱོན་ནས་རང་དགོན་གྱི་གྲྭ་པ་རྣམས་ལ་དྲང་སྲོང་གི་སྡོམ་རྒྱུད་སྟེར་བ་དང་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་ནས་བོན་བསྟན་གྱི་མེ་རོ་གསོས། སྔོན་འགྲོའི་ཁྲིད་སྐལ་དང་གཏུག་མོ་རྩ་རླུང༌། བཅུད་ལེན་སེམས་ལུང༌། འཕོ་བ་འབུམ་དགུ་སོགས་ཟབ་ཁྲིད་ཀྱི་བཀའ་དྲིན་བསྩལ་ཏེ་སྒྲུབ་པའི་སྡེ་བཙུགས་ནས་འཕྲུལ་ངག་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཉིན་བྱེད་འོད་སྣང་སླར་ཡང་རྒྱས་པར་མཛད་དོ། །དེ་ནས་དགོན་པས་ཀྱང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། མཉམ་མེད་བཀའ་འབུམ། ཤར་རྫའི་བཀའ་འབུམ་སོགས་བླུས་ཤིང་མཆོད་ཆ་མཁོ་ཆས་སོགས་བསྒྲུབས་ཏེ་རྒྱལ་བསྟན་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ལམ་ལ་ཞུགས་ནས་བསྟན་པ་དང་སེམས་ཅན་ལ་ཕན་སེམས་ཟོལ་མེད་ངང་མཆིས་ཏེ། དགོན་པའི་ཚོགས་དང་མཛད་སྒོ་ལ་ཡོན་སྦྱོར་བའི་འབྱུང་ཁུངས་སྔོན་མ་ལྟར་ས་ཞིང་དང་སྤྱི་པའི་ལམ་ལུགས་མེད་ཀྱང་སྦྱིན་བདག་ལྷ་སྡེ་རྣམས་ཀྱི་འབུལ་བ་ལ་བརྟེན་ཞིང་གྲྭ་པས་རང་ཁ་རང་གསོ་ངང་སྒྲུབ་མཆོད་ཆོ་ག་དང་བཤད་སྒྲུབ་ལས་གསུམ་ཅི་ནུས་སྤེལ་བཞིན་ཡོད་དོ། །ཞེས་རྫ་སྟེང་ཆེན་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་དབྲ་པའི་རྟེན་བཤད་དང་སྟེང་ཆེན་རྣམ་རྒྱལ་གླིང་གི་གཏམ་ཚོགས་ཐོར་བུ། ཤར་རྫའི་རྣམ་ཐར་རྒྱས་པ། གཡུང་དྲུང་བོན་གྱི་བསྟན་འབྱུང་སོགས་ལ་ཁུངས་གཏུགས་ཤིང་ངག་རྒྱུན་དང་མཐོང་ཐོས་མྱོང་རེག་གི་ཡུལ་དུ་གྱུར་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་རྫ་པ་ཚེ་རིང་འགྱུར་མེད་ཀྱིས་བྲིས།
མདོ་སྨད་ཧོར་ཡུལ་གྱི་སའི་ཆར་རྫ་བུ་འབབ་པའི་གཡས་ཕྱོགས་སྤང་ཐང་ཟེར་བར་མཛེས་ཤིང་ཡིད་དུ་འོང་བའི་གནས་མཆོག་དེར་སྤྱི་ལོ་༡༨༦༤ལོར་དཔོན་མོའི་བུ་བསོད་ནམས་ཚེ་དབང་ལ་སྐྱབས་མགོན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཆེན་པོ་དང་ཧོར་ཆོས་རྗེ་ངག་དབང་ཆོས་འཕེལ་བསྟན་པའི་རྒྱལ་མཚན་མཆོག་དང་བྲག་དཀར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་བཅས་བླ་མ་གསུམ་གྱིས་བཀའ་ལུང་ལས་རྫ་སྟོད་སྨད་བར་གསུམ་ལ་དགེ་མའི་དགོན་པ་མེད་པས་དགོན་པ་འདི་གསར་བཞེངས་ཆོག་པའི་བཀའ་ཐོབ་པ་ལྟར་བཙུན་དགོན་ཀུན་གསལ་ཆོས་གླིང་ཞེས་མཚན་བཏགས་སྟེ་ཐོག་མར་ཕྱག་བཏབ། དུས་དེ་ནས་བཟུང་དགེ་བའི་བཤེས་གཉེན་དགེ་འདུན་རབ་རྒྱས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པར་བཤད་སྒྲུབ་འཆད་ཉན་གྱི་སྲོལ་ལེགས་པར་ཚུགས། སྐུ་གསུང་ཐུགས་རྟེན་གཙོ་བོ་མཆོད་རྟེན་བཀྲ་ཤིས་འོད་འབར་ཟེར་བ་བླུགས་མ་ཤིན་ཏུ་རིན་ཐང་ཆེ་བ་ཞིག་དང་རྒྱ་ནག་པད་མའི་གསེར་སྐུ་དགུ། འདམ་སྐུ་ཆེ་ཆུང་གྲངས་༣༠༠༨༨ཙམ་ཡོད། གསུང་རྟེན་འབུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་སྡེ་བསྐལ་བཟང༌། གཟུངས་འདུས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་ཡོད། ཐུགས་རྟེན་སྐུ་གདུང་ཆ་བརྒྱད་ཀྱི་མཆོད་རྟེན་དང་མཆོད་ཆས་སོགས་ཡོ་བྱད་ཀྱང་མང་པོ་ཡོད་ཀྱང་སུ་གཏོར་བརླགས་ཚབས་ཆེན་སོང་བ་རེད། དེང་སང་གཙུག་ལག་ཁང་ཞིག་གསོ་དང་འདམ་སྐུ་ཁ་ཤས་ཀྱང་གསར་བཞེངས་བྱས་ནས་རྒྱལ་བའི་བཀའ་འགྱུར་སོགས་གསར་བླུ་བཅས་བྱེད་པ་དང༌། དགེ་མ་གྲངས་[page 643] སུམ་ཆུ་ཙམ་གྱིས་དབྱར་དགུན་དུས་གཉིས་ལ་མ་ཎི་སྨྱུང་གནས་མ་ཆད་ཙམ་ཚོགས་བཞིན་བཞུགས་ཡོད།
[page 631] དགོན་པ་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་བླ་མ་སྨོན་རྒྱལ་ཚང་གིས་སྨོན་མཁར་བུ་གདོང་ལ་དགོན་སྡེ་ཆེན་པོ་འདི་ཉིད་ཐོག་མར་བཏབ། དེ་ནས་རིམ་གྱིས་ཡབ་རྨ་རྒྱལ་བླ་མ་སྔོན་སྐྱིད་དང་ཡུམ་གསེར་ཟ་ཨ་ལྕམ་གཉིས་ལ། སྲས་ཚེ་དབང་གི་སྤྲུལ་པ་དམ་པ་རང་གྲོལ་དང་གསང་འདུས་ཀྱི་སྤྲུལ་པ་ལྷ་ཡི་བློ་གྲོས་གཉིས་འཁྲུངས། དམ་པ་རང་གྲོལ་ནི་དགོངས་པ་ཀློང་རྡོལ་གྱི་བླ་མ་སྟེ། དཀོར་བདག་རྒྱལ་པོ་དམ་ལ་བཏགས། སྨད་མདོ་ཁམས་སྒང་དྲུག་ལ་འགྲོ་དོན་རྒྱ་ཆེན་མཛད། དེ་ཕྱིར་སྨོན་རྒྱལ་བླ་མ་དམ་པ་རང་གྲོལ་དུ་གྲགས།
དུས་མཆོད་ཀྱི་རྒྱུན་སྲོལ་སྔོན་བྱོན་གོང་མ་རྣམས་ཀྱི་སྐུ་རིང་ཙམ་ལ་རྒྱུན་འཇགས་སུ་གྱུར་ཟིན་པའི་ལོ་འཁོར་མོའི་དུས་མཆོད་རགས་ཙམ་བཀོད་ན། བོད་ཟླ་དང་པོ་འབུམ་འགྱུར་ཟླ་བའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཞི་ཁྲོའི་སྒྲུབ་མཆོད་དང་བོད་ཟླ་ལྔ་པའི་ཚེས་བརྒྱད་ནས་ཉི་ཤུའི་བར། བསྙེན་གནས། རི་བསང༌། རླུང་རྟ། དུར་ཁྲོད་དུ་གསུར་ཆུ་གཏོར་བཅས་འབུལ་བ་ཡིན། བོད་ཟླ་དྲུག་པའི་ཚེས་བདུན་ནས་དྲང་སྲོང་དང་གཙང་གཙུག་ཞལ་གྲངས་ཉི་ཤུ་ཙམ་ཧཱུྃཿཆེན་འགྲོ་འདུལ་གླིང་པའི་སྐུ་དུས་ནས་བན་བོན་དགོན་ཁག་བཅུ་གསུམ་གྱི་བླ་གྲྭ་འདུས་ནས་སིདྡྷིའི་སྒྲུབ་ཆེན་ཚུགས། དབྱར་གནས་ཉིན་ཞེ་དགུ་བོད་ཟླ་བཅུ་གཅིག་པ་ནས་གསང་སྔགས་ཀྱི་བསྟན་པ་གསང་འདུས་སྟག་མེ་སོགས་ཀྱིས་བདུད་སྡེ་དཔུང་བཅས་འདུལ་བའི་དོན་དུ་གསས་མཁར་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་སྒྲུབ་མཆོད་དང༌། ཁྲོ་བོའི་གར་འཆམ་མཛད། གནམ་སྟོང་གཤེན་ལྷ་འོད་དཀར་གྱི་དུས་ཆེན་ལ། གོས་སྐུ་མཐོང་བ་རང་གྲོལ་སྤྱན་གཉིས་རང་དོད་དུ་སོང་བའི་ངོ་མཚར་བའི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བཤམས། ད་ལྟ་སངས་རྒྱས་ཀྱི་མཛད་ཕྲིན་དུས་ལ་བབས་པ་དང༌། སེམས་ཅན་གྱི་ལས་དབང་སྟོབས་ཀྱིས་བླ་གྲྭ་དང་དབོན་དུད་བརྒྱ་ལྷག་གིས་དུད་ཆོད་ཀྱི་སྲོལ་ཚུགས་ཤིང་རྟེན་གསུམ་ལ་ཆ་མཚོན་ན། གོས་སྐུ་མཐོང་བ་རང་གྲོལ་སོགས་ཁྱད་འཕགས་འགའ་ལྷག་ཡོད་པ་རྣམས་བཀའ་དྲིན་ཆེ་བ་མང་ཚོགས་འགའི་རང་མོས་ཀྱིས་དགོན་གཞུང་ལ་ཕུལ་བྱུང༌། གཞན་ལྷ་ཁང་དང་རྟེན་གསུམ་མ་སྐྱོན་ཙམ་བཞེངས་ནས་རྒྱུན་བཞུགས་ཀྱི་གྲྭ་པ་ཉུང་ཙམ་ཡོད་པ་དང༌། ཡིག་རྨོངས་སེལ་བའི་སློབ་གྲྭའང་ཡོད།
དགོན་འདི་ཐོག་མ་འདེབས་པ་པོ་ནི། འཇའ་སྙིང་དངོས་སློབ་དཀོན་མཆོག་བསྟན་འཛིན་ཡིན། བཏབ་པའི་དུས་ནི་རིག་འཛིན་འཇའ་ཚོན་སྙིང་པོ་༡༥༨༥-༡༦༥༦བར་བཞུགས་པ་དེའི་བཀའ་བཞིན་སྡེ་དགེའི་ཁྲི་ཐོག་དང་པོ་བྱམས་པ་ཕུན་ཚོགས་ལྷན་བཅས་ཀྱིས་མཐུན་རྐྱེན་གནང་བར་བརྟེན་དགོན་འདི་བཏབ་པ་ཡིན་པས་རབ་བྱུང་བཅུ་གཅིག་པའི་སྟོད་དུ་ཡིན་ངེས། དགོན་པ་ཇི་ལྟར་ཕྱག་བཏབ་ཚུལ་ནི། སྔོན་སྡེ་དགེ་ཁྲི་ཐོག་དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་དུས་སྐབས་གཏེར་ཆེན་རིག་འཛིན་འཇའ་ཚོན་སྙིང་པོས་མདོ་སྨད་ཆུ་བོ་གསེར་ལྡན་འབབ་པའི་འགྲམ། རི་གླང་ཆེན་ཆུ་སྙེགས་འདྲ་བའི་སར་ལྷ་འབྲང་ཞེས་བྱ་བ་ཞིག་ཡོད་པ་དེར་གཙུག་ལག་ཁང་དང༌། དགེ་འདུན་གྱི་སྡེ་ཚུགས་ན་བོད་ཁམས་སའི་མེ་ཙ་གསོ་བ་དང༌། བསྟན་པ་སྤྱི་དང་ཁྱད་པར་ས་སྐྱོང་རིམ་བྱོན་གྱི་བསྟན་སྲིད་གོང་འཕེལ་དང༌། ལྷ་སྡེ་མངའ་རིས་ཀུན་ལ་བདེ་སྐྱིད་པའི་རྟེན་འབྱུང་ཡོད་པས་དེ་ཉིད་སྐྲུན་བཞེངས་བགྱིས་པར་གཏེར་ཆེན་ཁོང་ཉིད་ན་སོ་རྒན་སྟབས་ཕེབས་མ་ཐུབ་པས། འགྱང་བན་དཀོན་མཆོག་བསྟན་འཛིན་ལ་ཁྱོད་རང་དེར་སོང་ལ་རྟེན་འབྲེལ་ལས་སྐལ་ཁྱོད་ལ་བབས་པས་སྒྲུབ་སྡེ་ཚུགས་གསུངས། འཇའ་ཚོན་ཉིད་ཀྱིས་ཟབ་ཆོས་སྐོར་དང༌། གཏེར་ཕུར། གཏེར་གྱི་ཡ་ཚ་ཕྱག་རྟགས་ཀྱིས་སྤྲས་པ་གནང་ནས་ཕེབས་སོ། །དེ་དུས་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། མངའ་བདག་བྱམས་པ་ཕུན་ཚོགས། རྒྱལ་སྲས་ཀརྨ་བསམ་འགྲུབ་མཆེད་ཞལ་གྱིས་རྗེས་སྐྱོང་ནས་མཐུན་རྐྱེན་བཙལ་བས། དཀོན་མཆོག་བསྟན་འཛིན་ཉིད་ཀྱིས་དགོན་ས་བཏབ། དགོན་པ་ཕྱག་འདེབས་པའི་དུས་རབས་དང་སྤྱི་ལོ་གང་ཡིན་གསལ་པོ་མི་ཤེས་ཀྱང༌། སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་དུས་སྐབས་ཡིན་པ་གསལ་པོ་མངོན་པས་རབ་བྱུང་བཅུ་གཅིག་པའི་སྟོད་ཡིན་དགོས་པ་འདྲ།
གདན་རབས་ཇི་ལྟར་བྱོན་ཚུལ་ནི། དགོན་པ་འདེབས་པ་པོ་དཀོན་མཆོག་བསྟན་འཛིན་ཉིད་ཀྱི་སྐུ་སྐྱེ་དུ་མ་དགོན་འདིར་སྒྲུབ་པ་སྙིང་པོ་ཐུགས་ཉམས་སུ་བཞེས་པ་བྱ་གཏོང་ལྟ་བུར་གྲུབ་ཆེན་སྒོ་ཕིང་ཐོག་སྡུག་བླ་མ། མུ་ཀི་འཁྲུལ་སྣང་བླ་མ། གྲུབ་ཆེན་མ་ཎི་ལུ་པ་སོགས་གྲངས་མང་བྱོན་པར་གྲགས་ཀྱང༌། དགོན་འདིར་རི་ཁྲོད་ལྟ་བུར་ལས་ཆེར་མ་མཆིས། བཤད་སྒྲུབ་ཀྱི་རྒྱུན་སྤེལ་མཛད་ཚུལ་ནི། དགོན་འདིར་བཤད་པ་ཆེར་མ་མཆིས་ཀྱང༌། གྲུབ་རྗེ་དཔལ་ལྡན་ཆོས་རྒྱལ་ཉིད་ཀྱིས་གསར་བསྐྲུན་མཛད་པའི་ལྷ་[page 549] འབྲང་རྩེར་སྒྲུབ་ཁང་ནང་དུ་སྒྲུབ་གྲྭ་བརྒྱ་ལ་གསོལ་ཕོགས་དང་གསོ་རྒྱག་ཐེབས་རྒྱས་འདང་གིས་འོད་སྣང་མཐའ་ཡས་གཙོ་བོར་བྱས་པའི་ཡི་དམ་ལྷའི་བསྙེན་བསྒྲུབ་ཉམས་བཞེས། དགུན་དུས་ཀུན་བཟང་བླ་མའི་ཞལ་ལུང་དང༌། འོད་འགྲེལ། རྫོགས་ཆེན་དགོངས་བ་བཟང་ཐལ་སོགས་ཀྱི་སྒོམ་ཁྲིད་དང༌། དབང་ལུང་རྣམས་བླ་སྤྲུལ་མཁན་པོ་རིམ་བྱོན་གྱིས་འགན་བཞེས་མཛད། སྒྲུབ་སྡེ་ལ་ལྷ་རི་བདེ་ལྡན་གཉིས་བའི་དབུ་རྩེ་སྒྲུབ་གླིང་ཞེས་མཚན་དོན་མཐུན་པའི་སྒྲུབ་ཁང་ཡོད།
དགོན་པ་འདིའི་ནང་དུ་སྔར་དགོན་པ་འདེབས་པ་པོས་བཞེངས་པའི་ལྷ་ཁང་ཀ་བ་བརྒྱད། ཕྱིས་དཔལ་ལྡན་ཆོས་རྒྱལ་གྱིས་བཞེངས་པའི་ལྷ་ཁང་ཀ་བ་བཅུ་དྲུག དབུ་རྩེ་སྒྲུབ་གླིང་དུ་ལྷ་ཁང་ཀ་བཞི། མགོན་ཁང་གཅིག སྤྱི་ཁང་གཉིས། མཛོད་ཁང་གསུམ། བླ་བྲང་གཅིག གྲྭ་ཤག་ཉི་ཤུ་རྩ་ལྔ་བཅས་ཡོད། སྐུ་གསུང་ཐུགས་རྟེན་གཙོ་བོ། ལྷ་ཁང་རྙིང་པའི་ནང་དུ་རྟེན་གཙོ་གུ་རུ་རིན་པོ་ཆེའི་སྐུ་མི་ཚད་ཙམ་སྨན་འདམ་ལས་གྲུབ་པ། སློབ་དཔོན་བྱི་འུ་དྲོད་མ་ཞེས་གྲགས་པ། འཇའ་ཚོན་སྙིང་པོའི་གཏེར་པོད། གཏེར་ཕུར་བཅས་ལི་མ། གསེར་སྐུ་བརྒྱ་ལྷག རྒྱུ་ཟངས་གསེར་རྟེན་གཙོ་རྒྱལ་བ་འོད་དཔག་མེད་ཁང་བརྩེགས། གསེར་སྐུ་ཆེ་བ་མདའ་ཚད། ཆུང་བ་མཐོ་ཚད་ཡན་ཁ་གྲངས་བཞི་བརྒྱ། གསུང་རབ་བཀའ་འགྱུར། འོད་མདོ་བརྒྱ་ཡོད། གཞན་ཡང་གསུང་རབ་འདྲ་མིན་སྟོང་ལྷག་ཙམ། བརྒྱད་སྟོང་བསྐལ་བཟང༌། འོད་མདོ་སོགས་གསེར་བྲིས་གྲངས་མང་བཞུགས། དབུ་རྩེ་སྒྲུབ་གླིང་དུ་ལི་མ། གསེར་སྐུ་ཆེ་ཆུ་བརྒྱ་ལྷག་ཙམ་བཞུགས། སྒྲུབ་ཁང་རེ་རེ་ལ་སྨན་འདམ་སྐུ་འདྲ་གྲངས་མང་བཞུགས།
ཡོན་གྱི་འབྱུང་ཁུངས་ནི། སྔོན་དགོན་པ་འདེབས་པ་པོའི་རྟེན་སྦྱིན་གཙོ་བོ་སྡེ་དགེ་རྒྱལ་བློན་རྣམས་ཀྱིས་འགན་བཞེས་པའི་རྒྱུན་སྲོལ་ལྟར་རྒྱལ་རབས་རིམ་བྱོན་གྱིས་དགོན་འདིར་ཚོགས་པའི་གཏོང་སྒོ་བཏང་ནས། སྡེ་པ་གནས་བཞིའི་ཞིང་ཟོག་ཤི་མེད་གསོ་རས་བསྩལ་བ་དེ་དག་ལ་རྟེན་ནས་སྤྱི་པ་གཉེར་པ་བསྐོལ་ལེན་རྣམས་ཀྱི་ཡོང་སྒོ་ལ་བརྟེན་ནས་ཚོགས་པའི་ཡོན་སྦྱོར་མཛད་སྲོལ་མཆིས་སོ། །དགེ་འདུན་འདུས་པའི་ཞལ་གྲངས་གྲྭ་བརྒྱད་ཅུའི་གྲངས་ཀ་དེའི་ཁྱིམ་གྱི་དུད་གྲངས་གཡུ་འབོས་ནང་དུད་གྲངས་བཅོ་ལྔ། བཀྲ་ཤིས་སྟོན་དུད་གྲངས་ཉི་ཤུ། བསྡོམས་དུད་སོ་ལྔ་ཙམ་ཡོད། བཅུ་གཉིས་པ། དེ་ལྟར་དཀོན་མཆོག་བསྟན་འཛིན་ཉིད་ཀྱིས་དགོན་ས་བཏབ་ནས་དམ་པའི་སྐྱེས་བུ་རིམ་བྱོན་མང་པོས་དཀའ་བ་བརྒྱ་སྟོང་ཁྱད་དུ་བསད་ནས་བཞེངས་པའི་ཕུགས་ནོར་གསོག་པ་དེ་དག་རིག་གནས་གསར་རྗེ་ཆེན་པོའི་དུས་སྐབས་མིང་མེད་གྱང་ཧྲལ་ཙམ་དུ་ལོ་ངོ་ཉི་ཤུ་ལྷག་གྱུར་སོང༌། དེ་ནས་ཏང་ཀྲུང་དབྱང་གི་དབུ་ཁྲིད་ཡང་དག་པའི་འོག་ཏུ་བདེ་སྐྱིད་ཀྱི་ཉི་མ་གསར་དུ་འཆར་བའི་དུས་སྐབས་སྔར་གྱི་གྲུབ་རྗེ་རྣམ་གཉིས་ཀྱི་ཡང་སྲིད་ཐམས་ཅད་ཞལ་བཞུགས་མེད་ཀྱང་སྔོན་གྱི་ཐུགས་སྐྱེད་དང་ལས་འཕྲོ་བཟང་པོ་དུས་[page 550] སུ་སྨིན་པས། འཕྲོས་ལུས་བླ་གྲྭ་རྒན་པོ་རྣམས་ཀྱིས་དབུར་འཛིན། ཡུལ་དེའི་མགོ་དཔོན། ཧྲེ་ཁག་གཉིས་ཀྱི་མི་དམངས་ཆོས་དད་ཅན་རྣམས་ཀྱིས་ལྷག་བསམ་བཟང་པོས་རྡོ་ཙམ་མེད་ཤུལ་དེ་ན་སྔར་ལྟར་ལྷ་ཁང་ཆེ་ཆུང་གསུམ། གྲྭ་ཤག་བཅོ་ལྔ་ཙམ། གྲྭ་པ་སུམ་ཅུ་ཁ་ལྷག སྐུ་གསུང་ཐུགས་རྟེན་དད་ལྡན་ཚོས་བཞེངས་པ་དང༌། སྔར་གྱི་རྙིང་པ་ཡར་ཕུལ་བ་བཅས་ཕྲན་བུ་ཡོད། དགོན་པ་རང་ཉིད་ཀྱི་རང་མཁོ་རང་འདང་ལ་བརྟེན་ནས་སྔར་གྱི་ཚེས་བཅུའི་ཞལ་འཆམ་དང་སྒྲུབ་མཆོད་ཁ་ཤས་ཚོགས་བཞིན་མཆིས་སོ། །
དགོན་པའི་མིང་ལ་སོག་ཨོ་གུར་བཀྲ་ཤིས་ཆོས་འཁོར་གླིང་ཟེར། བླ་རབས་དང་པོའི་སྐུ་ཡུལ་སོག་པོ་ནས་ཡིན་པ་དང་སོག་གུར་ལ་ཨོ་གུར་ཞེས་འབོད་པས་སོག་ཨོ་གུར་སྒར་པ་དང༌། དེ་ནས་རིམ་པར་དགོན་པའི་མིང་ལའང་དེ་གྲགས་སོ།
དགོན་པ་ཕྱག་འདེབས་པོ་སོག་པོ་ཨ་གུར་བླ་མ་བསོད་ནམས་བཀྲ་ཤིས་ཡིན། ཁོང་ནི་སོག་ཞྭ་དཀར་རྒྱལ་པོས་ཏོག་དང་ཐམ་ཀ་འབུལ་བའི་གྲགས་པ་ཅན་ཡིན་ལ། སྐབས་ཤིག་མདོ་སྨད་བུ་འབོར་སྒང་དུ་སྡེ་དགེ་ས་སྐྱོང་ཁྲི་ཆེན་སངས་རྒྱས་བསྟན་པ་དང་མཆོད་ཡོན་དུ་གྱུར། ས་གཞི་འབངས་འཁོར་དང་བཅས་པ་འབུལ་བ་དང་གཅིག གཉིས་སུ་ཡིད་ལྷུང་གི་སྦྱིན་བདག་འབུམ་སྐྱབས་དང་ཆོས་འབྲེལ་གྱིས་ས་ཕྱོགས་འདིར་དགོན་པ་བཏབ་ཨོ་གུར་བླ་མ་ལྷ་ལྡན་བརྒྱུད་དེ་རྒྱ་གར་རྡོ་རྗེ་གདན་གྱི་གནྜོ་ལ་དང༌། ལྷ་སའི་ཇོ་ཤཱཀྱ་གཙོར་གྱུར་པའི་རྟེན་གལ་ཆེན་དང༌། སེ་འབྲས་དགའ་གསུམ་ལ་ཕེབས་ཏེ། དབང་ལུང་ཟབ་ཁྲིད་མན་ངག་རྒྱ་ཆེན་ཞུས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་ཁྱད་པར་དགའ་ལྡན་ཁྲི་ཆེན་གླིང་མདུན་རབ་ཏུ་བྱུང༌། མན་ངག་རྒྱ་ཆེན་གསན་བཞེས་གནང༌། སྨན་གྱི་བཀའ་བབ་ཨོ་གུར་སྨན་རམ་པའི་མཚན་གསོལ། ཏོག་ཐམ་གྱི་གསོལ་རས་དང་བོད་ལྗོངས་ཡོངས་ཀྱི་སྡེ་འབངས་ལས་ཀ་མེད་ཆོག་པའི་ཕྱག་ཡིག་གནང༌། སོག་ཡུལ་ཤོག་ཀ་རྒྱལ་པོས་ལས་ཐམ་དང༌། ཏོག་བཅས་ཕུལ་ཏེ་མངོན་པར་གོང་དུ་བཀུར་ཏོ། །ཡུལ་གྲུ་དུ་མར་ཆོས་ཀྱི་འགྲོ་དོན་རྒྱ་ཆེན་མཛད། དགོན་པ་རུ་བུམ་སྒྲུབ་ཚེས་བཅུའི་དུས་མཆོད་ནས་བཟུང་དབྱར་ཆོས། དགུན་ཆོས། སྒྲུབ་མཆོད། སྨན་སྒྲུབ་སོགས་གསར་དུ་བཙུགས། སྨན། རྩིས། གཞུང་སྐོར་སོགས་ནི་དགའ་ལྡན་ཁྲི་ཆེན་བློ་གྲོས་རྒྱ་མཚོ་དང༌། རྒྱལ་དབང་[page 642] ཀརྨ་པ་ཞྭ་དམར་ནག་འབྲུག་པ། ཀཿཐོག་རྨོག་སྤྲུལ་སོགས་རིས་མེད་སྐྱེས་ཆེན་དུ་མའི་ཞབས་པད་ལས་བླངས། མཁས་པའི་གྲགས་སྙན་གྱིས་ཁྱབ། གོང་གི་བླ་མ་དེ་དག་དང༌། དེ་ལས་གཞན་པའི་རིས་མེད་ཀྱི་དམ་པ་དུ་མ་ལ་དག་ཁྲིད་རྒྱ་ཆེན་གནང༌། བསྟན་པ་རིན་ཆེན་སྲིད་པའི་བླ་ན་བཏེགས། དེ་ལྟར་བསྟན་འགྲོར་སྲི་ཞུ་མཛད་བཞིན་པའི་ངང་སྐུའི་བཀོད་པ་རེ་ཞིག་བསྡུས་སོ། །དགོན་སྡེ་འདི་སྔོན་ཆད་ལྷ་སྡེ་དུད་གྲངས་བརྒྱ་དང་ཉི་ཤུ་ལྷག་ཡོད་དོ། །ད་ལྟ་དུད་གྲངས་བརྒྱད་ཅུ་ཙམ་ཡོད། གྲྭ་གྲངས་གནའ་སྔ་མོ་བརྒྱ་ལྷག་དང་ད་ལྟ་བརྒྱད་ཅུ་མ་ཟིན་ཡོད།
སྐུ་གསུང་ཐུགས་རྟེན་བཞུགས་པའི་གནས་དང་ད་ལྟ་འདུ་ཁང་ཆེན་མོ་གཅིག་ཡོད་དོ། །གཞན་དུང་འཁོར་དང༌། སྤྱི་ཁང༌། མགོན་ཁང༌། རྔ་ཁང་བཅས་བཞེངས་གྲུབ་བོ། དེ་ལྟར་ཨོ་གུར་དགོན་པའི་ལོ་རྒྱུས་རགས་བསྡུས་ཤིག་མ་གཏོགས་འབྲི་ནུས་དཔྱད་གཞི་ཟད་དོ། །