Skip to main content Skip to search
ཁམས་ཕྱོགས་དཀར་མཛེས་ཁུལ་དགོན། དེབ་གཉིས་པ།
ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་། དེབ་གཉིས་པ།
ཚེ་རིང་ཐར། གདུགས་དཀར་ཚེ་རིང་། བློ་གྲོས།་དང་། འཇིགས་མེད་བསམ་གྲུབ།་ཀྱིས་བརྩམས།
འཇིགས་མེད་བསམ་གྲུབ་ཀྱིས་རྩོམ་སྒྲིག་བྱས།
THL ID: T5742, oclc: 48810539
Original Print Publisher:ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
Digital Reprint Publisher:Tibetan & Himalayan Library
Copyright © 2012 by ཚེ་རིང་ཐར། , གདུགས་དཀར་ཚེ་རིང་། , བློ་གྲོས། , and འཇིགས་མེད་བསམ་གྲུབ།
Reproduced with permission from the authors
under the THL Digital Text License.
ཀླད།
མཚན་བྱང་།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་སོའོ་དང་།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་།

ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཆོས་ལུགས་ཅུད།

དཀར་མཛེས་ཁུལ་ཡིག་བསྒྱུར་ཅུད་བཅས་ལས་ཁུངས་བཞི་ནས་བསྡུ་སྒྲིག་བྱས།

(ནང་ཁུལ་ཡིག་ཆ་ཡིན་པས། ཉར་ཚགས་བྱེད་རྒྱུར་ཡིད་གཟབ་བྱེད་དགོས།)

1995ལོའི་ཟླ་10ཚེས་25ལ།

ཐོག་མའི་སྙན་སྒྲོན།

[page i] དེ་ཡང་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཆེན་པོའི་ནང་གི་དགེ་ཚན་ཁྱད་དུ་འཕགས་པའི་རིག་གནས་ཤིག་ཡིན་པར་མ་ཟད། འཛམ་གླིང་རིག་གནས་ཀྱི་བང་མཛོད་ཆེན་པོའི་ཁྲོད་དུའང་ཆེས་སྔོན་ཐོན་གྱི་མ་ལག་ཆ་ཚང་བའི་རིག་གནས་ཤིག་ཡིན། བོད་དུ་ནང་བསྟན་ཆོས་ལུགས་དར་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ལོ་རྒྱུས་ཕལ་ཆེར་བ་ཆོས་ལུགས་དང་དགོན་པ་ཁག་གི་ལོ་རྒྱུས་དང་འབྲལ་བ་ངེས་ཅན་ཞིག་ཆགས་ཡོད་པར་བརྟེན། ང་ཚོའི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆབ་སྲིད། ཆོས་ལུགས་བཅས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་ལ་ཞིབ་འཇུག་བྱེད་ཚེ། ངེས་པར་དུ་བོད་ཁམས་ཡོངས་ཀྱི་དགོན་པ་སོ་སོའི་ལོ་རྒྱུས་ཤེས་དགོས་པ་དང་། བོད་ཀྱི་དགོན་པ་ནི་བོད་ཀྱི་རིག་གནས་དང་རིག་དངོས་ཀྱི་གནས་ཡུལ་ལྟེ་གནས་ལྟ་བུ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་ཆགས་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱལ་སོགས་ལའང་ཤུགས་རྐྱེན་ཟབ་མོ་ཞིག་ཡོད་པ་ཡིན།

དེར་བརྟེན་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་ཞིག་གི་ལོ་རྒྱུས་ནི་ཡིག་ཐོག་ཏུ་ཆ་ཚང་ཙམ་རེ་བཀོད་ཡོད་པ་དང་། འགའ་ཞིག་གི་ལོ་རྒྱུས་ནི་ཤོག་དྲེལ་ཙམ་མམ་ཡང་ན་མི་རབས་ནས་མི་རབས་བར་རྒན་པོ་དག་གི་ངག་རྒྱུན་ཙམ་ལ་བརྟེན་པ་ལས་ཡེ་གེར་བཀོད་ཡོད་པ་ནི་མི་སྣང་། བར་སྐབས་སུ་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཟང་ཟིང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དགོན་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཕལ་ཆེར་འཐོར་བརླག་དང་། ངག་རྒྱུན་ཤེས་པའི་རྒན་རབས་རྣམས་ཀྱང་ཕལ་ཆེ་བ་དུས་ལས་འདས་ཟིན་པར་བརྟེན། དགོན་པ་ཁག་གི་ལོ་རྒྱུས་གནས་ཚུལ་ཕལ་ཆེར་མི་མངོན་པའི་དབྱིངས་སུ་ཐིམ་ལ་ཉེ་བའི་སྐབས་འདིར། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་གྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལགས་ནས་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སོ་སོའི་ལོ་རྒྱུས་ཕྱོགས་སྒྲིག་བྱ་རྒྱུར་དངོས་སུ་ཁྲིད་གནང་བར་མ་ཟད། ད་དུང་ཉིད་ཀྱི་འཆར་གཞི་ནན་ཏན་བཟོས་ཏེ་སྤྱི་ལོ་1994ལོ་ནས་བྱ་ལས་འདི་སྒྲུབ་པའི་ལས་འགོ་བརྩམས་པ། དེ་ནས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆོས་དོན་ཁང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཁང་། བཅས་ལས་ཁུངས་བཞི་མཉམ་འབྲེལ་བྱས་ཏེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་བོད་ཀྱི་གྲུབ་མཐའ་སོ་སོའི་དགོན་པའི་ལོ་རྒྱུས་དང་དཔལ་འབྱོར་ཡོང་ཁུང་སོགས་ཀྱི་གནས་ཚུལ་ངོ་མ་རྣམས་སྒྲོ་སྐུར་དང་བྲལ་བའི་སྒོ་ནས་ཁ་གསལ་དོན་འདུས་པ་ཞིག་བྲིས་[page ii] ཡོད་པ་འདིས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་རྣམས་སླར་གསོ་དང་མ་ཉམས་པ་གོང་འཕེལ་གཏོང་བ། བོད་ཀྱི་ཤེས་རིག་ཞིབ་འཇུག་གནང་མཁན་རྣམས་ལ་དཔྱད་གཞིའི་ཡིག་ཆ་མཁོ་འདོན་དང་། རྒྱ་ཆེ་བའི་ཆོས་དད་མང་ཚོགས་རྣམས་ཀྱི་རེ་འདོད་ཀྱང་སྐོང་ཐུབ་པ་བཅས་ཀྱི་དགེ་མཚན་མང་དུ་ཐོན་ཡོད།

ལོ་རྒྱུས་འབྲི་སྟངས་ཀྱི་ཐད་ནས་ཡིག་ཚོགས་བསྐྱུང་བའི་ཕྱིར་མཆོད་བརྗོད་ཀྱི་རྒྱས་སྤྲོས་མང་པོའི་ཚོགས་བཅད་དང་། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ། སྟོན་པའི་ཆོས་འཁོར་བསྐོར་ཚུལ། ས་དཔྱད་དང་གནས་བཤད་སོགས་དོར་ཡོད་པར་མ་ཟད། ད་དུང་རང་རང་གང་ལ་དད་མོས་བྱེད་པའི་བླ་མ་དེ་ལ་སྙན་ངག་གི་ལམ་ནས་རབ་བཏགས་སོགས་ཀྱི་བསྟོད་པ་སྣ་ཚོགས་དང་། བླ་མ་དེས་གྲུབ་རྟགས་སྣ་ཚོགས་བསྟན་ཚུལ་དང་ལྷ་འདྲེ་བཏུལ་ཚུལ་སོགས་འཇིག་རྟེན་ཆོས་ཉིད་ལས་བརྒལ་བའི་ལྷ་སྒྲུང་གི་གཏམ་རྒྱུད་ལྟ་བུའི་བཤད་ཚུལ་རྣམས་དང་། དགོན་པའི་ལོ་རྒྱུས་དངོས་བརྗོད་པ་ལ་དགོས་པ་ཆེར་མེད་པའི་ཚིག་ཉོག་མང་པོའི་ལོ་འདབ་རྣམས། འདིར་དཔེ་སྒྲིག་གི་སྐབས་སུ་འདོར་ཐུབ་བྱས་ཏེ། སྐབས་དོན་གྱི་ལོ་རྒྱུས་སྙིང་པོ་རྣམས་ཁ་གསལ་ཞིང་གོ་བདེ་བར་བསྒྲིགས་ཡོད་པ་ཡིན།

འོན་ཀྱང་ཐེངས་འདིའི་ལོ་རྒྱུས་འབྲི་མཁན་གྱི་རྩོམ་པ་པོ་སོ་སོའི་ཤེས་ཡོན་ཀྱི་ཆུ་ཚད་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་འདུག་པས། ལོ་རྒྱུས་འབྲི་སྐབས་ལ་ལས་དཔྱད་གཞིའི་ཡིག་ཆའམ་ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་དགོངས་དོན་ཇི་བཞིན་མ་ལོན་པའམ། ཡང་ན་དཔྱད་གཞིའི་ཡིག་ཆ་ཚད་ལྡན་མེད་པར་རང་བཟོས་ལོག་བཤད་སྣ་ཚོགས་དང་། ཚིག་སྦྱོར་དང་ཡིག་ནོར་སོགས་ཀྱི་ཐད་ལ་ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་པས། དེ་རེ་རེ་ནས་ཞུ་དག་ཞིབ་མོ་ཞིག་བྱ་ཐབས་བྲལ་བས། རྗེས་ནས་གཟུར་གནས་བློ་ལྡན་རྣམས་ཀྱིས་དག་བཅོས་ལེགས་པོ་ཞིག་གནང་བར་དགོངས་འཇགས་ཞུ།

ཞེས་རྩོམ་སྒྲིག་པ་འཇིགས་མེད་བསམ་གྲུབ་ཀྱིས།

༡༩༩༥ལོའི་ཟླ༡༡ཚེས་༡ལ།

ཟུར་ཞུ།

[page iii] ཐེངས་འདིར་དཀར་མཛེས་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་བྲི་བར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་སོ་ཡི་བློ་མཐུན་ཚེ་རིང་ཐར་དང་གངུགས་དཀར་ཚེ་རིང་བློ་གྲོས། འཇིགས་མེད་བསམ་གྲུབ་བཅས་ཀྱིས་སྤྱི་ལོ་1994ལོའི་ཟླ་དྲུག་པ་ནས་བཅུ་པའི་བར་དཀར་མཛེས་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་། དགོན་སྡེ་སོ་སོར་དངོས་སུ་ཕྱིན་ཏེ་གནས་ཚུལ་ངོ་མ་བཅར་འདྲི་གནང་སྐབས་དཀར་མཛེས་རྫོང་གི་རིམ་པ་སོ་སོའི་འགོ་ཁྲིད་བློ་མཐུན་རྣམས་དང་། ལྷག་པར་དུ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་(ཞན་ཀྲང་གཞོན་པ་)རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་དང་། རྫོང་ཆོས་ལུགས་ཅུད་ཀྱི་(ཅུད་ཀྲང་གཞོན་པ)ཚེ་དབང་དངོས་གྲུབ་རྣམ་གཉིས་ཀྱིས་ང་ཚོ་དགོན་པ་སོ་སོར་འགྲོ་སྐབས་རླངས་འཁོར་བཀོད་སྒྲིག་དང་། དཔྱད་གཞིའི་ཡིག་ཆ་མཁོ་འདོན་སོགས་ཐེངས་འདིའི་བྱ་ལས་ཐད་མགོ་ནས་མཇུག་བར་རྒྱབ་སྐྱོར་བླ་ན་མེད་པ་ཞིག་གནང་བ་ལ་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཞེས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་རྣམ་གྲངས་འདིའི་ཞིབ་འཇུག་ཚན་ཆུང་ནས།

དཀར་ཆག
[page i] ཁམས་ཕྱོགས་ལི་ཐང་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས།དགེ་ལུགས། …………(2)

འཇའ་དགོན་ཆོས་བསམ་གླིང་གི་ལོ་རྒྱུས།དགེ་ལུགས། …………(28)

སྐྱིད་འཇོ་བཤད་སྒྲུབ་དར་རྒྱས་བདེ་ཆེན་གླིང་གི་ལོ་རྒྱུས།དགེ་ལུགས། …………(32)

ཨ་ཡིག་དགོན་བཀྲ་ཤིས་ཆོས་འཁོར་གླིང་གི་ལོ་རྒྱུས།དགེ་ལུགས། …………(35)

ལ་བསྟོད་བསམ་གཏན་གླིང་གི་ལོ་རྒྱུས།དགེ་ལུགས། …………(36)

ཨ་མདོ་སྒང་ཐོག་དགོན་གྱི་ལོ་རྒྱུས།དགེ་ལུགས། …………(40)

བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་གླིང་གི་ལོ་རྒྱུས།དགེ་ལུགས། …………(40)

དགོན་དཀར་ཆོས་ཀྱི་ཕོ་བྲང་གི་ལོ་རྒྱུས།དགེ་ལུགས། …………(46)

གཡོན་རུ་དགའ་ལྡན་རབ་རྒྱས་གླིང་གི་ལོ་རྒྱུས།དགེ་ལུགས། …………(47)

དགའ་ལྡན་ལྷུན་གྲུབ་གླིང་གི་ལོ་རྒྱུས།དགེ་ལུགས། …………(51)

བཟང་སྤྱོད་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(53)

སྐེ་བཀྲ་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(53)

འཇོ་ཐང་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(54)

ས་སྐོར་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(54)

ཁ་ཤུལ་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(54)

གླང་རྐང་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(54)

ཧོར་རྙིང་གྲྭ་ཚང་གི་ལོ་རྒྱུས།དགེ་ལུགས། …………(55)

དགའ་ལྡན་བཀྲ་ཤིས་གླིང་གི་ལོ་རྒྱུས།དགེ་ལུགས། …………(55)

གནས་སྒོ་བྱང་ཆུབ་ཆོས་གླིང་གི་ལོ་རྒྱུས།དགེ་ལུགས། …………(56)

དགའ་ལྡན་འགིར་དགོན་གྱི་ལོ་རྒྱུས།དགེ་ལུགས། …………(58)

ལྷ་ཁང་སུམ་མདོའི་ལོ་རྒྱུས།དགེ་ལུགས། …………(60)

རྩེ་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། …………(61)

བྲག་དཀར་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། …………(63)

[page ii] སྨན་ལུང་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། …………(63)

གནས་ཕུ་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། …………(64)

ཚྭ་ཁ་རི་ཁྲོད་ཀྱི་ལོ་རྒྱུས།དགེ་ལུགས། …………(65)

ཝ་དགོན་ཕུན་ཚོགས་གླིང་གི་ལོ་རྒྱུས།ས་སྐྱ། ………………(66)

མི་འགྱུར་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(69)

སྒ་ཐོག་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(78)

བཤད་སྒྲུབ་རབ་རྒྱས་གླིང་གི་ལོ་རྒྱུས།ས་སྐྱ། ………………(79)

སྟོང་པད་མོ་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(80)

ཐང་དཀར་ནོར་བུ་གླིང་གི་ལོ་རྒྱུས།ས་སྐྱ། ………………(82)

རི་ནག་ཐུབ་བསྟན་གླིང་གི་ལོ་རྒྱུས།ས་སྐྱ། ………………(84)

དགོན་བཞི་བཤད་སྒྲུབ་ནོར་བུ་གླིང་གི་ལོ་རྒྱུས།ས་སྐྱ། ………………(86)

གྱོན་རུ་ས་སྐྱ་དགོན་ལོ་རྒྱུས།ས་སྐྱ། ………………(87)

ས་སྐྱ་དུང་དགོན་བཀྲ་ཤིས་གླིང་གི་ལོ་རྒྱུས།ས་སྐྱ། ………………(88)

བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས།ས་སྐྱ། ………………(91)

རློབས་བདེ་ཆེན་གླིང་གི་ལོ་རྒྱུས།ས་སྐྱ། ………………(95)

རྟ་ནུ་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(99)

དགའ་ཚལ་གླིང་གི་ལོ་རྒྱུས།ས་སྐྱ། ………………(100)

ས་སྐྱ་དགོན་པའམ་ཚྭ་རུ་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(103)

ཞི་དར་ནོར་བུ་གླིང་གི་ལོ་རྒྱུས།རྙིང་མ། ………………(104)

ཨོ་རྒྱན་བསམ་འཕེལ་ཆོས་གླིང་གི་ལོ་རྒྱུས།རྙིང་མ། ………………(108)

ཁོལ་རི་གསང་སྔགས་གླིང་གི་ལོ་རྒྱུས།རྙིང་མ། ………………(110)

གཡོན་རུ་རྙིང་མའི་གྲྭ་ཚང་གི་ལོ་རྒྱུས།རྙིང་མ། ………………(113)

ཆོས་གྲགས་དགོན་གྱི་ལོ་རྒྱུས།རྙིང་མ། ………………(114)

མཐའ་དམར་དགོན་གྱི་ལོ་རྒྱུས།རྙིང་མ། ………………(115)

བོན་མགོ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(115)

གཡུང་དྲུང་བདུད་འདུལ་གླིང་གི་ལོ་རྒྱུས།བོན་པོ། ………………(116)

ཁམས་ཕྱོགས་སེར་ཤུལ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

[page iii] སེར་ཤུལ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(123)

འབུམ་གསར་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(152)

འབར་ངྷ་དགོན་གྱི་ལོ་རྒྱུས།དགེ་ལུགས།། ……………(157)

ཇོ་བོ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(160)

ཉིན་རྫོང་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(162)

གྲུ་བ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(164)

འདན་ཀ་ཕུད་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(165)

འཛུ་མང་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(166)

མང་དགེ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(168)

འདན་ཁྲི་ཐོག་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(170)

དྲེལ་དཀར་དགོན་གྱི་ལོ་རྒྱུས།རྙིང་མ།…………………(171)

རྫ་རྒྱལ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(172)

འབར་ཆུང་དགོན་གྱི་ལོ་རྒྱུས།རྙིང་མ། ………………(177)

དུང་དཀར་དགོན་གྱི་ལོ་རྒྱུས།རྙིང་མ། ………………(178)

ཉི་ཟེར་དགོན་གྱི་ལོ་རྒྱུས།རྙིང་མ། ………………(181)

འབུམ་རྙིང་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(182)

རྔ་ཡབ་བྲག་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ། ………………(184)

ནོར་གླིང་དགོན་གྱི་ལོ་རྒྱུས།རྙིང་མ། ………………(186)

འཇུ་ཉུང་དགོན་གྱི་ལོ་རྒྱུས།རྙིང་མ། ………………(186)

བདེ་དགོན་དགོན་པའི་ལོ་རྒྱུས།ས་སྐྱ། ………………(189)

འདན་ཤུག་ར་དགོན་པའི་ལོ་རྒྱུས།ས་སྐྱ། ………………(191)

འབུར་ལེགས་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(192)

མེ་རི་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།…………(194)

རྩེ་དགོན་བཀྲ་ཤིས་ཆོས་གླིང་གི་ལོ་རྒྱུས།འབྲི་གུང་བཀའ་བརྒྱུད།………(196)

ཁམས་གླང་ཐང་སྒྲོལ་མ་ལྷ་ཁང་གི་ལོ་རྒྱུས།དགེ་ལུགས། ……………(197)

དབོན་པོ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(205)

རྨ་མགྲིན་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(214)

ཀ་བཞི་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(216)

[page iv] བ་རོད་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(226)

བོ་རོད་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(230)

ཐར་ཤུལ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(233)

མགོ་ཚྭལ་དགོན་གྱི་ལོ་རྒྱུས།རྙིང་མ།………………(235)

དགེ་མང་དགོན་གྱི་ལོ་རྒྱུས།རྙིང་མ།………………(237)

ཀིཿལུང་དགོན་གྱི་ལོ་རྒྱུས།རྙིང་མ།………………(245)

ཁམས་ཕྱོགས་རྫ་ཆུ་ཁ་རྫོང་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

ཕྱག་ཚལ་དགོན་གྱི་ལོ་རྒྱུས།རྙིང་མ།…………………(255)

ཕུག་ཁང་དགོན་གྱི་ལོ་རྒྱུས།རྙིང་མ།…………………(256)

ཕུག་ཁང་བཤད་གྲྭའི་ལོ་རྒྱུས།རྙིང་མ།…………………(260)

ལྕང་མ་དགོན་གྱི་ལོ་རྒྱུས།རྙིང་མ།…………………(261)

དགེ་དགོན་པའི་ལོ་རྒྱུས།རྙིང་མ།…………………(265)

འདན་བཀྲ་ཤིས་རྣམ་རྒྱལ་གླིང་གི་ལོ་རྒྱུས།བཀའ་བརྒྱུད། ………………(266)

དྲན་ཐང་རི་ཁྲོད་ཀྱི་ལོ་རྒྱུས།བཀའ་བརྒྱུད། ………………(269)

ཀླུ་དཀྱིལ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། ………………(272)

གའུ་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། ………………(275)

རབ་ཆོས་དགོན་གྱི་ལོ་རྒྱུས།ས་སྐྱ། …………………(276)

གླིང་ཡག་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(278)

ཁམས་ཕྱོགས་གསེར་རྟ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

ལྷ་རྩེ་དགོན་གྱི་ལོ་རྒྱུས།རྙིང་མ།………………(284)

རྒྱ་ཕྱུག་དགོན་གྱི་ལོ་རྒྱུས།རྙིང་མ།………………(293)

རླུང་ཤར་དགོན་གྱི་ལོ་རྒྱུས།རྙིང་མ།………………(296)

གནུབས་ཟུར་དགོན་གྱི་ལོ་རྒྱུས།རྙིང་མ།………………(296)

ཧོར་ཤུལ་དགོན་གྱི་ལོ་རྒྱུས།རྙིང་མ།………………(302)

མཁན་ལེབ་དགོན་གྱི་ལོ་རྒྱུས།རྙིང་མ།………………(306)

དབུ་ཚབ་དགོན་གྱི་ལོ་རྒྱུས།རྙིང་མ།………………(310)

[page v] བསྟན་རྒྱས་དགོན་གྱི་ལོ་རྒྱུས།རྙིང་མ།………………(312)

སྒོ་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ།……………(315)

མཆོད་རྟེན་དགོན་གྱི་ལོ་རྒྱུས།རྙིང་མ།……………(318)

སྟག་ལུང་དགོན་གྱི་ལོ་རྒྱུས།རྙིང་མ།……………(323)

དཀྱིལ་སྔོན་དགོན་གྱི་ལོ་རྒྱུས།རྙིང་མ།……………(325)

འཕྲུལ་སྟེང་དགོན་གྱི་ལོ་རྒྱུས།རྙིང་མ།……………(327)

དུང་དཀར་དགོན་གྱི་ལོ་རྒྱུས།རྙིང་མ།……………(328)

དཀྱིལ་ལུང་དགོན་གྱི་ལོ་རྒྱུས།རྙིང་མ།……………(331)

ཡར་ལུང་དགོན་གྱི་ལོ་རྒྱུས།རྙིང་མ།……………(333)

རྡོ་གྲུབ་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ།……………(337)

སྙན་ལུང་དགོན་གྱི་ལོ་རྒྱུས།རྙིང་མ།……………(339)

འབུམ་ལུང་དགོན་གྱི་ལོ་རྒྱུས།རྙིང་མ།……………(342)

སྟག་རྩེ་དགོན་གྱི་ལོ་རྒྱུས།རྙིང་མ།……………(345)

རགས་བཀྲམ་དགོན་གྱི་ལོ་རྒྱུས།རྙིང་མ།……………(348)

སེ་ར་ཐེག་ཆེན་འཁོར་གླིང་གི་ལོ་རྒྱུས།རྙིང་མ།……………(353)

ཏྲ་ཏྲ་དགོན་གྱི་ལོ་རྒྱུས།རྙིང་མ།……………(361)

ཕུའུ་དགོན་གྱི་ལོ་རྒྱུས།རྙིང་མ།……………(363)

འབྲོང་རི་དགོན་གྱི་ལོ་རྒྱུས།རྙིང་མ།……………(366)

བརྡ་ཚང་དགོན་གྱི་ལོ་རྒྱུས།རྙིང་མ།……………(367)

ཁང་དམར་ན་མདོ་དགོན་གྱི་ལོ་རྒྱུས།རྙིང་མ།……………(369)

གཞུ་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ།……………(372)

རྒྱའུ་གདོང་དགོན་གྱི་ལོ་རྒྱུས།རྙིང་མ།……………(374)

བག་སྟེང་དགོན་གྱི་ལོ་རྒྱུས།རྙིང་མ།……………(375)

བླ་རུང་སློབ་གླིང་གི་ལོ་རྒྱུས།རྙིང་མ།……………(376)

ཁམས་ཕྱོགས་ཆ་ཕྲེང་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

ཆ་ཕྲེང་བསམ་འཕེལ་གླིང་གི་ལོ་རྒྱུས།དགེ་ལུགས།……………(380)

རི་ཆིང་དགོན་གྱི་ལོ་རྒྱུས།དགེ་ལུགས།……………(384)

[page vi] བདེ་ཆེན་དགོན་གྱི་ལོ་རྒྱུས།དགེ་ལུགས།……………(384)

བེ་ཡ་དགོན་གྱི་ལོ་རྒྱུས།དགེ་ལུགས།……………(385)

རྡོ་རྭ་ལྷ་ཁང་གི་ལོ་རྒྱུས།དགེ་ལུགས།……………(385)

ལྡེང་ཐང་དགོན་གྱི་ལོ་རྒྱུས།རྙིང་མ། ………………(386)

སྤང་སྒང་དགོན་གྱི་ལོ་རྒྱུས།དགེ་ལུགས།……………(387)

རི་ཤུལ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(387)

བསྟན་རྒྱས་གླིང་གི་ལོ་རྒྱུས།རྙིང་མ། ………………(389)

ཁམས་ཕྱོགས་འབའ་ཐང་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

གྲུབ་པ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(392)

ལྷ་རི་དགོན་གྱི་ལོ་རྒྱུས།རྙིང་མ། ………………(396)

གནམ་བསྐོས་དགོན་གྱི་ལོ་རྒྱུས།རྙིང་མ། ………………(398)

རྩེ་ར་དགོན་གྱི་ལོ་རྒྱུས།རྙིང་མ། ………………(399)

འབའ་ཡ་སོ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(401)

ཆོས་གླིང་གྱི་ལོ་རྒྱུས།རྙིང་མ། ………………(403)

མཚོ་ཕུ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(403)

རྡོར་དགེ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(404)

སྤུང་རི་དགོན་གྱི་ལོ་རྒྱུས།རྙིང་མ། ………………(405)

གནས་ཞོལ་དགོན་གྱི་ལོ་རྒྱུས།རྙིང་མ། ………………(410)

བྱང་དཀར་དགོན་གྱི་ལོ་རྒྱུས།རྙིང་མ། ………………(412)

གོ་བོ་རོང་བསམ་གྲུབ་དགོན་གསར་གྱི་ལོ་རྒྱུས།དགེ་ལུགས།…………(415)

གྲུབ་འབྱུང་དགོན་གྱི་ལོ་རྒྱུས།དགེ་ལུགས།………………(419)

སྔོ་བཅུ་དགོན་གྱི་ལོ་རྒྱུས།དགེ་ལུགས།………………(420)

རྫིང་མཛོད་དགོན་གྱི་ལོ་རྒྱུས།དགེ་ལུགས།………………(421)

རི་སྟོད་དགོན་གྱི་ལོ་རྒྱུས།དགེ་ལུགས།………………(423)

ཆོས་སྡེ་དགོན་གྱི་རྒྱུས།དགེ་ལུགས།………………(424)

མོ་ཏོག་དགོན་གྱི་ལོ་རྒྱུས།དགེ་ལུགས།………………(428)

བསམ་གཏན་དགོན་གྱི་ལོ་རྒྱུས།བཀའ་རྙིང་འདྲེས་མ། …………(429)

[page vii] ཁམས་ཕྱོགས་སྡེ་རོང་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

རྡོ་བཅང་བཀྲ་ཤིས་གླིང་གི་ལོ་རྒྱུས།བཀའ་བརྒྱུད།………………(432)

རྒོ་ཨོ་རྒྱན་བདུད་འདུལ་གླིང་གི་ལོ་རྒྱུས།བཀའ་བརྒྱུད།………………(435)

ཤིང་མཁར་བྱང་ཆུབ་གླིང་གི་ལོ་རྒྱུས།བཀའ་བརྒྱུད།………………(440)

ཨོཾ་བརྒྱའི་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།………………(442)

དཔལ་འབར་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།………………(445)

སྣང་བཟང་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད།………………(449)

ཁམས་ཕྱོགས་བརྒྱད་ཟིལ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

ཨཱ་ར་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(457)

གསེར་རི་དགོན་གྱི་ལོ་རྒྱུས།ས་སྐྱ། ………………(459)

བརྒྱད་ཟིལ་དགོན་གྱི་ལོ་རྒྱུས།དགེ་ལུགས། ………………(459)

རི་བོ་ལྷ་ཁང་སྒྲུབ་གནས་ཀྱི་ལོ་རྒྱུས།བོན་པོ། ………………(461)

འབྲས་ལུང་དགོན་གྱི་ལོ་རྒྱུས།བོན་པོ། ………………(462)

ཁམས་ཕྱོགས་རོང་བྲག་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

གནས་གསར་དགོན་གྱི་ལོ་རྒྱུས།རྙིང་མ།………………(465)

དར་དཀར་རྩེ་དགོན་གྱི་ལོ་རྒྱུས།རྙིང་མ།………………(466)

རྡོ་འགོ་དགོན་གྱི་ལོ་རྒྱུས།རྙིང་མ།………………(466)

གསང་སྔགས་བསྟན་རྒྱས་གླིང་གི་ལོ་རྒྱུས།རྙིང་མ།………………(467)

ར་ཅོ་དགོན་གྱི་ལོ་རྒྱུས།རྙིང་མ།………………(468)

དེའུ་འབུར་དགོན་གྱི་ལོ་རྒྱུས།རྙིང་མ།………………(469)

སྤོས་རྩེ་ལྷ་ཁང་གི་ལོ་རྒྱུས།རྙིང་མ།………………(469)

ཀུན་འགྲོ་དགོན་གྱི་ལོ་རྒྱུས།རྙིང་མ།………………(470)

ཐུབ་བསྟན་ཕན་བདེ་གླིང་གི་ལོ་རྒྱུས།རྙིང་མ།………………(470)

འོ་ངྷི་དགོན་གྱི་ལོ་རྒྱུས།རྙིང་མ།………………(471)

འོད་གསལ་བཤད་སྒྲུབ་གླིང་གི་ལོ་རྒྱུས།རྙིང་མ།………………(473)

[page viii]

བཀྲ་ཤིས་ཆོས་གླིང་དགོན་གྱི་ལོ་རྒྱུས།རྙིང་མ།………………(475)

སྐྱིད་ལུང་དགོན་གྱི་ལོ་རྒྱུས།རྙིང་མ།………………(477)

འབྲུ་སྨིན་ཐེག་ཆེང་གླིང་གི་ལོ་རྒྱུས།རྙིང་མ།………………(490)

གསང་སྔགས་རབ་བརྟན་གླིང་གི་ལོ་རྒྱུས།རྙིང་མ།………………(491)

བྲག་སྟེང་ཕུན་ཚོགས་གླིང་གི་ལོ་རྒྱུས།དགེ་ལུགས། ……………(491)

ཐེག་ཆེན་གསང་སྔགས་གླིང་གི་ལོ་རྒྱུས།དགེ་ལུགས། ……………(494)

མཆོད་རྟེན་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(496)

པ་སྦར་ཧྲ་ལ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(497)

འབྲས་སྟོན་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(498)

དགའ་ལྡན་ཕུན་ཚོགས་གླིང་གི་ལོ་རྒྱུས།དགེ་ལུགས། ……………(498)

བདེ་ཆེན་ལྷུན་གྲུབ་གླིང་གི་ལོ་རྒྱུས།དགེ་ལུགས། ……………(499)

བཀྲ་ཤིས་རིན་ཆེན་གླིང་གི་ལོ་རྒྱུས།དགེ་ལུགས། ……………(500)

གླིང་ཆེན་ཆོས་གླིང་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(501)

གཡུང་དྲུང་དར་རྒྱས་གླིང་གི་ལོ་རྒྱུས།བོན་པོ། ………………(505)

གྲུབ་ཐོབ་བླ་བྲང་དགོན་གྱི་ལོ་རྒྱུས།བོན་པོ། ………………(507)

དཔག་བསམ་ལྷུན་གྲུབ་གླིང་གི་ལོ་རྒྱུས།བོན་པོ། ………………(509)

འདོད་དགུ་ཕུན་ཚོགས་གླིང་གི་ལོ་རྒྱུས།བོན་པོ། ………………(510)

གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས།བོན་པོ། ………………(511)

བོན་འཛུགས་དགོན་གྱི་ལོ་རྒྱུས།བོན་པོ། ………………(512)

གནས་འགོ་གཡུང་དྲུང་གི་ལོ་རྒྱུས།བོན་པོ། ………………(513)

འཇམ་དབྱངས་ལྷ་ཁང་གི་ལོ་རྒྱུས།བོན་པོ། ………………(514)

ཧྲ་ཁོ་དགོན་གྱི་ལོ་རྒྱུས།བོན་པོ། ………………(515)

གཡུང་དྲུང་ཆུ་འཁོར་གླིང་གི་ལོ་རྒྱུས།བོན་པོ། ………………(515)

གཡུང་དྲུང་བདེ་ལྡན་གླིང་གི་ལོ་རྒྱུས།བོན་པོ། ………………(516)

བདེ་ལྡན་ནོར་བུ་གླིང་གི་ལོ་རྒྱུས།བོན་པོ། ………………(517)

མི་ཕམ་རྣམ་རྒྱལ་གླིང་གི་ལོ་རྒྱུས།བོན་པོ། ………………(517)

ཁྱུང་ལུང་དགོན་གྱི་ལོ་རྒྱུས།བོན་པོ། ………………(518)

ཁམས་ཕྱོགས་ཉག་ཆུ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་[page ix] གསལ་བའི་མེ་ལོང་ཞེས་བྱ་བ།

རི་ལོགས་དགོན་པའི་ལོ་རྒྱུས།ས་སྐྱ། …………………(523)

སྦྱར་བ་དགོན་པའི་ལོ་རྒྱུས།ས་སྐྱ། …………………(524)

མཚོ་སྔོན་དགོན་པའི་ལོ་རྒྱུས།ས་སྐྱ། …………………(525)

ལས་སྨོན་དགོན་པའི་ལོ་རྒྱུས།ས་སྐྱ། …………………(527)

ཐུབ་པ་དགོན་པའི་ལོ་རྒྱུས།ས་སྐྱ། …………………(528)

རི་ཁྲོད་དགོན་པའི་ལོ་རྒྱུས།ས་སྐྱ། …………………(529)

འགྲ་དུང་འཁོར་དགོན་པའི་ལོ་རྒྱུས།ས་སྐྱ། …………………(530)

གཟིངས་འགུལ་དགོན་པའི་ལོ་རྒྱུས།ས་སྐྱ། …………………(532)

མདོ་དྟོད་དགོན་པའི་ལོ་རྒྱུས།ས་སྐྱ། …………………(533)

ལྷ་འབྲི་དགོན་པའི་ལོ་རྒྱུས།ས་སྐྱ། …………………(534)

འགྲ་ཡང་ལྡན་དགོན་པའི་ལོ་རྒྱུས།ས་སྐྱ། …………………(536)

མི་ཉག་རི་སློ་དགོན་པའི་ལོ་རྒྱུས།ས་སྐྱ། …………………(538)

རི་རྒྱ་དགོན་པའི་ལོ་རྒྱུས།དགེ་ལུགས། ………………(538)

བྲག་དཀར་དགོན་པའི་ལོ་རྒྱུས།དགེ་ལུགས། ………………(540)

བཀྲ་ཤིས་འཇམ་དབྱངས་དགོན་པའི་ལོ་རྒྱུས།དགེ་ལུགས། ……………(541)

སྤང་གདོང་དགོན་པའི་ལོ་རྒྱུས།དགེ་ལུགས། ………………(543)

དགོན་གསར་དགོན་པའི་ལོ་རྒྱུས།དགེ་ལུགས། ………………(544)

ཐང་དཀར་དགོན་པའི་ལོ་རྒྱུས།དགེ་ལུགས། ………………(546)

རྣམ་རྒྱལ་གླིང་དགོན་པའི་ལོ་རྒྱུས།བཀའ་བརྒྱུད། ………………(549)

ཕུན་ཚོགས་གླིང་དགོན་གྱི་ལོ་རྒྱུས།བཀའ་བརྒྱུད། ………………(550)

ལྡིར་གྲགས་དགོན་པའི་ལོ་རྒྱུས།བཀའ་བརྒྱུད། ………………(552)

ཕག་མོ་རིའི་དགོན་པའི་ལོ་རྒྱུས།བཀའ་བརྒྱུད། ………………(553)

སྨིན་གྲོལ་དགོན་པའི་ལོ་རྒྱུས།རྙིང་མ། ……………………(556)

བཱཿགནས་དགོན་པའི་ལོ་རྒྱུས།རྙིང་མ། ……………………(557)

སྤུ་པ་རོང་དགོན་པའི་ལོ་རྒྱུས།རྙིང་མ། ……………………(560)

ཐང་སྒང་དགོན་པའི་ལོ་རྒྱུས།བོན་པོ། ……………………(561)

མི་ཉག་འདུ་ར་དགོན་པའི་ལོ་རྒྱུས།བོན་པོ། ……………………(562)

[page x] ཁམས་ཕྱོགས་རྟའུ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

ཤར་རོང་དགོན་གྱི་ལོ་རྒྱུས།རྙིང་མ། …………………(566)

རྭ་ཤེལ་དགོན་གྱི་ལོ་རྒྱུས།རྙིང་མ། …………………(569)

གོང་ཐར་དགོན་གྱི་ལོ་རྒྱུས།རྙིང་མ། …………………(576)

གཡུ་མཁར་དགོན་གྱི་ལོ་རྒྱུས།རྙིང་མ། …………………(578)

བྲག་ཐོག་དགོན་གྱི་ལོ་རྒྱུས།རྙིང་མ། …………………(583)

སེང་གེ་དགོན་གྱི་ལོ་རྒྱུས།རྙིང་མ། …………………(584)

སྐུ་ནུབ་དགོན་གྱི་ལོ་རྒྱུས།རྙིང་མ། …………………(586)

སྐྱིད་སྣང་དགོན་གྱི་ལོ་རྒྱུས།རྙིང་མ། …………………(591)

ལའུ་ཐང་དགོན་གྱི་ལོ་རྒྱུས།རྙིང་མ། …………………(595)

ཉི་འོད་དགོན་གྱི་ལོ་རྒྱུས།རྙིང་མ། …………………(598)

གནས་ཞོགས་དགོན་གྱི་ལོ་རྒྱུས།རྙིང་མ། …………………(601)

བདེ་ཆ་དགོན་གྱི་ལོ་རྒྱུས།རྙིང་མ། …………………(603)

རྒྱལ་འཕགས་དགོན་གྱི་ལོ་རྒྱུས།རྙིང་མ། …………………(607)

དཀར་ཆོས་དགོན་གྱི་ལོ་རྒྱུས།རྙིང་མ། …………………(614)

བེ་ལོ་རི་ཁྲོད་དགོན་གྱི་ལོ་རྒྱུས།རྙིང་མ། …………………(617)

སྲིབ་ལུང་དགོན་གྱི་ལོ་རྒྱུས།དགེ་ལུགས། ………………(622)

བྱམས་ཆེན་དགོན་གྱི་ལོ་རྒྱུས།རྙིང་མ། …………………(624)

མགར་ཐར་བྱམས་པ་གླིང་གི་ལོ་རྒྱུས།དགེ་ལུགས། ……………(626)

སྔོན་སྡེས་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(631)

ཏེས་རོ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(634)

ལོ་གོས་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(635)

ཉ་མཚོ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(637)

ཁ་ཐོག་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(645)

གདུགས་དཀར་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(649)

མུ་གུ་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(652)

རག་ཕྲུག་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(652)

[page xi] སྔགས་སྒང་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………(653)

ཁམས་ཕྱོགས་ལྕགས་ཟམ་རྫོང་གི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་ཞེས་བྱ་བ།

སྨན་ཆུ་ལྷ་ཁང་གི་ལོ་རྒྱུས།གྲུབ་མཐའ་རིས་མེད། …………… (658)

དགུ་རྫབ་དགོན་གྱི་ལོ་རྒྱུས།བོན་པོ། ……………… (659)

བསམ་གྲུབ་དགོན་གྱི་ལོ་རྒྱུས།བོན་པོ། ……………… (661)

སྨོང་སྐྱིད་དགོན་གྱི་ལོ་རྒྱུས།བོན་པོ། ……………… (664)

ཆུ་མིག་དགོན་གྱི་ལོ་རྒྱུས།བོན་པོ། ……………… (666)

དམ་པ་རང་གྲོལ་དགོན་གྱི་ལོ་རྒྱུས།བོན་པོ། ……………… (668)

ས་མཁར་དགོན་གྱི་ལོ་རྒྱུས།ས་སྐྱ། ……………… (670)

ཀ་བཞི་དགོན་གྱི་ལོ་རྒྱུས།དགེ་ལུགས། ……………… (671)

ལི་ཐང་རྫོང་།

[page 1]

དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས།

[page 2] དེ་ཡང་ལི་ཐང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གྲགས་པ་འདི་ནི། རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དགུང་ལོ་སོ་བརྒྱད་སྤྱི་ལོ་1580ལྕགས་འབྲུག་གི་ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ལ་མགོ་བཙུགས་ཏེ་ཐུབ་ཆེན་ལྷ་ཁང་ཀ་བ་བཅོ་བརྒྱད་དང་། འདུ་ཁང་ཀ་བ་བརྒྱད་ཅུ་གྱ་གཉིས། མགོན་ཁང་ཀ་བ་བཞི། རྒྱལ་པོ་ལྕོག་ཀ་བ་དྲུག གཟིམས་ཁང་ཀ་བ་བརྒྱད། གཟིམས་ཆུང་ཡང་དབེན་ཀ་བ་དྲུག་སོགས་གྲུབ་པ་དང་། མ་གྲུབ་པ་རྣམས་ཀྱི་ས་བཀྲ་སོགས་མཛད་པ་དང་། ལྷན་གཅིག་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་པོ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་མཐོ་རེ་བཞི་པ་བཞེངས་ཏེ། མགོན་ཁང་སོགས་གྲུབ་ཟིན་རྣམས་ལ་རབ་ཏུ་གནས་པར་མཛད། དགོན་པའི་མཚན་ལ་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། རབ་བྱུང་དང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས། གདུལ་བྱ་རྣམས་ལ་ཆོས་ཀྱིས་ཚིམ་པར་མཛད། ཉིད་ཀྱི་རྒྱལ་ཚབ་ཏུ་སྐུ་སྐྱེ་རིན་པོ་ཆེ་བསོད་ནམས་ཡེ་ཤེས་བཞག་ནས་ཐུགས་སྨོན་དང་བཅས་ཧོར་ཟླ་བཅུ་གཅིག་པའི་ནང་རྨ་ཁམས་བརྒྱུད་དེ་ཆབ་མདོ་བྱམས་པ་གླིང་དུ་ཕེབས་པ་ཡིན་ནོ།

དེ་ལྟར་རྒྱལ་བའི་དབང་པོ་ཉིད་ཀྱིས་དགོན་སྡེ་ཆེན་པོ་ཐུབ་བསྟན་བྱམས་ཆེན་གླིང་འདི་གཞི་བརྩམས་པའི་ལོ་འདི་ཀ་ནས་བཟོ་འགོ་བཙུགས། ཐོག་མར་བཟོ་བོ་དཔོན་མོ་ཆེ་བ་པུ་ཎྻེ་ཤྲཱི་གྲོགས་མཆེད་གསུམ་སོགས་དཔོན་གཡོག་རྣམས་བལ་ཡུལ་ནས་འོངས་བ་ལ་རྫོགས་སྣ་མཐུབ་རྐྱེན་མཐའ་དག་གི་སྦྱིན་བདག་སྐྱི་ཤོད་ནས་སྡེ་བ་བཀྲ་ཤིས་དཔོན་གྱིས་གནང་། ཕྱག་ཕྱིར་ལི་ཐང་ས་ཡི་ཐིག་ལེ་འདིར་ཕེབས་འཕྲལ། བར་ཆད་བདུད་རིགས་ལོག་པར་འདྲེན་པ་ཐམས་ཅད་ཚར་གཅོད་པའི་དཔལ་ལྡན་ལྷ་མོ་འདིར་སྲུང་མར་མཆོག་ཏུ་བསྔགས་པའི་རྒྱུ་མཚན་ཡོད་པས། འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་བཀའ་རྒྱུད་འདིའི་སྲུང་མ་ཐུན་མོང་མ་ཡིན་པ་དེའི་སྐུ་དང་། གདོང་ཅན་གཉིས་དུས་བཞིའི་ལྷ་མོ་དང་རྗེ་ཙོང་ཁ་པའི་བཀའ་སྲུང་དམ་ཅན་ཆོས་རྒྱལ་སོགས་དངུལ་གྱིས་བཞེངས། ལོའི་དེའི་ཧོར་ཟླ་ལྔ་བའི་ཚེས་བཟང་ལ་བཟོ་འགོ་བཙུགས་པ་དང་མཉམ་དུ་བྱང་ཕྱོགས་ཀྱི་ཆ་དཀར་ཆེན་མོའི་རྒྱལ་པོས་བརྒྱ་འབུལ་སོགས་འབྱོར་ཏེ་རྟེན་འབྲེལ་འགྲིགས།

དེ་ནས་སོག་པོ་ཇིང་གིར་དཔོན་གྱི་ཕྱག་མཛོད་ཀྱིས་ཐུབ་ཆེན་བཞེངས་པའི་སྐུ་རྒྱུ་བསམ་གྱིས་མི་ཁྱབ་པ་ཕུལ་བས། རྒྱུ་ནོར་ལོགས་སྤྱོད་སོགས་ནམ་མཁར་མཛོད་ལ་དབང་སྒྱུར་བ་ལྟར་བྱུང་། ཐུབ་ཆེན་[page 3] རྒྱབ་མཐོ་རེ་བཞི་པ་བལ་པོ་རྒྱལ་མོ་མི་གསུམ་གྱིས་བཞེང་རྒྱུ་ཁས་བླངས། ཐུབ་ཆེན་ཁམས་གསུམ་ཟིལ་གནོན་འདིའི་གཟུངས་གཞུག་ཏུ་རྒྱ་བོད་ཀྱི་བླ་མ་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་བྱིན་གྱིས་བརླབས་པའི་རྟེན་དཔག་མེད་དང་། བླ་མ་དེ་དག་གི་བཤེས་གཉེན་གྱི་བྲིས་སྐུ་འབུར་མ་བརྒྱ་དང་ལྔ་བཅུ། སངས་རྒྱས་སྤྲུལ་བའི་སྐུའི་ཆ་བྱད་ཅན་གྱི་བྲིས་སྐུ་འབུར་མ་སྟོང་ཕྲག་གཉིས་དང་བརྒྱ་དང་བརྒྱད་ཅུ། ཆོས་ཀྱི་སྐུའི་རྟེན་སངས་རྒྱས་ཀྱི་འཕེལ་གདུང་རྣམས་ཀྱིས་བྱས་པའི་རིང་བསྲེལ་སོ་བརྒྱད། ཡི་དམ་རྒྱུད་སྡེ་གཙོ་བཞིའི་དཀྱིལ་འཁོར་ཉིས་བརྒྱ་དང་ལྔ་བཅུ། ཆོས་སྐྱོང་སྲུང་མའི་བྲིས་སྐུ་འབུར་མ་བརྒྱད་བཅུ་རྩ་གཉིས། གསུང་རྟེན་མདོ་དང་བསྟན་བཅོས་པོད་སུམ་བརྒྱ་ལྷག་དང་། ཐུགས་རྟེན་མཆོད་རྟེན་བྲིས་འབུར་ཉིས་བརྒྱ་དང་སུམ་ཅུ་རྩ་བདུན། གནས་ཡིག་བརྒྱ་དང་ལྔ་བཅུ་རྩ་ལྔ་བཅས་ཀྱིས་མཚོན་སྐུ་གསུམ་ཐུགས་ཀྱི་རྟེན་འདིར་ཡི་གེ་འཁོད་པ་དང་། མ་འཁོད་པ་ཡང་དུ་མ་ཡོད་པས་ཐམས་ཅད་བསྡོམས་ན་བྲིས་འབུར་གྱི་སྐུ་འདྲ་ཁོ་ན་ཁྲི་ཕྲག་ལྷག་དང་། གཞན་ཡང་ལྷ་ཆེན་རང་ལ་ཡང་གསར་དུ་བཅོས་པའི་གནོད་སྦྱིན་འཁོར་ལོ་ཉི་ཤུ། རྡོ་དྲིལ་ཆ་ལྔ། ལྷུང་བཟེད་གསུམ། དུང་དཀར་བཅུ་གཅིག དཀར་སྐྱན་གཉིས་དང་རྡོ་རྗེ་ཕ་ལམ་སོགས་ཀྱིས་གཙོ་བྱས་ནོར་སྣ་ཁྱད་འཕགས་དུ་མ་བཞུགས། དེ་ལྟར་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་ལེགས་པར་གྲུབ་པའི་ཉིན། གནས་འདི་ལ་འཇམ་འོད་ཀྱི་གུར་སུམ་རྩེགས་དང་། ཉི་ཟླ་གཟའ་སྐར་གསུམ་ལ་ཡང་འཇའ་འཚོན་སྣ་ལྔའི་གུར་ཕུབ་པ་སོགས་ཀུན་གྱི་བློ་ཡུལ་ལས་འདས་པ་བྱུང་བ་ཡིན་ནོ།

རྒྱལ་མཆོག་ཉིད་ཀྱི་སྐུ་མཆེད་རྗེ་བསོད་ནམས་ཡེ་ཤེས་དབང་པོས་དགོན་པ་འགོ་བཙུགས་པ་ནས་བཟུང་། རྒྱལ་མཆོག་ཉིད་ཀྱི་ཞལ་བཀོད་ལྟར་བཙུག་ལག་ཁང་སོ་སོར་བཞེངས་བའི་ལྡེབས་བྲིས་དང་ཚོན་རྩི་ལེགས་བྲིས་སོགས་དང་། སླར་དུས་འཁྲུགས་མི་ཡོང་བའི་ཆེད་དུ་ཐུབ་ཆེན་གྱི་གཡས་སུ་གསེར་ཟངས་ལས་གྲུབ་པའི་མི་འཁྲུགས་པའི་སྐུ་དང་། རྒྱལ་བའི་དབང་པོ་ཉིད་ཀྱིས་བཙུགས་པའི་ཕྱག་ལེན་ལྟར་ལྔ་དྲོའི་ཆོས་ཐུན་ལ་སངས་རྒྱས་ཀྱི་འཁྲུངས་རབས་སོགས་ཆོས་ལུང་མང་པོ་བསྩལ་ཏེ་གདུལ་བྱ་སྐྱེ་འགྲོ་རྣམས་ཆོས་བཀོད། གྲྭ་སློབ་བསྡུས་ཏེ་དགེ་ཚུལ་གྱི་སྡོམ་པ་དང་བསྙེན་རྫོགས་སོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས།

དེ་ནས་གདན་ས་ཉིད་ལ་གྲྭ་སའི་ཁྲི་བ་རིམ་བྱོན་ནི། ཚ་བ་རིན་ཆེན་སེང་གེ་དང་ནམ་ལངས་ཆོས་མཛད། སྦ་ཡན་ཆོས་རྗེ། ཝ་ཤུལ་དགེ་འདུན་ལེགས་གྲུབ་སོགས་གྱིས་མཁན་པོ་མཛད་དེ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། ཕར་ཕྱིན་བློ་བཟང་དགོངས་རྒྱན། དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་སོགས་མདོ་ཕྱོགས་ཀྱི་འགྲེལ་བ་བཞི་སྦྲགས་སོགས་རྒྱུད་སྨད་པའི་ཡིག་ཆ་དང་མཐུན་པར་མདོ་སྔགས་གཉིས་ཀའི་འཆད་ཉན་གནང་སྟེ་རྒྱལ་བའི་བསྟན་པ་སྔར་ལས་གོང་འཕེལ་མཛད། དེའི་དུས་སུ་ལི་ཐང་དགོན་པའི་ཐད་ཀའི་རི་ཐོག་དེར་བོན་པོའི་དགོན་ཞིག་ཡོད་པས། དགོན་པ་དེ་གཉིས་གྲུབ་མཐའ་དང་ལྟ་བ་གཅིག་པའི་རྩོད་གླེང་དང་མི་མཐུན་པ་དུ་མ་བྱུང་སྟེ་མཐར་བོན་དགོན་དེ་མེད་པར་[page 4] གྱུར།

དེ་ནས་སྒོ་མང་དོན་གྲུབ་རྒྱ་མཚོ་ཁྲིར་ཕེབས་ཏེ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་བཏང་བ་མ་ཟད། གཙུག་ལག་ཁང་རྟེན་བཞེངས་དང་ཚོགས་ཆེན་འདུ་ཁང་ཆེན་མོ་ཀ་བ་བརྒྱད་ཅུ་དང་ཆོས་ར་ཀ་བ་བརྒྱ་དང་བརྒྱད་ཅུ་ཡོད་པ་དང་། འདུ་ཁང་ཕོ་བྲང་དམར་པོ་ཐོག་བརྩེགས་གསུམ་དང་ཕོ་བྲང་དཀར་པོ་ཐོགས་རྩེགས་གཉིས་བཅས་ལ་སྤེན་པ་ལྡེབས་བྲིས་ཚོན་རྩི་ཐོག་ཁང་གསེར་ཟངས་ཀྱི་རྒྱ་ཕེབས་དང་། རྒྱལ་མཚན། རི་དྭགས་ཆོས་འཁོར་སོགས་ལེགས་པར་བཞེངས་བ་མ་ཟད། རྗེ་བཙུན་བྱམས་པ་ཐོག་ཚད་གཅིག་བཅས་གསར་བསྐྲུན་མཛད། དེའི་དུས་སུ་གྲོང་སྡེ་དཔོན་ཨ་ཤེས་སྒྲོལ་མས་མཁན་པོ་དོན་འགྲུབ་རྒྱ་མཚོ་ལ་མོ་རང་གིས་ཐུབ་ཆེན་ལ་དབུ་རྒྱན་ཞིག་འབུལ་རྒྱུ་རེ་བ་ཞུས་ཀྱང་། མཁན་པོའི་ཐུགས་དགོངས་ལ་མོ་འདི་ནི་སྐྱེ་མཐའ་བཟང་པོ་ཞིག་མི་འདུག་པས། གལ་ཏེ་དབུ་རྒྱན་ཕུལ་བཅུག་ན་དགོན་པའི་བསྟན་པ་ཉམས་འགྲོ་བའི་གནོན་པ་ཡོང་ངེས་དགོངས་ཏེ་ཁྱོད་ཀྱི་ཚོགས་ཆེན་ཆོས་རྭ་ནང་སངས་རྒྱས་སྟོང་སྐུ་བཞེངས་ཐུབ་ན་ལེགས། ཐུབ་ཆེན་གྱི་དབུ་རྒྱན་ང་ཚོས་གྲ་བསྒྲིགས་བྱས་ཚར་ཞེས་གསུངས་སོ། དེ་ནས་སྡེ་བ་ཨི་ཤེས་སྒྲོལ་མས་རྡོ་སྐུའི་སངས་རྒྱས་སྟོང་སྐུ་ཞིག་བཞེངས། མཁན་པོ་དོན་གྲུབ་རྒྱ་མཚོས་སོག་པོ་ཇིང་གིར་རྒྱལ་པོ་ལ་ལི་ཐང་ཐུབ་ཆེན་ལ་དབུ་རྒྱན་གཅིག་དགོས་པས་ཁྱོད་ཀྱིས་ད་དུང་རོགས་གནང་ཞུས་པས། ཇིང་གིར་རྒྱལ་པོའི་གཙོས་སྦྱིན་བདག་དུ་མའི་རོགས་སྐྱོར་འོག་ཐུབ་ཆེན་ལ་དབུ་རྒྱན་དང་ལོངས་སྐུའི་ཆ་བྱད་མ་ལུས་པར་གསོལ་ཏེ་ཇོ་བོ་ཁམས་གསུམ་ཟིལ་གནོན་ཞེས་མཚན་གསོལ་བར་མཛད་དོ།

ཡང་རྗེ་བསོད་ནམས་རྒྱ་མཚོའི་སྐུ་ཚེ་སྨད་ལ་སོག་ཡུལ་དུ་རྒྱལ་བའི་བསྟན་པ་སྤེལ་བ་དང་དོན་གྲུབ་རྒྱ་མཚོ་ཡང་སོག་པོའི་བླ་མ་ཞིག་ཡིན་པས་ཇིང་གིར་རྒྱལ་པོ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།

དེ་ནས་མཁན་དོན་གྲུབ་རྒྱ་མཚོ་དབུས་ཕྱོགས་སུ་ཕེབས་དུས། རྒྱུ་གཟེར་ཟངས་ལས་བསྐྲུན་པ་མི་འཁྲུགས་པའི་སྐུ་ཞིག་ཕུལ་བར་མཁན་པོ་དོན་འགྲུབ་རྒྱ་མཚོས་རྟེན་འབྲེལ་འགྲིགས་སོང་གསུངས་ནས་ལྷ་སར་གདན་དྲངས་ཏེ་སྒོ་མང་ཚོགས་ཆེན་འདུ་ཁང་དུ་བཞུགས་སུ་གསོལ།

རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ལྷ་ས་ནས་ཕྱག་མཛོད་གཅིག་མངགས་ཏེ་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་སྙན་ཤལ། མཆོད་འབུལ། མང་འགྱེད་སོགས་མཛད་པར་མ་ཟད།

རྒྱལ་བའི་བསྟན་པ་རིན་པོ་ཆེ་རིང་དུ་གནས་པ་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུའི་རིམ་གྲོ་ལ་དམིགས་ཏེ་ཀ་བ་བཅུ་དྲུག་གི་ལྷ་ཁང་གསར་འཛུགས་ཀྱི་ཚོན་རྩི་ལེགས་གྲུབ་ཐོག་ནས་བརྟན་བཅུ་དྲུག་གི་ཞིང་བཀོད་རྣམ་པར་བཀྲ་བ་ཞིག་བཞེངས། དེ་མཚུངས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་སྦྱངས་ལས་གྲུབ་པའི་པོ་ཏི་རིའི་དབུ་ཤོག་ལ་གནས་བཅུ་སྐུ་ཚང་བ་བཅས་བཞེངས་པས་རབ་གནས་བརྟན་[page 5] བཞུགས་ཡང་ལེགས་པར་མཛད་པ་ཡིན་ནོ།

རྗེས་སུ་སླར་ཡང་རྒྱལ་མཆོག་ཉིད་མདོ་སྨད་ཁུལ་འཁྲུངས་ཡུལ་ལི་ཐང་དང་མགར་ཐར་དུ་བསྟན་པ་སྤེལ་བར་ཞལ་བཞེས་གནང་སྟེ་ས་མོ་བྱའི་ལོ་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ཆབ་མདོ་ནས་ཆིབས་སྒྱུར་གནང་སྟེ། མཁན་པོ་དང་ལས་སྣེ་དཔོན་རིགས་རྣམས་ཀྱིས་ཆིབས་བསུ་དང་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་བྱེ་བྲག་མཆོད་པ་དཔག་ཏུ་མེད་པའི་མདུན་བསུས་ཏེ་གཙུག་ལག་ཁང་གི་ཡང་ཐོག་གཟིམས་ཆུང་དུ་ཕྱག་ཕེབས། དེའི་ཕྱི་ཉིན་ཁོང་གི་འཁྲུངས་ས་ལྷ་བོན་རི་ལ་བསང་དང་གསོལ་མཆོད་ཕུལ། དེའི་སྐབས་ས་གཡོ་ཉིན་ཁ་ཤས་བསྟུད་མར་བྱུང་བར་བརྟེན་འཚུབ་ཆ་བཟློག་ཕྱིར་སྐུའི་གམ་དུ་བཅར་བའི་དགེ་འདུན་པ་རྣམས་ནས་རི་གྲོ་ལེགས་པར་བསྒྲུབས་པས་རང་ཞིར་སོང་། དེ་ནས་ལི་ཐང་གྲྭ་ཚང་གི་ཚོགས་ཆེན་དུ་གདན་འདྲེན་ཞུས་ཏེ། རྗེས་གོང་མའི་གསེར་ཁྲིར་ཞབས་སེན་མངོན་པར་འཁོད་དེ་ལི་ཐང་ཆོས་སྡེ་ནས་དངོས་འབྱོར་རྒྱ་ཆེ་བ་བཅས་བརྟན་བཞུགས་རྒྱས་པ་ཕུལ་ཞིང་དགེ་འདུན་འདུས་ཚོགས་རྣམས་ལ་དཔལ་ལྡན་ས་གསུམ་མའི་ལྗགས་ལུང་། ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་བསྩལ། མང་འགྱེད་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་། འདུ་ཁང་མཐོང་ཡོངས་རྫོགས་ཁེབས་པའི་གོས་བཟང་མ་ཎི་གསེར་མའི་དྲ་བ་དྲ་བྱེད་བཅས་སྙན་དར་སྣ་ཚོགས་དང་། གོས་བཟང་སིའུའི་ཕྱེ་ཕུར་ཆ་བཅས་སྦྱོར་འཇོག་གནང་། ཚེས་བཅོ་ལྔའི་ཉིན་དགོན་པའི་ཚོགས་ཆེན་འདུ་ཁང་དུ་གསོ་སྦྱོང་གི་མདོ་འཆད་པ་སོགས་བསྟན་པའི་བྱ་བརླབས་ཆེན་མཛད། ཟླ་བ་གཅིག་གི་རིང་འཇིགས་མཛད་རྡོ་རྗེ་ལྗགས་བསྙེན་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པར་མཛད། དེ་ནས་ཐུབ་ཆེན་ཁང་བྱམས་པའི་སྐུ་བརྙན་གྱི་ནང་རྟེན་རྩ་ཆེན་ཞིག་དང་། མཆོད་རྫས། གསེར་ཆབ་སྙན་ཤལ་སོགས་ཕུལ་ཏེ་ཐུགས་སྨོན་གྱིས་མཚམས་སྦྱོར་ཡང་དག་གནང་། ཟླ་བ་གཉིས་དང་ཞག་ཉི་ཤུའི་རིང་སྐུ་མཚམས་ལ་བཞུགས་དེ། གྲོལ་རྗེས་ལི་ཐང་དགོན་པའི་ལོ་མཇུག་གི་སྐུ་རིམ་གཏོར་རྒྱག་དང་འཆམ་སོགས་ལ་གཟིགས་རྟོགས་གནང་། ལྕགས་ཁྱིའི་ལོའི་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོའི་མཆོད་སོགས་སྔར་རྒྱུན་ལྟར་མངའ་གསོལ་རྒྱས་པར་མཛད། དེ་ནས་ཚོགས་ཆེན་འདུ་ཁང་དུ་རྒྱུ་སྨད་མཁན་ཆེན་རྡོ་རྗེ་འཆང་གིས་གཙོས།

ཞབས་ཕྱི་པའི་བླ་མ་དགེ་བཤེས་རྣམས་དང་། ཡབ་རྗེ་དམ་པ་དང་། དྲུང་འཁོར་སེར་སྐྱ་དྲག་ཞན། གོང་མ་ཆེན་པོའི་མི་དྲག་མེ་རིང་ཇང་གི་ནིའི་གེ་དང་ཙོང་བན་སོགས་རྒྱ་དཔོན་ཆེ་ཆུང་མང་པོ་དང་ལི་ཐང་དགོན་གྱི་མཁན་པོ་སློབ་དཔོན་ལས་སྣེ་སོགས་བརྒྱ་ཕྲག་དུ་མར་གསོལ་སྟོན་གཟབ་རྒྱས་ཐོག་གར་རོལ་སོགས་ཀྱི་དགའ་སྟོན་ལ་དགྱེས་པར་རོལ། དེ་ནས་ཡབ་རྗེ་དམ་པས་ཚོགས་དབུས་སུ་རྒྱ་ནག་ནས་ལེགས་འབུལ་བྱུང་བའི་དངོས་ཆས་མཆོད་རྫས་དཔག་ཏུ་མེད་པ་ཕུལ། རྗེ་ཉིད་ཀྱིས་ཚོགས་པ་ལ་རིགས་གསུམ་མགོན་པོ་བཟླས་ལུང་བསྩལ་བ་མ་ཟད། མདོ་སྨད་ཕྱོགས་འདིར་རི་བོ་དགེ་ལུགས་པའི་རིང་ལུགས་འཛིན་པའི་བཤད་སྒྲུབ་ཀྱི་སྡེ་མང་དུ་མཆིས་པ་ལས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་འདི། རྗེ་བསོད་ནམས་རྒྱ་[page 6] མཚོས་ཕྱག་ལེན་གཙང་བ་མདོ་རྒྱུད་འཆད་ཉན་སྒོམ་སྒྲུབ་ཀྱི་མིག་ལྟོས་བཟང་བོས་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེ་བའི་དགེ་བའི་བཤེས་གཉེན་མང་དུ་བཞུགས་པ་བཅས་གཅིག་ཏུ་བསྔགས་པར་འོས་པའི་གནས་སུ་ཡོད་ལ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཕྱག་ལེན་ཡང་རྒྱས་པ་ཡོད་སྟབས། རྒྱལ་བསྟན་ལེགས་པར་སྐྱོང་དགོས་པའི་ཞལ་གདམས་སུ་མ་གནང་སྟེ། ཚོགས་པ་ཐམས་ཅད་མི་ཕྱེད་པའི་དད་པ་ཐོབ་སྟེ་རང་རང་གི་དབང་པོ་དང་འཚམ་པའི་ཐེག་པ་གསུམ་གྱི་རིགས་ཀྱི་ནུས་བ་བལྟས་པར་སྔར་ཅུང་ཟད་མི་འགྱོད་པ་རྣམས་འགྱོད་པ་སྐྱེས་ཤིང་ཕྱིན་ཆད་ཁ་ཙམ་མ་ཡིན་པའི་གུས་པ་ལྷུར་ལེན་པར་གྱུར་ཏོ། ལི་ཐང་སྡེ་པ་དང་སྤྱི་སོ་ཁམས་ཚན་རྣམས་ཀྱིས་ཀྱང་འབུལ་བ་སྦམས་མཐོ་བ་བཏེགས། དར་རྒོད་ཁག་གཉིས་དང་། ཨ་ཕག་རྒྱ་མཚོ། བསོད་ནམས་མཚོ་སོགས་ཉི་འཁོར་བཅས་ཀྱིས་མཚོན་སེར་སྐྱ་སྟོང་ཕྲག་དུ་མར་མཇལ་ཁ་དང་ཕྱག་དབང་གནང་།

དེ་ནས་ལྕགས་ཁྱི་ལོའི་ཟླ་བ་དང་པོའི་ཚེས་ཉེར་གཅིག་ཉིན་ལི་ཐང་ཆོས་སྡེ་ནས་མགར་ཐར་ཕྱོགས་སུ་ཆིབས་ཁ་སྒྱུར། ཟླ་བ་གཉིས་པའི་ཚེས་གསུམ་ལ་མགར་ཐར་ཆོས་སྡེ་སོགས་ཀྱིས་བསུ་བ་བཅས། ཀ་བཞི་དགོན། འགི་བ་ཁ་དགོན། རྟའུ་ཉ་མཚོ་དགོན། བྲག་འགོ་དགོན། ཧོར་དཀར་མཛེས་དགོན་སོགས་ཀྱི་དགོན་སྡེ་དང་དཔོན་རིགས་ཁག་མང་པོའི་འབུལ་ཚན་དང་མཇལ་ཁ་ཞུས། མགར་ཐར་དགོན་རྒྱས་འདེབས་དང་རྟེན་བཞེངས་སོགས་ལེགས་པར་པར་མཛད་པ་མ་ཟད། དགེ་འདུན་གྱི་སྡེ་ཡར་རྒྱས་དང་བསླབ་པ་གསུམ་སོགས་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ།

དབུས་ཕྱོགས་ཀྱི་དགོན་སྡེ་དང་སེར་སྐྱ་ཡོང་ཀྱིས་ཡང་ཡང་གསོལ་བ་བཏབ་པས་མེ་མོ་ཡོས་ཀྱི་ལོར་ཧོར་ཟླ་གསུམ་པའི་ཚེས་ཉེར་གཅིག་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་མགར་ཐར་ནས་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར། སླར་ཡང་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་མཁན་པོས་གཙོས་དགེ་འདུན་པ་ཆིག་སྟོང་བརྒྱད་བརྒྱ་ལྷག་གིས་སེར་འཕྲེང་གིས་བསུ་བ་དང་མང་ཚོགས་ཁྲི་ཕྲག་བརྒལ་བའི་མཇལ་བསུས་ཐོག་ཚོགས་ཆེན་འདུ་ཁང་དུ་གདན་དྲངས་ཏེ་ཐུབ་ཆེན་བྱམས་པ་གླིང་དགོན་མ་ལག་དང་བཅས་ཀྱིས་རྟེན་གསུམ་དང་མཎྚལ་གསེར་དངུལ། ཇ་གོས་དར་སོགས་ཀྱི་འབུལ་བ་རྒྱ་ཆེན་དང་ཞབས་པད་བརྟན་པའི་བདེན་ཚིག་བརྗོད། ཚོགས་པ་དད་ལྡན་སྟོང་ཕྲག་ལ་བྱང་ཆུབ་ལམ་གྱི་སྒྲོན་མེའི་ལྗགས་ལུང་སོགས་བསྩལ་ཏེ་མཇལ་ཁ་ཞུས། གྲྭ་ཚང་ནང་རྟེན་དུ་རྒྱལ་དབང་ལྔ་བ་ཆེན་པོའི་ཕྱག་སྦུབ་བྱིན་ཅན་འཛམ་གླིང་གཡས་བཞག་གནང་། མཁན་སློབ་ལས་སྣེ་བཅས་ལ་སོ་སོར་གོ་གནས་དང་བསྟུན་ནས་གནང་ཆ་སོགས་སྩལ། ཐུབ་ཆེན་ཁང་དུ་གསེར་ཆབ་དང་བརྒྱ་མཆོད་ཀྱི་ཏིང་ཀོང་གོས་བཟང་གི་གནམ་རྒྱན། འཕན་བླ་བྲེ། མངག་བཏགས་དར་ཚོན་སྣ་ལྔའི་སྙན་ཤལ། ལྷ་མོ་བསེ་ཁྲབ་མའི་མགོན་ཁང་དུའང་སྙན་ཤལ་སྤྱན་གཟིགས་སོགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་ཐུགས་སྨོན་མཛད། གཟིམས་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་གྱི་སྐུ་གསུམ་ཐུགས་རྟེན་མང་པོ་དང་དེ་དག་མཆོད་ཐེབས་ཀྱང་སྦྱོར་འཇགས་མཛད། [page 7] ཆ་ཕྲེང་བསམ་འཕེལ་གླིང་དང་འདབས་ཡང་སྟེང་དགོན། འགིར་དགོན། འཇའ་བྱ་མོ་དགོན། གཞི་བ་ཁམས་ཚན། གངས་དཀར་གླིང་། ཤོག་དྲུག་སོགས་དགོན་སྡེ་ཁག་དང་གཡོན་རུ་ཝ་ཤུལ་དཔོན་པོ་བསོད་ནམས་ནོར་བུ་སོགས་དཔོན་རིགས་ཁག་བཅས་ཀྱིས་རང་རང་གི་འབྱོར་བ་དང་བསྟན་པའི་དངོས་འབུལ་རྒྱ་ཆེར་བགྱིས་ཏེ་མཇལ་ཁ་ཞུས། ལི་ཐང་དགོན་དུ་རྒྱ་དམག་མི་འདུག་པ་དང་བུད་མེད་དང་བྱ་ཕག་སོགས་གཏན་ནས་གསོ་མི་ཆོག་པའི་སྒྲིག་ལམ་བཅས་མི་དྲག་རྣམས་ལ་བསྩལ་བ་དང་དུ་བླངས་བས་ཕྱིན་ཆད་ཕན་པ་རྒྱ་ཆེར་བྱུང་། དེ་ནས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་ནས་རྗེ་ཉིད་དབུས་ཕྱོགས་སུ་ཆིབས་སྒྱུར་གནང་། དེ་ནས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་ནས་རྗེ་ཉིད་དབུས་ཕྱོགས་སུ་ཆིབས་སྒྱར་གནང་།

སྐུ་ཞབས་རྡོ་རིང་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་རྒྱ་མཚན་ནི། བོད་རབ་བྱུང་བཅུ་གསུམ་པའི་འཕར་བ་ཞེས་པ་ལྕགས་མོ་གླིང་གི་ལོར་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཉེ་འདབས་སུ་སྐྱེས་ཆེན་དམ་པ་དུ་མ་འཁྲུངས་ཡུལ་དེར། ཡབ་ལི་ཐང་སྡེ་བ་ཨ་ཚོར་ནོར་བུ་དང་ཡུལ་ཆོས་སྦྱིན་མ་གཉིས་ཀྱི་སྲས་སུ་མཚེ་མའི་གྲོང་དུ་སྐུ་བལྟམས། དགུང་ལོ་དྲུག་ལ་ཁྲི་བ་འབྲས་སྤུངས་དགེ་བཤེས་བློ་བཟང་ཕུན་ཚོགས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་བློ་བཟང་བསྟན་པའི་རྒྱལ་མཚན་གསོལ། ས་མོ་བྱིའི་ལོར་དགུང་ལོ་དགུ་ཡི་དུས་སུ་དབུས་གཙང་ཆོས་ཀྱི་ཞིང་དུ་བྱོན་ཏེ་རྒྱལ་དབང་ཡབ་སྲས་དང་སྐྱེས་ཆེན་དམ་པ་རྣམས་དང་། ར་མོ་ཆེ། སེ་འབྲས། པོ་ཏ་ལ་སོགས་རིམ་པར་མཇལ། སྦྱིན་བདག་བཀའ་བློན་རྡོ་རིང་པའི་གདན་དྲངས་ཏེ་ཞབས་ཕྱི་སྒྲུབ། སེ་ར་བྱས་པ་གྲྭ་ཚང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་བློ་བཟང་སློབ་དཔོན་དུ་བསྟེན་ཞིང་། གཞུང་ཆེན་རྣམས་ལ་སློབ་གཉེར་མཛད་པས་མཁས་པ་ཕུལ་དུ་ཕྱིན། ཀུན་མཁྱེན་རྒྱལ་བའི་དབང་པོ་བློ་བཟང་འཇམ་དབྱངས་རྒྱ་མཚོའི་ཞལ་སྔ་ནས་བསྙེན་པར་རྫོགས། དགའ་ལྡན་ཁྲི་བ་ཏྲེ་ཧོར་བློ་བཟང་བཀྲ་ཤིས་དང་ཡོངས་འཛིན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཁས་ཆེན་མང་པོའི་ཞལ་སྔ་ནས་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་མན་ངག་མང་དུ་གསན། ལི་ཐང་དུ་ཕེབས་ཁར་ཁྲི་རིན་པོ་ཆེ་ནས་ཁྱེད་རང་མར་བྱོན་ནས་བྲག་དཀར་དང་ཚྭ་ཁ་ཅི་རིགས་ཀྱི་རི་ཡི་ཁྲོད་དུ་བཞུགས་ཏེ་སྒྲུབ་པ་སྙིང་པོ་མཛད་དགོས་ཀྱི་བཀའ་སློབ་གནང་། དམ་པ་ཉིད་ཀྱིས་བླ་མའི་བཀའ་བཞིན་ཁས་བླངས་ཏེ། ལྕགས་སྤྲེལ་ལོར་ལི་ཐང་དགོན་དུ་འབྱོར། མི་རིང་བར་བྲག་དཀར་རི་ཁྲོད་དང་གནས་རི་ཅི་རིགས་སུ་བྱོན་ཏེ་བླ་མའི་བཀའ་བཞིན་མི་ལོ་ཧྲིལ་པོ་བཅོ་ལྔ་ཙམ་གྱི་བར་དུ་རྩྭ་དང་ལོ་མའི་གདན་ཐོག་ཏུ་སྐྱིལ་ཀྲུང་འཁོད་དེ་རི་དྭགས་རྨས་མ་བཞིན་དུ་འདོད་ཡོན་དགྲ་ལ་བལྟས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་རྣམས་ལ་ཉམས་བཞེས་གནད་དུ་སྨིན་པར་མཛད། སྐབས་དེར་ལི་ཐང་ནས་ཆོད་སྡེ་སྤྱི་དང་ཁམས་ཚན་སྡེ་བ་གཉིས་སོགས་ཚང་མས་ནན་ཆེན་གྱིས་གསོལ་བ་བཏབ་པ་ལྟར་དགུང་ལོ་སོ་བདུན་ཐོག་ལི་ཐང་དགོན་གྱི་རྡོ་རྗེ་སློབ་དཔོན་གྱི་ཁྲིར་འཁོད། ཁྲི་ཐོག་མཁན་པོ་སེར་སྨད་ཚོ་གསུམ་གྱི་དགེ་བཤེས་སྐུ་གཤེགས་ནས་དམ་པ་ཉིད་བོད་རབ་བྱུང་བཅུ་བཞི་[page 8] པའི་ས་སྟག་པོའི་ཟླ་བ་བཞི་བར་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་མཁན་ཁྲི་རྒྱལ་བའི་དབང་པོ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་བཞུགས་ཁྲི་ལ་མངའ་གསོལ། ལོ་ལྔའི་རིང་སྔགས་དང་མཚན་ཉིད་ཀྱི་རྩི་བཞག་དང་སྒྲིག་ལམ་སོགས་མ་ཉམས་གོང་འཕེལ་དུ་གནང་། དེ་ནས་དགུང་ལོ་ཞེ་གསུམ་པ་ཆུ་ལུག་ལོར་མོ་ལ་དགའ་ལྡན་བྱང་རྩེ་དགེ་བཤེས་བློ་གྲོས་འབྱུང་གནས་མཁན་པོའི་ཁྲི་བ་དང་སེ་ར་བྱེས་ཁྲོམ་ཐེག་མཆོག་རིན་པོ་ཆེ་འཕྲིན་ལས་དཔལ་ལྡན་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། རྗེ་ཉིད་གདན་སར་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུའི་སྐབས་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་ཡིན་ནོ།

ལི་ཐང་དགོན་པའི་མཁན་རབས་ཉེར་དྲུག་པ་སྤྲུལ་པའི་སྐུ་སྐལ་ལྡན་རྒྱ་མཚོ་ནི། དགོན་པའི་ཉེ་འདབས་མཚེ་མའི་གྲོང་དུ་སྐུ་འཁྲུངས། ཆུང་དུས་ནས་དབུས་ཀྱི་གདན་ས་ཆེན་པོར་བྱོན་ནས་སློབ་གཉེར་མཐར་ཕྱིན་མཛད། ལི་ཐང་དགོན་གྱི་མཁན་སློབ་ཀྱི་འགན་བཞེས་ཏེ་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།

དེ་ནས་བར་སྐབས་ཞིག་ལ་ལྡེ་བ་ཨ་འབུམ་ཡེ་ཤེས་ཉིད་ཀྱིས་སྦྱིན་བདག་མཛད་དེ་པར་ཁང་ཆོས་མཛོད་ཆེན་པོ་གསར་དུ་བསྐྲུན་ཏེ། རྒྱུ་ཟངས་གསེར་ལས་གྲུབ་པའི་རྗེ་བཙུན་བྱམས་པའི་སྐུ་ཐོག་ཚད་གཉིས་ཙམ་བཞེངས་ཤིང་། དགོན་པའི་འདོན་ཆོག་ཆོས་སྤྱོད་ཡོངས་རྫོགས། སྨན་བླ་མདོ་རིང་། འཇིགས་བྱེད་མགོན་པོ་སོགས་ཀྱིས་མཚོན་བསྐང་གསོ་ཡོངས་རྫོགས་དང་། དེ་མིན་གྱི་འདོན་ཆོག་རྣམས་པར་དུ་བརྐོས་པ་ཡིན་ནོ།

ཨ་རྫ་སྐུ་ཕྲེང་བཞི་པ་ངག་དབང་མཁྱེན་རབ་འཕྲིན་ལས་བསྟན་པའི་རྒྱལ་མཚན་གྱིས་རྗེ་བསོད་ནམས་རྒྱ་མཚོའི་ཕོ་བྲང་ཉམས་གསོ་མཛད་དེ་རྒྱུ་ཟངས་གསེར་གྱི་རྒྱལ་བ་བསོད་ནམས་རྒྱ་མཚོའི་འདྲ་སྐུ་དང་བྱམས་པའི་སྐུ་འདྲ་གཉིས་དང་། རྗེ་ལྷ་ཁང་ཞིག་གསོ་གནང་སྟེ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེས་ཡབ་སྲས་གསུམ་བཅས་རྩེགས་ཚད་དང་། ལྷ་ཆེན་ཇོ་ཁང་དུ་གཡུ་བྱུ་རུ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བཟོས་པའི་སྨན་སྐུ་མི་ཆེ་ཚད་ཙམ་དང་། སྤང་ཐོག་ཆོས་ར་ཞེས་པའི་མཚན་ཉིད་གྲྭ་ཚང་བཅས་བཞེངས་བསྐྲུན་མཛད་པ་ཡིན་ནོ།

སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་བསྟན་འཛིན་ལས་རྒྱ་མཚོ་ནི་ཡབ་བློ་བཟང་ཕུན་ཚོགས་དང་། ཡུམ་སྐལ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་ས་ཕོ་སྤྲེལ་གྱི་ལོར་ཤོག་དྲུག་སྒྲོ་མདངས་གནས་སྨད་ནོར་བུའི་གྲོང་དུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་བར་དབུས་གཙང་དུ་བྱོན་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་མཛད། དགུང་ལོ་ཉེར་དགུའི་ཐོག་མཁན་པོ་ལོ་གཉིས་མཛད་སྐབས་དགོན་དུ་འདུལ་བའི་བཅའ་ཁྲིམས་རྣམས་ཕྱག་ལེན་བསྟར་ཏེ། བྱང་ཆུབ་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ཀྱི་ཁྲིད་དང་། བླ་མ་མཆོད་པའི་ཟབ་ཁྲིད། སྦྱོར་བ་ཆོས་དྲུག ནཱ་རོ་ཆོས་དྲུག དུས་འཁོར་དབང་ཆེན། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་སོགས་དབང་ལུང་མང་དུ་བསྩལ་ཏེ། [page 9] གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགོན་པའི་གཙུག་ལག་ཁང་རྣམས་ཉམས་གསོ་དང་གསར་སྐྲུན་གྱི་ཞལ་བཀོད་མཛད་དེ། ཕྱི་ལྕགས་རི་རྨང་ནང་གསར་སྐྲུན་དང་ནང་གི་ཚོགས་ཆེན་ཆོས་ར་ལ་སྤེན་པར་བཅས་ཀ་བ་བརྒྱ་དང་བརྒྱད་ཅུ། ཐུབ་ཆེན་ཁང་ཀ་བ་བརྒྱ་དང་སུམ་ཅུ། པར་ཁང་ཀ་བ་བརྒྱད་ཅུ། རྗེའི་ལྷ་ཁང་བཅས་ཉམས་གསོ་རྩ་ནས་མཛད། རྩེ་རྣམ་རྒྱལ་ཕོ་བྲང་དམར་པོ་ཀ་བ་བརྒྱད་ཅུ་ཆོས་ར་དང་བཅས་པ་བཞེངས། རྩེ་ཕོ་བྲང་ནང་དུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་ཐོག་ཚད་གསུམ་དང་རྗེ་ཡན་སྲས་གསུམ་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་པར་གསར་དུ་སྐྲུན། རྩེ་ཕོ་བྲང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་དང་། རྒྱལ་མཚན། གཉྫིར། རི་དྭགས་ཆོས་འཁོར་སྤེན་རྒྱན་དང་བཅས་པ་གསར་དུ་བཞེངས། ཐུབ་ཆེན་ཁང་ཐོག་ཀར་ཟངས་ཀྱི་རི་དྭགས་ཆོས་འཁོར་དང་། རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་ཡང་བསྐྱར་ལྷ་ས་མཆོད་འབུལ་དང་རྒྱ་གར་གནས་སྐོར་བྱོན་སྐབས་བླ་མ་ཉིད་ཀྱིས་ཕྱག་མཛོད་ཚུལ་ཁྲིམས་ལ་བཀའ་གནང་ནས་ལི་ཐང་བྱམས་གླིང་དགེ་འདུན་བདུན་སྟོང་ཙམ་གྱི་ཚོགས་ཁྲོ་གཉིས་རྒྱ་གར་ནས་ཉོས་ཏེ་དྲེལ་ཐོག་རྒྱ་ཉི་ཤུ་ཙམ་བཀལ་ནས་ལི་ཐང་ལྷུ་བསྒྲིགས་ཏེ་གྲྭ་ཚང་ལ་ཕུལ་བ་ད་ལྟ་ཡང་སྐྱོན་མེད་དུ་བཞུགས་པ་དེ་ཡིན་ནོ། གཞན་ཡང་ཐུབ་ཆེན་ཁང་བསྐྱར་བཞེངས་སྐབས་ཐུབ་ཆེན་ཆོས་རའི་ནུབ་ཕྱོགས་སུ་ལྷ་ཁང་ཞིག་བཞེངས་ཏེ་བརྒྱ་སྟོང་ཚོང་དཔོན་གྱིས་སྦྱིན་བདག་ཞུས་ཏེ་ཟངས་གསེར་གྱི་མི་འཁྲུགས་པ་ཐོག་ཚད་གཉིས་ཙམ་བཞེངས་པས་མི་འཁྲུགས་པའི་ལྷ་ཁང་ཞེས་མཚན་གསོལ། ཡང་དགོན་འདི་བཙུགས་ནས་ལོ་ཉིས་བརྒྱ་ཙམ་གྱི་དུས་སུ་རྒྱ་ནག་ཁྲུའུ་ཏུ་ནས་རྒྱ་རིགས་ལག་རྩལ་མི་སྣ་གདན་དྲངས་ཏེ་ལི་ཐང་དུ་ཟངས་རག་གསེར་དངུལ་སོགས་རྫས་སྦྱོར་བྱས་ནས་དགེ་འདུན་ཉིས་སྟོང་ལྷག་གི་གསོལ་ཇ་བསྐོལ་སྣོད་ཀྱི་ཚོགས་ཁྲོ་སྤུས་ལེགས། ངོས་སོ་སོར་ལ་རྒྱ་ཡིག་དང་བོད་ཡིག་གི་སྨོན་ཚཻག་གིས་བསྐོས་ཡོད་པ་གཉིས་བླུགས་ནས་ད་ལྟ་ཡང་དགོན་ནང་དུ་བཞུགས།

བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་གི་ལོར་ལི་ཐང་གྲོང་ཚོ་བརྒྱད་ཀྱི་ནང་ཚན་མཚེ་མ་གྲོང་དུ་ཡབ་མེས་ཀྱི་རུས་ནི་དགའ་བ་གཏོགས་པ་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་གུ་རུ་ལྷ་འཚོ་གཉིས་ཀྱི་སྲས་དུ་སྐུ་འཁྲུངས། དགུང་ལོ་བཞི་བར་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ཀུན་མཁྱེན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་མཚན་ལ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་ལྔ་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཁྲི་ལ་མངའ་གསོལ་མཛད། ཁོང་གི་སྐུ་མཆེད་གྲྭ་ཕྲུག་ཨ་བློས་ལི་ཐང་དགོན་པར་གོས་ཆེན་ཚེམ་དྲུབ་ཀྱི་རྗེ་ཡབ་སྲས་གསུམ་དང་སྐུ་འགྱེད་དང་མཆོད་འབུལ་རྒྱ་ཆེན་བགྱིས།

བོད་རབ་བྱུང་བཅུ་དྲུག་པའི་ཤིང་ལུགས་ལོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཚོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་བྱོན་ཏེ་སེར་སྐྱ་ཁྲི་ཉེ་བར་ཐུགས་རྗེ་ཆེན་པོ་ངན་གསོ་ཀུན་གྲོལ་གྱི་རྗེ་གནང་དང་། དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞི་གྱུར་མ། བསྟན་རྒྱས་[page 10] མ་སོགས་ཀྱི་ཁྲིད་ལུང་བསྩལ།

ལོ་དེའི་ས་ག་ཟླ་བའི་དུས་སུ་སྐྱབས་མགོན་རྒྱལ་བའི་དབང་པོ་པེ་ཅིན་དུ་ལྟ་སྐོར་བྱོན་སྐབས་མི་ཉག་ར་རྔ་ཁར་ལི་ཐང་དགོན་པས་གྲལ་སྒྲིག་བྱས་ཏེ་བླ་སྤྲུལ་སེར་སྐྱ་སྟོང་ལྷག་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་ཡོན་ཏན་གཞི་གྱུར་མ་སོགས་ཁྲིད་ལུང་མང་དུ་བསྩལ་བ་ཡིན་ནོ།

དེ་ལྟར་དགོན་འདིའི་མཁན་སྤྲུལ་དགེ་བཤེས་སོགས་རིམ་པར་བྱོན་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་སྒོམ་སྒྲུབ་བགྱིས་ཏེ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གཙུག་ལག་ཁང་བརྒྱད་ཀྱི་ལྷ་ཁང་དང་། ཁམས་ཚན་ཆེ་ཆུང་བཅུ་གཉིས་ཀྱི་འདུ་ཁང་། སྤྱི་སོ་ཁག་དགུའི་ཚོང་ཁང་། བླ་བྲང་ཁག་ཉི་ཤུའི་གཟིམས་ཤག་གྲྭ་ཚང་གཞུང་གི་ཕྱག་མཛོད་དང་ཚོང་གཉེར་ཁང་། གྲྭ་ཤག་ཆེ་ཆུང་བཞི་བརྒྱ་བརྒྱད་ཅུ་ལྷག་ལ་གྲྭ་བཙུན་བཞི་སྟོང་ཙམ་བཞུགས་པ་ཡིན་ནོ།

དགོན་པའི་མཁན་རབས་རིམ་བྱོན། མཁན་རབས་དང་པོ་རྒྱལ་མཆོག་བསོད་ནམས་རྒྱ་མཚོས་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་བཏབ། མཁན་རབས་གཉིས་པ་མཆོག་སྤྲུལ་བསོད་ནམས་ཡེ་ཤེས་ནས་བཟུང་ལྷ་ས་འབྲས་སྤུངས་ནས་ལི་ཐང་དགོན་དུ་མཁན་པོ་ཐོག་མ་མངག་པའི་སྲོལ་བཏོད། མཁན་རབས་གསུམ་པ་ཚ་བ་ཆོས་རྗེ་རིན་ཆེན་སེང་གེ། བཞི་པ་ནམ་ལངས་ཆོས་རྗེ་བློ་བཟང་བསྟན་འཛིན། ལྔ་པ་བླ་ཡན་ཆོས་རྗེ་རིན་ཆེན་དོན་གྲུབ། དྲུག་པ་ཝ་ཤུལ་ཆོས་རྗེ་དགེ་འདུན་ལས་གྲུབ། བདུན་པ་ཀོང་པ་ཆོས་རྗེ་ལྷུན་གྲུབ་དཔལ་འབྱོར། བརྒྱད་པ་ཨ་ཏི་ཆོས་རྗེ་བློ་བཟང་བསྟན་འཕེལ། དགུ་པ་སྐྱེ་ཤོག་ཆོས་རྗེ་བློ་བཟང་འོད་ཟེར། བཅུ་པ་ཚྭ་བ་ཆོས་རྗེ་བློ་བཟང་རྒྱ་མཚོ། བཅུ་གཅིག་པ་བེ་རི་ཆོས་རྗེ་བློ་བཟང་བསྟན་དར། བཅུ་གཉིས་པ་ཉག་རེ་ཆོས་རྗེ་བློ་བཟང་ཆོས་གྲགས། བཅུ་གསུམ་པ་ཨེ་བེ་ཆོས་རྗེ་བློ་བཟང་མཁས་གྲུབ། བཅུ་བཞི་པ་ཕེན་པོ་ཆོས་རྗེ་བློ་བཟང་འཇམ་དཔལ། བཅོ་ལྔ་པ་སྒོ་མང་ཆོས་རྗེ་དོན་འགྲུབ་རྒྱ་མཚོ།

དེ་ནས་བོད་རབ་བྱུང་བཅུ་གཉིས་པའི་དུས་མཇུག་དང་བོད་རབ་བྱུང་བཅུ་གསུམ་པའི་དུས་འགོ་ཙམ་དུ་དགའ་བ་སངས་རྒྱས་ཆོས་འཕེལ་དབུས་སུ་སློབ་གཉེར་ལ་བྱོན་ཏེ། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་བླ་སློབ་ཀྱི་འབྲེལ་ཆགས་དང་། རྒྱལ་མཆོག་ཉིད་འཁྲུངས་ཡུལ་ལི་ཐང་ཡིན་པས་རྒྱུན་དུ་ཐུགས་ཁུར་ཆེན་པོ་མཛད་པས། དགའ་བ་སངས་རྒྱས་ཆོས་འཕེལ་གྱིས་རྒྱལ་མཆོག་ལ་ལི་ཐང་དང་ལྷ་ས་བར་ཐག་རིང་བས་མཁན་པོ་དང་གྲྭ་བ་སོགས་སྐྱེལ་བསུ་དཀའ་བ་དང་། མཁན་པོ་རྣམས་ཡར་བྱོན་སྐབས་འབུལ་སྐྱེས་ཚང་མ་དབུས་སུ་འདྲེན་ཏེ་གྲྭ་ཚང་དང་ཁམས་ཚན་ལ་ཕན་གང་ཡང་མི་ཐོགས་པས། ཕྱིན་ཆད་ལི་ཐང་དགོན་པ་རང་གི་ས་གནས་ནས་མཁན་པོ་བསྐོ་གཞག་བྱེད་ཆོག་པའི་བཀའ་ཞུས་ལྟར་བསྩལ་ནས། མཁན་རབས་བཅུ་དྲུག་པ་དགའ་བ་ཆོས་རྗེ་སངས་རྒྱས་ཆོས་འཕེལ། བཅུ་བདུན་པ་དགའ་བ་[page 11] ཆོས་རྗེ་བློང་བཟང་བསྟན་རྒྱས། བཅོ་བརྒྱད་པ་སྦྲ་ནག་ཆོས་རྗེ་བློ་བཟང་ཆོས་འཕགས། བཅུ་དགུ་པ་མོ་ལ་ཆོས་རྗེ་ཕུན་ཚོགས་རྒྱ་མཚོ། ཉི་ཤུ་པ་ཝ་ཤུལ་ཆོས་རྗེ་བློ་བཟང་ཚེ་དབང་། ཉེར་གཅིག་པ་ཝ་ཤུལ་ཆོས་རྗེ་ངག་དབང་ལེགས་བཤད། ཉེར་གཉིས་པ་ཝ་ཤུལ་ཆོས་རྗེ་བསམ་གཏན་རྒྱ་མཚོ། ཉེར་གསུམ་པ་དགའ་བ་ཆོས་རྗེ་ཆོས་གྲགས་འོད་ཟེར། ཉེར་བཞི་པ་སྦྲ་ནག་ཆོས་རྗེ་བློ་བཟང་ཕུན་ཚོགས། ཉེར་ལྔ་པ་མོ་ལ་ཆོས་རྗེ་གྲགས་རྒྱ་མཚོ། ཉེར་དྲུག་པ་ལི་ཐང་ཆོས་རྗེ་བློ་བཟང་སྐལ་ལྡན་རྒྱ་མཚོ། ཉེར་བདུན་པ་ཆ་ཕྲེང་ཆོས་རྗེ་བློ་བཟང་དཔལ་ལྡན་རྒྱ་མཚོ། ཉེར་བརྒྱད་པ་ཝ་ཤུལ་ཆོས་རྗེ་ཕུན་ཚོགས་དར་རྒྱས། ཉེར་དགུ་པ་སྣ་པོ་ཆོས་རྗེ་བློ་བཟང་དོན་གྲུབ། སུམ་ཅུ་པ་གཞི་བ་ཆོས་རྗེ་ཚངས་དབྱངས་རྒྱ་མཚོ། སོ་གཅིག་པ་ཚོ་གསུམ་ཆོས་རྗེ་འཇམ་དབྱངས་ཚུལ་ཁྲིམས། སོ་གཉིས་པ་ལི་ཐང་ཆོས་རྗེ་མཁས་གྲུབ་བློ་བཟང་བསྟན་པའི་རྒྱལ་མཚན། སོ་གསུམ་པ་མོ་ལ་ཆོས་རྗེ་བློ་བཟང་ཆོས་གྲགས། སོ་དྲུག་པ་ལི་ཐང་ཆོས་རྗེ་ཀླུ་སྒྲུབ་ཕུན་ཚོགས། སོ་བདུན་པ་ཚོ་གསུམ་ཆོས་རྗེ་དགེ་འདུན་ཕུན་ཚོགས། སོ་བརྒྱད་པ་གཞི་བ་ཆོས་རྗེ་བློ་གྲོས་ཆོས་བཟང་། སོ་དགུ་པ་ཚོ་གསུམ་ཆོས་རྗེ་བློ་བཟང་ཡར་འཕེལ། བཞི་བཅུ་པ་གཞི་བ་ཆོས་རྗེ་ངག་དབང་འཕྲིན་ལས་སྙན་གྲགས། ཞེ་གཅིག་པ་ཆ་ཕྲེང་ཆོས་རྗེ་ཡེ་ཤེས་རྒྱ་མཚོ། ཞེ་གཉིས་པ་ལྭ་ཤུལ་ཆོས་རྗེ་བྱམས་པ་ཕུན་ཚོགས། ཞེ་གསུམ་པ་འགོ་ལོག་ཆོས་རྗེ་བློ་བཟང་ངག་དབང་དཔལ་ལྡན། ཞེ་བཞི་པ་གཞི་བ་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོ། ཞེ་ལྔ་པ་སྣ་པོ་ཆོས་རྗེ་ངག་དབང་འཕྲིན་ལས་སྙན་གྲགས། ཞེ་དྲུག་པ་གཞི་བ་ཆོས་རྗེ་ངག་དབང་བློ་བཟང་འཕྲིན་ལས་ཕུན་ཚོགས། ཞེ་དགུ་པ་མོ་ལ་ཆོས་རྗེ་ཕུན་ཚོགས་ལེགས་ལྡན། ལྔ་བཅུ་པ་གཞི་བ་ཆོས་རྗེ་འཕྲིན་ལས་དམ་ཆོས། ང་གཅིག་པ་ཤོག་དྲུག་ཆོས་རྗེ་དབང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན། ང་གཉིས་པ་གཞི་བ་ཆོས་རྗེ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ། ང་གསུམ་པ་བཞག་པ་ཆོས་རྗེ་སྦྱིན་པ་ཆོས་དར། ང་བཞི་པ་ལི་ཐང་ཆོས་རྗེ་ངག་དབང་བློ་བཟང་དཔལ་ལྡན་ཀླུ་སྒྲུབ། ང་ལྔ་པ་ཚོ་གསུམ་ཆོ་རྗེ་འཕྲིན་ལས་མཁས་བརྩོན་དགེ་འདུན་འབྱུང་གནས། ང་དྲུག་པ་ལྔ་བཅུ་ཆོས་རྗེ་ཕུན་སུམ་ཚོགས་རྣམ་རྒྱལ། ང་བདུན་པ་དགའ་བ་ཆོས་རྗེ་ངག་དབང་ཀུན་དགའ། ང་བརྒྱད་པ་གཡོན་རུ་ཆོས་རྗེ་ཡོན་ཏན་རྒྱ་མཚོ། ང་དགུ་པ་ཆ་ཕྲེང་ཆོས་རྗེ་ངག་དབང་བློ་བཟང་བསྟན་འཛིན་རབ་དགའ། དྲུག་ཅུ་པ་ལི་ཐང་ཆོས་རྗེ་ངག་དབང་ཚུལ་ཁྲིམས་དར་རྒྱས། རེ་གཅིག་པ་སྣ་པོ་ཆོས་རྗེ་བློ་བཟང་འཇམ་དབྱངས་ལུང་རིག་བསྟན་འཛིན་རྒྱ་མཚོ། རེ་གཉིས་པ་གཡོན་རུ་ཆོས་རྗེ་ངག་དབང་བློ་བཟང་ཡེ་ཤེས་ཆོས་འཕེལ། རེ་གསུམ་པ་སྣ་པོ་ཆོས་རྗེ་ངག་དབང་མཁྱེན་རབ་འཕྲིན་ལས་བསྟན་པའི་རྒྱལ་མཚན། རེ་བཞི་པ་གཡོན་རུ་ཆོས་རྗེ་སྐལ་བཟང་བྱམས་པ་ཕུན་ཚོགས། རེ་ལྔ་པ་གྱང་བ་ཆོས་རྗེ་ངག་དབང་བློ་བཟང་ཀུན་དགའ། རེ་དྲུག་པ་གཡོན་རུ་ཆོས་རྗེ་ངག་དབང་བློ་བཟང་བསྟན་[page 12] འཛིན་འཕྲིན་ལས་རྒྱ་མཚོ། རེ་བདུན་པ་ཆོ་གསུམ་ཆོས་རྗེ་སྦྱིན་པ་མཐུ་སྟོབས། རེ་བརྒྱད་པ་ཨོ་ཐོག་ཆོས་རྗེ་ངག་དབང་བློ་བཟང་འཕྲིན་ལས་ཆོས་འཕེལ། རེ་དགུ་པ་བཞག་པ་ཆོས་རྗེ་འཇམ་དབྱངས་མཁས་གྲུབ། བདུན་ཅུ་པ་གཡོན་རུ་ཆོས་རྗེ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ། དོན་གཅིག་པ་མོ་ལ་ཆོས་རྗེ་ཆོས་གྲགས་རྒྱ་མཚོ། དོན་གཉིས་པ་གཡོན་རུ་ཆོས་རྗེ་ཕུན་ཚོགས་གྲགས་པ། དོན་གསུམ་པ་ཤོག་དྲུག་ཆོས་རྗེ་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས། དོན་བཞི་པ་གཡོན་རུ་ཆོས་རྗེ་བློ་བཟང་ཡོན་ཏན་སྙན་གྲགས་རྒྱ་མཚོ། དོན་ལྔ་པ་ཚོ་གསུམ་ཆོས་རྗེ་ངག་དབང་བློ་བཟང་འཕྲིན་ལས་རྒྱ་མཚོ། དོན་དྲུག་པ་གཡོན་རུ་ཆོས་རྗེ་བློ་བཟང་ཆོས་ལྡན། དོན་བདུན་པ་དགའ་བ་ཆོས་རྗེ་ཕུན་ཚོགས་འཇམ་དབྱངས། དོན་བརྒྱད་པ་ལྔ་བཅུ་ཆོས་རྗེ་བློ་བཟང་བདེ་ཆེན། དོན་དགུ་པ་འཇའ་བ་ཆོས་རྗེ་ཐུབ་བསྟན་ལུང་རྟོགས། བརྒྱད་ཅུ་པ་ཨོ་ཐོག་ཆོས་རྗེ་བློ་བཟང་ཆོས་འཕགས། གྱ་གཅིག་པ་མོ་ལ་ཆོས་རྗེ་འཇམ་དབྱངས་མཁས་གྲུབ། གྱ་གཉིས་པ་གཡོན་རུ་ཆོས་རྗེ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། གྱ་གསུམ་པ་བཞག་པ་ཆོས་རྗེ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པ། གྱ་བཞི་པ་གཡོན་རི་ཆོས་རྗེ་ངག་དབང་མཁྱེན་རབ། གྱ་ལྔ་པ་ཚོ་གསུམ་ཆོས་རྗེ་བློ་བཟང་བསྟན་པའི་ཉི་མ། གྱ་དྲུག་པ་གཡོན་རུ་ཆོས་རྗེ་རྟ་མགྲིན་ཚེ་དབང་། གྱ་བདུན་པ་མོ་ལ་ཆོས་རྗེ་འཇམ་དབྱངས་མཁས་བཙུན། གྱ་བརྒྱད་པ་གཡོན་རུ་ཆོས་རྗེ་གླིང་ངག་དབང་བསྟན་འཛིན། གྱ་དགུ་པ་གྱང་པ་ཆོས་རྗེ་དགེ་ལེགས་བསྟན་འཛིན་འཕྲིན་ལས་རྒྱ་མཚོ།

དེ་ལྟར་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་གི་མཁན་པོ་བསྐོ་ཚུལ་ནི། ཕྱི་འདུལ་བའི་ལག་ལེན་ལ་མཁས་པ། ནང་གསང་སྔགས་ཀྱི་ཆོ་ག་ལ་མཁས་པའི་མཁན་སྤྲུལ་རྣམས་ཀྱི་མཚན་ཤོག་བུ་ལ་བཀོད་དེ་དཀར་ཡོལ་ཡུ་རིང་དུ་བཅུག་ཅིང་། དར་འཕྲུ་དམར་པོ་ཁ་གཡོགས། ཐལ་རྩེ་རྒྱབ་སྟེ་སྲུང་མའི་མདུན་དུ་བཞག་ནས་འཕྲིན་བཅོལ་ཐུགས་སྨོན་མཛད་དེ། ཁྲི་ཐོག་མཁན་པོས་དཀར་ཡོལ་བསྐོར་ནས་གང་བབས་དེ་མཁན་ཁྲིར་མངའ་གསོལ་བ་ཡིན་ནོ། དེ་ལས་གོང་གི་མཁན་པོ་རིམ་བྱོན་རྣམས་ལས་དབུས་ནས་བྱོན་པའི་མཁན་རབས་བཅོ་ལྔ་པོས་ལོ་བརྒྱ་དང་དྲུག་ཅུ་ཙམ་ལ་མཁན་པོ་མཛད་པ་དང་། ལི་ཐང་ས་གནས་རང་གིས་བསྐོས་པའི་དགའ་བ་སངས་རྒྱས་ཆོས་འཕེལ་དང་རྡོ་རིང་བླ་མ་བློ་བཟང་བསྟན་པའི་རྒྱལ་མཚན་གཉིས་ཀྱིས་མཁན་པོ་ལོ་ལྔ་རེ་མཛད། དེ་ནས་བོད་རབ་བྱུང་བཅོ་ལྔ་བའི་དཀྱིལ་ཙམ་ནས་དགོན་པར་མཁན་སྤྲུལ་དང་བཀའ་རིམ་པའི་དགེ་བའི་བཤེས་གཉེན་མང་བས་མཁན་པོ་ལོ་གཉིས་རེ་ཙམ་མཛད་སྲོལ་ཡོད།

སྐུ་གསུང་ཐུགས་རྟེན། དེ་ལ་དགོན་འདིར་ལྷ་ཁང་དང་གཙུག་ལག་ཁང་བརྒྱད་ཡོད་པའི་དེའི་ནང་རྟེན་གྱི་གཙོ་བོ་རྣམས་ཅུང་ཟད་བརྗོད་པར་བྱ་སྟེ། དང་པོ་ཐུབ་ཆེན་ཁང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་དངོས་ཀྱི་ཞལ་བཀོད་ལྟར་བཞེངས་པའི་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་མཐོ་རེ་བཞི་པ་དང་མཆོག་ཟུང་གཉིས། དགོན་པའི་མཁན་པོ་རིམ་བྱོན་ཁྲི་ཟུར་བའི་སྐབས་སུ་བཞེངས་པའི་གདུང་རྟེན་[page 13] བཞི་བཅུ་ལྷག་རྩམ་ཡོད་པ་དེ་དག་རྣམས་ཀྱང་ཟངས་གསེར་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དང་། རྒྱུ་སྨན་འདམས་ལས་གྲུབ་པའི་མི་འཁྲུགས་པ་ཐོག་ཚད་དང་རྒྱུ་ཟངས་སེར་ལས་གྲུབ་པའི་རྗེ་ཚེ་འཛིན་མ་ཐོག་ཚད། ཙན་དན་སྦྲུལ་སྙིང་གི་ཇོ་བོ་ལོ་ཀི་ཤྭ་ར་ཁྲུ་གང་། རྒྱལ་བའི་བཀའ་འགྱུར་གྲངས་མ་ངེས་པ་དང་། བསྟན་འགྱུར་རིན་པོ་ཆེ་བུབས་དྲུག གསེར་དངུལ་གྱི་བྲིས་པའི་འབུམ་བསྐལ་བཟང་གསེར་འོད་དང་། མཚལ་པར་གྱི་འབུམ། སྡེ་བ་ཨ་འབྱམ་གྱིས་རྒྱ་ནག་ནས་གདན་དྲངས་བའི་བཀའ་འགྱུར་སྤྲང་སྐས་མ་བཅས་ཧ་ཅང་རྩ་ཆེ་ལ་འགངས་མཐོ་བའི་ཆོས་པོ་ཏི་དུ་མ་བཞུགས་པ་མ་ཟད། སྟག་གུར་དང་གཟིག་གུར་བཅས་མ་ངེས་པ་བཞུགས། གཉིས་པ་ཚོགས་ཆེན་འདུ་ཁང་ཆེན་མོ་རྒྱ་ཁྱོན་ཡངས་ཤིང་གྲྭ་དགེ་འདུན་ཉིས་སྟོང་ལྷག་ཚོགས་ཆོག་པའི་གཞལ་ཡས་ཁང་དེའི་ནང་རྟེན་ནི། སུམ་ཐོག་གཟིམ་ཆུང་སྦུག་ཏུ་འཇམ་དབྱངས་གསུང་འབྱོན་མ་དང་གསེར་སྐུ་ལི་མ་གྲངས་མང་དང་། གཟིམས་ཁང་ཕྱི་མ་ནང་བྱམས་པ་ཨ་སྐས་ནང་སངས་ཞེས་གསུང་འབྱོན་མ་དང་གསེར་ཟངས་ཀྱི་རྒྱལ་བ་བསོད་ནམས་རྒྱ་མཚོ་འདྲ་སྐུ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་འདྲ་སྐུ་བཅས་དང་། བརྒྱད་སྟོང་འཛམ་གླིང་གཡས་བཞག་དང་བཀའ་འགྱུར་བུབས་གཅིག རྒྱལ་བ་བསོད་ནམས་རྒྱ་མཚོའི་ཆིབས་པ་གཡང་འཛིན་གྲོ་དཀར་གྱི་དབུ་ཐོད་དཀྱིལ་དུ་དུང་དཀར་རང་བྱུང་ཅན་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞབས་རྗེ་དང་སྐུ་གསུང་ཐུགས་རྟེན་བསམ་གྱི་མི་ཁྱབ་པ་དང་། བར་ཐོག་ལ་ཞལ་རས་ལྷ་ཁང་ནང་དུ་གསང་འདུས། བདེ་མཆོག འཇིགས་བྱེད། མི་འཁྲུགས་པ། རྒྱུད་སྡེ་བཞིའི་དཀྱིལ་འཁོར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ་འཇིམ་བཟོས་འབུད་དོད་ཚོན་མདངས་རྣམ་པར་བཀྲ་བ་དང་། སྲུང་མ་ཁང་དང་རྣམ་སྲས་ཁང་དུ་དཔལ་ལྡན་ལྷ་མོའི་སྐུ་བརྙན་གཙོས་མགོན་པོ་ཕྱག་དྲུག་པ། མགོན་པོ་ཞལ་བཞི་པ། དམ་ཅན་ཆོས་རྒྱལ། རྒྱལ་ཆེན་རྣམ་སྲས། ཨ་ཕྱི་ཆོས་སྒྲོན། རྒྱལ་པོ་བསྲེ་ཁྲབ། གནས་ཆུང་འཕྲིན་ལས་རྒྱལ་པོ་བཅས་དང་། ཞབས་ཐོག་འདུ་ཁང་སྦུག་ཏུ་རྒྱུ་ཟངས་གསེར་ལས་གྲུབ་པའི་རྗེ་བཙུན་བྱམས་པའི་སྐུ་ཐོག་ཚད་གཅིག་དང་། རྒྱ་ནག་ཚེམ་དྲུབ་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་ཐང་ཉི་ཤུ་དང་། གཞན་ཡང་རོལ་མོ་ཁང་དུ་སྦུབ་ཆལ་འཛམ་གླིང་གཡས་བཞག་དང་གསེར་གཞུང་འཁྱིལ་བ་ཤང་ཤང་སིལ་སྙན་སོགས་གྲངས་མང་དང་། རྒྱ་ནག་དྲིལ་བུ་དང་འཛམ་གྲགས་འཁར་རྔ་སོགས་མཆོད་རྫས་རྩ་ཆེན་གྲངས་མེད་བཞུགས།

གསུམ་པ་འདུ་ཁང་ལྷག་མའམ་གནས་བཅུ་ལྷ་ཁང་དུ་གནས་བརྟན་བྲག་རི་མ་ཞེས་པའི་བྲག་ཕུག་རེ་ནང་གནས་བརྟན་རེ་བཞུགས་པའི་གནས་བརྟན་བཅུ་དྲུག་དང་རྒྱལ་ཆེན་སྡེ་བཞི། རྒྱལ་བའི་བཀའ་འགྱུར་ཆ་ཚང་དང་བསོད་ནམས་རྒྱ་མཚོས་ཕྱག་བཟོས་ཀ་གདོང་བསེ་ཁྲབ་དང་གང་ཉིད་ཀྱི་ཞབས་རྗེས། བཀའ་གདམས་མཆོད་རྟེན་དང་ལི་སྐུ་གང་མང་། རྒྱ་ནག་ཚེམ་དྲུབ་ཀྱི་ཐུབ་པ་གཙོ་འཁོར་གསུམ་དང་རྗེ་བཙུན་བྱམས་པ། རྗེ་ཡབ་སྲས་གསུམ་དང་རྒྱལ་བ་བསོད་ནམས་རྒྱ་མཚོའི་གོས་སྐུ་བཅས་ཐོག་ཚད་གསུམ་[page 14] བཅས་སྐུ་ཐང་རྩ་ཆེན་དུ་མ་བཞུགས་པ་ཡིན་ནོ།

བཞི་པ་རྩེ་ཕོ་བྲང་དམར་པོར་རྒྱུ་ཟངས་གསེར་ལས་གྲུབ་པའི་རྒྱན་དྲུག་མཆོག་གཉིས་དང་རྗེ་ཡབ་སྲས་གསུམ་བཅས་ཐོག་ཚད་གཉིས་ཙམ་དང་། རྒྱུ་ཟངས་གསེར་ལ་རིན་པོ་ཆེ་དུ་མའི་ཕྲ་རྒྱན་དང་བཅས་པའི་སྐྱབས་མགོན་སྐུ་ཕྲེང་གཉིས་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐུ་དམར་གདུང་གི་མཆོད་རྟེན་ཐོག་ཚད་གཉིས་དང་དེ་མིན་གྱི་གདུང་རྟེན་ཁ་ཤས་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་པར་ཤིང་དང་གང་གི་གསུང་འབུམ་བཅས་ཆ་ཚང་། རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་སྐུ་བརྙན་བཅས་བཞུགས་སོ། ལྔ་པ་རྗེ་ལྷ་ཁང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་དང་། གནས་བརྟན་བཅུ་དྲུག་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱི་འདྲ་སྐུ་ཐོག་ཚད་དང་། རྒྱུ་གསེར་དངུལ་གྱི་ཞུན་མ་ལས་བྲིས་པའི་རྒྱལ་བའོ་བཀའ་འགྱུར་རིན་པོ་ཆེ་བཅས་བཞུགས།

དྲུག་པ་པར་ཁང་ཆེན་མོ་ཐུབ་ཆེན་བྱམས་པ་གླིང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་རྗེ་བཙུན་བྱམས་པ་ཐོག་ཚད་གཉིས་དང་། རྒྱལ་བ་བསོད་ནམས་རྒྱ་མཚོ། རྒྱལ་བ་བསྐལ་བཟང་རྒྱ་མཚོ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། པཎ་ཆེན་ཆོ་ཀྱི་ཉི་མ་བཅས་ཀྱི་སྐུ་རྒྱུ་སྨན་འདམ་ལས་གྲུབ་པ་མི་ཚད་ཙམ་རེ་དང་། འཇང་ས་དམ་རྒྱལ་པོས་བཞེངས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་སྡེབ་སུམ་ཁྲི་བཞི་སྟོང་ལྷག་དང་བྱང་ཆུབ་ལམ་རིམ་ཆེན་མོ་དང་། ཆོས་སྤྱོད་ཡོང་རྫོགས་གསང་བདེ་འཇིགས་གསུམ་བཅས་ཀྱི་བསྐང་གསོ་ཡོངས་རྫོགས་བཅས་ལྡེབ་ལྔ་ཁྲི་ལྷག་ཙམ་བཞུགས་སོ། བདུན་པ་སྨྱུང་གནས་ལྷ་ཁང་དུ་རྒྱུ་རིན་པོ་ཆེ་དང་བྱིན་རྟེན་སྣ་ཚོགས་ཕྱོགས་གཅིག་དུ་བསྡུས་དེ་འཇིམ་པའི་བཟོས་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཆེ་བ་ཞིག་དང་། གཏེར་ནས་དྲངས་བའི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ། མི་བསྐྱོད་པ་བཅས་རྒྱལ་བ་རིགས་ལྔ་དང་། གནས་བརྟན་བཅུ་དྲུག་རྒྱལ་བ་ཐུབ་ཆེན་པོ་བཅས་ཀྱི་འདྲ་སྐུ་རྣམས་བཞུགས་སོ།

གཞན་ཡང་རྒྱལ་བ་བསོད་ནམས་རྒྱ་མཚོས་བཞེངས་པའི་ས་འདུལ་མཆོས་རྟེན་གསེར་མགོ་མ་ཞེས་པའི་མཐའ་སྐོར་དུ་དུང་འཁོར་ཆེན་པོ་བཞི་དང་འཁོར་ཕྲན་བརྒྱ་ལྷག་གིས་བསྐོར་བའི་ལྷ་ཁང་དང་དེའི་ཤར་ལྷོའི་སྒོ་མོ་ཆེ་གཉིས་ལ་དར་བོ་ཆེ་རེ་རེ་བཙུགས་ཡོད་དོ།

ཚེས་དུསཅ་སྒྲུབ་མཆོད་ནི། བོད་ཟླ་དང་པོའི་ཚེས་ལྔ་ནས་བཅོ་ལྔའི་བར་ཆོས་འཕྲུལ་སྨོན་ལམ་ཆེན་མོ། ཚེས་བཅུ་གསུམ་ལ་དགེ་སྐོས་ཚོགས་གཞུང་དུ་ཆོ་འཕྲུལ་སྨོན་ལམ་གྱི་སྒྲོགས་སྦྱང་དང་བཀའ་རིམ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དགེ་འདུན་འདུས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་གཞུང་བཀའ་པོ་ལྔ་ལ་བགྲོ་གླེང་དང་རིགས་དྲུག་གི་སྡུག་བསྔལ་སེལ་བའི་དམ་བཅའ་དང་ཐུགས་སྨོན་མཛད། ཚེས་བཅོ་ལྔ་ཉིན་ཐུབ་ཆེན་གོས་སྐུ་བཤམས་སྟོན་དང་། ཚེས་བཅུ་དྲུག་ཉིན་དུང་དང་རྒྱ་གླིང་གིས་སྣ་དྲངས་ཏེ་རྒྱལ་བ་བྱམས་པ་[page 15] རྒྱབ་སྐོར་དུ་བྱོན་ཏེ་ཆོས་རར་རྗེ་བཙུན་བྱམས་པའི་གོས་སྐུ་བཤམས། མཁན་སློབ་རྣམ་གསུམ་དང་དགེ་འདུན་ཡོངས་ཀྱིས་བསྐོར་བ་བྱས་ཏེ་སྐུ་ཁྲུས་མཎྚལ་གསོལ་ཞིང་བྱམས་བསྟོད་དང་བརྟན་བཞུགས་ཤིས་བརྗོད་སོགས་རྒྱས་པར་མཛད་པ་ཡིན་ནོ། བོད་ཟླ་གཉིས་པའི་ཚེས་གཅིག་ནས་ཉི་ཤུའི་བར་མི་འཁྲུགས་པའི་ཆོ་ག་བདག་མདུན་དབང་གསུམ་དང་། བོད་ཟླ་གསུམ་པའི་ཚེས་བདུན་ནས་ཉིན་ཉི་ཤུའི་རིང་ལ་སྨན་བླ་མདོ་རིང་གི་ཆོ་ག་གཉིས་ལྟར་ཆ་ཚང་རེ་གསུང་དགོས་པ་དང་། བོད་ཟླ་བཞི་པའི་ཚེས་གཉིས་ནས་ཉིན་བཅུ་དྲུག་རིང་གསང་འདུས་འཇིག་རྟེན་དབང་ཕྱུག་གི་ཆོ་ག་དང་མ་ཎི་བུམ་སྒྲུབ། ཟླ་བ་དེའི་ཚེས་གཅིག་ནས་སྨྱུང་གནས་ལྷ་ཁང་དུ་སྨྱུང་གནས་དཀར་པོ་ཆ་བརྒྱད་དང་། དེའི་ཚེས་ཉེར་གསུམ་ནས་ཉིན་བདུན་གྱི་བར་མགོན་པོ་གཏེར་ཆེན་གྱི་གཏོར་རྒྱག་གཏོར་སྒྲུབ་བཅས་ཆ་ཚང་དང་། བོད་ཟླ་ལྔ་པའི་ཚེས་བདུན་ནས་ཉིན་བརྒྱད་དུ་གསང་འདུས་མི་བསྐྱོད་རྡོ་རྗེ་བདག་མདུན་དབང་གསུམ་གྱི་ཆོ་ག་དང་དེའི་ཁ་སྐོང་སྦྱིན་སྲེག་དང་བཅས་པ། ཚེས་བཅུ་དགུ་ནས་འཇིགས་བྱེད་སྒྲུབ་མཆོད་ཉིན་བདུན་དང་། ཚེས་ཉེར་བདུན་ནས་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གཉིས་དང་དགེ་གཏོར་ཉིན་གཅིག བོད་ཟླ་དྲུག་པའི་ཚེས་དྲུག་ནས་བདེ་མཆོད་ཉིན་བརྒྱད། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བདུན་པའི་ཚེས་སུམ་ཅུའི་བར་དབྱར་གནས། བོད་ཟླ་བདུན་པའི་ཚེས་བརྒྱད་ནས་གསང་འདུས་སྒྲུབ་མཆོད་ཉིན་བརྒྱད་དང་ཚེས་བཅོ་ལྔའི་ཉིན་ཐུབ་ཆེན་གོས་སྐུ་བཤམས་ཤིང་མར་མེ་བརྒྱ་མཆོད་སྦར་ཏེ་བསྔོ་བ་སྨོན་ལམ་མཛད་པ་དེ་ལ་བཞུགས་པའི་བརྒྱ་མཆོད་ཅེས་སོ། ཚེས་ཉེར་གསུམ་ནས་ལྷ་མོ་གཏོར་ཆེན་ཉིན་བདུན། བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནས་འཇིགས་བྱེད་ཉིན་བདུན་དང་། བོད་ཟླ་དགུ་བའི་ཚེས་གསུམ་ནས་བསེ་ཁྲབ་གཏོར་ཆེན་གཏོར་སྒྲུབ་ཉིན་བདུན་དང་། བོད་ཟླ་བཅུ་པའི་ཆོས་མཚམས་སྐབས་བདེ་མཆོག་ཉིན་བདུན་དང་ཚེས་བཅུ་ལ་དམིགས་རྩེ་མ་དུང་འདོན་ཉིན་བཅུ་དང་ཨ་ར་པ་ཙ་དུང་འདོན་ཉིན་གསུམ་དང་། དེའི་ཚེས་ཉེར་གསུམ་ནས་ཚེས་ཉེར་ལྔའི་བར་དགའ་ལྡན་ལྔ་མཆོད་ལ་མར་མེ་ཁྲི་སྟོང་དུ་མ་ཕུལ་ཏེ་རྗེའི་བསྟོད་པ་དང་རྗེའི་རྣམ་ཐར་སོགས་སྐྱོར་སྦྱང་མཛད་པ་ཡིན་ནོ། བོད་ཟླ་བཅུ་གཅིག་པའི་སྐབས་ཆོས་མཚམས་དང་། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དབུ་ཆོས་རྣམས་ཀྱིས་འཆམ་རྒྱུག་བླངས་ནས་ཚེས་བཅུ་བརྒྱད་བཅུ་དགུ་ལ་སྐྱ་འཆམ་དང་། ཚེས་ཉིར་གཅིག་ནས་སྤྱི་གཏོར་ཉིན་མཚན་དགུ་ལ་འཚོགས་ཏེ། ཚེས་ཉིར་དགུ་ཉིན་སྲུང་མ་རྣམས་སྐུ་དངོས་སུ་བྱོན་པ་བཞིན་རྔམ་བརྗིད་ལྡན་པའི་འབག་འཆམ་ཉིན་གཅིག་དང་ཕྱི་དྲོ་གཏོར་རྒྱག་བཅས་འཚོགས་དགོས་པ་ཡིན་ནོ། དེ་ལས་ཚེས་ཉེར་དགུའི་འཆམ་གྱི་སྐོར་བཅུང་ཟད་བརྗོད་ན། འཆམ་དཔོན་བཞི་ཡོད་པའི་དང་པོ་འཆམ་དཔོན་གཉིས་ནི་སོག་རྒན་སོགས་ཇིང་གིར་རྒྱལ་པོ་བསྟན་འཛིན་ཆོས་རྒྱལ་དང་ཚ་ཁ་ཨ་བསྟན་རྒྱ་པོའི་དགོན་པར་སྐུ་དྲིན་ཆེ་བའི་སྦྱིན་བདག་གཉིས་དང་། རྒྱ་ནག་ཧ་ཤང་དང་ཧ་ཕྲུག་བཞི། ཨ་ཙ་ར་དཀར་ནག་གཉིས། ཐོད་སྐམ་གཉིས། གངས་རུས་བཞི། འཆམ་དཔོན་དམ་ཅན་ཆོས་རྒྱལ། ཡུམ་ཙ་མིན་ཌི། རྡོ་རྗེ་[page 16] འཇིགས་བྱེད། གཤིན་རྗེ་དཀར་དམར་བཞི། དཔལ་ལྡན་ལྷ་མོ། ཆུ་སྲིན་གདོང་ཅན། སེང་གེ་གདོང་ཅན། དཔྱིད་ཀྱི་རྒྱལ་མོ། དབྱར་གྱི་རྒྱལ་མོ། སྟོན་གྱི་རྒྱལ་མོ། དགུན་གྱི་རྒྱལ་མོ། དཔལ་མགོན་ཕྱག་དྲུག་པ། རྒྱལ་ཆེན་རྣམ་ཐོས་སྲས། ཨ་ཕྱི་ཆོས་ཀྱི་སྒྲོལ་མ། བསེ་ཁྲག གནས་ཆུང་འཕྲིན་ལས་རྒྱལ་པོ་བཅས་སྲུང་མ་རྣམས་དང་། ཨ་ཕྱི་མ་འདྲེ་མོ་བཞི། ཞྭ་སྟབས་འཆམ་དཔོན་གཙོས་སྔགས་པའི་ཆ་ལུགས་ལགས་པའི་ཞྭ་ནག་བཅས་འཆམ་པ་ལྔ་བཅུའོ།

གཞན་ཡང་དགོན་པའི་ཁམས་ཚན་སོ་སོའི་བྱེད་སྒོ་ལ་དགོན་པའི་ཕྱེད་ཆ་དཔལ་ལྡན་གཞི་བ་ཁམས་ཚན་ལ་འདུ་ཁང་ཀ་བ་བརྒྱད་ཅུ་ལ་རིང་བཅུ་དྲུག་དང་རི་དྭགས་ཆོས་འཁོར་གསེར་ཏོག་སྤེན་རྒྱན་བཅས་ཀྱིས་ལེགས་པར་བརྒྱན་པའི་གཙུག་ལག་ཁང་དེར། རྒྱུ་ལི་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་དང་། རིག་འཛིན་ཀློང་གསལ་སྙིང་པོས་གཏེར་ནས་བཏོན་པའི་སེང་གདོང་ཕུར་མཇུག་ཅན་དང་། གསེར་དངུལ་བྲིས་ཀྱི་ཐང་ཀ་དང་གདུགས་རྒྱལ་མཚན་ཀ་འཕན་ཡོལ་བ་སོགས་རྩ་ཆེན་དུ་མ་བཞུགས་པར་མ་ཟད། མི་ཚན་གསུམ་ཡོད་དེ། གཡོན་རུ་མི་ཚན། གྲོང་པ་མི་ཚན། ཨོ་ཐོག་མི་ཚན་བཅས་ལ་གྲྭ་དགེ་འདུན་ཉིས་སྟོང་ལྷག་ཙམ་བཞུགས་ཤིང་། ལོ་གསར་ཉིན་གསུམ་དང་། བོད་ཟླ་གསུམ་པར་དུས་འཁོར་ཉིན་ལྔ་འཚོགས་དགོས་པ་ཡིན་ནོ། དེ་བཞིན་དུ་ཚོ་གསུམ་ཁམས་ཚན་ལ་གྲྭ་དགེ་དྲུག་བརྒྱ་ལྷག་ཙམ་བཞུགས་པ་དང་། མོ་ལ་ཁམས་ཚན་ལ་གྲྭ་དགེ་འདུན་བཞི་བརྒྱ་ལྷག་དང་། སྣ་པོ་ཁམས་ཚན་ལ་གྲྭ་སུམ་བརྒྱ་ལྷག་དང་། དགའ་ཁམས་ཚན་ལ་གྲྭ་ཉིས་བརྒྱ་ལྷག་དང་། བྱང་པ་ཁམས་ཚན་ལ་གྲྭ་དགེ་འདུ་ཆིག་བརྒྱ་ལྔ་བཅུ་དང་། བཞག་པ་ཁམས་ཚན་ལ་གྲྭ་དགེ་འདུན་ཆིག་བརྒྱ་ལྷག་དང་། དབྲ་བ་ཁམས་ཚན་ལ་གྲྭ་ཆིག་བརྒྱ་ལྷག་དང་། འགོ་ལོག་ཁམས་ཚད་ལ་གྲྭ་དགེ་འདུན་ལྔ་བཅུ་ལྷག་དང་། ཆ་ཕྲེང་ཁམས་ཚན་ལ་གྲྭ་ལྔ་བཅུ་ཙམ་དང་། མདོ་བ་ཁམས་ཚན་ལ་གྲྭ་སུམ་ཅུ་ལྷག་དང་། ཤོག་དྲུག་ཁམས་ཚན་ལ་གྲྭ་དགེ་འདུན་ཉི་ཤུ་ལྷག་ཙམ་བཞུགས་པ་དེ་དག་ལ་ཁམས་ཚན་སོ་སོས་གཏོང་སྒོ་མཛད་དེ་ལོ་ལྟར་འཚོགས་དགོས་པ་ཡིན་ནོ།

བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་སྐྱབས་མགོན་རྗེ་འཆང་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོ་གང་གིས་མཚན་ཉིད་ཀྱི་གྲྭ་བཙུགས་ཏེ། སྟག་ཚང་ར་བསྟོད་བསྡུས་གྲྭ། རྣམ་འགྲེལ་ཐར་གསལ་བྱེད། ལེགས་བཤད་གསེར་གྱི་ཕྲེང་བ། རྣམ་བཤད་སྙིང་པོའི་རྒྱན། དྲང་ངེས་ལེགས་བཤད་སྙིང་པོ། འཇུག་འགྲེལ་དགོང་པ་རབ་གསལ། འདུལ་ཊིཀ་ཉི་མའི་འོད་ཟེར། མཛོད་འགྲེལ་མངོན་པའི་རྒྱན། མཛོད་འགྲེལ་ཐར་ལམ་གསལ་བྱེད་སོགས་རྗེ་ཡབ་སྲས་ཀྱི་གསུང་གཙོ་བོར་མཛད་དེ། འཛིན་གྲྭ་བཅུ་གཉིས་ཡོད་པའི་འཛིན་གྲྭ་རེ་ལ་སྐྱོར་དཔོན་གཉིས་རེ་བསྐོས་ཏེ། འཛིན་གྲྭ་དང་པོ་བསྡུས་གྲྭ། གཉིས་པ་རྟགས་རིག གསུམ་པ་བློ་རིག བཞི་པ་དོན་བདུན་ཅུ། ལྔ་པ་གཞུང་འོག་མ། དྲུག་པ་གཞུང་གོང་མ། བདུན་པ་སྐབས་དང་པོ་གཉིས། བརྒྱད་པ་ཕར་ཕྱིན། དགུ་པ་[page 17] དབུ་མ་གསར་པ། བཅུ་པ་དབུ་མ་རྙིང་པ། བཅུ་གཅིག་པ་མཛོད། བཅུ་གཉིས་པ་འདུལ་བའི་འཛིན་གྲྭ་བཅས་འཛི་གྲྭ་བཅུ་གཉིས་ཡོད་པ་དེ་དག་གིས་ལོ་ལྟར་ཟླ་བ་གསུམ་པའི་ཟླ་ཆོས་དང་། ཟླ་བ་བརྒྱད་པའི་ཟླ་ཆོས། ཟླ་བ་བཅུ་གཅིག་པའི་ཟླ་ཆོས་བཅས་གསུམ་རེ་འཚོགས་དགོས་ཤིང་། གཞུང་བཀའ་པོད་ལྔ་ལ་སློབ་མཐར་ཕྱིན་རྗེས་བཀའ་རམས་པ་འདུས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་རྩོད་རྒྱུགས་བླངས་ནས་མཁན་སློབ་རྣམ་གསུམ་གྱིས་དགེ་བཤེས་ཀྱི་མཚན་གསོལ་བ་ཡིན་ནོ།

ཡོན་གྱི་འབྱུང་ཁུངས། གཉེར་པ་རོགས་ལྡན་ལྔའི་ལས་འགན་ནི་དགོན་གཞུང་གྱི་གྲྭ་ཚང་ལ་མ་དངུལ་གང་ཡང་མེད་པར་གཙོ་བོ་མི་སེར་རྣམས་ལ་རྐྱེན་ངན་བར་ཆད་གེགས་སེལ་དང་བསྔོ་བ་སྨོན་ལམ་བྱེད་པའི་ཡོན་སྦྱོར་ལོ་གཅིག་ལ་དངུལ་རྡོ་ཚད་ལྔ་སྟོང་དང་། མཆོད་འབྲུ་ཁལ་ཉིས་སྟོང་ཡོད་པ་དེས་ལོ་གཅིག་གི་འགྲོ་སོང་དང་གཏོང་སྒོ་བྱེད་དགོས་པ་དང་། དགོན་གཞུང་གི་ཕྱག་མཛོད་སྐུ་སྦུག་མ་བཞིའི་ལག་དུ་དགོན་གཞུང་གི་མ་དངུལ་དང་མཚན་ཉིད་གྲྭ་ཚང་གི་མ་དངུལ་བཅས་རྡོ་ཚད་ཉིས་སྟོང་ལྷག་དང་། དགོན་གཞུང་སྤྱི་ལོ་ཁག་མ་དྲུག་གི་ལག་དུ་མ་དངུལ་རྡོ་ཚད་སུམ་སྟོང་ལྷག་ཙམ་ཡོད་པ་དེ་དག་གིས་བུན་སྐྱེད་དང་ཁེ་ཚོང་བྱས་ནས་ལོ་གཅིག་གི་འགྲོ་སོང་མཛད་རྗེས་མ་དངུལ་གང་ཡོད་ཆད་ལྷག་མེད་པར་དགོན་གཞུང་ལ་སྤྲོད་དགོས། ཞབས་བརྟན་སྤྱི་སོ་ལ་ལོ་ལྟར་འབྲུ་རིགས་ཁལ་སུམ་ཅུ་སོ་བཞི་ཙམ་དོ།

ཁམས་ཚན་སོ་སོའི་དཔལ་འབྱོར་སྐོར། གཞི་བ་ཁམས་ཚན་གྱི་ལོ་གསར་སྤྱི་ལོ་ལ་ལོ་གསར་གཏོང་སྒོའི་མ་དངུལ་རྡོ་ཚད་ལྔ་བརྒྱ་ལྷག་དང་། རྒན་བསམ་གཞུང་ལ་མ་དངུལ་རྡོ་ཚད་བརྒྱ་དང་། དགེ་རྒན་མི་གསུམ་ལག་དུ་རྡོ་ཚད་ཉིས་བརྒྱ་དང་། དགེ་འདྲ་མི་གསུམ་ལག་དུ་དངུལ་རྡོ་ཚད་བརྒྱ་ཡོད་དེ་དག་གི་ཁེ་སྐྱེད་སོགས་གོང་ལྟར་དང་། ས་ཞིང་མུའུ་བརྒྱད་ཅུ་ཙམ་ཡོད་པའི་འབྲུ་རིགས་ལོ་ལྟར་བསྡུ་ཆོག་པ་ཡིན་ནོ། ཚོ་གསུམ་ཁསམ་ཚན་ལ་རྒན་བསམ་ཞུང་ལག་དུ་མ་དངུལ་རྡོ་ཚད་བརྒྱ་དང་། དགེ་རྒན་དགེ་འདྲ་མི་དྲུག་ལག་ཏུ་མ་དངུལ་རྡོ་ཚད་སུམ་བརྒྱ་དང་ས་ཞིང་ཁལ་གསུམ་ལྷག་ཙམ་ཡོད་པའི་འགྲོ་སོང་དང་གཏོང་སྒོ་གོང་དང་མཚུངས།

མོ་ལ་ཁམས་ཚད་རྒན་བསམ་གཞུང་ལག་དུ་མ་དངུལ་རྡོ་ཚད་ལྔ་བཅུ་ལྷག་དང་། དགེ་རྒན་དང་དགེ་འདྲ་མི་དྲུག་གི་ལག་དུ་མ་དངུལ་རྡོ་ཚད་ཉིས་བརྒྱ་ལྷག་དང་ས་ཞིང་ཁལ་དྲུག་ལྷག་ཙམ་ཡོད་དོ།

སྣ་པོ་ཁམས་ཚན་ལ་རྒན་བསམ་གཞུང་གི་ལག་དུ་མ་དངུལ་རྡོ་ཚད་སུམ་བརྒྱ་ཙམ་དང་དགེ་རྒན་འདྲའི་ལག་དུ་མ་དངུལ་རྡོ་ཚད་ཉིས་བརྒྱ་ལང་བཅུ་ཙམ་ཡོད་དོ། དགའ་བ་ཁམས་ཚན་ལ་དགེ་རྒན་མི་གདུམ་ལག་དུ་མ་དངུལ་རྡོ་ཚད་བརྒྱ་ཙམ་ཡོད་དོ། གྱང་བ་ཁམས་ཚན་གྱི་དགེ་རྒན་མི་གཉིས་ལ་མ་དངུལ་རྡོ་ཚད་དྲུག་ཅུ་ཙམ་དང་། བཞག་པ་ཁམས་ཚན་གྱི་དགེ་རྒན་མི་ཁ་ཤས་ཀྱི་ལག་དུ་མ་དངུལ་རྡོ་ཚད་ལྔ་བཅུ་དང་ས་ཞིང་ཁལ་གསུམ་ལྷག་ཙམ་དང་། དབྲ་བ་ཁསམ་ཚན་གྱི་དགེ་རྒན་མི་ཁ་ཤས་ཀྱི་ལག་དུ་མ་[page 18] དངུལ་རྡོ་ཚད་བཞི་བཅུ་ལྷག་དང་། འགོ་ལོག་ཁམས་ཚན་གྱི་དགེ་རྒན་ཚོའི་ལག་དུ་མ་དངུལ་རྡོ་ཚད་སུམ་ཅུ་དང་། ཆ་ཕྲེང་ཁམས་ཚན་གྱི་དགེ་རྒན་ལག་དུ་མ་དངུལ་རྡོ་ཚད་སུམ་ཅུ་དང་། དེ་ལས་མཚན་ཉིད་གྲྭ་ཚང་ལ་འབྲི་སུམ་བརྒྱ་ལྷག་ཙམ་ཤེ་མ་བཞག་ཡོད་པས་ལོ་ལྟར་མར་རྒྱ་མ་བཞི་སྟོང་ཙམ་དང་ཞིང་པའི་ས་ཁུལ་ལ་ཡོ་ཡག་དུས་འབྲུ་ཁལ་བཞི་ཙམ་སློང་ཐུབ་པ་ཡིན་ནོ།

དགོན་གྱི་བླ་བྲང་མཁན་པོ་ཁྲི་བ་ལ་དཔལ་འབྱོར་ཐད་མ་དངུལ་གང་ཡང་མེད་པས་བླ་བྲང་གི་གཉེར་པས་ཡུལ་གང་གི་འགོ་པ་ཇ་བག་ཁ་ཤས་སྦྱིན་ནས་འགོ་བ་དེས་རོགས་མཛད་དེ་ལོ་ཡག་དུས་འབྲུ་ཁལ་བཞི་བརྒྱ་ལྷག་ཙམ་དང་མར་དོ་བོ་བཅུ་ཙམ་བསྡུ་ཐུབ་པས་དེ་དག་གིས་འགྲོ་སོང་གཏོང་དགོས་པ་ཡིན་ནོ།

སྐྱབས་མགོན་བླ་བྲང་གི་ཕྱག་རྫས་བདག་གཉེར་པ་ཕྱག་མཛོད་རྒན་གཞོན་བཞི་དང་དྲུག་ཡིག་བདག་གཉེར་པ་བཅས་ཡོད་པའི་ཕྱག་མཛོད་ཁང་ཆེན་ཞིག་བཙུགས་ཏེ་བླ་མ་ལ་འབུལ་བའི་རྒྱུ་ནོར་ཕལ་ཆེར་ཚོད་རྩིས་བྱས་ན་དངུལ་རྡོ་ཚད་སྟོང་ཕྲག་གཉིས་གསུམ་ཙམ་ཡོད་པ་ཡིན་ནོ།

རྩ་འཛུགས་དང་སྲིད་འཛིན། དགོན་པའི་རྩ་འཛུགས་ལ་མཁན་པོ་ཁྲི་བ་གཅིག་དང་། བླ་མ་སློབ་དཔོན། མཚན་ཉིད་མཁན་པོ། དགེ་སྐོས་རྒན་གཞོན་གཉིས། ཚོགས་ཆེན་དབུ་མཛད། རྒྱུད་གཞུང་དབུ་མཛད། སྐུ་རིམ་དབུ་མཛད། མགྲོན་གཉེར་གཅིག ལས་ཐོག་བླ་བྲང་ལ་ཕྱག་མཛོད་རྒན་གཞོན་གཉིས། ཨ་དྲུང་རྒན་གཞོན་གཉིས། གསོལ་དཔོན་རྒན་གཞོན་གཉིས་བཅས་གྲྭ་པ་བཅུ་གསུམ། ཕྱག་མཛོད་སྦུག་མ་བཞི། དགེ་གཡོག་བཞི། པར་དཔོན་དང་མཆོད་རྫས་འགོ་བ། རྒན་བསམ་བཅོ་བརྒྱད། དགོན་གཞུང་ལ་གཉེར་རྒན་དང་ཉེར་ཆུང་གཉིས། རོགས་ལྡན་གཉིས། དྲུང་ཡིག་གཅིག་དགོན་གཞུང་དུ་སྤྱི་ལོ་ཁག་མ་དྲུག ཁམས་ཚན་དྲུག སྐྱབས་མགོན་བླ་བྲང་ཁག་སོ་སོ་བཅས་སོ།

དགོན་པའི་ཆོས་སྲིད་མཉམ་འབྲེལ་གྱི་བདག་པོ་མཁན་པོ་ཁྲི་བས་ནི་ཆོས་ཕྱོགས་ཀྱི་བྱེད་སྒོར་གཟིགས་སྐྱོང་གནང་དགོས་པ་མ་ཟད་སྲིད་ཕྱོགས་ལ་ཡང་གཟིགས་སྐྱོན་གནང་དགོས། ཆོས་ཕྱོགས་སུ་གཙོ་བོ་དམ་པ་གོང་མའི་ཕྱག་སྲོལ་མི་ཉམས་གོང་འཕེལ་བཏང་སྟེ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ནས་ལོ་ལྟར་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་བ་བརྒྱད་པའི་ཚེས་གཅིག་བར། དབྱར་གནས་དགག་དབྱེ་སོགས་གཞི་གསུམ་གྱི་ཆོ་ག་ལག་ལེན་དང་ཟླ་བ་ཡར་ངོའི་བཅོ་ལྔ་དང་མར་ངོའི་སུམ་ཅུ་ལ་ཆད་མེད་གསོ་སྦྱོང་དང་། ལོ་ལྟར་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་མདོ་རིང་བློ་སྐྱོར་དགེ་འདུན་སྤྱིའི་འདུལ་ཁྲིམས་བཅས་ཆོས་འདུལ་པའི་བཅའ་ཁྲིམས་ལྟར་དགོན་གྱིས་བཅའ་ཡིག་ཆེན་མོ་ཚོགས་གཞུང་དུ་བསྒྲག་སྦྱངས་གནང་བ་སོགས་ཀྱི་ཕྱག་ལེན་མཛད་དགོས་སོ།

བླ་མ་སློབ་དཔོན་གྱི་འགན་གཙོ་བོ་ནི་རྒྱུད་སྡེ་བཞི་སོགས་སྔགས་ཀྱི་སྒྲུབ་ཐབས་དང་དཀྱིལ་འཁོར་ཆོ་ག་རྣམས་ལེགས་པར་ཕྱག་ལེན་དགོས་པ་དེ་ཡིན། མཚན་ཉིད་མཁན་པོའི་འགན་གཙོ་བོ་ནི་མདོ་[page 19] ཕྱོགས་གཞུང་ཆེན་མོ་ཕར་ཕྱིན་དབུ་མ་འདུལ་མཛོད་རྣམས་ཀྱི་སློབ་གཉེར་རྩོད་གྲྭ་སོགས་དང་། འཛིན་གྲྭ་བཅུ་གཉིས་དང་མཚན་ཉིད་པ་སུམ་བརྒྱ་ལྷག་གི་མཁན་པོའི་མཛད་དགོས་པ་ཡིན་ནོ།

ཚོགས་ཆེན་དབུ་མཛད་ཆེན་མོའི་འགན་ནི་ལོ་གཅིག་གི་འདོན་རྟ་དབྱངས་རྡུང་རྔ་ཆིངས་སོགས་འགན་འཛིན་གནང་ནས་མདོ་སྔགས་ཕྱོགས་ཀྱི་འདོན་ཆ་རྣམས་བློ་ལ་འདོན་དགོས། རྒྱུད་གཞུང་དབུ་མཛད་ཀྱི་འགན་ནི་རྒྱུད་སྡེ་བཞིའི་རྒྱུད་གཞུང་རྣམས་སྐྱོར་སྦྱོང་དང་། སྐུ་རིམ་དབུ་མཛད་ཀྱི་འགན་ནི་དགོན་པ་སྤྱིའི་རིམ་འགྲོ་དང་སྦྱིན་བདག་རྣམས་ཀྱིས་ཞུས་པའི་རིམ་གྲོ་སོགས་དགུང་ཚོགས་རྒྱུན་དུ་བྱེད་དགོས་པ་ཡིན་ནོ།

དགེ་སྐོས་རྒན་པའི་འགན་ནི་འདུལ་བའི་བཅའ་ཁྲིམས་ལྟར་དགེ་འདུན་པའི་སྒྲིག་ལམ་ཀུན་སྤྱོད་དང་སྒྲུབ་མཆོད་དང་དུས་མཆོད་སོ་སོའི་སྐབས་ཉིན་ལྟར་ཇ་ཞུས་དང་རྒྱུད་སྡེ་བཞིའི་ཆེད་བརྗོད་དང་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་རྗེ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དང་། ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ལྔ་མཆོད་ཉིན་རྗེ་རིན་པོ་ཆེའི་རྣམ་ཐར། ཟླ་བ་དང་པོའི་ཚེས་བཅུ་གསུམ་ཉིན་ཆོ་འཕྲུལ་བཤད་པ་བཅས་ཚོགས་གཞུང་དུ་བློ་ལ་འདོན་དགོས་པ་མ་ཟད་དགོན་གྱི་ལས་སྣེ་སོ་སོའི་འགན་ཁུར་ཡོད་མེད་བརྟག་དཔྱད་གནང་དགོས་པ་དེ་ལ་དགེ་སྐོས་གཞོན་པས་རྒན་པ་རམ་འདེགས་བྱེད་དགོས་སོ།

ཚོགས་ཆེན་དགོན་གཞུང་ལ་གཉེར་བ་རྒན་གཞོན་གཉིས་དང་། རོགས་ལྡན་གཉིས། དྲུང་ཡིག་གཅིག་བཅས་མི་ལྔའི་ལས་འགན་ནི་ལོ་གཅིག་གི་ནང་ལ་ལི་ཐང་དགོན་པའི་ཆོས་དད་མང་ཚོགས་རིམ་གྲོ་དང་བསྔོ་སྨོན་གྱི་སྐུ་ཡོན་བདག་གཉེར་བྱས་ཏེ་བཙང་བའི་དངོས་རྫས་ཀྱི་ཡོང་འབབ་གང་ཡོད་དེ་དགོན་གཞུང་དུས་མཆོད་སོགས་ལ་རྒྱུན་ཇ་དང་མཆོད་པ་མཆོད་མེ་སོགས་འགྲོ་སོང་བྱས་པའི་དངུལ་ལྷག་གང་ཡོད་དགེ་འདུན་པའི་ཕྱག་དུ་ཕུལ་དགོས་པ་གང་ཉིད་ཀྱི་འགན་ལོ་གཅིག་ནོ།

དགོན་གཞུང་ལ་སྤྱི་སོ་ཁག་མ་དྲུག་ཡོད་དེ། སྤྱི་རྒན་མ་དང་ཞབས་བརྟན་སྤྱི་སོ། བླ་བྲང་སྤྱི་སོ། སྭ་ཤུལ་སྤྱི་ལོ། པར་ཁང་སྤྱི་སོ། བར་མ་སྤྱི་སོ་བཅས་དྲུག་ཡོད་པའི་སྤྱི་སོ་རེ་ལ་དགོན་གཞུང་གི་མ་དངུལ་རྡོ་ཚད་ལྔ་བརྒྱ་ལྷག་ཙམ་ཡོད་པ་ལས་ཚོང་བྱས་ཏེ་ཁེ་སྐྱེད་ལས་ལོ་ལྟར་གྲངས་ཚད་ཡོད་པའི་གཏོང་སྒོ་དང་འགྲོ་སོང་ཅི་རིགས་བཏང་སྟེ། ལོ་གསུམ་གྱི་རྗེས་སུ་མ་དངུལ་ཆད་ལྷག་མེད་པར་གཞུང་ལ་སྤྲོད་དགོས་པ་ཡིན་ནོ།

དགོན་པའི་མཁན་པོ་ཁྲི་བ་ལ་བླ་བྲང་ཞེས་མིང་བཏགས་ཏེ་སྐུ་འཁོར་བཅུ་གསུམ་ཡོད་པ་ལས་མཁན་པོ་དང་མགྲོན་གཉེར་ནི་ཆོས་སྲིད་དབང་འཛིན་ལས་ཁུངས་ཡིན་ལ། སྔོན་མཁན་པོ་དབུས་ནས་ཕེབས་སྐབས་བོད་ལུགས་སྲོལ་ལྟར་མགྲོན་གཉེར་གཅིག་དང་ཨ་དྲུང་རྒན་གཞོན་གཉིས་སོགས་གོ་གནས་དང་དབང་ཆ་ཤིན་ཏུ་ཆེ་བ་དང་། ཕྱག་མཛོད་རྒན་གཞོན་གཉིས་དང་གསོལ་དཔོན་རྒན་གཞོན་གཉིས་བཅས་དང་གཞན་ཡང་སྐུ་འཁོར་དུ་མ་བཞུགས། མཁན་པོ་བརྗེ་ལེན་སྐབས་དགོན་གཞུང་དུ་མཆོད་རྟེན་[page 20] སོགས་སྐུ་གསུང་ཐུགས་རྟེན་གང་རུང་རེ་འཇོག་དགོས་པ་ཡིན་ནོ།

སྐྱབས་མགོན་བླ་བྲང་ལ་ཕྱག་མཛོད་རྒན་གཞོན་བཞི་དང་དྲུང་ཡིག་བཅས་འབྱོར་ཕྱུག་ལྡན་པའི་བླ་བྲང་ཆེ་ཁག་ཅིག་ཡིན་པས་དེའི་འོག་ཏུ་སྒོ་སོག་བླ་བྲང་དང་། ཁྲོམ་ཐོག་བླ་བྲང་། ཨ་རྫ་བླ་བྲང་། བྲག་དཀར་བླ་བྲང་། འཛམ་གླིང་བླ་བྲང་། ཚྭ་ལྷག་བླ་བྲང་། ག་གཟི་བླ་བྲང་། གཙང་ཤུལ་བླ་བྲང་། སྨ་ཁམས་བ་བྲང་། ཁྲི་དཔོན་བླ་བྲང་། ཨ་ཀྱོག་བླ་བྲང་། བཞག་བླ་བྲང་། སྒོ་སྦེ་བླ་བྲང་། ཀླུ་ཟུང་བླ་བྲང་། ནང་རིགས་བླ་བྲང་། བྱ་རྫ་བླ་བྲང་། ཞོ་རིས་བླ་བྲང་། ཕོ་ཉ་བླ་བྲང་བཅས་དམིགས་བསལ་དང་ལྡན་པའི་བླ་བྲང་ཁག་དུ་མ་ཡོད་དོ།

གཞན་ཡང་གཞི་བ་ཁམས་ཚན་ལ་རྒན་པ་ལྔ་དང་ཚོ་གསུམ་ཁམས་ཚན་ལ་རྒན་པ་གསུམ། མོ་ལ་ཁམས་ཚན་ལ་རྒན་པ་གཉིས། སྣ་པོ་ཁམས་ཚན་ལ་རྒན་པ་གཉིས། དགའ་བ་ཁམས་ཚན་ལ་རྒན་པ་གཅིག གྱང་བ་ཁམས་ཚན་ལ་རྒན་པ་གཅིག བཞག་པ་ཁམས་ཚན་ལ་རྒན་པ་གཅིག དབྲ་བ་ཁམས་ཚན་ལ་རྒན་པ་གཅིག ཆ་ཕྲེང་ཁམས་ཚན་ལ་རྒན་པ་གཅིག ཤོག་དྲུག་ཁམས་ཚན་ལ་རྒན་པ་གཅིག མདོ་པ་ཁམས་ཚན་ལ་རྒན་པ་གཅིག་བཅས་རྒན་བསམ་བཅོ་བརྒྱད་ནི་ཁམས་ཚན་སོ་སོའི་བྱ་བ་ཐག་གཅོད་པའི་དབང་ཆ་ཡོད་དོ།

པར་དཔོན་གྱི་འགན་ནི་བཀའ་འགྱུར་སོགས་པར་སྐྲུན་བྱེད་སྐབས་འགན་ཁུར་དང་བདག་སྲུང་བྱེད་དགོས། མཆོད་རྫས་འགོ་བའི་འགན་ནི་གཙུག་ལག་ཁང་སོ་སོའི་མཆོད་ཆས་རྒྱུ་ནོར་སོགས་བདག་གཉེར་བྱེད་དགོས།

དགོས་པའི་ཕྱག་སྦུབ་བཞི་ནི་གཅིག་དགུ་བཅུ་ཞེ་གསུམ་ལོར་སྐྱབས་གོན་སྐུ་ཕྲེང་གཉིས་པས་དགོན་པ་བདག་གཉེར་དང་འཛུགས་སྐྲུན་བྱེད་སྐབས་ཁམས་ཚན་སོ་སོའི་ནང་གི་རྒན་ཟུར་གདམ་གསེས་བྱས་ཏེ་ཕྱག་སྦུབ་བཞི་བསྐོ་གཞག་གནང་སྟེ་དགོན་གཞུང་དུ་མ་དངུལ་བདག་གཉེར་དང་སྲིད་འཛིན་ཐོག་དབང་འཛིན་ཤུགས་སྣོན་བྱེད་པའི་ལས་ཁུངས་ཤིག་བཙུགས་པ་ཡིན་ནོ།

དགོན་པའི་སྲོད་འཛིན་ནི་དགོན་པ་བཙུགས་ནས་བཟུང་མཁན་པོ་ཁྲི་བ་དང་མགྲོན་གཉེར་རྣམས་དགོན་གཞུང་གི་ཐམ་ཀའི་བདག་པོ་དང་། ཁམས་ཚན་སོ་སོའི་རྒན་བསམ་བཅོ་བརྒྱད་དང་དགེ་སྐོས་རྒན་པ་རྣམས་ཐམ་ཀའི་བདག་པོ་ཡིན་པ་མ་ཟད་སྲིད་འཛིན་ལས་ཁུངས་དང་ཁྲིམས་དང་ཁྲིམས་འཛིན་ལས་ཁུངས་ཀྱང་ཡིན་པས་དམངས་དོན་ཐམས་ཅད་བདག་གཉེར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། བར་སྐབས་ཤིག་ནས་གོང་གི་ཁྲིམས་འཛིན་བདག་པོ་ལ་ཕྱག་བཞིས་ཤུགས་སྣོན་དང་ས་གནས་དཔོན་དང་མཉམ་དུ་སྤྱིར་ཁྲིམས་དང་འགལ་བ་ལ་ཁྲིམས་ཆད་དང་བཙོན་ཁང་། བྱེ་བྲག་དགོན་པའི་ཁྲིམས་དང་འགལ་ན་གྲྭ་བཙུན་རྣམས་ཀ་བ་དང་སྐྱེ་ཕོ་མོ་རྣམས་ཕུར་པར་བཅིངས་བ་དང་། ཉེས་པ་ཆེ་ཆུང་ལ་བརྟེན་ནས་དངོས་ཆད་དང་ལུས་ཆད་གཅོད་དགོས་པ་དང་དགོན་པའི་རྒྱུ་ནོར་བུད་སྐྱེད་དང་དངོས་རྫས་[page 21] བཙོང་བའི་རིན་སྒོར་སོགས་མི་སྤྲོད་ན་མི་དེ་དང་དུད་ཁ་དེ་ཡི་ཁང་པ་དང་རྒྱུ་ནོར་གཞུང་བཞེས་ཀྱང་བྱ་ཆོག་པ་ཡིན་ནོ།།

དགོན་པའི་བཅའ་ཁྲིམས། རབ་བྱུང་གི་རྟགས་ཆ་ལུགས་རྣམས་རུང་བ་ཚད་ལྡན་མ་གཏོགས་རྒྱགས་པ་དང་དྲེགས་པ་འཕེལ་བའི་ཁ་མདོག་བཟང་བ་དང་ཚད་ལས་ལྷག་པའི་མཆོར་ཆས་དང་། མཐང་ཤམ་རྔུལ་གཟན་མེད་པར་སམ་སྲང་དང་ཕྱི་རོལ་ཏུ་མི་འགྲོ་བྱེས་བགྲོད་ལྟ་བུའི་ཚེ་ཆང་དང་། ཕྱི་དྲོའི་ཁ་ཟས་འཛེམ་མེད་དུ་སྤྱོད་པ། འཁྲུག་གྲལ་དུ་གོ་གྱོན་མཚོན་ཐོགས་ཁྲིམས་གྲོགས་མེད་པར་ཉེ་དུ་མིན་པའི་བུད་མེད་དང་གནས་དབེན་པ་སྐྱབས་མེད་པར་ཞག་ཏུ་ལྷན་ཅིག་ཉལ་པ་བྱུང་ན་སླར་གྲལ་འདིར་མི་འཇུག་པའམ། ཡང་ན་ཆང་ཕྱི་དྲོའི་ཁ་ཟས་འཁྲུག་པ་གསུམ་ལ་མང་ཇ་ཚ་ར་འབུལ་ཚན་སོགས་ཀྱི་ཆད་པ་དང་། ཕྱི་མ་ལ་མི་ཚངས་སྤྱོད་ཀྱི་སྐྱོན་ཡོད་མེད་ཀྱི་ཆར་ལག་འདོགས་ཀྱིས་དག་པར་བྱས་ནས་སྤྱོད་ལམ་མ་བཟོས་པ་ལ་ཆད་པ་གོང་བཞིན་སྒྲུབ། སྤྱི་ལོའི་འདུ་ཁང་དུ་སྡེ་གཉིས་ཀ་འཚོགས་པའི་ཚེ་ཆབ་སྐད་དང་དུང་གཏོང་ལུགས་སོགས་དཔལ་ལྡན་སྤུངས་དང་མཐུན་པར་བྱེད། གྲལ་མཚེས་དང་ལོག་གཏམ་སྨྲ་བ། གཉིད་ལོག་པ། བཞད་གད། རྩིག་པ་དང་ཀ་བར་བསྙེ་བ། དེ་དག་ལ་མཆིལ་སྣབས་འདོར་བ་སོགས་བདུད་ལས་རྣམས་སྤངས་ཏེ་མ་ཡེངས་བར་ཆོས་སྤྱོད་ཀྱི་རམ་འདེགས། བསྙེན་བཀུར་ལ་སྤྱོད་པའི་ཚེ་ཅག་ཅག་ཧུ་ཧུ་དང་ལྕེ་པ་སོགས་ཆོས་འདུལ་བ་ནས་བཀག་པ་རྣམས་མི་བྱེད། བཤོལ་དུ་མི་བཏུབ་པའི་རིས་མ་བྱུང་བར་བསྔོ་བ་ཚར་གོང་ནས་འགྲོ་བ་དང་། ཚོགས་གྱེས་པའི་ཚེ་གཞན་དག་གིས་འཕྱ་སྨོན་གྱི་གནས་སུ་འགྲོ་བར་མ་བྱའོ།

ཡོ་བྱད་ཀྱི་དབུལ་བའི་ནད་པ་དང་འདུ་སྡེ་འདིའི་ཁོངས་སུ་མི་གཏོགས་པའི་ནད་པ་སོགས་ཉམ་ཐག་པའི་ཡུལ་རྣམས་ལ་ཟས་གོས་དང་སྨན་ནད་གཡོག་སོགས་རིམ་གྲོ་བྱེད། ནད་རིམས་ཡོད་སར་ཕྱིན་ན་དགེ་འདུན་སྤྱི་ལ་འབག་པའི་ཉེས་ཡོད་པས་མི་འགྲོ། སྲོག་ལ་རྒོལ་བར་ཐུག་པའི་ནག་ཆེན་སྐྱབས་འཚོས་བར་བྱུང་ན་བསྟན་ཅིང་། རྒྱང་གྲགས་གཅིག་ཚུན་གྱི་རི་ཀླུང་དུ་སེམས་ཅན་བརྔོན་པ་བསྲུང་ཏེ་མི་འཇིགས་པའི་སྦྱིན་པ་སྟེར། རྩ་བ་བཞི་ལ་སྐྱོན་གང་བྱུང་ན་གནས་ནས་དབྱུང་བ་ཐག་ཆོད་དང་། དགེ་འདུན་རྣམས་ཀྱིས་བག་མེད་པའི་སྤྱོད་ལམ་སྤངས་ཏེ་གཞན་དག་དང་བ་འདྲེན་པའི་ཚུལ་ལྡན་གྱི་སྒོ་ནས་འདུལ་ཞིང་བསླབ་གྲལ་མ་འཁྲུགས་པར་བྱེད། ཆོས་སྡེ་ཆེན་པོ་འདིར་འཁོར་ལོ་གསུམ་གྱི་སྒོ་ནས་ཡར་ལྡན་དུ་འགྱུར་བར་མཆོག་དམན་སེར་སྐྱ་ཀུན་གྱིས་བསྒྲུབས་ན་འདི་ཕྱིའི་དོན་ཆེན་སྤེལ་བའི་ཐབས་བླ་ན་མེད་པའི་ཐུགས་རྗེ་གཟིགས་པར་མཁྱེན།

དེ་མིན་གྱི་ཁྲིམས་ནི་དགོན་པའི་རྒྱབ་རི་དང་སོག་རི་སོགས་ལ་རི་དྭགས་རྔོན་མི་ཆོག་གང་མོས་ཀྱིས་ས་རྐོ་རྡོ་སློག་དགོན་པའི་མདུན་རི་དང་སོག་རིའི་མདུན་གྱི་དཔག་བསམ་ཁའཁྲི་ཤིང་གི་ནགས་ཚལ་བཅད་མི་ཆོག གྲོང་ཤོག་བརྒྱད་ཀྱིས་གང་མོས་ཞིང་ར་དང་རྩྭ་ར་སྒར་མི་ཆོག ཟླ་བ་བརྒྱད་པའི་དབྱར་[page 22] གནས་དགག་དབྱེ་ཚར་རྗེས་དགོན་པས་ཤིང་ལོ་སེར་པོ་རེད་ཡོད་མེད་བརྟགས་ནས་ཆོག་མཆན་མ་ཐོབ་པར་དགོན་པའི་ཉེ་འདབས་ཀྱི་ཐང་ཁྲམ་བསྡུ་བ་དང་། རི་ཐང་སོགས་ལ་རྩྭ་བརྔ་བསྡུ་བྱེད་མི་གཅིག་ཀྱང་འགྲོ་མི་ཆོག་པ་བཅས་ཆོས་སྐྱོང་སྲུང་མ་བཀའ་གཏད་མཛད་ཡོད་དོ།

ཚེས་ཆེན་དུས་ཆེན་མ་གཏོགས་དགོན་པའི་ནང་བུད་མེད་གང་མོས་འོང་མི་ཆོག་ཚེས་ཆེན་དུས་ཆེན་ལ་གཙུག་ལག་ཁང་སོ་སོ་དང་ཁམས་ཚན་ཁག་དང་ཤག་ཚན་ཁང་ཚང་མའི་སྒོ་ཁར་ཕྱགས་དར་དང་དཀར་ཐིག་འབྲི་བ་སོགས་བྱེད་དགོས་པ་ཡིན་ནོ།

དགོན་པའི་བསྟན་པ་དར་རྒྱས་དང་ཉམས་རྒུད། དེ་ལ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་བཏབ་ནས་ལོ་ངོ་བཞི་བརྒྱ་ལྷག་ཙམ་རིང་བསྟན་འཛིན་གྱི་སྐྱེས་བུ་རིམ་བྱོན་གྒྱཻས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། ལྷག་པར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་སྐུ་ཞབས་རྡོ་རིང་བློ་བཟང་བསྟན་པའི་རྒྱལ་མཚན། སྤྲུལ་བའི་སྐུ་སྐལ་ལྡན་རྒྱ་མཚོ་གཙོས་པའི་མཁན་པོ་རིམ་བྱོན་རྣམས་ཀྱིས་ཆོས་སྲིས་ཟུང་འབྲེལ་གྱི་ཐུགས་ཁུར་རྒྱ་ཆེར་བཞེས་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཇམ་མགོན་བླ་མ་ཙོང་ཁ་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་། འགྲོ་ཀུན་ཕན་བདེའི་མཛད་འཕྲེང་འགྲན་ཟླ་དང་བྲལ་ཞིང་སྙན་གྲགས་ཕྱོགས་ཀུན་ཁྱབ་པར་གྱུར། དེ་ནས་ཤོག་དྲུག་སྐྱབས་མགོན་སྐུ་ཕྲེང་གཉིས་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོས་འགྲོ་བའི་ཕན་བདེ་འབྱུང་གནས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་བརྟེན་ཏེ་རྒྱུན་མི་ཆད་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་མདོ་ཁམས་སྨད་དུ་འབྲོག་རི་བོ་དགེ་སྡེ་ཆེན་པོ་འདི་ལ་ཡན་ལག་དང་ཉིང་ལག་ཚུལ་གྱི་བཤད་གྲྭ་དང་སྒྲུབ་གྲྭ་རྒྱས་ཤིང་མཁས་བཙུན་བཟང་གསུམ་འཛོམས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དུ་མ་བསྐྲུན་ཏེ། ལུས་ཅན་མཐའ་དག་ལ་ཕན་བདེ་མ་ལུས་པའི་གཏེར་ཆེན་པོ་ལོངས་སྤྱོད་པའི་སྐལ་བ་བཟང་པོ་བྱུང་ན་ཡང་། གདུལ་བྱ་རྣམས་ལ་བཀའ་དྲིན་ཆེ་བའི་བླ་མ་རིན་པོ་ཆེ་སྐུ་གཤེགས་རྗེས། དཀར་ཕྱོགས་ཀྱི་ལྷ་རྣམས་ཉམས་ཤིང་འཁོར་བའི་རྩ་བ་བདག་འཛིན་གཅོད་མ་ནུས་པས་བླ་མའི་བཀའ་དང་། སངས་རྒྱས་ཀྱི་གསུང་རབ་དགོན་པའི་སྒྲིག་ཁྲིམས་བཅས་དང་མི་མཐུན་པར་དགོན་ནང་དུ་དུག་རྫས་ཉོ་ཚོང་དང་། རྒྱུ་རྫས་འགྲན་རྩོད། མདའ་རྫས་ཉར་ཚགས་སོགས་བྱས་ཏེ། དགེ་འདུན་གྱི་དབྱེན་དཀྲུགས་ཏེ་མི་བསད་པ་སོགས་ཀྱི་ལས་ངན་དུ་མ་བསགས་ནས་བསྟན་པ་ཉམས་དུ་སོང་།

སྤྱི་ལོ་ཅིག་སྟོང་དགུ་བརྒྱ་ང་དྲུག་ལོར་ཀྲུང་གོ་གུན་ཁྲན་ཏང་གི་དམངས་གཙོ་བཅོས་རྒྱུར་བྱེད་པ་དེ་རྒྱལ་ཁབ་དང་མི་དམངས་ཀྱི་དོན་ཡིན་པར་གསལ་པོར་མ་རྟོགས་པའི་སྐུ་དེག་དང་ས་གནས་འགོ་པ་ཉུང་ཤས་ཀྱིས་བཅོས་སྒྱུར་ལ་བཀག་འགོག་བྱས་ཏེ་སྡིག་པའི་བླངས་དོར་དང་ཙུལ་ཁྲིམས་སོགས་དོར་ཏེ་ཟིང་ཆ་དང་འཁྲུགས་པ་བསླངས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གིས་བརླག་བཤིག་བྱས། དེ་རྗེས་ལོ་[page 23] རབས་དྲུག་ཅུའི་དཀྱིལ་དུ་རིག་གནས་གསར་བརྗེའི་འགུལ་སྐྱོད་དང་ཏང་ནང་གི་ངོ་རྒོལ་ཚོགས་ཁག་གི་ཏང་དང་རྒྱལ་ཁབ་ལ་ངོ་རྒོལ་བྱས་ཏེ་གྱོང་ཆ་ཚབས་ཆེན་བཟོས་པ་མ་ཟད། དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར།

དེ་ནས་སླར་ཡང་རྒྱལ་དང་དེ་སྲས་རྣམས་ཀྱི་ཐུགས་བསྐྱེད་དང་གདུལ་བྱ་བསོད་ནམས་དཔལ་དུ་ཤར་ཏེ་ཆོས་དང་རང་དབང་གི་གོ་སྐབས་བཟང་པོ་བྱུང་སྟེ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ས་ག་ཟླ་བའི་དུས་བཟང་ཉིན་ཆོས་ཀྱི་བྱེད་སྒོ་སྤེལ་ཏེ། གསོ་སྦྱོང་བཙུགས་ནས་རིམ་བཞིན་རབ་བྱུང་དང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་བའི་འགོ་བཙུགས། སྐྱབས་མགོན་སྐྱ་གོང་མའི་གཟིམ་ཤག་རྩེ་རྣམ་རྒྱལ་ཕོ་བྲང་ཞཻག་གསོ་གནང་སྟེ་འདུ་ཁང་བྱེད། དགེ་སློང་སྦྱིན་པ་སྨོན་ལམ་གྱིས་དགོན་པ་ཉམས་གསོ་བྱས་པའི་འགན་གཙོ་དང་རྒན་རབས་དུ་མས་རོགས་རམ་མཛད། སྔར་དགོན་པ་བཤིག་གཏོར་སྐབས་སུ་སྦྱིན་པ་སྨོན་ལམ་དང་ཆ་ཕྲེང་དགེ་སློང་ཐར་འདོད་དང་བསམ་གཏན་སོགས་ཀྱིས་ཉར་ཚགས་བྱས་པའི་གསེར་སྐུ་ལི་མ་གྲངས་ལང་བཅུ་ཙམ་དང་། རྩ་ཆེན་གྱི་ཙན་དན་ཇོ་བོ་ལོ་ཀི་ཤྭ་ར་དང་། གསེར་སྐུ་ལི་ནག་གི་བདེ་མཆོག་གསུང་འབྱོན་མ་དང་། ལིའི་འཇིགས་བྱེད་གསུང་འབྱོན་མ་དང་། ལིའི་སྒྲོལ་མ་གསུང་འབྱོན་མ། རྗེ་ཡབ་སྲས་གསུམ་གྱི་གསེར་སྐུ། ཟ་བྱེད་མཁན་འགྲོ་གསུང་འབྱོན་མ་དང་། མི་སེར་གྱིས་ཉར་ཚགས་བྱས་པའི་རྒྱ་ནག་གི་འཐག་གྲུབ་ཀྱི་རྒྱན་དྲུག་མཆོག་གཉིས་སྐུ་ཐང་བརྒྱད་དང་། འདུ་ཁང་གདོང་ཁེབས་དྲ་བ་དྲ་ཕྱེད། ཤང་ཤང་སིལ་སྙན་རྩ་ཆེན་དང་། རི་དྭགས་བསེ་རིའི་རྭ། སྦུབ་ཆས་དང་འཁར་རྔ་ཚོགས་གདན། མཆོད་རྫས་མི་ཉུང་བ་ཕུལ་བ་དང་། ལས་ཁུངས་ནང་བདག་གཉེར་བྱས་ཡོད་པའི་རིན་ཐང་ཆེ་བའི་ཚོགས་ཁྲོ་རྩ་ཆེན་རྣམས་དགོན་པ་ལ་སྤྲད། ས་གནས་ཀྱི་ཏང་ཨུ་འགོ་ཁྲིད་དང་སྲིད་གཞུང་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རོགས་རམ་ཐོག། ཆོས་དད་མང་ཚོགས་དགའ་སྤྲོ་འཁོལ་བའི་ངང་ནས་རང་རང་གི་འབྱོར་བ་དང་བསྟུན་ཏེ་དགོན་པ་ལ་དངོས་འབུལ་དང་རོགས་རམ་བྱས་ནས་སྦྲུལ་པའི་སྐུ་བྲག་དཀར་རིན་པོ་ཆེ་བློ་བཟང་བསྟན་ཉི་མས་མཁན་པོ་མཛད། དགེ་སློང་ངག་དབང་ཐུབ་བསྟན་གྱིས་དབུ་མཛད་གནང་སྟེ་དགེ་འདུན་བརྒྱ་ཕྲག་འགའ་ཡིས་སྣགར་སྲོལ་བཟང་པོ་མ་ཉམས་པའི་ཆོ་ག་ཕྱག་ལེན་སླར་གསོ་མཛད་དེ། རིམ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་བཟང་དང་སྨོན་ལམ་མཆོད་པ་དམ་བཅའ་ཆེན་མོ་སོགས་དང་། སྤྱི་གཏོར་དགུ་འཆམ་ཆེན་མོ། དྲུག་པའི་རི་བསང་ཆེན་མོ་སོགས་སླར་གསོ་མཛད་དེ་དགོན་པའི་དོ་དམ་ལྷན་ཚོགས་བཙུགས། རིམ་བཞིན་མཁན་སློབ་བརྗེ་ལེན་དང་དགེ་སྐོས་སོགས་དབུ་ཆོས་དོ་དམ་ལས་སྣེ་བསྐོ་གཞག་བྱས་ཏེ་དགོན་པའི་སྒྲིག་སྲོལ་དང་ལམ་ལུགས་ཆ་ཚང་བཙུགས་ལོ་ལྟར་དགེ་འདུན་པ་རིམ་གྱིས་འཕེལ་ཏེ་ལི་ཐང་སྐྱབས་མགོན་སྐུ་ཕྲེང་གསུམ་པ་འཇམ་དབྱངས་དཔལ་ལྡན་རྡོ་རྗེའི་ཞལ་བཀོད་དང་སློབ་སྟོན་ལྟར་བླ་མ་འཇམ་དབྱངས་མཁས་བཙུན་གྱིས་ལས་འགོ་གཙོ་བཞེས། [page 24] གཙང་ཤུལ་བླ་མ་ཚེ་རིང་རྡོ་རྗེ། གླང་བླ་མ་ངག་དབང་བསྟན་འཛིན། བྲག་དཀར་བླ་མ་བློ་བཟང་བསྟན་པ། ཚྭ་ལྟག་བླ་མ་དགེ་ལེགས་རྒྱ་མཚོ་བཅས་ཀྱིས་འགན་འཛིན་ཐོག་བཀའ་རིམ་དགེ་བཤེས་དང་དགེ་འདུན་དུ་མ་དང་ཆོས་དད་མང་ཚོགས་བཅས་ཀྱིས་རོགས་རམ་དང་ས་གནས་དང་ཏང་སྲིད་ཀྱིས་རྒྱབ་སྐྱོར་འོག་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་རྩེ་ཕོ་བྲང་དམར་པོ་གསར་བཞེངས་ཀྱི་ལས་འགོ་བཙུགས། ཕོ་བྲང་དམར་པོ་ཐོག་རྩེག་གསུམ་དང་ཕོ་བྲང་དཀར་པོ་ཐོག་རྩེག་གཉིས་ལ་ཀ་བ་བརྒྱད་ཅུ་གྱ་བརྒྱད་ལ་ཀ་རིང་བཅུ་དྲུག་དང་། ཆོས་ར་ཀ་བ་བརྒྱ་དང་ཉིས་ཤུ། ཕྱི་ཡི་རྩིག་པ་དང་ནང་གི་སྐོས་རི་མོ་ཚོན་རྩི་ལྡེབས་རིས་བཅས་ཡོངས་སུ་གྲུབ། རྩེ་ཕོ་བྲང་གི་ནང་རྟེན་གཙོ་བོ་སྐྱབས་མགོན་སྐུ་ཕྲེང་གཉིས་པའི་སྐུ་གདུང་མཆོད་རྟེན་གསེར་ཟངས་ལས་གྲུབ་པ་གཟི་བྱུ་རུ་སོགས་ཕྲ་རྒྱན་སྤུས་བཟང་དུ་མས་བརྒྱན་པ་ཐོག་ཚད་གཅིག་དང་། རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བྱམས་པའི་སྐུ་བརྙན་ཐོག་ཚད་གཅིག་དང་། རྒྱལ་བ་བསོད་ནམས་རྒྱ་མཚོ་དང་སྐྱབས་མགོན་སྐུ་གོང་མ་སོགས་ཀྱི་འདྲ་སྐུ་མི་ཚད་ཙམ་དང་། སྡེ་དགེ་ནས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་གདན་དྲངས། དགོན་གཞུང་གི་གདུགས་རྒྱལ་མཚན་འཕན་བླ་བྲེ་རོལ་ཆ་སྣ་ཚོགས་དང་གདན་བཅས་གསར་གྲུབ་ལེགས་པར་བྱུང་། བྲག་དཀར་མཁན་པོ་བློ་བཟང་བསྟན་པས་ཐུབ་པ་གཙོ་འཁོར་གསུམ་གྱི་གོས་སྐུ་ཆེན་པོ་ཞིག་དང་། རྗེ་བཙུན་བྱམས་པའི་གསེར་སྐུ་ཁྲུ་དོ་ཅན་ཞིག་དང་། སྦུབ་ཆས་སྦུབ་ལྡན་དང་གསེར་ཞོ་བཅུ་གཉིས་ཀྱིས་བཞེངས་པའི་སངས་རྒྱས་སྟོང་སྐུའི་ག་བཅས་བཞག་གནང་མཛད། འཛམ་གླིང་མཁན་པོ་འཇམ་དབྱངས་མཁས་བཙུན་གྱིས་རྒྱ་ནག་འཐག་གྲུབ་ཀྱི་རྗེའི་སྟོང་སྐུ་ལ་སྐུ་ཐང་བརྒྱ་དང་བཅུ་གསུམ་དང་ལྷ་ས་ནས་གདན་དྲངས་བའི་བརྒྱད་སྟོང་གསེར་བྲིས་བཅས་རྟེན་བཞག་མཛད། སྨ་ཁམས་མཁན་པོའི་དགེ་བཤེས་རྟ་མགྲིན་ཚེ་དབང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་གཅིག་དང་། གླང་མཁན་པོ་ངག་དབང་བསྟན་འཛིན་གྱིས་རྗེ་ཡབ་སྲས་གསུམ་གྱི་གོས་སྐུ་ཚེམ་དྲུབ་ཐོག་ཚད་གསུམ་ཡོད་པ་ཞིག་དང་། ཚེམ་དྲུབ་ཀྱི་གནས་བརྟན་བཅུ་དྲུག་དང་རྒྱལ་ཆེན་སྡེ་བཞི་བཅས་ཀྱི་སྐུ་ཐང་ཉི་ཤུ་རྟེན་བཞག་མཛད།

བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོའི་ཟླ་བ་དགུ་པའི་ཚེས་བཅོ་བརྒྱད་དུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་གཟིགས་ཞིབ་གནང་སྐབས་སུ་ལི་ཐང་རྫོང་དང་ལི་ཐང་དགོན་པས་གྲ་སྒྲིག་དང་ཕེབས་བསུ་རྒྱ་ཆེར་བྱས་ཏེ་སེར་སྐྱི་ཕོ་མོ་ཁྲི་ཕྲག་ཁ་ཤས་ལ་ཆོས་ལུང་དང་ཚེ་དབང་བསྐུར་ཏེ་རྩེ་ཆོས་ར་ནང་དུ་ཁོང་གི་ཕྱག་དབང་དང་ཚེ་རིལ་ཕཡག་མདུད་བཅས་གནང་བའོ་སྐལ་བཟང་པོ་བྱུང་བ་མ་ཟད། པཎ་ཆེན་རིན་པོ་ཆེས་ཚོགས་ཆེན་འདུ་ཁང་བཞེནགས་བའི་ཞལ་བཀོད་དང་ཕྱག་ནས་གཏོར་ཏེ་ཐུགས་སྨོན་གནང་ཞིང་། དགོན་པའི་ལྕགས་རི་སོགས་ཉམས་གསོ་དགོས་ཚུལ་སོགས་ཀྱི་ཞལ་ཏ་དུ་མ་གསུངས་སོ།

བོད་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་ཏང་ཀྲུང་དབྱང་དང་ས་གནས་དང་སྲིད་གཞུང་གིས་[page 25] སྔ་རྗེས་བར་གསུམ་དུ་ཤོག་དངུལ་སྒོར་ཁྲི་དགུ་བཅུ་གོ་གཅིག་དང་དྲུག་སྟོང་ལྷག་ཙམ་རོགས་རམ་དང་རྒྱབ་སྐྱོར་མཛད་དེ། སྐྱབས་མགོན་དཔལ་ལྡན་རྡོ་རྗེས་ཞལ་བཀོལ་དང་ཐུགས་ཁུར་འོག བླ་མ་འཇམ་དབྱངས་མཁས་བཙུན་དང་། ཚྭ་ལྷག་བླ་མ་དགེ་ལེགས་རྒྱ་མཚོ། གཙང་ཤུལ་བླ་མ་ཚེ་རིང་རྡོ་རྗེ་རྣམས་ཀྱིས་ལས་འགོ་གཙོ་བོ་གནང་སྟེ། ཆོས་ཚོགས་ལས་ཁུངས་ཀྱི་བླ་སྤྲུལ་ཁག་དང་བཀའ་རིམ་པའི་དགེ་བཤེས་དགེ་འདུན་མང་ཚོགས། ཆོས་དད་པ་ཡོངས་ཀྱི་ཐུགས་ཁུར་དང་རོགས་འདེགས་འོག་བཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཚོགས་ཆེན་འདུ་ཁང་ཆེན་མོ་བཞེངས་པའི་འགོ་བཙུགས། དང་པོ་ལས་འགོ་བླ་མ་གསུམ་གྱིས་བཟོ་བཀོད་དང་རྒྱ་ཁྱོན་མཐོ་ཚད། ས་བཀྲ་འབྲི་བ་སོགས་ཐིག་ལེན་མཛད། གཉིས་པ་ས་གནས་ཐོག་གི་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་མཁས་པ་ཀུན་གྱིས་ཐུན་མོང་མ་ཡིན་པའི་བློ་གྲོས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་འགོ་འདོན། གསུམ་པ་དྲ་རྡོ་དང་ཤིང་ཆ་རྒྱུ་ཆ་སོགས་དང་རྩིག་བཟོ་ཤིང་བཟོ་འཇིམ་བཟོ་བརྐོས་རིས་པ། མཛེས་རྩལ་པ། ལྡེབས་བྲིས་པ། ངལ་རྩོལ་པ་སོགས་གྲ་སྒྲིག་དང་འཆར་བཀོད་གནང་། ཕོ་བྲང་དམར་པོ་ཐོག་རྩེག་གསུམ་དང་། ཕོ་བྲང་དཀར་པོ་ཐོག་རྩེག་གཉིས། ཆོས་ར་ཀ་བ་ཉིས་བརྒྱ་དང་བདུན་ཅུ་དང་། ཚོགས་ཆེན་ཇ་ཁང་ཀ་བ་ཉི་ཤུ་རྩ་ལྔ་དང་། འདུ་ཁང་ཆེན་མོ་སུམ་རྩེག་ལ་དཀྱིལ་ཀ་ཆིག་བརྒྱ་དྲུག་ཅུ་ལ་ཀ་རིང་ཉེར་བཞི་ཡོད་པའི་སྟེང་དུ་གསེར་ཏོག་དང་གསེར་གྱི་རྒྱ་ཕིབས། བར་ཁང་དུ་སྒྲོལ་མ་ཉེར་གཅིག འདུ་ཁང་སྦུག་གི་བྱམས་ཁང་ཀི་རི་བཅུ་གཉིས་ཡོད་པ་དེར། བོད་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོར་གཡོན་རུ་ཧོར་རྙིང་སྡེ་ཤོག་དང་འཇམ་དབྱངས་ཆོས་འཁོར་གླིང་གཙོས་པའི་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་སྦྱིན་བདག་ཞུས་ཏེ། བོད་ལྗོངས་ལྷ་ས་ནས་བཟོ་རྩལ་མཁས་ཅན་བུ་གོང་སྤུན་མཆེད་སོགས་བཟོ་བ་མི་བཅུ་གདན་དྲངས་ནས། ལི་ཐང་སྐྱབས་མགོན་གྱི་ཞལ་བཀོད་དང་འགན་བཞེས་འོག རྒྱུ་ཟངས་གསེར་ལ་རིན་པོ་ཆེ་དུ་མས་ཕྲ་རྒྱན་སྤུད་པའི་རྗེ་བཙུན་བྱམས་མགོན་སྐུ་རྩེག་ཚད་གཉིས་དང་དེ་མིན་གྱི་སྐུ་བརྙན་དེ་མིན་སྐུ་བརྙན་དུ་མ་བཞུགས་གསོལ། སྟོང་སྐུ་ལྷ་ཁང་ལ་དཀྱིལ་ཀ་དྲུག་ཅུ་རེ་བརྒྱད་ཡོད་པ་དེ་ལ། བོད་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་ཅེས་པའི་ཆུ་མོ་ཕག་གི་ལོར་ཁྲིན་ཏུའུ་ནས་བོད་ཡུལ་དགོན་ཁག་གིས་ལྷ་སྐུ་རྣམས་གདན་འདྲེན་སྐབས་ལི་ཐང་སྐྱབས་མགོན་འཇམ་དབྱངས་དཔལ་ལྡན་རྡོ་རྗེ་ལ་ཕུལ་བའི་ཇོ་བོ་མི་འགྲོ་གསུང་འབྱོན་ལོངས་སྐུ་ཆ་བྱད་ཅན་དང་། རྒྱུ་ཟངས་གསེར་ལས་གྲུབ་པའི་རྗེ་སྟོང་སྐུ་དང་སྒྲོལ་མ་སྟོང་སྐུ་བཅས་བཞུགས་སུ་གསོལ། དེ་ལྟར་གཙུག་ལག་ཁང་དེ་དག་གི་ཕྱི་ཡི་བཟོ་དབྱིབས་སོགས་སྔར་ལས་རྒྱ་ཆེ་བ་དང་སྦཽས་ལེགས་པའི་ངོ་མཚར་བཀོད་པ་ཡོངས་སུ་མཛེས་ཤིང་ལྟ་ན་སྡུག་པ་དང་། ནང་གི་གཙུག་ལག་ཁང་སོ་སོའི་ངོས་བྲིས་སོགས་མཛེས་རྩལ་ཡིད་དུ་འོང་བ། མཆོད་པའི་ལྷ་མོ་དང་རྒྱན་དྲུག་མཆོག་གཉིས་ལམ་རིམ་བརྒྱུད་པའི་བླ་མ་ཚོགས་ཞིང་དང་ཐུབ་པ་སོགས་སངས་རྒྱས་རིམ་བྱོན་གྱི་ཞིང་བཀོད་སྣ་ཚོགས། རྒྱུད་སྡེ་བཞི་སོགས་ཡི་དམ་ལྷ་ཚོགས་དཔག་མེད་དང་། དཔའ་བོ་མཁའ་འགྲོའི་ལྷ་ཚོགས་མགོན་པོ་ཕྲག་དྲུག་ལ་སོགས་ཆོས་སྐྱོང་སྲུང་མའི་[page 26] ཚོགས་འཁོར་དང་བཅས་གྲངས་སུ་མ་ངེས་པ་དང་འདུ་ཁང་སྒོ་ཆེན་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི་བརྗིད་ཉམས་ལྡན་ཞིང་ཡེ་ཤེས་པའི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ས་ལ་འཕོས་པ་ལྟ་བུ་ཞིག་སྣང་ངོ་།

བོད་རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོར་ལི་ཐང་དུ་འཁྲུངས་བའི་ཆབ་མདོ་སྤྲུལ་པའི་སྐུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ལྷ་ས་ནས་ལི་ཐང་དགོན་ཆེན་ལ་རྗེ་བཙུན་བྱམས་པའི་སྐུ་ཁྲུ་དོ་ཙམ་ཡོད་པའི་གསེར་སྐུ་ལི་མ་ཞིག་དང་། ཐུགས་རྟེན་བཀའ་གདམས་མཆོད་རྟེན་ལི་མ་དང་སྦུབ་ཆལ་སྤུས་ལེགས་བཅས་བསྩལ་གནང་མཛད།

བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོར་བྱ་བ་དཀར་པོའི་འབྱུང་གནས་སྟོན་པའི་ཆོས་ལ་དད་པ་ཚད་མེད་ལགས་པའི་རྒྱ་སྟོ་བུ་དཀར་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་གདན་དྲངས་བའི་རྒྱུ་ཟངས་གསེར་ལས་གྲུབ་པའི་སངས་རྒྱས་སྟོང་གཅིག་བཞག་འཇོག་མཛད། མཁན་རབས་གྱ་དགུ་པ་མཆོག་སྤྲུལ་ཚྭ་སྟག་དགེ་ལེགས་བསྟན་འཛིན་འཕྲིན་ལས་རྒྱ་མཚོས་ཆབ་མདོ་ནས་བཟོས་པའི་རྒྱུ་ཟངས་གསེར་ལས་གྲུབ་པའི་ཤཱཀྱ་ཐུབ་པའི་སྐུ་རྒྱབ་མཐོ་བཅུ་བཞི་ཅན་ཞིག་བཞག་འཇོག་མཛད། དེ་ལྟར་དད་ལྡན་མང་ཚོགས་རྣམས་ཀྱིས་རྟེན་བཞེངས་དཔག་མེད་མཛད་དེ་རབ་ཏུ་གནས་པའི་ཆོ་ག་མཛད་པའི་ཚེ་ཡེ་ཤེས་པ་མངོན་སུམ་དུ་ཞུགས་པ་སོགས་ངོ་མཚར་བའི་མཛད་པ་རྨད་དུ་བྱུང་། གྲྭ་ཉིས་སྟོང་ལྷག་གིས་ཁྱིམ་དུད་དྲུག་སྟོང་ལྷག་གི་དད་གཤིན་རྫས་དང་ཚོང་ཁང་དང་མོཊ་ཟུང་གི་ཡོང་སྒོ་བཅས་ལ་བརྟེན་ནས་སྔོན་གྱི་ཆོས་ཕྱོགས་གྱི་སྲོལ་རྒྱུན་བཟང་པོ་མ་ལུས་པའི་ཕྱག་ལེན་གནང་བ་མ་ཟད་དུས་ཆེན་གྱི་སྲོལ་རྣམས་མ་ཆད་པར་བཙུགས་ཏེ། དགོན་པའི་འགན་ཁུར་བ་རྣམས་ཀྱིས་སྔོན་གྱི་བཅའ་ཡིག་གཞི་བྱས་ནས་གསར་དུ་སྒྲིག་ཡིག་དོན་ཚན་བཅུ་གཅིག་གཤམ་གསལ།

དང་པོ། རང་དགོན་གྱི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་དགེ་འདུན་ཡོངས་ཀྱིས་རྒྱལ་གཅེས་དང་མེ་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་དྲང་བདེན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་དགོས།

གཉིས་པ། རང་རེའི་དགོན་ཆེན་གྱི་མཆོག་དམན་སུ་ཡིན་རུང་སོ་སོས་ལོ་ཐར་གྱི་སྡོམ་པ་ཚུལ་བཞིན་དམ་བླངས་ཐོག བདག་གཉེར་དོ་དམ་སྒྲིག་ཡིག་འདི་རང་མོས་ཐོག་སྒྲིག་སྲུང་དམ་འཛིན་བྱེད་དགོས།

གསུམ་པ། རང་མོས་ཀྱིས་སྒོ་ནས་དགོན་ཆེན་འདིའི་ནང་ཞུགས་ཕྱིན། ཐོག་མར་ཞུགས་པའི་སྐབས་སུ་དགེ་སྐོས་ཀྱི་དྲུང་དུ་མཚན་ཐོ་འབུལ་དགོས་ལ་རྗེས་སུ་རྐྱེན་གང་ཞིག་གི་ཆེད་དུ་ཕྱིར་འཐེན་བྱེད་དགོས་ན་དགེ་སྐོས་ཀྱི་དྲུང་དུ་གནས་ཚུལ་དྲང་པོར་ཞུས་ནས་ཆོག་མཆན་གནང་བ་ཐོབ་རྗེས་གཞི་ནས་ཕྱིར་འཐེན་བྱེད་ཆོག གལ་ཏེ་དགེ་སྐོས་ལ་སྙན་སེང་མ་ཞུས་པར་རང་མོས་ཕྱིར་འཐེན་བྱས་ན་ཐག་གཅོད་[page 27] ངེས་ཅན་བྱེད་རྒྱུ།

བཞི་པ། དགོན་པའི་ནང་གྲྭ་ཤག་རྒྱག་ཟིན་པ་རྣམས་ཀྱིས་ངེས་པར་དུ་རྒྱུན་དུ་ཤག་སྲུང་དགོས་པ་དང་གྲྭ་པ་རང་བཞུགས་དགོས་པ་ལས་ཁྱིམ་པ་ཕོ་མོ་གང་རུང་ཚབ་བྱེད་མི་ཆོག་པ་མ་ཟད་ཤག་ཕྱི་ནང་ཀུན་ལ་གཙང་སྦྲ་ནན་ཏན་བྱེད་དགོས།

ལྔ་པ། གླིང་གི་ནང་དུ་མཐོ་དམན་སུ་ཡིན་རུང་མ་བྱིན་པ་ལེན་པ་ལ་སྒོར་སྟོང་གཅིག་ཡན་ཆད་ཀྱི་ཉེས་ཆད་གཅོད་རྒྱུ་དང་དགེ་འདུན་པའི་ནང་ནས་གནས་དབྱུང་གཏོང་རྒྱུ། ཁྲིམས་འགལ་གྱི་རིགས་འདི་སོགས་ནི་དགེ་སྐོས་སོགས་ལ་བརྟེན་ནས་ཐག་གཅོད་པ་མ་གཏོགས་བཤད་བྱེད་པའང་འབྲེལ་མེད་ཀྱི་ཐེ་གཏོགས་བྱེད་པ་དང་ངན་པའི་རྒྱབ་སྐྱོར་བྱེད་མཁན་བཅས་ལ་རྐུན་མ་དང་མཚུངས་པའི་ཐག་གཅོད་བྱེད་རྒྱུ། དེ་མིན་རྣམས་ལྕི་ཡང་ལ་དཔགས་ཏེ་ཐག་གཅོད་བྱེད་རྒྱུ།

དྲུག་པ། གླིང་ནང་དང་ཚོགས་སུ་དགེ་འདུན་སྡེ་དཀྲུགས་པའི་འཁྲུགས་རྩོད་བྱས་ན་ལྗི་ཡང་ལ་དཔག་ནས་ཐག་གཅོད་ནན་ཏན་བྱེད་རྒྱུ། ཁྱད་པར་དུ་བདག་གཉེར་དོ་དམ་གྱི་ལས་བྱེད་པ་དང་མཁན་པོ་དང་དགེ་སྐོས་གཙོ་བོའི་བླ་མ་ལས་སྣེ་བཅུ་གཉིས་སོགས་ཀྱི་སྤྱི་དོན་དུ་དོ་དམ་ལག་བསྟར་བྱེད་སྐབས་འགོག་རྒོལ་དང་འཁོན་འཛིན་གྱི་འཁྲུགས་རྩོད་བྱེད་ན། དགེ་འདུན་གྲལ་ནས་གནས་དབྱུང་གཏོང་རྒྱུ་ཁྲིམས་འགལ་པ་དགེ་འདུན་གྲལ་ནས་གནས་དབྱུང་གཏོང་བའི་རིགས་མཐའ་དག་ལ་དེའི་ཁམས་ཚན་དང་མི་ཚན་སོགས་ཀྱིས་ངོ་ཞུས་མི་ཆོག བདུན་པ། འདི་ལ་དོན་ཚན་ལྔ་སྟེ། ལོ་རེར་ལས་སྣེ་བཀོད་སྒྲིག་མཚམས་གཅོད་བརྡ་ཐོ་འབྱོར་རྗེས་གྲྭ་བ་རྒན་གཞོན་སུ་ཡིན་རུང་ངེས་པར་དུ་ཕེབས་དགོས་ལ། གལ་སྲིད་དུས་ཚད་ནང་མ་ཕེབས་ན་སྒོར་སྟོང་གཅིག་གི་ཉེས་ཆད་གཅོད་པ་དང་། ཉིན་བདུན་ནང་དུ་མ་འཇལ་ན་དགེ་འདུན་གྲལ་ནས་གནས་དབྱུང་གཏོང་རྒྱུ་དང་གཅིག གླིང་ནང་དུ་མཐོ་དམན་སུ་ཡིན་རུང་ཚོང་རྫས་ཉར་བ་དང་ཚོང་ལས་ཀྱི་བྱེད་སྒོ་སྤེལ་ན་ཚོང་རྫས་ཡོད་ཚད་གཞུང་བཞེས་བྱེད་རྒྱུ་དང་གཉིས། མཁན་གདན་ཟུར་ཕུད་པའི་བླ་གྲྭ་མཆོག་དམན་སུ་ཡིན་རུང་གླིང་ནང་དུ་ཕེབས་ཕྱིན་གོས་ཕུ་དུང་ཅན་དང་ཞྭ་མོ་སོགས་ཁྱིམ་པའི་ཆ་ལུགས་བྱས་ན་གཞུང་བཞེས་བྱ་རྒྱུ་དང་གསུམ། ཁྱིམ་པའམ་དགོན་སྡེ་གཞན་ནས་ཡོང་བའི་གྲྭ་པ་སོགས་སུ་ཡིན་རུང་གླིང་ནང་དུ་གྲི་རིང་དང་མཚོན་ཆ་ཁྱེར་བ་དང་། ཞྭ་མོ་གྱོན་ནས་ཡོང་ན་གཞུང་བཞེས་བྱ་རྒྱུ་དང་བཞི། མཁན་གདན་ཟུར་ཕུད་མཆོག་དམན་སུ་ཡིན་རུང་གླིང་ནང་རྟ་བཞོན་ནས་ཡོང་མི་ཆོག གལ་ཏེ་རྟ་བཞོན་ནས་འོངས་ན་ཐག་གཅོད་ངེས་ཅན་བྱེད་རྒྱུ་དང་ལྔའོ།

བརྒྱད་པ་མཆོག་དམན་སུ་ཡིན་རུང་གླུ་གར་ཁང་དང་གློག་བརྙན་ཁང་སོགས་སུ་མཚན་མོར་གང་བྱུང་དུ་འཁྱམས་འགྲོ་མཁན་དང་། རྒྱན་འཛུགས་རིགས་དང་སྤོ་ལོའི་རིགས་སོགས་རྩེ་བ་ལ་ཐག་གཅོད་ངེས་ཅན་བྱེད་རྒྱུ་དང་གཅིག གླིང་ནང་དུ་གློག་སྐྱེས་གཟུགས་བརྙན་འཕྲུལ་ཆ་བཙུགས་ན་གཞུང་བཞེས་བྱ་རྒྱུ་དང་གཉིས། གླིང་ནང་དུ་བུད་མེད་ཞག་སྡོད་བཅུག་པ་བཅས་མི་ཆོག་པ་དང་གསུམ་མོ།

[page 28] དགུ་པ། རྒྱུན་དུ་གླིང་ནང་གཙང་སྦྲ་བྱ་དགོས། ཆོས་ཐོག་འཚོགས་དུས་དཀར་ཐིག་དང་གད་དར་བྱ་དགོས་པ་དང་། མི་སུ་ཡིན་རུང་གཤང་ལྕི་གང་བྱུང་དུ་འདོར་བ་དང་ལུད་པ་དང་གད་སྙིགས་བསོག་པ་བཅས་ལ་གནས་ཚུལ་གཞིགས་ནས་དངུལ་ཆད་གཅོད་རྒྱུ།

བཅུ་པ། གྲྭ་ཚང་གཞུང་གི་སྤྱི་རྫས་རྣམས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྒྲིག་ཡིག་རྩ་དོན་ཐོག་གཏན་འབེབས་བྱས་པ་བཞིན་ཉར་ཚགས་དང་དམ་འཛིན་བྱས་ནས་ལོ་རེ་བཞིན་དགེ་འདུན་དམངས་ལ་གསལ་བཤད་དང་གྲྭ་ཚང་གི་ཡོང་འབབ་རྣམས་གཉེར་པ་རྒན་གཞོན་གྱི་འགན་ཁུར་མཛད་ནས་ལོ་རེའི་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ནང་མཚམས་གཅོད་གཙང་མ་བྱེད་ཐུབ་དགོས་ལ་གང་མོས་ཕྱིར་འཐེན་བྱེད་མིག་ཆོག

བཅུ་གཅིག་པ། དགོན་གཞུང་གི་བཀོད་སྒྲིག་ལྟར་འདུ་ཆོས་སོ་སོ་ལ་དགེ་འདུན་བགྲེས་གཞོན་རྣམས་ངེས་པར་དུ་ཕེབས་ཐུབ་པར་བྱེད་དགོས། གལ་ཏེ་ཕེབས་མ་ཐུབ་ཚེ་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་རྒྱུ།

གོང་དུ་བཀོད་པའི་བདག་གཉེར་དོ་དམ་གྱི་སྒྲིག་ཡིག་འདི་ལག་བསྟར་བྱེད་མཁན་དངོས་ནི་དགེ་སྐོས་རྣམ་གཉིས་ཆབ་རིལ་བ་རྣམས་གཉིས། གླིང་སྲུང་བ་བཅས་ཡིན། དེར་མ་ཟད་གླིང་སྲུང་བས་སྒོ་ཕྱེ་མཁར་རྔ་དང་གསུང་ཆོས་འཁར་རྔ་བརྡུང་རྒྱུ། གད་དར་དང་དཀར་ཐིག་བཅས་ཀྱི་ལན་སྐྱེལ་རྒྱུ། རྒྱས་འཛོམས་ཀྱི་ལན་སྐྱེལ་རྒྱུའི་ལས་འགན་ཡིན། གལ་ཏེ་དོ་དམ་གྱི་གནས་ཚུལ་ཐག་གཅོད་དཀའ་བ་བྱུང་ཚེ་མཁན་པོ་དང་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་མཐའ་འཁྱོངས་བྱེད་དགོས་སོ། དེ་ལས་སྔོན་གྱི་ལོ་རྒྱུས་ལྟར་ན་ལི་ཐང་དགོན་བརྒྱ་དང་བཅུ་གསུམ་ཡོད་པར་གྲགས། དེ་ལྟར་དགོན་པའི་ལོ་རྒྱུས་འདི་ནི་དགའ་ལྡན་ཆོས་བྱུང་བེེ་སེར་དང་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་དང་རྣམ་པོ་ཚེ་རིང་གིས་བྲིས་པའི་ལི་ཐང་དགོན་པའི་ལོ་རྒྱུས་སོགས་ལ་གཞི་བྱས། རྣམ་པོ་ཚེ་རིང་གི་གསུང་སྒྲོལ་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

འཇའ་དགོན་ཆོས་བསམ་གླིང་གི་ལོ་རྒྱུས།

མདོ་སྨད་སྤོ་འབོར་སྒང་གི་ཆར་གཏོགས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ལྷོ་ཕྱོགས་ལེ་བར་སུམ་ཅུ་ལྷག་གི་སར། སྔོན་འཇའ་སྒྲོ་ལུ་བླ་མ་ཞེས་པ་ཞིག་གི་བཀའ་བརྒྱུད་པའི་དགོན་པ་ཞིག་བཏབ་ཟེར་བ་ངག་སྒྲོས་ཙམ་མ་གཏོགས་དུས་ནམ་བཏབ་དང་བླ་མའི་རྣམ་ཐར་སོགས་མི་སྣང་། དེ་ནས་བཀའ་དགོན་དེ་ཉཻད་མ་དགོན་དུ་བསྒྱུར་ཟེར་བ་ཙམ་མ་གཏོགས་བླ་མ་སུའི་རིང་དང་དུས་ནམ་གསལ་ཁ་མེད་ལ། དེ་ནས་མ་དགོན་དེ་རབ་བྱུང་བཅུ་པའི་སྟོད་ཙམ་དུ་དགེ་ལུགས་སུ་འགྱུར་བ་ཡིན་ཏེ། དགའ་ལྡན་ཆོས་[page 29] འབྱུང་བེེཌཱུརྱ་སེར་པོ་ལས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལི་ཐང་ཕྱོགས་སུ་ཕེབས་སྐབས་ས་སྐྱ་བའི་དགོན་ཆུང་ཞིག་ནས་གྲྭ་རེ་གཉིས་ཀྱིས་བསྙེན་རྫོགས་ཞུས་པ་དེས་སོན་ལྟ་བུ་བྱས། རྗེས་སོར་གཙང་གངས་ཅན་པ་དགེ་འདུན་ལེགས་གྲུབ་ཀྱིས་གསར་འཛུགས་མཛད། དེ་ནས་ཉང་པོ་ལྷུན་གྲུབ་དཔལ་འབྱོར། བྱང་བར་རིན་རྒྱན། ཨེ་པ་བློ་བཟང་མཁས་གྲུབ། དགའ་སྔགས་རམས་པ། ལྔ་བ་རྒྱལ་མཚན་ཤྲཱི། བློ་བཟང་ཤེས་རབ་སོགས་ཀྱི་བསྟན་པ་ཡུན་རིང་བསྐྱངས། གྲྭ་རྒྱུན་སེར་འབྲས་སུ་སྤོ་འབོར་དང་དགའ་ལྡན་དུ་གསེར་ཀོང་པ། དགེ་འདུན་སུམ་ཅུ་སྐོར། ཞེས་གསུངས་པ་ལྟར་རོ། དེ་རྗེས་དགོན་འདིའི་ནང་ནས་དབུས་གཙང་དུ་མདོ་སྔགས་གཞུང་ལུགས་ཐོས་བསམ་བྱས་པའི་དགེ་བའི་བཤེས་གཉེན་མང་དུ་བྱོན་པའི་ནང་གི་ཨ་ལྕོག་བླ་མ་སྐུ་ཕྲེང་གཉིས་དང་། ག་གཟི་བླ་མ་སྐུ་ཕྲེང་གསུམ་དང་། སྡེ་དགེ་དགེ་བཤེས་སྐུ་ཕྲེང་གཉིས། རྟག་དགེ་བཤེས་སྐུ་ཕྲེང་གཉིས་བཅས་བྱོན་པའི། ཨ་ལྕོག་བླ་མ་སྐུ་ཕྲེང་དང་པོ་སེ་ར་སྨད་ཀྱི་དགེ་བཤེས་མཛད། སྐུ་ཕྲེང་གཉིས་པ་ཐུབ་བསྟན་ལུང་རྟོགས་ནི་འཇའ་བ་ཨ་ལྕོག་ཚང་ལ་སྐུ་འཁྲུངས། གྲྭ་ས་སེ་ར་སྨད་དུ་ཕེབས་ཏེ་སློབ་གཉེར་མཐར་ཕྱིན་མཛད་དེ་ལི་ཐང་དགོན་པའི་མཁན་པོ་ཁྲི་ཐོག་དོན་དགུ་པ་མཛད། ག་གཟི་བླ་མ་སྐུ་ཕྲེང་དང་པོ་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་ཕྱི་ནང་ཀུན་བསམ་མཛད་དེ་ག་གཟི་རྒྱུད་རྒན་ཞེས་གྲགས་པའི་སྙན་པ་ས་སྟེང་ཀུན་ཏུ་ཁྱབ་པ་དེ་ཡིན་ལ། སྐུ་ཕྲེང་གཉིས་པ་སྤྲུལ་པའི་སྐུ་སྦྱིན་པ་མཐུ་སྟོབས་ནི་འཇའ་ག་གཟི་ཚང་ལ་འཁྲུངས། གྲྭ་ས་དགའ་ལྡན་དུ་ཕེབས་ཏེ་མདོ་ཕྱོགས་ལ་སློབ་གཉེར་མཐར་ཕྱིན་མཛད་ནས་ལི་ཐང་དགོན་པའི་མཁན་རབས་རེ་བདུན་པ་མཛད། སྐུ་ཕྲེང་གསུམ་པ་སྐྱབས་རྗེ་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་ཕྲིན་ལས་དཔལ་བཟང་པོ་ནི། ཚོ་གསུམ་བྱང་པ་སྦས་རྒྱ་ཚང་ལ་སྐུ་བལྟམས། གྲྭ་ས་དགའ་ལྡན་དུ་ཕེབས་ཏེ་ཐོས་པའི་ཡང་རྩེར་སོན་ཏེ་གཟིགས་ཕྱོགས་ལེགས་པའི་དགོན་འདི་ཞབས་ཀྱིས་བཅགས་ནས་འདུ་ཁང་གསར་བཞེངས་ཀྱི་བཀའ་དང་འཆམ་འབག་དང་འཆམ་གོས་ཆ་ཚང་དང་། སྐྱབས་མགོན་རག་དུང་དུ་གྲགས་པ་སོགས་སྦྱོར་འཇོག་མཛད་ཅིང་། བྱང་ཆུབ་ལམ་རིམ་ཆོས་ཁྲིད་དང་གསང་བདེ་འཇིགས་གསུམ་གྱི་དབང་ལུང་དང་། ཨ་ལྕོག་རིན་པོ་ཆེས་ལམ་རིམ་བདུད་རྩི་སྙིང་པོའི་ཆོས་ཐོག་གསར་འཛུགས་གནང་ཞིང་། མགོན་ཁང་དུ་ཆོས་སྐྱོང་གི་གསོལ་རྒྱུན་ཆགས་མཛད་དོ། དེ་ལས་དགོན་འདིའི་འདུ་ཁང་ཀ་བ་བརྒྱད་ཅུ་དང་། ཁང་དམར་སུམ་ཐོགཆོས་ར་ཀ་བ་བརྒྱ་དང་ཉི་ཤུ། གྲྭ་ཤག་དྲུག་ཅུ་རེ་གྲངས་དང་། སྐུ་གསུང་ཐུགས་རྟེན་སྔོན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བཞེངས་པའི་རྟེན་དང་བརྟེན་པ་གྲངས་དང་བཀོད་པ་འདི་ཙམ་མོ་ཞེས་སྨྲ་བར་མི་ནུས་ཀྱང་། གཙོ་བོ་ཁ་ཤས་ཐོ་ཙམ་བཀོད་ན། འདི་ལྟ་སྟེ། དེའང་སུམ་ཐོག་ཏུ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་མ་ཡུམ་གྱི་ཐུགས་དམ་རྟེན་གསེར་ཟངས་ཀྱི་བྱམས་པ་དང་བླ་སྐུ་བཀའ་འགྱུར་ཆ་ཚང་གཅིག་དང་། གཡས་ཀྱི་གཟིམ་ཆུང་དུ་སྒྲོལ་མ་[page 30] དང་། གླང་དར་ཁྲིམས་ཕོག་གཙོས་པའིགསེར་སྐུ་ལི་མ་དང་བཀའ་གདམས་མཆོད་རྟེན་མང་ཙམ་དང་། གཡོན་གྱི་གཟིམ་ཆུང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་ཚེ་འཛིན་མ་དང་། རྗེ་ཡབ་སྲས་གསུམ་དང་། གསེར་སྐུ་དང་སྐུ་བཀའ་གདམས་མཆོད་རྟེན་མང་ཙམ་དང་། བར་ཐོག་གཡས་ཀྱི་མགོན་ཁང་དུ་འཇིགས་བྱེད། མགོན་པོ། བསེ་ཁྲབ། ཤུགས་ལྡན། དམ་ཅན། རྒྱལ་མོ་སོགས་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་དང་། གཡོན་དུ་གནས་བརྟན་བྲག་རི་དང་། རབ་སེལ། ཁང་འདབ་ཨུ་དུ་ཇོ་བོ་གསུང་འབྱོན་མ་ལི་མ་མདའ་ཚད་མ་དང་། བསྟན་འགྱུར་ཆ་གཉིས། གཡས་ཀྱི་གཟིམ་ཆུང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྗེ་ཡབ་སྲས་གསུམ་དང་། གསེར་སྐུ་ཁ་ཤས་དང་། གཡོན་གྱི་གཟིམ་ཆུང་དུ་ཙན་དན་ཇོ་བོ་ལོ་གི་ཤྭ་ར་མདའ་ཚད་མ་བཅུ་གཅིག་ཞལ་ཁྲུ་གང་དང་། གསེར་སྐུ་དང་བཀའ་གདམས་མཆོད་རྟེན་མང་ཙམ་དང་། འདུ་ཁང་སྦུག་མ་ལས་བྱམས་པའི་སྐུ་རྩེག་ཚད་གཉིས། རྒྱུ་སྨན་འདམ་ལས་བསྐྲུན་པའི་འཇམ་དབྱངས། རྒྱན་དྲུག་མཆོག་གཉིས་རྩེག་ཚད་ཕྱེད་གཉིས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། གསང་འདུས། ཕྱག་རྡོར། བདེ་མཆོག རྟ་མགྲིན་སོགས་ཀྱི་སྐུ་བརྙན་དུ་མ་དང་། འཇིགས་བྱེད་བློས་སློང་དང་། རྒྱལ་བའི་བཀའ་འགྱུར་ཆ་གུསམ་དང་། ཚོགས་ཁང་དུ་སངས་རྒྱས་འོད་སྲུང་གི་འཕེལ་གདུང་བྱེའུ་སྒོ་ང་ཙམ་ཡོད་པ་དང་། གསེར་ཟངས་ལས་བསྐྲུན་པའི་རྗེ་ཡབ་སྲས་གསུམ་དང་། མི་འཁྲུགས་པ། སྒྲོལ་མ། ཚེ་དཔག་མེད། སྒྲོ་ལུ་བླ་མའི་འདྲ་སྐུ་སོགས་དང་། མཆོད་ཆས་ལ། སྦུབ་ཆལ་ཁམས་གསུམ་དབང་འདུས། ཚངས་དབྱངས་འབྲུག་སྒྲ། ནོར་བུ་སྔོ་ལུ། སྐལ་བཟང་ཕྱག་སྦུབ། སྐྱབས་མགོན་ཕྱག་སྦུབ་སོགས་དང་། སིལ་ཟླ་ལྷ། སིལ་མ་ཎི་མ། མདར་མཁན་གྱི་སིལ་མ་ཎི་མ། ག་གཟི་བརྒྱུད་པའི་སིལ་མ་ཎི་མ། པ་རི་གཟིགས་དགོན་འཁར་རྔ་སོགས་མཆོད་ཆས་དང་རོལ་ཆས་འགངས་ཆེན་དུ་མ་ཞིག་ཡོད་དོ།

ཚེས་དུས་སྒྲུབ་མཆོད་ནི། བོད་ཟླ་དང་པོའི་ཚེས་བརྒྱད་ནས་བཅུ་དྲུག་བར་སྨོན་ལམ་ཆེན་མོ་དང་། བོད་ཟླ་གཉིས་པའི་ཚེས་བརྒྱད་ནས་བཅུ་དྲུག་བར་ཉིན་བརྒྱད་ལ་གསང་འདུས་དང་། བོད་ཟླ་གསུམ་པའི་ཚེས་ལྔ་ནས་ཐིག་གདབ་ཚེས་བརྒྱད་ནས་བཅུ་དྲུག་བར་ཉིན་བརྒྱད་དུ་འཇིགས་བྱེད་དང་། བོད་ཟླ་བཞི་པའི་ཚེས་གཅིག་ནས་བཅུ་གཉིས་བར་བཟང་སྤྱོད་དང་དེ་ནས་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གསུམ་དང་། ལྷ་ཁང་སུམ་མདོ་ཁྲུས་གསོལ་ཉིན་གསུམ། ཚེས་ཉེར་གཅིག་ལ་སྨོན་ལམ་མདོ་རིམ་དང་བསྐང་གསོ་ཉིན་གསུམ་དང་། བོད་ཟླ་ལྔ་བའི་ཚེས་ལྔ་ནས་ཐིག་གདབ་ཚེས་བརྒྱད་ནས་བདེ་མཆོག་ཉིན་བརྒྱད་དང་། དེའི་ཟླ་མཇུག་ཏུ་ལམ་རིམ་བདུད་རྩི་སྙིང་པོ་ཉིན་དྲུག་དང་། དྲུག་པའི་ཚེས་བརྒྱད་ནས་མཎྜལ་བཞི་ཆོ་ག་དང་རྒྱུད་གསང་བ་འདུས་པ་ཉིན་བརྒྱད་དང་། བདུན་པའི་ཚེས་ལྔ་ཐིག་གདབ་ནས་ཚེས་བརྒྱད་ནས་གསང་བ་འདུས་པ་ཉིན་དགུ་དང་། དྲུག་པའི་ཚེས་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས་དང་། དགུ་བའི་ནང་གྲོང་ཆོག་དུ་བདེ་མཆོག་ཆོས་སྤྱོད་སོགས་འདོན། བཅུ་པའི་[page 31] ཉེར་ལྔ་ལ་ལྔ་མཆོད་དང་། བཅུ་གཅིག་པའི་ཚེས་གཅིག་ནས་བཅུའི་བར་མ་ཎི་བུམ་སྒྲུབ་དང་དེ་ནས་མགོན་པོའི་གཏོར་སྒྲུབ། བཅུ་གཉིས་པའི་ཚེས་ཉེར་གཅིག་ནས་སྤྱི་གཏོར་བསྐང་གསོ་དང་། ཚེས་ཉེར་དགུ་ཉིན་སྐྱ་འཆམ་དང་འབག་འཆམ་གཉིས་བྱ་དགོས་སོ། སྔོན་གཅིག་དགུ་སུམ་ཅུ་དྲུག་ལོའི་ཟླ་བ་ལྔ་བའི་ནང་དུ་ཞུའོ་ཁེ་དང་ཝན་ཀན། གྲོང་ཙེ་ཡུའུ་སོགས་ཀྱི་དམག་ཁག་དྲུག་པ་འཇའ་བྱ་མོ་དགོན་དུ་འབྱོར་སྐབས་དགོན་པས་སྣེ་ལེན་བྱས་ནས་དམར་དམག་ལ་འཚོ་བ་སོགས་གང་ཐད་ནས་རོགས་རམ་རྒྱ་ཆེར་བྱས་པས་དམར་དམག་གིས་དགོན་པའི་བདག་གཉེར་པ་ནམ་མཁའ་རྒྱལ་མཚན་ལ་འཛིན་དང་ཕྱག་བྲིས་སོགས་ཀྱང་གནང་མྱོང་ན་ཡང་རྐྱེན་དབང་གིས་བརླགས་སོང་།

ཡོན་གྱི་འབྱུང་ཁུངས་ནི། དགོན་པ་ལ་ཟོག་ནག་ཉིས་བརྒྱ་ཙམ་དང་། ཞིང་ས་ཁལ་དྲུག་ཅུ་ཡས་མས་ཤིག་ཡོད་པ་དེ་དག་ལ་ཞིང་འབྲོག་ལས་པས་ཤེ་ཕྱེད་སྤྲད་དགོས་པ་དེ་དང་། དགོན་པའི་མངའ་འོག་གི་དུད་ཚང་བརྒྱ་དང་དྲུག་བཅུ་ཙམ་ཡོད་པ་དེ་དག་གི་དད་རྫས་དང་གཤིན་རྫས་ལ་བརྟེན་ནས་གྲྭ་བརྒྱ་ལྷག་གི་འགྱེད་གཏོང་སྒོ་བྱེད་དགོས་པ་ཡིན་ནོ། དེ་ནས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་སྐབས་གོང་ལེན་དང་གཏོར་བཤིགས་བྱས་ནས་མིང་གི་ལྷག་མ་གྱུར། དེ་ནས་ཏང་གི་སྐབས་བཅུ་གཅིག་པའི་གྲོང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས། རྒྱལ་བསྟན་ཉམས་གསོ་ཆོག་པའི་དུས་སྐབས་བཟང་པོ་མངོན་པར་ཤར་ཏེ། གཙང་ཤུལ་སྐུ་ཕྲེང་དྲུག་པ་ཚེ་རིང་རྡོ་རྗེས་ཐུགས་འགན་གཙོ་བོ་བཞེས་ནས། ག་གཟི་སྐལ་བཟང་རྒྱ་མཚོ། དངོས་གྲུབ་ཕུན་ཚོགས། བུ་རིག་བློ་བཟང་བྱམས་པ། འབྱོར་ཟག་བློ་བཟང་། མིག་དམར་དགེ་འདུན། འབྱོང་རིག་དགེ་འདུན་ཆོས་འཕེལ། གྲུ་ཞབས་བློ་བཟང་བསྟན་པ། ཨ་དཀར་ཡར་འཕེལ་བཅས་ཀྱིས་ཐུགས་འགན་གནང་སྟེ། གཙུག་ལག་ཁང་ཀ་ཐང་ང་དྲུག་གི་ས་དང་། གྲྭ་ཁང་བཞི་བཅུ་ལྷག་ཙམ་བཞེངས་ཏེ། གཙུག་ལག་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྒྱལ་བ་བྱམས་པའི་སྐུ་རྩེག་ཚད་གཉིས་དང་། རྗེ་ཡབ་སྲས་གསུམ་དང་། ཐུགས་རྗེ་གཏེར་ཆེན་གསུམ་དང་། རིགས་གསུམ་མགོན་པོ་དང་། མི་འཁྲུགས་པ་དང་སྒྲོལ་མ་བཅས་མི་ཚད་ཙམ་དང་། རྒྱ་གར་ནས་བྱུང་བའི་ཚེ་ལྷ་རྣམ་གསུམ་དང་། རྗེ་ཡབ་སྲས་གསུམ་དང་། སྒྲོལ་མ་བཅས་ཁྲུ་གང་དྲགས་དང་། རྟེན་རྙིང་ཙནྡ་གྱི་ལོ་ཀི་ཤྭ་ར་ཆེ་ཆུང་བཞི་ཙམ་དང་། རོལ་ཆས་སྐོར་སྦུབ་ཆལ་གཉིས་དང་། གསར་བ་ཉི་ཤུ་ལྷག་དང་། རྒྱ་གླིང་ཆ་གཉིས། སིལ་སྙན་གསུམ། རག་དུང་ཆ་གསུམ། ཐང་ག་རྙིང་བ་ལམ་རིམ་བླ་བརྒྱུད་དང་ཚོགས་ཞིང་སོགས་ཀྱི་གཙོས་ཐང་བཞི་བཅུ་ལྷག་དང་། གདུགས་དང་རྒྱལ་མཚན་ཀ་འཕན་ཆ་ཚང་། འཆམ་གོས་དང་འཆམ་འབག་ཆ་ཚང་བཅས་བཞུགས་ལགས་སོ། དེ་ལས་དགོན་པའི་སློབ་བཞིན་ལགས། དགོན་པའི་གྲྭ་བརྒྱ་དང་ཉི་ཤུ་ལྷག་ཙམ་ལ་མོ་ཊ་གཅིག་དང་ཚོང་ཁང་གསུམ། དགོན་པའི་མངའ་འོག་གི་ཁྱིམ་དུད་བརྒྱ་ལྷག་གི་དད་རྫས་དང་གཤིན་རྫས་སོགས་ལ་བརྟེན་[page 32] ནས་ཚེས་དུས་སྒྲུབ་མཆོད་སྔོན་མ་ནང་བཞིན་ཡིན་ཡང་། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་ཉིན་གྲངས་ཇེ་ཉུང་དུ་མངག་ཡོད་དོ། ལོ་རྒྱུས་འདི་ནི་ཆོས་འབྱུང་བཌཱུརྱ་སེར་པོ་དང་། གྲྭ་བློ་བཟང་བྱམས་པའི་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།།

སྐྱིད་འཇོ་བཤད་སྒྲུབ་དར་རྒྱས་བདེ་ཆེན་གླིང་གི་ལོ་རྒྱུས།

ལི་ཐང་བྱམས་ཆེན་བཆོས་འཁོར་གླིང་གི་བྱང་ཕྱོགས། འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དངོས་སློབ་གཙང་པ་སངས་རྒྱས་དཔལ་བཟང་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་མངོན་པར་གཡོ་བ་གང་གིས་བོད་རབ་བྱུང་བདུན་པའི་དཀྱིལ་ཙམ་དུ་འབྲོག་རི་བོ་དགེ་ལུགས་པའི་གྲུབ་མཐའ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་སྐྱོང་བའི་དགོན་པ་འདི་ཉིད་ཕྱག་བཏབ་མཛད། དེ་ནས་གཙང་པ་ཀུན་དགའ་རྒྱལ་མཚན། ཆོས་སྐྱོང་དཔལ་བཟང་། གྲགས་པ་རྒྱལ་མཚན། དཔལ་འབྱོར་བཤེས་གཉེན། ཉག་རོང་དཔལ་བཤེས། ཚ་བ་རིན་ཆེན་སེང་གེ གྱོང་ནང་བཤེས་དོན་པ། དཔལ་སེང་། བློ་བཟང་ཚུལ་ཁྲིམས། ངག་དབང་བདེ་ལེགས། ལི་ཐང་ངག་དབང་ཚུལ་ཁྲིམས། གྱོང་ནང་ངག་དབང་སྙིང་པོ་དང་། གནས་བརྟན་སྤྲུལ་བའི་སྐུ་བློ་བཟང་དཔལ་འབྱོར། སྐུ་ཕྲེང་གཉིས་པ་ཆོས་བཟང་རིན་པོ་ཆེ། སྐུ་ཕྲེང་གསུམ་པ་ངག་དབང་ཆོས་ལྡན། སྐུ་ཕྲེང་བཞི་པ་ཚུལ་ཁྲིམས་བསྟན་འཛིན། སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ། སྐུ་ཕྲེང་དྲུག་པ་རྗེ་བཙུན་བློ་བཟང་ཀུན་དགའ། སྐུ་ཕྲེང་བདུན་པ་མཆོག་སྤྲུལ་བསྟན་འཛིན་དགེ་ལེགས་གང་ཉིད་ད་སྐབས་དག་བཤེས་ལྷ་རམས་པའི་མཆོད་རྟགས་ཨང་དང་པོ་བཞེས་ནས་སྐུ་འཚོ་ཞིང་བཞུགས་པའི་སྒོ་ནས་ཆོས་འཁོར་བསྐོར་བཞིན་ཡིན་པ་མ་ཟད། དགེ་བའི་བཤེས་གཉེན་ཕྲིན་ལས་དར་རྒྱས་གང་ཉིད་དགོན་འདིར་བཞུགས་ནས་འདོན་རྟ་དབྱངས་དང་ཆོ་གའི་ཕྱག་ལེན་སོགས་སྦྱངས་བ་མཐར་ཕྱིན་མཛད་དེ། དབུས་གཙང་ཆོས་ཀྱི་ཞིང་སར་སེ་ར་ཐེག་ཆེན་གླིང་སུ་ལོ་ཉི་ཤུ་ལྷག་ཙམ་བཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བཟམ་མཐར་ཕྱིན་མཛད་རྗེས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་དང་། བྲག་རི་རྡོ་རྗེ་འཆང་། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་སོགས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་དུ་མ་བསྟེན་ཏེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་མདོ་སྔགས་རིག་གནས་དུ་མ་མངའ་དབང་བརྙེས་ནས། སླར་ཡང་ཆོས་སྡེ་ཆེན་པོ་འདིར་ཕེབས་ནས་གཞི་གསུམ་ཆོ་གའི་ལག་ལེན་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་མཛད་དེ། གདུལ་བྱ་རྣམས་ལ་གང་ལ་གང་འདོད་ཀྱི་སྒོ་ནས་བྱང་ཆུབ་ལམ་རིམ་ཆེན་མོ་དང་། ཟབ་ལམ་བླ་མའི་མཆོད་པ། སྤྱོད་འཇུག་ཆེན་མོ་བཅས་ཁྲིད་དང་། ཐུགས་རྗེ་ཆེན་པོ་དང་། དཔལ་གསང་བ་འདུས་པ་དང་། བདེ་མཆོག་ལུས་དཀྱིལ་དྲིལ་བུ་ལྷ་ལྔ་དང་། འཇིགས་བྱེད་དཔའ་བོ་གཅིག་པ་དང་། འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན་དང་མུ་ཊ་བརྒྱ་རྩ་[page 33] དང་། ཆོས་སྐྱོང་རྣམས་ཀྱི་རྗེས་གནང་བཅས་ཀྱིས་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་དོ།

དེ་ལས་སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་དུ་འདུ་ཁང་ཀ་བ་བདུན་ཅུའི་ས་དང་། གྲྭ་ཤག་བརྒྱ་ལྷག་ཙམ་བསྐྲུན་ནས། གཙུག་ལག་ཁང་དུ་རྒྱུ་ལི་སེར་ལས་གྲུབ་པའི་རྗེ་ང་འདྲ་མ་དང་། རྒྱུ་ལི་ནག་ལས་གྲུབ་པའི་བདེ་ཆེན་གསུང་འབྱོན་མ། རྒྱ་གར་ཤར་ལི་མའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་འདྲ་སྐུ་བཅས་དང་། རྒྱུ་ལི་ལས་གྲུབ་པའི་ལྷ་མོ་རབ་བརྟན་མ། ཟངས་གསེར་ལས་གྲུབ་པའི་མི་འཁྲུགས་པའི་སྐུ་བརྙན་མི་ཚད་ཙམ་དང་། རྩེ་མགོ་ལྷ་ཁང་དུ་རྒྱུ་ལི་སེར་ལས་གྲུབ་པའི་རྗེ་ཙོང་ཁ་བའི་སྟོང་སྐུ་དང་། དེའི་སྟེང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་ཐུབ་དབང་སྟོང་སྐུ་དང་། ཚོགས་ཆེན་འདུ་ཁང་སྟེང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་ཆ་བརྒྱད་དང་། དེའི་གཡས་སུ་གྲུབ་ཆེན་བརྒྱད་ཅུ། ལྷ་ཁང་ནང་དུ་ཟངས་གསེར་ལས་གྲུབ་པའི་རྒྱལ་བ་བྱམས་པའི་འདྲ་སྐུ་རྩེག་ཚད་གཅིག་དང་གྲུབ་ཆེན་བརྒྱད་ཅུའི་འདྲ་སྐུ་བཅས་དང་། དེའི་དཀྱིལ་གྱི་བྱམས་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་བྱམས་སྐུ་རྩེག་ཚད་གཉིས་ལྷག་དང་། དེའི་གཡས་གཡོན་གཉིས་སུ་དེ་བཞིན་གཤེགས་པ་མར་མེ་མཛད་དང་འོག་སྲུང་བཅས་ཀྱི་འདྲ་སྐུ་རྩེག་ཚད་གཅིག་དང་། སྨན་བླ་བདེ་གཤེགས་མཆེད་བརྒྱད་ཀྱི་འདྲ་སྐུ་བསྐུམ་ཁྲུ་གཉིས་ལྷག་དང་། རྒྱུ་ལི་ལས་གྲུབ་པའི་ལྷ་མོ་རབ་བརྟན་མ། ཟངས་གསེར་ལས་གྲུབ་པའི་མི་འཁྲུགས་པའི་སྐུ་བརྙན་མི་ཚད་ཙམ་དང་། རྩེ་མགོ་ལྷ་ཁང་དུ་རྒྱུ་ལི་སེར་ལས་གྲུབ་པའི་རྗེ་ཙོང་ཁ་བའི་སྟོང་སྐུ་དང་། དེའི་སྟེང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་ཐུབ་དབང་སྟོང་སྐུ་དང་། ཚོགས་ཆེན་འདུ་ཁང་སྟེང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་ཆ་བརྒྱད་དང་། དེའི་གཡས་སུ་གྲུབ་ཆེན་བརྒྱད་ཅུ། ལྷ་ཁང་ནང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་རྒྱལ་བ་བྱམས་པའི་འདྲ་སྐུ་རྩེག་ཚད་གཅིག་དང་གྲྱབ་ཆེན་བརྒྱད་ཅུའི་འདྲ་སྐུ་བཅས་དང་། དེའི་དཀྱིལ་གྱི་བྱམས་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་བྱམས་སྐུ་རྩེག་ཚད་གཉིས་ལྷག་དང་། དེའི་གཡས་གཡོན་གཉིས་སུ་དེ་བཞིན་གཤེགས་པ་མར་མེ་མཛད་དང་འོད་སྲུང་བཅས་ཀྱི་འདྲྲ་སྐུ་རྩེག་ཚད་གཅིག་དང་སྨན་བླ་བདེ་གཤེགས་མཆེད་བརྒྱད་ཀྱི་འདྲ་སྐུ་བསྐུམ་ཁྲུ་གཉིས་ལྷག་དང་། གཡས་ཀྱི་མགོན་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་གསང་བད་འཇིགས་གསུམ་གྱི་འདྲ་སྐུ་རྩེག་ཚད་གཅིག་དང་། དེའི་ཡང་ཐོག་ཏུ་གནས་བརྟན་བྲག་རི་མའི་ལྷ་ཁང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་ཇོ་བའི་སྐུ་མིའི་ལུས་ཚད་ཙམ་ཡོད་པའི་བྱིན་རླབས་ཀྱི་གཟི་འོད་འབར་བ་དང་། ཚོགས་ཆེན་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་འདྲ་སྐུ་རྩེག་ཚད་དང་། དེའི་གཡས་སུ་ཟངས་གསེར་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤྭ་རའི་སྐུ་ཁྲུ་གསུམ་ཙམ་དང་། དེའི་གཡོན་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དང་ལམ་རིམ་བླ་མའི་བླ་བརྒྱུད་དུ་མ་དང་། རྗེའི་ཤངས་ཁྲག་གིས་བྲིས་པའི་ལྷ་མོ་དངུལ་ལེན་མ་དང་། ཐུབ་དབང་གོ་སྐུ་རྩེག་ཚད་གསུམ་ཡོད་པ་ཞིག་དང་། དགེ་བཤེས་ཕྲིན་ལས་[page 34] དར་རྒྱས་གྱིས་ཡོན་སྦྱོར་མཛད་ནས་བཞེངས་པའི་དཔག་བསམ་འཁྲི་ཤིང་གི་གསེར་ཐང་མཐའ་གཤམ་ཧོར་གོས་ལས་གྲུབ་པའི་རྒྱུ་གསེར་དང་དངུལ་གྱི་དྲིལ་ཏོག་དང་བཅས་སྤུས་ལེགས་ཆ་ཚང་དང་། དངུལ་ཐང་སྒྲོལ་མ་སྟོང་སྐུ་དང་སྤྱན་རས་གཟིགས་ཀྱི་སྐུ་ཐང་རྩེག་ཚད་བཅས་བཞུགས་སུ་གསོལ། པར་ཁང་དུ་ལྷོ་བྲག་སྙན་བརྒྱུད་དང་གསང་བདེ་འཇིགས་གསུམ་བཅས་ཀྱིས་མཚོན་ཆོས་སྤྱོད་ཡོངས་རྫོགས་ཀྱི་པར་ཤིང་བཞི་སྟོང་ལྷག་དང་རྒྱལ་བའི་བཀའ་བསྟན་འགྱུར་ཆ་བཞི་དང་དེ་མིན་གྱི་གསུང་རབ་སྐོར་དུ་མ་བཞུགས་པར་མ་ཟད། མཆོད་ཆས་རོལ་མོ་སྐོར་ལ་མཆོག་སྤྲུལ་བློ་བཟང་དཔལ་འབྱོར་གྱི་རྒྱལ་ཐང་འོ་མའི་མཚོ་ནས་གཏེར་བཏོན་པའི་སྦུབ་ཆལ་འཛམ་གླིང་གཡས་བཞག་གིས་མཚོན་སྦུབ་ཆལ་ཉི་ཤུ་ལྷག་དང་། ཚྭ་དྲིལ་དང་རྒྱ་དྲིལ་འཁོར་ལོ་མ་བཅས་བརྒྱ་ཕྲག་ལྷག་དང་། ཏིང་ཤགས་ཆ་བཅོ་ལྔ་དང་སྡེ་བ་ས་འབུམ་གྱིས་ཕུལ་བའི་ཧོར་གོས་ལས་གྲུབ་པའི་རྒྱལ་མཚན་ལྔ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྒམ་ཟག་ཆ་གཅིག་བཅས་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ་དུ་མ་བཞུགས་པ་ཡིན་ནོ།།

དགོན་འདིའི་དགེ་འདུན་ཞལ་གྲངས་གྲྭ་བཞི་བརྒྱ་ལྷག་ལ་ཁྱིམ་དུད་ལྔ་བརྒྱ་ཡས་མས་ཀྱིས་ཡོན་སྦྱོར་མཐུན་རྐྱེན་བསྒྲུབས་ནས་བོད་ཟླ་དང་པོའི་ཚེས་ལྔ་ནས་ཚེས་བཅུ་བདུན་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། བོད་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ནས་བོད་ཟླ་གསུམ་པའི་ཚེས་བཅུ་བདུན་པར་མ་ཎིའི་བུམ་སྒྲུབ་དང་། བོད་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ནས་བོད་ཟླ་བཞི་བའི་ཚེས་བཅུ་དྲུག་བར་སྨྱུང་གནས་དཀར་པོ་ཆ་བརྒྱད་དང་། བོད་ཟླ་ལྔ་པའི་ཚེས་ལྔ་ནས་བཅུ་བཞི་བར་བདེ་མཆོག་དང་། བོད་ཟླ་དྲུག་པའི་ཚེས་བདུན་ནས་བཅོ་ལྔའི་བར་འཇིགས་བྱེད་སྒྲུབ་མཆོད་དང་། བོད་ཟླ་བདུན་པའི་ཚེས་གསུམ་ནས་བཅུ་དྲུག་བར་དཔལ་གསང་བ་འདུས་པའི་སྒྲུབ་ཆོག་དང་། བོད་ཟླ་བརྒྱད་པའི་ཚེས་གཉིས་ནས་བཅུའི་བར་སྨན་བླའི་ཆོ་ག་དང་། བོད་ཟླ་དགིུ་པའི་ཚེས་ཉེར་གཉིས་ནས་ཚེས་ཉེར་ལྔའི་བར་ལྷ་བབ་དུས་ཆེན། བོད་ཟླ་བཅུ་པའི་ཚེས་ཉེར་གཉིས་ནས་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་བར་དགའ་ལྡན་ལྔ་མཆོད་དང་དགུ་གཏོར་ཆེན་མོ་གཉིས་དུས་མཉམ་དུ་འཚོགས་པ་དང་འབྲེལ་འཆམ་ཆེན་བཅོ་ལྔ་དང་འཆམ་ཆུང་བརྒྱད་བཅས་ཚེས་ཉེར་བརྒྱད་ལ་སྐྱ་འཆམ་དང་ཚེས་ཉེར་དགུ་ལ་འབག་འཆམ་དང་གཏོར་རྒྱག་བཅས་འཚོགས་དགོས་པ་ཡིན་ནོ།།

དེ་ནས་སེམས་ཅན་གྱི་ལས་དང་བསོད་ནམས་ཟད་པའི་སྟོབས་ཀྱིས་རྒྱལ་བསྟན་ནུབ་རིའི་ཕྱོགས་སུ་ཡིབས་ཏེ། གཙུག་ལག་ཁང་རྟེན་དང་བརྟེན་པ་ཐམས་ཅད་སྲེག་ཟའི་ཁར་བསྟིམས་ནས་མི་ལོ་སུམ་ཅུ་ལྷག་གི་རིང་དུ་རྒྱལ་བསྟན་གྱི་སྒྲ་ཙམ་ཡང་མི་གྲགས་པའི་གནས་སུ་གྱུར། སླར་ཡང་མཆོག་གསུམ་དམ་པའི་བྱིན་མཐུ་ལ་བརྟེན་ནས་བོད་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་སྟེ་ཆུ་མོ་ཕག་གི་ལོར་རྒྱལ་བསྟན་སླར་གསོ་ཆོག་པའི་གོ་སྐབས་བཟང་པོའི་ཉིན་ཉི་གཞོན་ཤར་རིའི་རྩེ་ནས་མངོན་པར་འཕྲོས་ནས། དགེ་སློང་བློ་བཟང་ཚེ་རིང་གིས་དབུ་མཛད་ནས་གཙུག་ལག་ཁང་དང་གྲྭ་ཤག་སོགས་སྔོན་མ་ནང་བཞིན་བསྐྱར་གསོ་[page 35] མཛད་དེ། འདུ་ཁང་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྗེས་ཡབ་སྲས་གསུམ་ཐོག་རྩེག་གཉིས་དང་། གཙང་ཆེན་མཁས་གྲུབ་སངས་རྒྱས་དཔལ་བཟང་དང་། གཙང་ཆུང་ཀུན་དགའ་རྒྱལ་མཚན་བཅས་ལེགས་བསྐྲུན་མཛད་པ་མ་ཟད། དགེ་བཤེས་འཕྲིན་ལས་དར་རྒྱས་བཅས་གྱི་འདྲ་སྐུ་དང་། དེའི་ཐོག་ཁར་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་རྩེག་ཚད་གཅིག་དང་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཆ་རེ་དང་དུང་འཁོར་གཅིག་བཅས་ཀྱང་བཞེངས་བསྐྲུན་མཛད་དེ། བླ་གྲྭ་དགེ་འདུན་ཞལ་གྲངས་བཞི་བརྒྱ་ལྷག་གིས་སྔོན་མ་ནང་བཞིན་ཡུལ་སྡེའི་ཡོན་སྦྱོར་ལ་བརྟེན་ནས་ཚེས་དུས་སྒྲུབ་མཆོག་སོགས་འཚོགས་བཞིན་ཡིན་ནོ། དེ་ལྟར་ལོ་རྒྱུ་འདི་ནི་དགའ་ལྡན་ཆོས་འབྱུང་བེེ་སེར་ལ་གཞི་བྱས་གྲྭ་བླ་རྒན་རྣམས་ཀྱི་ངག་རྒྱུན་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

ཨ་ཡིག་དགོན་བཀྲ་ཤིས་ཆོས་འཁོར་གླིང་གི་ལོ་རྒྱུས།

དགའ་བ་སངས་རྒྱས་ཆོས་འཕེལ་གང་གིས་བོད་རབ་བྱུང་བཅུ་གཉིས་པའི་དཀྱིལ་ཙམ་དུ་དགོན་པ་འདི་ཉིད་ཕྱག་བཏབ་མཛད་དེ། དགའ་བ་ཆོས་རྗེ་བསམ་གཏན་རྒྱ་མཚོ། ངག་དབང་ཀུན་དགའ་ཕུན་ཚོགས་འཇམ་དབྱངས། བློ་བཟང་བཙན་རྒྱས། ཆ་ར་མཁན་པོ་སོགས་སྐྱེས་ཆེན་དམ་པ་དུ་མ་བྱོན་པའི་སྐུ་རིང་དུ་རྟེན་གཙུག་ལག་ཁང་ཀ་བ་ཉེར་བཞི་དང་གྲྭ་ཁང་སོ་བདུན་ལེགས་བསྐྲུན་བྱས་ཏེ། འདུ་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བྱམས་པ་དང་། གསང་འདུས། བདེ་མཆོག་འཇིགས་བྱེད། མི་འཁྲུགས་པ། རྗེ་ཡབ་སྲས་གསུམ་སོགས་རྩེག་ཚད་དང་། གསེར་སྐུ་ལི་མ་རྒྱལ་བ་བྱམས་པའི་སྐུ་བརྙན་གསུང་འབྱོན་མ་ཁྲུ་གང་བས་མཚོན་ལི་སྐུ་ཆེ་ཆུང་ཅུ་ལྷག་དང་། ཐུགས་རྟེན་བཀའ་གདམས་མཆོད་རྟེན་ཁྲུ་གང་བ་བརྒྱད་དང་། གསང་བདེ་འཇིགས་གསུམ་དང་འོད་དཔག་མེད་ཀྱི་ཞིང་བཀོད་བཅས་གསེར་ཐང་ལུས་ཚད་མ་གྲངས་མང་དང་། ཀུན་རིག་གཙོ་འཁོར་བརྒྱད་ཅུ། རྗེ་རིན་པོ་ཆེའི་ཐུགས་ཀྱི་སྒྲ་དབྱངས་ལུས་ཚད་མ་བཅས་ཀྱིས་མཚོན་ཐང་ག་འགངས་ཆེན་བརྒྱ་ལྷག་དང་། རྒྱལ་བའི་གསུང་རབ་བཀའ་འགྱུརདང་བསྟན་འགྱུར། གསེར་དངུལ་གྱི་ཞུན་མས་བྲིས་པའི་འབུམ་སོགས་གསུང་རབ་པོད་བཞི་བརྒྱ་ལྷག་དང་། རོལ་མོ་སྐོར་ལ་རག་དུང་ཆ་གཉིས། སྦུབ་ཆལ་བྱ་ཤང་ཤང་གིས་མཚོན་ཆ་དྲུག་དང་། གསེར་དངུལ་བྲ་མའི་རྒྱ་གླིང་ཆ་གཅིག་གིས་རྒྱ་གླིང་ཆ་དྲུག་དང་། འགངས་མཐོ་བའི་དྲིལ་བུ་གཉིས་ཀྱིས་མཚོན་དྲིལ་བུ་ཉི་ཤུ་རྩ་གྲངས། བསྐང་གསོ་ལྔ་འཆམ་གྱི་འཆམ་འབོག་དང་འཆམ་གོས་བཅུ་གསུམ་དང་འཕན་གདུགས་རྒྱལ་མཚན་བླ་བྲེལ་སོགས་དུ་མ་དང་། ལོགས་ངོས་སུ་སྟོན་པ་གཙོ་འཁོར་གསུམ་དང་། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གུསམ་སོགས་ཀྱིས་མཚོན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་སྡེབས་བྲིས་དུ་མ་མངོན་པར་བཀྲ་བ་དང་། དེ་དག་བཞེངས་པའི་ཡོན་[page 36] སྦྱོར་དགའ་བ་ག་ལི་བུ་ཕྲུག་དང་དགོན་པའི་མངའ་འོག་གི་ཁྱིམ་དུད་བརྒྱ་ལྷག་གིས་བགྱིས་པ་མ་ཟད་ལོ་རེ་བཞིན་གྲྭ་བརྒྱ་ལྷག་གིས་ཚེས་དུས་སྒྲུབ་མཆོད་འཚོགས་པའི་ཡོན་བདག་མཛད་དེ། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ནས་ཉེར་དགུའི་བར་སྤྱི་གཏོར་ཆེན་མོ་དང་། བོད་ཟླ་དང་པོའི་ཚེས་གསུམ་ནས་སྨོན་ལམ་ཆུང་བ་ཚེས་བརྒྱད་བར་དང་། ཚེས་དགུ་ནས་སྨོན་ལམ་ཆེན་མོ་བཅུ་དྲུག་བར་དང་ཚེས་བཅུ་དྲུག་ལ་བྱམས་པ་གདན་དྲངས་དང་། བོད་ཟླ་གཉིས་པའི་ཚེས་བརྒྱད་ནས་མི་འཁྲུགས་པ་ཉིན་བཅོ་ལྔ་དང་། ཚེས་ཉེར་དྲུག་ནས་འཇིགས་བྱེད་ཉིན་བཅུ་དང་། ཚེས་སུམ་ཅུ་ནས་སྨྱུང་གནས་ཆ་བརྒྱད་དང་། བོད་ཟླ་བཞི་པའི་ནང་གསང་འདུ་ཉིན་བཅུ། དེ་ནས་བདེ་མཆོག་ཉིན་བཅུ། དེ་ནས་སྨན་བླ་སྒྲུབ་མཆོད་ཉིན་བཅོ་ལྔ་དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་སུམ་ཅུའི་བར་དབྱར་གནས་བཅས་འཚོགས་དགོས་པ་ཡིན་ནོ། དེ་ནས་སེམས་ཅན་རྣམས་ལས་དང་བསོད་ནམས་དམན་པས་བཅོས་སྒྱུར་དང་རིག་གསར་སྐབས་བོད་ཡུལ་དགོན་སྡེ་སྤྱི་དང་མཚུངས་པར་གཙུག་ལག་ཁང་གིས་འབྲུ་ཁང་དང་སློབ་གྲྭ་སོགས་བྱས་ནས་སྐུ་གསུང་ཐུགས་རྟེན་ཐམས་ཅད་མིང་གི་ལྷག་མར་གྱུར།

སླད་ནས་ཆོས་ལུགས་དད་མོས་ཀྱི་སྤྲིན་གསེབ་ཉི་མ་ཤར་ཏེ་རབ་བྱུང་བཅུ་དྲུག་པའི་ཟད་པ་སྟེ་མེ་ཕོ་སྟག་གི་ལོར་དགོན་འདིའི་ཆོས་སྒོ་ཕྱེས་ཏེ་ཨ་ཤང་ཐུབ་བསྟན་གྱིས་གཙོ་བྱས་ནས་འདུ་ཁང་ཀ་བ་ཉེར་བརྒྱད་དང་གྲྭ་ཁང་ལྔ་བཅུ་ལྷག་ཙམ་གསར་བསྐྲུན་མཛད། འདུ་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་བྱམས་པ་རྩེག་ཚད་གཉིས། གསང་བདེ་འཇིགས་གསུམ་དང་། ཇོ་བོ་མི་འཁྲུགས་པ། སྟོན་པ་གཙོ་འཁོར་གསུམ་བཅས་ཁྲུ་དོ་དང་། བྱམས་པ་གསུང་འབྱོན་མས་མཚོན་ལི་སྐུ་རྙིང་པ་དྲུག་དང་། གསང་བདེ་འཇིགས་གསུམ་དང་། ཐུགས་ཀྱི་སྒྲ་དབྱངས་མི་འཁྲུགས་པ་བཅས་ཐང་ག་གསར་རྙིང་བརྒྱ་ལྷག་དང་། རྒྱལ་བའི་བཀའ་འགྱུར་ཆ་བཞི། བསྟན་འགྱུར་ཆ་གཅིག་བཅས་སྡེ་དགེ་པར་ཁང་ནས་གདན་དྲངས། སྒོར་ཁྲི་གཅིག་ལྷག་གི་མ་དངུལ་གྱི་ཚོང་ཁང་དང་ཁྱིམ་དུད་བརྒྱ་ལྷག་གི་དད་གཤིན་རྫས་སོགས་ཀྱི་ཡོན་སྦྱོར་ལ་བརྟེན་ཏེ། གསང་བདེ་འཇིགས་གསུམ་མ་གཏོགས་པ་དེ་མིན་དུས་མཆོད་ཐམས་ཅད་སྔོན་མ་ནང་བཞིན་གྲྭ་བརྒྱ་ལྷག་གིས་འཚོགས་བཞིན་ཡིན་ནོ། ལོ་རྒྱུས་འདི་ནི་ལི་ཐང་དགོན་པའི་ལོ་རྒྱུས་སོགས་ལ་བརྟེན་ནས་རྒྱལ་མཚན་བྱང་ཆུབ་ཀྱི་ངག་རྒྱུན་ཁུངས་རྣམས་ལ་གཞི་བྱས་ཏེ་མུ་པོས་བྲིས་པ་ཡིན་ནོ།།

ལ་སྟོད་བསམ་གཏན་གླིང་གི་ལོ་རྒྱུས།

རབ་བྱུང་གསུམ་པའི་ཤིང་བྱི་ལོར་ཀརྨ་པཀྵི་ཆོ་ཀྱི་བླ་མ་སྐུ་བལྟམས་ཏེ། དུས་མཁྱེན་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་བཀའ་བརྒྱུད་པའི་བསྟན་པ་ཉི་མ་ཤར་བ་ལྟར་སྤེལ་ཏེ་མདོ་སྨད་ས་ཡི་ཐིག་ལེ་ཀརྨ་བ་དུས་མཁྱེན་གྱི་གདན་ས་ཀ་པོ་གངས་ཀྱི་རབ་གནས་ཆེན་དུ་ཕྱག་ཕེབས་ནས་སྒྲུབ་པ་ཉམས་ལེན་[page 37] མཛད་ནས་མཆོག་གི་དངོས་གྲུབ་བརྙེས། གནས་ཆེན་ཉེར་བཞིའི་ནང་དཔལ་འཁོར་ལོ་སྡོམ་པའི་གནས་ཀྱི་ཆར་གཏོགས་གསུང་གི་གནས་ཀ་མ་རུ་པ་དང་། འདབས་སྤང་ཕུག་འཕྲིན་ལས་ཀྱི་གནས་དང་། ཤར་ཕྱོགས་སྤང་རི་ཡོན་ཏན་གྱི་གནས་གསུམ་ཡང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད་དེ་འདམ་སྤང་ཕུག་འཕྲིན་ལས་ཀྱི་གནས་དེ་ལ་སྤང་ཕུག་དགོན་བཏབ། ཤར་ཕྱོགས་སྤང་རི་ཡོན་ཏན་གྱི་གནས་དེ་ལ་སྒྲུབ་སྡེ་ཆུང་ངུ་ཞིག་བཙུགས་ཏེ་ལ་སྟོད་དགོན་ཞེས་མཚན་གསོལ། བོད་རབ་བྱུང་བདུན་པའི་དུས་མཇུག་ཙམ་དུ་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་ཞལ་སློབ་གསེར་ཀོང་དབོན་པོས་དགོན་པ་དེ་དར་རྒྱས་དུ་མཛད། དེ་ནས་ནམ་སོ་བཟུང་ལྷ། དགེ་འདུན་ལེགས་རབ། བཀྲ་ཤིས་དཔལ་འབྱོར། ཉང་པོ་ལྷུན་གྲུབ་དཔལ་འབྱོར། བྱང་བར་དགེ་འདུན་བཀྲ་ཤིས། དཔལ་འབྱོར་སོགས་ཀྱི་བསྟན་པ་ཡུན་རིང་བསྐྱོང་། གྲྭ་རྒྱུན་སེ་འབྲས་སུ་སྤོ་འབོར་དང་དགའ་ལྡན་དུ་གསེར་ཀོང་པ། དགེ་འདུན་སུམ་ཅུ་ཙམ་བཞུགས་ལགས་སོ། དེའི་རྗེས་འཛམ་གླིང་རིན་པོ་ཆེ་སྐུ་ཕྲེང་དང་པོ་བསམ་གཏན་རྒྱ་མཚོ་ལྷ་ས་ལྷོ་ཁ་ཞབས་ཚང་ལ་འཁྲུངས་ཏེ། སེ་ར་སྨད་དུ་སློབ་གཉེར་མཛད་ནས་རྗེས་སུ་ལི་ཐང་དགོན་པའི་མཁན་པོ་ཁྲི་ཐོག་ཉེར་གཉིས་པ་མཛད། དེ་ནས་དམ་པ་ཉིད་ལ་སྟོན་དགོན་དུ་ཕེབས་ཏེ་དགོན་པ་ཉམས་གསོ་མཛད། དགོན་བདག་དང་མཁན་པོ་མཛད་ནས་དགོན་པ་ལ་བསམ་གཏན་གླིང་ཞེས་མཚན་གསོལ། དམ་པ་ཉིད་ཀྱིས་གྲྭ་སློབ་བསྡུས་ཏེ་དགེ་ཚུལ་གྱི་སྡོམ་པ་དང་། བསྙེན་རྫོགས་ཀྱི་སྡོམ་པ་སོགས་ལེགས་པར་གནང་། སེར་སྐྱ་མང་ཚོགས་ལ་ཆོས་ཀྱི་དབང་ལུང་མང་དུ་བསྩལ་ཏེ་གདུས་བྱའི་སྐྱེ་འགྲོ་རྣམས་ཆོས་ལ་བཀོད། དེ་རྗེས་འཛམ་གླིང་སྐུ་ཕྲེང་གཉིས་པ་ཚོ་གསུམ་མཛོ་སྣའི་གྲོང་དུ་འཁྲུངས། ལྷ་ལྡན་སེ་ར་སྨད་དུ་སློབ་གཉེར་བྱས། ལི་ཐང་དགོན་པའི་མཁན་པོ་ཁྲི་ཐོག་སོ་བདུན་པ་མཛད། ལ་སྟོད་དགོན་པའི་བསྟན་པ་ཡུན་རིང་དུ་བསྐྱངས། འཛམ་གླིང་སྐུ་ཕྲེང་གསུམ་པ་མོ་ལ་ཤ་གྲོང་དུ་འཁྲུངས་ཏེ་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཐོས་བསམ་གནང་། ལི་ཐང་དགོན་པའི་མཁན་པོ་ཁྲི་ཐོག་ང་ལྔ་པ་མཛད། དགོན་འདིའི་མཁན་པོ་དང་དགོན་པ་བདག་སྐྱོང་བྱས། སྡོམ་པ་གསུམ་གནས་ནས་སྐྱེས་བུ་གསུམ་གྱི་ལམ་དང་རིམ་གཉིས་ཀྱི་རྣལ་འབྱོར་ལྷུར་བླངས་ཤིང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་འཆད་ཉན་སྒོམ་སྒྲུབ་བྱས་ཏེ། ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད་དེ་མཐར་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་གྲུབ་པས་འཇའ་འོད་ཀྱི་གུར་ཁང་དུ་དགོངས་པ་རྫོགས་སོ།།

དགོན་པའི་འདུ་ཁང་ཆེ་བ་ཀ་བ་སུམ་ཅུ་དང་། འདུ་ཁང་ཆུང་བ་ལ་ཀ་བ་བཅུ་གཉིས་དང་། ཆོས་ར་ཀ་བ་བཞི་བཅུ་པ་དེ་དག་ལ་ལོགས་བྲིས་བཀའ་དམས་པའི་བླ་མ་དང་། རྗེ་ཡབ་སྲས་སོགས་བརྒྱུད་སྣ་ཚོགས་ཀྱི་ཚོགས་ཞིང་དང་། རྒྱུད་སྡེ་བཞི་སོགས་ཡི་དམ་སྐོར་དང་། རྒྱལ་ཆེན་རིགས་བཞི་སོགས་སྲུང་མའི་སྐོར་དང་། འདུ་ཁང་ཆེ་བའི་ནང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་ཀ་རྨ་པ་ཞྭ་དམར་ནག་གཉིས་ཀྱི་སྐུ་བརྙན་རྩེག་ཚད་དང་། རྒྱུ་ལི་ལས་གྲུབ་པའི་སྟོན་པའི་སྐུ་མི་ཚད་མ་གཅིག་དང་། [page 38] བཀའ་གདམས་པའི་སངས་རྒྱས་ཀྱི་འདྲ་སྐུ་སུམ་ཅུ་ལྷག་དང་། གླང་དར་ཁྲིམས་ཐར་སྒྲོལ་མའི་སྐུ་དང་། བཀའ་གདམས་མཆོད་རྟེན་སྒོ་བརྒྱ་མ་དང་། དེ་མིན་བཀའ་གདམས་མཆོད་རྟེན་ཉི་ཤུ་ལྷག་དང་། སྦུབ་སིལ་སྣ་ཚོགས་སུམ་ཅུ་ཙམ་དང་། འདུ་ཁང་ཆུང་བའི་ནང་རྟེན་གཙོ་བོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བའི་སྐུ་གསེར་ཟངས་ལས་བསྐྲུན་པ་རྩེག་ཚད་གཉིས། ཀརྨ་པཀྵིས་བཞེངས་པའི་བཀའ་གདམས་མཆོད་རྟེན་ཐོག་ཚད་གཉིས། སྨན་ལྷ་མཆེད་བརྒྱད་ཀྱི་མཆོད་རྟེན་བརྒྱད་དང་། འཛམ་གླིང་སྐུ་ཕྲེང་གསུམ་པ་འཕྲིན་ལས་མཁན་བཙུན་དགེ་འདུན་འབྱུང་གནས་ཀྱི་སྐུ་གདུང་མཆོད་རྟེན་དང་། གཞན་ཡང་བྲིས་ཐང་དང་མཆོད་ཆས་རོལ་མོ་དུང་རྒྱ་གླིང་ལྔ་སྦུབ་སིལ་སྙན་གདུགས་རྒྱལ་མཚན་ཚོགས་གདན་བཅས་གྲངས་མང་བཞུགས། འཛམ་གླིང་སྤྲུལ་སྐུ་རིམ་བྱོན་གྱི་ཐུགས་བསྐྱེད་མཛད་ཕྲིན་འོག་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་གྱིས། བོད་ཟླ་དང་པོའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་མཆོད་ཕྲེང་སྨོན་ལམ་ཆེན་མོ་ཉིན་གསུམ་དང་། ཚེས་ཉེར་དྲུག་ནས་བོད་ཟླ་གཉིས་པའི་ཚེས་བརྒྱད་པར་གསང་འདུས་ཉིན་བཅུ་གསུམ་དང་། བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་བར་བདེ་མཆོག་བོད་ཟླ་བཞི་པའི་ཚེས་བཅི་ལྔ་ནས་བོད་ཟླ་ལྔ་བའི་ཚེས་བཅོ་ལྔའི་བར་འཇིགས་བྱེད་དབང་ཆོག བོད་ཟླ་དྲུག་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་མི་འཁྲུགས་པའི་སྒྲུབ་མཆོད་དང་ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་གཅིག བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནས་སུམ་ཅུའི་བར་གསང་འདུས། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ནས་དང་པོའི་ཚེས་གསུམ་བར་དགུ་གཏོར་དང་ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ལ་སྐྱ་འཆམ་དང་འབག་འཆམ་བཅས་འཚོགས་དགོས་པ་ཡིན་ནོ།

དགོན་འདིའི་གཙོ་བོའི་ཡོན་གྱི་འབྱུང་ཁུངས་ནི། བྱང་སྡེ་དཔོན་རབས་དང་པོ་བསོད་ནམས་དབང་རྒྱལ། དཔོན་རབས་གཉིས་པ་རིག་འཛིན། དཔོན་རབས་གསུམ་པ་དོན་གྲུབ་ཚེ་རིང་། དཔོན་རྦས་བཞི་པ་བློ་བཟང་བརྩོན་འགྲུས། དཔོན་རབས་ལྔ་པ་རྒྱ་ཐར་ག་རི་སོགས་དཔོན་རབས་རིམ་བྱོན་གྱིས་ཡོན་བདག་བགྱིས་པ་མ་ཟད། དགོན་པའི་མངའ་འོག་གི་ཁྱིམ་དུད་བརྒྱད་ཅུ་གྱ་གཅིག་ཡོད་པའི་དད་གཞིན་རྫས་དང་། དགོན་གཞུང་གི་ཞིང་ས་ཁལ་བདུན་ལྷག་དང་ཤེ་འབྲི་མ་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་བདག་གཉེར་དོ་དམ་དམངས་ལ་འགན་སྤྲོད་བྱེད་དེ་འབྲུའི་ཡོངས་འབབ་བརྒྱ་ཆ་སུམ་ཅུ་དང་ཤེ་མར་བརྒྱ་ཆ་དོན་ལྔ་དང་ཤེ་ཕྱུར་བརྒྱ་ཆ་བཅུ་བཅས་དགོན་གཞུང་ལ་ཕུལ་དགོས་པ་ཡིན་ནོ།།

དེ་ལྟར་རྒྱལ་བསྟན་སྤྱི་བྱེ་ཐམས་ཅད་རབ་ཏུ་དར་ནས་བདེ་ལྡན་ཞིང་མཆོག་ས་ལ་འཕོས་པ་དང་ཀུན་ནས་མཚུངས་ན་ཡང་། སེམས་ཅན་གྱི་ལས་དང་བསོད་ནམས་དམན་པའི་སྟོབས་ལས་ཆོས་ཀྱི་སྣང་བ་རེ་ཞིག་ནུབ་རིར་ཕྱོགས་ཏེ་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར། སླད་ནས་ཆོས་དད་རང་མོས་ཀྱི་སྤྲིན་གསེབ་ཉི་མ་རེ་ཞིག་ཤར་ནས་བོད་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོར་ཆོས་སྒོ་ཕྱེ་སྐབས་འཛམ་གླིང་མཆོག་སྤྲུལ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཕྲིན་ལས་ཀྱིས་གཙོ་[page 39] འགན་བཞེས་ཏེ་དགེ་འདུན་མང་ཚོགས་ཀྱིས་གཙུག་ལག་ཁང་ཀ་བ་སུམ་ཅུ་ལ་ཀ་རིང་བརྒྱུད་ཀྱི་སར་ཐོག་རྩེག་གསུམ་དང་། ཆོས་ར་ཀ་བ་བརྒྱད་ཅུ་དང་། ཇ་ཁང་ཀ་བ་བརྒྱད་ཀྱིས་སར་ཉིས་རྩེག་དང་། འདུ་ཁང་ཆུང་བ་དཀྱིལ་ཀ་བ་བཅུ་གཉིས་ཅན་རྩེག་བཅས་གསར་བསྐྲུན་བྱས་པ་མ་ཟད། གཙུག་ལག་ཁང་ཆེ་བའི་ནང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྗེ་བཙུན་བྱསམ་པའི་སྐུ་བརྙན་སུམ་རྩེག་དང་། མི་འཁྲུགས་པའི་སྐུ་བརྙན་ཉིས་རྩེག་དང་། ཇོ་བོ་ཐོག་ཚད་གཅིག་བཅས་ལ་དབུ་རྒྱན་དང་དཔུང་རྒྱན་བཅས་གསེར་དངུལ་སོགས་རིན་པོ་ཆེ་དུ་མས་བརྒྱན་པ་ཡིན་ནོ། འདུ་ཁང་གི་ཐོག་ཁར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རྗེ་ཡབ་སྲས་གསུམ་བཅས་རྩེག་ཚད་དང་། ཇོ་སྟོན་རྗེ་གསུམ་དང་། གནས་བརྟན་བཅུ་དྲུག་བཅས་མི་ཚད་ཙམ་རེ་དང་། འཛམ་གླིང་སྐུ་ཕྲེང་གསུམ་པའི་འདྲ་སྐུ་བཅས་བཞུགས། སྲུང་མ་ཁང་དུ་ཀརྨ་བ་དུས་གསུམ་མཁྱེན་པའི་འདྲ་སྐུ་དང་ཀརྨ་བ་པཀྵིའི་འདྲ་སྐུ། དམ་ཅན་མགར་ནག་དང་སྔོན་ཀརྨ་བ་པཀྴིས་བཞེངས་པའི་འབའ་འབའ་ཞེས་པའི་བཀའ་གདམས་མཆོད་རྟེན་ཐོག་ཚད་གཉིས་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཅིག རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ། རྒྱ་ནག་ཐགས་ལས་དྲུབས་པའི་རྗེ་རིན་པོ་ཆའི་ཞལ་ཐང་ལྔ་དང་སྟོན་པའི་གོས་སྐུ་གཅིག བླ་མ་མཆོད་པའི་ཚོགས་ཞིང་བཅས་ཐོག་ཚད་གཅིག་ཕྱེད་ཙམ་བཞུགས་སུ་གསོལ་ནས། དགེ་འདུན་ཞལ་གྲངས་བརྒྱ་ལྷག་བཞུགས་པའི་གྲྭ་ཤག་སུམ་ཅུ་སོ་གྲངས་ཡོད་དོ། དེ་མིན་ཚེས་དུས་སྒྲུབ་མཆོད་སོགས་སྔོན་མ་ནང་བཞིན་ཡིན་ནོ།།

དེའི་ཟུར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་གིས་ལ་སྟོད་དཔོན་ལ་སྤྲིངས་བའི་ཡི་གེ་འདི་ལྟ་སྟེ།

གོང་མའི་ལུང་གིས། ནུབ་ཕྱོགས་མཆོག་དུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་ངྷ་ར་ཏཱ་ལའི་བླ་མར་འབོད་པའི་གཏམ། འཛམ་གླིང་ཡངས་པའི་གཞིར་འཁོད་པའི་སྐྱེ་དགུ་སྤྱི་དང་། བྱེ་བྲག་མདོ་ཁམས་ལི་ཐང་གི་སའི་ཆར་འཁོད་པའི་བླ་མ་སེར་མོ་བ། རྒྱལ་པོ། རྒྱལ་རིགས། ཝང་། དཔལ་ལི། སྦས་སེ། ཏཱ་ལམ་ཡེ། རྒྱ་དཔོན། ཇའི་སང་། མི་བཟང་། ཏ་རོ་ཁ། རྒྱ་སོག་ཧོར་བོད་སོགས་ཀྱི་དམག་དང་ཨེལ་ཆི་གསེར་ཡིག་མི་སྣའི་འགྲིལ་འགྲུམ་པ། མདའ་དཔོན། སྒར་དཔོན། རྫོང་སྡོད། གཞིས་སྡོད། ཞི་དྲག་བསྐུལ་བརྡའི་སྣེ་སླེབས། བྱང་འབར་དཔོན་གྱི་གཙོས་ཆུ་ཉིན་སྲིབ་ཀྱི་རྒན་བཅུ་མི་དམངས་ཞི་དྲག་གི་སྣེ་མོར་དམིགས་བསལ་བཏང་སླེབས་སོགས་ལ་སྤྲེངས་པ། ངག་དབང་བློ་བཟང་འདི་པ་སྐུ་འབུམ་སཏན་ཆགས་སྐབས་གམ་དུ་འབྱོར་བ་དང་སྡེ་དྲུག་མཁན་པོ་སྔགས་རྨས་པ་བསམ་གཏན་རྒྱལ་མཚན་གྱི་རོགས་འགྱུར་གྱང་བྱུང་འདུག་པ་བཅས་ཁོ་བོའི་ཁ་མེས་དུས་ཀྱི་ས་གཞི་ཁང་། བྲག་རྒན་གྱི་ཤིང་རྩྭ་བརྔ་པ་སོགས་མདོར་ན་དབང་རིགས་བདག་ཐོབ་ཅི་ཡིན་ཁོ་པའི་སྤུན་གཡུང་དྲུང་ཚེ་འཕེལ་བརྒྱུད་བཅས་ལ་ཇི་[page 40] སྲིད་བར་འཇགས་གནང་དང་། རྐང་འགྲོའི་ཁྲལ་རིགས་སྐོར་གལ་ཆེ་དམིགས་བསལ་མ་བྱུང་ཕྱིན། རྔ་འཕྱངས། ཁལ་འཕྱངས་ངོས་སྐྱེས་རྟ་འུལ་སོགས་ཀྱིས་མཚོན་གཞུང་སྒེར་གྱི་རྐང་འགྲོའི་ཁྲལ་རིགས་ཆེ་ཕྲ་ཆུང་གསུམ་མིག་རྐྱང་གི་ཁོ་པའི་ཚེ་སྒང་བར་ཡངས་པའི་གསེར་ཐེམ་ཆེན་མོ་ཕྱིན་ཡོད་པས། ཁྱོད་གོང་འཁོད་འགོ་ཡོད་ཚང་མས་ཕན་གྲོགས་རོགས་རམ་གང་དྲག་ལས། ཁྲལ་གསར་འགེལ་སོགས་གནོད་འགལ་ལོག་པའི་སྙད་གཙེར་སྤུ་ཙམ་མ་བྱེད་པར་བདེ་བར་བརྒྱུད་བཅས་གནང་ཆུགས་ཞེས་གོ་བར་བྱ་བའི་ཡི་གེ་སྣ་ཚོགས་དབྱིག་ཅེས་པ་ཤིང་སྤྲུལ་ཟླ་བ་གཉིས་པའི་ཚེས་དགུ་ལ་དགེ་བར་ཕོ་བྲང་གྲུ་འཛིན་གཉིས་པ་པོ་ཏ་ལ་ནས་བྲིས། དགོན་པའི་ལོ་རྒྱུས་འདི་ནི་དགའ་ལྡན་ཆོས་འབྱུང་བེེ་སེར་དང་དགོན་པ་རང་གིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས། མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས་ཀྱི་གསུང་རྒྱུན་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

ཨ་མདོ་སྒང་ཐོག་དགོན་གྱི་ལོ་རྒྱུས།

འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གང་ཉིད་མདོ་སྨད་ལི་ཐང་ཕྱོགས་སུ་ཕེབས་ནས་གཡོ་རུ་དཔོན་ལས་ས་བསླངས་ཏེ་དགོན་པ་འདི་ཉིད་བཏབ་ནས་རྟེན་འབྲེལ་འགྲིག་པས་སྐུ་ཐོག་རྗེ་མ་ལི་ཐང་འདིར་འཁྲུངས་བ་ཡིན་ཟེར་བའི་སྲོལ་ཞིག་དང་། ལ་ལས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལང་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཁོང་ལི་ཐང་དུ་འཁྲུངས་ནས་ཁོང་གིས་བཏབ་པ་ཡིན་ཞེས་པའི་སྲོལ་གཉིས་ཡོད་ཀྱང་། ཕྲན་ཆུང་གིས་མདོ་སྨད་ཆོས་འབྱུང་དང་། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་སོགས་ཡིག་ཚང་འགའ་ལ་བལྟས་ན་ཡང་། འདི་ཡིན་འདི་མིན་གྱི་ཁ་ཚོད་གཅོད་པའི་སྤོབས་པ་མ་བྱུང་། མདོར་ན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གང་རུང་ཞིག་གིས་འབྲོག་རི་བོ་དགེ་ལྡན་པའི་བསྟན་པ་སྐྱོང་བའི་དགོན་ཆུང་ཞིག་བཏབ་པར་ངེས་སོ་གཞན་ཡང་ལུང་པ་འདི་སྟོད་སྨད་ཨབར་གསུམ་དུ་དགོན་ཤུལ་ཉི་ཤུ་ལྷག་ཙམ་ཡོད་ཀྱང་དགོན་པ་དེ་དག་སུས་བཏབ་དང་དུས་ནམ་བཏབ་གྲུབ་མཐའ་གང་ཡིན་སོགས་ད་ལྟ་ཤེས་མཁན་སུ་ཡང་མེད་དོ།། ལོ་རྒྱུས་འདི་ནི་མུ་པོས་བྲིས་པའོ།།

བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་གླིང་གི་ལོ་རྒྱུས།

བླ་མ་བློ་བཟང་དཔལ་བ་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པ་གསུམ་ན་མངོན་པར་གཡོ་བ་གང་གིས་བོད་རབ་བྱུང་བདུན་པའི་ནང་ཙམ་དུ་དགོན་པ་འདི་ཉིད་བཏབ་པ་ཡིན་ལ། དེ་ནས་འཆད་[page 41] རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་གཙང་པ་སངས་རྒྱས་དཔལ་བཟང་། ཀུན་དགའ་རྒྱལ་མཚན་གཞོན་ནུ་རབ་བརྟན། འཛོམ་ཁྲི་སྟོན། བཀྲ་ཤིས་འོད་ཟེར། རིན་ཆེན་སེང་གེ ནམ་མཁའ་རྒྱ་མཚོ། རྒྱ་ཉེ་དཀའ་བཅུ། ཨ་འབྲུག་དཀའ་བཅུ། བྱང་ཆུབ་རིན་ཆེན། ཚུལ་ཁྲིམས་རྒྱ་མཚོ། གྲགས་པ་འབྱུང་གནས། ལི་ཐང་ལྷ་དབང་ཆོས་འབྱོར། དེའི་རྗེས་དགོན་འདིར་སྐྱེས་བུ་དམ་པ་དུ་མ་ཞིག་བྱོན་ན་ཡང་དེ་དག་གི་མཛད་རྣམ་སོགས་མེད་པས་རེ་ཞིག་ཡིག་ལམ་དུ་མ་གྱུར་ལ། དེ་ནས་དགོན་འདིའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པའི་བཞག་ཕོ་ཉ་མཁར་ཟུར་སྦྱིན་པ་ཆོས་དར་ཞེས་པ་ནི། ཡུལ་འདིར་ངོ་མཚར་དུ་མ་དང་བཅས་ཏེ་སྐུ་བལྟམས། དགོན་འདིར་ཞུགས་ནས་འདོན་ཆོག་སོགས་ནས་བཟུང་ཐུན་མོང་རིག་གནས་སྤྱི་དང་། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་མཁས་གྲུབ་དུ་མ་བསྙེན་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་བ་མཐར་ཕྱིན་མཛད་དེ་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་བཞེས་ཐོག དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ཀྱི་མཚན་ཉིད་ལ་གསན་བསམ་མཛད་ནས་སྔགས་རམས་ཨང་དང་པོའི་མཚན་བཞེས་ཤིང་། བདག་ཉིད་ཆེན་པོའི་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་བཞིར་གཡོས། སྐུ་ཡུལ་དུ་ཕེབས་ཏེ་ལི་ཐང་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་ང་གསུམ་པའི་འགན་བཞེས་དགོན་འདིར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར་ནས་གདུལ་བྱ་དུ་མ་སྨིན་པར་མཛད། དེའི་ཡང་སྲིད་བཞག་མཁན་ཟུར་རིན་པོ་ཆེ་ངག་དབང་བློ་བཟང་བསྟན་འཛིན་སོགས་དགོན་འདིའི་མཁན་པོ་རྣམས་ལོ་རེ་བཞིན་ལི་ཐང་དགོན་ཆེན་ནས་མངགས་དགོས་པས། དེ་དག་གི་ལོ་རྒྱུས་ཀྱི་མཚན་ཐོ་ཞིག་ཡོད་ཀྱང་རིག་གསར་སྐབས་བརླགས་ཏེ་མེད་དོ།

སྐུ་གསུང་ཐུགས་རྟེན་སྐོར། རྟེན་གྱི་གཙོ་བོའི་ཇོ་བོ་ང་འགྲོ་གསུང་འབྱོན་ནི། ལྷ་སའི་ཇོ་ཁང་ནང་ཇོ་བོ་ཤཱཀྱ་མུ་ནེ་སྐུ་འདྲ་གསུམ་གྱི་ནང་ཚན་ལྷ་སའི་ཇོ་བོའི་ལས་ཅུང་ཆུང་བ་དེ། སྔོན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁམས་ཀྱི་རྟེན་སྐལ་ཞིག་བྱོན་དགོན་པས་སུ་བྱོན་ཞུས་སྐབས། ཇོ་བོ་འདིས་ང་འགྲོ་གསུངས་ནས་དགོན་འདིར་གདན་དྲངས་ཏེ་ས་ལ་བཅུད་ཆགས། ཡུལ་ལ་བཀྲ་ཤིས་པ་དེ་ཡིན་ནོ།

འཛམ་གླིང་གཡས་བཞག་གི་སྦུབ་ནི། ཞྭ་དཔེ་རིན་པོ་ཆེ་དགོན་འདིའི་མཁན་པོ་མཛད་སྐབས་ཁོང་ནི་བླ་མ་བྱ་བྲལ་ཡིན་པས་ཕྱག་རྫས་སོགས་མེད་ན་ཡང་། ཁོང་གི་ཐུགས་དགོངས་ལ་ངས་དགོན་འདིའི་མཁན་པོའི་འགན་ཁུར་ཚར་དུས་རྟེན་བཞག་གཅིག་དགོས་དགོངས་ཏེ་ཆབ་གསང་བྱོན་སྐབས་གསང་སྒོའི་རྒྱབ་ཀྱི་ཕ་བོང་ཞིག་གི་སྟེང་བྱ་རོག་ཅིག་གིས་མཆུ་བརྡ་ཞིག་བྱས་ཏེ་སོང་བས། ཅི་ཡིན་སྙན་སྟེ་བལྟས་པས་སྦུབ་ཁྱད་མཚར་ཅན་ཞིག་བཞག་ཡོད་པ་དེ་དགོན་འདི་ལ་ཕུལ་བ་ཡིན་ནོ། དེ་ལས་ངོ་མཚར་བའི་སྦུབ་ཆས་དང་། དངུལ་ཏིང་། ལི་ཏིང་། དྲིལ་བུ། ཏིང་ཤགས། དངུལ་བུམ། ཟངས་བུམ། རྐང་དུང་། ཟངས་དུང་། རག་དུང་། རྒྱ་གླིང་། ཌ་མ་རུ། དུང་སོགས་རོས་ཆས་སྐོར་དུ་མ་དང་། གསེར་སྐུ་དང་གསེར་ཐང་། བཀའ་གདམས་མཆོད་རྟེན་དང་འཇིམ་སྐུ་སོགས་ཆེ་ཆུང་དུ་མ་དང་། རྒྱལ་[page 42] བའི་བཀའ་འགྱུར་ཆ་བཅུ་གསུམ་དང་། བསྟན་འགྱུར་ཆ་གཅིག གསུང་འབུམ་དང་སྒྲུབ་བཏུས་རྒྱུད་བཏུས་སོགས་ཀྱིས་མཚོན་པོད་ཉིས་བརྒྱ་ལྷག་ཙམ་བཞུགས་སོ།།

དགོན་འདིའི་ཚེས་དུས་སྒྲུབ་མཆོད་ནི། དབུ་མཛད་ཀྱི་ལག་སྡེབ་ཅེས་པའི་ཡིག་རྙིང་ཞིག་ཡོད་པ་ལས་དཔེ་བཤུས་ཏེ་བཀོད་ན་འདི་ལྟ་སྟེ། ཧོར་ཟླ་གསུམ་པའི་ཆོས་མཚམས་ཆེན་པོ་ཡར་འཚོགས་གནང་། བཅོ་ལྔའི་ཉིན་རི་བསང་ལ་འཛམ་གླིང་སྤྱི་བསང་། བླ་མཆོད་དང་ཚོགས། ལེགས་མཚོ། དགྲ་བླ་སྐུ་མཁར་བཅས་གསུང་དགོས། དེའི་ཉིན་གསོ་སྦྱོང་། དགུང་ཁར་ཡར་འདུས་ནས་ཆ་གསུམ་གསུང་དགོས། ཚེས་བཅུ་དྲུག་ནས་བཅུདགུ་བར་ཕོ་ཉའི་བཀའ་འགྱུར་ཉིན་རེ་ཆ་གསུམ་གསུང་དགོས། ཚེས་ཉི་ཤུ་ཉིན་འཇིགས་བྱེད་དཔལ་གཅིག་དང་ཆོས་རྒྱལ་འདོན། དྲུག་ཅུ་གསུམ་འབུལ། གཏོར་ཆེན་བཅའ་བསྒྲིགས་བྱ། ཚེས་ཉེར་གཅིག་ནས་ཉི་ཤུ་དགུའི་བར་དཔལ་གཅིག་དང་། མགོན་པོའི་གཏོང་ཆེན་དཔེ་ནང་ཕྱག་ལེན་བཞིན་གསུང་། གྲྭ་ཚང་ནས་མགོན་པོའི་གར་གཏོང་སར་ལྷ་མོ་ཕྱག་བཞི་མའི་བསྟོད་པ་བསྐལ་མེ་མ་འདོན་དགོས་དེ་མན་གྲོང་ཆོག་སོགས་མགོན་པོ་གར་གཏོར་སར་མངའ་གསོལ་ནས་མཇུག་མ་ཕུད་དགོས། གནམ་གང་ལ་མགོན་པོའི་སྤྱིན་སྲེག ཚེས་གཅིག་ལ་ཚོགས། ཉིན་རེ་གཉིས་ལ་མགོན་ཆོས་གཉིས་གསུང་། གསོལ་ཁ་ཆོས་རྒྱལ་གྱི་དབྱངས་ཡོང་རྫོགས། མགོན་པོའི་གཏོར་ཆེན་ཉིན་དང་པོ་ནས་གཏོར་རྒྱག་བར་དབྱངས་ཡོངས་རྫོགས། ཚེས་གཉིས་ནས་བཞིའི་བར་སྨན་བླ་མཆོག་བརྒྱད་མ་ཉིན་གསུམ། ཚེས་ལྔ་དང་དྲུག་གཉིས་ལ་བཀའ་འགྱུར་གསུང་དགོས། ཚེས་བདུན་ལ་མཁན་ཟུར་སྦྱིན་པ་ཆོས་འཕེལ་གྱི་འདས་མཆོད་ལ། བླ་མཆོད་དང་ས་ལམ་སྐབས་གསུམ་གནས་བཅུ་སྨོན་ལམ་རྣམས་གསུང་དགོས། ཚེས་བརྒྱད་ནས་བཅུ་དྲུག་བར་སྙུང་གནས་ཆ་བཞིའི་རིགས་ལ་ཉིན་རེ་ལ་ཐུན་གསུམ། ཐུན་རེ་ལ་པོ་བསྟོད་ཚར་ཉེར་གཅིག་རེ་དང་བསྙེན་གྲངས་ཚང་བ། དབང་མཆོག་སྨོ་ལམ་བཀྲ་ཤིས་རྒྱས་པ། ཚེས་བཅུ་བདུན་བཅོ་བརྒྱད་གཉིས་ལ་མགོན་ཁང་དུ་བསྐང་སོགས་འཕར་མ་ལ་བསྐང་གསོ་ཡོངས་རྫོགས། གསོལ་ཀ་ལྷུན་བདེ་མ་དང་རབ་འབར་མ་གཉིས་ཀྱི་རྟ། ལེགས་མཚོའི་རྟ། ཚེས་བཅོ་བརྒྱད་བླ་མཆོད་དང་ཚོགས། ཚེས་བཅུ་དགུ་ལ་རྒྱལ་ཆེན། ཚེས་ཉི་ཤུ་ནས་ཉིན་བརྒྱད་ལ་ཞོ་ཇ་ལ་སྨན་བླ། དེ་ཕན་བཟང་སྤྱོད་དང་སྨོན་ལམ་རྣམ་ལྔ་གསུང་དགོས། ཚེས་ཉེར་བརྒྱད་ཉེར་དགུ་གཉིས་ལ་སྐུ་རིམ་དགུ་གཏོར། མ་ཟད་ལོ་གཅིག་གི་སྐུ་རིམ་དགུ་གཏོར་གང་ཡོད་ལ་ཉིན་དང་པོ་ལ་ཞལ་བཞི་དང་ཆོས་རྒྱལ་གསོལ་ཀ ཉིན་གཉིས་པ་ལ་བསྐང་གསོ་ཡོངས་རྫོགས་གསོལ་ཀ་དྲུག་ཅུ་མ་འབུམ་དགོས། ཚེས་གཅིག་ནས་འཇིགས་བྱེད་སྒྲུབ་མཆོད་ལ་ཉིན་དང་པོར་མགོ་བརྩམས་ནས་བདག་མདུན་བུམ་གསུམ་དང་དབང་ཆོག་བཅས་ཀྱི་དབྱངས་གོ་རིམ་མ་ནོར་བ་གསུང་དགོས། ཇ་རྒྱབ་ཤེར་སྙིང་དང་ཟློག་པ་གསུང་དགོས། ས་གསུམ་མ་དང་། ཕྲིན་བཅོལ་རྣམས་ཆོས་ཐོག་ཆེ་ཁག་རིགས་ལ་ལོང་སྐབས་དང་བརྟེན་ཤེས་དགོས། ཆོས་ཐོག་ཆུང་ཁག་རིགས་ལ་ས་ལམ་སྐབས་གསུམ་རེས་མི་བྱེད། དེ་མན་ཆོས་ཐོག་ཆེ་ཆུང་ཅི་ཡང་བར་ཇ་བཞེས་ནས་གཟུངས་[page 43] ཆེན་སྡེ་ལྔ་ནི་མ་ཆག་པར་གསུང་དགོས། ཚེས་བཅུ་གསུམ་ནས་བཅོ་ལྔའི་བར་ཉིན་གསུམ་ལ་ཆོས་རྒྱལ་གསུང་ནས་དྲུག་ཅུ་འབུལ་དགོས། བཅོ་ལྔ་ལ་ཆོས་རྒྱལ་གློ་བུ་ལས་ཆོག་གི་གཏོར་རྒྱག་ལ་བཀའ་ཉན་བཞི་སྐུལ་འཚབས་ལ། དགེ་སྡིག་ཤན་འབྱེད་མ་གསུང་དགོས། སྦྱིན་སྲེག་ཉིན་དབང་ཆོག་གསུམ་དགོས། དེའི་བར་གཤེགས་གསོལ་མི་བྱ། དེ་ནས་གཤེགས་གསོལ་བྱ། ཚེས་ཉི་ཤུ་ལ་བླ་མཆོད་གསུང་དགོས། ཚེས་ཉེར་གཅིག་ལ་གྲྭ་ཚང་སྨན་བླ་གསུང་དགོས། ཉེར་བརྒྱད་དང་ཉེར་དགུ་ལ་སྐུ་རིམ་དགུ་གཏོར། གནམ་གང་ལ་སྒྲོལ་ཆོག་ཟླ་བ་དྲུག་པའི་ཚེས་ཅིག་དང་གཉིས་ལ་ཞོ་ཇ་ལ་སྨན་བླ། བར་ཇ་ཕན་ཆད་བཟང་སྤྱོད་དང་སྨོན་ལམ་རྣམ་ལྔ་གདུང་དགོས། ཚེས་གསུམ་ལ་རི་སྐྱབས་རི་བསང་ལ་རྣམ་དག་ཆོས་སྐུ་མ་དང་བླ་མཆོད་དང་ཚོགས། ཚེས་ལྔ་ནས་བརྩམས་ཏེ་གསང་འདུས་སྒྲུབ་མཆོད་ཉིན་བཅུ་གསུམ། སྤྱི་ཆུང་གཏོང་སྒོ་མ་ཐུག་བར་བདག་བུམ་གསུམ་ཆོག་བཀྲ་ཤིས་བཅས་དབྱངས་གོ་རིམ་བཞིན་གསུང་དགོས། ཚེས་བཅུ་བདུན་ལ་སྦྱིན་སྲེག ཚེས་བཅོ་བརྒྱད་དུ་ཕྱག་མཆོད། ཚེས་བཅུ་དགུ་ལ་ལྷུང་བཤགས་གསུང་དགོས། ཚེས་ཉི་ཤུ་ལ་གྲྭ་མང་སྔ་ཆ་སྐུ་རིམ་རྣམ་གསུམ་དང་། ཕྱི་དྲོ་ཆ་གསུམ་ལ་གཤེགས་གཏོར་བརྒྱད་མ་གཏོང་དགོས། ཚེས་ཉེར་གཅིག་དང་ཉེར་གཉིས་ཉེར་གསུམ་ལ་གོང་ལྟར། སྨན་བླ་བཟང་སྤྱོད་སྨོན་ལམ་རྣམ་ལྔ་གསུང་དགོས། ཉེར་བཞི་ནས་ཟླ་བ་བདུན་པའི་ཚེས་བདུན་བར་བདེ་མཆོག་སྒྲུབ་མཆོད། བདག་མདུན་བུམ་གསུམ་གྱི་དབྱངས་དང་ཚོགས་སྦྱིན་སྲེག་བཅས་སྙུང་གནས་ནས་ཟླ་བ་བཞི་པ་དང་འདྲ། ཚེས་བཅུ་བདུན་བཅོ་བརྒྱད་ལ་སྐུ་རིམ་དགུ་གཏོར་ཡིན། ཚེས་བཅུ་དགུ་ནས་མགོན་པའི་གཏོར་སྒྲུབ། གནམ་གང་ལ་དགག་དབྱེ་དེའི་སྔར་ཉེར་བརྒྱད་ཉེར་དགུ་ལ་སྐུ་རིམ་དགུ་གཏོར། ཚེས་བཅུ་ལྔ་ལ་གསོ་སྦྱོང་འཚོགས་ནས་དཀར་རྩི་དམར་རྩི། ཕྱི་དྲོ་ཆོས་རི་ཤིས་བརྗོད་ལ་སྐུ་རིམ་རྣམ་གསུམ་དང་ཕྲིན་བཅོལ་ཁྲུས་གསོལ། གསང་འདུས་སྨོན་ལམ། བཀྲ་ཤིས། ལམ་རིམ་སྨོན་ལམ། བསྟན་འབར་མ་བཅས་གསུང་དགོས། ཆོས་མཚམས་གྲོལ་ནས་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད་ལ། ལོ་དང་

པོ་གསང་འདུས་དང་འཇིགས་བྱེད། ལོ་གཉིས་པ་བདེ་མཆོག་དང་འཇིགས་བྱེད་གསུང་དགོས། བླ་མཆོད་ཚོགས་བསང་གསོལ་ཀ ཤར་གངས་རི་མ་དང་ས་ལམ་སྐབས་གསུམ་གསུང་དགོས། ཟླ་བ་བཅུ་གཉིས་པའི་སྤྱི་གཏོར་ཆེན་པོ་ལ་ཚེས་ཉེར་གཅིག་ལ་ཡར་འདུས་ཏེ་འཇིགས་བྱེད་དང་ཆོས་རྒྱལ་ཚར་གཅིག དྲུག་ཅུ་མ་ཕུལ་དགོས། ཉེར་གཅིག་ནས་ཉེར་གསུམ་བར་གྲྭ་ཚང་སྐུ་རིམ་ལ་ཞལ་བཞི་ཆོས་རྒྱལ་གཉིས་བསྐང་བཤགས་ཚར་གྲངས། གསོལ་ཀ ཚེས་ཉེར་བཞི་ནས་དངོས་གཞི་ལ་བསྐང་གསོ་ཡོངས་རྫོགས་ལ་མགོན་པོ་རྣམ་གཉིས་ཀྱི་རྟ་དབྱངས། དབུ་མཛད་ནས་སྤྱན་འདྲེན་བཞེངས་ཤིག་མ་ལ་རྟ་གཉིས། ཆོས་དབྱངས་མའི་རྟ། རྣམ་སྲས་ཀྱི་རྟ་གདོང་གྲལ་བ་ལ་བབས་འོས། རྩ་བརྒྱུད་མ་དང་མྱུར་མཛད་མ་དབུ་མཛད། དེ་མན་སྤྲིན་ཤུགས་མ་ནས་བཟུང་བསྟོད་པ་རིམ་བཞིན་བབས་འོས། ཚེས་ཉེར་ལྔ་ལ་ཞལ་བཞི་དང་ཆོས་རྒྱལ་གཉིས་ཀྱི་རྟ་དབྱངས། དབུ་མཛད་མྱུར་[page 44] མགྱོགས་མའི་དབུ་སྐུལ་ཚེས་ཉེར་དྲུག་ལ་ཨ་ཕྱི་དང་ལྷ་མོ་གཉིས་ཀྱི་རྟ་དབྱངས་དབུ་མཛད་ནས་དཔོན་སློབ་མའི་དབུ་སྐུལ། དེ་མན་བབ་འོས། ཚེས་ཉར་བདུན་ལ་འཇིགས་བྱེད་གཏོར་མགྲོན་རྒྱས་པ། ལྷ་མོའི་ལྷ་གཙོ་མ་དར་རམ་ལྷ་ལྟར་མ་འོང་ཆེན་མ་བབས་འོས། དབུ་མཛད་ནས་ཆོས་སྐུ་མའི་རྟ་མཐུན་གྲུབ་མ་རྒྱུད་རྟ། ཚེས་ཉེར་བརྒྱད་ལ་འཇིགས་བྱེད་གཏོར་མགྲོན་འབྲིང་བ། ཚོགས་ཆེན་ལ་དགྲ་བགེགས་སྒྲོལ་ཆོག་རི་རབ་སྐུལ་བརྒྱུད་རྟ་རིང་དབུ་མཛད། ཟོར་བསྔོ་ཟོར་བསྐྱེད། ཚེས་ར་ནང་དུ་སྒྲོལ་ཆོག་ནུབ་མོ་གཏོར་རྒྱབ་ལ་ཟོར་བསྔོ་ཟོར་བསྐྱེད། ཟོར་ལམ། གསེར་སྐྱེམས། བཀའ་ཉན་བཞེས་བསྐུལ། ཆོས་སྐུ་མ་མངའ་གསོལ་བརྗོད་པར་གནམ་གང་ལ་བསྐང་གསོ། མགོན་ཆོས་གཉིས་ལྷ་མོའི་གསོལ་ཀ་ལེགས་ཚོགས་གཏོར་མ། ལྷ་མོའི་གཤེགས་གཏོར་རྣམས་ཟིན་ནས་གཏང་རག་མཆོད་བསྟོད། མཇུག་ཏུ་གཤེགས་གསོལ་བྱས་ནས་མཆོད་པ་དཀྲོལ། གཏོར་མ་བགོ་ནས་ཟིན་པ་ཡིན། ཚེས་གཅིག་ལ་ལས་སྣེ་གསར་པ་རྣམས་བླ་མ་མཇལ་ཁ་ཟིན་ནས། ཐོག་མཁར་ལ་བསང་རྣམ་དག་ཆོས་སྐུ་མ། བསྟན་འབར་མ་གསུང་དགོས། ཚེས་གཅིག་ནས་བཅོ་ལྔའི་བར་ཀུན་རིག་བདག་མདུན་གཉིས། སྔ་དྲོའི་ཚོགས་ཐུན་གཉིས་གསུང་དགོས། ཕྱི་དྲོའི་ཚོགས་ཐུན་ལས་ས་ལམ་སྐབས་གསུམ་ཤར་གསུམ་ཤར་གངས་རི་མ་སོགས་རེས་མོ་བྱེད། བཟང་སྤྱོད་ཚར་རེ། ཚེས་བཅུ་གཅིག་ནས་སྨོན་ལམ་མགོ་བརྩམས་ནས་ས་ལམ་སྐབས་གསུམ་རྟ། ཚེས་བཅུ་གསུམ་ལ་ལས་སྣེ་ཁྲི་སྟོན་ལ་དགེ་སྐོས་ནས་གཏོང་ཐོག ས་གསུམ་མ་དང་སྒྲོལ་མ་འཕྲིན་བཅོལ་ཚེ་གཟུངས་གསུང་དགོས། སྨོན་ལམ་དངོས་གཞི་ནས་བརྩམས་ཏེ་སྐྱབས་འགྲོ་སེམས་བསྐྱེད། དགུང་ཇ་ལ་ཡར་འཚོགས་ནས་ལམ་རིམ་གསོལ་འདེབས། མཆོད་ཡོན་ཁྲུས་གསོལ། ཕུལ་བྱུང་མ་དབུ་སྐུར། ཚེས་བཅོ་ལྔ་ལ་ཀུན་རིག་ཁྲུས་ཆོག ཚེས་བཅུ་དྲུག་ལ་བྱམས་པ་གདན་འདྲེན། ཁྲུས་གསོལ། ཤར་གངས་རིམ། ཕྱག་ཆེན་གསོལ་འདེབས། བཟང་སྤྱོད། ལེགས་མཚོ་གཏོར་མ། རྡོ་སློབ་ནས་ཆོ་འཕྲུལ་བཤད་པ། བླ་མ་བསྔོ་བ་དང་བསྟན་འབར་མ་སོགས་གསུང་དགོས། སྨོན་ལམ་རིགས་ལ་ཕྱོགས་གཏོར་ཆོས་གྲོལ་ནས། ཚོགས་ཆེན་དུ་བཀའ་འགྱུར་གསུང་དགོས། མགོན་ཁང་དུ་སྔགས་རྒྱུད་ནས་མ་མཐའ་འཇིགས་བྱེད་དཔལ་གཅིག་དང་མགོན་ཆོས་གཉིས། གསོལ་ཁ་གཏོར་འབུལ་ཆོས་སྐྱོང་སྤྱི་ལ་མ་ཆག་པ་དགོས། ཟླ་བ་གསུམ་པའི་ནང་ཆ་ལ་སྤྱིའི་ཆ་གཏོར། སྙུང་གནས་ཆ་གཅིག ཚེས་བརྒྱད་ལ་བཀའ་འགྱུར། ཚེས་དགུ་ལ་ཆོས་རྒྱལ་གློ་བུ་ལས་ཆོག་གི་སྒོ་ནས་གཏོར་རྒྱག བྱང་འདྲེན་རྣམས་ནས་ཇི་སྲིད་བར་ཡིད་ལ་འཇགས་ཆེད་བྲིས་པའོ།།

དགོན་འདིའི་གཙུག་ལག་ཁང་ཀ་བ་ལྔ་བཅུ་དང་། བཤད་གྲྭ་གཉིས། སྒྲུབ་གྲྭ་གཉིས། གྲྭ་ཤག་བརྒྱ་དང་བཅུ་གསུམ། དེ་ལ་དགེ་འདུན་ཞལ་གྲངས་བརྒྱ་དང་སུམ་ཅུ་སོ་གྲངས་ལ རྒྱ་ངར་ཆར་སངས་ཀྱིས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། དགེ་འདུན་གྱི་འཚོ་རྟེན་ནི་སྟོན་ཐོག་མཆོད་ཞིང་དང་དགོན་པའི་མངའ་འོག་གི་དུང་གྲངས་བརྒྱ་དང་བཟི་བཅུ་ཙམ་གྱིས་[page 45] འབུལ་བ་བརྟེན་ནས་མཆོད་ཐོག་འཚོགས་དགོས་པ་ཡིན་ནོ།།

དེ་ནས་སེམས་ཅན་གྱི་ལས་དང་བསོད་ནམས་ཟད་པའི་སྟོབས་ཀྱིས་ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་སྐབས་རྣམས་སུ་གཙུག་ལག་ཁང་བརྟེན་དང་བརྟེན་པར་བཅས་པ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་ཏེ་ལོ་ངོ་སུམ་ཅུ་ཙམ་སོང་། སླར་ཡང་ཏང་གི་སྲིད་ཇུས་བཟང་པོའི་ཉི་འོད་ཕྱོགས་བཅུར་འཕྲོས་ཏེ་ཆོས་སྒོ་ཕྱེ་སྐབས་ཚེ་རིང་དར་རྒྱས། བསྟན་འཛིན་གྲགས་པ། རྒྱ་ལི་ཨ་འགྱ་སོགས་ཀྱིས་གཙོ་བྱས། གཙུག་ལག་ཁང་ལྟག་མ་ཀ་བ་ལྔ་བཅུ་དང་། འོག་མ་ཀ་བ་བཅུ་དྲུག གྲྭ་ཤག་ལྔ་བཅུ་ང་གྲངས་གསར་དུ་བསྐྲུན། གཙུག་ལག་ཁང་འོག་མའི་ནང་དུ་སྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་ཀྱིས་རྒྱུ་སྨན་འདམ་ལས་རྗེ་ཡབ་སྲ་གསུམ། སྤྲུལ་སྐུ་དགེ་ལེགས་ཀྱིས་རིགས་གསུམ་མགོན་པོ། གྲྭ་ཚང་རང་གིས་སྟོན་པ་གཙོ་འཁོར་གསུམ་བཅས་མི་ཚད་ཙམ་རེ་གསར་བསྐྲུན་བྱས། གཞན་ཡང་སྐུ་གུསང་ཐུགས་རྟེན་དང་རོལ་ཆས་རྙིང་པའི་སྐོར་གྲངས་འཚམས་རེ་བཞུགས་སོ།།

ཚེས་དུས་སྒྲུབ་མཆོད་སྐོར་ནི། བོད་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ནས་སུམ་ཅུའི་བར་གདུགས་དཀར་གཏོར་ཆེན། གསུམ་པའི་ཚེས་གཅིག་ལ་ཆོད་སྐོར་གཉིས་ནས་ཆ་གཏོར་དང་ཐུགས་རྗེ་ཆེན་པོ་དབང་ཉིན་བཞི། མི་སེར་ལ་སྨྱུང་གནས། དྲུག་ཉིན་དང་བདུན་བརྒྱད་ལ་བཀའ་འགྱུར་ཚར་གཅིག་དགུ་ཉིན་ཆོས་རྗེ་གློ་བུ་ལེ་ཚན་སྒོ་ནས་གཏོར་རྒྱག ཚེས་བཅུ་དང་བཅུ་གཅིག་ལ་གཏོར་མ་བརྒྱ་རྩ། གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་ཉིན་ཉེར་གཅིག། དེའི་རྗེས་ཀུན་རིག་སྒྲུབ་མཆོད་ཉིན་བཞི་དང་། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ནས་སྤྱི་གཏོར་ཉིན་བདུན་ལ་མགོན་པོ། ཆོས་རྒྱག་རྣམ་སྲས། ཤུགས་ལྡན། བསེ་ཁྲབ་སོགས་ཀྱི་གསོལ་ཁ། ཉེར་བརྒྱད་དང་ཉེར་དགུ་ལ་འབག་འཆམ་ཀར་ཕྲེང་བཅས་ཚེས་དུས་སྒྲུབ་མཆོད་བཅས་སྔོན་མ་ནང་བཞིན་དང་། ལོ་རེར་ཟླ་བ་གཅིག་ཕྱེད་རིང་ལ་རེས་མོ་བྱས་ཏེ། ལམ་རིམ་ཆེན་མོ། སྤྱོད་འཇུག སྔགས་རིམ། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཀྱི་ཆོས་ཁྲིད། དབྱར་གནས་སྐབས་སུམ་རྟགས་དག་གསུམ་དང་སྒྲ་སྙན་སོགས་འཁྲིད་བཞིན་ལགས།

ཡོན་གྱི་འབྱུང་ཁུངས་ནི། རྟ་ལུག་ནོར་གསུམ་བཞི་བརྒྱ་ལྷག་དང་ཚོང་ཁང་གཅིག་ལ་མ་དངུལ་སྒོར་གསུམ་ཙམ་གྱི་ཁེ་དང་དགོན་པའི་མངའ་འོག་གི་དུད་གྲངས་བརྒྱད་དང་ལྔ་བཅུ་ལྷག་གི་དད་གཤིན་རྫས་སོགས་ལ་བརྟེན་ནས་ཆོས་ཐོག་འཚོགས་དགོས་པ་ཡིན་ནོ།། དགོན་འདིའི་བདག་གཉེར་དོ་དམ་སྐོར། བདག་གཉེར་གཙོ་བོ་གཅིག་དང་གཞོན་པ་གཉིས་དྲུང་ཡིག་གཅིག་བཅས་འདེམས་བསྐོ་བྱས་ཏེ་ལོ་བཞི་ལ་འགན་ཁུར་དང་། ཟླ་བ་གཉིས་རེ་ནས་བདག་གཉེར་དོ་དམ་ཚོ་ཆུང་གི་འཚོགས་རེ་དང་ལོ་མཇུག་ཏུ་འགྲོ་སོང་དང་ཡོང་སྒོ་བཅས་ཕྱོགས་བསྡོམས་བྱས་ཏེ་བླ་གྲྭ་བརྒྱ་ལྷག་ལ་སྙན་གསན་འབུལ་དགོས་པ་ཡིན་ནོ།། དགོན་པའི་ལོ་རྒྱུད་འདི་ནི་དགའ་ལྡན་ཆོས་འབྱུང་བེེ་སེར་དང་གྲྭ་ངག་དབང་འཕྲིན་ལས་ཀྱིས་བཀོད་པའི་ལོ་རྒྱུས་དང་དབུ་མཛད་ལག་དེབ་བཅས་ལ་གཞི་བྱས། མཆོག་སྤྲུལ་འཇམ་དབྱངས་མཁས་གྲུབ་ཀྱིས་[page 46] གསུངས་པ་ལྟར་མུ་པོས་བྲིས་པའོ།།

དགོན་དཀར་ཆོས་ཀྱི་ཕོ་བྲང་གི་ལོ་རྒྱུས།

རྗེ་ཀརྨ་པ་གང་ཉིད་དགུང་ལོ་ལྔ་བཅུ་པར་བོད་རབ་བྱུང་གསུམ་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོར་དྭགས་པོ་ཁུ་དབོན་གྱིས་ལུང་བསྟན་པ་བཞིན་གནས་འདིར་བྱོན་ཏེ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་སྐབས། ལན་ཅིག་ཁྱི་ར་བ་ཞིག་ཤ་བདས་བྱུང་། རྗེ་དུས་མཁྱེན་བཞུགས་པའི་ས་དེར་སླེབས་དང་ཕུག་པ་ན་རྗེ་དུས་གསུམ་མཁྱེན་པ་བཞུགས་པར་མཐོང་ནས་མིག་ཡེངས་ཏེ་ཤ་བ་ཐར། སྤྲང་རྒན་ཁྱོད་ཀྱིས་ངའི་འཚོ་བའི་འགེགས་བྱ་ཞེས་སྲོག་རྡུང་བྱེད་དུ་བྱུང་། དྲུང་ན་སླེབས་པ་དང་ཟིལ་མ་བཟོད་པས་ཁྲོ་བ་ཞི་སྡེ་གླེང་སློང་མང་དུ་མཛད་པས་དད་པ་སྐྱེས་སྐྱ་ཆས་དང་མདའ་གཞུ་ཐམས་ཅད་ཕུལ། ཡུལ་དུ་མ་ལོག་པར་དེ་ཉིད་དུ་སྐྲ་བཅད་སློབ་མ་བྱས་ཏེ་མཚན་ཆོས་བརྩོན་དུ་བཏགས། གདམས་ངག་ཞུས་པས་ཡོན་ཏན་ཕུལ་དུ་ཕྱིན་པ་སྐྱེས་ནས་ཉམས་མྱོང་གི་བཀའ་བབ་རྗེ་དུས་མཁྱེན་གྱི་ཐུགས་ལ་གཙུག་ལག་ཁང་ཞིག་འཛུགས་དགོངས་ནས་ཤུག་པ་འདི་དང་པོ་ལྷ་ཁང་འདིའི་མལ་དུ་ཡོད་པ་རྗེ་དུས་མཁྱེན་གྱིས་ཐུ་བར་བསྣམས་ཏེ་མར་སྤོས། ཉེ་གནས་ཆོས་བརྩོན་དང་སློབ་དཔོན་གཉིས་མར་བྱོན་ནས་ཤིང་བཅད་དབྲ་དགེ་ཆོས་བརྩོན་ལ་ཁྱོད་ཀྱི་སྣ་དྲོངས་གུསངས་བླ་མས་ཤིང་ཐམས་ཅད་དར་ཁྱུ་དར་ཁྱུ་དེད་ནས་བྱོན་བྱུང་། གཙུག་ལག་ཁང་ཆུང་ངུ་ཞིག་བཞེངས་བར་མཛད་པ་འདི་ནི་ཀརྨ་པའི་གནས་གཞི་ཐམས་ཅད་ཀྱི་ཐོག་མ་ཡིན་ལ། དེང་སང་ཡོང་གྲགས་ཀྱི་སྤྲུལ་ཀྱི་ལྷ་ཁང་ཟེར་བ་དེ་ཡིན་ནོ། ལྷ་ཁང་རྗེ་དུས་གསུམ་མཁྱེན་པའི་ལི་སྐུ་གསུང་འབྱོན་མ་ཞིག་ཡོད་པ་སྐུ་བཞུགས་རིང་གནས་འདིར་རྦབ་ཀྱིས་གནོདཔ་མི་ཡོང་ངེས་ཅན་དུ་གྲགས་པ་དང་། གཙང་ཁང་གི་རྟེན་གྱི་གཙོ་བོ་ལྷ་ཆེན་བྱིན་རླབས་དཔལ་འབར་བཅས་བཞེངས་ཏེ། གདན་ས་ཆེན་པོ་འདི་ཉིད་བཀའ་ཅི་རིགས་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་བསྟན་འཛིན་གྱི་སྐྱེས་བུ་དུ་མ་བྱོན་ཅིང་རྒྱལ་བའི་བསྟན་པ་མདོ་ཁམས་སྨད་དུ་ལྷག་པར་དར་པ་ཡིན་ནོ། དུས་ཕྱིས་བསྟན་པ་ལ་ཉམས་རྒུད་སྣ་ཚོགས་བྱུང་བས་གཙུག་ལག་ཁང་དང་རྟེན་གུསམ་རྣམས་ཞིག་སྐབས། ཀརྨ་བ་ཆོས་ཀྱི་དབང་ཕྱུག་བྱོན་ཏེ། ཡོད་ལོ་ཟླ་བ་ལྔ་བ་ལ་གཙུག་ལག་ཁང་འདི་བཞེངས་པའོ་དབུ་བཙུགས་ཕྱག་ཚད་ཚང་བའི་སྐུའི་དུམ་བུ་རྣམས་གཤེགས་སུ་གསོལ། མཆོད་རྟེན་སླར་བཞེངས་རྡོ་མི་ཐོག་པ་དེ་གཉིས་འདུག་པ་རྣམས་ཀྱང་ཆུ་བོར་གདན་དྲངས། གཙང་ཁང་གི་རྟེན་གྱི་གཙོ་བོ་ལྷ་ཆེན་བྱིན་རླབས་དབལ་འབར་འདི་བཞེངས་ཏེ། དེ་ཡང་རིན་པོ་ཆེ་དང་སྨན་དང་དྲི་བཟང་དང་དར་གོས་ལ་སོགས་པའི་རྒྱུ་རུང་བ་རྣམས་དང་། བྱིན་རླབས་རྫས་མང་པོ་སྦྱར་བའི་འཇིམ་པ་ལས་བཟོ་བོ་ཀརྨ་རིགས་བྱེད་ཀྱི་གྲོགས་བགྱིས་ཤིང་། རང་གི་སུམ་པས་ལས་འདུ་བགྱིས་ཏེ་བཞེངས། སྟོན་པ་དེ་བཞིན་གཤེགས་[page 47] པའི་འཕེལ་གདུང་། ཀརྨ་པའི་དབུ་ཀླད་རིང་བསྲེལ་དང་རང་སངས་རྒྱས་ཀྱི་རིང་བསྲེལ། རྗེ་རང་བྱུང་རྡོ་རྗེའི་དབུ་ཐོད་རིང་བསྲེལ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་མང་དུ་བཞུགས། ཀརྨ་ཀ་ཚང་གཙོ་བོར་གྱུར་བའི་བཀའ་བརྒྱུད་བླ་མ་རྣམས་ཀྱི་དབུ་ལོ་ཕྱག་སེན་ན་བཟའ་ལ་སོགས་པ་སྐུ་བལ་གྱི་རིང་བསྲེལ་མང་དུ་བཞུགས། ཁྱད་པར་དབུ་གཟུངས་གཙུག་ཏོར་གྱི་སྡེ་དང་བླ་མ་བརྒྱུད་པ་དང་བླ་མེད་དང་རྣལ་འབྱོར་རྒྱུད་སྤྱོད་དང་བྱ་རྒྱུད། མདོ་གཟུངས། པད་གཟུངས། སྐྱེ་མཆེད་རྣམ་སྦྱར། གདན་དང་འོག་གཞི་བྱིན་གྱིས་བརླབས་པ་སོགས་ཆོས་སྐུའི་རིང་བསྲེལ་གྲངས་མང་བཞུགས། ཕྱག་ཚད་ནོར་འཁྲུལ་མེད་པར་ཟང་ཐང་གི་ལུགས་ཀྱི་སྐུའི་ཚུགས་སུ་གྲུབ། གསེར་ཆབ་ཀྱིས་བྱུགས་ཏེ་ལྷམ་མེར་བགྱིས་པ་དང་། ལོགས་བྲིས་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་མདོ་རིས་རང་གི་ཕྱག་བསྟར་ཏེ་བྲིས། གསང་སྔགས་ཁང་དུ་རྗེ་བཙུན་དམ་པ་དབང་ཕྱུག་རྡོ་རྗེའི་སྐུ་བཞུགས། སི་ཏུ་ཆོས་གྱི་རྒྱལ་མཚན་གྱི་ཕྱག་བྲིས་སུ་མཛད་པའི་སྐུ་འདྲ་གཞན་གཉིས་དང་། ངེད་རང་གི་ལག་བྲིས་ཀྱི་མ་མགོན་མགར་གསུམ་གྱི་སྐུ་དང་བཅས་པ་མདོར་ན་གཙུག་ལག་ཁང་གི་རྟེན་དང་བཅས་པ་འདི་དག་ཟླ་བ་གསུམ་ལྷག་ཙམ་ནས་ཚགས་སུ་གྲུབ། སྤྱན་དབྱེ་གཟའ་སྐར་སྦྱོར་བྱེད་ཚེས་གྲངས་བཀྲ་ཤིས་ལ་རབ་ཏུ་གནས་པ་ལེགས་པར་གྲུབ་པར་བགྱིས་ཏེ། དེ་ཡང་དགོན་དཀར་གྱི་གཙུག་ལག་ཁང་སྔ་མ་དེ་ཉམས་ནས་ཕྱི་ནང་རྣམས་ཀྱང་རིམ་བཞིན་རྒུད་པར་གྱུར་ཞེས་ཐོས་པར་མ་ཟད་ཆོས་རྗེ་དུས་གསུམ་མཁྱེན་པས་རྟེན་འབྲེལ་བྱིན་རླབས་མཛད་པའི་གནས་འདི་ཞབས་ཏོག་འདི་ཙམ་ཞིག་བྱས་ཀྱང་། གནས་འདི་ཉིད་དང་ཕྱོགས་བཅུའི་བསྟན་འགྲོ་ཐམས་ཅས་ལ་ཕན་བདེ་རྒྱུན་ཆད་མེད་པར་འབྱུང་བར་གོར་མ་ཆག ཉམས་གསོ་རྒྱུད་ལ་སྐྱེས་པ་ལ་བརྟེན་ནས་ལྷག་པའི་བསམ་པ་དང་སྨོན་ལམ་དེ་ལྟ་བུས་མཚམས་སྦྱར་ནས་ཞབས་ཏོག་ཆུང་ངུ་འདི་ཙམ་ཞིག་དང་བླངས་པ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། དགོན་འདི་རྒྱལ་མཆོག་ལྔ་པ་བློ་བཟང་རྒྱ་མཚོའི་དུས་ཙམ་ནས་གྲུབ་མཐའ་རི་བོ་དགེ་ལྡན་པར་བསྒྱུར་ཏེ། དགོན་དཀར་བློ་བཟང་ཆོས་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མ་བྱོན་ནས་བསྟན་པ་རྒྱ་ཆེར་སྤེལ་ན་ཡང་། མི་རིང་བར་སེམས་ཅན་གྱི་ལས་དང་བསོད་ནམས་ཟད་པས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མེས་འཇིག་པ་ཡིན་ནོ། ལོ་རྒྱུས་འདི་ནི་འགོ་སེས་ལོས་དེབ་སྔོན་དང་གནས་སྒོ་དགོན་པའི་གནས་ཡིག་བཅས་གཞི་བྱས་གནས་སྒོ་དགོན་པའི་མཆོག་སྤྲུལ་རྒྱལ་མཚན་དབང་ཕྱུག་གི་ངག་རྒྱུན་ཁུང་ཐུབ་རྣམས་ལས་ཟུར་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

གཡོན་རུ་དགའ་ལྡན་རབ་རྒྱས་གླིང་གི་ལོ་རྒྱུས།

ལུང་དང་རྟོགས་པའི་མངའ་བདག་ཁྲི་ཆེན་ངག་དབང་མཆོག་ལྡན་གང་གིས་བོད་རབ་བྱུང་བཅུ་གཉིས་པའི་སྲིན་བུ་ཞེས་པ་ཤིང་མོ་ཡོས་ཀྱི་ལོར་མདོ་ཁམས་སྨད་དུ་ཕེབས་ཏེ། དཔལ་མཉམ་མེད་རི་བོ་[page 48] དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པར་འཛིན་པའི་གུར་དཀར་པོའི་དགོན་པ་བཅུ་གསུམ་བཏབ་པའི་ནང་ཚན། ཐོག་མར་བཏབ་པའི་གུར་དགོན་འདི་ལ་དགའ་ལྡན་རབ་རྒྱས་གླིང་ཞེས་མཚན་གསོལ། དེ་དུས་དགེ་འདུན་བརྒྱ་སྐོར་ཙམ་བཞུགས་པ་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་དང་རྒྱུད་སྡེ་བཞིའི་སྒྲུབ་མཆོད་བཙུགས། སྡེ་དཔོན་བསོད་ནམས་ནོར་བུ་སྤུན་མཆེད་རྣམས་ཀྱིས་ཁྲོམ་ཐོག་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་ཕྲེང་ལྔ་པ་སྤྲུལ་བའི་སྐུ་མཆོག་བསོད་ནམས་ཆོས་རྒྱལ་མཁན་པོར་བསྐོས། དམ་པ་ཁྲི་ཆེན་ཉིད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཐུགས་སྨོན་མཛད། དེ་ཨནས་སྤྲུལ་སྐུ་བསོད་ནམས་ཆོས་རྒྱལ་གྱིས་ཚྭ་ཁ་རི་ཁྲོད་བཏབ་སྟེ། རིམ་བཞིན་དགོན་སྡེ་གཉིས་པོ་དར་ཞིང་རྒྱས་པ་ཡིན་ནོ།།

དེའི་རྗེས་རབ་གླིང་གུར་དཀར་དགོན་པའི་གདན་ས་སྤོས་ཏེ། ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ཕྱུག་མོར་རྩི་ཤིང་སྨན་རིགས་མེ་ཏོག་ཁ་མདོག་སྣ་ལྔའི་མདངས་ལྷག་པར་བཀྲ་བའི་རྩ་ཐང་ཆེན་པོ་དེར་དགོན་གནས་མཛད་པ་ཡིན་ནོ། དེ་ནས་དགོན་འདིའི་གདན་རབ་རིམ་བྱོན་ནི། ལྷ་ལུང་དཔལ་རྡོར་གྱི་སྐུ་ཕྲེང་དང་པོ་བོད་ལྗོངས་སུ་སྐུ་བལྟམས་ཏེ་རྒྱལ་པོ་གླང་དར་བསད་དེ་མཚོ་སྔོན་ཕྱོགས་སུ་ཕེབས། སྐུ་ཕྲེང་གཉིས་པ་དང་གསུམ་པ་བཞི་པ་རྣམས་མཚོ་སྔོན་ཕྱོགས་སུ་འཁྲུངས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྐུ་ཕྲེང་ལྔ་པ་བསོད་ནམས་ཆོས་རྒྱལ། སྐུ་ཕྲེང་དྲུག་པ་འཕྲིན་ལས་དཔལ་ལྡན། སྐུ་ཕྲེང་བདུན་པ་ངག་དབང་བློ་བཟང་འཕྲིན་ལས་ཕུན་ཚོགས། སྐུ་ཕྲེང་བརྒྱད་པ་ཡོན་ཏན་རྒྱ་མཚོ། སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། སྐུ་ཕྲེང་བཅུ་པ་བསྟན་འཛིན་མཁྱེན་རབ་བཅས་དང་། རྒྱུད་པའི་བླ་མ་དབུ་མཛད་སྐུ་ཕྲེང་གསུམ་ལ་སྤྲུལ་བའི་སྐུ་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། སྐུ་ཕྲེང་བཞི་པ་སྤྲུལ་བའི་སྐུ་བློ་བཟང་དམ་ཆོས་འཕྲིན་ལས་རྒྱ་མཚོ་བཅས་སྐུ་ཕྲེང་རིམ་བྱོན་རྣམས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་ཆོས་གླིང་དུ་བྱོན་ནས། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མ༥ཐར་ཕྱིན་མཛད་དེ་གདན་ས་འདིར་ཞབས་ཟུང་འཁོད་དེ་མཁན་རྦས་བརྒྱུད་འཛིན་གནང་བ་ཤ་སྟག་ཡིན་ནོ།།

དེ་ལས་གཞན་པའི་སྐྱེས་ཆེན་དམ་པ་དུ་མས་ཀྱང་ཞབས་ཀྱིས་བཅགས་ཏེ། ཁྲི་ཆེན་ངག་དབང་མཆོག་ལྡན། ཁྲི་ཆེན་བློ་བཟང་ཆོས་རྒྱལ། ཁྲི་ཆེན་བཟང་ཡེ་ཤེས། བླ་མ་སྨན་གྲུབ་པ་བློ་བཟང་དགའ་བ། སྐྱབས་རྗེས་ངག་དབང་བློ་བཟང་བསྟན་པ་འཕྲིན་ལས་རྒྱ་མཚོ། སྐྱབས་མགོན་འཇམ་དབྱངས་དཔལ་ལྡན་རྡོ་རྗེ། གླང་སྤྲུལ་ངག་དབང་བསྟན་འཛིན་འཕྲིན་ལས་དར་རྒྱས། སྨ་ཁམས་སྤྲུལ་སྐུ་བློ་བཟང་ཐོགས་མེད། སྨ་ཁམས་སྤྲུལ་སྐུ་ངག་དབང་མཁྱེན་རབ་བློ་བཟང་བསྟན་པའི་ཉི་མ། འཛམ་གླིང་སྤྲུལ་པའི་སྐུ་ཕྲེང་ལས་མཁས་བཙུན་དགེ་འཛུན་འབྱུང་གནས། བྲག་དཀར་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མ། སྒོ་སྤེལ་སྤྲུལ་སྐུ་བློ་བཟང་ཡོན་ཏན་སྙན་གྲགས་རྒྱ་མཚོ། སྨ་ཁམས་རིན་པོ་ཆེ་རྟ་མགྲིན་[page 49] ཚེ་དབང་། བློ་བཟང་དབང་ཕྱུག་སོགས་མཁས་བཙུན་བཟང་གསུམ་དང་ལྡན་པའི་དགེ་བའི་བཤེས་གཉེན་དུ་མ་བྱོན་ཏེ་རྒྱལ་ཨའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པ་ཡིན་ནོ།། དགོན་འདིའི་དགེ་སྐོས་དང་གྲྭ་རྒན་རྣམས་ཀྱིས་འགན་འཛིན་འོག རྡོ་རྗེ་སློབ་དཔོན་དབུ་མཛད་གདོང་གྲས་བརྒྱད་བཅུ་གཙོས་དགེ་འདུན་ཆིག་སྟོང་བཞུགས་པའི་གུར་དཀར་གྱི་འདུ་ཁང་ཆེན་མོ་ཞིག་དང་། དགེ་འདུན་པ་སྟོང་བཞུགས་པའི་གུར་ཆུང་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་དང་། སྤྲ་ནག་གི་ཐབ་ཚང་ཆེན་མོའི་ནང་དུ་སྔོ་གཉན་སྡིག་རྡོར་དང་བཀྲ་ཤིས་ནམ་ལངས་ཞེས་པའི་ཚོགས་ཁྲོ་ཆེན་པོ་གཉིས་ཡོད་དོ།།

རྟེན་དང་མཆོད་རྫས་སྐོར་ལ། རྒྱུ་ཟངས་གྲུབ་པའི་རྗེ་བཙུན་བྱམས་པ་གསུང་བྱོན་མ་ཁྲུ་གཅིག་ཕྱེད་ཙམ་དང་། རྗེ་ཡབ་སྲས་གསུམ། སྒྲོལ་མ། ཟ་བྱེད་མཁའ་འགྲོ་སོགས་གསེར་སྐུའི་སྐོར་དང་། གསང་འདུས། བདེ་མཆོག འཇིགས་བྱེད། མི་འཁྲུགས་པ། ཀུན་རིག རྗེ་ཡབ་སྲས་གསུམ། རྒྱལ་བ་བྱམས་པ། བླ་མ་མཆོད་པའི་ཚོགས་ཞིང་། རྒྱུད་སྡེ་རྣམས་ཀྱི་དཀྱིལ་ཐང་བཅས་གསེར་ཐང་ཆེ་ཆུང་དུ་མ་དང་། གདུགས་དང་རྒྱ་མཚན་ཀ་ཕན། དཀྱིལ་འཁོར་ཡོལ་བ་དབང་རྫས་ཅོད་པན་རིག་ལྔའི་དབུ་རྒྱན་ལྷག་དང་། སྦུབ་རྔ་སིལ་བཅས་གང་མང་བཞུགས་སོ།།

ཚེས་དུས་སྒྲུབ་མཆོད་ནི། དབྱར་ཆོས་སྒྲུབ་མཆོད་ཆེན་མོ་སྐར་བཟང་ཚེས་བཟང་མགོ་བཙུགས་ཏེ་ཉིན་ཉེར་གཅིག་འཚོགས་རྒྱུ་ཡོད་ལ། སྔགས་ཀྱི་ཆོ་ག་ཕྱག་ལེན་གནང་མཁས་པར་མ་ཟད། བསྙེན་སྒྲུབ་སྔོན་སོང་གི་འདུས་འཛིན་གནས་བརྟན་རྒན་པ་ཞིག་གིས་རྡོ་རྗེ་སློབ་དཔོན་མཛད་དེ། མི་འཁྲུགས་པའི་སྒྲུབ་མཆོད་ཉིན་བཞི་དང་། བདེ་མཆོག་ཉིན་ལྔ། གསང་འདུས་མི་བསྐྱོད་རྡོ་རྗེ་ཉིན་ལྔ་འཇིགས་བྱེད་ཉིན་བཞི། ཀུན་རིག་སྒྲུབ་མཆོད་ཉིན་གཉིས། སྲུང་མའི་བསྐང་གསོ་ཉིན་གཅིག་བཅས་འཚོགས་དགོས། སྒྲུབ་མཆོད་སོ་སོའི་སྐབས་དགེ་སྐོས་ཀྱིས་ཆེད་བརྗོད་སོ་སོ་ཚོགས་གཞུང་དུ་སྒྲོགས་སྦྱང་གནང་དགོས་པ་མ་ཚད་ཉིན་ཉེར་གཅིག་རིང་གི་སྒྲིག་ལམ་ཀུན་སྤྱོད་སྐོར་གྱི་ཚོགས་གཏམ་འབུལ་དགོས། ཚེས་བཅོ་ལྔ་ལ་གསོ་སྦྱོང་དང་བཅུ་དྲུག་ཉིན་རྗེ་བཙུན་བྱམས་པའི་ཆོས་འཁོར་བསྐོར་དགོས་སོ།།

དགོན་འདིའི་ཉིན་ཉེར་གཅིག་རིང་གི་སྒྲིག་ལམ་བསྡུས་ཙམ་བཤད་ན། དུང་མཁན་གཉིས་ཀྱིས་ཐོ་རངས་ལ་དུང་བརྡ་འབུད་པ་ནས་ལྷུང་བཤགས་སོགས་སྦྱོར་སྦྱང་མཛད། དུང་ཆེན་འབུད་པ་དང་མཉམ་དུ་དགེ་འདུན་པ་རྣམས་འདུ་ཁང་དུ་ཕེབས་ཏེ་དགེ་སློང་བསླབ་གྲལ་ཏྲྱལ་མཚན་གྱི་གོ་རིམ་བཞིན་དང་དགེ་ཚུལ་མཁས་གྲལ་རྡོ་སྐས་ཀྱི་ཐེམ་པ་བཞིན་བཞུགས་དགོས་པ་མ་གཏོགས་རང་སྣང་གང་ཤར་གྱིས་བཞུགས་མི་ཆོག དགེ་འདུན་གྱི་ལས་བྱ་མཁན་ཡིན་ནམ་མ་གཏོགས་ཚང་མ་ཉིན་ལྟར་ཚོགས་ཐེངས་གསུམ་ལ་མགོ་སྐྱབས་ལྷུང་བཤགས་ནས་མཇུག་ཤིང་བརྗོད་མ་ཚར་བར་བཞུགས་དགོས། ཚོགས་སུ་མི་བཞུགས་ནས་རང་མོད་ཀྱིས་ཕྱི་ལོགས་སུ་འཁྱམ་པ་དང་སྐྱ་ཆས་གྱོན་པ་སོགས་བྱེད་ན་འཕྲལ་དུ་འཇུ་[page 50] བཟུང་སྤྲད་དེ་ཚོགས་གཞུང་དུ་ལང་བཅུག་པ་དང་ལྕག་ཚན་གཞུ་བ། དངུལ་ཆད་གཅོད་པ་སོགས་ཀྱི་ཁྲིམས་ཁུར་དགོས། གུར་གྲལ་ནང་ཀི་སྒྲ་དང་རྩེད་མོ་ཧ་དགོད་སོགས་ཆོས་འདུལ་བའི་ཁྲིམས་དང་འགལ་བའི་བྱ་བ་བྱེད་མི་ཆོག ན་ཚ་སོགས་བྱུང་ནས་ཚོགས་ལ་ཞུགས་མ་ཐུབ་ན་ལམ་སང་དགེ་སྐོས་ལ་དགོངས་པ་ཞུ་དགོས། ས་རུབ་པ་དང་འཁར་རྔས་སྒྲ་ཐོས་མཉམ་དུ་སྐད་གསང་མཐོན་པོར་དམིགས་བརྩེ་མ་སྐྱོར་སྦྱང་བྱེད་དགོས། གཟིམ་དུང་འབུད་པ་དང་དུས་མཉམ་དུ་གཟིམ་དགོས་པ་ཡིན་ནོ།

དགུན་གྱི་དུས་ཚོད་ཅིག་ལ་དགུན་ཆོས་ཉིན་དྲུག་འཚོགས་དགོས་ཏེ། དཔོན་ཚང་གི་སྦྲ་ཆེན་ནང་གཡོན་རུ་དགེ་རྙིང་གསུམ་གྱི་དགེ་འདུན་བརྒྱ་སྐོར་ཞིག་འཚོགས་ནས་དགེ་ལུགས་པས་མགོན་པོ་ཁྲི་ཚར་དང་བསྐང་གསོ་ཡོང་རྫོགས། ས་རྙིང་གཉིས་ཀྱིས་གདུགས་དཀར་ཁྲི་དར་གསུང་དགོས་པ་དང་། ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་རྗེ་ཙོང་ཁ་བ་སྐུ་གཤེགས་པའི་འདས་མཆོད་ཉིན་ལྔ་འཚོགས་པ་ཡིན་ནོ།

ཡོན་གྱི་འབྱུང་ཁུངས་ནི། ཆོས་ཐོག་ཉེར་གཅིག་རིང་གི་ཆོས་ཡོན་སྦྱིན་བདག་རྣམས་ལོ་ལྟར་གཡོན་རུ་དཔོན་གྱིས་དུད་ཁ་རབ་འབྲིང་ལ་བརྟེན་ཏེ་སྤྱི་སོ་ཞེས་མིང་བཏགས། ལོ་དང་པོ་གཉིས་ལ་གྲ་སྒྲིག་བྱས་ཏེ་ལོ་གསུམ་པ་ལ་གཏོང་སྒོ། ཉིན་དང་པོ་ལ་གསོལ་ཇ་དང་འབྲུ་ཕོགས། ཉིན་གཉིས་པ་ལ་རབ་མར་ཁུ་མཐའ་འབྲས་ཐིག སྐུ་འགྱེད་བཞག་འཇོག་རྫས་སོགས་འབུལ་བའི་སྲོལ་ཏེ་གཡོན་རུ་དཔོན་ཝ་ཤུས་བསོད་ནམས་ནོར་བུ་ནས་བསོད་ནམས་དབང་རྒྱལ་བར་དཔོན་རབས་དགུའི་བར་ཡོད་དོ། དགོན་འདིའི་མངའ་འོག་གི་སྡེ་ཤོག་དྲུག་ནི། དཔོན་སྐོར། ཁ་ཤུལ། ཧོར་རྙིང་། ཧོར་གསར། འཇོ་ཐང་། གླང་རྐང་བཅས་ཤོག་དྲུག་ཡོད་དོ།།

ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་སྐབས་དགོན་པ་རྟེན་དང་བརྟེན་དང་བརྟེན་པར་མིང་གི་ལྷག་མར་གྱུར། སླད་ནས་སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་མི་རིགས་ས་ཁུལ་གྱི་ཆོས་ལུགས་དང་མི་རིགས་ཀྱིས་སྲིད་ཇུས་ཡང་དག་པ་ལག་ལེན་བསྟར་ནས་དགོན་པ་སོ་སོ་ཆོས་སྒོ་ཕྱེ་ཆོག་པའི་བཀའ་ཐོབ་རྗེས། དགོན་འདིས་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་ས་གནས་ཏང་སྲིད་དང་། རྫོང་ཆོས་ཚོགས་ལས་ཁུངས་འོག་ཆོས་དད་དམངས་ཚོགས་རྣམས་དགའ་སྤྲོ་ངང་ནས་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱེད་སྒོ་བཙུགས་ཏེ། དང་པོར་རབ་རྒྱས་གླིང་གྲྭ་ཚང་གཉིས་སུ་ཕྱེས་ཏེ་དཔོན་སྒོར་གྲྭ་ཚང་དང་ཧོ་རྙིང་བརྒྱ་ཤོག་གི་གྲྭ་ཚང་གཉིས་སུ་ཕྱེས་ནས་འཚོགས། ད་ལྟ་མཉམ་དུ་རབ་གླིང་དུ་འཚོགས་ནས་ལི་ཐང་དགོན་པའི་མཁན་ཟུར་རྨ་ཁམས་དགེ་བཤེས་རྟ་མགྲིན་ཚེ་དབང་། སྤྲུལ་སྐུ་ངག་དབང་བསྟན་འཛིན་ཕྲིན་ལས་དར་རྒྱས། སྤྲུལ་བའི་སྐུ་མཆོག་བྲག་དཀར་བློ་བཟང་བསྟན་པའི་ཉི་མ་སོགས་ཀྱིས་དགོན་འདིའི་བསྟན་པ་སྐྱོང་བཞིན་པ་མ་ཟད། ངག་དབང་བསྟན་འཛིན་ཕྲིན་ལས་དར་རྒྱས་མཆོག་གིས་ཚོགས་གཙོ་གནང་སྟེ་དགོན་པའི་བདག་གཉེར་ཁང་བཙུགས་ནས། དགེ་སྐོས། བླ་མ་སློབ་དཔོན། དབུ་[page 51] མཛད། གདོང་གྲས་བརྒྱད་ཅུ་བཅས་དགེ་འདུན་བརྒྱད་བརྒྱ་ལྷག་ཙམ་བཞུགས་པའི་གུར་དཀར་པོའི་འདུ་ཁང་ཆེན་པོ་ཞིག་དང་། གྲྭ་བ་རྣམས་བཞུགས་པའི་གུར་ཆུང་བརྒྱ་ལྷག་ཙམ་ཡོད་པ་ལས། སྐུ་རྟེན་གཙོ་བོ་ཟངས་གསེར་ལས་གྲུབ་པའི་སྔོན་གྱི་རྟེན་རྙིང་གི་བྱམས་པ་གསུམ་འབྱོན་མ་དང་དེ་མིན་མཆོད་རྫས་གདུགས་རྒྱལ་མཚན་ཀ་འཕན། རོལ་ཆོས། དབང་རྫས། ཚོགས་གདན་དོགས་སྔར་ལྟར་རོ།།

ཚེས་དུས་སྒྲུབ་མཆོད་དབྱར་ཆོས་སྔོན་མ་ནང་བཞིན་ཉིན་ཉེར་གཅིག་དང་། དགུན་ཆོས་དགའ་ལྡན་ལྔ་མཆོད་སྔོན་བཞིན་འཚོགས་དགོས་ན་སྟབས་མི་བདེ་བས། དབྱར་ཆོས་ཚར་མ་ཐག་གདོང་གྲལ་ལྔ་བཅུ་ཙམ་བཞུགས་ཏེ་ཉིན་བཞི་འཚོགས་བཞིན་ཡིན་ནོ། ཚྭ་ཁ་རི་ཁྲོད་བསྐྱར་བཞེངས་བྱས་ཏེ་རབ་གླིང་དགོན་པའི་སྦྲ་གུར་མཆོད་རྫས་གདན་ཐབ་བཅས་འཇོག་པའི་བདག་གཉེར་ཁང་ཞིག་ཡིན། དེར་དགུན་ཆོས་མགོན་པོ་ཁྲི་ཚར་གྲྭ་བརྒྱ་ཙམ་གྱིས་ཉིན་བརྒྱད་འཚོགས་རྒྱུ་ཡོད་དོ།།

ཡོན་གྱི་འབྱུང་ཁུངས་སྔོན་མ་ནང་བཞིན་ལས། ད་སྐབས་སྦྱིན་བདག་རྣམས་ཀྱིས་རང་མོས་གང་འབྱོར་དང་མཐུན་པའི་སྒོ་ནས་ཡོན་སྦྱར་བ་མ་གཏོགས། ཁྲལ་བཀོད་ཀྱི་བྱ་བ་སོགས་གང་ཡང་མེད་དོ།། དགོན་པའི་ལོ་རྒྱུས་འདི་ནི་དགོན་པ་རང་བྲིས་པའི་ལོ་རྒྱུས་ལ་གཞི་བྱས་ནས་རྣམ་པོ་ཚེ་རིང་སོགས་ཀྱི་ངག་རྒྱུན་ཐུན་རྣམས་ལ་བརྟེན་ནས་མུ་པོས་བྲིས་པའོ།།

དགའ་ལྡན་ལྷུན་གྲུབ་གླིང་གི་ལོ་རྒྱུས།

བླ་མ་བཟོད་པ་ལྷུན་གྲུབ་ཀྱིས་བོད་རབ་བྱུང་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་སྔ་འགྱུར་རྙིང་མའི་དགོན་པ་ཞིག་བཏབ་པ་དེ་ལ་མངའ་འབངས་རྣམས་ཀྱིས་ངག་རྒྱུན་དུ་བླ་མ་དགོན་པ་ཞེས་ཐོགས། དེ་རྗེས་དམ་པ་ཁོང་གིས་འབྲོག་རི་བོ་དགེ་ལྡན་པའི་ཆོས་ལུགས་སུ་བསྒྱུར་ནས་ཐུབ་བསྟན་བྱམས་ཆེན་ཆོས་འཁིར་གླིང་གི་དགོན་ལག་ཏུ་གྱུར་ཏེ། ཆོ་ག་ཕྱག་ལེན། ཚེས་དུས་སྒྲུབ་མཆོད། འདོན་རྟ་དབྱངས་སོགས་མ་དགོན་དང་མཚུངས་ཤིང་། དགོན་པའི་མཁན་པོའམ་མངའ་བདག་སོགས་མ་དགོན་གྱིས་བཀའ་ལྟར་གཏོང་མངགས་བྱེད་དགོས་པས། དེ་ནས་བཟུང་སྟེ་ཆོས་ལུགས་གྲུབ་མཐའ་དང་བླ་མ་རང་གི་མཚན་དང་མཐུན་པས་དགའ་ལྡན་ཁུན་གྲུབ་གླིང་ཞེས་དགོན་པར་མཚན་གསོལ།

དེ་ནས་བོད་རབ་བྱུང་བཅུ་གཉིས་པའི་དུས་མཇུག་ཙ་དུ་སྔར་ཡོད་ཀྱི་གཙུག་ལག་ཁང་དང་ཇ་ཁང་ཆོས་ར་སོགས་རྒྱ་བསྐྱེད་དེ་ཀ་བ་བཞི་བཅུ་ཙམ་གྱི་སར་གསར་བསྐྲུན་མཛད་དེ། ནང་རྟེན་གྱི་གཙོ་བོ་རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུ་གསུང་འབྱོན་མས་སྔོན་ཕྱག་ཕྲེང་གི་དམག་གིས་དགོན་འདི་བཅོམ་སྐབས་རིན་ཐང་ཆེ་བའི་སྐུ་གསུངས་ཐུགས་རྟེན་དུ་མ་འཕྲོག་བཅོམ་གཏོར་བྱེད་སྐབས་སློབ་དཔོན་གདན་ཁྲི་ལས་བབས་ནས་ཆོས་རའི་དཀྱིལ་དུ་བྱོན་ནས་ཆོམ་རྐུན་གྱི་འགྲོ་ལམ་བཀག་ནས་བྲོས་པའི་ལོ་རྒྱུས་[page 52] ངོ་མཚར་དུ་མ་དང་ལྡན་པ་དེ་དང་། དབུས་སུ་སྤྱན་རས་གཟིགས། གཡོན་དུ་འཇམ་མགོན་བློ་བཟང་གྲགས་པ་བཅས་ཀྱི་སྐུ་བརྩེགས་ཚད་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་ཙམ་དང་། སྟོན་པའི་ལི་སྐུ་ཁྲུ་གང་ཚད་དང་། རྗེ་ཚེ་འཛིན་མས་མཚོན་གསེར་ལི་སྐུ་མང་ཙམ་དང་། རྒྱལ་བའི་བཀའ་འགྱུར། ལྷ་སའི་འབུམ། སྡེ་དགེའི་འབུམ། དི་མིན་གྱི་གསུང་རབ་སྐོར་དང་། རྩིག་ངོས་ཀྱི་ལྡེབས་རིས། ག་གདུང་རྐོས་དཀྲོལ་སོགས་རིན་ཐང་ཆེ་བ་དུ་མ་བསྐྲུན།

དེ་རྗེས་བོད་རབ་བྱུང་བཅོ་ལྔ་པའི་མགོ་ཙམ་ལ་སླར་ཡང་ཕྱག་མཛད་སྡེ་དཔོན་སོགས་ཀྱིས་དབུ་འགན་བཞེས་ཏེ་ཚོགས་ཁང་དང་བྱམས་ཁང་འདྲེས་མ་ཞིག་དང་། གྲྭ་ཤག་ལྔ། མ་ཎི་དུང་འཁོར་དང་ཁང་རྩེག་མཆོད་རྟེན་སོགས་ཀ་ཁྱོན་སུམ་ཅུ་ལྷག་ཙམ་བཞེངས་ཏེ། འདུ་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་ཇོ་བོ། འཇམ་དབྱངས། ཤཱཀ་ཐུབ་བཅས་དང་། སྟེང་དུ་རྒྱ་ཕིབས། རྩིག་ངོས་ཀྱི་ལྡེབས་རིས་སོགས་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ་སོགས་སྤུས་གཙང་ལ་སྒྲོས་ལེགས་པ་དུ་མ་བསྐྲུན་པར་མ་ཟད། གདན་ས་སྐྱོང་བའི་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པའི་སྐྱེས་ཆེན་དམ་པ་བྱམས་པ་བློ་གསལ། བློ་བཟང་རྒྱ་མཚོ། བསོད་ནམས་དོན་གྲུབ། མཁྱེན་རབ་འཕགས་པ་སོགས་ཀྱིས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་མདོ་ཁམས་སྨན་འདིར་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་བླ་ལྷག་ཏུ་སྤེལ་བ་ཡིན་ནོ། དེ་ནས་སེམསཅན་གྱི་ལས་དང་བསོད་ནམས་དམན་པས། རེ་ཞིག་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར།

སླད་ནས་དད་པའི་རང་དབང་གི་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག་སླར་གསོའི་ཕྲིན་ལས་ཀྱི་དབུ་བཙུགས་ཏེ་འདུ་ཁང་དང་བྱམས་ཁང་འདྲེས་མ་ཞིག་དང་ཇ་ཁང་བཅས་ཀ་ཁྱོན་སུམ་ཅུ་ལྷག་གསར་དུ་བསྐྲུན་ཏེ། གཙུག་ལག་ཁང་དུ་སངས་རྒྱས་ཤཱཀྱ་མུ་ནེ། ཚེ་དཔག་མེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏེ་ཤ། རྗེ་ཡབ་སྲས་གསུམ་བཅས་རྒྱུ་སྨན་འདམ་ལས་བསྐྲུན་པ་མི་ཚད་ཙམ་རེ་དང་། ཡང་སྟེང་དུ་བླ་མ་བཟོད་པ་ལྷུན་གྲུབ་ཀྱི་འདྲ་སྐུ་དང་། དད་ལྡན་རྣམས་ཀྱིས་རང་མོས་སྒོ་ནས་ཕུལ་བའི་ཆད་བརླག་སོང་བའི་འགྱུར་དང་འབུམ་འདྲ་སྐུ་བཅས་དང་། རྔ། སྦུས་ཆས་དང་། དུང་རག་དུང་། རྒྱ་གླིང་བཅས་རོལ་ཆས་དང་མཆོད་ཆས་སྐོར་དུ་མ་གསར་དུ་ཉོས་ན་རྒྱལ་བསྟན་ཡར་ངོའི་ཟླ་ལྟར་རྒྱས་ན་ཡང་། ཡུལ་ལུང་འདིར་ཡོན་བདག་ཁྱིམ་དུད་བརྒྱ་ཙམ་ལས་མེད་པས། དབྱར་དུས་སུ་འབྲོག་ཕྱོགས་སུ་དཀར་བསོད་དང་། སྟོན་དུས་སུ་རོང་ཁག་ཏུ་ནས་བསོད་ལ་ཕེབས་ནས་གྲྭ་སུམ་ཅུ་ཙམ་གྱིས་བོད་ཟླ་དང་པོའི་ཚེས་བརྒྱད་ནས་བཅུ་དྲུག་བར་སྨོན་ལམ་དང་བྱམས་ཆེན་ཆོས་འཁོར། བོད་ཟླ་དྲུག་པར་དབཡར་ཆོས། བོད་ཟླ་བཅུ་པའི་ཚེས་ཉི་ཤུ་གསུམ་ནས་གནམ་གང་བརདགའ་ལྡན་ལྔ་མཆོད བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་སུམ་ཅུའི་བར་སྤྱི་གཏོར་ཆེན་མོ་བཅས་འཚོགས་དགོས་པ་ཡིན་ནོ། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་བློ་[page 53] བཟང་དབྱིག་གཉེན་དང་བློ་བཟང་ཏིང་འཛིན་གཉིས་ཀྱིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས་གྲྭ་བསྟན་འཛིན་བཀྲ་ཤིས་ཀྱི་ངག་རྒྱུན་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

བཟང་སྤྱོད་གྲྭ་ཚང་གི་ལོ་རྒྱུས།

སྔོན་ཁྱིམ་དུད་ལྔ་ཡོན་བདག་བགྱིས་ཏེ་ལོ་རེ་ལ་བཟང་སྤྱོད་འབུམ་ཐེར་རེ་འདོན་སྲོལ་ཡོད་པ་དེ་ལ་ཏྲེ་ཧོར་སྤྱི་དཔོན་རིན་པོ་ཆེ་བྱོན་ནས་བཟང་སྤྱོད་གྲྭ་ཚང་ཞེས་མཚན་གསོལ། དེ་རྗེས་གངས་ལྗོངས་མཁས་གྲུབ་ཡོང་ཀྱི་གཙུག་རྒྱན་ཁྲི་ཆེན་ངག་དབང་མཆོག་ལྡན་གང་ཉིད་ཀྱིས་བོད་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་གུར་དཀར་པོའི་དགོན་པ་ཞིག་ཕྱག་བཏབ་མཛད་དེ་རིམ་བཞིན་ཁྲི་ལུང་རྟོགས་དགེ་ལེགས། ཁྲི་དྲེ་མད། ཨ་བསེ་བླ་མ། དྲི་མེད་འོད་ཟེར་སྤྲུལ་སྐུ། ལི་ཐང་སྐྱབས་མགོན་སོགས་བྱོན་ཏེ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་ཡུན་རིང་བསྐྱངས་ཤིང་། ལོ་རེ་བཞིན་དགུ་གཏོར་ཆེན་མོ་དང་སྨོན་ལམ་དགའ་ལྡཟན་ལྔ་མཆོད་བཅས་ལ་གྲྭ་དྲུག་ཅུ་ཙམ་ཡོད་པ་དེ་དག་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་གི་གྲྭ་བ་ཁམས་ཚན་དུ་ཞུགས་ནས་འཚོགས་དགོས་པ་ཡིན་ནོ། དེ་ལས་སྐུ་གསུང་ཐུགས་རྟེན་དང་ཡོན་གྱི་འབྱུང་ཁུངས་སོགས་སྨན་ལུང་རི་ཁྲོད་སྐབས་སུ་བརྗོད་པར་བྱ་ལ། སྤྱིར་བཅོས་སྒྱུར་སྔོན་ནས་སྨན་ལུང་དང་བཟང་སྤྱོད་གཉིས་དགོན་པ་གཅིག་ལྟ་བུ་ཡིན་པ་དང་། བཅོས་སྒྱུར་རྗེས་སུ་བཟང་སྤྱོད་དང་མྶན་ལུང་རི་ཁྲོད་གཉིས་དགོན་པ་གཅིག་བྱས་ནས་ད་ལྟ་བཟང་སྤྱོད་ཆོས་འཁོར་གླིང་ཞེས་བརྗོད་བཞིན་ཡིན་ནོ། ལོ་རྒྱུས་འདི་ནི་དགོན་པ་རང་གིས་བྲིས་པའི་ལོ་རྒྱུས་ལ་གཞིར་བྱས་རྣམ་པོ་ཚེ་རིང་གི་ངག་རྒྱུན་ཁུང་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

སྐེ་བཀྲ་གྲྭ་ཚང་གི་ལོ་རྒྱུས།

མདོ་སྨད་སྤོ་འབོར་སྒང་གི་ཆར་གཏོགས། གཡོན་རུ་དཔོན་པོ་བསོད་ནམས་ནོར་བུའི་མངའ་འབངས། དགའ་ལྡན་རབ་རྒྱས་གླིང་གི་གྲྭ་རྒྱུན་དུ་གྱུར་པའི་གུར་དཀར་པོའི་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རེ་བཞིན་བཅུ་ཤོག་དྲུག་གི་ཡོན་སྦྱོར་ལ་བརྟེན་ནས་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རེ་བཞིན་བཅུ་ཤོག་དྲུག་གི་ཡོན་སྦྱོར་ལ་བརྟེན་ནས་གྲྭ་ལྔ་བཅུས་སྨོན་ལམ་དང་བཟང་སྤྱོད་ཉིན་བཅུ་ཙམ་རེ་འཚོགས་སྲོལ་ཡོད་པ་དེ་ནི་སྔོན་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ད་ལྟའི་བར་རོ།། ལོ་རྒྱུས་འདི་ནི་གཡོན་རུ་དགོན་པའི་གྲྭ་བཙུན་བསྟན་འཛིན་གྱིས་གསུངས་པ་ལྟར་མུ་པོས་བྲིས་པའོ།།

འཇོ་ཐང་གྲྭ་ཚང་གི་ལོ་རྒྱུས།

[page 54] དགའ་ལྡན་རབ་རྒྱས་གླིང་གི་གྲྭ་རྒྱུན་དུ་གྱུར་པའི་གུར་དཀར་པོའི་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རེ་བཞིན་བཅུ་ཤོག་བཞིའི་ཡོན་སྦྱོར་ལ་བརྟེན་ཏེ་གྲྭ་ལྔ་བཅུས་དབྱར་ཆོས་གསང་འདུས་དང་མི་འཁྲུགས་པའི་བསྐང་གསོ་དང་། སྒྲོལ་མ་འབུམ་ཐེར་བཅས་ཉིན་བཅོ་ལྔ་འཚོགས་སྲོལ་ཡོད་པ་དེ་ནི་སྔོན་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ད་ལྟའི་བར་རོ། ལོ་རྒྱུས་འདི་ནི་གཡོན་རུ་དགོན་པའི་གྲྭ་བཙུན་བསྟན་འཛིན་གྱིས་གསུངས་པ་ལྟར་མུ་པོས་བྲིས་པའོ།།

ས་སྐོར་གྲྭ་ཚང་གི་ལོ་རྒྱུས།

དགའ་ལྡན་རབ་རྒྱས་གླིང་གི་གྲྭ་རྒྱུན་དུ་གྱུར་པའི་གུར་དཀར་པོའི་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རྭ་བཞིན་བཅུ་ཤོག་གཅིག་གི་ཡོན་སྦྱོར་ལ་བརྟེན་ནས་གྲྭ་བཞི་བཅུས་འཇིགས་བྱེད་གཙོ་བོར་བྱེད་པའི་ལོ་རེ་མི་འཁྲུགས་པ་དང་ལོ་རེ་གསང་འདུས་བཅས་འཚོགས་སྲོལ་ཡོད་པ་དེ་ནི་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ད་ལྟའི་བར་རོ། ལོ་རྒྱུས་འདི་ནི་གཡོན་རུ་དགོན་པའི་གྲྭ་བཙུན་བསྟན་འཛིན་གྱིས་གསུངས་པ་ལྟར་མུ་པོས་བྲིས་པའོ།

ཁ་ཤུལ་གྲྭ་ཚང་གི་ལོ་རྒྱུས།

དགའ་ལྡན་རབ་རྒྱས་གླིང་གི་གྲྭ་རྒྱུན་དུ་གྱུར་པའི་གུར་དཀར་པོའི་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རེ་བཞིན་བཅུ་ཤོག་གསུམ་གྱི་ཡོན་སྦྱོར་ལ་བརྟེན་ཏེ་གྲྭ་དྲུག་ཅུས་དབྱར་ཆོས་མི་འཁྲུགས་པ་དང་། འཇིགས་བྱེད་བསྐང་གསོ་བཅས་ཉིན་ཉི་ཤུ་ཙམ་རེ་འཚོགས་སྲོལ་ཡོད་པ་དེ་ནི་སྔོན་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ད་ལྟའི་བར་རོ། ལོ་རྒྱུས་འདི་ནི་གཡོན་རུ་དགོན་གྲྭ་བཙུན་བསྟན་འཛིན་གྱིས་གསུངས་པ་བཞིན་མུ་པོས་བྲིས་པའོ།།

གླང་རྐང་གྲྭ་ཚང་གི་ལོ་རྒྱུས།

དགའ་ལྡན་རབ་རྒྱས་གླིང་གི་གྲྭ་རྒྱུན་དུ་གྱུར་པའི་གུར་དཀར་པོའི་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རེ་བཞིན་བཅུ་ཤོག་གསུམ་གྱི་ཡོན་སྦྱོར་ལ་བརྟེན་ཏེ་གྲྭ་ལྔ་བཅུ་ཙམ་གྱིས་དབྱར་ཆོས་མི་འཁྲུགས་པ་དང་། [page 55] སྨྱུང་གནས། བདེ་མཆོག་བཅས་ཉིན་ཉི་ཤུ་ཙམ་རེ་འཚོགས་སྲོལ་ཡོད་པ་དེ་ནི་སྔོན་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་ད་ལྟའི་བར་རོ།། ལོ་རྒྱུས་འདི་ནི་གཡོན་རུ་དགོན་པའི་གྲྭ་བཙུན་བསྟན་འཛིན་གྱིས་གསུངས་པ་ལྟར་མུ་པོས་བྲིས་པའོ།།

ཧོར་རྙིང་གྲྭ་ཚང་གི་ལོ་རྒྱུས།

དགའ་ལྡན་རབ་རྒྱས་གླིང་གི་གྲྭ་རྒྱུན་དུ་གྱུར་པའི་གུར་དཀར་པོའི་གྲྭ་ཚང་ཞིག་ཡོད་པ་དེས་ལོ་རེ་བཞིན་བཅུ་ཤོག་དྲུག་གི་ཡོན་སྦྱོར་ལ་བརྟེན་ནས་གྲྭ་དྲུག་ཅུ་ཙམ་གྱིས་དབྱར་ཆོས་མི་འཁྲུགས་པ་དང་། འཇིགས་བྱེད། སྨྱུང་གནས། སྒྲོལ་མ་འབུམ་ཐེར་བཅས་ཟླ་བ་གཅིག་ལ་འཚོགས་སྲོལ་ཡོད་པ་དེ་ནི་སྔོན་ཁྲི་ཆེན་ངག་དབང་མཆོད་ལྡན་ནས་ད་ལྟའི་བར་རོ།། ལོ་རྒྱུས་འདི་ནི་གཡོན་རུ་དགོན་པའི་གྲྭ་བཙུན་བསྟན་འཛིན་གྱིས་གསུངས་པ་བཞིན་མུ་པོས་བྲིས་པའོ།

དགའ་ལྡན་བཀྲ་ཤིས་གླིང་གི་ལོ་རྒྱུས།

མཁས་གྲུབ་བྱེ་བའི་གཙུག་རྒྱན་ཁྲི་ཆེན་ངག་དབང་མཆོག་ལྡན་གང་ཉིད་བོད་རབ་བྱུང་བཅུ་གཉིས་པའི་མཇུག་ཙམ་ལ་མདོ་ཁམས་སྨད་དུ་བྱོན་ཏེ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པར་འཛིན་པའི་གུར་དཀར་པོའི་དགོན་པ་བཅུ་གསུམ་བཏབ་པའི་ནང་ཚན། གུར་དཀར་པོའི་དགོན་པ་འདི་ལ་དགའ་ལྡན་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་གླིང་ཞེས་མཚན་གསོལ་ཏེ། ཉིད་ཀྱི་རྒྱལ་ཚབ་ཏུ་མཁན་རབ་བཅུ་བཞི་ཙམ་བྱོན་པ་མ་ཟད། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་སོ་བཞི་པ་ཝ་ཤུས་ཆོས་རྗེ་འཕྲིན་ལས་དཔལ་ལྡན་དང་། མཁས་རབས་ཞེ་བརྒྱད་པ་ཆོས་རྗེ་འཕྲིན་ལས་མཐར་ཕྱིན། མཁན་རབས་ང་དྲུག་པ་ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། མཁན་རབས་དོན་བརྒྱད་པ་ཆོས་རྗེ་བློ་བཟང་བདེ་ཆེན་སོགས་སྐྱེས་ཆེན་དམ་པ་གསེར་རི་ཕྲེང་བ་ཚར་དུ་དངར་བ་ལྟར་བྱོན་ན་ཡང་དེ་དག་རེ་རེ་བཞིན་ལོ་རྒྱུས་ཀྱི་ཡིག་ཚང་སོགས་མེད་པས་ཡིག་ལམ་དུ་མ་གྱུར་ལ།

དགེ་འདུན་བརྒྱ་དང་བཞི་བཅུ་ལྷག་ཙམ་བཞུགས་ཆོག་པའི་གུར་མོ་ཆེ་དང་། གུར་ཕྲན་བརྒྱ་ལྷག་ཡོད་པ་ལ། རྒྱུ་ཟངས་གསེར་ལས་གྲུབ་པའི་འཇིགས་བྱེད། མགོན་པོ། རྗེ་ཡབ་སྲས་གསུམ་བཅས་ཀྱི་སྐུ་བརྙན་དང་། གསང་བདེ་འཇིགས་གསུམ་གྱི་སྐུ་ཐང་གང་མང་ཡོད་པ་མ་ཟད། འགངས་མཐོ་བའི་སྦུབ་ཆས། རྒྱ་གླིང་། དུང་དཀར་སོགས་རོལ་ཆས་སྐོར་དུ་མ་བཞུགས་ལགས་སོ།

ཚེས་དུས་སྒྲུབ་མཆོད་ལ་དབྱར་ཆོས་དང་དགུན་ཆོས་གཉིས་སུ་ཡོད་པ་ལས དབྱར་ཆོས་སྒྲུབ་[page 56] མཆོད་ཆེན་མོ་དུས་ཚོད་གང་རུང་ཞིག་ལ་སྒྲོལ་མ་འབུམ་ཐེར་དང་། སྒྲོལ་དཀར་ཚེ་སྒྲུབ། མགོན་པོའི་གཏོར་སྒྲུབ་བཅས་ཉིན་གང་འཚམ་དང་། དགུན་ཆོས་མི་འཁྲུགས་པ་ཉིན་བཞི། འཇིགས་བྱེད་ཀུན་རིག་ཉིན་གཉིས། གསང་འདུས་ཉིན་ལྔ། བདེ་ཆེན་ཉིན་ལྔ། བསྐང་གསོ་ཉིན་གཅིག་བཅས་ཁྱིམ་དུད་དྲུག་ཅུ་ཙམ་ཡོད་པ་ལས། ལོ་རེ་ལ་ཁྱིམ་ཚང་བདུན་རེ་ནས་ཡོན་བདག་དང་། དེ་མིན་སྤྱི་གཏོར་སྨོན་ལམ་ཆེན་མོ་དུས་མཆོད་དུ་ལི་ཐང་དགོན་ནང་བཞུགས་དགོས་པ་ཡིན་ནོ།

དེ་ནས་ངོ་རྒོལ་བཞི་དང་རིག་གསར་སྐབས་དགོན་པ་རྟེན་དང་བརྟེན་པ་མིང་གི་ལྷག་མར་གྱུར། སླད་ནས་ཆོས་ལུགས་དད་པ་རང་དབང་གི་སྐབས་བཟང་པོ་ཐོབ་སྟེ། བོད་རབ་བྱུང་བཅུ་དྲུག་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོར་དགོན་བཅག་ཨུ་ཡོན་ལྷན་ཁང་མི་ལྔས་གཙོ་བྱས་ཏེ། འཚོགས་གུར་དང་གུར་ཕྲན་སོགས་གང་མང་བསྐྲུན་ནས་དགེ་བཤེས་སྐལ་བཟང་ནོར་བུའི་ཐུགས་བསྐྱེད་འོག དགེ་འདུན་ཞལ་གྲངས་བདུན་ཅུ་དོན་གྲངས་ཀྱིས་སྔོན་མ་ནང་བཞིན་དབཡར་ཆོས་དང་དགུན་ཆོས་རྣམས་ཁྱིམ་དུད་བརྒྱད་ཅུ་ལྷག་གིས་འབུལ་ཡོན་སོགས་ལ་བརྟེན་ནས་འཚོགས་བཞིན་ཡོད་པ་མ་ཟད། ལི་ཐང་དགོན་ཆེན་དུ་ཆོས་ར་ཞུགས་མུས་ཡིན་ལགས་སོ།

ལོ་རྒྱུས་འདི་ནི་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་སོགས་ལ་གཞི་བྱས་རྣམ་པོ་ཚེ་རིང་གི་གསུངས་པ་ལྟར་མུ་པོས་བྲིས་པའོ།

གནས་སྒོ་བྱང་ཆུབ་ཆོས་གླིང་གི་ལོ་རྒྱུས།

དཔལ་དུས་གསུམ་མཁྱེན་པའི་བོད་རབ་བྱུང་གསུམ་པའི་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་གྱི་ལོར་ཁམས་སུ་ཀམ་པོ་གནས་ནང་དགོན་པ་བཏབ་སྟེ་དཔལ་རྒྱལ་བ་བཀའ་བརྒྱུད་པའི་བཤད་སྒྲུབ་ཀྱི་བསྟན་པ་བླ་ལྷག་ཏུ་བསྒྲེངས་ཏེ་གདུལ་བྱ་དུ་མ་སྨིན་པར་མཛད། དེ་ནས་ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་ཙམ་ནས་བཀའ་ལུགསདེ་འབྲོག་རི་བོ་དགའ་ལྡན་པའི་བསྟན་པར་བསྒྱུར་ནས། འཇམ་མགོན་བླ་མ་ཙོང་ཁ་བའི་བསྟན་པ་སྐྱོང་བ་གསེར་རིའི་ཕྲེང་བ་ཚལ་དུ་དངར་བ་ལྟ་བུ་དུ་མ་བྱོན་ན་ཡང་། ད་ལྟ་དྲུན་ཡུལ་དུ་གྱུར་པ་ནི་བྱང་རྩེ་ཆོས་རྗེ་དང་། བྱང་རྩེ་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་འདི་གཉིས་ཙམ་མོ། དེ་ལས་གཞན་ཡང་སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱིས་བཅགས་ཏེ། ཀརྨ་བ་ཡེ་ཤེས་རྡོ་རྗེ། ཀརྨ་བ་བྱང་ཆུབ་རྡོ་རྗེ། ཀརྨ་བ་བདུད་འདུལ་རྡོ་རྗེ། ཀརྨ་བ་ཐེག་མཆོག་རྡོ་རྗེ། ཀརྨ་བ་མཁའ་ཁྱབ་རྡོ་རྗེ། རྒྱལ་བ་བསོད་ནམས་རྒྱ་མཚོ། ལྕང་སྐྱ་རོལ་པའི་རྡོ་རྗེ། ཧལ་ཧ་རྗེ་བཙུན་དམ་པ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། ཁྲི་ཆེན་ངག་དབང་མཆོག་ལྡན། ཀུན་མཁྱེན་འཇམ་དབྱངས་བཞགད་པ། ལི་ཐང་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མ་བྱོན་ནས། ལུང་གི་ཆོས་འཆད་ཉན་[page 57] དང་རྟོགས་པའི་ཆོས་སྒོམ་སྒྲུབ་རྒྱ་ཆེར་མཛད་དེ་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་བསྟན་པ་བསྐྱངས་བར་མཛད་པ་ཡིན་ནོ། དེ་ལྟར་སྐྱེས་ཆེན་དམ་པ་དེ་དག་གི་སྐུ་རིང་དུ་གཙུག་ལག་ཁང་ཀ་རིང་བཞི་དང་གྲྭ་ཤག་ལྔ་བཅུ་ལྷག་ཙམ་བཞེངས་བསྐྲུན་མཛད་དེ། ནང་དུ་སྐུ་རྟེན་རྒྱ་གར་ཤར་ལི་མ་ཐུབ་པ་ཚུལ་ཁྲིམས་ཞོ་བདུན་ཅན་དང་། རྒྱ་ནག་ལི་སྐུའི་ཆོས་ལོངས་སྦྲུལ་གསུམ་དང་། རྒྱ་གར་ཤར་ལི་མ་རྒྱལ་བ་རྡོ་རྗེ་འཆང་། ཐུབ་པ་རྡོ་གཟིགས་མ། རྡོ་རྗེ་ཕག་མོ་བཅས་ཁྲུ་ཚད་དང་། བདེ་མཆོག གསང་འདུས། བཀའ་གདམས་མཆོད་རྟེན་བཅས་ཀྱིས་མཚོན་ལི་སྐུ་དང་མཆོད་རྟེན་འགངས་ཆེན་ཉི་ཤུ་རྩ་གྲངས་དང་། རྒྱལ་བའི་བཀའ་འགྱུར་ཆ་གཅིག བསྟན་འགྱུར་ཆ་གཉིས། ལོ་རྒྱུས་ཀྱི་གནས་ཡིག་པོད་གཅིག་བཅས་ཀྱིས་མཚོན་གསུང་རབ་སྐོར་པོད་ལྔ་བརྒྱ་ལྷག་དང་། མཆོད་ཆས་སྐོར་ལ་སྦུབ་ཆས་ཉི་མ་འབྲུག་གྲགས། ག་ག་གླིང་། ཕོ་རོག་མཚོ་ཕུལ། པོད་སྟོད་རྒྱ་སྦུབ། བསོད་སྟོད་གྲྒས་སྦུབ་བཅས་ཀྱིས་མཚོན་སྦུབ་ཆས་རྩ་ཆེན་ཆ་གསུམ་ལྷག་དང་། དངུལ་གྱི་རྒྱ་གླིང་། དངུལ་གྱི་རག་དུང་། ཀརྨ་དུས་གསུམ་མཁྱེན་པའི་གཏེར་དུང་། ཤ་བ་ཡུ་མོ་རྭ། དགེ་བསྙེན་བླ་རྡོ། གཡུའི་མར་གད། གོས་ཆེན་རྒྱ་གསེར་ལས་གྲུབ་པའི་འཆམ་གོས་དང་འཆམ་འབག་ཉེར་གཉིས་དང་། རྒྱུ་དངུལ་ལས་གྲུབ་པའི་རིགས་ལྔའི་དབུ་རྒྱན་ཆ་བཅུ་དྲུག་བཅས་བཞུགས་སུ་གསོལ། ལོ་སྟར་གེ་མོ། སྤོ་བ། གེ་རྫས། འགྲམ་ཟླ་བཅས་སྡེ་ཤོག་བཞིའི་ཡོན་སྦྱོར་ལ་བརྟེན་ནས་ཁང་ཚན་གྱི་གྲྭ་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལྷག་གིས་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་དགུན་ཆོས་འཚོགས་ནས་ཚེས་བཅོ་ལྔ་ནས་གཡང་ར་དང་སྐྱ་འཆམ། ཚེས་ཉེར་གཉིས་ནས་ཉེར་དགུའི་བར་དགུ་གཏོར། བོད་ཟླ་དང་པོའི་ཚེས་གཅིག་ནས་ཆོ་འཕྲུལ་སྨོན་ལམ། ཚེས་ཉེར་གཅིག་ནས་ཉེར་ལྔའི་བར་གསང་འདུས་དབང་ཆོག་བོད་ཟླ་གཉིས་པའི་ཚེས་ལྔ་ནས་ཚེས་དགུའི་བར་མགོན་པོ་གཏོར་སྒྲུབ། ཚེས་བཅུ་གཅིག་ནས་འཇིགས་བྱེད་དབང་ཆོག་ཉིན་ལྔ་དང་། ལྷ་མོ་གཏོར་སྒྲུབ་ཉིན་གསུམ། བོད་ཟླ་གསུམ་པའི་ཚེས་གཅིག་ནས་བདེ་མཆོག་དབང་ཆོག་ལྔ་དང་། ལྷ་མོ་གཏོར་སྒྲུབ་ཉིན་གསུམ། བོད་ཟླ་གསུམ་པའི་ཚེས་གཅིག་ནས་བདེ་མཆོག་དབང་ཆོག་ཉིན་ལྔ། གཏོང་སྒོ་ཉིན་བཅོ་ལྔ། མི་འཁྲུགས་པ་ཉིན་གསུམ། སྨན་བླ་ཉིན་གསུམ། བོད་ཟླ་བཞི་པའི་ནང་སྨྱུང་གནས་ཉིན་བཅུ་དྲུག བོད་ཟླ་ལྔ་པར་རྡུལ་ཚོན་དང་སྦྲགས་ཏེ་གསང་འདུས་དབང་ཆོག་ཉིན་བདུན། བོད་ཟླ་ལྔ་པའི་མཇུག་དང་དྲུག་པའི་མགོར་རྡུལ་ཚོན་དང་སྦྲགས་ཏེ་འཇིགས་བྱེད་དབང་ཆོག་ཉིན་བདུན། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བདུན་པའི་སུམ་ཅུའི་བར་དབྱར་གནས། བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་བཅོ་ལྔའི་བར་རབ་གནས། བོད་ཟླ་བཅུ་པའི་ཚེས་བཅུ་བཅོ་ལྔ་ཉེར་ལྔ་བཅས་ལ་དགའ་ལྡན་ལྔ་མཆོད་དང་། མགོན་ཁང་དུ་དུས་རྒྱུན་མགོན་པོ་དང་དགེ་བསྙེན་གྱི་གསོལ་ཁ་བཅས་འདོན་དགོས་པ་ཡིན་ནོ། དེ་ནས་བཅོས་སྒྱུར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར། སླད་ནས་ཆོས་ལུགས་དད་མོས་ཀྱི་སྤྲིན་གསེབ་ནས་ཉི་མ་ཤར་ནས་འདུ་ཁང་ཀ་བ་བརྒྱའི་སར་དང་། གྲྭ་ཁང་ཅུ་སོ་གྲངས་གསར་བསྐྲུན་བྱས་ཏེ། གཙུག་ལག་ཁང་དུ་རྒྱུ་ཟངས་གསེར་[page 58] ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་རྩེག་ཚད་གཉིས་དང་། བྱམས་པ། ཇོ་བོ། སྐུ་གདུང་མཆོད་རྟེན་ཆ་གཉིས་བཅས་རྩེག་ཚད་དང་། སྔོན་གྱི་ལྡེ་ཤོག་བཞིའི་ཡོན་སྦྱོར་ལ་བརྟེན་ནས་གྲྭ་བརྒྱ་ལྷག་གིས་ཚེས་དུས་སྒྲུབ་མཆོད་སྔོན་མ་ནང་བཞིན་འཚོགས་བཞིན་ལགས་སོ། དེ་ལྟར་ལོ་རྒྱུས་འདི་ནི་ཀརྨ་བ་ཆོས་ཀྱི་དབང་ཕྱུག་གི་གནས་ཡིག་དང་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་བཅས་ཀྱི་ལོ་རྒྱུས་ལ་གཞི་བྱས་མཆོག་སྤྲུལ་རྒྱལ་མཚན་དབང་ཕྱུག་གི་གསུང་སྒྲོས་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

དགའ་ལྡན་འགིར་དགོན་གྱི་ལོ་རྒྱུས།

འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་སློབ་སངས་རྒྱས་དཔལ་བཟང་གིས་བོད་རབ་བྱུང་བདུན་པའི་དཀྱིལ་ཙམ་དུ་མགོན་པ་འདི་ཉཻད་ཕྱག་བཏབ་མཛད་དེ། རྒྱུ་ཟངས་གསེར་ལས་བསྐྲུན་པའི་བྱམས་པ་ཐོག་རྩེག་གསུམ་དང་། རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་བརྙན་རྩེག་ཚད་གཉིས། ཐུབ་དབང་གི་སྐུ་བརྙན་རྩེག་གཅིག་དང་། ལི་ནག་གི་ཇོ་བོ་རྩེག་ཕྱེད་ཅན་གཉིས། སངས་རྒྱས་དཔལ་བཟང་རྒྱ་ནག་ལ་བྱོན་སྐབས་རྒྱ་ནག་རྒྱལ་པོས་ཕུལ་བའི་རྗེ་སྐུ་རྩེག་ཚད་དང་། རྒྱ་ནག་གོང་མ་ཏའོ་གུང་གིས་ཕུལ་བའི་ཚོགས་ཟངས་ཆུ་ཟོམ་བཅོ་ལྔ་འགྲོ་བ་གཅིག་བཅས་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་དུ་མར་གསར་བསྐྲུན་མཛད་དེ་བས་གསར་བསྐྲུན་མཛད་དེ་བསྟན་འགྲོ་དོན་རླབས་ཆེན་སྤེལ།

ཁོང་གི་དངོས་སློབ་གདན་སར་གཙང་པ་ཀུན་དགའ་རྒྱལ་མཚན་གྱི་སྐུ་དུས་སུ། རྒྱུ་ཙནྟ་ལས་བསྐྲུན་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རྒྱུ་སྨན་འདམ་ལས་བཟོས་པའི་འཇིགས་བྱེད། བདེ་མཆོག་ཆོས་རྗེ། མགོན་པོ་ཕྱག་དྲུག་པ། འདམ་དྲི་མེད་ཞིང་སྐྱོང་ཞེས་པའི་གྲུབ་ཆེན་ཞིག་བྱོན་ཏེ་གདུགས་དཀར་སྐུ་བརྙན་གཅིག་བཞེངས་པ་བཅས་རྩེག་ཚད་དང་། རྒྱུ་ཙནྟ་སྦྲུལ་གྱི་སྙིང་པོ་ལས་བསྐྲུན་པའི་ཇོ་བོ་ལོ་ཀི་ཤྭ་ར་དང་། རྒྱུ་སྨན་འདམས་ལས་བསྐྲུན་པའི་དཔལ་ལྡན་ལྷ་མོ་གཉིས་རྩེག་ཕྱེད། རྒྱུ་སྤོས་འདམ་ལས་བསྐྲུན་པའི་གནས་བརྟན་བཅུ་དྲུག་ཁྲུ་གང་། སངས་རྒྱས་དཔལ་བཟང་གི་སྐུ་དམར་གདུང་སོགས་བཞེངས་བསྐྲུན་རྒྱ་ཆེར་མཛད།

རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་བྱོན་ནས་དགོན་འདིའི་བསྟན་པ་ལ་བྱ་བ་རྒྱ་ཆེར་སྤེལ། དེ་ནས་ཆོས་སྐྱོང་དཔལ་བཟང་། རྒྱལ་བ་བསམ་གྲུབ། དཔལ་འབྱོར་ཤེས་སྙིང་། དཔལ་འབྱོར་རབ་རྒྱས། དཔལ་ལྡན་གྲགས་པ། གྲགས་པ་བཀྲ་ཤིས། བདེ་གཤེགས་རྒྱ་མཚོ། ནམ་ལངས་ཆོས་མཛད། ཚ་བ་འབྲུག་གྲགས། བར་སྟོང་ཅུང་ཟད་བྱུང་རྗེས་དགེ་འདུན་ལས་རབ། ཚུལ་ཁྲིམས་དཔལ་རབ། གུང་ཐང་དཀོན་ཅོག་ལྷུན་གྲུབ། ལི་ཐང་དགེ་བཀོད། དོན་གྲུབ་དཔལ་བཟང་། ལི་ཐང་སྦྱིན་པ་རྒྱལ་མཚན། བློ་བཟང་བསམ་གཏན། འགོ་ཟག་སྐུ་བློ་བཟང་འཇམ་དཔལ། རྡོ་བཞེད་བླ་མ་འཇམ་དབྱངས་བཤད་སྒྲུབ། གཡུ་རིག་དགེ་བཤེས་བློ་བཟང་ཕུན་ཚོགས། [page 59] ཀུ་ལུ་དགེ་བཤེས་བློ་བཟང་དགེ་འདུན་སོགས་ཐོག་མཐའ་བར་གསུམ་དུ་དགེ་བཤེས་དང་མཁན་པོ་སོགས་དུ་མ་བྱོན་ནས་རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱ་ཆེར་སྤེལ་ན་ཡང་ད་ལྟ་དྲན་པའི་ཡུལ་དུ་མ་གྱུར་ལ། དེ་ལས་ཁྱད་པར་སྐྱབས་མགོན་རིན་པོ་ཆེ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་དགོན་འདིར་བྱོན་ཏེ། དགོན་པ་གསར་བཞེངས་ཀྱི་འགན་འཁུར་དང་བཀོད་སྒྲིག་མཛད་དེ། འདུ་ཁང་ཀ་བ་ལྔ་བཅུ་དང་ར་སྐོར་ཀ་བ་བརྒྱ་དང་བཞི། མགོན་ཁང་དཀྱུས་ཀ་བཞི། ཇ་ཁང་དཀྱུས་ཀ་དྲུག་བཅས་གསར་བསྐྲུན་མཛད་ནས། དགོན་འདིར་ལུང་རྟོགས་གཉིས་ལྡན་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བའི་མཛད་པའི་དུས་སྐབས་དེར་གྲྭ་བརྒྱ་དང་ང་དྲུག་ཙམ་ཡོད་དོ།

སྐུ་གསུང་ཐུགས་རྟེན་སྐོར། རྒྱལ་པོའི་གླང་དར་ཁྲིམས་ཐར་བྱམས་པའི་སྐུ་བརྙན་ཁྲུ་གང་། རྩེག་ཕྱེད་ཚད་ཀྱི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་གསེར་ཐང་སུམ་ཅུ་སོ་གཉིས་པོ་རྒྱབ་ཏུ་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཕྱག་དམ་རེ་ཡོད་པ་དང་། རྗེ་གཙོ་འཁོར་བརྒྱད་ཅུའི་སྐུ་ཐང་བཅོ་ལྔས་མཚོན་སྐུ་ཐང་ཆེ་ཆུང་དགུ་བཅུ་གོ་གྲངས་དང་། རྒྱལ་པོ་སྟག་ཚས་ཕུལ་བའི་སྐྱེས་གཟུངས་ཐང་ཀ་དྲུག་ཅུ་རེ་གྲངས་དང་། རྒྱུ་གསེར་གྱི་ཞུན་མས་བྲིས་པའི་འབུམ་པོད་བཅུ་དྲུག རྒྱལ་བའི་བཀའ་འགྱུར་མཚལ་བར་ཚར་བཅུ་དང་སྣག་བར་ཚར་གཅིག རྗེ་བཀའ་འབུམ། ཆོས་བཟང་རིན་པོ་ཆེའི་གསུང་འབུམ། བཀའ་གདམས་གླེགས་བམ་པོ་གཉིས། སངས་རྒྱས་དཔལ་བཟང་གི་རྣམ་ཐར་པོད་གཅིག་བཅས་བཞུགས་སོ། མཆོད་ཆས་རོལ་མོའི་སྐོར། བྱ་ཤང་ཤང་། སྐྱབས་མགོན་རིན་པོ་ཆེའི་ཕྱག་སྦུག་རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྦྱབ་ཆལ་བཅས་ཀྱིས་མཚོན་སྦུབ་ཆལ་དགུ་བཅུ་གོ་གྲངས། སིལ་སྙན་མ་ཎི་ཧཱུཾ། འདུལ་བའི་སིལ་སྙན། གཏོར་དྲུག་སིལ་སྙན་བཅས་ཀྱིས་མཚོན་སིལ་སྙན་ཆ་བདུན། འཛམ་གླིང་གཡས་བཞག་གིས་འཁར་རྔས་མཚོན་འཁར་རྔ་གསུམ། རག་དུང་སྦུལ་ཤན་མས་མཚོན་རག་དུང་ཆ་བཞི། གསེར་དངུལ་བྲ་མའི་རྒྱ་གླིང་ཆ་གཉིས་ཀྱིས་མཚོན་རྒྱ་གླིང་ཆ་དྲུག རྒྱ་ནག་གོང་མས་ཕུལ་བའི་རྐང་དུང་ཆ་གཉིས། རྒྱུ་གསེར་ལ་གཡུ་ཡི་འབྲུག་འབུར་དུ་དོད་པའི་སྤོས་ཕོརགཅིག་ཀ་འཕན་མཁའ་འགྲོའི་སྤྲིན་ཐགས་རྩེགས་ཕྱེད་ཅན་བཞི་དང་། ཀ་འཕན་རྡོ་རྗེ་ས་ལམ་བཞི་ལ་རྩེག་གཅིག་ཕྱེད་ཅུང་མི་ཚད་པ་བཞི། གསེར་རྒོད་ཟླ་བས་ལྷ་ས་ནས་བསྐུར་བའི་ཀ་འཕན་ཉི་ཤུ་དང་། དི་མིན་འཕན་རིན་གི་རྒྱལ་མཚན་དྲུག དར་སྣའི་རྒྱལ་མཚན་དྲུག ཐེག་ཆེན་དྲིལ་བུ་ཉེར་ལྔ་དང་། རྒྱ་ནག་དྲ་ཕྱེད་མ་སུམ་ཅུ། སྡེ་དགེ་དྲིལ་སུམ་ཅུ་དང་ཊ་མ་རུ་སུམ་ཅུ་དང་ཐོད་མདར་བཅུ་གཉིས། རྒྱ་ནག་གོང་མས་ཕུལ་བའི་དགང་གཟར་གཅིག་གིས་མཚོན་དགང་གཟར་ལྔ་དང་། གོས་ཆེན་རྒྱུ་གསེར་གྱི་འཆམ་གོས་གསར་རྙིང་རེ་བཞི་དང་འཆམ་འབག་སོ་གཉིས་བཅས་བཞུགས་སོ།

ཚེས་དུས་སྒྲུབ་མཆོད་ནི། བོད་ཟླ་དང་པོའི་ཚེས་བདུན་ནས་མཆོད་ཕྲེང་སྨོན་ལམ་ཚེས་བཅུ་བདུན་བར། བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ལ་བློ་མཆོད། བོད་ཟླ་གསུམ་པའི་ཚེས་བདུན་ནས་[page 60] བདེ་མཆོག་ཉིན་བདུན། ཚེས་བཅུ་དྲུག་ནས་ཆར་བཅོས་ཉིན་གཉིས། བོད་ཟླ་བཞི་པའི་ཚེས་ལྔ་ནས་མགོན་པོའི་གཏོར་སྒྲུབ་ཉིན་བདུན། བོད་ཟླ་ལྔ་པའི་ཚེས་བདུན་ནས་གསང་བ་འདུས་པ་ཉིན་བདུན། བོད་ཟླ་དྲུག་པའི་ཚེས་བདུན་ནས་མི་འཁྲུགས་པ་ཉིན་བདུན། ཚེས་བཅུ་དྲུག་ནས་དབྱར་གནས་བོད་ཟླ་བརྒྱད་པའི་གནམ་གང་བར། བོད་ཟླ་བདུན་པའི་ཚེས་བདུན་ནས་འཇིགས་བྱེད་དང་རབ་གནསདགེ་ལེགས་ཆར་འབེབས་བདེ་མཆོག་རས་བྲིས་བཅས་ཉིན་གསུམ་རེ། བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ནས་ཉིན་བདུན་བར་ལྷ་བབ་དུས་ཆེན། བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ནས་དགའ་ལྡན་ལྔ་མཆོད་ཉིན་ལྔ། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་ཉེར་དགུའི་བར་སྤྱི་གཏོར་དང་ཚེས་སུམ་ཅུའི་ཉིན་འཆམ་དང་གཏོར་རྒྱག བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ནས་མཆོད་ཕྲེང་སྨོན་ལམ་ཉིན་བདུན་བཅས་འཚོགས་དགོས་པ་ཡིན་ནོ།

ཡོན་གྱི་འབྱུང་ཁུངས་ནི། ཞིང་དོར་ཁ་གཅིག་གི་ས་དང་དགོན་པའི་མངའ་འོག་གི་ཁྱིམ་དུད་ཉིས་བརྒྱ་ལྷག་གི་དད་གཤིན་རྫས་སོགས་ལ་བརྟེན་ནས་མཆོད་ཐོག་འཚོགས་དགོས་པ་ཡིན་ནོ།

བཅོས་སྒྱུར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་བྱས་ཏེ། སླད་ནས་ཏང་གི་སྲིད་ཇུས་བཟང་པོའི་འོག་ཆོས་སྒོ་ཕྱེ་བའི་སྐབས་བཟང་པོར་རྙེད་ནས། སྐྱབས་མགོན་དཔལ་ལྡན་རྡོ་རྗེ་ཐུགས་བློ་ལྟར་སྔོན་གྱི་དགོན་གནས་ནས་མར་ཨ་བརྒྱ་མགོར་སྤོ་བ་ལ་གཙང་ཤུལ་རིན་པོ་ཆེ་ནས་ས་གཟིགས་གནང་སྟེ། དགོན་པའི་ཆགས་དཔེ་བཟོས་ཏེ་གྱ་དྲུག་ལོར་འདུ་ཁང་ཀ་བ་ང་བཞིའི་སར་དང་ཇ་ཀ་བ་བརྒྱད་དང་། གྲྭ་ཁང་དྲུག་ཅུ་ཙམ་བཞེངས་བསྐྲུན་མཛད་དེ། འདུ་ཁང་ནང་དུ་རྒྱུ་སྨན་འདམ་ལས་བཟོས་པའི་རྒྱལ་བ་བྱམས་པ་རྩེག་ཚད་གཉིས། འཇམ་དབྱངས། མི་འཁྲུགས་པ། སྤྱན་རས་གཟིགས། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། ཤན་པ་བཅས་རྩེག་ཕྱེད། གླང་དར་ཁྲིམས་ཐར་བྱམས་པ་ཁྲུ་གང་། རྒྱལ་བའི་བཀའ་འགྱུར་ཚར་གཅིག་བཅས་བཞུགས་ལགས། དེང་དུས་གྲྭ་བ་བརྒྱ་དང་ཉེར་གཉིས་ཙམ་གྱི་ཚགས་གཏོང་སྒོ་ནི། མོ་ཊ་གཅིག་དང་ཚོང་ཁང་གཅིག་ཡོད་པ་དེ་དག་ལ་བརྟེན་ན་ཡང་མི་འདང་བས་ཚེས་དུས་སྒྲུབ་མཆེད་སོགས་ཀྱང་དོད་ཙམ་ལས་འཚོགས་མི་ཐུབ་པའི་གནས་སུ་གྱུར་ཡོད་དོ། ལོ་རྒྱུས་འདི་ནི་དགའ་ལྡན་ཆོས་འབྱུང་བེེ་སེར་ལ་གཞི་བྱས་རྒན་མཁྱེན་རབ་རྒྱལ་མཚན་གྱི་ངག་རྒྱུན་གྱིས་ཟུར་བརྒྱན་ནས་མུ་པོས་སྦྱར་བའོ།

ལྷ་ཁང་སུམ་མདོའི་ལོ་རྒྱུས།

སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་བ་ལས་ལྷ་ཁང་དུམ་མདོ་འདི་ཡང་གཅིག་ཡིན་པར་བཤད་སྲོལ་འདུག་ལ། བུ་སྟོན་ཆོས་འབྱུང་ལས། དེ་ནས་རྒྱལ་[page 61] པོ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་ཙ་བརྒྱད་བཞེངས་སོ། ཞེས་པ་དང་། བཀའ་ཞེམས་ཀ་ཁོལ་མ་ལས། དེ་ནས་ཡང་བལ་མོ་བཟའ་ཁྲི་བཙུན་གྱིས་རང་གི་རྩེ་མཁར་དུ་ཕྱིན་ནས། རྒྱལ་པོ་དངུལ་ཟམས་ལ་སྤྱན་དྲངས་ནས་ལྷ་ཁང་རྩིག་པའི་གྲོལ་ཞུས་པས། རྒྱལ་པོའི་ཞལ་ནས་ཁྱོད་རང་གར་འདོད་པའི་སར་རྩིགས་གསུངས་ནས། འཁོར་རྟ་པ་མང་པོ་དང་བཅས་གནོད་སྦྱིན་ཕོ་མོ་མང་པོ་བྲན་དུ་བསྐུལ་ནས་ལ་དོང་གི་ནེའི་ཁར་ཉིན་བརྩིགས་པ་ནུབ་བཤིག་ནས་མ་བཏུབ། དེ་ནས་ཡར་ཀླུངས་དང་དབུ་རུ་ཀྱི་ཤོད་དང་། གཙང་དང་ཡུལ་གང་བཟང་ས་གང་ལེགས་རྣམས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བས་ཞིག ཅེས་གསུངས་པ་སོགས་ལ་དཔགས་ན་སྲོང་བཙན་དུས་སུ་བཙན་པོ་ཁོ་རང་གིས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པ་ཡིན་ཡང་འདྲ། བལ་བཟའ་ཁྲི་བཙུན་གྱིས་བཞེངས་བ་ཡིན་ན་ཡང་འདྲ། མདོར་ན་སྲོང་བཙན་དུས་སུ་ལྷ་ཁང་བརྒྱ་རྩ་བརྒྱ་བཞེངས་ཡོད་པ་ནི་གང་གི་ལུང་གཉིས་པོ་ལས་གྲུབ་པས་དེའི་ནང་གི་གཅིག་ཡིན་པར་ངེས་སོ། གཙུག་ལག་ཁང་དེར་རྒྱུ་ལི་ལས་བསྐྲུན་པའི་ལྷ་སའི་ལོ་བོའི་སྐྱ་ཚད་ཙམ་གྱི་ཇོ་སྐུ་ཞིག་དང་། དེའི་ཕྱིས་བཞེངས་པའི་རྒྱུ་ཤིང་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་རྩེག་ཚད་མ་ཉི་ཤུ་ཙམ་བཞུགས། དེ་རྗེས་ལི་ཐང་དགོན་པའི་ཚོ་གསུམ་ཁང་མཚན་བྱས་ཏེ། ལོ་ལྟར་འགིར་དགོན་པ་དང་། ལྗ་བྱ་མོ་དགོན་པ་གཉིས་ཀྱིས་དཀོར་གཉེར་མཛད་ནས། འགིར་དགོན་དང་། ལྗ་བྱ་མོ་དགོན་དང་། རི་ནག་དགོན་བཅས་ཀྱི་སྨྱུང་གནས་དང་ཆར་བཅོས་སོགས་འཚོགས་སྲོལ་ཡོད། དེ་ནས་བཅོས་སྒྱུར་སྐབས་གཙུག་ལག་ཁང་རྟེན་དང་བརྟེན་པ་ཐམས་ཅད་མི་མངོན་པའི་དབྱིངས་སུ་བསྟིམས་ནས་ད་ལྟ་གྱང་རལ་དུ་ལུས་ཡོད་དོ། ལོ་རྒྱུས་འདི་ནི་བུ་སྟོན་ཆོས་འབྱུང་དང་བཀའ་ཆེམས་ཀ་ཁོལ་མ་གཉིས་ལ་བརྟེན་ནས། བློ་བཟང་བྱམས་པ་དང་མཁྱེན་རབ་རྒྱལ་མཚན་གཉིས་ཀྱི་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།

རྩེ་རི་ཁྲོད་ཀྱི་ལོ་རྒྱུས།

ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་རྒྱབ་རི་གླིང་ཆེན་ཉལ་འདྲའི་ས་དབྱིབས་ཀྱི་ཁ་ཁུག་ཏུ་ལྷ་ཁང་ཞིག་ཡོད་པར། བོད་རབ་བྱུང་བཅུ་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོར་རྒྱལ་དབང་ཐམས་ཅད་མཁྱེན་པར་བསོད་ནམས་རྒྱ་མཚོས་དེར་རྒྱུ་སྨན་འདམ་ལས་རྒྱལ་བ་བྱམས་པའི་སྐུ་བརྙན་ཞཻག་བཞེངས་ནས་རིམ་གྱིས་རི་ཁྲོད་པ་ཇེ་མང་སོངནས་རྩེ་རི་ཁྲོད་ཅེས་གྲགས་པ་ཡིན་ནོ།

དེ་ནས་ལི་ཐང་དགོན་པའི་སྐྱེས་ཆེན་དམ་པ་རིམ་བྱོན་རྣམས་ཀྱིས་ཐུགས་ཁུར་བཞེས་འོག འདུ་ཁང་ཀ་བ་བརྒྱད་ལ་ཀ་རིང་གཉིས་ཀྱི་སར་ཐོག་བརྩེགས་གཉིས་ཅན་དེ་ལ། ནང་རྟེན་གྱི་གཙོ་བོ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྒྱལ་བ་བྱམས་པ་དང་། སྲུང་མ་དམ་ཅན་ཆོས་རྒྱལ་གཉིས་མི་ཚད་ཙམ་རེ་དང་། [page 62] འཇིགས་བྱེད་དཔའ་གཅིག་མ་མདའ་ཚད་མ་དང་། གསང་བདེ་འཇིགས་གསུམ་གྱིས་མཚོན་གསེར་ལི་སྐུ་བརྒྱ་ལྷག་དང་། རྒྱ་ཙནྟན་ལས་བསྐྲུན་པའི་འཇིགས་བྱེད་ཀྱི་ལྷ་བཅུ་གསུམ་གྱི་འདྲ་སྐུ་དང་། མགོན་ཆོས་གསུམ། རྣམ་སྲས རྗེ་རིན་པོ་ཆེ། མཆོས་རྟེན་བཅས་མདའ་ཚད་མ་དང་། རྒྱུ་ལི་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་སུམ་ཅུ་ལྷག་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་ཕུལ་བའི་རྒྱུད་རྡོ་རྗེའི་ཕྲེང་བའི་གསེར་ཐང་བཅུ་གསུམ། རྒྱལ་བའི་བཀའ་འགྱུར་ཆ་གཉིས། གནམ་ལྕགས་གེགས་མཐར་བྱེད་ཀྱི་ཕུར་བུ་རྩ་ཆེན་གཅིག ཤང་ཤང་སིལ་སྙན་བཅས་སིལ་སྙན་གསུམ། སྦུབ་ཆལ་བཅུ། དྲིལ་བུ་སུམ་ཅུ། འཁར་རྔ་གསུམ་བཅས་བཞུགས་སོ།

ཚེས་དུས་སྒྲུབ་མཆོད་སྐོར། དབྱར་ཆོས་རྒྱུད་གསང་བ་འདུས་པ་ཉིན་ཉེར་ལྔ། བདེ་མཆོག་ཉིན་ཉེར་བཞི། འཇིགས་ཉིན་ཉེར་བཞི། སྨྱུང་གནས་ཆ་བརྒྱད། སེང་གེ་སྒྲ་ཉིན་དགུ བདེ་མཆོག་དབང་ཆོག་ཉིན་དགུ། འཇིགས་བྱེད་དབང་ཆོག་ཉིན་དགུ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཆོག་ཉེར་དགུ། སྨན་བླ་ཉིན་བཅུ། ལམ་རིམ་ཆོས་ཐོག་ཉིན་ཉེར་ལྔ། ལྔ་མཆོད་ཉིན་དགུ་དང་། ཟླ་བ་དགུ་པ་ནས་དནག་པོའི་བར་མཚམས་པ་རང་རང་གི་མཚམས་ཁང་དུ་མཚམས་བསྙེན་སྒྲུབ་བྱེད་དགོས་པ་ཡིན་ནོ།

དེ་ལས་གཞན་ཡང་ལི་ཐང་དགོན་པའི་མཁན་པོ་རིམ་བྱོན་ལོ་ལྟར་དབྱར་གནས་དགག་དབྱེའི་ཉིན་འདིར་བྱོན་ནས་ལྷ་གསོ་བ་དང་གཟིགས་རྟོགས་ཞིབ་པར་གནང་བ་མ་ཟད། ལྕང་སྐྱ་རོལ་པའི་རྡོ་རྗེ། ཁྲི་ཆེན་བློ་བཟང་ཆོས་རྒྱལ། སྤྲུལ་སྐུ་སྐལ་ལྡན་རྒྱ་མཚོ། སྨན་གྲུབ་བློ་བཟང་དགའ་བ། ཡར་ཞུ་མཁན་པོ་སོགས་ཀྱིས་མཚོན་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཅིག་ཡིན་པས། རི་ཁྲོད་འདི་ལ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་པ་བཀའ་རིམ་གྱི་དགེ་བའི་བཤེས་གཉེན་གྱིས་མཚོན་མཚམས་པ་ཉེར་ལྔ་བཞུགས་པ་ལས། དེ་ལས་མང་མི་ཆོག་ཉུང་ན་ཡང་མི་འགྲིགས། གལ་སྲིད་མཚམས་པ་འདས་གྲོངས་སོང་ན་མཚམས་ཁང་སྤྱི་ལ་འབུལ་དགོས་པ་དང་། གསར་དུ་ཞུགས་ན་ལི་ཐང་དགོན་པའི་ལས་ཐོག་གི་མཁན་པོ་ལ་རྙན་གསན་ཞུས་ཏེ། ཞུགས་སྒོར་མཁན་པོ་ལ་འབུལ་དགོས་པ་ཡིན་ནོ། ལི་ཐང་དགོན་པས་གྲྭ་སྐལ་སྐུ་འགྱེད་ཅི་ཡོད་མཚམས་པ་རྣམས་ལ་འབུལ་དགོས་པ་མ་ཟད། རི་ཁྲོད་པ་རང་ལ་ཡང་ཤེ་འབྲི་བརྒྱད་ཅུ་ལྷག་ཙམ་དང་དེ་མིན་གྱི་རིམ་གྲོ་བསྔོ་རྟེན་སོགས་ལ་བརྟེན་ནས་འཚོ་བ་སྤྱོད་པ་ཡིན་ནོ།

ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་སྐབས་དགོན་པ་རྟེན་དང་བརྟེན་པ་བཅས་པ་མིང་གི་ལྷག་མ་གྱུར། སླད་ནས་ཆོས་དར་རང་མོས་ཀྱི་སྲིད་ཇུས་ཡང་དག་འོད་སྔོན་མ་ནང་བཞིན་འདུ་ཁང་གསར་བཞེངས་བྱས་ཏེ། རྒྱུ་སྨན་འདམ་ལས་བསྐྲུན་པའི་བྱམས་པ་བརྩེགས་ཚད་དང་། རྗེ་ཡབ་སྲས་གསུམ་དང་དམ་ཅན་ཆོས་རྒྱལ་གྱི་སྐུ་བཅས་མི་ཚད་དང་། རྒྱལ་བའི་བཀའ་འགྱུར་ཆ་གཅིག་དང་། [page 63] མཚམས་ཁང་བཞི་ལ་མཚམས་ཁང་བཞི་ལ་མཚམས་པ་གསུམ་གྱིས་དཔའ་གཅིག་དབང་ཆོག་ཉིན་ཉི་ཤུ་ཙམ་ལ་འཚོགས་བཞིན་ཡིན་ནོ། དགོན་པའི་ལོ་རྒྱུས་འདི་ནི་ལི་ཐང་དགོན་པའི་ལོ་རྒྱུས་སོགས་ལ་གཞི་བྱས་ཏེ་རྣམ་པོ་ཚེ་རིང་གིས་གསུངས་པ་བཞིན་མུ་པོས་བྲིས་པའོ།

བྲག་དཀར་རི་ཁྲོད་ཀྱི་ལོ་རྒྱུས།

བོད་རབ་བྱུང་བཅུ་བཞི་པའི་དཀྱིལ་ཙམ་དུ་མཁས་ཚུལ་གྱི་ཡོན་ཏན་དུ་མས་ལེགས་པར་བརྒྱན་པ་བྲག་དཀར་རི་ཁྲོད་པ་སེ་སྨད་དགེ་བཤེས་མཁས་གྲུབ་དམ་པ་གང་གི་རི་ཁྲོད་འདི་ཉིད་ཕྱག་བཏབ་སྟེ།

སྒྲུབ་རྒྱུད་ཉམས་ལེན་གྱི་བསྟན་པའི་རྒྱལ་མཚན་བླ་ལྷག་ཏུ་བསྒྲེངས་ནས། འདུ་ཁང་ཀ་བ་བཅུ་དང་མཚམས་ཁང་ཉེར་ལྔ་ཙམ་གསར་སྐྲུན་མཛད་ཅིང་། གཙུག་ལག་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་གསང་བདེ་འཇིགས་གསུམ། རྗེ་ཡབ་སྲས་གསུམ་བཅས་མི་ཚད་ཙམ་དང་། སྟོན་པ་འཇམ་དབྱངས། གསང་བདེ་འཇིགས་གསུམ་བཅས་ཀྱི་སྐུ་ཐང་དང་། སངས་རྒྱས་སྟོང་སྐུའི་བར་ཐང་བཅས་ལེགས་བསྐྲུན་མཛད། དེ་ནས་བྲག་དཀར་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ་དང་། སྐུ་ཕྲེང་གསུམ་པ་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་བཅས་ཀྱིས་རིམ་བཞིན་སྒྲུབ་རྒྱུད་ཀྱི་བསྟན་པ་བསྐྱངས། རི་ཁྲོད་འདིར་མཚམས་པ་ཉེར་ལྔས་ཉམས་ལེན་གྱི་གཙོ་བོ་གསང་བདེ་འཇིགས་གསུམ་དང་། དུས་འཁོར་བཅས་ལ་མཛད་ཅིང་། ལི་ཐང་དགོན་པར་འགྱེད་གཏོང་སྒོ་གང་ཡོད་ཀྱི་བགོ་ཐོབ་དནག་དད་གཤིན་རྫས་སོགས་ཀྱི་འཚོ་བ་ལ་བརྟེན་ནས། སྒྲུབ་པ་ཉམས་ལེན་གྱི་ཚེ་མཐའ་འཁྱོལ་བ་ཡིན་ནོ། བཅོས་སྒྱུར་སྐབས་མཚམས་ཁང་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར་པ་ཡིན་ནོ། ལོ་རྒྱུས་འདི་ནི་ལི་ཐང་དགོན་པའི་ལོ་རྒྱུས་སོགས་ལ་གཞི་བྱས་རྣམ་པོ་ཚེ་རིང་གི་ངག་རྒྱུན་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

སྨན་ལུང་རི་ཁྲོད་ཀྱི་ལོ་རྒྱུས།

རྗེ་ཁྲི་ཆེན་ངག་དབང་མཆོག་ལྡན་གང་གིས་བོད་རབ་བྱུང་བཅུ་གཉིས་པའི་སྨན་ཙན་དུ་རི་ཁྲོད་འདི་ཉིད་ཕྱག་བཏབ་མཛད་དེ། ཁྲི་ལུང་རྟོགས་དགེ་ལེགས། ཁྲི་དྲི་མེད། ཨ་བཟེ་བླ་མ། དགེ་བཤེས་དཔལ་ལྡན་ཆོས་གྲགས། ལི་ཐང་སྐྱབས་མགོན་སོགས་སྐྱེས་ཆེན་དམ་པ་སུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད་དེ། འདི་ཁང་ཀ་བ་བཅུ་དྲུག་གི་བདག་ཉིད་ཅན་ཞིག་བཞེངས་ཏེ་ནང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་། སྟོན་པ་གཙོ་འཁོར་གསུམ་དང་[page 64] གནས་རྟན་བཅུ་དྲུག་སྒོ་སྲུང་བཞི། གདན་རབས་རིམ་བྱོན་གྱི་གསེར་གདུང་མཆོད་རྟེན། རྒྱན་དྲུག་མཆོག་གཉིས། སངས་རྒྱས་སྟོང་སྐུ། སྒྲོལ་མ་སྟོང་སྐུ་བཅས་ཀྱི་གསེར་ཐང་གང་མང་དང་། གཙུག་ལག་ཁང་གི་ལྡེབས་བྲིས་དང་མཆོད་ཆས་སོགས་བཞུགས་པར་མ་ཟད། གནས་བརྟན་བཅུ་དྲུག་གི་གྲངས་དང་སྒོ་ཀུན་ནས་མཚུངས་པའི་མཚམས་ཁང་དང་མཚམས་པ་བཅས་བཞུགས་པ་ལ་ལི་ཐང་དགོན་པའི་འགྱེད་གཏོང་སྒོ་གང་ཡོད་ཀྱིས་ཡོན་སྦྱོར་མཛད་ནས་ཐུགས་དམ་གྱི་གཙོ་བོ་གསང་བདེ་འཇིགས་གསུམ་དང་དུས་འཁོར་བཅས་མཛད་དེ་ཚེ་མཐར་འཁྱོལ་བ་ཡིན་ནོ། དེ་རྗེས་རིམ་གྱིས་བཟང་སྤྱོད་གྲྭ་ཚང་གི་གྲྭ་པས་གཙོ་འདུ་ཚོགས་ཇེ་མང་དུ་འགྱུར་ཏེ་གྲྭ་ཁང་ལྔ་བཅུ་ལྷག་ཙམ་གསར་བསྐྲུན་བྱས་ནས་དགོན་པའི་མཚན་བཟང་སྤྱོད་ཆོས་འཁོར་གླིང་ཞེས་གསོལ་ཞིང་ལོ་རེ་བཞིན་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་དུ་དགུ་གཏོར་ཆེན་མོ་དང་སྨོན་ལམ་དགའ་ལྡན་ལྔ་མཆོད་བཅས་ལ་བཞུགས་དགོས་པ་དང་། ཡུལ་དེའི་རྟ་རྒྱུག་སྐབས་ཟླ་བ་གཉིས་རེ་ཙམ་ཚོགས་མཆོད་བཅས་འཚོགས་དགོས་པ་དང་། ཚོགས་པའི་གཏོང་སྒོ་གྲྭ་པ་རེ་ལ་ཤེ་འབྲི་མ་རེ་དང་དད་ལྡན་རྣམས་ཀྱིས་འབུལ་རྫས་དང་སྤྱི་པའི་ཚོང་ཁེ་སོགས་ལ་བརྟེན་པ་ཡིན་ནོ།

དེ་ལྟར་ས་གནས་ཁྱད་པར་ཅན་བཀྲ་ཤིས་ཤིང་བྱིན་ཆགས་པིའ་གནས་མཆོག་དེར་སྨན་ལུང་དང་བཟང་སྤྱོད་གཉིས་གཅིག་ཏུ་བསྡུས་པའི་བཟང་སྤྱོད་ཆོས་འཁོར་གླིང་དེ་ངོ་རྒོལ་བཞི་དང་རིག་གསར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར། དེང་ཆོས་ལྡན་བོད་འབངས་ཀྱིས་དང་པའི་རང་དབང་སྤྲིན་གསིབ་ཀྱི་ཉི་མ་ཤར་མ་ཐག་གདན་ས་འདིའི་མཆོག་སྤྱུལ་ཡེ་ཤེས་ཕུན་ཚོགས་ཀྱིས་གསེར་སྐུ་ལི་རྙིང་དང་གཏེར་མའི་རོལ་ཆས་སྐོར་མང་ཙམ་དགོན་གཞུང་ལ་ཕུལ་བས་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། མཆོག་སྤྲུལ་བློ་བཟང་འཇམ་དབྱངས་ཀྱིས་གཙོ་བྱས་ཏེ་བཟང་སྤྱོད་དགོན་པའི་གཙུག་ལག་ཁང་དང་གྲྭ་ཤག་བཅོ་ལྔ་གསར་བསྐྲུན་མཛད་དེ། འདུ་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྗེ་ཡབ་སྲས་གསུམ་རྩེག་ཚད་དང་། ཇོ་བོ། རིགས་གསུམ་དགོན་པོ། བྱམས་པ། ཐུབ་དབང་། གནས་བརྟན་བཅུ་དྲུག་བཅས་ཁྲུ་གཉིས་ཙམ་དང་། ཀརྨ་བ་དུས་གསུམ་མཁྱེན་པའི་ལི་སྐུ་གཅིག་དང་། ཀརྨ་བ་དུས་གསུམ་མཁྱེན་པའི་གཏེར་ནས་བཏོན་པའི་གཏེར་ཁྲོ་དང་སྲུང་མའི་སྐུ་ཐང་གཅིག བྱ་ཤང་ཤང་གི་གཏེར་སྦུབ་བཅས་བཞུགས། དགོན་པའི་བླ་གྲྭ་ལྔ་བཅུ་ཙམ་གྱི་ཡོན་གྱི་འབྱུང་ཁུངས་དང་ཚེས་དུས་སྒྲུབ་མཆོད་རྣམས་སྔོན་མ་ནང་བཞིན་ཡིན་ནོ། དགོན་པའི་ལོ་རྒྱུས་འདི་ནི་དགོན་པ་རང་གིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས་རྣམ་པོ་ཚེ་རིང་གི་ངག་རྒྱུན་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

གནས་ཕུ་རི་ཁྲོད་ཀྱི་ལོ་རྒྱུས།

སྔོན་འཛམ་གླིང་མི་ཡི་ཉི་མ་སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་བོད་གངས་ལྗོངས་ཀྱི་[page 65] འཛིན་མ་ཡོངས་ལ་མངའ་དབང་སྒྱུར་བའི་དུས། གནས་འདིར་ལྷ་ཁང་ཀ་བ་བཅུ་གཉིས་ཅན་ཞིག་གསར་བསྐྲུན་མཛད་པ་དེ་ལ་ཡོངས་གྲངས་ཀྱི་གེ་སར་ལྷ་ཁང་ཞེས་བརྗོད་པ་དེ་ཡིན་ལ། ནང་རྟེན་གཙོ་བོ་རྒྱུ་སྨན་འདམ་ལས་བསྐྲུན་པའི་གླིང་གི་དཔལ་ཐུབ་སུམ་ཅུའི་འདྲ་སྐུ་དང་། གླིང་གེ་ཕ་འབུམ་དུམ་པ་བཅུ་གསུམ། གེ་སར་རྒྱལ་པོའི་ཆིབས་སྒ། འབྲུག་མོའི་བླ་གཡུ་བཅས་བཞུགས་པར་མ་ཟད། ཁྲི་བྱུང་རིན་པོ་ཆེའི་རྣམ་ཐར་ལས། ཉིན་གཅིག་གནས་དེའི་ཕུར། ཀམ་པོ་གནས་ཞེས་ཐ་སྙད་གདགས་གཞིའི་རྩ་བ་ཕ་བོང་ཆེན་པོ་ཡི་གེ་ཀ་རང་བྱོན་ཅན་ཞིག་ཡོད་པ་དེ་མཇལ་ཞིང་ཚོགས་འཁོར་ཕུལ། དེའི་ལམ་ཞོལ་ལྷ་ཁང་ཞིག་ཏུ་གླིང་གེ་སར་གྱི་དཔའ་བརྟུལ་མང་པོའི་གོ་ཁྲབ་དང་། མདའ་གྲི་མདུང་གསུམ་སོགས་མཚོན་ཆ་མང་པོ་དང་། རྒྱ་ཚ་ཞལ་དཀར་གྱི་རལ་གྲི་ཡ་ཟི་སྐར་བྲན་སོགས་མཇལ་རྒྱུ་འདུག་ཅེས་གསུངས་ལྟར་ཡིན་ནོ། དེ་རྗེས་ཀརྨ་དུས་གསུམ་མཁྱེན་པས་གནས་སྒོ་ཕྱེས་ཏེ་དཔལ་རྒྱལ་བ་བཀའ་བརྒྱུད་པའི་སྒྲུབ་རྒྱུད་ཀྱི་བསྟན་པའི་རྒྱལ་མཚན་བསྒྲེངས་བའི་སྐྱེས་ཆེན་དུ་མ་ཞིག་བྱོན་པར་མ་ཟད། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་དུས་ཙམ་ནས་འབྲོག་རི་བོ་དགེ་ལྡན་པའི་སྒྲུབ་རྒྱུད་ཀྱི་བསྟན་པ་སྐྱོང་བའི་གནས་བརྟན་བཅུ་དྲུག་གི་གྲངས་དང་སྒོ་ཀུན་ནས་མཚུངས་པའི་མཚམས་ཁང་དང་མཚམས་པ་རྣམས་ཀྱིས་ཉམས་ལེན་གྱི་གཙོ་བོ་གསང་བདེ་འཇིགས་གསུམ་དང་ཐུགས་དམ་མཛད་དེ། ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་གི་འགྱེད་གཏོང་སྒོ་གང་ཡོད་ཀྱི་ཡོན་སྦྱོར་ལ་བརྟེན་ནས་སྒྲུབ་པ་ཉམས་ལེན་གྱི་སྐུ་ཚེ་འདའ་བ་ཡིན་ནོ། བཅོས་སྒྱུར་སྐབས་རི་ཁྲོད་རྟེན་དང་བརྟེན་པ་བཅས་འཇིག་ནས་མིང་གི་ལྷག་མར་གྱུར། སླད་ཆོས་ལུགས་དད་མོས་ཀྱི་སྤྲིན་གསེབ་ཉི་བོད་གངས་ལྗོངས་ཀྱི་ས་འཛིན་སྤོར་འཆར་བ་དང་མཉམ་དུ་ལྷ་ཁང་ཞིག་གསོ་མཛད་སྐབས་གླིང་གི་ཕ་འབུམ་དུམ་པ་བཞི་དང་འབྲུག་མོ་བླ་གཡུ་བཅས་སླར་ཡང་རྙེད་ནས་ལྷ་ཁང་གྱི་རྒྱ་ཚད་སྔོན་མ་ནང་བཞིན་གསར་བསྐྲུན་བྱས་ཏེ་གོང་གི་གསར་རྙེད་ཀྱི་རྟེན་རྣམས་བཞུགས་སུ་གསོལ་བ་ཡིན་ནོ། ལོ་རྒྱུས་འདི་ནི་ཀམ་པོའི་གནས་ཡིག་དང་ཁྲི་བྱང་རིན་པོ་ཆེ་རྣམ་ཐར་རྣམས་ལ་གཞི་བྱས་རྣམ་པོ་ཚེ་རིང་གི་ངག་རྒྱུན་ཁུང་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

ཚྭ་ཁ་རི་ཁྲོད་ཀྱི་ལོ་རྒྱུས།

བོད་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་གཡོན་རུ་ཝ་ཤུལ་དཔོན་པོ་བསོད་ནམས་ནོར་བུའི་སྤུན་མཆེད་ཁྲོམ་ཐོག་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་ཕྲེང་ལྔ་པ་སྤྲུལ་པའི་སྐུ་མཆོག་བསོད་ནམས་ཆོས་རྒྱལ་གྱིས་ཕྱག་བཏབ་མཛད། དེ་ནས་སྐུ་ཕྲེང་དྲུག་པ་སྤྲུལ་པའི་སྐུ་མཆོག་ཕྲིན་ལས་དཔལ་ལྡན། སྐུ་ཕྲེང་བདུན་པ་ངག་དབང་བློ་བཟང་ཕྲིན་ལས་ཕུན་ཚོགས། སྐུ་ཕྲེང་བརྒྱད་པ་ཡོན་ཏན་རྒྱ་མཚོ། སྐུ་ཕྲེང་དགུ་པ་ངག་[page 66] དབང་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། སྐུ་ཕྲེང་བཅུ་པ་བསྟན་འཛིན་མཁྱེན་རབ་ཀྱིས་རི་ཁྲོད་འདིའི་སྒྲུབ་རྒྱུད་ཀྱི་བཙན་པ་ཆེ་ཆེར་བསྒྲེངས་བ་ཡིན་ལ། རི་ཁྲོད་འདིའི་གཙུག་ལག་ཁང་ཀ་བ་བཅུ་དྲུག་གི་བདག་ཉིད་དང་། མཚམས་ཁང་ཉེར་ལྔ་ཡོད་པ་ལས། འདུ་ཁང་རྒྱུ་སྨན་འདམ་ལས་བསྐྲུན་པའི་སྟོན་པ་དང་རྗེ་གཙོ་འཁོར་གསུམ་རྩེག་ཚད་དང་། བྱམས་པ་མི་ཚད་ཙམ་དང་། གསང་བདེ་འཇིགས་གསུམ་གྱི་བློས་བསླངས་དང་དཀྱིལ་ཐང་། ཀུན་རིག་གི་ཞལ་ཐང་། སྒྲོལ་མ་ཉེར་གཅིག་གི་སྐུ་ཐང་དང་ཀུན་རིག་གི་པར་ཤིང་བཅས་བཞུགས་སུ་གསོལ། མཚམས་པ་ཉེར་ལྔའི་གཙོ་བོའི་ཐུགས་དམ་གསང་བདེ་འཇིགས་གསུམ་དང་དུས་འཁོར་མི་འཁྲུགས་པ་བཅས་ལ་མཛད་དེ། རབ་རྒྱས་གླིང་དང་ལི་ཐང་བྱམས་ཆེན་གླེང་གཉིས་ཀྱི་འགྱེད་གཏོང་སྒོ་གང་ཡོད་ཀྱི་ཡོན་སྦྱོར་སོགས་ལ་བརྟེན་ནས་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་སྐུ་ཚེ་མཐར་ཕིན་པ་ཡིན་ནོ།།

བཅོས་སྒྱུར་དང་རིག་གསར་སྐབསརི་ཁྲོད་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར། སླད་ཆོས་སྒོ་ཕྱེ་སྐབས་འདུ་ཁང་དང་མཚམས་ཁང་བཅུ་ཙམ་གསར་བསྐྲུན་མཛད་དེ། རབ་རྒྱས་གླིང་གི་སྦྲ་གུར་མཆོད་རྫས་གདན་ཐབ་བཅས་བཞག་འཇོག་མཛད་པའི་བདག་གཉེར་ཁང་དང་། འདུ་ཁང་དུ་དགུན་ཆོས་མགོན་པོ་ཁྲི་ཚར་རེ་འཚོགས་བཞིན་ཡིན་ནོ། ལོ་རྒྱུས་འདི་རབ་རྒྱས་དགོན་པའི་ལོ་རྒྱུས་ལི་ཐང་བྱམས་ཆེན་གླིང་གི་ལོ་རྒྱུས་བཅས་ལ་གཞི་བྱས་རྣམ་པོ་ཚེ་རིང་གི་ངག་རྒྱུན་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

ཝ་དགོན་ཕུན་ཚོགས་གླིང་གི་ལོ་རྒྱུས།

བོད་རབ་བྱུང་དྲུག་པའི་ནང་ཙམ་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་ཞང་སྟོན་ཆོས་རྒྱལ་གྱིས་ཕྱག་བཏབ་མཛད་དེ། ས་སྐྱའི་ངོར་ལུགས་ཀྱི་བསྟན་པ་སྐྱངས་ནས་ཡུན་རིང་སོང་། ཕྱིས་སུ་ལི་ཐང་བློ་བཟང་དཔལ་འབྱོར་གྱིས་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་ནས། ལི་ཐང་དགོན་པས་དགེ་བཤེས་སོགས་གཏོང་མངག་མཛད་དེ། མོ་ལྷ་དམ་ཆོས། བྲ་ཡག་ཚུལ་ཁྲིམས་དབང་པོ། བསམ་འགྲུབ་རྒྱ་མཚོ། མགོ་སེར་དགེ་བཤེས། ཨ་ལག་བྱམས་པ་དཔལ་ལྡན། ཀརྨ་དགེ་བཤེས་དགེ་འདུན་རྒྱ་མཚོ། ཨ་ཀ་ལྷག་དགེ་བྱམས་པ་ཆོས་གྲགས། རྒྱ་དགེ་ཐུབ་བསྟན་ལུང་རིག ཞལ་ངོ་ཆོས་འཕེལ་སོགས་བྱོན་ནས་དགེ་བསྟན་དར་རྒྱས་མཛད་པར་གྲགས་སོ།

གཙུག་ལག་ཁང་དང་རྟེན་གསུམ་སྐོར་ནི། གཙུག་ལག་ཁང་ཀ་བ་བཞི་བཅུ་ལ་ཐོག་རྩེག་བཞི་དེ་ལ་ལོགས་བྲིས་སུ་སྟོན་པའི་མཛད་པ་བཅུ་གཉིས། གུ་རུ། རྗེ་ཡབ་སྲས་གསུམ། གསང་བདེ་འཇིགས་གསུམ་སོགས་ཡི་དམ་སྐོར་དང་། མགོན་ཆོས་སྣ་ལྔ་སོགས་ཆོས་སྐྱོང་སོགས་ཀྱི་ལོགས་བྲིས་དུ་མ་[page 67] དང་། རྒྱུ་སྨན་ལས་བསྐྲུན་པའི་རྗེ་བཙུན་བྱསམ་པའི་སྐུ་དང་། གུ་རུའི་སྐུ། རྗེ་ཡབ་སྲས་གསུམ་སྟོན་པ། ཚེ་དཔག་མེད། འཇིགས་བྱེད་བཅས་རྩེག་ཚད་དང་། རྡོ་རྗེ་འཇིགས་བྱེད་གཞལ་ཡས་ཁང་ཁང་མིག་གཅིག་དང་། གནས་བརྟན་བཅུ་དྲུག་གི་སྐུ་ཁྲུ་གང་། མགོན་ཁང་དུ་ཆོས་སྐྱོང་བདུན་གྱི་འདྲ་སྐུ་རྩེག་ཚད་དང་། ཟངས་གསེར་ལས་བསྐྲུན་པའི་ཐུབ་དབང་མེ་བདུན་གསུང་འབྱོན་མ་ཁྲུ་དོ། ཐུབ་དབང་ཚུལ་ཁྲིམས་མ་ཁྲུ་དོ། རྒྱ་ནག་ལི་མ་དང་བཀའ་གདམས་མཆོད་རྟེན་ཁྲུ་གང་བ་སུམ་ཅུ་ལྷག་དང་། རྣམ་རྒྱལ་མཆོད་རྟེན་ཁྲུ་གང་ཅན་དང་དེ་མིན་གསེར་སྐུ་མཐོ་ཚད་མ་སུམ་ཅུ་ལྷག་དང་། གསེར་བྲིས་ཀྱི་སྐུ་ཐང་སྐོར་ལ། མཆོད་རྟེན་ཆ་བརྒྱད་ཀྱི་སྐུ་ཐང་བརྒྱད་དང་། རྗེ་ཡབ་སྲས་གསུམ་གྱི་སྐུ་ཐང་རྣམས་རྩེག་ཚད་དང་། སྟོན་པའི་སྐུ་ཐང་རྩེག་ཕྱེད་དང་། བདེ་མཆོག གསང་འདུས། འཇིགས་བྱེད། དགེ་བྱམས་པ་ཆོས་གྲགས་ཀྱིས་བཞེངས་པའི་ཞིང་བཀོད་དང་། ཟངས་མདོག་དཔལ་རིའི་ཞིང་བཀོད། གནས་བརྟན་བཅུ་དྲུག་གི་སྐུ་ཐང་བཅུ་དྲུག་དང་། རྗེས་གཟིགས་པ་ལྔ་ལྡན་གྱི་སྐུ་ཐང་གཉིས་བཅས་ཁྲུ་དོ། གཞན་ཡང་གོས་ཆེན་གྱི་ཚེས་དྲུབས་ཀྱི་གནས་བརྟན་བཅུ་དྲུག་དང་། རྗེ་ཡབ་སྲས་ཀྱི་སྐུ་ཐང་དང་། གསུང་རབ་སྐོར་ལ། རྒྱལ་བའི་བཀའ་འགྱུར་ཆ་བཞི། བསྟན་འགྱུར་ཞ་གཅིག འབུམ་ཆ་གཅིག་དང་། བསྐལ་བཟང་གསེར་བྲིས་པོད་གཅིག་བཅས་གསུང་རབ་ཏུ་མ་དང་། རོལ་ཆས་སྐོར་ལ། སྦུབ་ཆལ་འཛམ་གླིང་གཡས་བཞག་གིས་མཚོན་སྦུབ་ཆལ་ཆ་ཉི་ཤུ་ལྷག་དང་། བྱ་ཤང་ཤང་གིས་སིལ་སྙན་གྱིས་མཚོན་སིལ་སྙན་གྱིས་མཚོན་སིལ་སྙན་ཆ་གསུམ་དང་། འཁར་རྔ་གཉིས། རབ་གནས་དགེ་ལེགས་ཆར་འབེབས་སྐབས་མ་གཏོགས་མི་སྤྱོད་པའི་དྲིལ་བུ་ཨ་བསེ་རབ་འབྱམས་ཀྱིས་མཚོན་དྲིལ་བུ་བཞི་བཅུ་ལྷག་དང་། གསེར་དངུལ་གྲ་མའི་རྣམ་རྒྱལ་བུམ་པས་མཚོན་བུམ་པ་ཆ་ཉི་ཤུ་ཙམ་དང་། དངུལ་གྱི་བདུན་ཚར་ཆེན་པོ་ཆ་གསུམ་དང་ཆུང་བ་ཆ་ལྔ། ལིའི་བདུན་ཚར་ཆ་ལྔ། རག་ཀོང་སྟོང་ལྷག་དང་། རྔ་ཆེན་བཞི། རྔ་ཕྲག་བཅུ་དྲུག དུང་དཀར་གསུང་འབྱོན་མས་མཚོན་དུང་དཀར་ཆ་བརྒྱད་དང་། དངུལ་གྱི་དབུ་རྒྱན་ཉུ་ཤུ་དང་གོས་ཆེན་རྒྱ་གསེར་ལས་གྲུབ་པའི་སྟོད་འབག་ཉི་ཤུ། དཔུང་རྒྱན་ཉི་ཤུ། རྣ་རྒྱན་ཉི་ཤུ་དང་། དགེ་བཤེས་བསྟན་ཆོས་འཕེལ་གྱཻས་ཕུལ་བའི་གོས་ཆེན་རྒྱལ་མཚན་གཅིག་དང་། དགེ་བཤེས་བྱམས་པས་ཕུལ་བ་གཅིག་དང་ཤ་རྫ་མཁན་པོ་བློ་བཟང་འཕགས་པས་ཕུལ་བ་གཅིག་བཅས་རྒྱལ་མཚན་དྲུག་དང་། རྒྱ་ནག་ཚེམ་དྲུབས་གྱི་ཀ་ཤུབས་དྲུག་བཅས་མཆོད་རྫས་དུ་མ་དང་། དགོན་འོག་མ་ཕུན་ཚོགས་གླིང་ནི་ཉག་རོང་བླ་མ་གྲགས་པ་རྒྱལ་མཚན་གྱིས་བཞེངས་བའི་ཀ་བ་བཞིའི་སར། དེར་རྟེན་གྱི་གཙོ་བོ་རྒྱུ་སྨན་འདམ་ལས་བསྐྲུན་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་སྒྲོལ་མ་དཀར་སྔོན་གཉིས། བཀའ་གདམས་མཆོད་རྟེན་དང་དགེ་སློང་དཔལ་མོ་སྐུ་ཆས་ཆ་ཚང་དང་། ཟངས་དཀར་ཨ་ཐར་རིགས་བཟང་གསུང་འབྱོན་མས་མཚོན་ཟངས་དཀར་དགུ་དང་རྒྱ་ནག་གི་གདན་རིང་དང་གཙང་སར་གྱི་གདན་བཅས་གདན་ཐུང་བཞི་བཅུ་ལྷག་ཙམ་ཡོད་དོ།

[page 68] དགེ་བཤེས་དང་སྒྲུབ་མཆོད་སྐོར། མཁན་པོ་དང་སློབ་དཔོན་དགེ་སྐོས་དབུ་མཛད་བཅས་དགེ་འདུན་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་ལ། གྲྭ་ཤག་དྲུག་ཅུ་དང་མི་ཚན་བཞི། ཆོས་ཐོག་བཅུ་གཉིས་ཡོད་པ་དེ་བོད་ཟླ་དང་པོའི་ཚེས་བརྒྱད་ནས་བཅུ་དྲུག་བར་ཚོགས་ཆེན་སྨོན་ལམ་ཆེན་མོ་ཉིན་བརྒྱད་དང་། ཚེས་བཅུད་བདུན་ནས་ཉི་ཤུ་བར་སྨན་བླའི་ཆོ་ག བོད་ཟླ་གཉིས་པའི་ཚེས་བཅུ་གཅིག་ནས་བཅུ་དྲུག་བར་ཕུན་ཚོགས་གླིང་དུ་སྙུང་གནས་དཀར་པོ་ཆ་བརྒྱད། བོད་ཟླ་གསུམ་པའི་ཚེས་ཉེར་གསུམ་ནས་སུམ་ཅུའི་བར་ཉིན་བརྒྱད་ལ་མ་ཎི་ཆོ་ག བོད་ཟླ་བཞི་པའི་ཚེས་གཅིག་ནས་བཅུ་དྲུག་བར་སྙུང་གནས། བོད་ཟླ་ལྔ་པའི་ཆེས་བརྒྱད་ནས་ཕུན་ཚོགས་གླིང་དུ་ཇིགས་བེཡད་ཉིན་ཉི་ཤུ། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་ཚེས་བཅོ་ལྔ་བར་དབཡར་གནས། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་ལྷ་བབས་དུས་ཆེན། བཅུ་པའི་ཚེས་ཉེར་བཞི་ནས་ཉིན་བརྒྱད་ལ་དགའ་ལྡན་ལྔ་མཆོད། བཅུ་གཅིག་པའི་ཚེས་བརྒྱད་ནས་བདེ་མཆོག་ཉིན་བརྒྱད། བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་ཉེར་དགུའི་བར་སྤྱི་གཏོར། ཉེར་བརྒྱད་ལ་སྐྱ་འཆམ་དང་ཉེར་དགུ་ལ་འབག་འཆམ་བཅས་སོ།

དཔལ་འབྱོར་སྐོར། དགོན་པའི་སྤྱི་ཁག་ལྔ་ལ་དངུལ་རྡོ་ཚད་ཉིས་སྟོང་ལྷག་ཙམ་དང་། མཆོད་ཞིང་ཞིང་པ་དུད་ཁག་བཅུ་གཉིས་ལ་ཞིང་ཁལ་དྲུག་ཅུ་ལྷག་ཙམ། དུད་ཚང་བཞི་ལ་ཤེ་མ་འབྲུ་མཛོ་མོ་བདུན་ཅུ་ལྷག་དང་སྦྲ་དང་སྣོད་ཆས་བཅས་ཆ་ཚང་ངོ་། དམངས་གཙོ་བཅོས་སྒྱུར་དང་རིག་གནས་བརྗེ་སྐབས་དགོན་པ་རྟེན་དང་བརྟེན་པར་མིང་གི་ལྷག་མར་བྱས། སླད་ནས་ཏང་གི་སྲིད་ཇུས་བཟང་པོའི་འོག་བསྐྱར་གསོ་ཆོག་པའི་གོ་སྐབས་བཟང་པོ་དེ་ཉིད་བྱུང་སྟེ། ཐོག་མར་ཆ་རྐྱེན་ཞན་པས་གུར་དཀར་པོ་ཞིག་གི་འདུ་ཁང་བྱས་ཏེ། རྒན་བྱམས་པ་ཆོས་གྲགས་ཀྱི་དབུ་མཛད་འོག་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ། གཅིག་དགུ་དགུ་བཅུ་ཐམ་པའི་ལོར་ཕུན་ཚོགས་གླིང་གི་ལྷག་རྒྱབ་ཏུ་གཙང་ཤུལ་རིན་པོ་ཆེ་ཚེ་རིང་རྡོ་རྗེས་དགོན་པའི་ས་གཟིགས་མཛད་དེ་འདུ་ཁང་ཀ་བ་ང་བཞི་ལ་ཀ་རིང་བརྒྱད་ཡོད་པའི་སུམ་ཐོག་ཞིག་བཞེངས། མཐའ་སྐོར་དུ་གྲྭ་ཁང་སོ་གཅིག་ལ་གྲྭ་བ་བརྒྱ་དང་ཉི་ཤུ་ཙམ་ཡོད་དོ། གཙུག་ལག་ཁང་དུ་རྒྱ་གར་ནས་བཟོ་པ་རྒྱུ་ཡངས་རག་ལས་བསྐྲུན་པའི་སྟོན་པའི་སྐུ་ཁྲུ་གསུམ་དང་། རྗེ་ཡབ་སྲས་གསུམ་གྱི་སྐུ་ལས་རྗེ་ཁྲུ་བཞི་དང་སྲས་གཉིས་ཁྲུ་གསུམ་ཙམ་དང་། རྒྱལ་བའོ་བཀའ་འགྱུར་ཆ་གཅིག་དང་མདོ་སྡེ་བསྐལ་བཟང་གིས་མཚོན་གསུང་འབུམ་སོགས་པོད་བརྒྱ་ཕྲག་ལྷག་དང་། དགོན་པའི་དུས་མཆོད་དང་མཆོད་ཐོག་སོགས་དམ་པ་གོང་མའི་ཕྱག་ལེན་ནང་བཞིན་ཡིན་ཡང་། དགོན་པའི་མངའ་འོག་གི་ཁྱིམ་དུད་ཉིས་བརྒྱ་ཙམ་གྱི་དད་གཤིན་གྱི་རྫས་ཙམ་མ་གཏོགས་དཔལ་འབྱོར་གྱི་ཡོང་སྒོ་གཞན་མེད་པས། སྔོན་གྱི་མཆོད་ཐོག་གི་ཕྱེད་ཙམ་མ་གཏོགས་འཚོགས་མི་ཐུབ་པ་ཡིན་ནོ། དགོན་པའི་ལོ་རྒྱུས་འདི་ནི་དགའ་ལྡན་ཆོས་འབྱུང་བེེ་སེར་དང་རྒན་བྱམས་པ་ཆོས་གྲགས་ཀྱི་ངག་རྒྱུན་ལྟར་མུ་པོས་སྦྱར་བའོ།

མི་འགྱུར་དགོན་གྱི་ལོ་རྒྱུས།

[page 69] དགོན་པ་འདི་ནི་མཁས་གྲུབ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོས་ཕྱག་བཏབ་གནང་། སྐྱེས་བུ་ཆེན་པོ་འདི་ཉིད་དཔལ་ལྡན་ས་སྐྱ་ནས་རིམ་པར་དཔག་ཚད་མང་པོ་བགྲོད་པའི་ཤར་ཕྱོགས་སུ་སྤོ་འབོར་སྒང་ཆེན་ཞེས་བྱ་བའི་སའི་ལྟེ་བ། ཆུ་བོ་གངྒ་དང་ཚུལ་མཚུངས་པ་རྒྱ་ཆུ་ཞེས་བྱ་བའི་རྒྱུ་མོ་ས་ཞེས་པའི་ཡུལ་གྱི་མཐིལ་དུ་འཁྲུངས།

དེ་ནས་བོད་རབ་བྱུང་བརྒྱད་པའི་དགེ་བྱེད་དེ་ཆུ་ཕོ་སྟག་གི་ལོར་བདག་ཉིད་ཆེན་པོ་དགུང་ལོ་བཞི་བཅུ་བཞེས་པའི་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་བཅུའི་ཉིན་གནས་བརྟན་བསམ་གྲུབ་སོགས་དཔོན་སློབ་ལྔ་ཙམ་རུ་ཕེབས་སྒང་ནས་རིམ་གྱི་བྱོན་ཏེ། གླང་ཆེན་སྒང་དུ་ཅུང་ཟད་བཞུགས་སྐབས་ཕ་བུ་གཉིས་བྱུང་ནས་བྱིན་རླབས་ཞུས་ཏེ་ཁྱེད་ལ་ཅི་མིང་སོགས་གསུངས་པས་རྟེན་འབྲལ་ཤིན་ཏུ་འགྲིགས་ནས། ཨེ་མ་ངོ་མཚར་ཅན་གྱི་གནས་མཆོག་འདིར་དགོན་པ་འདེབས་པ་ཡིན། ཁྱེད་གཉིས་ཀྱིས་ཀྱང་ཡོན་བདག་གྱིས་མཚར་ཅན་གྱི་གནས་མཆོག་འདིར་དགོན་པ་འདེབས་པ་ཡིན། ཁྱེད་གཉིས་ཀྱིས་ཀྱང་ཡོན་བདག་གྱིས་ཞེས་གསུངས། དེའི་ནུབ་མོ་རྨི་ལམ་མཚན་མ་སོགས་ཤིན་ཏུ་ལེགས་པར་བྱུང་། ཕྱི་ཉིན་དེ་གཉིས་དང་གཞན་ཡང་བདག་འགའ་ཞིག་གིས་འབུལ་བ་མང་པོ་ཁྱེར་ནས་བྱུང་བས། བླ་མས་རྟེན་འབྲལ་བཟང་མང་ཇ་སྐོལ། ཚོགས་དུང་བུས་ཞེས་གསུངས། ཚོགས་དུང་བུས་པས་ཚོགས་པ་ཅི་ཙམ་སྣང་གསུང་བས་ལྔ་དྲུག་བརྒྱ་ཙམ་གདའ་ལགས་ཞུས་པས། ཚོགས་པ་ཆེ་བ་འདུག་རྟེན་འབྲེལ་བཟང་གསུངས་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཚིག་མང་དུ་མཛད། དེ་ནས་རྒྱལ་བུ་དོན་ཀུན་གྲུབ་པ་དགའ་ལྡན་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་ཐ་སྐར་ཟླ་བའི་ཡར་ངོའི་ཚེས་གྲངས་དང་གཟར་སྐར་སྦྱོར་བྱེད་ལ་སོགས་པ་བཟང་པོ་ལ་བབས་པའི་ཉིན་གཅིག་གི་ཚེ་དགོན་པ་ཕྱག་བཏབ་མཛད་དེ། རིམ་གྱིས་དགེ་འདུན་སྟོང་ཕྲག་དུ་མ་ཚོགས་པ་ལ་ཕར་ཕྱིན། ཚད་མ། སྡོམ་གསུམ་རབ་དབྱེ། ས་སྐྱ་བཀའ་འབུམ། ཤེར་ཕྱིན་བརྒྱད་སྟོང་བ། མདོ་སྡེ་མཛངས་བླུན། འདུ་བ། དབུ་མ། མངོན་པ་གོང་འོག་དང་། སྤྱོད་འཇུག་སོགས་གཞུང་ཆེན་དུ་མ་ལ་འཆད་ཉན་མཛད། དེའི་ནང་ནས་རབ་བྱུང་བསྙེན་རྫོགས་སྒྲུབ་པ་དང་། གཞི་གསུམ་ཆོ་ག་ལག་ལེན་རྣམས་རྗེ་ཉིད་ཀྱིས་མཛད་པའི་འདུལ་བའི་བསླབ་བྱ་ཆེན་མོ་དང་། དེའི་མཐའ་གཅོད་བ་དན་དཀར་པོའི་ཕྲེང་བ་དང་། ལག་ལེན་ཀྱང་གཞན་དང་མ་འདྲེས་པར་རྩ་མདོ་གཉིས་དང་ལུང་སྡེ་བཞི། འདུལ་བ་འོད་ལྡན། མེ་ཏོག་ཕྲེང་རྒྱུད་སོགས་ལས་ཇི་ལྟར་བཤད་པ་བཞིན་མཛད་དོ། ཁོང་གི་གསུང་རྩོམ་སྐོར་ལ་ཚད་མ་རྣམ་འགྲེལ་བ་ཚོག་ཉུང་ལ་དོན་འདུས་པ་དང་། ཚད་མའི་སྤྱི་དོན་ཆེ་བ་ཐལ་ཕྲེང་ཞེས་པ་དང་། ཚད་མའི་མདོ་ཊཱཀྐི། རྣམ་འགྲེལ་ཊཱིཀྐ་སྤྱི་དོན་དང་བཅས་པ་ཤིན་ཏུ་རྒྱས་པ་[page 70] གཅིག སྡེ་བདུན་ཕྱི་མ་དྲུག་ལ་ཊཱིཀྐ་སྤྱི་དོན་དང་བཅས་པ་རེ་རེ། ཚད་མའི་ལྟ་ཁྲིད། ཕར་ཕྱིན་སྤྱི་དོན་དཔལ་དགོན་གདོང་བཞི་པའི་སྒྲུབ་ཐབས། དཔལ་མགོན་ཉམས་ལེན་བསྡུས་པ་ལ་སོགས་པ་བསྟན་བཅོས་ཤིན་ཏུ་མང་པོ་མཛད་དོ། དེ་ནས་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་གྱི་སྒོ་ནས་གཞན་དོན་ཕྲིན་ལས་རྒྱས་ཚུལ་འོག་ཏུ་འཆད་པར་འགྱུར་རོ། དེ་ལྟར་དམ་པ་ཉིད་ཀྱི་འགྲོ་དོན་རེ་ཞིག་རྫོགས་ནས་ལྕགས་མོ་ལུག་གི་ལོ་དགུང་ལོ་བདུན་ཅུ་བར་རྗེ་ཉིད་ཀྱི་སློབ་མའི་མཆོག་གནས་བརྟན་བསམ་གྲུབ་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་སྐུ་ཁམས་ཅུང་ཟད་སྙུང་བས་ཉེ་གནས་ཞིག་གིས་རྨི་ལམ་ཅི་འདྲ་ཞུས་པས་ད་ལོ་མྱུར་དུ་འཆི་བ་འདྲ། ང་འཆི་ན་བླ་མ་ཡང་གཤེགས་པར་འདྲ་ཞེས་རྒྱུ་མཚན་མང་དུ་གསུངས་ནས། ཚེས་བཅོ་ལྔའི་ནུབ་མོ་གཤེགས་ཏེ་སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར། ལོ་དེའི་ཧོར་ཟླ་བཅུ་པའི་ཚེས་བཅུ་དགུ་ཉིན་སློབ་དཔོན་རྣམས་ཀྱི་གཙོ་དགེ་བཤེས་ཆེན་པོ་དང་གླིང་གི་རྒན་པ་རྣམས་ལ་བོས་ཤིག་གསུངས་ནས། ཐམས་ཅད་སྐུ་མདུན་དུ་ཕེབས་པའི་ཚེ། ཀུ་རེ་དང་བཞད་གད་མང་དུ་མཛད་པས་ཐམས་ཅད་ཀྱི་གད་མོ་བྱས། དེ་ནས་ངེས་ཀྱིས་དབུས་པ་ཆོས་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ནོད་པ་ནས་བཟུང་གོང་དུ་སྨོས་པ་བཞིན་རབ་སྒང་དང་དབུས་གཙང་དུ་བྱོན་ནས་ཡོངས་འཛིན་དུ་མ་བསྟེན་ནས་ཆོས་གསན་ཚུལ་དགོན་པ་བཏབ་ཚུལ་འཆད་ཉན་མཛད་ཚུལ་སོགས་མདོར་བསྡུས་ཙམ་གསུངས་ཏེ། འདི་རྣམས་བསྟན་པ་དང་སེམས་ཅན་གྱི་ཆེད་ཁོ་ན་ཡིན་པས་ཁྱེད་རྣམས་ཀྱིས་ཀྱང་རྣམ་གཞག་འདིའི་སྲོལ་མ་ཉམས་པར་གྱིས། ངེད་ད་ལོ་ལོ་བདུན་ཅུ་ལ་ཐུག་པ་ཡིན་པས། མ་ཐོན་བསམ་པ་ཡིད་ལ་འཁྲི་བ་ཅི་ཡང་མེད། ད་འཆི་རན་ཡིན་འཆི་བ་ལ་འགྱོད་ན་བནྡེ་ཡང་མ་ཡིན་ཞེས་ཐུགས་དམ་གྱི་གླེགས་བམ་དབུ་ཐོག་ཏུ་སྤྱན་དྲངས་ནས། སྐུ་རྣམ་སྣང་ཆོས་བདུན་དང་ལྡན་པར་མཛད་དེ་ཚེས་ཉི་ཤུའི་བར་མཉམ་བཞག་གཅིག་གི་ངང་དུ་བཞུགས་པར་མཛད་དོ། ཉི་ཤུའི་ཉིན་སྐབས་སྐབས་སུ་དབུ་གཡོ་བར་མཛད་པ་དང་སྤྱན་ནམ་མཁར་ཧུར་མཛད་དེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། རྡུལ་ཕྲན་མཐར་སྦྱིན་ཞི་བ་ཉིད། ཁྱེད་རང་ཡང་ནི་དེ་ཡི་ཕ། ཞེས་དང་དོན་ཙམ། བཏགས་པ་ཙམ། མིང་ཙམ། རང་རིག་གསལ་ཞེས་གསུངས་ཤིང་། སྐུའི་ནང་གི་འབྱུང་བ་རྣམས་ཐུགས་གསལ་རིག་ལ་རིམ་གྱིས་བསྡུས། གསལ་རིག་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་མའི་པང་དུ་བུ་འཇུག་པ་ལྟ་བུའི་ཚུལ་གྱིས་གཉིས་མེད་དབུ་མའི་ངང་དུ་ཐིམས་ཏེ་ཟུང་འཇུག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུགས་མཉམ་པར་བཞག་གོ དེ་ནས་སྐྱ་གདུང་ཞུགས་སུ་བླུག་ན་རིང་བསྲེལ་གྱི་གོང་བུ་འགྱུར་བ་གདོན་མི་ཟ་སྟེ། སྔར་ཚེམས་དང་ཞབས་ཀྱི་སེན་མོ་ལ་སོགས་གྲྭ་པ་དང་ཡོན་བདག་དད་པ་ཅན་འགའ་ཞིག་ལ་གནང་བ་རྣམས་ལ་རིང་བསྲེལ་མང་དུ་བྱུང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ན། མི་བཞུ་བར་བཞུགས་སུ་གསོལ་ན་བསྟན་སྤྱི་དགོས་ཡུན་རིང་དུ་གནས་པ་བྱ་བའི་ཕྱིར་དང་སྐྱེ་དགུ་མཐའ་དག་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་དུ་སྒྲོམ་གྱི་ནང་དུ་སྤྱན་དྲངས་ནས་ལོ་གཅིག་གི་བར་དུ་ཕྱག་མཆོད་རྒྱས་[page 71] པར་ཕུལ་ཏེ་བཞུགས་སུ་གསོལ། དེ་ནས་བྱང་ཆུབ་མཆོད་རྟེན་གསེར་ཟངས་ལས་གྲུབ་པའི་བུམ་པའི་ནང་དུ་སྤྱན་དྲངས་ཏེ་རྒྱུ་སྡེ་རིན་པོ་ཆེའི་རྣམས་ལས་ཇི་ལྟར་གསུངས་པའི་ཆོ་ག་མཚན་ཉིད་དང་ལྡན་པའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་བྱུང་ཏེ། རྒྱུན་མི་ཆད་པའི་བྱིན་རླབས་ཀྱི་རང་བཞིན་ཅན་དུ་དེང་སང་བར་དུ་བཞུགས་པ་ཡིན་ནོ།།

དེ་ནས་གདན་རབས་བྱུང་ཚུལ་ནི་ཆོས་ཀྱི་རྒྱལ་མཚན་ཁོང་གི་གདན་རབ་ཐོག་མ་མཛད་པ་ནས་བཟུང་དེང་བར་གདན་རབས་སུམ་ཅུ་སོ་བདུན་ཙམ་བྱོན་པར་གྲགས་ཀྱང་སྔོན་གྱི་གདན་རབས་རིམ་བྱོན་གྱི་མཚན་དང་མཛད་རྣམ་སོགས་ད་ལྟ་ཡིག་ཚང་སོགས་མེད་པས་ཡིག་ལམ་དུ་མ་གྱུར་ལ། དེ་ལས་བོད་རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་མི་འགྱུར་རིན་པོ་ཆེའི་སྐུ་ཕྲེང་དང་པོ་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས། གཉིས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན། གསུམ་པ་འཇམ་དབྱངས་ཤེས་རབ་གྲགས་པ། བཞི་པ་མཚུངས་མེད་ཤེས་རབ་ལྷུན་གྲུབ། ལྔ་པ་རྗེ་བཙུན་ཤེས་རབ་བྱང་ཆུབ། དྲུག་པ་རྗེ་བཙུན་བྱམས་པ་བསྟན་འཛིན། བདུན་པ་བླ་མ་ཤཱཀྱ་དགེ་འཕེལ། བརྒྱད་པ་མཁན་ཆེན་བསྟན་པ་འབྱུང་གནས། དགུ་པ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན། བཅུ་པ་མཆོག་སྤྲུལ་ཚུལ་ཁྲིམས་གྲགས་པ། བཅུ་གཅིག་པ་ད་ལྟ་སྐུ་དངོས་ཨ་རི་ཐེ་ཝན་སོགས་སུ་སངས་རྒྱས་ཀྱི་བསྟན་པ་ཕྱི་གླིང་ཀུན་དུ་དར་སྤེལ་གནང་བཞིན་པ་མི་འགྱུར་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཀུན་དགའ་འཕྲིན་ལས་རྒྱ་མཚོ། གཞན་ཡང་མི་འགྱུར་གཙོ་བོ་ཞེས་པ་དགོན་པའི་ཤར་ཕྱོགས་སུ་དེའུ་འབུར་ཐོག་ཏུ་ཆགས་ཡོད་པའི་བླ་བྲང་དགོན་ཆུང་ཞིག་མི་འགྱུར་དགོན་པ་མ་ཆགས་སྔོན་ལ་ཡོད་པར་གྲགས་པ་དེའི་གདན་རབས་རིམ་བྱོན་གྱིས་མི་འགྱུར་དགོན་པའི་བསྟན་པ་སབསྐྱང་ཚུལ་ནི་གཙང་ངོར་དགོན་གྱི་ཀླུ་ལྡིང་བླ་བྲང་གི་བླ་དཔོན་གཏང་དགོས་པ་མ་ཟད། བླ་མའི་སྐུ་ཚ་སོགས་ཀྱིས་གདན་རབས་འཛིན་དགོས་པ་ལས་སྤྲུལ་སྐུ་སོགས་བླུ་སྲོལ་མེད། དེ་ཡང་ཚོགས་མཆོད་སྒྲུབ་པ་སོགས་མི་འགྱུར་དགོན་ལས་ཐ་དད་མིན། རིག་གནས་གསར་བརྗེ་པར་དུ་བླ་རྒྱུད་རིམ་བྱོན་བཞུགས་ཀྱང་དེང་སང་རྒྱུན་ཆད་ནས་མི་བཞུགས་སོ།

བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་ནི་དགོན་འདི་ཐོག་མར་ཆགས་ནས་ད་བར་བཤད་སྒྲུབ་ཀྱི་བསྟན་པ་ཉམས་ཙམ་གནས་ཀྱང་། ཆེས་ཤིན་ཏུ་དར་བའི་དུས་ནི་དགོན་པ་འདི་ཕྱག་བདེབས་པ་པོ་བུ་ཡུམ་དཀོན་མཆོག་རྒྱལ་མཚན་བཞུགས་སྐབས་སུ་བཤད་གྲྭ་པ་སྟོང་ཕྲག་གཉིས་ལྷག་དང་། སྒྲུབ་གྲྭ་བ་བཅུ་ཕྲག་བཅུ་ལྷག་བཞུགས་པར་གྲགས། དེའི་སྐབས་མདོ་ཁམས་སྨད་ཕྱོགས་སམ་རོང་ཉག་རྒྱུད་ཆུ་བཞིའི་གྲྭ་པ་རྣམས་དགོན་པ་འདིའི་ནང་གྲྭ་སར་བྱོན་པ་མངོན། དགོན་པ་འདིས་བླ་དཔོན་མངག་པ་དང་གསར་འདེབས་བྱས་པའི་དགོན་ལག་གམ་བུ་དགོན་ཉི་ཤུ་རྩ་ལང་ཡོད་པ་ལས་དེང་སང་ཡོད་པའི་མཚན་ཐོ་བཀོད་ན། མགོན་བཀུར་སྦྱོ་བ་སྐད་དགོན། མདའ་ཤི་རི་ཁྲོད་དགོན། སྤོ་སུ་གཟན་འགུ་དགོན། སྐྱི་རྫུ་དགོན། ཐུབ་པ་དགོན། མཚོ་སྔོན་དགོན། མི་ཉག་རི་ཁུག་དགོན། འཇིག་སྟོད་ཁུ་འགྱུར་[page 72] དགོན། སྤོ་སར་ཐང་དཀར་དགོན། སྨུ་འགུ་དགོན། སྤྱི་བླ་དགོན། སྣ་པོ་དགོན་གསར་དགོན། འདབ་བྲག་ནག་དགོན། རྫ་ཀོར་དགོན། བསམ་གཏན་དགོན། ཐར་ལམ་དགོན། བློ་སྒོག་དགོན། སྨུ་ལུ་ཏིང་ཡུམ་དགོན། ཚེ་མ་རིང་རུ་ལུ་དགོན། ས་རྔ་རོང་དགོན་རྣམས་སོ། རིག་གནས་གསར་བརྗེ་སྔོན་རྩམ་ལ་འཇམ་མགོན་ངག་དབང་ལེགས་པ་དང་། སྡེ་གཞུང་བླ་མ་ཆོས་འཕེལ་སོགས་བྱོན་ནས་དབང་ལུང་མན་ངག་གནང་ནས་སྒྲུབ་སྡེ་གཙུགས། ཁྱད་པར་དུ་ཀུན་མཁྱེན་གོ་རམས་པའི་སྤྲུལ་པར་གྲགས་པ་སྐྱ་ཤུལ་སྤྲུལ་སྐུ་ཀུན་བཟང་ཆོས་ཀྱི་ཉི་མ་སྐུ་དངོས་བཞུགས་ནས་བཤད་གྲྭ་མཁན་པོ་མཛད་ནས་ལོ་གསུམ་ཙམ་སོང་སྐབས་རིག་གསར་ཐུག་པ་ཡིན་ནོ།

སྐུ་གསུངས་ཐུགས་རྟེན་བཞུགས་ཚུལ་རག་ཙམ་སྨོས་ནས། འདུལ་བ་ལུང་ལས་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་ཀྱང་བགྱིའོ་ཞེས་གསུངས་པ་ལ་བརྟེན་ནས་གཙུག་ལག་ཁང་ཁྱད་པར་ཅན་རྣམས་སུ་བདེ་བར་གཤེགས་པའི་རྟེན་ངོ་མཚར་ཅན་རྣམས་དང་། ཁྱད་པར་དུ་མཉམས་ཤིང་ཤཱཀྱའི་རྒྱལ་པོའི་ཞལ་སྐྱིན་དུ་ཐུབ་པའི་དབང་པོའི་སྐུ་རབ་གནས་ཅན་བཞུགས་དགོས་པར་བཤད་པ་ལྟར། རྗེ་འདི་ཉིད་དུ་རེ་ཞིག་གི་ཚེ་དབང་རྫ་སྟོལ་ནང་ཕེབས་སྐབས། དཀར་པོའི་ལས་དང་དབང་བའི་སྨོན་ལམ་གྱིས་མཚམས་སྦྱོར་ཏེ་དབུས་ཀྱི་ལྷ་བཟོ་མཁས་པ་ཕུལདུ་བྱུང་བ་ཞིག་དང་མཇལ་ནས་མཉམ་མེད་ལོ་ཙཱ་བ་ཆེན་པོའི་སྐུ་མདའ་གང་ཙམ་གཅིག་བླུགས་ནས། རང་བྱོན་ལྟ་བུ་ཤིན་ཏུ་ལེགས་པ་ཞིག་བྱུང་བས་རྗེ་ཉིད་ཀྱིས་རྟེན་འབྲེལ་བཟང་གསུངས་ཤིང་ཐུགས་དགྱེས་པ་རྒྱ་ཆེན་པོ་མཛད་དེ་ལྷ་བཟོ་བ་ལས་སྤྲུལ་སྐུ་ཁྱེད་ཀྱི་ཟླ་བར་ཆོས་འཁོར་ཡངས་པ་ཅན་དུ་འགྲོ་དགོས་གསུངས་ནས། ལྷ་བཟོ་བ་མཉེས་ཏེ་དཔོན་སློབ་ལྷན་ཅིག་ཏུ་བྱོན་ནས་སྤྲུལ་སྐུའི་རྟེན་དུ་དབུས་ཀྱི་ལྷ་སར་བཞུགས་པའི་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཟད་ལྷག་པའི་སྟོན་པའི་གསེར་སྐུ་ལ་སོགས་པ་སྐུ་གསུངས་ཐུགས་ཀྱི་རྟེན་བཞེངས་དགོངས་པའི་མཐུན་པའི་རྐྱེན་འབད་མེད་ལྷུན་གྱིས་གྲུབ། ཇོ་བོ་སྐུ་ཚད་ལས་མཐོ་གང་ཙམ་གྱི་ལྷག་པ་ཞིག་རང་བྱོན་ལྟ་བུའི་ཚུལ་བྱིན་བརླབས་ཀྱི་བརྗིད་ཆགས་ཤིང་ངོ་མཚར་གྱི་གཟི་འོད་འབར་བ་དང་། གཞན་ཡང་ས་པཎ་དང་ནཱི་ཝ་པའི་སྐུ་སོགས་བླ་སྐུ་ཆེ་མང་པོ་དང་། ལོངས་སྐུའི་རྟེན་དུ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་དང་། ཆོས་སྐུའི་རྟེན་དུ་རྣམ་རྒྱལ་མཆོད་རྟེན་དེ་རྣམས་མི་ཚད་ཙམ་རེ་བཞུགས་པ་དང་། གསུངས་གི་རྟེན་དུ་བདེ་བར་གཤེགས་པའི་བཀའ་འགྱུར་ཆ་མང་པོ་དང་། དགོང་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པོད་བཅུ་ཕྲག་སུམ་ཅུ་ལྷག་ཙམ་བཞུགས། དེ་ནས་བདག་ཉིད་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དགུང་ལོ་རེ་གཅིག་ལོན་པའི་ཚེ་རྟེན་འདི་དག་བཞུགས་པའི་གཙུག་ལག་ཁང་ཁྱད་པར་ཅན་བཞེངས་དགོངས་པའི་ཚེ་རྣམ་ལམ་དུ་གཙུག་ལག་ཁང་བཏབ་པའི་ས་དེར། གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱབ་པའི་མཐིལ་དུ་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་སྐོར་ནས་བྱོན་པའི་གནས་དེར་བཞུགས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཇིག་རྟེན་སྐྱོང་བའི་སྲུང་མ་[page 73] རྣམས་ཀྱིས་ཐུགས་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་སེལ་བར་བྱེད་པ་ལ་སོགས་པ་ཤིན་ཏུ་གསལ་བར་བྱུང་བས། ས་ཕྱོགས་དེར་ཆབ་གཏོར་དང་ཀླུ་གཏོར་ཕྱོགས་དང་འབྱུང་པོའི་གཏོར་མ་རྣམས་ཕྱོགས་བཞིར་གཏོར་དུ་བཅུག རྗེ་ཉིད་ཀྱིས་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་མཛད། གཙུག་ལག་ཁང་གི་རྨང་གཏིང་ཐིག་བཏབ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། སྤྲིན་མཆོད་རྟེན་གྱི་རྣམ་པ་ཕྱོགས་ཀུན་ཏུ་འཁོར་བ་དང་། འཇའ་འོད་འཁྲིག་པ་བཅས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས། འཇིག་རྟེན་སྐྱོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་གྲོགས་མཛད་ནས་ཁང་བུ་བརྩེགས་པའི་མཆོད་རྟེན་གྱི་རྣམ་པ་ལྟ་བུ་ཀ་ཆེན་བཞིས་བཏེགས་པའི་ཐོག་རིམ་པ་གསུམ་དབུས་ས་གྲུ་བཞི་པ། ལོགས་ཀུན་དུ་མཉམ་པ་སྒོ་ཁང་དང་བཅས་པའི་མདུན་དུ་དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོ་ཀ་བ་བཅུ་དྲུག་གིས་བཏེགས་པ་ཐོག་དཔངས་མཐོ་ཞིང་སྒོ་ཁང་རྟ་བབས་ཀྱིས་བརྒྱན་པ། ཕྱི་རོལ་འཁོར་ཡུག་དང་བཅས་པ་ཁྱད་པར་དུ་འཕགས་པ་ལེགས་པར་གྲུབ་པས་གཙུག་ལག་ཁང་གི་མཆོད་རྟེན་ཁང་བུ་བརྩེགས་པ་ལྟ་བུའི་དབུས་ཀྱི་གདོང་ལ་སྟོན་པ་ཐུབ་པའི་དབང་པོ་ལ་འཁོར་ཉན་ཐོས་མཆོག་ཟུང་དང་བཅས་པ་དང་མཛད་པ་བཅུ་གཉིས་ཀྱིས་བསྐོར་བ་དང་། དེའི་གཡས་གཡོན་དང་ཤར་ནུབ་ཀྱི་ངོས་རྣམས་སུ་ཞིང་ཁམས་བཅུ་དྲུག་དུ་བྱས་པའི་དབུས་སུ་འཕགས་པ་གནས་བརྟན་བཅུ་དྲུག་པོ་རྣམས་ལ་འཁོར་དགྲ་བཅོམ་པ་མང་པོས་བསྐོར་བ་དང་བཅས། སྒོའི་གཡས་གཡོན་གཉིས་སུ་ཞིང་ཁང་རེའི་དབུས་སུ་གཡས་ཕྱོགས་སུ་སངས་རྒྱས་མི་འཁྲུགས་པ་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་དང་། སྒོ་འགྲམ་གཡས་གཡོན་དུ་སྟོབས་འཕྲོག་ནག་པོ་བྲམ་ཟེའི་གཟུགས་ཅན་ལ་ཡུལ་ཆེན་མཁའ་འགྲོ་བཞིས་བསྐོར་བ་རེ་དང་། གཡས་གཡོན་དུ་རྒྱལ་ཆེན་རིགས་བཞི་གཉིས་གཉིས་རེ་དང་བཅས་པ། དེ་དག་ཐམས་ཅད་ཀྱི་སྟེང་རྣམས་སུ་ཕར་ཕྱིན་དང་། ཚད་མ། བདེ་མཆོག། ཀྱེེ་རྡི་རྗེའི་བླ་རྒྱུད་རྣམས་གྲལ་ཕྲེང་དུ་བཀོད་པ་དང་། འོག་གི་ཟུར་ཁུག་གཡས་གཡོན་དུ་དགེ་བསྙེན་ངྷརྨ་ཏ་དང་། ཧ་ཤང་དང་དམར་ཆེན་དབང་གི་རྒྱལ་པོ་བསྲེ་ཁྲབ་ཅན་འཁོར་དང་བཅས་པ་དང་། དེའི་ཕྱི་ངོས་སུ་འདུ་ཁང་ཆེན་པོའི་གདུང་གཡས་གཡོན་གཉིས་སུ་ཞིང་ཁམས་རེ་རེ་བྱས་པའི་དབུས་སུ་ཡུམ་གྱི་མདོའི་གླིང་བཞི་ནས་གསུངས་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་བཀོད་པ་ཁྱད་པར་མི་དྲ་བ་གཉིས་རེ་དང་། དེའི་དབུས་ཀྱི་ཕྱམ་གདོང་ནས་ཁང་བུ་བརྩེགས་པའི་གཙུག་ལག་ཁང་གི་སྒོ་ཡོད་པའི་གཡས་གཡོན་གྱི་འགྲམ་སྟེང་འོག་དུ་གཡས་ཕྱོགས་ཀྱི་སྟེང་དུ་མཉམ་མེད་ལོ་ཙྭ་བ་ཆེན་པོ་དང་། འོག་ཏུ་མཁན་ཆེན་གཡག་པ་གཉིས། གཡོན་ངོས་ཀྱི་སྟེང་དུ་ས་སྐྱ་པཎྚིཏ་ཆེན་པོ་ཞིག་དང་འོག་ཏུ་ཆོས་རྗེ་རོང་སྟོན་ཤེས་བྱ་ཀུན་རིག་རྣམས་བཞུགས་ལ། འདུ་ཁང་གི་གཡས་ཕྱོགས་ངོས་ཀྱི་ཞིང་ཁམས་དང་པོར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཙོ་འཁོར་གསུམ་དང་། གཡོན་ཕྱོགས་ངོས་ཀྱི་ཞིང་ཁམས་དང་པོར་རྗེ་བཙུན་མ་གཙོ་འཁོར་དགུ་ལ་འཇིགས་པ་བརྒྱད་སྐྱོབས་དང་ཕྲག་གོང་གཉིས་སུ་སྒྲོལ་མ་དཀར་མོ་དང་ཁྲོ་གཉེར་ཅན་གཉིས། སྒོ་ཁང་བྱང་ཤར་དུ་སངས་རྒྱས་ཀླུ་[page 74] དབང་གྱི་རྒྱལ་པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དང་བཅས་པ་རྣམས་འབད་མེད་ལྷུན་གྱིས་གྲུབ་པའི་ཚུལ་བཞེས་པའོ། དེའི་རྗེས་སུ་གདན་རབས་རིམ་བྱོན་གྱིས་བཞེངས་ཚུལ་མདོར་བསྡུས་ཙམ་བཀོད་ན། བྱམས་ཆེན་སྐུ་ཐོག་རྩེག་གསུམ་ཅན། ཀྱེེ་རྡོར། འཇམ་དབྱངས་རྣམ་གསུམ་བཅས་ཐོག་རྩེག་རེ་དང་། རྒྱུ་ལི་མ་ལས་གྲུབ་པའི་རྣམ་པར་སྣང་མཛད་དང་། ཐུབ་པ། རྡོ་རྗེ་འཆང་། བི་ཝ་པ་གསུང་འབྱོན་མ་ངོར་ཆེན། རྒྱལ་བ་རིག་ལྔ་བཅས་མི་ཚད་ཙམ་དང་། གསེར་ཟངས་ལས་གྲུབ་པའི་བྱམས་པ། རྡོ་རྗེ་འཆང་། ཆོས་རྗེ་དགོན་ཆོག་རྒྱལ་མཚན། རྒྱུ་ལི་ལས་གྲུབ་པའི་ཀྱེེ་རྡོར་བུམ་སྐུ་མ་དང་། བྱམས་པའི་སྐུ་གཏེར་མ་མི་ཚད་ཙམ། ཙནྡ་ལས་གྲུབ་པའི་གུར་མགོན་ལྷ་བརྒྱད་མི་ཚད་ཙམ། གཞན་ཡང་མཐོ་གང་ཙམ་གྱི་ལི་སྐུ་སུམ་བརྒྱ་ཁ་ལྷག་དང་། གསེར་ཟངས་ལས་གྲུབ་པའི་སྐུ་ཕྲག་ལྷག་ཙམ་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་ཆ་དགུ། མཚལ་པར་ཆ་གཉིས། གསེར་རྐྱང་བས་བྲིས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་བསྐལ་གསེར་གསུམ་ནག་བརྩིགས་བྱས་པ་ཀ་མིག་དོ་དང་། བསྟན་འགྱུར་མཚལ་བྲིས་ཆ་གཅིག ས་སྐྱ་བཀའ་འབུམ་གསེར་དངུལ་གྱི་བྲིས་པ། འབུམ་རྒན་མར་གྲགས་པའི་པོད་གཅིག་མི་སྟོབས་ཆེན་ཞིག་གིས་ཁུར་ཐུབ་ཙམ་ཆ་གཅིག གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་འབུམ་བཅས་ཁྱོན་པོད་ཁྲི་ལ་ཉེ་བར་མངོན་གསུམ་དུ་འཇལ་རྒྱུ་ཅན་དུ་བཞུགས། སྐུ་ཐང་རིགས་ལ་དཔག་བསམ་འཁྲི་ཤིང་གསེར་ཐང་ཆ་གཉིས། གསེར་ཐང་སྟོང་སྐུ་དང་གོང་མ་རྣམ་ལྔ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་རྩེག་ཚད་གཉིས་ཅན་ལྔ། ལམ་འབྲས་བླ་བརྒྱུད་སོགས་ཐང་ག་དཔག་མེད་བཞུགས། གཞན་ཡང་སྨན་སྐུ་རིགས་ལ་སྤྱན་རས་གཟིགས་བརྩེགས་ཚད་གསུང་ཅན་དང་། ཉེ་སྲས་བརྒྱད་གནས་བརྟན་བཅུ་དྲུག་ཆ་གསུམ་ཚེ་དཔག་མེད། གུར་མགོན། བསེ་ཁྲབ་གསུང་འབྱོན་མ་སོགས་དཔག་ཏུ་མེད་པ་བཞུགས། མཆོད་པའི་ཡོ་བྱད་ལ་སྦུབ་ཆལ་འཛམ་གླིང་གཡས་བཞག བྱ་རྒོད་ཀྱིས་ཁྱེར་ཡོང་བ་གྲགས་པའི་ཐང་དཀར་སྦུབ་ཆེན། ཤང་ཤང་སིལ་སྙན། ཆོས་ཀྱི་རྒྱལ་མཚན་ལ་བྲག་བཙན་གྱིས་ཕུལ་བའི་རྡོ་རྗེ་གཏེར་མ་ཁྲུ་གང་ཙམ། མདོར་ན་ལི་རྙིང་གི་སྦུབ་ཆེན་དང་སིལ་སྙན་ཆ་བརྒྱ་ཙམ་དང་རག་དུང་ཆ་གསུམ། གསེར་དངུལ་ལས་གྲུབ་པའི་རྒྱ་གླིང་ཆ་གཉིས། ཚྭ་དྲིལ་བདུན། རྒྱ་དྲིལ་ཉེར་ལྔ་བཅས་ཁྱོན་རྡོ་དྲིལ་བརྒྱ་ཕྲག་གཅིག གོས་ཆེན་མཁའ་འགྲོའི་སྤྲིན་འཐག་མ་མིག་དགུ་ཁེབས་ཙམ། འཆམ་གོས་སྤྲིན་འཐག་མ་བུབས་གསུམ་སོགས་རིན་ཐང་གཞལ་དུ་མེད་པའི་མཆོད་རྫས་དུ་མ་བཞུགས་ལགས་སོ།

དུས་མཆོག་རྒྱུན་སྲོལ་ནི་བོད་ཟླ་དང་པོའི་གཅིག་ནས་བཅོ་ལྔའི་བར་དུ་ཆོས་སྤྱོད་སྨོན་ལམ་གྱི་རིམ་པ་དང་། བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ནས་སུམ་ཅུའི་བར་གསང་འདུས་དང་བདེ་མཆོག་གི་སྒྲུབ་མཆོད་ཁག་གཉིས་བྱས་ནས་འཚོགས། བོད་ཟླ་གསུམ་པའི་ཚེས་བདུན་ནས་བཅོ་ལྔའི་བར་ཀུན་རིག་རྡུལ་ཚོན་གྱི་སྒྲུབ་པ་ལས་བཞིའི་སྤྱིན་སྲེག་བཅས་ཉིན་བདུན་དང་། བོད་ཟླ་བཞི་པའི་ཚེས་གཅིག་ནས་བཅོ་[page 75] ལྔའི་བར་སྨན་བླ་ཆོ་ག། བོད་ཟླ་དྲུག་པའི་ཚེས་གཅིག་ནས་བཅོ་ལྔའི་བར་འཇིགས་བྱེད་བསྐང་གསོ་དང་ཚེ་བཅུ་གསུམ་ཉིན་མི་འགྱུར་རི་བར་ཞེས་པ་སྐད་གྲགས་ཆེན་པོ་ཡོད་པའི་གར་འཆམ་བྱ་རྒྱུ། དེ་ནས་དགེ་སློང་དང་དགེ་ཚུལ་ཡོངས་རྫོགས་དབྱར་གནས་ངོར་པའི་ཕྱག་ལེན་ལྟར་ཞག་བཞི་བཅུ་ཞེ་ལྔའི་བར་དུ་བླ་མཆོད་དང་འཆི་བསླུའི་ཆོ་ག་རབ་གནས་བཅས་འཚོགས་སྲོལ་ཡོད། བོད་ཟླ་དགུ་པའི་ནང་ཀྱེེ་རྡོ་རྗེ་སྒྲུབ་པ་སྦྱིན་སྲེག་དང་བཅས། བོད་ཟླ་བཅུ་པའི་ཚེས་བཅུ་ནས་གཡང་སྒྲུབ་ཁང་དུ་གཡང་སྒྲུབ་བུམ་གཏེར་འཇོག་རྒྱུ་བཅས་ཉིན་བདུན། བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡི་དམ་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་བསྐང་གསོ་གཏོར་མ་རྒྱག་པ་དང་འཆམ་བཅས་འཚོགས་རྒྱུ་ཡོད་དོ། དགོན་པའི་འགན་བཞེས་པའི་བསྟན་བདག་དང་ཁྲི་བ་དགེ་སྐོས་ཡོན་བདག་བཅས་རགས་ཙམ་སྨོས་ན། དགོན་པ་འདི་ནང་དུ་དང་པོར་ཞུགས་སྐབས་མང་ཇ་འགྱེད་བཅས་འབྱོར་ཚད་དང་མཐུན་པར་བཏང་ནས་འདོན་ཆ་ཁ་གྲལ་སོགས་ཡོངས་རྫོགས་བློ་སྦྱངས་ཚོགས་རྒྱུགས་ལེགས་པར་གྲུབ་རྗེས་ཚུལ་གནས་ཐོས་དང་བསམ་ལྡན་པའི། བསྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་གསུངས་པ་དང་བསྟུན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བཤད་གྲྭ་ནང་ཞུགས་ནས་ལོ་བདུན་ནས་བཅོ་ལྔའི་བར་གང་རུང་གི་ཚེ་རིག་པའི་གནས་བཅུའམ་གཙོ་བོ་ནང་དོན་རིག་པ་ལ་སྦྱངས་བ་ཕུལ་དུ་ཕྱིན་སྐབས། རང་གི་འབྱོར་ཚད་དང་མཐུན་པའི་མཁན་སྤྲུལ་རྣམ་པ་ལ་བརྒྱ་འབུལ་དང་ཚོགས་པ་ཡོངས་རྫོགས་ལ་འགྱེད་གཏོང་སྒོ་བྱས་ཏེ་ཁྲི་ལ་འཁོད་དེ་བཀའ་བཅུ་མཁན་པོའི་མིང་བཏགས་གནང་བ་ཡིན་ནོ། གཞན་ཡང་གཙང་ངོར་དགོན་དང་ས་སྐྱ་གོང་སོགས་སུ་བྱོན་ནས་གསང་སྔགས་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཙོས་དབང་ལུང་མན་ངག་དང་བཅས་པ་ཡོངས་སུ་རྫོགས་ནས་རབ་བའབྱམས་ཀྱི་མཚན་བཏགས་ནས་འདིའི་མཁན་རབས་སམ་གདན་རབས་འཛིན་དགོས། དེ་ལྟར་བཤད་གྲྭ་ནང་ཞུགས་མ་ཐུབ་ཀྱང་ཁ་གྲལ་ཡོངས་རྫོགས་བྱང་ནས་ཇ་རྒྱུགས་དང་མཆོད་གཡོག་རོལ་མཁན་བཅས་རིམ་བཞིན་དབུ་མཛད་ལམ་གསུམ། དགེ་སྐོས་ཀྱང་དེ་བཞིན་དུ་ལན་གསུམ་མཛད་དགོས། མདོར་ན་དབུ་མཛད་བྱས་ན་དགེ་སྐོས་གནང་མི་དགོས། དགེ་སྐོས་བྱས་ན་དབུ་མཛད་གནང་མི་དགོས། དེ་ནས་དབང་ལུང་མན་ངག་ཞུས་ནས་འབུམ་ལྔ་བསགས་པ་ནས་ལྷ་རང་རང་གི་བསྙེན་ཚད་འཁྱོལ་ནས་དབུ་མཛད་ཀྱིས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་དགོས། དེ་ནས་བུ་དགོན་གཞན་ལ་གཏང་རྒྱུ་གསལ་ཁ་མེད་ཀྱང་མེད་ཀྱང་མི་ཉག་ཐུབ་པ་དགོན་དུ་བླ་དགོན་ལ་དབུ་མཛད་དང་། མཚོ་སྔོན་དགོན་ལ་དགེ་སྐོས་བླ་དཔོན་བྱོན་སྲོལ་ཡོད་དོ། དེ་ལྟར་དཔེ་ཆ་དང་ཁ་གྲལ་སྐོར་ལ་སྦྱང་བརྩོན་མ་ཐུན་པའི་གྲྭ་པ་རྒྱུད་དྲང་པོ་བློ་ཁོག་ཡངས་པ་རྣམས་བསལ་ནས་ཕྱག་མཛོད་བསྟན་བདག་སོགས་འགོ་བ་བཅོ་བརྒྱད་ཅེས་པའི་ནང་དུ་བཞག་ནས་དགོན་པའི་སྤྱི་འགན་བཞེས་དགོས། དེ་ལས་དགོན་པ་འདི་ཐོག་མར་བཞེངས་བའི་མཐུན་རྐྱེན་སྒྲུབ་པའི་སྦྱིན་བདག་འཇིག་རྟེན་མི/་ཡིས་བགྱིས་པ་མ་ཡིན་པར་མི་མ་ཡིན་གྱིས་ཆོས་རྗེ་ཉིད་ལ་གསེར་ཟངས་དཀར་གང་ཕུལ་བས་གཙོ་བོ་དེས་བྱེད་པར་གྲགས། [page 76] ཟངས་དཀར་ཆེ་ཆུང་ཆུ་ཟོམ་དོ་ཙམ་ཤོང་བ་གཡང་སྒྲུབ་ཁང་དུ་བཞག་ཡོད་པ་དེ་དེང་སང་མི་རྒན་ཁ་ཤས་ཀྱི་ངག་ལས་གསལ། རྗེས་སུ་རྨང་ངེ་དཔོན་ཞེས་པའི་རོང་ཉག་རྒྱུད་ཆུ་བཞིའི་དཔོན་པོར་གྲགས་པ་དེས་གཙོ་མི་འགྱུར་བླ་བྲང་གི་ཡོན་བདག་དང་དགོན་པའི་ཚོགས་མཆོད་སྒྲུབ་པའི་མཐུན་རྐྱེན་དཔག་མེད་མཛད། ཕྱིས་སུ་སྨུ་གླུ་དཔོན་པོ་ཚང་ལ་མི་འགྱུར་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དེ་འཁྲུངས་ནས་ཡོན་བདག་མཛད་ཚུལ་སོགས་ནི་ཡོན་བདག་ཆེ་ཤོས་ཙམ་བཀོད་པ་ལགས་སོ། དགོན་པ་འདིའི་མངའ་འོག་གི་ཡོན་བདག་དུད་ཚང་དགུ་བརྒྱ་ལྷག་ཙམ་ཡོད་པ་དང་། དགེ་འདུན་པའི་ཞལ་གྲངས་སྔོན་ཆོས་རྗེ་བཞུགས་སྐབས་བཤད་གྲྭ་བ་རྐྱང་པ་གྲྭ་ཉིས་སྟོང་བཞུགས་པ་རྣམ་ཐར་ལས་གསལ། རྒྱུན་གྲྭ་སྟོང་ཕྲག་གཅིག་བཞུགས་པ་དང་རིག་གསར་སྔོན་ཙམ་དུ་གྲྭ་བ་མང་སྐབས་ལྔ་བརྒྱ་དང་ཉུང་དུས་སུམ་བརྒྱ་ཙམ་རེ་བཞུགས་ཅེས་ངག་རྒྱུན་ལས་གསལ། གོང་དུ་དགོན་པའི་རྒྱ་ཁྱོན་མདོ་ཙམ་སྨོས་པ་དེ་དཀོན་མཆོག་རྒྱལ་མཚན་ཁོང་བཞུགས་སྐབས་ཡིན་ལ་རིམ་གྱིས་རྒྱ་རྗེ་ཆེར་ཕྱིན་ནས་དགོན་པའི་རྒྱབ་གཡས་སུ་གཡང་སྒྲུབ་ཁང་དང་། གཡོན་དུ་མགོན་ཁང་། མདུན་གཡས་གཡོན་དུ་གཟིམས་ཆུང་སྤུས་ལེགས་གཉིས། གཞན་ཡང་བསེ་ཁྲབ་ཁང་། སྨྱུང་གནས་ཁང་རྣམས་ཐོག་གཉིས་རྩེག་དང་སུམ་རྩེག་ཅན་ནང་དུ་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་དང་། གཙོ་བོ་བླ་བྲང་གི་དགོན་ཆུང་ཙམ་གྱི་རྒྱ་ཁྱོན་མཆིས་པས་ནང་གི་སྐུ་གསུངས་ཐུགས་རྟེན་གནའ་རྫས་རིན་ཐང་བྲལ་བ་དུ་མ་དང་། དགོན་པ་གཞུང་ལ་འཚོགས་རྒྱུ་མེད་སྐབས་འཇིགས་བྱེད་དྲུག་ཅུ་སོགས་སྒྲུབ་མཆོད་མང་ཙམ་འཚོགས་རྒྱུ་དང་། མི་འགྱུར་རིན་པོ་ཆེའི་བླ་བྲང་དགོན་པའི་འོག་ཏུ་ཀ་བཞི་བཅུ་ཙམ་གྱི་གཡས་གཡོན་གཉིས་སུ་གཟིམས་ཆུང་གཉིས་རེ་དང་། དཀྱིལ་དུ་ཕྱིས་སུ་བཤད་གྲྭ་བ་འཚོགས་ཆོག་པ་ཐོག་བརྩེགས་སྟེང་འོག་ཀུན་དུ་སྐུ་གསུང་ཐུགས་རྟེན་འགངས་ཆེན་བསམ་ལས་འདས་པ་བཞུགས་པ་དང་། གཞན་ཡང་རོལ་ཆས་རྡོ་དྲིལ་མཆོད་ཆ་དང་ཐ་ན་ཆིབས་སྒ་དང་ཆིབས་སྲབ་སོགས་རྒྱ་ནག་གི་གནའ་རྫས་རིན་ཐང་ཅན་ལག་སྒམ་དྲུག་ཅུ་ཙམ་ཡོད་པ་དང་། སྔོན་གྱི་དུས་གྲྭ་ཤག་བརྒྱ་ཕྲག་གཉིས་ལྷག་ཙམ་ཡོད་པ་ཡིན་ནོ། དེ་ལྟར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་མདོ་སྨད་དུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱི་མོ་ལྟ་བུར་གྱུར་ན་ཡང་གདུལ་བྱའི་ལས་དང་བསོད་ནམས་གྱི་དབང་གིས་དགོན་པའི་རྟེན་དང་བརྟེན་པར་བཅས་པ་ངོ་རྒོལ་བཞི་པའི་སྐབས་གནོད་ཚབས་ཆེན་པོ་ཐེབས་སྐབས་དང་མཉམ་དུ་འཇིག་པོ་ཡིན་ནོ།

དེང་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཅང་པོ་ལ་བརྟེན་ནས་དགོན་པ་སླར་བཞེངས་ཚེ་གསེར་སྐུ་འགའ་དང་ཐང་དཀར་སྦུབ་ཆེན་ཤང་ཤང་སིལ་སྙན་སོགས་དང་། ཁྱད་པར་དུ་སྐྱེ་དགུའི་བསོན་ནམས་ཀྱི་ཞུང་དུ་དགོན་པ་ཕྱག་འདེབས་པ་པོས་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་གྱི་སྐུ་དམར་གདུང་དད་ལྡན་སྐྱེ་བོ་འགས་རང་མོས་ཀྱིས་ཕུལ་བ་དང་། ཨ་མྱེ་བླ་མ་སོགས་བླ་རྒན་བཅུ་ལྷག་གི་འགན་ཁུར་འོག་ཡུལ་མི་རྒན་པ་རྣམས་ཀྱིས་གྲོགས་བྱེད། དད་ལྡ་སྐྱེ་བོ་རྣམས་ཀྱིས་དོངས་རྫས་ཅུང་ཟད་ཕུལ་བ་དང་། [page 77] གཙོ་བོ་སྟོབས་བཅུའི་དབང་ཐང་མངའ་བའི་མཆོག་སྤྲུལ་ངག་དབང་བསྟན་འཛིན་གྱིས་དགོན་པའི་དཔེ་དང་ཆ་རྐྱེན་གནང་ནས་གཙུག་ལག་ཁང་ཀ་བ་བརྒྱད་ཅུའི་བདག་ཉིད་ཅན་དང་བསེ་ཁྲབ་ཁང་དང་སྨྱུང་གནས་ཁང་བཅས་ལེགས་པར་གྲུབ་པ་དང་། མི་འགྱུར་བླ་བྲང་ཀ་བ་སུམ་ཅུའི་སར་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱི་ནས་ད་ལོར་གྲུབ། མི་འགྱུར་བླ་བྲང་ཀ་བ་སུམ་ཅུའི་སར་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱིས་ནས་ད་ལོར་གྲུབ། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དངོས་བཤད་སྒྲུབ་གཉིས་ལ་ཐུག་པར་དགོངས་ནས་བཤད་གྲྭ་གསར་འཛུགས་དགོས་པའི་བཀའ་གནང་མཛད་དེ་དགེ་སྐོས་བསྟན་འཕེལ་དང་ལས་སྣེ་བསོད་ནམས་ཆོས་འཕེལ། ཨ་ཁུ་བུ་ཕྲུག དཀོན་མཆོག་དར་རྒྱས་སོགས་ཀྱིས་ཐུགས་ཁུར་རྒྱ་ཆེན་གནང་ནས་ག་ས་ནས་བཤད་གྲྭའི་མཁན་པོ་ཨུ་ལོན་བལྟས་ཚེ་དཀར་པོའི་ལས་དང་དག་པའི་སྨོན་ལམ་གྱི་མཚམས་སྦྱར་ཏེ་མཁན་པོ་བསོད་ནམས་རྒྱ་མཚོ་གདན་དྲངས་ནས་བོད་རབ་བྱུང་བཅུ་བདུན་པའི་དཔལ་གདོང་སྟེ་ཆུ་བྱ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་བདག་ཅག་གི་སྟོན་པས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཉིན་དབུ་བཙུགས་ཤིང་རྫོང་ཆོས་ལུགས་ཇུས་ཀྱིས་ཆོག་མཆན་ཐོབ། ཤིང་ཕོ་ཁྱིའི་ལོར་ཨ་རི་ནས་མི་འགྱུར་རིན་པོ་ཆེ་འདིར་ཕེབས་སྐབས་འདི་ཕྱོགས་ཀྱི་དགོན་པ་བཅུ་ཕྲག་ཁ་ཤས་ལ་དགོན་པ་བཞེངས་རྐྱེན་དང་མཁན་སྤྲུལ་དགེ་འདུན་འཁོར་ཚོགས་ལ་འགྱེད་དང་མང་ཇ་ཕུན་སུམ་ཚོགས་པ་སྦྱར། ཁྱད་པར་དུ་རིས་མེད་བསྟན་པ་འཛིན་པ་ཁོང་གིས་འགྲོལ་བདེ་སྐྱིད་འབྱུང་བའུ་སྒོ་གཅིག་པུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཁོ་ན་ཡིན་དགོངས་ནས་བཤད་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་བཅས་ཀྱི་ས་བཀྲ་དང་བཞེངས་རྐྱེན་ཕུན་སུམ་ཚོགས་པ་གནང་སྦྱིན་མཛད། རབ་བྱུང་བཅུ་བདུན་པའི་ཤིང་ཕག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་ཉིན་དགེ་འདུན་བརྒྱ་ཕྲག་གཅིག་གིས་བཀྲ་ཤིས་བའི་གསོ་སྦྱོང་འཚོགས། ཏེ་ནས་མི་འགྱུར་དགོན་པའི་བྱང་ཕྱོགས་རྒྱང་གྲགས་གསུམ་ཙམ་གྱི་སར་ཟླ་བ་གཞུང་ཞེས་པ་དེར་མཁན་པོས་ས་དཔྱད་དང་ས་བསླང་མཛད་དེ། འདུ་ཁང་ཀ་བ་བཅུ་དྲུག་ལ་སྒོ་ཁང་ཀ་བ་བརྒྱད་ཕྱིར་འབུར་བ་དང་། དེའི་གཡས་སུ་གསོལ་ཁང་ཀ་བ་བརྒྱད། ཇ་ཁང་ཀ་བ་གསུམ། འདུ་ཁང་གཡོན་དུ་དཔེ་ཀློག་ཁང་ཀ་བ་བརྒྱད་དང་། དཔེ་མཛོད་ཁང་ཀ་བ་གཉིས་ཡོད་པ་དེ་དག་ཐམས་ཅད་ཀྱང་ཐོག་རིམ་གསུམ་གྱི་བདག་ཉིད་ཅན་དང་། རྒྱབ་ཕྱོགས་གཡས་གཡོན་དུ་གསང་སྤྱོད་ཁང་གཉིས་གཉིས་རེ་དང་། མཐའ་སྐོར་དུ་གྲྭ་ཤག་ཀ་བ་རེ་རེ་ཅན་བཞི་བཅུ་ལ་ཐོག་རྩེག་གཉིས་བཅས་ཟླ་བ་གཅིག་དང་ཞག་གསུམ་གྱི་བར་བཞེངས་གྲུབ་ནས་མདོ་སྨད་མི་འགྱུར་སྤྲུལ་པའི་ལྷ་ཁང་བརྩེ་ཆེན་བཤད་སྒྲུབ་བསྟན་འཕེལ་གླིང་ཞེས་མཚལ་གསོལ་ཏེ། ཤར་རྒྱལ་མོ་རོང་དང་། ཉག་རོང་། ཉག་ཆུ་ཁ། མུ་ལི། འདབ་པ། ལི་ཐང་སོགས་དགོན་ཁག་བཅུ་གསུམ་ཙམ་གྱི་དགེ་འདུན་ཞལ་གྲངས་བཅུ་ཕྲག་བརྒྱད་ལྷག་ལ་འཇམ་དབྱངས་བློ་གཏེར་དབང་པོའི་གཞུང་ལུགས་གཙོ་བྱས་ཏེ་དཔལ་ལྡན་ས་སྐྱ་བའི་གཞུང་ལུགས་རྣམས་ལ་ཐོས་བསམ་མཛད་བཞིན་ཡིན་ནོ། དེ་ལས་དགོན་པའི་མངའ་འོག་གི་ཁྱིམ་དུད་དགུ་བརྒྱ་ལྷག་གི་དད་གཤིན་རྫས་སོགས་ལ་བརྟེན་ནས་གྲྭ་སུམ་བརྒྱ་ལྷག་གིས་སྔོན་མ་ནང་བཞིན་ཚེས་དུས་སྒྲུབ་མཆོད་སོགས་[page 78] འཚོགས་བཞིན་ལགས་སོ། དགོན་པའི་ལོ་རྒྱུས་འདི་ནི་མཁན་པོ་བསོད་ནམས་རྒྱ་མཚོས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས། ཆོས་རྗེ་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་སོགས་ལ་བརྟེན་ནས་མུ་པོས་བྲིས་པའོ།།

སྒ་ཐོག་དགོན་གྱི་ལོ་རྒྱུས།

དེ་ཡང་ས་སྐྱའི་འཇམ་མགོན་ལྷུན་གྲུབ་དཔལ་ལྡན་གྱིས་ས་མིང་དང་མཚུངས་པའི་སྒོ་ནས་སྒ་ཐོག་དགོན་པ་དེ་ཉིད་ཕྱག་བཏབ་མཛད། དེ་ལས་དགོན་འདི་བཏབ་པའི་དུས་དང་གདན་རབས་མཁན་རབས་སོགས་ནི་དགོན་པའི་ལོ་རྒྱུས་མེད་པས་གསོལ་པོར་འབྲི་རྒྱུ་མ་རྙེད་ལ། གྲྭ་རྒན་རྣམས་ཀྱི་ཟེར་སྒྲོས་ལ་དགོན་འདིའི་ཐོག་མར་གྲྭ་ཆུང་རྣམས་དགོན་པར་ཞུགས་ནས་འདོན་རྟ་དབྱངས་ཀྱི་ཆོ་ག་རྣམས་ལེགས་པར་སྦྱངས་ནས་གྲྭ་པ་ལེགས་ཤོས་རྣམས་ས་སྐྱའི་གཙང་ངོར་ཨེ་ཝཾ་དུ་བྱོན་ནས་ཐོས་བསམ་སྒོམ་གསུམ་བྱས་ཏེ། བླ་དཔོན་གྱི་ཐུགས་ཁུར་གནང་དགོས་པར་གསུངས། དགོན་འདི་སྐུ་གསུངས་ཐུགས་རྟེན་འགངས་ཆེན་ཤིན་ཏུ་མང་པོ་བཞུགས་པའི་ངག་རྒྱུན་ཡོད་ཀྱང་བར་སྐབས་ཤིག་ལ་མེས་འཇིག་ནས་དེའི་རྗེས་རྟེན་གྱི་གཙོ་བོ་རྒྱུ་ལི་ལས་གྲུབ་པའི་སྒྲོལ་མ་གསུང་འབྱོན་མ་ཁྲུ་གང་ཅན་གཉིས་དང་། ཞང་ཕག་རྒྱལ་གསུམ། ཕྱག་ན་རྡོ་རྗེའི་སྐུ་གླང་དར་ཁྲིམས་ཐར་མ་གཅིག རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་འབུམ་བཅས་ཆ་གཉིས་རེ་དང་། གཞན་ཡང་མཁས་དབང་རྣམས་ཀྱི་བཀའ་འབུམ་སོགས་པོད་བརྒྱ་ཕྲག་ཁ་ཤས་དང་། བཀའ་གདམས་མཆོད་རྟེན་མཐོ་ཚད་ཅན་གསུམ་བཅས་དང་། རོལ་ཆས་སྐོར་ལ་མ་ཎི་སིལ་སྙན་དང་། འགངས་མཐོ་བའི་སྦུབ་ཆལ་བཞི་དང་། རྒྱ་ནག་རྐང་གླིང་གཅིག རྒྱན་མི་རྐང་གླིང་གཅིག རྒྱན་མི་མགོ་ཁ་སྤྲོད་ཀྱི་ཏིང་པོར་བུན་ཆ་གཉིས་གཞན་པའི་སྦུབ་ཆལ་ལྔ། ལི་ཏིང་བརྒྱ་ཁ་ལྷག་སོགས་ཀྱིས་མཚོན་རོལ་ཆས་མང་ཙམ་དང་། མཁའ་འགྲོའི་སྤྲིན་ཐགས་དང་། འཆམ་གོས་དབང་རྫས་སོགས་མཆོད་ཆས་སྐོར་མང་ཙམ་བཞུགས་ལགས་སོ། དགོན་འདིའི་རྒྱ་ཁྱོན་ལ་འདུ་ཁང་ཀ་བ་ཉི་ཤུའི་བདག་ཉིད་ཅན་དང་། གྲྭ་ཤག་བཅུ། གྲྭ་གྲངས་སུམ་ཅུ་ཙམ་བཞུགས། ཚོགས་པའི་གཏོང་སྒོ་ལ་ཞིང་ལ་དུད་གྲངས་གཉིས་དང་། དགོན་པའི་མངའ་འོག་གི་དུད་གྲངས་ཞེ་ལྔ་ཡོད་པ་དེ་རྣམས་ཀྱི་དད་རྫས་དང་གཤིན་རྫས་འབུལ་བ་སོགས་ལ་བརྟེན་ནས་མཆོད་ཐོག་འཚོགས་དགོས་སོ། ཚེ་དུས་སྒྲུབ་མཆོད་སྐོར་ལ་བོད་ཟླ་དང་པོའི་ཚེས་གཅིག་ལ་ཆོས་སྤྱོད་བྱིངས་དང་བཅལ་དལ་འདོན་ལེགས་པོ་དང་སྨོན་ལམ་སྐོར་བཅས་གསུངས་པ་ནས་བཅུ་གཉིས་པའི་ཉི་ཤུ་སྐོར་གྱི་བསྐང་གསོ་བར་ཟླ་བ་རེ་རེ་ལ་རིང་ན་ཉིན་བདུན་རེ་དང་ཐུང་ན་ཉིན་གསུམ་རེ་འཚོགས་རྒྱུ་མེད་པའི་དུས་མེད་པ་ནི་ལི་ཐང་ཕྱོགས་ཀྱི་དགོན་ཡོངས་རྫོགས་མཐུན་པས་འདིར་ཞིབ་འབྲི་མ་བྱས་སོ། དེ་ནས་བཅོས་སྒྱུར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་འཇིག སླར་ཡང་ཏང་གི་སྐབས་བཅུ་[page 79] གཅིག་པའི་གྲོང་ཨུ་ཚང་འཛོམས་གྲོས་ཐེངས་གསུམ་པ་འཚོགས་ནས་ཆོས་ལུགས་དད་པ་རང་མོས་སྒོ་ནས་དགོན་པ་བྱིངས་ཀྱི་ཆོས་སྒོ་ཕྱེ་ན་ཡང་དགོན་འདི་ལ་ཆོག་མཆན་མ་ཐོབ་པས་དགོན་བཞི་དགོན་པར་བསྡོམས་ནས། སྔོན་གྱི་དགོན་ཤུལ་དེ་གྱང་རལ་དུ་ལྷག་ནས་ཡོད་དོ། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་བློ་བཟང་སྤེན་པ་སོགས་ཀྱིས་གསུངས་པ་ལྟར་མུ་པོས་བྲིས་པའོ།།

བཤད་སྒྲུབ་རབ་རྒྱས་གླིང་གི་ལོ་རྒྱུས།

བོད་རབ་བྱུང་བཅུ་གསུམ་པའི་མཇུག་ཙམ་དུ་མཁས་ཤིང་གྲུབ་པར་བརྙེས་པའི་གྲོས་བླ་དབང་པོ་རབ་བརྟན་གྱིས། གཙུག་ལག་ཁང་ཀ་བ་ཉི་ཤུ་བདག་ཉིད་ཅན་ཞིག་བཞེངས་ཏེ། དགེ་འདུན་ཞལ་གྲངས་བརྒྱ་ལྷག་ལ་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུན་སྤེལ། དེ་ནས་བཟུང་དགོན་འདིར་སྤྱིར་སྐྱེས་ཆེན་དམ་པ་དུ་མ་བྱོན་ན་ཡང་དེ་དག་གི་གོ་རིམ་དང་མཛད་རྣམ་སོགས་ཀྱི་ཡིག་ཚང་མེད་པས་གང་དྲན་ཙམ་བཀོད་ན། དབོན་པོ་རབ་བརྟན། སེ་ཨ་སྙན་རྒྱ་མཚོ། སྙན་གྲགས་རྒྱ་མཚོ། སངས་རྒྱས་བསྟན་འཕེལ། ཐོས་པ་དགའ། བླ་མ་ཡང་དགའ་སོགས་ཀྱི་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་བསྟན་པ་ཡུན་རིང་སྐྱངས་ན་ཡང་། བར་སྐབས་རྐྱེན་དབང་ལས་བོད་དམག་གིས་དགོན་པ་འདི་བཅོམ་ནས་མིང་གི་ལྷག་མར་བྱས། དེ་ནས་གནས་མཆོག་སྐྱབས་ཤུལ་ཞེས་པ་དེར། བོད་རབ་བྱུང་བཅུ་དྲུག་པའི་ས་འཛིན་ཏེ་མེ་ཕོ་བྱི་བའི་ལོར་མཆོག་གི་སྤྲུལ་བའི་སྐུ་ཀུན་བཟང་ཆོས་ཀྱི་ཉི་མ་ཞེས་མཚན་སྙན་གྱི་བ་དན་སྲིད་ཞིའི་མཁའ་ལས་མངོན་པར་མཐོ་བ་གང་ཉིད་ཀྱིས་གསར་དུ་གཙུག་ལག་ཁང་ཀ་བ་ཉེར་བཞི་དང་གྲྭ་ཤག་ལྔ་བཅུ་ལྷག་མམ་བསྐྲུན་ཏེ། ཆོས་རྗེ་ས་པཎ་གྱི་སྐུ་འབུམ་ཁ་ཤས་ཀྱིས་མཆོད་རྟེན་བཏབ་པས་སྐུ་འབུམ་དགོན་དུ་ཐོགས། རྗེ་འདི་ཉཻད་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་སྣང་བས་ཆོས་ཀྱི་དབྱངས་ཀུན་ཏུ་ཁྱབ་པར་བརྡལ་བས། ཡིད་ཅན་ཀུན་ལ་འཕྲལ་ཕུགས་ཀྱི་ཕན་བདེ་སྟེར་བར་མཛད་པ་གང་ཉིད། ལྗོངས་འདིར་མཁས་པའི་ཡང་རྩེར་བསྔགས་ཤིང་། བཅུ་ཕྲག་རིག་པའི་གནས་ལ་ཐོགས་པ་མེད་པ་དང་། དུས་གསུམ་མངོན་པར་གཟིགས་པའི་དཔལ་ས་སྐྱ་བའི་བསྟན་པའི་མངའ་བདག་ཆེན་པོ་ཞིག་ཡིན་ཏེ། འདི་ཕྱོགས་ས་དགོན་མི་འགྱུར་དགོན། བྲག་ནག་དགོན། ཞི་བརྩོན་དགོན། ཐང་དཀར་དགོན། རྟ་ནུ་དགོན་སོགས་སོགས་ཀྱི་བསྟན་བདག་དང་དབུ་བླ་མཛད་དེ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བསྟན་འགྲོ་ལ་ཕན་བདེ་རྒྱ་ཆེར་སྟེར་བར་མཛད་པ་ཡིན་ནོ།

གཞན་ཡང་དགོན་གནས་འདིར་སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ཡིན་ཏེ། ཀརྨ་མཐོང་བ་དོན་ལྡན་དང་སི་ཏུ་ཆོས་ཀྱི་དབང་ཕྱུག་གཉིས་བྱོན་ནས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་དུ་མ་བསྩལ། ན་ལེནྡྲའི་མཁན་པོ་གཟིམས་འོག་བྱམས་པ་རིན་པོ་ཆེན་[page 80] བྱོན་ནས་ལོ་གཅིག་བཞུགས་ཏེ་བསྟན་པ་ཉམས་གསོ་མཛད་དེ་སྨིན་གྲོལ་གྱིས་བཀའ་དྲིན་བསྐྱངས། སྒ་སྟོད་ངག་དབང་ལེགས་པ་དང་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་སོགས་བྱོན་ནས་དགོན་འདིའི་བསྟན་པ་སྤེལ་བ་ལ་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ནོ།

དགེ་སྐོས་དང་དབུ་མཛད་སོགས་ཀྱི་ཐོབ་ཐང་ནི། དགོན་འདིའི་གྲྭ་དཀྱུས་མ་ཞིག་ལ་མཚོན་ན། དང་པོ་གྲྭ་ཚང་གི་འདོན་ཆ་མཐར་ཕྱིན་སྦྱངས་ཏེ། རྔ་བ་ལོ་གསུམ། དུང་མཁན་ལོ་གསུམ། དེ་ནས་དབུ་མཛད་དང་དགེ་སྐོས་བྱེད་པའི་སྲོལ་ཡོད། དགོན་འདིའི་ཚེས་དུས་སྒྲུབ་མཆོད་ནི། ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ནས་བཅུ་གསུམ་བར་རྒྱལ་བའི་བཀའ་འགྱུར་དག་འདོན་དང་། ཚེས་བཅུ་གཅུམ་ནས་ཉེར་གཅིག་བར་མགོན་པོ་འབུམ་གཏོར། བོད་ཟླ་དྲུག་པའི་ཚེས་བཅུ་བཞི་ནས་དབྱར་གནས་ཟླ་བ་གཅིག་ཕྱེད། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་སུམ་ཅུའི་བར་དུ་སྒྲུབ་མཆོད་སྔ་མ་དང་། བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ནས་སུམ་ཅུ་བར་སྒྲུབ་མཆོད་ཕྱི་མ་ཡིན་ནོ། དེ་གཉིས་ལ་ཀྱེེ་རྡོར་ཚེ་མཆོག་སྨན་བླ། མི་འཁྲུགས་པ་སོགས་འཚོགས་དགོས་པ་ཡིན་ནོ། སྐུ་གསུང་ཐུགས་རྟེན་སྐོར་ལ། རྒྱུ་ལི་ལས་གྲུབ་པའི་གུར་པའི་གུར་མགོན་གསུང་འབྱོན་མ་ཁྲུ་གང་བ་དང་། བཀའ་གདམས་མཆོད་རྟེན་ཆ་གཉིས། གསུང་རྟེན་བཀའ་འགྱུར་ཆ་གཅིག བྱ་ཤང་ཤང་རོལ་མོ་གཡོག་འཇའ་ཆ་གཅིག དུང་དཀར་གསུང་འབྱོན་མ་ཆ་གཅིག་བཅས་རོལ་མོའི་སྐོར་ཆ་ཚང་དང་། རི་དྭགས་ཆོས་འཁོར་གདུགས་རྒྱལ་མཚན་སོགས་ཀྱིས་མཚོན་འགངས་ཆེ་བའི་ཁྱད་ནོར་དུ་མ་ཡོད་ན་ཡང་། སྐྱེ་དགུ་བསོད་ནམས་དམན་པས་བསྟན་པའི་ཉི་མ་ནུབ་རིར་ཕྱོགས་པས་མི་ལོ་སུམ་དུའི་རིང་ལ་བསྟན་པའི་རྣམ་བཞག་ཐམས་ཅད་སྟོང་སྟེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ཐམས་ཅད་མིང་གི་ལྷག་མར་གྱུར་བའོ། སླད་ནས་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་ཏང་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཏེ་གཙུག་ལག་ཁང་སྔོན་མ་ནང་བཞིན་བཞེངས་ཏེ། རྒྱུ་སྨན་འདམ་ལས་བསྐྲུན་པའི་ཐུབ་པ་གཙོ་འཁོར་གསུམ་རྩེགས་ཚད་དང་། ཆོས་རྗེ་ས་པཎ། སྤྱན་རས་གཟིགས་སོགས་མི་ཚད་ཙམ་ཡོད་དོ། གྲྭ་བ་ལྔ་བཅུ་ལྷག་ཙམ་གྱིས་སྔོན་མ་ནང་བཞིན་ཚེས་དུས་སྒྲུབ་མཆོད་འཚོགས་བཞིན་ཡིན། ཡོན་གྱི་འབྱུང་ཁུངས་ཤེ་འབྲུ་བདུན་ཡོད་པ་དེ་ཤི་མེད་རྒས་མེད་བྱས་ནས་ལོ་རེ་ལ་མར་རྒྱ་མ་བརྒྱད་རེ་དགོན་པ་ལ་སྤྲོད་དགོས་པ་ཡིན་ནོ། ལོ་རྒྱུས་འདི་ནི་གྲྭ་ཚེ་རིང་ནོར་བུ་དང་བསྟན་འཛིན་ཆོས་འཕེལ་གཉིས་ཀྱི་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།།

སྟོང་པད་མོ་དགོན་གྱི་ལོ་རྒྱུས།

འགྲོ་མགོན་ཆོས་རྒྱལ་འཕགས་པ་གང་གིས་བོད་རབ་བྱུང་བཞི་པའི་ཁྲོ་བོ་ཞེས་པ་ཤིང་མོ་གླིང་གི་[page 81] ལོར་ཡས་མས་ཤིག་ལ་དགོན་གསར་དགོན་པའམ་སྟོང་པད་མོ་དགོན་པ་འདི་ཉིད་ཕྱག་བཏབ་མཛད། དེ་ལ་སྔོན་དགོན་པ་འདི་ཉིད་ཤིན་ཏུ་དར་རྒྱས་བྱུང་སྐབས་གྲྭ་སྟོང་གཅིག་ཙམ་རེ་ཡོད་པས། དགོན་མིང་དུ་སྟོང་པད་མོ་དགོན་ཞེས་མཚན་གསོལ། དགོན་འདིའི་ཕྱོགས་བཞིར་གཟི་བརྗིད་རྟག་པ་དགོན། འབའ་གསེར་ལྟོ་དགོན། ལམ་པ་བྱ་སྤྲེལ་དགོན། དགོན་ཆུང་སྤུས་ར་དགོན་བཅས་ལ་སྟོང་པད་མོ་དགོན་པའི་ཆོས་དང་དཀར་པོ་རྒྱང་གྲགས་ཀྱི་ས་ཟེར་བ་དང་། དགོན་འདིའི་གཡས་གཡོན་དུ་ཝ་དགེ་ལེགས་རི་ཁྲོད་དང་། ངག་དབང་སྙན་གྲགས་རི་ཁྲོད། མགོ་སེར་དགེ་བཤེས་ཀྱི་རི་ཁྲོད། དགེ་བཤེས་དགེ་འདུན་གྱི་རི་ཁྲོད་བཅས་དགོན་པ་དང་རི་ཁྲོད་དུ་མའི་མངའ་བདག་ཡིན་ན་ཡང་། ཆགས་འཇིག་དུ་མ་བྱུང་བས་དགོན་འདི་གོང་འོག་ཀུན་ཏུ་དགོན་ཤུལ་འབའ་ཞིག་གིས་གང་ཡོད་པ་ནི་ད་ལྟ་ཡང་དངོས་སུ་མཐོང་ཡུལ་དུ་གྱུར་པ་དེ་ཡིན་ནོ།

དེའི་རྗེས་གཙུག་ལག་ཁང་ཀ་བ་དྲུག་དང་ཀ་རིང་བཞི། གྲྭ་ཤག་བཅུ་བདུན་ལ་གྲྭ་བ་སུམ་ཅུ་སོ་གསུམ་ཙམ་ཡོད་ལ། གཙུག་ལག་ཁང་དུ་ནང་རྟེན་གཙོ་བོ་རྒྱུ་ཟངས་གསེར་ལས་གྲུབ་པའི་ཇོ་བོའི་སྐུ་དང་། རྒྱུ་སྨན་འདམ་ལས་བསྐྲུན་པའི་མིང་འཁྲུགས་པ། རྗེ་བཙུན་བྱམས་པ་སྤྱན་རས་གཟིགས་བཅས་རྩེག་ཚད་དང་། ས་སྐྱ་པཎྚི་ཏའི་སྐུ་རྩེག་ཚད་གཉིས། ཨ་ངག་ཆོས་རྒྱལ་གྱི་སྐུ་དམར་གདུང་དང་། རྒྱུ་ལི་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་ཁྲུ་གང་བ་དང་། འོད་དཔག་མེད་ཀྱི་སྐུ་མཐོ་ཚད་དང་། གསེར་དངུལ་ལས་བྲིས་པའི་རྒྱལ་བའི་བཀའ་འགྱུར་དང་། བརྒྱད་སྟོང་། སྐལ་བཟང་། གཟུངས་འདུས། གསེར་ཐང་བཅུ་བདུན། གཏེར་ནས་བཏོན་པའི་སྦུབ་ཆལ་རྒྱལ་ཨ་ཐོད་གཙོས་སྦུབ་ཆལ་ཆ་དགུ། གཏེར་ནས་དྲངས་པའི་སིལ་སྙན་ཉི་མ་འབྲུག་གྲགས་གཙོས་སིལ་སྙན་ཆ་བཞི། ལིའི་བདུན་ཚར་ཆ་བདུན། དངུལ་གྱི་བདུན་ཚར་ཆ་གཉིས། རག་གདུང་ཆ་བཞི། དུང་དཀར་ཆ་བཞི། འཁར་རྔ་གཅིག ཚོགས་ཟངས་ཆེན་མོ་ཟོམ་བཅུ་གཉིས་ཙམ་བླུག་ཆོག་པ་གསུམ་བཅས་བཞུགས་ལགས་སོ།

ཚེས་དུས་སྒྲུབ་མཆོད་ནི། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་དང་སུམ་ཅུ་གཉིས་ལ་ས་སྐྱའི་ཁྲོ་བཅུ་འབུམ་དམག་དང་། བོད་ཟླ་དང་པོའི་ཚེས་གཅིག་ལ་བསྐང་གསོ། ཚེས་གཉིས་ལ་ཚོགས་མཆོད། ཚེས་གསུམ་ལ་བསང་མཆོད། ཚེས་བཅུ་གཉིས་ནས་སྨོན་ལམ་ཉཻན་བཅུ་གཉིས་དང་། ཟླ་བ་ནམ་ཤར་གྱི་ཉ་སྟོང་ལ་གསོ་སྦྱོང་དང་། བོད་ཟླ་གཉིས་པའི་ཚེས་བདུན་ནས་ཀུན་རིག་སྙན་བརྒྱུད་ཉིན་བཅུ་གཉིས་དང་། བོད་ཟླ་གསུམ་པའི་ཚེས་བཅུ་གསུམ་ནས་ཀུན་རིག་ཆོ་ག་ཉིན་བཅུ་གསུམ་དང་། བོད་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་ཀུན་རིག་ཆོ་ག་ཉིན་བཅུ་གསུམ་དང་། བོད་ཟླ་བཞོ་པའི་ཚེས་བཅུ་གསུམ་ནས་སྨྱུང་གནས་ཆ་བརྒྱད་དང་། བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་བརྒཡད་པའི་ཚེས་གཅིག་བར་དབྱར་གནས་དང་། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་ལྒ་བབས་དུས་ཆེན་ཉིན་བདུན་དང་། བོད་ཟླ་བཅུ་པའི་ཚེས་ཉེར་བཞི་ནས་དགའ་ལྡན་ལྔ་མཆོད་ཉིན་བརྒྱད་དང་། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་[page 82] ནས་སྤྱི་གཏོར་ཆེན་མོ་ཉིན་བཅུ་གཉིས་བར་དུ་འཚོགས་དགོས་པ་ཡིན་ནོ།

ཡོན་གྱི་འབྱུངས་ཁུངས་ནི། ཞིང་པ་བཞི་ལ་ཞིང་ཁལ་བཅུ་བཞི་ཙམ་གྱི་ས་དང་། དགོན་པའི་མངའ་འོག་གྱི་ཁྱིམ་དུད་བཞི་བཅུ་ཞེས་གྲངས་ཡོད་པ་དེ་དག་གི་དད་རྫས་སོགས་ལ་བརྟེན་པ་ཡིན་ནོ།

རིག་གནས་གསར་བརྗེ་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་བྱས། སླར་ཡང་ཏང་གི་སྲིད་ཇུས་བཟང་པོའི་འོག་དགོན་པ་སླར་གསོ་ཆོག་པའི་གོ་སྐབས་བཟང་པོ་བྱུང་སྟེ། གཙུག་ལག་ཁང་གི་རྒྱ་ཚད་སྔོན་མ་ནང་བཞིན་ལ། ནང་རྟེན་རྒྱུ་སྨན་འདམ་ལས་བསྐྲུན་པའི་ཚེ་དཔག་མེད། ཀུན་རིག སྨན་ལྷ། ཐུབ་བསྟན་ལུང་རིག་གི་འདྲ་སྐུ། གཙང་ཤུལ་རིན་པོ་ཆེའི་འདྲ་སྐུ་བཅས་ཁྲུ་བཞི་དང་། སྟོན་པའི་སྐུ་ཁྲུ་གང་དང་། མི་འཁྲུགས་པའི་སྐུ་དང་། ས་སྐྱ་པཎྚི་ཏའི་སྐུ་ཁྲུ་བཞི་ཕྱེད་དང་། ས་སྐྱའི་གོང་མ་རྣམ་ལྔ། ཕྱག་ན་རྡོ་རྗེ། འཇམ་དབྱངས་བཅས་ཁྲུ་གང་ཕྱེད་དང་འོད་དཔག་མེད་གྱི་གསེར་སྐྱ་ཁྲུ་གང་ཕྱེད་དང་། རྣམ་སྲས། ལམ་རིམ་བླ་བརྒྱུད། སྒྲོལ་མ། དཔལ་ལྡན་ལྷ་མོ་བཅས་ཀྱི་ཐང་ག་རྩེག་ཚད་དང་། ཇོ་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་བྱམས་པ། སྤྱན་རས་གཟིགས་རྩེག་ཚད་དང་། སྒྲོལ་མ་ཁྲུ་གཉིས་ཕྱེད་དང་། ཇོ་བོ་ཁྲུ་གསུམ་བཅས་དང་། མགོན་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྣམ་སྲས་ཁྲུ་གཉིས་ཕྱེད། མགོན་པོ་ཕྱག་དྲུག་པ་ཆོས་རྒྱལ། བསེ་ཁྲབ་བཅས་ཁྲུ་གསུམ་ཕྱེད། གུར་མགོན་ཁྲུ་དོ་དང་། དེ་མིན་བསེ་ཁྲབ་གཅིག་བཅས་དང་། གསུང་རྟེན་སྐོར་ལ་རྒྱལ་བའི་བཀའ་འགྱུར་དང་། བརྒྱ་སྟོང་ གཟུངས་འདུས་སོགས་པོད་བརྒྱ་དང་ཉི་ཤུ་ཙམ་བཞུགས། དེ་མིན་རོལ་ཆས་སྐོར་ཡང་དོན་ཙམ་དང་། ཚེས་དུས་སྒྲུབ་མཆོད་སོགས་སྔོན་མ་ནང་བཞིན་དང་། དགོན་པའི་མངའ་འོག་གི་ཁྱིམ་དུ་བཞི་ཞེ་གྲངས་ཀྱི་དད་རྫས་སོགས་ལ་བརྟེན་ནས། གྲྭ་ཉེར་ལྔ་ཙམ་གྱི་ཚེས་དུས་སྒྲུབ་མཆོད་འཚོགས་དགོས་པ་ཡིན་ནོ། ལོ་རྒྱུས་འདི་ནི་གྲྭ་རྟ་མགྲིན་ཕུན་ཚོགས་དང་འཇམ་དབྱངས་ནོར་བུ། ངག་དབང་བསོད་ནམས། ཐུབ་བསྟན་སོགས་ཀྱི་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།

ཁོལ་རི་གསང་སྔགས་གླིང་གི་ལོ་རྒྱུས།

ཀཿདམ་པ་བདེ་གཤེགས་ཀྱིས་མ་འོངས་འབྱུང་འགྱུར་ལུང་བསྟན་བུ་བཞིའི་ནང་ཚན་ཨུ་བུ་བྱམས་པ་འབུམ་གྱི་དངོས་སློབ་འབྲུ་ཚ་བརྩོན་འགྲུས་བཟང་པོས་བོད་རབ་བྱུང་ལྔ་པའི་སྟོད་ཙམ་དུ་སྦ་ཡུལ་གནས་ཆེན་འདི་ཡི་གནས་སྒོ་ཕྱེས་ཏེ་དགོན་པ་འདི་ཡི་གཞི་བཏབ། ཕྱིས་སུ་རྗེས་འབངས་ལོ་པཎ་རྨ་རིན་པོ་ཆེ་མཆོག་སྙིགས་དུས་སྐྱེ་འགྲོའི་དོན་དུ་བསམ་བཞིན་མི་གཟུགས་སུ་བྱོན་ཏེ། དབྲ་བྱ་བའི་ཡུལ་དུ་ཡབ་རིགས་སྔགས་འཆང་དཀོན་མཆོག་དབང་པོ་དང་ཡུམ་དཀོན་མཆོག་སྒྲོལ་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ངོ་མཚར་བ་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་སྐྱེས་བུ་དུ་མའི་ཞབས་ལ་གཏུགས་ཏེ་འདི་སྣང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ཞིང་། དབེན་པའི་རི་ལུང་དུ་དཀའ་སྤྱད་དྲག་པོའི་སྒོ་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་མཚན་དུ་ཁོལ་རི་བླ་མ་བྱང་ཆུབ་རྒྱལ་མཚན་གྲགས། མཁའ་ཀློང་བདེ་ཆེན་རི་ཁྲོད་དུ་བཞུགས་སྐབས་རིགས་ཀྱི་ཊཀྐི་རྣམས་ཀྱི་སྲས་སུ་ཉམས་སད་ནས་[page 111] པདྨའི་ཟབ་གཏེར་གྱི་བདག་པོར་དབང་འབྱོར། དེ་ནས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོ་གདན་ས་འདིར་བཞུགས་སྐབས་ཝ་ཤུལ་ཡོན་རུའི་དཔོན་མི་རྒན་ཐལ་ཇུ་ཟེར་བའི་བཙུན་མོ་སོག་བཟའ་མ་སྨྱོ་ནད་ཀྱིས་ཐེབས་ཏེ། གཞན་བླ་སྤྲུལ་གང་གིས་ཀྱང་དྲག་མ་ནུས་པ་དེ་ཉིད་ཀྱི་ནད་གདོན་ཚར་བཅད་དེ། ཀུན་གྱི་དད་པའི་གནས་སུ་གྱུར་ཏེ་དཔོན་དནག་མངའ་འབངས་སྡེ་རིས་བཅས་ཀྱི་ནོར་རྫས་སོགས་མཎྜལ་དུ་མ་ཕུལ་ཞིང་། ཁྱད་པར་ཞབས་བརྟན་ཁོལ་རི་དགོན་པའི་བསྟན་པའི་བདག་པོར་མངའ་གསོལ་ཞིང་ཕུལ་བ་ལས། གཏེར་ཆེན་རིན་པོ་ཆེས་བདག་གི་བཞེས་ཏེ་བསྟན་པའི་གནད་རྣམས་རྨང་ནས་གསོ་ཞིང་ཞིག་གསོས་ཏེ། སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་དུ་མ་བཞེངས། ཉིད་ཀྱི་གཏེར་བྱོན་ཟབ་ཆོས་གསེར་སྦྱངས་བཅོ་མ་ལྟ་བུ་རྡོ་རྗེ་སྙིང་པོའི་རྒྱལ་བསྟན་གྱི་ལུགས་སྲོལ་དར་ཞིང་རྒྱས་ཏེ་བཞུགས་པ་ལགས། དེ་ནས་བསྟན་པའི་བདག་པོ་རིག་འཛིན་ཆེན་པོའི་རྒྱལ་ཚབ་ཏུ་བདུད་འདུལ་རྡོ་རྗེའི་སྐུ་སྲས་ནོར་བུ་ཡོངས་གྲགས་ཀྱི་གདུང་རྦས་རྒྱལ་སྲས་སྐུ་ཕྲེང་བར་མ་ཆད་པ་བྱོན་ནས་དགོན་འདིར་སྔ་འགྱུར་རྙིང་མའི་བསྟན་པ་བསྐྱངས་བའི་སྐྱེས་ཆེན་དེ་དག་གི་སྐུ་རིང་དུ་རྟེན་གཙུག་ལག་ཁང་དང་བརྟེན་པ་སྐུ་གསུང་ཐུགས་རྟེན་སོགས་བཞེངས་ཚུལ་ནི།

ཐོག་མར་རིག་འཛིན་ལྷ་ཁང་ངམ་མཁའ་འགྲོ་འབུམ་རྫོང་ཆེན་མོ་ནི་རིག་འཛིན་ཀློང་གསལ་སྙིང་པོས་ལྷ་སྲིན་ལས་བཅོལ་ནས་བརྩིགས་པ་དེ་བསམ་ཡས་དང་འདྲ་བར་གསུངས་ལ། དེའི་ནང་རྟེན་གྱི་གཙོ་བོ་རིག་འཛིན་ཆེན་པོ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་གསུང་འབྱོན་ང་འདྲ་མ་དང་། ཆོས་སྐུ་རྡོ་རྗེ་འཆང་། གནམ་ཆོས་མི་འགྱུར་རྡོ་རྗེ་དགུང་ལོ་གསུམ་པའི་སྐུ་ཚད། ས་སྐྱ་པཎྚི་ཏ་སོགས་བླ་རབས་རྟེན་རྙིང་ཁྱད་འཕགས་ཁ་ཤས་དང་། བཟང་ཞིང་སྨན་འདམ་སོགས་ལས་གྲུབ་པའི་འདྲ་སྐུ་དུ་མ་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་གསེར་དངུལ་བྲིས་སོགས་སྨོས་ཀྱིས་མི་ལང་བ་དང་། ལོགས་བྲིས་ཀློང་གསལ་སྙིང་པོའི་དག་སྣང་བྱོན་པ་ལྟར་རྒྱ་གར་གྱི་རིག་འཛིན་བརྒྱད། སྒོའི་ལོགས་སུ་བཞུགས་པའི་བསྟན་སྲུང་མ་མགོན་མགར་གསུང་གྱི་ཐང་ག་མཐིང་ནག་མ་འདི་གྲུབ་སྐབས་ཧྲཱིཿཕྱོགས་བཅུའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ཀ་དག་དབང་ཕྱུག་འཆི་མེད་དམ་པའི་དཔལ། ཀློང་གསལ་སྙིང་པོ་རྒྱལ་བའི་རིག་པ་འཛིན། ཕྲིན་ལས་དམ་བཅའ་བསྐལ་བརྒྱར་བཞུགས་གསོལ་འདེབས། ཞེས་ཞབས་བརྟན་ཚིག་བཞི་ཞལ་ནས་འགགས་མེད་རང་སྒྲས་གསུང་འབྱོན་པ་དང་། སྟེང་ཁང་དུ་གཙོ་བོ་བསྐལ་བཟང་རྣམ་འདྲེན་ཤཱཀྱའི་དབང་པོ་ལ་འཁོར་བདེ་གཤེགས་སོ་ལྔས་བསྐོར་བ་དང་། གཡུ་ཐོག་ཡོན་ཏན་མགོན་པོ་ལ་སོགས་པ་སྐུ་གསུངས་ཐུགས་རྟེན་དུ་མ་དང་། གསེར་དངུལ་ཀོང་སྟོང་ལྷག་བཅས་བཞུགས་སུ་གསོལ།།

ཨོ་རྒྱན་ལྷ་ཁང་འདི་སྔོན་འབྲུ་ཚ་སྒམ་པོའི་དུས་འདུ་ཁང་ཡིན་ཀྱང་ཕྱིས་སུ་ཀློང་གསལ་སྙིང་པོས་ཞིག་གསོ་ཕུལ་ཏེ། ནང་བཞུགས་ཨོ་རྒྱན་སྐུ་བརྙན་བརྩེགས་ཚད་གཉིས་ལྡན་འདི་རིག་འཛིན་ཆེན་པོའི་ཞལ་བཀོད་གནང་སྟེ། ལྷ་བཟོ་གསུམ་ལ་བཞེངས་བཅུག་སྟེ་རིག་འཛིན་ཆེན་པོས་རབ་གནས་མཛད་ཚར་བ་[page 112] དང་། རིགས་ཀྱི་ཊཱཀྐི་རྣམས་ཀྱིས་མཁའ་འགྲོའི་གླིང་དུ་གདན་དྲངས་ཏེ་བྱོན་པར་བཞེད་ཚེ། རིག་འཛིན་ཆེན་པོའི་མི་ཡུལ་ལ་སྤྱོད་ཀྱི་ཞིང་དུ་སྐུ་ཚབ་མཆོད་པའི་རྟེན་དུ་བསྐལ་བ་མ་སྟོང་གི་བར་དུ་བཞུགས་པར་ཞས་ཤིང་བརྟན་བཞུགས་མཛད་པའི་ཨོ་རྒྱན་ཞལ་མི་གཉིས་པའི་ཚུལ་དུ་བཞུགས། དབུ་ཐོག་ཏུ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཉི་མ་རང་ཤར་དང་། ལོགས་བྲིས་སུ་ཀློང་གསལ་དག་སྣང་གི་གུ་རུའི་རྣམ་ཐར་དང་བསྟན་སྲུང་མ་གཟའ་རྡོར་གསུམ་བཅས་རབ་གནས་མ་དང་། ཕྱིའི་མཚམས་ཆེན་དུ་ཀློང་གསལ་ཕྱག་བཟོ་སློབ་དཔོན་གཙོ་འཁོར་གསུམ་བཅས་བཞུགས་པ་དེ་དག་བར་སྐབས་སྙིགས་དུས་ཀྱི་སྐྱེ་འགྲོ་བསོད་ནམས་དམན་པའི་དབང་གིས་འཇིག་པ་ཅུང་ཟད་བྱུང་ནའང་རྒྱལ་སྲས་དུང་རབས་ལྔ་པའི་ཐུགས་བསྐྱེད་ལས། དགོན་ཡུལ་སྡེ་འབངས་ཐམས་ཅད་ཀྱིས་ཉམས་པ་གསོས་ནས་སྐུ་རྟེན་གུ་རུ་མཚན་བརྒྱད་དང་། གསུང་རྟེན་སྔ་འགྱུར་བཀའ་མ་རིན་ཆེན་གཏེར་མཛོད་ལ་སོགས་ནང་རྟེན་གྱི་བྱེ་བྲག་རི་མོ་ངོས་བྲིས་སོགས་གང་ཐད་ནས་སྣགར་ལས་བཞུགས་པ་ཡིན་ནོ།།

གཙུག་ལག་ཁང་མཐོང་གྲོལ་ཁམས་གསུམ་ཟིལ་གནོན་ཚོགས་ཁང་ཀ་བ་དྲུག་ཅུའི་ས་དེར། བསྐལ་བཟང་རྣམ་འདྲེན་བཞི་པའི་སྐུ་དང་དེའི་ལྷག་ན་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་བྲག་རི་མ་དང་རྒྱན་དྲུག་མཆོག་གཉིས། གཡས་སུ་བོད་གངས་ལྗོངས་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཕྱོག་སྟོང་སྤྱན་སྟོང་གཙོ་འཁོར་གསུམ། ཀློང་གསལ་འདྲ་སྐུ་གྲགས་ཅན་དང་། གཡོན་དུ་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་སྐུ་རྟེན་བྱིན་ལྡན་དུ་མ་དང་། དྲ་མིག་རྣམས་སུ་རྒྱལ་བའི་བཀའ་འགྱུར་སོགས་གསུང་རྟེན་ཁྱད་འཕགས་གང་མང་དང་། གཞན་ཡང་འཁོར་འབར་མཆོད་རྟེན་སོགས་ཐུགས་རྟེན་དུ་མ་དང་། ཀློང་གསལ་སྙིང་པོའི་ཀྲམ་མཚོ་ཕུ་ནས་གཏེར་དྲངས་པའི་གཏེར་ཁྲོ་དང་གཏེར་དུང་། འབག་ཁང་དུ་ཀློང་གསལ་ཕྱག་བཟོ་ཞལ་འབག་བྱིན་ལྡན་དུ་མ་དང་། ངོས་བྲིས་རྗེ་འབངས་ཉེར་ལྔ་དང་རྒྱ་གར་གྲུབ་ཆེན་བརྒྱད་ཅུ། ཀློང་གསལ་བླ་བརྒྱུད་དང་གངས་ཅན་འཇམ་དབྱངས་རྣམ་གསུམ་བཅས་དང་། གསང་སྔགས་སྒྲུབ་ཁང་འདོད་ཁམས་བདག་མོའི་བཞུགས་གནས་མགོན་ཁང་ནང་དུ་བསམ་ཡས་ལ་འདུལ་གྱི་མཆོད་རྟེན་ཆེན་མོ་དང་། རཏྣ་གླིང་པས་བཞེངས་པའི་མགོན་པོ་ཚོགས་བདག ཀློག་གསལ་ཤངས་ཁྲག་གི་བྲིས་པའི་འདོད་ཁམས་ལྷ་མོའི་དྲེལ་ཞོན་མའི་ཞལ་ཐང་དང་མ་གཟའ་རྡོར་གསུམ་གྱི་ཞལ་ཐང་དང་། འབྲུ་ཚ་སྒམ་པོའི་ཐུགས་དམ་གྱི་རྟེན་མ་མགོན་མགར་ཐང་དང་། ཙན་དན་དཀར་དམར་ལས་གྲུབ་པའི་གུ་དྲག་དང་གུར་མགོན་གཉིས་ཀྱི་སྐུ་བརྙན་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྒྱ་གར་ནས་ས་སྣ་དང་རྒྱ་ནག་ནས་ཆུ་སྣ་བསྡུས་ཏེ་བཞེངས་པའི་གཏེར་གྱི་བུམ་པ། ནང་དུ་ཀློང་གསལ་སྙིང་པོའི་ཚུན་གྲུབ་ཆེན་གོང་མ་རྣམས་ཀྱིས་བསྒྲུབ་པའི་མྱོང་གྲོལ་རིལ་བུའི་གང་བ་བཅས་དང་། འགངས་ཤིན་ཏུ་མཐོ་བའི་རྒྱ་ནག་སྦུབ་ཆལ་དང་འབྲུག་གཉིས་ཁ་སྤྲོད། གྲལ་རྒྱས་འདོད་སོགས་སྦུབ་ཆལ་དང་རོལ་ཆས་སྐོར་དུ་མ་བཞུགས་སུ་གསོལ།

[page 113] དེ་ལྟར་མ་དགོན་དཔལ་རྒྱལ་བ་ཀཿཐོག་པའི་ཕྱག་སྲོལ་ལྟར་ཁྱིམ་དུད་བརྒྱ་དང་བདུན་ཅུ་ལྷག་གི་ཡིག་སྦྱོར་ལ་བརྟེན་ཏེ་གྲྭ་བ་ཞལ་གྲངས་བརྒྱ་ལྷག་གིས་ལོ་ལྟར་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་སྙུང་གནས་དང་། བོད་ཟླ་དྲུག་པའི་ཚེས་བཅུ་ལ་ཚེས་བཅུ་དང་། བོད་ཟླ་བརྒྱད་པའི་ཡར་ཚེས་ལ་མ་ཎི་བུམ་སྒྲུབ། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་དགུ་གཏོར་ཆེན་མོ་ཉིན་བརྒྱད་ལ་འཚོགས་དགོས་པ་ཡིན་ནོ།

ངོ་རྒོལ་བཞི་དང་རིག་གསར་སྐབས་དགོན་པ་རྟེན་པར་བཅས་པ་མིང་གི་ལྷག་མར་གྱུར། སླད་ནས་ཆོས་དད་རང་མོས་ཀྱི་གོ་སྐབས་བྱུང་སྟེ། འདུ་ཁང་དང་རིག་འཛིན་ལྷ་ཁང་ཨོ་རྒྱན་གྲྭ་ཁང་བཅས་གསར་བསྐྲུན་མཛད་དེ། འདུ་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུ་དང་སྟོན་པ་ཀློང་གསལ་སོགས་དང་། ཨོ་རྒྱན་ལྷ་ཁང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་གུ་རུ་རྩེག་ཚད་གཉིས་དང་རྒྱུ་ཟངས་གསེར་ལས་གྲུབ་པའི་སློབ་དཔོན་མི་ཚད་ཙམ་དང་། སྔོན་གྱི་ཐང་རྙིང་རིག་འཛིན་ཀློང་གསལ་སྙིང་པོའི་ཤངས་ཁྲག་གིས་བྲིས་པའི་ཞལ་ཐང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གཏེར་བུམ་བཅས་བཞུགས་སུ་གསོལ་ཏེ་ཁྱིམ་དུད་བརྒྱ་ལྷག་གི་ཡོན་སྦྱོར་སོགས་ལ་བརྟེན་ནས་དགེ་འདུན་ཞལ་གྲངས་བརྒྱ་ལྷག་གིས་སྔོན་མ་ནང་བཞིན་ཚེས་དུས་སྒྲུབ་མཆོད་སོགས་འཚོགས་པ་ཡིན་ནོ། དགོན་པའི་ལོ་རྒྱུས་འདི་ནི་དགོན་པའི་གནས་ཡིག་གཞི་བྱས་ཏེ་གྲྭ་རྒན་རྣམས་ཀྱི་གསུང་སྒྲོས་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

གཡུང་དྲུང་བདུད་འདུལ་གླིང་གི་ལོ་རྒྱུས།

གཡུང་དྲུང་བོན་གྱི་འདུས་གནས་ཆེན་པོ་སྒྲུབ་སྡེ་གཡུང་དྲུང་བདུད་འདུལ་གླིང་གི་རུ་ལག་བཀྲ་ཤིས་པའི་གཙུག་ལག་ཁང་གཤེན་བསྟན་རབ་རྒྱས་གླིང་འདི་ནི། བདུད་རྩི་རྒྱལ་མཚན་ཞེས་པ་དེ་མདོ་སྨད་འབོར་སྒང་ཞེས་པའི་ཡུལ་དུ་དབྲ་རིགས་འགྲོ་མགོན་གདུང་སྲས་སུ་ངོ་མཚར་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས། སྐྱེས་སྦྱངས་ཀྱི་ཤེས་རབས་ཤིན་ཏུ་ཡངས་བས་སྐུ་ཆུང་དུས་ནས་འབྲི་ཀློག་སོགས་མཁས་པ་ཆེན་པོར་གྲགས། དགུང་གྲངས་ཉེར་གཅིག་པ་(སྤྱི་ལོ་དྲུག་བརྒྱ་ཉི་ཤུ་)རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ལ་བཞག་སྒང་དྲན་པ་ཞི་ཁྲོའི་གཡས་ཟུར་དུ་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་དུ་བསྐྲུན་ཏེ། མེ་གཉོས་རྣམ་གཉིས་ལ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཡེ་ཕྱི་ནང་གསང་བའི་བོན་སྒོ་མ་ལུས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལག་པར་བཅད། ཁྱད་པར་དུ་དགུང་གྲངས་ཉེར་ལྔའི་དུས་འགྲོ་མགོན་གཡོར་མེད་དྲུང་དུ་དག་པ་དྲག་སྲོང་གི་སྡོམ་པ་བླངས་ནས་ཚུལ་མིང་བདུད་རྩི་རྒྱལ་མཚན་གསོལ་ཏེ། གསང་སྔགས་ཕྱི་ནང་གི་དབང་བཞི་ཡོངས་རྫོགས་ནོད་དེ་བསྙེན་སྒྲུབ་མཐར་ཕྱིན་མཛད། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གདུལ་བྱ་དུ་མ་སྨིན་པར་མཛད་དེ་དགུང་གྲངས་ལྔ་བཅུ་རྩ་བརྒྱད་དུས་སུ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ།

དེ་ནས་འ་ཞ་བློ་གྲོས་རྒྱལ་མཚན་ནི་སྤྱི་ལོ་དྲུག་བརྒྱ་ཉེར་བཞི་ཉི་སྒྲོལ་བྱེད་ཅེས་ལ་ཤིང་ཕོ་སྤྲེལ་ལོ་ལ་སྐུ་བལྟམས་ཏེ། དགུང་གྲངས་ཉེར་བརྒྱད་དུས་སུ་ཁུ་དབོན་བདུད་རྩི་རྒྱལ་མྶྟཧན་དྲུང་དུ་རབ་ཏུ་བྱུང་ནས་ཚུལ་མིང་བློ་གྲོས་རྒྱལ་མཚན་གསོལ། སྐྱིད་མཁར་དུ་སློབ་དཔོན་མེའུ་དྲུང་དུ་བྱོན་ནས་ཕྱི་ནང་གསང་བའི་དབང་ལུང་མ་ལུས་རྫོགས་པར་གསན། ཁྱད་པར་དུ་ཁུ་ཚ་བཞག་སྟོན་སོགས་ཀྱི་གཏེར་ནས་ཐོན་པའི་བོན་སྡེ་རྣམས་ཀྱི་དབང་ལུང་མན་ངག་རྒྱུན་མཐུད་ཅིང་དེ་རྣམས་འཛིན་སྐྱོང་སྤེལ་གསུམ་མཛད་པ་མ་ཟད། འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱི་རྗེས་སུ་འབྲངས་ནས་ལུང་དོན་གྱི་ངོ་སྤྲོད་གདམས་པ་དམར་ཁྲིད་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང་ནས་དབེན་གནས་རྣམས་སུ་ཉམས་སུ་བླངས་ཏེ་ཉམས་རྟོགས་དཔག་མེད་ཤར། ཁོད་སྤུངས་དྲན་པ་མཇལ་ནས་རྩ་རླུང་འཕོ་ཁྲིད་གདམས་པ་སོགས་གནང་ནས་སྣང་སྲིད་ལེགས་ཉེས་ཐམས་ཅད་མ་སྒྲུབ་ས་སེར་མཁྱེན་པའི་གྲུབ་རྟགས་དང་རྫུ་འཕྲུལ་དཔག་མེད་ལ་དབང་འབྱོར། མཁས་ཚུལ་གསུམ་གྱི་བློ་གྲོས་སྤོབས་པ་རྒྱ་ཆེན་པོ་ཐོབ་ནས། བསྟན་བཅོས་རྩ་རྒྱུད་གསེར་ཐུབ་འགྲེལ་ཆེན་དང་འཕྲུལ་སྒྲོན་སོགས་པོད་དུ་མ་ཞིག་མཛད་ནས་འཆད་རྩོད་རྩོམ་གསུམ་གྱི་[page 117] སྒོ་ནས་བསྟན་པ་བསྐྱངས། དགུང་གྲངས་དྲུག་ཅུ་རྩ་གསུམ་གྱི་སྟེང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ་གདུང་ལ་འཇའ་འོད་ཀྱིས་གུར་ཕུབ་ཅིང་གདུང་དང་རིང་བསྲེང་དུ་མ་ཕྱི་རབས་ཀྱི་རྟེན་དུ་བཞག་པ་ཡིན་ནོ།

ལྷོ་འགྲོ་བའི་མགོན་པོའི་གདུང་ལས་ཉེ་བར་བྱོན་པའི་བླ་རབས་དག་གི་སྐུ་རིང་ལ་ལུང་གི་བོན་ལ་འཆད་ཉན་དང་རྟོགས་པའི་བོན་ལ་སྒོམ་སྒྲུབ་མཛད་ནས་སྔ་དར་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་མཛད་པའི་ཚུལ་ནི། འགྲོ་མགོན་བདུད་རྩི་རྒྱལ་མཚན་སྐུ་རིང་དུ་སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་སོགས་ནས་སྐལ་ལྡན་གྱི་སློབ་མ་རྣམས་འདུས་ཏེ། ཕྱི་འདུལ་བ་ནང་གསང་སྔགས་གསང་བྱང་སེམས་ཡང་གསང་རྫོགས་པ་ཆེན་པོའི་གན་ངག་བཅས་ལ་འཆད་ཉན་སྒོམ་སྒྲུབ་བྱེད་པའི་སྐྱེས་ཆེན་དམ་པ་དུ་མ་བསྐྲུན་པ་ལས། ནང་ཐུགས་ཟིན་ཀྱི་སློབ་མ་མཆོག་ཏུ་འགྱུར་པ་ནི། ལ་སྟོད་ཚུལ་ཁྲིམས་རྒྱལ་མཚན། གཙང་བྲུ་སྟོན་འདུལ་བ། མདོ་ཁམས་ཁྲོ་ཚང་ཚུལ་རྒྱལ། སྐྱེས་བུ་དམ་པ་བློ་གྲོས་རྒྱལ་མཚན་ཞེས་སོགས་རྒྱལ་ཚབ་རིམ་བྱོན་གྱིས་གཡང་དྲུང་བོན་གྱི་བསྟན་པ་འདི་བཤད་སྒྲུབ་གཉིས་གྱི་སྒོ་ནས་རྒྱ་ཆེར་སྤེལ་བར་མ་ཟད། ཤར་རྫ་བཀྲ་ཤིས་རྒྱལ་མཚན། འགྲོ་འདུལ་གར་དབང་གསང་སྔགས་གླིང་པ་སོགས་ཀྱིས་བོན་སྐོར་རྣམས་ལྷག་ལུས་མེད་པར་བུམ་པ་གང་བྱོས་ཚུལ་དུ་གནང་བ་མ་ཟད་ཞི་ཁྲོ་དམ་པ་རིགས་བརྒྱའི་གནནས་ནས་ངན་སོང་རང་གྲོལ་ཞི་ཁྲོ་དགོངས་པ་ཀུན་འདུས་དང་གསེར་སྐུ་དུ་མ་ཞིག་གཏེར་ནས་དྲངས་པ་ཡིན་ནོ། བོད་རབ་བྱུང་བཅུ་དྲུག་པའི་སྟོད་ཙམ་དུ་སུ་ལ་པནྟི་ཏ་བསྐལ་བཟང་བསྟན་པའི་རྒྱལ་མཚན་བྱོན་ཏེ་ཆར་ལྡན་དབྱར་གྱི་དུས་རིག་གནས་མདོ་སྔགས་དནག་ཅྦས་པའི་བཤད་ཁྲིད་དང་། བསིལ་ལྡན་དགུན་གྱི་དུས་སུ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཉམས་ལེན་གྱི་རིམ་པ་རྒྱས་བཤད་གནང་ནས་རིས་མེད་ཀྱི་སྐྱེས་ཆེན་སྨྲ་བའི་དབང་པོ་དུ་མ་སྤེལ་བ་ཡིན་ནོ། ད་སྐབས་མཆོག་སྤྲུལ་བསྐལ་བཟང་བསྟན་རྒྱལ་གྱི་རྣམ་རོལ་དམ་པ་ཡོངས་འཛིན་འཆི་མེད་རྣམ་རྒྱལ་དཔལ་བཟང་པོ་གང་ཉིད་གཞོན་ནུའི་དུས་ནས་སྐྱེས་ཆེན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། མཁྱེན་རབ་དྲི་མ་མེད་པའི་རྩལ་རྫོགས་ནས་མཁས་གྲུབ་ཀྱི་སྙན་གྲགས་ཕྱོགས་ཀུན་ཁྱབ། འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་མཉམ་མེད་ཤེས་རབ་རྒྱལ་མཚན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལ་སོགས་པའི་གསུང་རྣམས་ལ་འཆད་ཉན་མཛད་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་སྡེ་དེ་བོད་རབ་བྱུང་བཅུ་བདུན་པའི་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་བཙུགས་ཏེ། དབྱར་དུས་སུ་བཤད་གྲྭ་དང་དགུན་དུས་སུ་སྒོམ་གྲྭ་གཉིས་ལ་འཆད་ཉན་བྱེད་བཞིན་ཡིན་ནོ།

སྐུ་གསུངས་ཐུགས་རྟེན་སྐོར་ལ། སྤྱིར་འགྲོ་མགོན་གུདང་རབས་གོང་མའི་སྐྱེས་ཆེན་རིམ་བྱོན་གྱིས་བཞེངས་པའི་རྟེན་དནག་བརྟེན་པའི་གྲངས་དཀར་པ་འདི་ཙམ་ཞེས་སྨྲ་མི་ནུས་ཀྱང་གངས་ཅན་བོད་ཀྱི་དྲན་དབང་དུ་མའི་ཟུར་ཕུད་ལ་ཞབས་ཀྱི་པད་མོའི་ངལ་གསོ་ཐོབ་པའི་པནྟི་ཏ་ཆེན་པོ་འ་ཞ་བློ་གྲོས་[page 118] རྒྱལ་མཚན་གྱི་སྐུ་རིང་དུ་དངོས་སུ་བཞུགས་པའི་མཚན་ཐོ་ཙམ་བཀོད་ན། དེའང་ས་ལ་བཀྲ་ཤིས་པའི་རྟགས་མཚན་རབ་ཏུ་ལྡན་པའི་དཀྱིལ་དུ་བཤད་སྒྲུབ་རབ་བརྟན་གཡུང་དྲུང་བདུད་གླིང་ཞེས་པའི་འདུ་ཁང་ཀ་བ་བཅུ་ཕྲག་དུ་མ་ཡོད་པ་ཞིག་དང་། བཤད་གྲྭ་ཁང་། སྒྲུབ་གྲྭ་ཁང་། གསོལ་ཇ་ཁང་། ཀ་བ་བཅུ་ཕྲག་དུ་མ་ཡོད་པའི་གྲྭ་ཤག་དྲུག་ཅུ་ལྷག་ཙམ་བཅས་བཞུགས་པ་ལས། འདུ་ཁང་དུ་རྒྱ་ནག་ས་དབང་གི་རྒྱལ་པོས་ཕུལ་བའི་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་གསུང་འབྱོན་མ་གཞོན་ནུ་ལོ་བཅུ་དྲུག་ཙམ་གཅིག་གི་མཐའ་འཁོར་དུ་ཐུགས་སྲས་ཉེ་བའི་སྲས་བརྒྱད་པོ་བྱིས་པ་ལོ་བརྒྱད་ཙམ་དང་། གཞན་ཡང་སྐུ་རྟེན་ལ་གསེར་སྐུའི་ལི་མ་བཅུ་ཕྲག་དུ་མ་དང་། རྒྱུ་གསེར་དངུལ་ལས་བྲིས་པའི་མཛད་པ་བཅུ་གཉིས་ཀྱི་ཐང་ཁ་སོགས་བརྒྱ་ཕྲག་ལྷག་དང་། འགྲོ་དགོན་བླ་རབས་ཀྱིས་གཏེར་ནས་དྲངས་པའི་རྟེན་གསུམ་ནང་གསེར་གྱི་སྟོང་ལྗོངས་སོགས་སྐུ་རྟེན་འདྲ་མིན་དུ་མ་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་གཅིག རྗེ་མཉམ་མེད་བཀའ་འབུམ་ཆ་ཚང་གཅིག ཤར་རྫ་བཀྲ་ཤིས་རྒྱལ་མཚན་བཀའ་འབུམ་ཆ་གཉིས། མཐོང་གྲོལ་ཆེན་པོ་གཏེར་བརྒྱའི་ཁྱུ་མཆོག་གསང་སྔགས་གླིང་པའི་གཏེར་ནས་དྲངསཔའི་བོན་སྐོར་དང་བཀའ་མ་བཅས་པོད་བཅུ་ཕྲག་ལྷག་དང་། སུ་ལ་པནྟི་ཏ་ཆེན་པོ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གསུང་འབུམ་མགུར་མ་དང་བཅས་པོད་བཅུ་ཕྲག་ལྷག་གིས་མཚོན་བཀའ་མ་དང་གཏེར་མ་སོགས་པོད་བརྒྱ་ཕྲག་དུ་མ་དང་། ཐུགས་རྟེན་ལ་རྒྱུ་ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་རྩེག་ཚད་མ་གཉིས་བཅས་བཞུགས་སོ།

སྒྲུབ་རྒྱུད་བསྟན་པའི་རྒྱུན་སྲོལ་རགས་ཙམ་བརྗོད་པ་ལ། བོད་ཟླ་དང་པོར་ཆོ་འཕྲུལ་ཟླ་བ་རྫོགས་པ་དང་པོ་ནས་འགྲོ་འདུལ་གར་དབང་གསང་སྔགས་གླིང་པའི་གཏེར་ཆོས་བླ་མ་སྐུ་གུསམ་དྲག་ཕུར་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྐྱིལ་འཁོར་ཞི་སྒྲུབ་དྲུག་ནས་བཟུང་སྒྲུབ་པའི་ཡན་ལག་བཅོ་བརྒྱད་དང་བཅས་ཚང་མ་དང་གར་འཆམ་བཅུ་ཕྲག་བཞི་ལྷག་ཙམ་གྱིས་ཞག་བདུན་ཕྲག་གཅིག་ལ་སྒྲུབ་མཆོད་དང་ཟོར་འཆམ་བཅས་དང་། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བརྒྱད་ནས་ཡུལ་དགོན་གཉིས་ཀྱིས་དུས་ངན་སྙིགས་མའི་ལྷ་སྐལ་བླ་ཆེན་དྲན་པའི་ཐུགས་སྲས་གུ་རི་པདྨ་འབྱུང་གནས་ཐུགས་སྲོག་གི་སྙིང་པོའི་སིདྡྷ་ཉིན་བདུན་དང་། བོད་ཟླ་ལྔ་པའི་ཚེས་ལྔ་ནས་བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་བར་དགེ་འདུན་པ་ཀུན་འདུས་ནས་བཀའ་འགྱུར་དག་ཚང་དང་། མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་སྤྱན་འདྲེན་གྱི་ཆོ་ག་བདེ་གཤེགས་ཀུན་རིག་སྒྲོལ་མ་ཉིན་ཉེར་ལྔ་དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་ཚེས་སུམ་ཅུའི་བར་དབྱར་གནས་ཟླ་བའི་ཕྱེད་གཉིས་ལ་གཞི་གསུམ་ཆོ་ག་དང་ཐུན་མཚམས་སུ་མཚམས་སུ་སྡོམ་གསུམ་དང་བཀའ་ལུང་རྒྱ་མཚོ་སྡེ་སྣོད་མཛོད་སོགས་ཀྱི་འཆད་ཉན་དང་། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་དབལ་བོན་སྟག་ལྷའི་དགུ་གཏོར་ཉིན་བདུན་ཟོར་འཕངས་དང་བཅས། བོད་ཟླ་བཅུ་གཅིག་པའི་ཚེ་ཉེར་གཉིས་ནས་ཡིད་དམ་ཁྲོ་ཕུར་ཞང་གུསམ་སྦྲག་ནས་ཉིན་བདུན་བར་འཚོགས་དགོས་པ་ཡིན་ནོ།

[page 119] བཤད་སྒྲུབ་འཛུགས་རྟེན་དང་ཚོགས་པའི་གཏོང་སྒོ་ནི། སྔོན་རྒྱ་ནག་དང་བོད་ཀྱི་དབང་རྣམས་ཀྱིས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཐུན་རྐྱེན་སྒྲུབ་མཆོད་ཐེབས་འཚོ་བའི་ཡོན་བདག་ནི་མཆོད་ཞིང་བརྒྱ་དནག་རྩ་བརྒྱད་དང་དེ་མིན་ཚོགས་པའི་རྟེན་བཞག་ཐམས་ཅད་དགོན་གཞུང་གིས་འབྲུ་རིགས་ལོ་ལྟར་ལེན་སྲོལ་ཡོད། གཞན་ཡང་བཤད་སྒྲུབ་དང་དུས་མཆོད་སོ་སོའི་མཆོད་ཐེབས་སུ་འགྲོ་བའི་དངུལ་ཁྲི་ཚོ་ལྔ་ལྷག་ཙམ་ཡོད་དོ།

སྔོན་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡར་སྔོན་དང་སེའི་སྐབས་རྣམས་སུ་བསྟན་པ་འོད་པོ་ཆེ་གངས་ཅན་གྱི་འཛིན་མའི་ཕྱོགས་ཀུན་ཁྱབ་པར་སྤེལ་བས་མདོ་སྨད་ཀྱི་དགོན་ཁག་ཕལ་ཆེར་འགྲོ་མགོན་གྱི་མགོན་ལག་ཏུ་གྱུར་ཚུལ་བཤད་སྲོལ་ཡོད་མོད། བཞག་སྟོད་བོན་བསྟན་དགོན་དང་། སྟེང་ཆེན་དགོན། བཞག་སྨན་ཞྭ་དཀར་བྲག་སྐར་དགོན་དེ་གསུམ་འགྲོ་མགོན་གྱི་དགོན་ལག་ཏུ་ངེས་པ་ཡིན་ནོ། དེའི་རྗེས་དུས་ཀྱི་འཕོ་འགྱུར་དང་བསྟན་པ་མར་འགྲིབ་ཀྱི་དུས། དགོན་ལག་དེ་དག་ཀྱང་ཉམས་རྒུད་དུ་གྱུར། སྐྱབས་མཆོག་གཡུང་དྲུང་བོན་ལ་སྤྱོད་པའི་སྐལ་བ་མེད་པས་གྲུབ་བརྙེས་གར་དབང་རྡོ་རྗེ་ཡང་མཁར་སྤྱོད་དུ་གཤེགས་པ་དང་། མཆོག་སྤྲུལ་བསྐལ་བ་བཟང་བསྟན་རྒྱལ་མ་བྱོན་གྱི་བར་དུ་འགྲོ་མགོན་གྱི་བསྟན་པ་འོད་པོ་ཆེ་དེ་ནུབ་ཕྱོགས་ཆུ་ལྷའི་རི་ལ་ཉེ་བའི་སྐབས། གར་དབང་རྣམ་རོལ་དག་པ་ཆུ་ཤེལ་ཀྱི་སྐྱིལ་འཁོར་གསར་དུ་ཚེས་བས། རབ་བྱུང་བཞི་པའི་སྨད་ཙམ་དུ་ཁོང་གི་ཐུགས་རྗེའི་འོད་ཟེར་དང་ཉག་སྐལ་བཟང་དགོན་པ་གཅིག་པུ་ལ་བརྟེན་པས་དེའི་དགོན་ལག་ཏུ་གྱུར། དེ་ནས་འགྲོ་མགོན་གྱི་བསྟན་པ་སླར་ཉམས་གསོས་བྱས་ནས་ནམ་ལངས་ཀྱི་ཉི་འོད་བཞིན་དུ་རྒྱས་ན་ཡང་། ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་སྐབས་རྣམས་སུ་བཤད་སྒྲུབ་ཀྱི་སྲོལ་སྟོང་བ་ཅི་སྨོས། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཐལ་བའི་རྡུལ་དུ་བརླགས་ནས་ལོ་ངོ་སུམ་ཅུ་སོ་གྲངས་སོང་བ་ཡིན་ནོ།

སླར་ཡང་བཞག་ཡུལ་པདྨའི་དགའ་ཚལ་འགྲོ་མགོན་གཡུང་དྲུང་བདུན་འདུལ་གླིང་གི་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སྐྱོང་བའི་སྐལ་བཟང་བ་པོ་དང་འཕྲད་ནས་གཙུག་ལག་ཁང་ཀ་བ་བཅུ་གཉིས་དང་། གྲྭ་ཤག་སུམ་ཅུ་སོ་གྲངས་ཙམ་བཞེངས་བསྐྲུན་བྱས་ཏེ། སྐུ་གསུང་ཐུགས་རྟེན་རྙིང་པ་ལྷག་ལུས་ཡོད་པ་རྣམས་དད་ལྡན་འགས་རང་མོས་ཀྱིས་ཕུལ་བ་དང་། གསར་དུ་རྒྱུ་སྨན་འདམ་ལས་གང་འཚམ་རེ་བསྐྲུན་ཏེ། སེམས་དཔའ་བདུན་ཅུ་ལྷག་ཙམ་གྱི་སྦྱིན་བདག་ཁྱིམ་དུད་བརྒྱ་ལྷག་གིས་འབུལ་བ་སོགས་ལ་བརྟེན་ནས་སྔ་སྲོལ་དུས་མཆོད་གར་འཆམ་དང་བཅས་རྨང་གཞི་ཙམ་ཚུགས་པ་ཡིན་ནོ། དེང་རྒྱལ་བསྟན་ཡང་དར་གྱི་སྐབས་འདི་ལ་གོང་མའི་ཞབས་ཀྱིས་བཅགས་ཚུལ་ནི། གྲུབ་པའི་དབང་མོ་རྗེ་བཙུན་མཁའ་སྤྱོད་དབང་མོ་འགྲོ་མགོན་གསེར་ཁྲི་ལ་མངའ་གསོལ་ཏེ་གདུལ་བྱ་སྣོད་ལྡན་དུ་མ་ལ་གསང་སྔགས་དབང་བཞི་བུམ་པ་གང་བྱོས་ཚུལ་དུ་བསྐུར། དེའི་རྗེས་འཇིག་རྟེན་འཁྲུལ་བའི་སྣང་བ་ལ་སྐྱོ་ཤེས་དྲག་པོ་ཐུགས་ལ་འཁྲུངས་ནས་ཚེ་གཅིག་དབེན་པའི་གནས་ཁོ་ན་བརྟེན་པའི་སྐྱེས་བུ་དམ་པ་ཉི་མ་ཚུལ་ཁྲིམས་བྱོན་ནས་[page 120] རྫོགས་ཆེན་དངོས་གཞིའི་མན་ངག་ཕྱག་བཞེས་དང་བཅས་དམར་ཁྲིད་ཀྱི་ཚུལ་དུ་གསུང་བར་མ་ཟད། འདུས་པ་ཀུན་ལ་དག་པ་དྲང་སྲོང་གི་སྡོ་པ་གནང་ནས་འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ་བ་ཡིན་ནོ། བོད་རབ་བྱུང་བཅུ་བདུན་པའི་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་ལོའི་ཟླ་བ་དང་པོའི་ནང་ཉག་སྨད་ཀྱི་མཁས་གྲུབ་ཆེན་པོ་ཁོང་སྤུངས་རྒྱུད་འཛིན་གཡུང་དྲུང་དབང་རྒྱལ་བྱོན་ནས་དད་ལྡན་གྱི་ཡུལ་མི་ཀུན་ལ་མདོ་སྔགས་ཀྱི་སྐོར་དུ་མ་བསྩལ་བ་ཡིན་ནོ།

དགོན་པའི་བཅའ་ཡིག་ནི། བོད་གངས་ཅན་གྱི་ལྗོངས་འདིར་འཕྲུལ་ངག་གཡུང་དྲུང་བོན་གྱི་བཀའ་འོད་ཏུ་དད་པས་འདུས་པའི་གཤེན་སྡེའི་ཚོགས་རྣམས་ལ་ཟློ་བ། འདིར་གདུལ་བྱ་འཇིག་རྟེན་གྱི་བདེ་སྐྱིད་ནི་རྒྱལ་བའི་བསྟན་པ་ལ་ལྟོས་ཤིང་རྒྱལ་བསྟན་གཤེན་སྡེ་འདུས་པས་འཛིན་དགོས་པ་དགེ་འདུན་མཐའ་དག་བསྟན་པའི་གཞུང་ལམ་ནས་ཞུགས་པའི་བཅའ་སྒྲིག་གི་བཀའ་འོག་ཏུ་ཚུད་དགོས། དེ་ལ་གནས་སྡེ་གཅིག་ཏུ་ལས་འཕྲོ་དང་དད་པས་འདུས་ནས་གླིང་ཁ་གང་བབས་རྒྱན་ཤར་བསྡུམ་ནས་བཀའ་བཀོད་བློ་བླངས་མགོ་བཏུད་ཀྱིས་གཉའ་ལེན་དགེ་རྒན་དང་གནས་ཀྱི་མཁན་པོ་གང་རུང་བསྟེན་པ་དང་། འདུལ་ཆ་དངོས་གཙང་གྲྭ་བསྒྲིགས་ནས་བྱ་བ་ཅི་བྱེད་མགོ་འོག་ལུས་ཚུད་ཀྱིས་འདུལ་པ་གོང་ཀུན་ནས་མིག་མདས་མ་ཕོག་པར་བྱ་བ་དང་། ལེགས་ཚོགས་ཀྱི་གཞི་མ་འབྲི་ཀློག་དང་སྒྲིག་འདོན་གྱི་བོན་སྤྱོད་སྐབས་གང་བབས་བློ་འཛིན་དག་ཐོན་དགོས་པ་དང་། ཁྲོ་ཕུར་ཤང་གསུམ་རྣམ་ཀློང་རྒྱལ་གསུམ་སོགས་ཀུན་ཏུ་དགོས་པའི་སྒྲུབ་ཕྲིན་དང་སྒྲུབ་མཆོད་བཅུ་གཉིས་སོགས་སྐབས་ཀྱི་ཆོ་གའི་རིགས་འཛིན་ཀློག་བློ་ངོར་མ་ཤོར་བ་འདྲིས་པར་བྱ་བ་དང་། དུང་ཚིགས་བརྡ་གཏོང་དང་བསྟུན་ནས་ཚོགས་སུ་འཇུག་ངོས་ཆེ་མགོ་སྒྲིག་གསུམ་གྱི་གྲལ་རིམ་ཕན་ཚུལ་མ་འཛིར་བར་སྲོལ་དོད་ལུགས་བཞིན་གནས་པ་དང་། ཆོ་གའི་གཞུང་གི་སྦྱོར་དངོས་རྗེས་གསུམ་གདངས་འདུར་གང་བབས་སྐད་འགྲིག་སྙན་ལ་བརྗིད་ཆགས་སུ་གཏོང་བ་དང་། ལན་ཚན་སྐོས་ཐོབ་རྣམས་ཀྱིས་རོལ་མོ་ཐོག་མཐའ་གང་བབས་ཏེ་མདུན་ལས་ལང་ཤོར་ཅི་བདེར་མ་སོང་བར་སྐབས་དང་འབྱོར་བར་བྱ་བ་དང་། ལས་གཉེར་ཁྲིམས་གུསམ་སོགས་སོ་སོ་ནས་ཚོགས་ཀྱི་རྙེད་པ་ཇི་སྙེད་དམིགས་སུ་འགྲོ་ངེས་པའི་མཐུན་སྤྱོར་གྱི་འགན་ཁུར་མིང་ཙམ་དུ་མ་སོང་བའི་རྒྱུ་འབྲས་ཐུབ་ངེས་སུ་བྱ་བ་དང་། ཚོགས་པ་བྱིང་ནས་ཚོགས་བསགས་མདོ་ཆོག་རིགས་ཚོགས་ཁང་དང་དམ་གཙང་བསལ་བཏུས་ཀྱིས་སྔགས་ཆོག་རྣམས་སྒྲུབ་ཁང་དུ་གཞི་བཟུང་འཆོལ་མེད་སོ་སོར་བསྐྱང་བར་བྱ་བ་དང་། ལོ་ལྟར་གྱི་དབྱར་སོས་དང་ཡར་ངོ་རྣམས་ལ་གཞུང་དང་གདམས་ངག་གི་ཁྲིད་ལ་འཆད་ཉན་དང་དགུན་དཔྱིད་དང་མར་ངོ་རྣམས་ལ་གསང་སྔགས་ཕྱི་ནང་གི་བསྙེན་སྒྲུབ་ལ་འབད་པས་བརྩོན་པ་དང་། ཟླ་རེ་བཞིན་ཡར་མར་གྱི་གསོ་སྦྱོང་གཙོས་པའི་དུས་དང་རྒྱུན་གྱི་མཆོད་པའི་བཤམས་བདར་བྱི་དོར་སྒྲོས་ཐོན་བཅས་བསྒས་སྦྱང་གི་བྱ་བ་ལ་ཆེད་གཏད་ཀྱིས་འཇུག་པ་དང་། ཟླ་དུས་སུ་དངོས་གྲུབ་ཀྱི་ཆེད་དུ་ཞི་བ་ཀུན་བཟང་གཙོས་པའི་སྒྲུབ་མཆོད་བཅུ་གཉིས་དང་བསྟན་རིམ་གྱི་ཆེད་དུ་ཁྲོ་ཕུར་ཞང་གསུམ་གྱི་འབན་[page 121] ཟློག་རྣམས་གུས་སྦྱོར་རྟག་འགྲུས་ཀྱི་སྒོ་ནས་འབད་པ་དང་། ཕྲིན་ལས་ཀྱི་ལག་ལེན་སྤྱི་དང་ཐིག་ཚོན་གཏོར་བཟོ་གདངས་རོལ་གར་གསུམ་སོགས་རང་བཟོ་མེད་པར་ཁུངས་ལྡན་དང་ཚད་ལྡན་ཉིས་ཚོགས་སུ་བྱ་བ་དང་། སྤྱི་རིམ་དང་གསོན་གཤིན་གྱི་སྐུ་ཡོན་འདོན་སྒྲུབ་ཡོན་བདག་གི་བློ་མཐུན་སོ་སོར་དམིགས་ཕྱེད་པར་བྱ་བ་དང་། ལྟ་བ་ཡས་བབ་དང་སྤྱོད་པ་མས་འཛེགས་ཀྱི་བཀའ་སྲོལ་མདོ་སྔགས་ཟུང་འབྲེལ་གྱི་ཕྱག་ལེན་ལ་བསླབས་ནས་ཕྱི་ནང་གི་བྱ་བཞག་གོ་ལྡོག་ཏུ་མ་སོང་བར་བསྟན་པའི་དམིགས་རྐྱེན་དུ་འགྱུར་བར་བྱ་བ་དང་། བཀའ་བབས་གོང་མ་ཆེ་བཞི་དང་གཙང་སྟོན་དམ་པ་རིམ་བྱོན་གྱི་བཀའ་བརྒྱུད་ཁུངས་ནས་བྱུང་བ་རྣམ་བཤད་སྒྲུབ་ཀྱིས་ཐོས་བསམ་སྒོམ་སྒྲུབ་ལ་འཇུག་དགོས་པ་དང་། ཀུན་བཟང་རིགས་ཀྱི་ལམ་དབང་དང་རིག་འཛིན་མཁའ་འགྲོའི་ཚོགས་དང་སྙིང་པོ་རྣམ་གསུམ་གྱི་སྒོམ་བཟླས་རྣམས་ཆད་མེད་ལམ་སྲོལ་དུ་ཚུད་པ་ལ་བསླབ་པ་དང་། ཁྱད་པར་དབང་ཁྲིད་གདམས་པ་ཐོབ་རིམ་བཞིན་བསགས་སྦྱང་སྔོན་སོང་གིས་བསྙེན་བཟླས་སྤྱི་དང་ཉམས་ལེན་གྱི་ཐུགས་དམ་ལ་རྒྱུན་བཞུགས་གང་ནུས་ཆག་མེད་བྱ་བ་དང་། མཆོད་སྦྱིན་སྣ་རེ་དང་སྲུང་མའི་གཏོར་བསྔོ་གང་དགོས་རྒྱུན་ཆད་མེད་པར་གཏོང་བ་དང་། བརྒྱུད་པའི་ཁུངས་ཡོད་པའི་བཀའ་གཏེར་ལྔ་དར་གྱི་བོན་སྡེ་རྣམས་གཙོ་བོར་བྱ་བ་ལས་གསར་དར་གྱི་བོན་སྡེ་འདྲ་མེད་མིན་སྣ་ཚོགས་བསྲེས་ནས་ལྷད་འཛུད་མི་ཆོག་པ་དང་། དེའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཐོན་པ་བྱུང་རིགས་དང་མཐུན་པར་ཆེ་འདོན་མིང་བཏགས་དང་འབྲེལ་བར་བརྩི་བཀུར་བྱ་ངོ་ཤེས་པ་དང་། འཕྲལ་དུ་གྲྭ་ཇ་དང་ཁང་ཚན་མགོ་ཇ་སོགས་རྣམ་བཞག་གི་རིམ་པ་རྣམས་དགེ་རྒན་ཆེ་ཆུང་སོགས་སྔར་ལམ་བཞིན་བློ་མཐུན་གྱི་བཀའ་བཅད་ནས་ཁྲིམས་སུ་བསྟར་བ་དང་། དེ་དག་ལ་ཧམ་པས་གྱེན་ལོག་གི་སྒྲིག་ལམ་ལད་རྐྱེན་སུས་བྱེད་པ་དེ་མཚུངས་ཀྱི་ཆས་ལས་སོ་སོར་དབབ་དགོས་པ་བཅས་བཀོད་པ་གཙོ་བཏུས་སུ་བགྱིས་པ་སྟེ། ཡང་ན་གནས་བློ་བཏང་ནས་ཕན་ཚུན་མི་རེ་བར་རང་མགོ་འདོན་པའམ། ཡང་ན་འཕྲུལ་སྟེགས་བཞིན་ཕན་ཚུན་གྲ་འགྲིགས་ལ་གཡང་ཆགས་པས་གནས་སྡེའི་སྤུ་གྲྭ་མ་ཉམས་པ་ཞིག་དགོས་པས་འདུས་པའི་སྡེ་བཟང་ནས་བཀོད་འདོསམ་འདི་བཞིན་གལ་ཆེ་བ་བཅས་མཆོག་དམན་ཀུན་ཡིད་ངེས་འདྲོངས་ངོ་ཤེས་པར་གྱིས། འདི་ལ་འགལ་ཞིང་འཁྲུ་བའི་རིགས་ལ་དམ་ཅན་སྤྱི་དང་བཀའ་སྐྱོང་མ་མགོན་ལྕམ་དྲལ་གྱི་བྱ་ར་གྱིས་ལ་བཀའ་ཆད་པ་ཆོད། ཚུལ་འདི་བཞིན་ཉན་ཞིང་བསྒྲུབ་པ་རྣམས་ཀྱི་བར་ཆད་སོལ་ལ་མཐུན་རྐྱེན་དང་དགེ་ལེགས་ཡིད་བཞིན་དུ་འགྲུབ་པའི་གྲོགས་གྱིས་ཤིག ས་མ་ཡ། མུ་ཙུག་སྨར་རོ། འདི་ནི་རྒྱལ་རིགས་བྲུའི་གདན་ས་གཡས་རུ་དབེན་སའི་བཅའ་ཡིག་འགྲོ་མགོན་བློ་གྲོས་ཀྱི་གསུངས་ལས་བྱུང་བའོ། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་འཆི་མེད་དང་ངག་དབང་བཙོན་འགྲུས་གཉིས་ཀྱིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས་བླ་མ་འཆི་མེད་སོགས་ཀྱི་ངག་རྒྱུན་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

གཡོན་རུ་རྙིང་མའི་གྲྭ་ཚང་གི་ལོ་རྒྱུས།

གཡོན་རུ་རྙིང་མ་གྲྭ་ཚང་གསང་སྔགས་དགའ་ཚལ་གླིང་ཞེས་གྲགས་པ་ནི། སྔོན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་རབ་རྒྱས་གླིང་གི་ཆོས་སྡེ་དང་གཅིག་ཡིན། དེའི་རྗེས་བོད་རབ་བྱུང་བཅུ་གཉིས་པའི་མཇུག་ཙམ་དུ། ཀཿཐོག་པ་དགོན་ཉིན་སྤྲུལ་སྐུ་འགྱུར་མེད་ངེས་དོན་བསྟན་འཛིན་གྱི་ཡང་སྲིད་གཡོན་རུ་དཔོན་ཚང་ལ་སྐུ་འཁྲུངས་ཏེ་དགོན་ཉིན་མཆོག་སྤྲུལ་གཞན་ཕན་རྡོ་རྗེ་ཞེས་པ་དེ་ཀཿཐོག་རྡོ་རྗེ་གདན་གྱི་གསེར་ཁྲིར་མངའ་གསོལ་ནས་བསྟན་པའི་བདག་པོ་ལོ་མང་མཛད། སླར་ཁྱིམ་གཞིས་སུ་བྱོན་ཏེ་རབ་རྒྱས་གླིང་གི་ཆོས་སྡེ་ནས་གྲྭ་ཚང་ཕྱོགས་གཅིག་ཟུར་དུ་ཕྱུང་ནས་ཀཿཐོག་ཆོས་བརྒྱུད་འཛིན་པའི་རྙིང་མའི་གྲྭ་ཚང་གི་ཆོས་སྡེ་བཙུགས་པ་ཡིན། འོན་ཀྱང་དགའ་ལྡན་རབ་རྒྱས་གླིང་དང་སྒྲིག་ཁྲིམས་གཅིག་པ། སྤྱི་གསོ་གཅིག་པ། དགོན་པ་གཅིག་གི་རྣམ་པ་ལྟ་བུ་ཡིན་ཡང་དགོན་ཉིན་གཞན་ཕན་རྡོ་རྗེ་བཀའ་མའི་དོང་སྤྲུག་སྒྲུབ་མཆོད་དང་། སྐུ་གསུམ་ཆོ་ག ཀར་གླིང་ཞི་ཁྲོ། གུ་དྲག་ཡེ་ཤེས་རབ་འབར་སོགས་ཀྱི་ཕྱག་ལེན་དང་འདོན་སྒྲུབ་མཛད་རྒྱུའི་ཕྱག་སྲོལ་བཞག་སྟེ་དུས་བཟང་སྐར་བཟང་གང་རུང་ལ་གཡོན་རུ་དཔོན་པོ་རིམ་བྱོན་གྱིས་ཆོས་སྡེ་འདིའི་དབུ་ཡི་མཆོད་གནས་སུ་བཀུར་ནས། བདག་རྐྱེན་གཟིགས་སྐྱོང་རྒྱ་ཆེན་གནང་། ཁྱད་པར་དུ་གཡོན་རུ་འཆི་མེད་རྡོ་རྗེ་སྔ་སྲོལ་རྣམས་དང་[page 114] རང་གཏེར་བཅས་ཀྱི་དབང་ཁྲིད་ཟབ་རྒྱས་དང་། གྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་མཆོག་སྤྲུལ་བཞད་པ་རྡོ་རྗེས་གྲྭ་ཚང་འདིའི་དབུ་འཛིན་མཛད་དེ་སྒྲིག་ལམ་ཀུན་སྤྱོད་དག་བཅོས་ཞིབ་པར་གནང་ནས་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས། གཞན་ཡང་ཛཿཀ་མཆོག་སྤྲུལ་ཀུན་བཟང་རྣམ་རྒྱན་དང་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་རྒྱལ་མཚན་འོད་ཟེར་སོགས་སྐྱེས་ཆེན་དམ་པ་མང་པོས་ཆོས་སྡེ་འདི་ལ་སྔ་འགྱུར་བཀའ་གཏེར་དུ་མའི་དབང་། ཁྲིད། ལུང་བཅས་ཀྱི་བཀའ་དྲིན་ཆེན་པོར་བསྐྱངས། ཕྱིས་ཀཿཐོག་སི་ཏུའི་དངོས་སློབ་གཡོན་རུ་བླ་མ་རིན་པོ་ཆེ་མཆོག་གིས་གྲྭ་ཚང་འདི་ལ་སྨིན་གྲོལ་མང་པོའི་སྲོལ་རྒྱུན་སྤེལ་ཞིང་ཀུན་སྤྱོད་སྒྲིག་ལམ་གྱི་སྤྱོད་བཟང་ཡང་དག་པར་བཞག་ནས། ཕྱི་སོ་ཐར་གྱི་ཀུན་སྤྱོད་གཙང་བ། ནང་བྱང་སེམས་ཀྱི་ཐུགས་རྒྱུད་རློན་པ། གསང་བ་སྔགས་ཀྱི་རིམ་གཉིས་ཟབ་མོའི་ཉམས་བཞེས་ཡོད་པ། ཕྱི་གཙང་ནང་གཙང་པདྨའི་སྦུབ་ལྟ་བུ་ཡིན་པས་ཀུན་གྱིས་ཡིད་སྨོན་དུ་གྱུར་པའི་ཆོས་སྡེ་ཞིག་ཡིན། སྔོན་དུས་གྲྭ་བརྒྱ་ལྷག་ཙམ་རེ་ཡོད་པ་དང་།

སྐུ་གསུང་ཐུགས་རྟེན་སྐོར་ལ་གསེར་ཐང་སོ་ཐར་སྡོམ་རྒྱུད་དང་། གནས་བརྟན་བཅུ་དྲུག རྒྱ་གར་གྲུབ་ཆེན་བརྒྱད་ཅུ། གུ་རུའི་ཞལ་ཐང་བཅས་བཞུགས་སུ་གསོལ་ཏེ། སྦུབ་ཆལ། རྔ། རྒྱ་གླིང་། དུང་། རག་དུང་། གདུགས། རྒྱལ་མཚན། བླ་བྲེ། འཕན་སོགས་མཆོད་ཆས་སྐོར་དུ་མ་ཡོད་པ་ཡིན་ནོ།

རིག་གནས་གསར་བརྗེའི་སྐབས་དགོན་པའི་སྐུ་གསུངས་ཐུགས་རྟེན་ཐམས་ཅད་བརླགས་ནས་སྔ་མའི་རྟེན་རྫས་སོགས་ཅི་ཡང་ལྷག་མེད། ད་ལྟ་གོང་རིམ་ཏང་གི་སྲིད་ཇུས་བཟང་པོའི་འོག་མང་ཚོགས་ཆོས་དད་པ་རྣམས་ཀྱིས་ངར་ཤུགས་དང་། སྤྲུལ་སྐུ་འཇམ་དབྱངས་མཆོག་དང་། གྲྭ་བླ་རྒན་ལྷག་ལུས་རྣམས་ཀྱིས་ཐུགས་ཁུར་ཟབ་བཞེས་བྱས་ཏེ། སྦྲ་གུར་མཆོད་ཆས་སྒྲུབ་མཆོད་སོགས་གང་ཐད་ནས་སྔ་མའི་གྲྭ་ཚང་གི་མིང་མ་བོར་ཙམ་དུ་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་ཙམ་ལ་ཡོན་བདག་སྡེ་ཤོག་དྲུག་གིས་བགྱིས་ཏེ་ཚེས་དུས་སྒྲུབ་མཆོད་སོགས་འཚོགས་བཞིན་ཡིན་ནོ། ལོ་རྒྱུས་འདི་ནི་གྲྭ་ཚང་རང་གིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས་སྤྲུལ་སྐུ་འཇམ་དབྱངས་ཀྱི་གསུང་སྒྲོས་ཁུངས་ཐུབ་རྣམས་ལས་ཟུར་བརྒྱད་སྟེ་མུ་པོས་བྲིས་པའོ།།

གཡོན་རུ་ས་སྐྱ་དགོན་གྱི་ལོ་རྒྱུས།

གཡོན་རུ་ས་སྐྱ་གྲྭ་ཚང་ངམ་ས་སྐྱ་དགོན་པ་ནི། ཁྲི་ཆེན་ངག་དབང་མཆོག་ལྡན་གང་ཉིད་ཀྱིས་བོད་རབ་བྱུང་བཅུ་གཉིས་པའི་ནང་དུ་དཔལ་ལྡན་ས་སྐྱ་བའི་གྲུབ་མཐའ་སྐྱོང་བའི་གུར་དཀར་པོའི་དགོན་པ་ཞིག་བཏབ་པ་དེ་ཡིན་ལ། དེའི་རྗེས་སུ་ཡང་སྐྱེས་ཆེན་དམ་པ་གསེར་རི་ཚར་དུ་དངར་བ་ལྟ་བུ་དུ་མ་བྱོན་ནས་རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་སྐྱོང་བ་ནི་སྨོས་མ་དགོས་ན་ཡང་། ད་ཐེངས་དགོན་འདིའི་ལོ་རྒྱུས་འབྲི་སྐབས་ཕྲན་ཆུང་མཆོག་སྤྲུལ་ཞང་ཞང་དྲུང་དུ་བཅར་ནས། ད་ལྟ་ཁུལ་[page 88] གཅིག་གི་དགོན་པའི་ལོ་རྒྱུས་པར་བསྐྲུན་བྱེད་བཞིན་ཡིན་ཚུལ་དང་ལོ་རྒྱུས་ཤིག་བྲིས་ན་དགོས་མཁོ་ཆེ་ཚུལ་སོགས་ཞིབ་ཕྲ་ཞུས་ཀྱང་། ད་སྐབས་ཁོམ་པ་མེད་སྨོན་ལམ་འཚོགས་སྐབས་བྲི་ནས་བསྐུར་འོང་གསུངས་ནས་འབྲི་རྒྱུ་མ་རེག དེ་རྗེས་ཕྲན་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་སླར་ཡང་མདུན་དུ་བཅར་སྐབས། ཁོང་གིས་ད་དུང་བྲིས་མེད་གསུངས་ནས་ཕྲན་གྱིས་འབྲི་རྒྱུ་དང་བྲིས་པ་སོགས་གང་ཡང་ལག་སོན་མ་བྱུང་། དེའི་རྗེས་ཞག་ཁ་ཤས་སོང་མཚམས་ཕྲན་ཆུང་ཡང་སྐུ་མདུན་དུ་སོང་ཡང་། ཁོང་གིས་ད་སྐབས་ནད་པ་མང་བས་ཁོམ་པ་མེད་རྒྱ་ཟླ་གཉིས་པའི་ནང་བསྐུར་འོང་གསུངས་ཀྱང་ད་ལྟ་ཧ་ལམ་ཟླ་བ་བཞི་ཙམ་བསྒུགས་ན་ཡང་ལོ་རྒྱུས་དང་སྐད་ཆ་སོགས་གང་ཡང་འབྱོར་ཐོས་མེད་པས། དགོན་པ་འདིའི་ལོ་རྒྱཽས་དེ་ཙམ་ལས་འབྲི་རྒྱུ་ལོན་མ་བྱུང་། སྤྱིར་སྤྲུལ་པའི་སྐུ་མཆོག་མཛད་ཕྲིན་ཆེ་བ་ཕྲན་ཆུང་ནུས་པ་ཆུང་བས་རང་གི་འོང་འགན་དེ་ལེགས་པོར་འགྲུབ་མེད་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མི་དམིགས་བཏང་སྙོམས་ངང་དུ་བཤགས་པར་བགྱི་བ་ལགས་སོ།། ལོ་རྒྱུས་འདིའི་ནི་མུ་པོས་བྲིས་པའོ།།

ཆོས་གྲགས་དགོན་གྱི་ལོ་རྒྱུས།

བཙོ་ལས་བླ་མ་བརྩོན་འགྲུས་རྒྱལ་མཚན་གང་གིས་སྔ་འགྱུར་རྙིང་མའི་གྲུབ་མཐའ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་སྐྱོང་བའི་དགོན་པ་འདི་ཉིད་ཕྱག་བཏབ་མཛད་དེ། རིམ་གྱིས་བསྟན་འཛིན་གྱི་སྐྱེས་བུ་དུ་མ་བྱོན་ནས་ད་ལྟའི་བར་དུ་རིང་ལུགས་སྔ་འགྱུར་རྙིང་མའི་བསྟན་པ་འདི་ཉིད་བཤད་སྒྲུབ་[page 115] གཉིས་ལྡན་གྱི་སྒོ་ནས་སྐྱོང་བ་ཡིན་ཀྱང་། དགོན་འདི་ས་ཐག་རིང་བ་དང་། འགྲོ་ལམ་མི་བདེ་བ་དང་། དགོན་པ་རང་ཉིད་ཀྱིས་དགོན་པའི་ལོ་རྒྱུས་ལ་དོ་སྣང་མེད་པ་བཅས་ཀྱིས་རྐྱེན་ལས། ལི་ཐང་རྫོང་ཆོས་ལུགས་ཅུས་ཀྱི་སྔ་གཞུག་ཏུ་གློག་བརྡ་དང་བཀའ་ཤོག་སོགས་དུ་མ་བསྩལ་ན་ཡང་། དགོན་པའི་གྲྭ་བ་སོགས་ཡར་རྫོང་ཐོག་ཏུ་བཅར་གཏུག་སོགས་གང་ཡང་མི་བྱེད་པ་དང་གཅིག ཕྲན་རང་ངོས་ནས་བཤད་ན་རྟ་ཞོན་ནས་འགྲོ་དགོས་ན་ངོ་ཤེས་མེད་པ་དང་ས་ཐག་རིང་བ་བཅས་ཀྱིས་འགྲོ་བའི་སྤོབས་པས་དབེན་པས་རེ་ཞིག་དགོན་འདིའི་ལོ་རྒྱུས་དེ་ཙམ་ལས་ཞིབ་ཕྲ་འབྲི་རྒྱུ་མ་སོན་པས། དེ་ལུགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་བཟོད་པར་ལན་བརྒྱ་གསོལ་བ་ཡིན་ནོ། ལོ་རྒྱུས་ཕྲན་བུ་འདི་ནི་མུ་པོས་བྲིས་པའོ།

ཐང་དཀར་ནོར་བུ་གླིང་གི་ལོ་རྒྱུས།

འགྲོ་བའི་མགོན་པོ་ཆོས་རྒྱས་འཕགས་པ་དེ་ཉིད་ཀྱིས་བོད་རབ་བྱུང་བཞི་པའི་བག་མེད་ཅེས་བྱ་བ་ཆུ་མོ་གླང་ལོར་ཡས་མས་ཤིན་ལ་བཏབ་པར་མངོན་ཏེ་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་ངོ་སྤྲོད་》ལས། འགྲོ་མགོན་དགུང་ལོ་བཅུ་དགུ་པ་ཆུ་གླང་ལོར་ཁམས་སྡེ་དགེའི་ཤར་ཕྱོགས་སྨན་ཤོད་ཅེས་པའི་ས་ཆར་རྫོང་གསར་དགོན་པ་ཕྱག་བཏབ་གནང་ཞེས་ཟེར་བ་ལ་དཔགས་ན་ཁོང་གིས་དགོན་པ་འདི་ཡང་དེའི་སྐོར་ཙམ་ལ་བཏབ་པར་མངོན། གདན་རབ་སྐོར་ལ་དགོན་པ་འདིའི་ནང་ཆོས་སྒོར་ཞུགས་[page 83] ནས་འབྲི་ཀློག་སོགས་ལེགས་པར་སྦྱངས་ཏེ་ས་སྐྱ་གོང་དུ་གྲྭ་སར་ཕེབས་ནས་ཐོས་བསམ་སྒོམ་གསུམ་དང་བསྙེན་སྒྲུབ་ལས་རུང་དང་ལྡན་པ་ཞིག་གི་བླ་མ་མཛད་དགོས་པར་གྲགས་ཏེ། བྲག་ཁ་བླ་མ་གྲགས་པ་རྒྱལ་མཚན། རྒྱ་འབབ་བླ་མ་བསྟན་འཛིན་མཁན་གྲུབ། བླ་མ་མགོན་པོ་རྒྱལ་མཚན། མགོ་སྟོད་བླ་མ། འདབས་མགོ་བླ་མ་འཇམ་དབྱངས་བློ་ལྡན། འདེ་འབེས་བླ་མ་བསྟན་འཛིན་ཕུན་ཚོགས་སོགས་སྐྱེས་ཆེན་དམ་པ་དུ་མ་ཞིག་བྱོན་ན་ཡང་དེ་དག་ནི་མཚན་ཁ་ཤས་ཙམ་མ་གཏོགས་རྣམ་ཐར་གསལ་པོར་མེད་པས་འབྲི་རྒྱུ་རྙེད་ལགས།

དགོན་འདིའི་གཙུག་ལག་ཁང་ཀ་བ་ཉེར་བཞིའི་བདག་ཉིད་ཅན་དང་ཇ་ཁང་ཀ་བ་བརྒྱད་པ་དེའི་མཐའ་སྐོར་དུ་གྲྭ་ཤག་བཅོ་ལྔ་ཡོད་པ་དེ་ལ་སྐུ་གསུང་ཐུགས་རྟེན་བཞུགས་ཚུལ་ནི་སྐུ་རྟེན་ལ་ཆོས་རྒྱལ་འཕགས་པའི་འདྲ་སྐུ་རྒྱུ་ལི་ལས་གྲུབ་པ་བཅས་རྩེག་ཚད་དང་། རྒྱུ་ལི་ལས་གྲུབ་པའི་རིག་གསུམ་མགོན་པོའི་སྐུ་མི་གཟུགས་ཚད་རེ་དང་། གླང་དར་ཁྲིམས་ཐར་ཐུབ་པའི་སྐུ་དང་། སྒྲོལ་མའོ་སྐུ། ཆོས་འཕགས་སྐུ་སོགས་ཁྲུ་གང་ཡས་མས་ཀྱི་ལི་སྐུ་བཅུ་ཕྲག་གཉིས་ལྷག་དང་། གཞན་ཡང་ཟངས་གསེར་ལས་གྲུབ་པའི་སྐུ་བཅུ་ཕྲག་གཅིག་དང་། ཙནྟ་ལས་བསྐྲུན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་། ཀྱེེ་རྡོར་སྐུ་དང་མཁའ་སྤྱོད་མའི་སྐུ་མི་གཟུགས་ཙམ་དང་། རྒྱ་ནག་ཞལ་ཐང་ཚེམ་དྲུབས་མ་ཚེ་དཔག་མེད་ཀྱི་སྐུ་ཐང་གསུམ་དང་། ཆོས་སྐྱོང་གུར་ཞལ་གཉིས་བཅས་ཀྱི་སྐུ་ཐང་རེ་རེ་བཞུགས་པ་དང་། གསུངས་རྟེན་ལ་རྒྱ་ནག་ནས་དྲངས་པའི་རྒྱུ་གསེར་དངུལ་བྲིས་པ་རྒྱལ་བའི་བཀའ་འགྱུར་དང་འབུམ་རྒན་མ། དགོངས་འགྲེལ་གྱི་བསྟན་བཅོས་རྣམས་དང་། མཚལ་བར་གྱི་བཀའ་འགྱུར་དང་། ས་སྐྱའི་བཀའ་འབུམ་སོགས་པོད་གྲངས་ལས་འདས་པ་དང་། ཐུགས་རྟེན་བཀའ་གདམས་མཆོས་རྟེན་ཁྲུ་གང་བ་ཉི་ཤུ་ལྷག་དང་། གཞན་ཡང་འགངས་ཆེན་གྱི་ཆོས་རྒྱལ་འཕགས་པའི་ཕྱག་སྦུབ། ཕྱག་དྲིལ། ཆིབས་སྒ། ཆིབས་སྲབ། སྤོས་ཕོར་དང་སྤོས་གོས། དགང་གཟར། རྒྱ་ནག་ཀ་འཕན་ཟངས་གསེར་གྱི་ཙི་མགོ་ཅན་དང་། དབང་ཆས་བཅས་ཆོས་རྗེས་རྒྱ་ནག་ནས་དྲངས་བ་དང་། ཆོས་རྒྱལ་འཕགས་པས་དགོན་པའི་གཡས་ཟུར་གཏེར་མཚོ་ནས་དྲངས་བའི་ན་བ་ཟངས་དཀར་དང་། བྲག་དཀར་བླ་མའི་ཕྱག་སྦུབ་དང་ཕྱག་དྲིལ། མ་ཎི་སིལ་སྙན། སྦུལ་ཆལ་འབྲུག་བརྒྱ་མ་དང་གྲྭ་བརྒྱ་མ་ཉི་ཤུ་ལྷག་དང་། དེ་མིན་རག་དུང་། རྐང་གླིང་། སྦུབ་ཆལ། ལི་ཏིང་སུམ་བརྒྱ་ལྷག་དང་། འཕན་གདུགས་བླ་བྲེ་རྒྱལ་མཚན་སོགས་གྲངས་ལས་འདས་པ་བཞུགས་སོ།།

ཚེས་དུས་སྒྲུབ་མཆོད་ལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ནས་བཅུ་བར་ཉིན་བདུན་ལ་སྔ་དྲོ་རྣམ་རྒྱལ་མ་དང་ཕྱི་དྲོ་རྣམ་འཇོམས་ཚོ་ག་དང་། ཟླ་བ་གསུམ་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཉིན་བདུན་ལ་སྔ་དྲོ་སྒྲོལ་དཀར་དང་ཕྱི་དྲོ་ཚེ་དཔག་མེད་ཀྱི་སྒྲུབ་མཆོད་དང་། ཧོར་ཟླ་བཞི་པའི་ཚེས་བདུན་ནས་[page 84] བཅོ་ལྔའི་བར་ཉིན་བདུན་ལ་ཀུན་རིག་དང་སྨན་བླ། ཧོར་ཟླ་ལྔ་པའི་ཚེས་བཅུ་ནས་བཅུ་གསུམ་བར་བསྐང་གསོ་དང་བཅུ་གསུམ་ཉིན་རྟ་རྒྱུག་ཆེན་མོ་དང་། ཚེས་བཅུ་ལྔ་ལ་ལས་སྣེ་བསྐོས་བཞག་དང་སློབ་དཔོན་དང་དབུ་མཛད་སོགས་བརྗེ་ལེན་དང་། ཧོར་ཟླ་དྲུག་པའི་ཚེས་བཞི་ནས་བཅུ་གཅིག་བར་ཉིན་བདུན་ལ་མི་འཁྲུགས་པ་དང་འོད་དཔག་མེད་ཀྱི་ཆོ་ག་དང་། ཟླ་བ་བདུན་པའི་ཚེས་བཞི་ནས་བཅོ་ལྔའི་བར་ཉིན་བཅུ་གཅིག་གི་བར་ཀྱེེ་རྡོར་དབང་ཆེན་དང་ཕྱི་དྲོ་བསྐང་གསོ་དང་སྦྱིན་བསྲེག་བཅས། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ནས་ཉེར་དགུའི་བར་ཉིན་བཅུ་གཅིག་གི་བར་འཇིགས་བྱེད་དང་བསྐང་གསོ་གཏོར་རྒྱག་དང་། བླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་དང་པོའི་ཚེས་གཅིག་གི་བར་ཉིན་ལྔ་ལས་ཉིན་དང་པོ་གསུམ་ལ་བསྐང་གསོ་དང་ཉིན་ཕྱི་མ་གཉིས་ལ་ཆོས་སྤྱོད་བཅས་འཚོགས་དགོས་སོ།།

ཡོན་གྱི་འབྱུང་ཁུངས་ནི། ཞིང་པ་དུད་ཚང་གསུམ་དང་སྦྱིན་བདག་བཅུ་ཕྲག་བརྒྱད་ཀྱི་དད་རྫས་དང་གཤིན་རྫས་ལ་བརྟེན་ནས་གྲྭ་ལྔ་བཅུ་ལྷག་གི་མཆོད་ཐོག་འཚོགས་དགོས་པ་ཡིན་ནོ།

བཅོས་སྒྱུར་སྐབས་རྟེན་གཙུག་ལག་ཁང་དང་གྲྭ་ཁང་བརྟེན་པ་སྐུ་གསུང་ཐུགས་རྟེན་ཐམས་ཅད་མི་མངོན་པའི་དབྱིབས་སུ་བསྟིམས་ཏེ་ལོ་ངོ་སུམ་ཅུ་ལྷག་ཙམ་སོང་ནས། སླར་ཡངཏང་གི་སྐབས་བཅུ་དྲུག་གཅིག་པའི་གྲོས་ཚོགས་ཐེངས་གསུམ་རྗེས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཏེ་དགོན་པ་བྱིངས་ཀྱི་ཆོས་སྒོ་ཕྱེ་ན་ཡང་། དགོན་འདི་ལ་དེའི་སྐལ་བའི་དབེན་པས། སྔ་མའི་དགོན་པ་དེ་གྱང་རལ་དུ་ལུས་ཏེ་གྲྭ་རྣམས་དགོན་བཞི་ནོར་བུའི་གླིང་དུ་འཚོགས་དགོས་པ་ཡིན་ནོ། ལོ་རྒྱུས་འདི་ནི་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་ངོ་སྤྲོད་དང་གྲྭ་བསོད་ནམས་ཚེ་བརྟེན་སོགས་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།

དགའ་ཚལ་གླིང་གི་ལོ་རྒྱུས།

ཁ་བུག་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་བོད་རབ་བྱུང་བཞི་པའི་སྟོད་ཙམ་དུ་དགོན་འདི་ཉིད་བཏབ་སྟེ། དཔལ་ལྡན་ས་སྐྱ་བའི་གྲུབ་མཐའི་ཕྱག་སྲོལ་མ་ནོར་བའི་སྒོ་ནས་རྒྱལ་བའི་བསྟན་པ་ལ་ལུང་རྟོགས་གཉིས་ཀྱི་སྒོ་ནས་བྱ་བ་རྒྱ་ཆེར་མཛད་པའི་སྐྱེས་ཆེན་དམ་པ་དུ་མ་ཞིག་བྱོན་ན་ཡང་། དེ་དག་གི་མཚན་དང་མཛད་ཕྲིན་སོགས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་མེད་པས་ད་ལྟ་ཡིག་ལམ་དུ་གྱུར་མ་ཐུབ་ལགས།

དེ་ལས་གནས་མཆོག་འདིར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བྱོན་ཏེ་ཆོས་གསུང་བའི་བཞུགས་ཁྲི་[page 101] ཡང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་མ་ཟད། ཁོང་གིས་སྟོན་པའི་ལི་སྐུ་དང་། འཕགས་ཀོང་བདུན་ཚར་ཆ་གཉིས་དང་སྦུབ་ཆལ། ཕྱག་དྲིལ། ག་བཞེས་སོགས་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་དུ་མ་བསྩལ། ངོར་གྱི་མཁན་ཆེན་ཞི་ཆེན་མི་འགྱུར་རྒྱལ་མཚན་བྱོན་ནས་གླང་དར་ཁྲིམས་ཐར་གྱི་ཐུབ་སྐུ་དང་། ངོར་ཆེན་གྱི་སྐུ་འདྲ་དང་རྒྱ་གླིང་ཆ་གཅིག་བཅས་གནང་སྟེ་ཆོས་སྦྱིན་འཛད་པ་མེད་པའི་སྒོ་ནས་དགོན་འདིའི་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད། དེ་ལས་ས་སྐྱའི་རྗེ་བཙུན་རྟ་དབང་པོ་དང་། སྒ་སྟོད་ངག་དབང་ལེགས་པ། སྤྲུལ་པའི་སྐུ་མཆོག་སྐུ་ཤུལ་ཀུན་བཟང་། ལི་ཐང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་དཔལ་ལྡན་རྡོ་རྗེ་བཅས་བྱོན་ནས་དགོན་འདིར་དབང་ལུང་ཁྲིད་གསུམ་སོགས་ཆོས་སྦྱིན་རྒྱ་ཆེར་བསྩལ། ཁྱད་པར་དུ་སྡེ་གཞུང་ཆོས་འཕེལ་གྱིས་དགོན་པའི་བར་ཤིང་ཞུ་དག་སོགས་ལ་བྱ་བ་རྒྱ་ཆེར་མཛད་པར་གྲགས་སོ།

གཙུག་ལག་ཁང་ཀ་བ་ལྔ་བཅུའི་བདག་ཉིད་ཅན་དེའི་གཡས་ཟུར་དུ་ཇ་ཁང་དང་གཉེར་ཁང་ཀ་བ་ཉི་ཤུ་དང་། པར་ཁང་ཀ་བ་བཅུ་ཅན་དུ་ས་སྐྱའི་ངོར་ལུགས་ཀྱི་འདོན་ཆོག་ཡོངས་རྫོགས་ཀྱི་བར་ཤིང་དང་། དེའི་མཐའ་སྐོར་དུ་གྲྭ་ཁང་ཉེར་གཅིག་དང་། གྲྭ་བ་ཉིས་བརྒྱ་ཙམ་བཞུགས་པའི་གཙུག་ལག་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་བྱམས་པ་དང་ཉེ་སྲས་བརྒྱད་ཀྱི་སྐུ་བརྙན་སུམ་རྩེགས་དང་། ཀུན་རིག་དང་ལྷུང་བཤགས། བདེ་གཤེགས་མཆེད་བརྒྱད། གནས་བརྟན་བཅུ་དྲུག་ས་སྐྱ་གོང་མ་རྣམ་ལྔ། ངོར་གྱི་བླ་བརྒྱུད་དང་ལམ་འབྲས་བླ་བརྒྱུད་བཅས་ཁྲུ་དོ་ཅན་བདུན་ཅུ་དོན་གྲངས་དང་། རྒྱུ་གསེར་དངུལ་ལས་བསྐྲུན་པའི་ནམ་མཁའ་རྒྱལ་མཚན་གྱི་སྐུ་གདུང་རྩེག་གཅིག་ཕྱེད་དང་། གསེར་སྐུ་སྐོར་ལ། ས་པཎ་སྟོང་སྐུ་དང་། སངས་རྒྱས་སྟོང་སྐུ། གནས་བརྟན་བཅུ་དྲུག་གི་སྐུ་དང་རྒྱུ་ཙན་དན་ལས་གྲུབཔའི་ཆོས་སྐྱོང་སོགས་ཀྱི་སྐུ་དགུ་བཅུ་གོ་གྲངས་དང་། ཧལ་ཧ་རྗེ་བཙུན་དམ་པས་རྒྱ་རྟོགས་བླ་མ་ལ་ཕུལ་བའི་ནོར་བུ་བསམ་འཕེལ་གྱི་ལི་སྐུ་ཉི་ཤུ་བཅས་མཐོ་ཚད་ཙམ་མོ། རྒྱུ་གསེར་དངུལ་གྱི་ཞུན་མས་བྲིས་པའི་རྒྱལ་བའི་བཀའ་འགྱུར་དང་འབུམ། བརྒྱད་སྟོང་། བསྐལ་བཟང་། གསེར་འོད། པདྨ་བཀའ་ཐང་། གཟུངས་འདུས་དང་། དེ་མིན་གྱི་སྣོག་མཚལ་བར་སྐོར་ལ་གཙང་བུར་གྱི་བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཉིས། ས་སྐྱའི་གོང་མ་རྣམ་ལྔའི་བཀའ་འབུམ་དང་ངོར་ཆེན་བཀའ་འབུམ་སོགས་གསུང་འབུམ་སྐོར་མང་ཙམ་བཞུགས་པ་དང་། རྒྱུ་ཟངས་གསེར་ལས་བསྐྲུན་པའི་མཆོས་རྟེན་ཁྲུ་དོ་ཅན་ཆ་བརྒྱད་དང་། དཔག་བསམ་འཁྲི་ཤིང་གི་གསེར་ཐང་ཆ་གཉིས་དང་། དེ་མིན་གསེར་ཐང་རྩེག་ཚད་གཉིས་ཅན་བཅུ་ཕྲག་ཁ་ཤས་བཅས་བཞུགས་ལགས་སོ། མཆོད་ཆས་དང་རོལ་མོའི་སྐོར་ལ། སྦུབས་ཆལ་འཛམ་གླིང་གཡས་བཞག་གིས་མཚོན་སྦུབ་ཆལ་འགངས་ཆེན་ཆ་བརྒྱད་དང་། སིལ་སྙན་འགངས་ཆེན་ཆ་སོ་བདུན་ཙམ་དང་། རྔ་ཆེ་ཆུང་བདུན་ཅུ་དོན་གྲངས་དང་། ཙན་དན་གྱི་རྒྱ་གླིང་ཆ་བདུན་དང་གསེར་དངུལ་བྲ་མའི་རྒྱ་གླིང་ཆ་གསུམ། རག་དུང་ཆ་དྲུག འཁར་རྔ་བརྒྱད། རྒྱ་ལྟོས་བཞག་པའི་[page 102] གསེར་གྱི་མཚན་ཐུབ་མར་རྒྱ་མ་བརྒྱད་ཙམ་འགྲོ་བ་ཞཻག་གིས་མཚོན་གསེར་དངུལ་གྱི་མཚན་ཐུབ་དྲུག་དང་། དངུལ་གྱི་བདུན་ཚར་ཆ་བཞི་དང་ལིའི་བདུན་ཚར་ཆ་གཉིས། མཁའ་འགྲོ་སྤྲིན་ཐགས་བཀྲ་ཤིས་མིག་གསུམ་ཅན་གཅིག་གིས་མཚོན་རྒྱ་གསེར་གྱི་གདུགས་དང་རྒྱལ་མཚན་ཆ་དགུ།

ཀ་རིང་དྲུག་གི་མགོར་ཟངས་གསེར་ལས་བསྐྲུན་པའི་ཙུ་མགོ་དྲུག་དང་། གདན་རིང་ཆ་གཉིས་བཅས་འབོར་གདན་ཉེར་བཞི། རྒྱ་ནག་གདན་རིང་ཆ་གསུམ། ཟངས་དཀར་ཆུ་ཟོམ་བཅོ་ལྔ་ཙམ་འགྲོ་བ་བཞི་དང་ཆུ་ཟོམ་བདུན་ཙམ་འགྲོ་བ་བདུན་བཅས་ཡོད་ལགས་སོ།

ཡོན་གྱི་འབྱུང་ཁུངས་ནི། ཞིང་ཁལ་དྲུག་ཅུ་ལྷག་དང་འབྲི་མཛོ་མོ་ཉིས་བརྒྱ་ལྷག་དང་། རྒྱ་ལྟོ་ཚང་གིས་ཡོན་བདག་བྱས་ཏེ་མི་བཅུ་གཉིས་ལ་མི་རེ་ལ་དངུལ་རྡོ་ཚད་བརྒྱ་དང་བཅུ་དྲུག་བཏང་ཡོད་པས། དེ་དག་གི་སྐྱེད་དང་ཤེ་རྣམས་ལ་བརྟེན་པ་དང་དགོན་པའི་མངའ་འོག་གི་ཁྱིམ་དུད་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པ་དེ་དག་གི་དད་གཤིན་རྫས་སོགས་ལ་བརྟེན་ནས་དགོན་པའི་ཚོགས་གཏོང་སྒོ་བྱེད་པ་ཡིན་ནོ།

ཚེས་དུས་སྒྲུབ་མཆོད་ནི། ཀྱེེ་རྡོར། འཇིགས་བྱེད། ཀུན་རིག། མི་འཁྲུགས་པ། སྨན་ལྷ། རྣམ་རྒྱལ་མ། སྨོན་ལམ། དབྱར་གནས། བསྐང་གསོ། སྨྱུང་གནས་སོགས་ཚེས་དུས་སྒྲུབ་མཆོད་སྐོར་ལི་ཐང་ཕྱོགས་ཀྱི་ས་སྐྱའི་དགོན་པ་བྱིངས་དང་མཐུན་པས་འདིར་ཡི་གེ་མང་དོགས་ནས་མ་བྲིས་སོ།

བཅོས་སྒྱུར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མི་མངོན་པར་དབྱིངས་སུ་བསྟིམས་ཏེ་རྒྱལ་བའི་བསྟན་པ་ལ་གནོད་འཚེ་ཚབས་ཆེན་ཐེབས། སླད་ནས་ཏང་གི་སྲིད་ཇུས་བཟང་པོའི་འོག་རྒྱལ་བསྟན་ཡང་དར་ཆོག་པའི་གོ་སྐབས་བཟང་པོ་དང་ཕྲད་ནས། གཙུག་ལག་ཁང་སོགས་སྔོན་མ་ནང་བཞིན་དང་། གྲྭ་ཁང་སུམ་ཅུ་ཁ་གྲངས་དང་། སློབ་གྲྭ་ཁང་ཀ་བ་ཉི་ཤུ་ཅན་དེ་ལ་རྒྱུ་སྨན་འདམ་ལས་བསྐྲུན་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་། ཇོ་བོ། རིགས་གསུམ་མགོན་པོ། རྗེ་ཡབ་སྲས་གསུམ་བཅས་རྩེག་ཚད་དང་། གཙུག་ལག་ཁང་དུ་བྱམས་སྐུ་རྩེག་ཚད་གཉིས་དང་། ཉེ་སྲས་བརྒྱད་རྩེག་ཚད་གཅིག གནས་བརྟན་བཅུ་དྲུག། ཀུན་རིག ཚེ་ལྷ་རྣམ་གསུམ། གུ་རུ། ཀུན་ཏུ་བཟང་པོ། ངོར་ཆེན། འུ་ཡུག་པ། བླ་སྐུ་གསུམ་བཅས་ཁྲུ་གང་ཙམ་རེ་དང་། རྒྱ་གར་ནས་དྲངས་བའི་རྒྱུ་རག་ལས་བསྐྲུན་པའི་ཐུབ་པ་གཙོ་འཁོར་གསུམ། མཆོད་རྟེན་བཅས་མཐོ་ཚད་དང་། སྡེ་དགེ་ནས་བསླུས་པའི་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། ས་སྐྱའི་བཀའ་འབུམ། ངོར་ཆེན་བཀའ་འབུམ། ཀུན་དགའ་བཟང་པོ་བཀའ་འབུམ་བཅས་བཞུགས། དགོན་འདིའི་མངའ་འོག་གི་དུད་གྲངས་སུམ་བརྒྱ་ལྷག་གི་དད་གཤིན་རྫས་ལ་བརྟེན་ནས། གྲྭ་བདུན་ཅུ་ཙམ་གྱིས་སྔོན་མ་ནང་བཞིན་ཚེས་དུས་སྒྲུབ་མཆོག་འཚོགས་བཞིན་པ་ཡིན་ནོ།

དགོན་པའི་ལོ་རྒྱུས་འདི་ནི་གྲྭ་ངག་དབང་ཆོས་འཕེལ། རྒྱ་ཐར། ཕྲིན་ལས་སྐལ་ལྡན། ཆོས་འཕེལ་དབང་ལྡན་བཅས་ཀྱི་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།

དགོན་བཞི་བཤད་སྒྲུབ་ནོར་བུ་གླིང་གི་ལོ་རྒྱུས།

སྤྱི་ལོ་གཅིག་དགུ་གྱ་བཞི་ལོར་ཆོས་སྒོ་ཕྱེ་སྐབས་འཛོམས་ཁག་གི་ས་སྐྱའི་དགོན་པ་བཞི་པོ་རེ་རེ་བཞིན་ཆོས་སྒོ་ཕྱེ་བའི་ཆོག་མཆན་མ་ཐོབ་པས། ལི་ཐང་སྐྱབས་མགོན་རིན་པོ་ཆེ་དཔལ་ལྡན་རྡོ་རྗེ་འཆང་གིས་འཛོམས་ཁག་གི་སྒ་ཐོག རྟ་ནུ། དཔལ་ལྡན་ཐང་དཀར་དགོན་བཅས་གཅིག་ཏུ་བསྡུས་ནས་དགོན་གསུམ་བཤད་སྒྲུབ་ནོར་བུ་གླིང་ཞེས་མཚན་གསོལ། དེའི་རྗེས་གཙང་ཤུལ་རིན་པོ་ཆེ་ཚེ་རིང་རྡོ་རྗེས་འཛོམས་ཁག་གོ་དགོན་གསུམ་དགོན་པའི་སྟེང་དུ་ས་སྐྱ་དགོན་པ་བསྣན་ནས་དགོན་བཞི་ནོར་བུ་གླིང་ཞེས་ས་སྐྱའི་དགོན་དགོན་ཆུང་བཞི་པོ་དེ་ཕྱོགས་གཅིག་ཏུ་བསྡུས་ནས། རིག་འཛིན་ཀློང་གསལ་སྙིང་པོའི་རྣམ་འཕྲུལ་སྒོ་སོག་རིན་པོ་ཆེ་ཞེས་པ་དེང་སང་རྒྱ་གར་སེར་སྨད་གྲྭ་ཚང་དུ་སྐུ་དངོས་བཞུགས་ཡོད་པ་དེས། ས་དཔྱད་ཕུན་སུམ་ཚོགས་པ་དང་ལྡན་པའི་འཛོམས་སྟོད་སའི་ཐིག་ལེ་དབང་དགང་ཞེས་མི་གན་རྐྱལ་ལྟ་བུའི་བྲང་ཐོག་ཏུ་ས་གཟིགས་མཛད་དེ། གཙང་ཤུལ་རིན་པོ་ཚེ་རིང་རྡོ་རྗེས་དབུ་མཛད་དེ་གྲྭ་དགེ་འདུན་ཡར་འཕེལ། བློ་བཟང་དཔལ་འབར། བློ་བཟང་ཟླ་བ། བཀྲ་ཤིས་ཕུན་ཚོགས། ཨོ་འགྲུབ། སྐལ་བཟང་། བུ་འབྲུལ། སྐལ་ཚེ་རིང་། ངག་དབང་བསོད་ནམས་བཅས་ཀྱི་ལས་དཔོན་དང་། སྦྱིན་བདག་རྒན་པ་བཀྲ་ཤིས་ཕུན་ཚོགས་དང་། རྟ་འགྲིན་དབང་རྒྱལ་སོགས་ཀྱིས་གཙོ་བྱས་ནས། འདུ་ཁང་ཀ་བ་ང་བཞི་དང་། སློབ་གྲྭ་ཁང་ཀ་བ་དྲུག་ཅུ། གྲྭ་ཁང་ཉི་ཤུ་རྩ་གཅིག་ཙམ་བསྐྲུན་ཏེ། གཙུག་ལག་ཁང་གི་རྒྱ་མཐོང་ཁར་ལུགས་སུ་བླུག་པའི་སེང་ཆེན་དྲུག་དང་། གཙུག་ལག་ཁང་གི་ཀ་རིང་གཉིས་ལ་འབུར་དུ་བརྐོས་པའི་གཡུ་འབྲུག་ཁ་སྤྲོད་དང་། ལོགས་ངོས་སུ་སྟོན་པ་དང་འབྱུང་འདུལ། ཀུན་རིག་རྣམ་པར་སྣང་མཛད། འོད་དཔག་མེད་དང་གདུགས་དཀར། ཚེ་དཔག་མེད། མཁའ་སྤྱོད་མ། འཇིགས་བྱེད། མགོན་པོ། སྒྲོལ་མ་སྔོ་ལྗང་སོགས་ཡི་དམ་སྐོར་དང་། དམ་ཅན་མགར་བ་ནག་པོའི་གཙོས་ཆོས་སྐྱོང་སྐོར་སོགས་ཀྱི་ལོགས་བྲིས་དུ་མ་དང་། རྒྱུ་སྨན་འདམ་ལས་བསྐྲུན་པའི་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུ་ཐོག་རྩེག་གཉིས་དང་། ཀྱེེ་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས་བཅུ་གཅིག་ཞལ་བཅས་ཐོག་རྩེག་རེ་དང་། ཟངས་གསེར་ལས་བསྐྲུན་པའི་ཐུབ་སྐུ་ཁྲུ་གསུམ་ལྷག་ཙམ་དང་། སྔོན་གྱི་རྟེན་རྙིང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལི་སྐུ་ཁྲུ་གང་ཙམ་གཅིག་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་[page 87] གཉིས་དང་། ས་སྐྱའི་བཀའ་འབུམ་དང་ངོར་ཆེན་བཀའ་འབུམ། རོལ་ཆས་སྐོར་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཕྱག་སྦུབ་དང་། བྲག་དཀར་བླ་མའི་ཕཡག་སྦུབ། དེང་སང་གི་རྒྱ་གླིང་ཆ་གཅིག་རག་དུང་ཆ་གཅིག་དབུབ་ཆལ་གཉིས། རྔ་ཆེ་ཆུང་བཅུ་གཉིས་དང་འཆམ་གོས་འཆམ་འབག་ཆ་ཚང་བཅས་བཞུགས་ལགས་སོ།

དགོན་པའི་སློབ་གྲྭ་ཁང་དུ་སློབ་ཕྲུག་ཉེར་ལྔ་ལ་དགེ་བློ་བཟང་དཔལ་འབར་གྱིས་ཡི་གེ་འབྲི་ཀློག་དང་རྒྱུ་སྡེའི་འདོན་རྟ་དབྱངས་སོགས་བསླབ་ནས་གྲྭ་མང་གསོ་སྐྱོང་བྱེད་བཞིན་ལགས། ཚེས་དུས་སྒྲུབ་མཆོད་ལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ནས་བཅུའི་བར་ཉེར་བདུན་དུ་སྔ་དྲོ་རྣམ་རྒྱལ་མ་དང་ཕྱི་དྲོ་རྣམ་འཇོམས་ཆོ་ག་དང་། ཟླ་བ་གསུམ་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཉིན་བདུན་ལ་སྔ་དྲོ་སྒྲོ་དཀར་དང་ཕྱི་དྲོ་ཚེ་དཔག་མེད་ཀྱི་དགུརབ་མཆོད་དང་། ཧོར་ཟླ་བཞི་པའི་ཚེས་བདུན་ནས་བཅོ་ལྔའི་བར་ཉིན་བདུན་དུ་ཀུན་རིག་དང་སྨན་བླ། ཧོར་ཟླ་ལྔ་པའི་ཚེས་བཅུ་ནས་བཅུ་གསུམ་བར་བསྐང་གསོ་དང་བཅུ་གསུམ་ཉིན་རྟ་རྒྱུག་ཆེན་མོ་དང་། ཚེས་བཅོ་ལྔ་ལ་ལས་སྣེ་བསྐོ་བཞག་དང་སློབ་དཔོན་དང་དབུ་མཛད་སོགས་བརྗེ་ལེན་དང་། ཧོར་ཟླ་དྲུག་པའི་ཚེས་བཞི་ནས་བཅུ་གཅིག་བར་ཉིན་བདུན་ལ་མི་འཁྲུགས་པ་དང་འོད་དཔག་མེད་ཀྱི་ཆོ་ག་དང་། ཟླ་བ་བདུན་པའི་ཚེས་བཞི་ནས་ལྔའི་བར་དུ་ཉིན་བཅུ་གཅིག་གི་བར་ཀྱེེ་རྡོར་དབང་ཆེན་དང་ཕྱི་དྲོ་བསྐང་གསོ་དང་སྦྱིན་བསྲེགས། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ནས་ཉེར་དགུའི་བར་ཉིན་བཅུ་གཅིག་གི་བར་འཇིགས་བྱེད་དང་བསྐང་གསོ་གཏོར་རྒྱག་དང་། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་དང་པོའི་ཚེས་གཅིག་གི་བར་ཉིན་ལྔ་ལས་ཉིན་དང་པོ་གསུམ་ལ་བསྐང་གསོ་དང་ཉིན་ཕྱི་མ་གཉིས་ལ་ཆོས་སྤྱོད་བཅས་འཚོགས་དགོས་སོ།། དགོན་འདིར་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་གཅིག་ལྷག་ཙམ་ལ་ཡོན་བདག་ཁྱིམ་དུད་བརྒྱ་ཕྲག་གསུམ་ལྷག་གི་དད་རྫས་དང་གཤིན་རྫས་ལ་བརྟེན་ནས་མཆོད་ཐོག་འཚོགས་དགོས་པ་ཡིན་ནོ་

དགོན་པའི་ལོ་རྒྱུས་འདི་ནི་བློ་བཟང་ཟླ་བའི་གསུངས་པ་བཞིན་མུ་པོས་བྲིས་པའོ།།

བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས།

སྔོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་གོང་མའི་དབུ་བླར་བྱོན་ཏེ། རབ་བྱུང་ལྔ་པའི་སྟོད་ཙམ་དུ་ཕྱིར་ཨ་སྐྱར་ཕེབས་སྐབས། སྡེ་གཞུང་གི་དཔོན་པོ་ཨ་འབུམ་ནས་བདག་ལ་དམ་པ་ཉིད་ཀྱིས་གཟིགས་རྟོགས་མཛད་པའི་དགོན་ལག་ཤིག་དགོས་ཞེས་གསོལ་བ་ལྟར། རི་གསེར་ཉ་འདྲ་བའི་གཡོན་ཟུར། མཚོ་མེ་ལོང་འདྲ་བའི་གཡས་ཟུར། སྤང་གསེར་ཁྲི་འདྲ་བའི་ཡངས་སྟེང་དུ་དགོན་པ་ཞིག་བཏབ་ན། རྡོ་རྗེ་གུར་གྱི་མགོན་པོའི་སྤྲུལ་པའི་ཟློས་གར་རྒྱུན་མི་འཆད་ཅིང་། འདུལ་འཛིན་གྱི་དགེ་འདུན་རྒྱུ་སྐར་གྱི་ཕྲེང་བ་ཚལ་དུ་དངར་བ་ལྟར་འབྱུང་བ་ལུང་བསྟན་ཅིང་དགོན་པའི་མཚན་ལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ། དེའི་དུས་སྡེ་གྲངས་ཉུང་བ་དང་འབྲོག་དགོན་དུ་སོང་གཤིས་སྦྲ་གུར་ཙམ་ལ་བརྟེན་ནས་བཞུགས་དགོས་པ་ས་ནག་སྒར་དགོན་ཞེས་གྲགས་པ་ཡིན་ནོ།

ཨ་འབུམ་ལ་བུ་གཉིས་ཡོད་པའི་ཆེ་བ་ཇོ་ལོས་སྡེ་དཔོན་མཛད། ཆུང་བ་གསང་བདག་རྡོ་རྗེ་འཆང་དབང་མཁྱེན་རབ་རབ་བརྟན་ཞེས་པ་ནི་རྒྱུད་འཇམ་ཞིང་ཤེས་རིག་ལ་མཁས་པ། བསྟན་པ་དང་སེམས་ཅན་ལ་བློ་དཀར་བ་སོགས་ཡོན་ཏན་དུ་མས་བརྒྱན་པ་དེ་ཉིད་ཀྱིས་གོས་མ་ཆེན་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བསྟེན་ཏེ། སྤྱིར་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་བ་མཐར་ཕྱིན་མཛད་པ་མ་ཟད། རྒྱུད་བརྟག་པ་གཉིས་པ་དང་ཀྱེེ་རྡོ་རྗེ་སོགས་རྒྱཽད་དོན་ལ་ལྷག་པས་མཁས་པས། བླ་མའི་ཞལ་ནས་ཁྱོད་ཀྱིས་མདོ་ཁམས་སྨད་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་དགོས་ཞེས་བཀའ་ལུང་སྤྱི་བོར་མནོས་ཏེ། ཕྱག་རྟེན་དུ་རྒྱུ་ལི་ལས་གྲུབ་པའི་འཇམ་དབྱངས་སྐུ་བརྙན་མི་ཚད་ཙམ་དང་། རོལ་ཆས་ཨ་རག་གམ་ཕུན་ཚོགས་སྒྲ་དབྱངས་དང་། ཉིད་ཀྱི་བླ་གསོ་དང་དབུ་ཞྭ། གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་སྐུ་གསུངས་ཐུགས་རྟེན་དུ་མ་བསྩལ་ཏེ། དཔལ་ལྡན་ས་སྐྱ་པའི་བསྟན་པའི་བདག་པོར་མངའ་གསོལ། རང་ཡུལ་བཤད་སྒྲུབ་དར་རྒྱས་དུ་བྱོན་ནས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་དུ་དཔལ་ལྡན་ས་སྐྱ་བའི་བསྟན་པ་འདི་མདོ་ཁམས་སྨད་དུ་ཉིན་མོ་བཞིན་གསལ་བར་མཛད་པ་ཡིན་ནོ།།

དེའི་རྗེས་བླ་མ་ཕྲིན་ལས་རབ་རྒྱས། བློ་གྲོས་དབང་ཕྱུག སྙན་གྲགས་ལུང་རིག་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མ་བྱོན་ན་ཡང་ད་ལྟར་དྲན་པའི་ཡུལ་དུ་མ་གྱུར་རོ། དེ་ནས་དཔལ་ལྡན་ས་སྐྱའི་བསྟན་པའི་སྒྲོནམེ་གཅིག་པུར་གྱུར་པ་ནི། ཤར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་[page 92] དང་རྒྱལ་བ་ཀློང་ཆེན་རབ་འབྱམས་སོགས་སྤྲུལ་པའི་ཟློས་གར་བདུན་གྱི་དྲུག་པ་བཅོ་བརྒྱད་གཟིམས་འོག་བྱམ་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱི་སྤྲུལ་པའི་སྐུ་མཆོག་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཡབ་ཝ་ཤུལ་རྦ་བརྟན་དབང་རྒྱལ་དང་། ཡུམ་ཨ་ཐོག་དཔོན་གྱི་སྲས་མོ་ནོར་བུ་སྒྲོལ་མ་གཉིས་ལ་ངོ་མཚར་ལྟས་དང་བཅས་ཏེ་སྐུ་བལྟམས། དམ་པ་འདི་ཉིད་སྐུ་ན་ཆུང་བའི་དུས་ནས་ཐུགས་རིག་ཤིན་ཏུ་གསལ་བས་འབྲི་ཀློག་སོགས་ཚེག་མེད་དུ་མཁྱེན། རྒྱལ་བའི་རྒྱལ་ཚབ་རུ་ངེད་པའི་རིས་མེད་ཀྱི་དམ་པ་མང་པོ་ཚུལ་བཞིན་དུ་བསྟེན་ཏེ། མདོ་སྔགས་གསར་རྙིང་རིས་མེད་ཀྱི་དམ་པ་མང་པོ་ཚུལ་བཞིན་དུ་བསྟན་ཏེ། མདོ་སྔགས་གསར་རིས་མེད་ཀྱི་ཆོས་ལ་ཐོས་པ་རྒྱ་ཆེར་མཛད་དེ། རྗེ་འདི་ཉིད་ཀྱི་ཞལ་ནས་བཅུ་ཕྲག་གཉིས་ཀྱི་ཡོང་འཛིན་དམ་པ་བསྟེན་ཞེས་གསུངས་པ་ལྟར། དེ་དག་ལས་ཀྱང་རྩོད་མེད་ཀྱི་མཁས་གྲུབ་ཆེན་པོ་བཞི་དང་། བཀའ་དྲིན་འགྲན་ཟླ་དང་བྲལ་བ་གཅིག་བཅས་ལས་གསན་བསམ་མང་དུ་མཛད། ཁྱད་པར་དུ་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་འཛམ་གླིང་མཁས་པོ་ཡོངས་ཀྱི་གཙུག་རྒྱན་དཔལ་ས་སྐྱ་པཎྚི་ཏ་ཞེས་སྙན་པར་གྲགས་པའི་བདུག་ཉིད་ཆེན་པོ་དེ་ཉིད་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་མེ་རོ་གསོ་བའི་ཕྱིར་བསམ་བཞིན་དུ་བྱོན་པའི་མཁས་གྲུབ་ཆེན་པོ་སྒ་སྟོད་འཇམ་མགོན་རིན་པོ་ཆེ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དམ་པ་འདི་ཉིད་ཀྱི་དྲུང་ནས་ལམ་འབྲས་བུ་དང་བཅས་པའི་གདམས་ཁྲིད་ཀྱི་མན་ངག་ཟབ་པའི་ཚུལ་བཅུ་གཅིག་དང་། སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་ཟབ་མོ་རྣམས་བུམ་པ་གང་བྱོས་ཚུལ་དུ་གནང་སྟེ་དཔལ་ལྡན་ས་སྐྱ་བའི་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ནོ།།

དམ་པ་འདིའི་ལྗགས་རྩོམ་སྐོར་ལ་ཡང་། དོན་འགྲེལ། དཀའ་འགྲེལ། སྨོན་ལམ། བླ་རྣམ། ཉམས་མགུར། བསྟོད་ཚོགས། ཞབས་བརྟན། རྣམ་ཐར། བླ་མ་རྒྱང་འབོད་དང་གསོལ་འདེབས། སྒྲུབ་ཐབས། ལག་ལེན། ཞལ་གདམས། གསོལ་འཕྲིན་སོགས་ཀྱི་སྐོར་པོད་ལྔ་དྲུག་ཙམ་བཞུགས།

སྐུ་གསུངས་ཐུགས་རྟེན་སྐོར་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གནང་བའི་རྒྱུ་ལི་ལས་གྲུབ་པའི་འཇམ་དབྱངས་སྐུ་བརྙན་མི་ཚད་ཙམ་དང་། རྒྱུ་ཟངས་གསེར་ལས་བསྐྲུན་པའི་སྤྱན་རས་གཟིགས་ཀྱི་སྐུ་དང་། རྒྱུ་ཙནྟ་ལས་བཟོས་པའི་སྒྲོལ་མའི་སྐུ་དང་སྟོན་པའི་སྐུ་མི་ཚད་མ། གསུང་རྟེན་གསང་ངག་རིན་པོ་ཆེ་ལམ་འབྲས་ཆ་གཅིག རོལ་མོ་ཨ་རག་གམ་ཕུན་ཚོགས་སྒྲ་དབྱངས། རྒྱ་དབང་སྐལ་བཟང་རྒྱ་མཚོའི་ཕྱག་གནང་གི་འཁར་རྔ་འཛམ་གླིང་ནོར་དགའ། ཐགས་སུ་གྲུབ་པའི་རྣམ་རྒྱལ་མའི་སྐུ་ཐང་། ཟངས་མོ་ཆེ་བཀྲ་ཤིས་བཅུད་འཁྱིལ། ཤར་ཕྱོགས་རྒྱ་ནག་གོང་མའི་ཆོས་དུང་དགེ་འདུན་ཁྲི་སྡུད། རོལ་ཆས་སྟོང་གསུམ་འབྲུག་སྒྲ། རས་བྲིས་ཀྱི་སྟོན་པ་གཙོ་འཁོར་གསུམ་བཅས་རྟེན་རྙིང་སྐོར་དང་། དེའི་ཕྱིས་ཀྱི་མཁས་གྲུབ་རྣམས་ཀྱིས་བཞེངས་པ། རྒྱུ་ཟངས་གསེར་ལས་གྲུབ་པའི་གོང་མ་རྣམ་ལྔ་མི་ཚད་ཙམ། འཇམ་དབྱངས་སྐུ་མདའ་ཚད་མའི་སྟོང་ལྷག་དང་། སྟོན་པ་གཙོ་འཁོར་གསུམ། སྒྲོལ་མ། [page 93] ཐུགས་རྗེ་ཆེན་པོ། ཀྱེེ་རྡོར། གུ་རུ་གཙོ་འཁོར་གསུམ་སོགས་གསེར་དངུལ་ཟངས་གསུམ་ལས་གྲུབ་པ་ཤ་སྟག་གོ། གསེར་ཐང་ལ་ལམ་འབྲས་བླ་བརྒྱུད། མཛད་པ་བཅུ་གཉིས། སངས་རྒྱས་སྟོང་སྐུ། སྒྲོལ་མ་སྟོང་སྐུ། གོང་མ་རྣམ་ལྔ་བཅས་ཐང་ཆེན་དང་ཐང་ཕྲན་སྐོར་དུ་མ་དང་། གསུང་རབ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་ཉེར་ལྔ། བསྟན་འགྱུར་ཆ་བཞིང་། གསུང་ངག་རིན་པོ་ཆེ་ལམ་འབྲས་པར་མ་ཆ་གཅིག་དང་གསེར་དངུལ་གྱིས་བྲིས་མ་ཆ་གཅིག གཞན་ས་སྐྱའི་བཀའ་འབུམ་སོགས་བཀའ་འབུམ་སྐོར་དུ་མ་ཡོད་པ་དེ་དག་ཐམས་ཅད་གླེགས་ཤིང་སོགས་གསེར་བྲིས་དང་ལྡན་ཞིང་སྤུས་ལེགས་ལ་སྒྲོས་གཙང་བ་བླ་མ་གོང་མ་རྣམས་ཀྱིས་བྱིན་རླབས་ཆགས་པ་དང་། སྐུ་རྟེན་ཐམས་ཅད་ལ་ཆོས་འཕགས་དང་ས་པཎ་རྒྱལ་དབང་བདུན་པ་སོགས་ཀྱི་དབུ་སྐྲ་ན་བཟའ། ཁྱད་པར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཉིད་ཀྱི་ཞལ་ཚེམས་ཆོས་རྗེའི་སྐུ་ཆས། སློབ་དཔོན་རིན་པོ་ཆེའི་སྐུ་ཆས། ཡེ་ཤེས་མཚོ་རྒྱལ་གྱི་ན་བཟའ། སངས་རྒྱས་འོད་སྲུང་སོགས་ཀྱི་རིང་བསྲེལ་རྣམས་གཟུངས་གཞུག་ཏུ་ཕུལ་བའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་དུ་མའོ།

འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྐུ་རིང་དུ་སྔོན་གྱི་གཙུག་ལག་ཁང་ཀ་བ་ཉེར་བཞི་དང་ཁང་ཕྲན་བཅས་རྒྱ་བསྐྱེད་དེ་གཙུག་ལག་ཁང་ཀ་བ་སོ་དྲུག་ཅན་དང་། ཉེར་བཞི་ཅན། མགོན་ཁང་། རུང་ཁང་། ཆོས་ར་བཅས་བསྐྲུན་ནས། གྲྭ་བཞི་བརྒྱ་ལྷག་ཙམ་ལ་དེ་སྙེད་ཀྱི་གྲྭ་ཤག་དང་ཆོས་སྡེ་ཆེན་པོར་འོང་བའི་ཁང་ཕྲན་ཆ་ལག་དང་བཅས་པའི་ནང་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་ཐུབ་པ་རྩེག་ཚད་མས་མཚོན་ཐུབ་སྐུ་དུ་མ་དང་། འཇམ་མགོན་བླ་མའི་དབུ་སྐྲ་བསྲེས་ནས་ཆོས་རྗེ་ས་པཎ་གྱི་སྐུ་འབུམ་ཕྲག་གཉིས་ཙམ་བཞེངས་པ་དེ་དག་ཐམས་ཅད་ལ་གསེར་ཆབ་གསོལ་ཡོད་པ་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་གསུམ་དང་། བསྟན་འགྱུར་ཆ་བརྒྱ་ཕྲག་ལྷག་དང་། ས་སྐྱ་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ་སོགས་གསུང་འབུམ་སྐོར་དང་། རྒྱུད་བཏུས་སྒྲུབ་བཏུས་སོགས་སྨིན་གྲོལ་ཕྱོགས་ཀྱི་སྐོར་དང་། མདོ་སྔགས་གཞུང་འགྲེལ་སྣ་ཚོགས་པོད་བརྒྱ་ཕྲག་དུ་མ་དང་། བྲིས་མ་མགོན་པོ་མེ་འབར་མ་ཁ་སྐོང་། ཡང་སྐོང་སོགས་དང་། སྤྱི་ལྗོན་ནང་དུ་བཞུགས་པའི་མདོ་སྔགས་ཀྱི་ལུང་ཕྱོགས་གཅིག་ཏུ་བསྡུས་པའི་གསེར་གྱི་གླེགས་བམ། ཐུགས་རྟེན་གསེར་དངུལ་ཟངས་གསུམ་ལས་བསྐྲུན་པའི་མཆོད་རྟེན་ཆེན་པོ་བཞི་དང་། སྟེང་ཁང་དུ་ཆོས་སྐྱོང་ཐམས་ཅད་ཀྱི་རུ་མཚོན་གྱི་རྒྱལ་མཚན་སོགས་མཆོད་རྫས་དང་རྟེན་རྫས་དུ་མའོ།

དེ་ལ་དགོན་འདི་བསྟན་བདག་དང་དབུ་མཛད་དགེ་སྐོས། རྒྱུ་རྫས་འགན་བཞེས་ཀྱི་སྤྱི་པ་སོགས་བྱ་བ་ཆེ་ཕྲ་ཇི་སྙིད་ཡོད་པ་དེ་དག་ཐམས་ཅད་ལ་དུས་རྒྱུན་པར་གཟིགས་པ་མ་གཏོགས་བརྗེ་སྲོལ་མེད། མཁན་པོ་ནི་རྡོ་རྗེའི་སློབ་དཔོན་དང་། གནས་བརྟན་ནི་དབྱར་གནས་དང་སྨྱུང་གནས་སོགས་ཀྱི་མཁན་པོ་ཡིན་ཞིངདེ་གཉིས་ནི་ལོ་བཞི་ལྔ་རེ་མཚམས་སུ་གྲྭ་ཚང་དུ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པ་ཡོད་ན་བརྗེ་[page 94] སྲོལ་ཡོད། ཆོས་ཁྲིམས་མི་ལོ་གཉིས། དགོན་འདིའི་བུ་དགོན་ནི་སྐྱབས་ཤུལ་དང་བཞག་ཁོག་གི་ས་སྐྱ་དགོན་པ་གཉིས་ཡིན་ནོ།།

ཚེས་དུས་སྒྲུབ་མཆོད་ནི། བོད་ཟླ་གསུམ་པའི་ཚེས་ཉེར་དགུ་ནས་སྒ་སྟོད་རིན་པོ་ཆེའི་བླ་མཆོད་ཉིན་ལྔ། བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ནས་ཕུར་བ་ཉིན་བདུན། བོད་ཟླ་ལྔ་པའི་ཆེས་བཅོ་ལྔ་ནས་ཀྱེེ་རྡོར། ཀུན་རིག མི་འཁྲུག་པ་བཅས་ཉིན་བདུན། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་མཁའ་སྤྱོད་མ། ཚེ་མཆོག སྨན་ལྷ་བཅས་ཉིན་བདུན། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་གཉིས་ནས་སྡེ་སྤྲུལ་རིན་པོ་ཆེ་བླ་མཆོད་ཉིན་ལྔ། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་མཁན་ཆོས་འཕེལ་གྱི་བླ་མཆོད་ཉིན་ལྔ་བཅས་འཚོགས་དགོས་པ་ཡིན་ནོ། དེ་ལ་སྔོན་མ་དགོན་པའི་མངའ་འོག་ཏུ་དུད་གྲངས་ལྔ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་དད་གཤིན་རྫས་ལ་བརྟེན་ནས་འཚོགས་པའི་གཏོང་སྒོ་དགོས་པ་ཡིན་ནོ། བཅོས་སྒྱུར་དང་རིག་གསར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་ལྷག་མར་བྱས། སླད་ནས་ཏང་སྲིད་བཟང་པོའི་འོག་ཆོས་ལུགས་དད་པ་རང་མོས་ཀྱི་སྐལ་བཟང་པོའི་ཚེ་བའི་དུས་འདིར། ལྔ་རིག་སྨྲ་བའི་པཎྚི་ཏ་ཆེན་པོ་ཆོས་རྗེ་བདག་ཉིད་ཆེན་པོ་ས་པཎ་ཀུན་དགའ་རྒྱལ་མཚན་བསམ་བཞིན་རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་ཤིན་འཛིན་པར་བྱོན་པ་སྒ་སྟོད་ངག་དབང་ལེགས་པ་ཞེས་རྒྱལ་བའི་ལུང་གི་ཡང་ཡང་བསྔགས་པ་དེ་ཡི་འཕྲིན་ལས་ཀྱི་ཟློས་གར་སྙིགས་དུས་འགྲོ་བའི་དཔལ་དུ་ངུར་སྨྲིག་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་མཚན་ནས་བརྗོད་པར་དཀའ་ཞིང་དོན་གྱི་སླད་དུ་མཚན་ནས་སྨོན་ན་འཇམ་དབྱངས་མགོན་པོ་བསོད་ནམས་མཆོག་ལྡན་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད། ཡབ་ཝ་ཤུལ་ཨ་འབུམ་ནས་དཔོན་རབས་ཉེར་གཉིས་པ་འཇམས་དབྱངས་རྡོ་རྗེ་ཞེས་དཔལ་རྩལ་མཛངས་གསུམ་གྱིས་ལེགས་པར་བརྒྱན་པ་དེ་དང་། ཡུམ་ཆུ་རྒོད་དཔོན་ཚང་གི་སྲས་མོ་རྡོ་རྗེ་མ་ཞེས་བྱམས་སྙིང་རྗེ་བཅོས་མིན་རྒྱུད་ལ་འཁྲུངས་བ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོར་ངོ་མཚར་ལྟས་དང་བཅས་ཏེ་འཇམ་དབྱངས་སྐུ་འབུམ་དགོན་གྱི་ཡང་སྟེང་དུ་སྐུ་བལྟམས། དམ་པ་དེ་ཉིད་འཁྲུང་མ་ཐག་ཏུ་ཁྲོམ་ཁོག་ནས་གནས་བརྟན་བཅུ་དྲུག་གི་ཞལ་ཐང་དང་། རོང་ཁོག་ས་སྐྱ་དགོན་ནས་འཁར་གསར་སོགས་དུ་མ་ཕུལ་བས་རྟེན་འབྲེལ་ལེགས་པར་ཚང་བ་མ་ཟད། སྡེ་སྤྲུལ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དང་། རྡོ་རྗེ་འཛིན་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྲོམ་དགེ་ཨ་རིག་སོགས་ཀྱིས་སྐུ་ཁྲུས་གསོལ་ཏེ། མཚན་དུ་མགོན་པོ་བསོད་ནམས་མཆོག་ལྡན་གསོལ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱིས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ངག་དབང་ལེགས་པའི་སྤྲུལ་སྐུ་མངའ་གསོལ། སྡེ་སྤྲུལ་རིན་པོ་ཆེས་ཆག་མེད་རྣམ་བཞི་ནས་དབང་རྗེས་གནང་དཔག་མེད་དང་། སྡེ་སྣོད་འཛིནཔའི་གཙུག་རྒྱན་མཁན་ཆོས་འཕེལ་ནས་སྒྲུབ་ཐབས་ཡོངས་རྫོགས་ཀྱི་གཙོ་དབང་སོགས་གནང་བ་ནས་བཟུང་མཚམས་བསྙེན་སྒྲུབ་འབའ་ཞིག་མཛད་དེ། ཕྱིས་སུ་དགུང་གྲངས་སོ་བདུན་པར་སྐྱེ་[page 95] དགུ་དོན་གྲུབ་གླིང་སོགས་སུ་བྱོན་ནས་སྨིན་ཁྲིད་དུ་མ་བསྩལ། ཁྱད་པར་དུ་དགོན་འདི་བསྐྱར་གསོ་སྐབས་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་མཛད་དེ། གཙུག་ལག་ཁང་། དགེ་ཁང་། མཛོད་ཁང་། ལྷ་གཉེར་ཁང་། རུང་ཁང་། མགོན་ཁང་། དཔེ་ཁང་། འཁོར་ཁང་། ཆོས་ར་སོགས་ཀྱི་ཚད་དསྔོན་མ་ནང་བཞིན་བཞེནགས་ཏེ། ནང་རྟེན་དུ་རྒྱུ་སྨན་འདམ་ལས་སྟོན་པ་གཙོ་འཁོར་གསུམ་རྩེག་ཚད་དང་། ས་སྐྱའི་གོང་མ་རྣམ་ལྔ། ཚར་ཆེན། ངོར་ཆེན། ལམ་འབྲས་བླ་བརྒྱུད་རྣམས་དང་། གུ་རུ་དང་ཡི་དམ་ཐུགས་རྗེ་ཆེན་པོ། སྒྲོལ་མ་སོགས་མི་ཚད་ཙམ་དང་། རྒྱུ་གསེར་དངུལ་ལས་བསྐྲུན་པའི་སྐུ་གདུང་མཆོད་རྟེན་རིན་པོ་ཆེ་གཟི་བྱུར་གྱིས་བཀོད་པ་མི་ཚད་མ་བཞི། ཟངས་གསེར་ལས་གྲུབ་པའི་མཆོས་རྟེན་མི་ཚད་མ་ཉི་ཤུ། ཞལ་ཐང་སྐོར་བཅུ་ཕྲག་འགའ་དང་། རྒྱལ་བའི་བཀའ་འགྱུར་ཆ་གཅིག བསྟན་འགྱུར་ཆ་གཉིས། གཞན་ཡང་བཀའ་འབུམ། སྒྲུབ་བཏུས། རྒྱུད་བཏུས་སོགས་པོད་བརྒྱ་ཕྲག་ལྷག་དང་། གཞན་ཡང་སྤྱི་ཡི་ཡོ་བྱད་ལ་འཕན་གདུགས་རྒྱལ་མཚན། རི་དྭགས་ཆོས་འཁོར། རྒྱ་གླིང་། སིལ་སྙན་སོགས་ཆ་ཚང་དང་། དགོན་པའི་མངའ་འོག་གི་ཁྱིམ་དུད་ལྔ་བརྒྱ་ལྷག་གི་དད་གཤིན་རྫས་སོགས་ལ་བརྟེན་ནས་དགེ་འདུན་གྱི་ཞལ་གྲངས་བཞི་བརྒྱ་ལྷག་གིས་སྔོན་མ་ནང་བཞིན་ཚེས་དུས་སྒྲུབ་མཆོད་སོགས་འཚོགས་བཞིན་ཡིན་ནོ།། དགོན་པའི་ལོ་རྒྱུས་འདི་ནི་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ལ་གཞི་བྱས་མཆོག་སྤྲུལ་མགོན་པོ་བསོད་ནམས་ཀྱི་ངག་རྒྱུན་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

བོན་མགོ་དགོན་གྱི་ལོ་རྒྱུས།

སྔོན་རྒྱལ་མཆོག་བསོད་ནམས་རྒྱ་མཚོས་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་འདེབས་སྐབས་དེར་གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་བའི་བོན་དགོན་ཞིག་ཡོད་པ་ལས། རིམ་གྱིས་ཐང་དགོན་པའི་སྟོབས་དང་མངའ་ཐང་ཇེ་རྒྱས་སུ་གྱུར་ཏེ། གཡུང་དྲུང་བོན་གྱི་བསྟན་པ་ཉམས་ནས་མཐར་དགོན་པ་དེ་མིང་གི་ལྷག་མར་འགྱུར་བ་ཡིན་ལ། དེ་ལས་དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་འདོད་པ་ལྟར་རྒྱལ་མཆོག་བསོད་ནམས་རྒྱ་མཚོས་བོན་པོའི་གྲུབ་མཐའ་དེ་དགེ་ལུགས་ཀྱི་གྲུབ་མཐར་བསྒྱུར་བར་འདོད་པ་ནི་[page 116] མ་བརྟག་པའི་གཏམ་འབའ་ཞིག་ལས་མ་འདས་སོ། ལོ་རྒྱུས་འདི་ནི་ལི་ཐང་དགོན་པའི་ལོ་རྒྱུས་སོགས་ལ་གཞི་བྱས་རྣམ་པོ་ཚེ་རིང་གི་ངག་རྒྱུན་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

མཐའ་དམར་དགོན་གྱི་ལོ་རྒྱུས།

རིག་གསལ་བླ་མ་ཞེས་རྙིང་མའི་གྲུབ་མཐའ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་སྐྱོང་བའི་དགོན་པ་འདི་ཉིད་ཕྱག་བཏབ་མཛད་དེ། བསྟན་འཛིན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་དུ་མ་བྱོན་ནས་སྔ་འགྱུར་རྙིང་མའི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་བླ་ལྷག་ཏུ་སྤེལ་ནས་ད་ལྟའི་བར་དུ་གནས་པ་ནི་སྨོས་མ་དགོས་པ་ཡིན་མོད། དེ་ལས་དགོན་འདི་ནི་ས་ཐག་རིང་བ་དང་། འགྲོ་ལམ་མི་བདེ་བ་དང་། དགོན་པ་རང་ཉིད་ཀྱི་དགོན་པའི་ལོ་རྒྱུས་ལ་དོ་སྣང་མེད་པ་བཅས་ཀྱིས་རྐྱེན་བྱས། ལི་ཐང་རྫོང་ཆོས་ལུགས་ཅུས་ཀྱི་སྔ་གཞུག་ཏུ་གློག་བརྡ་དང་བཀའ་ཤོག་སོགས་དུ་མ་བསྩལ་ན་ཡང་། ཡར་རྫོང་ཐོག་ཏུ་བཅར་གཏུག་སོགས་གང་ཡང་མི་བྱེད་པ་དང་གཅིག ཕྲན་རང་ངོས་ནས་བཤད་ན་རྟ་ཞོན་ནས་འགྲོ་དགོས་ན་ངོ་ཤེས་མེད་པ་དང་ས་ཐག་རིང་བ་བཅས་ཀྱིས་རྐྱེན་བྱས་ནས་དེ་ལྟ་བུའི་སྤོབས་པ་མེད་པས་རེ་ཞིག་དེ་ཙམ་ལས་ལོ་རྒྱུས་ཞིབ་ཕྲ་འབྲི་རྒྱུ་མ་ལོན་པས། དེ་ལུགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་སྐུ་མདུན་དུ་བཟོད་པར་ལན་བརྒྱ་གསོལ་པ་ཡིན་ནོ། ལོ་རྒྱུས་ཕྲན་བུ་འདི་ནི་མུ་པོས་བྲིས་པའོ།།

ཞི་དར་ནོར་བུ་གླིང་གི་ལོ་རྒྱུས།

རྗེ་བྱམས་པ་འབུམ་གྱིས་དགོན་སྡེ་བརྒྱ་རྩ་བརྒྱད་འདེབས་པའི་ལུང་བསྟན་ལྟར། སྐུ་ཚེ་ཧྲིལ་པོར་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པའི་ནང་ཚན་གྱི་དགོན་པ་འདི་ཡང་རབ་བྱུང་ལྔ་པའི་ནང་ཙམ་དུ་བཏབ་པར་མངོན་ནོ།

ཉིན་ཞིག་ཁོང་གི་དངོས་སློབ་མ་ཨ་གུ་རི་བ་ཚང་གི་བུ་དང་མཉམ་དུ་དགོན་པ་བཞེངས་པའི་ལྟ་གོན་དུ་འདུ་ཁང་གི་ཀ་རིང་དེ། གྲུབ་པའི་མཛད་སྤྱོད་ཀྱི་སྒོ་ནས་ཨུ་གུ་རི་བ་ཚང་གི་བུད་ཁྲིད། ཆོས་རྗེ་རིན་ཆེན་གྱིས་དེད་དེ་འོང་སྐབས། རྡོ་ཕ་བོང་ཞིག་གི་སྟེང་དུ་བྱོལ་སོང་ལས་ཁྱད་དུ་འཕགས་ཤིང་ཡ་མཚན་དང་གཟི་བརྗིད་ཤིན་ཏུ་ཆེའི་བ་ཞིག་མཐོང་ནས། ཀ་རིང་དེ་དེད་རྒྱུ་མེད་པར་ལྷན་ནེ་བསྡད་པས། དེར་དམ་ཅན་རྡོ་རྗེ་ལེགས་པས་ལུང་བསྟན་ཡིན་པ་ཤེས་ཏེ། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བཞེངས་ནས་རབ་གནས་ཀྱི་མེ་ཏོག་འཐོར་སྐབས། འཇའ་ཚོན་གྱི་གུར་ཕུབ་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མངོན་དུ་གྱུར་ཏེ། རྙིང་མའི་སྒྱུ་འཕྲུལ་ཞི་ཁྲོའི་ཞི་འཆད་ཉན་སྒོམ་སྒྲུབ་དར་སྤེལ་མཛད་པས་ཞི་དར་དགོན་ཞེས་པའི་མཚན་གསོལ།

ཆོས་རྗེ་རིན་ཆེན་གྱི་དངོས་སློབ། ཨ་གུ་རི་བ་ཚང་གི་བུ་ནི་གཙུག་ལག་ཁང་བཞེངས་བསྐྲུན་དང་ཆོས་ལ་སྙིང་རུས་ཤིན་ཏུ་ཆེ་བས་ཆོས་རྗེ་རིན་ཆེན་གྱིས་བརྩོན་འགྲུས་བུ་དཔལ་ཞེས་མཚན་གསོལ། དེའི་རྗེས་ཀ་དག་བརྩོན་འགྲུས་འབུམ་པ་བླ་བྲང་འདིར་འཁྲུངས་ཏེ། འབྱུང་བ་ལ་རང་དབང་ཐོབ་པའི་སྐྱེས་ཆེན་དམ་པ་ཞིག་ཡོད་པས། རྡོ་ལ་ཞབས་རྗེས་བཞག་པ་སོགས་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་ཡིན་ནོ། དེ་ནས་སངས་རྒྱས་རྒྱལ་མཚན། ཞི་དར་དབོན་རྒན། མདོ་སྔགས་བསྟན་འཛིན། དགེ་སློང་ལས་འཛིན་སོགས་བླ་རབས་བཅུ་གསུམ་ཙམ་བྱོན་པར་ངེས། དེའི་རྗེས་བླ་མ་འགྱུར་མེད་བསྟན་འཛིན། ཡང་སྤྲུལ་བཛྲ་ས་ཡུལ་བར་རོ།

བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཚུལ་ནི། སྤྱིར་དགོན་འདིར་སྒྱུར་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་ལ་བརྟེན་ནས་འཆད་ཉན་སྒོམ་སྒྲུབ་ཤིན་ཏུ་དར་སྲོལ་ཆེ་བ་མ་ཟད། ལྕགས་མདུད་ཤེས་རབ་རྒྱལ་མཚན་བྱོན་ཏེ་གུ་དྲག་མེ་རླུང་འཁྱིལ་བ་དང་མགོན་པོ་ཚོགས་བདག་གི་བསྟན་པ་སྤེལ། [page 105] དེ་རྗེས་བདུད་འདུལ་དང་ཀློ་གསལ་བྱོན་ནས། བདུད་ཀློང་གི་ཆོས་སྐོར་དང་། འབར་བྲག་ཡག་དགོན་ནས་རིག་འཛིན་རྒོད་ལྡེམ་གཏེར་བྱོན་བྱང་པའི་ཟབ་གཏེར་དང་། མ་ཏི་སེང་གདོང་སོགས་དར་ཁྱབ་ཆེ་ཕྱིས་སུ་དཔོན་པོ་འགྱུར་མེད་བསྟན་འཛིན་གྱིས་སངས་རྒྱས་མི་གཟིགས་སུ་བྱོན་པ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཉེས་པ་གསུམ་གྱི་སྒོ་ནས་ཡུན་རིང་བསྙེན། དགོན་པའི་གཙུག་ལག་ཁང་མེས་འཇིག་སྐབས་ཕྱིར་བྱོན་ཏེ། དཔོན་བིང་མགོ་མཐར་ཕྱིན་གྱིས་ཡོན་སྦྱོར་ལ་བརྟེན་ནས་འོག་ཕྱོགས་ཀླུ་ཉ་ཞེས་འབོད་པའི་ས་ཆ་དེར་གཙུག་ལག་ཁང་དང་གྲྭ་ཤག་སོགས་ལེགས་བསྐྲུན་བྱས། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཚོན་མཁན་སྤྲུལ་ཉེར་ལྔ་ཙམ་བྱོན་ཏེ་དགོན་པ་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་ཀྱི་མེ་ཏོག་འཐོར། གྲྭ་བརྒྱ་ལྷག་ལ་ཟབ་ཆོས་ཞི་ཁྲོའི་དགོངས་པ་རང་གྲོལ་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་མན་ངག་སོགས་གནང་སྟེ་རྫོགས་ཆེན་སྙིང་ཐིག་གི་བསྟན་པ་སྤེལ་ནས་དགོན་པའི་མཙཧན་ལ་རུ་དམ་ཨོ་རྒྱན་ནོར་བུ་གླིང་ཞེས་གསོལ་བས། རྫོགས་ཆེན་དགོན་ལག་ཏུ་གྱུར། དེའི་མ་ཚད་དཔོན་པོ་འགྱུར་མེད་བསྟན་འཛིན་སྐབས་ཨུ་ཤག་མཐར་དམར་བུ་དགོན་ཚུལ་དུ་གཟིགས་ནས་རྫོགས་ཆེན་གྱི་དགོན་ལག་ཏུ་བསྒྱུར། ཁོང་གི་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་སྐབས་མེ་ཏོག་གི་ཆར་དང་། བར་སྣང་འཇའ་གུར་འཁྲིགས་པ་སོགས་རྟགས་མཚན་བཟང་པོ་དུ་མ་མངོན་པར་བཀྲ་བས་སྐྱེ་དགུའི་དང་བ་འདྲེན་པའི་དཔལ་དུ་གྱུར། དེའི་རྗེས་ལོ་གསུམ་ནས་ཡང་སྤྲུལ་བཛྲ་ཨ་ཡུག་སྐུ་འཁྲུངས་ཏེ་གསེར་ཁྲི་ལ་མངའ་གསོལ། བསྟན་རྒྱུན་ཉམས་པ་རྣམ་གསོ་ཕྱིར་དུ་རྫོགས་ཆེན་ནས་རིམ་པ་ལྟར། འབྲུག་པ་སྐུ་ཆུང་། རྒྱལ་བཟི་སྤྲུལ་སྐུ། མཁྱེན་བརྩེ་སྤྲུལ་སྐུ་སོགས་བྱོན་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། ཁྱད་པར་དུ་མཁན་འཇམ་དབྱངས་ཀྱིས་སྙིང་ཐིག་ཀུན་བཟང་བླ་མའི་ཞལ་ལུང་གི་ཟབ་ཁྲིད་རྒྱས་བཤད་དུ་སྨིན་པར་མཛད། དེའི་རྗེས་གཏེར་ཆེན་འཆི་མེད་རྡོ་རྗེ་ལུང་བསྟན་ལྟར། ཨ་གུ་རི་བ་ཚང་གིས་འགན་བཞེས་ཏེ་དགོན་པ་སྔོན་མའི་དགོན་ཤུལ་དུ་སྤོས་ནས་གཙུག་ལག་ཁང་དང་གྲྭ་ཤག་རྣམས་གསར་བཞེངས་མཛད། དེའི་དུས་བླ་གྲྭ་བརྒྱ་དང་བཅུ་བདུན་ཙམ་ཞལ་བཞུགས།

སྐུ་གསུང་ཐུགས་རྟེན་སྐོར་ལ། འདུ་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་ཆོས་ལོངས་སྤྲུལ་གསུམ་རྩེག་ཚད། མགོན་ཁང་དུ་གཏེར་རྙིང་སྐོར་གྱི་སྲུང་མ་ཁ་ཚང་དང་སྙིང་ཐིག་གི་སྲུང་མ་ཁ་ཚང་། གུ་རུའི་སྐུ་འབུམ་དང་། ཚེ་ལྷ་རྣམ་གསུམ་གྱི་སྐུ་འབུམ། རིགས་གསུམ་མགོན་པོའི་སྐུ་འབུམ། ཐུབ་པའི་སྐུ་སྟོང་གཅིག གནས་བརྟན་བཅུ་དྲུག་སྐུ་ཆ་བརྒྱ་བཅས་དང་། གསེར་ཁང་དུ་རྒྱུ་ལི་ལས་གྲུབ་པའི་ཇོ་བོ། བྱམས་པ། གུ་རུ། སྒྲོལ་མ། ཚེ་དཔག་མེད། སྤྱན་རས་གཟིགས། རྡོ་རྗེ་སེམས་དཔའ། ཐུབ་པ་སྟོང་སྐུ་བཅས་གསེར་སྐུ་ཆེ་ཆུང་དུ་མ་དང་། གསེར་དངུལ་གྱིས་བྲིས་པའི་ཐང་ག་སྐོར་མང་ཙམ་དང་། གསུང་རབ་སྐོར་ལ། བླ་བྲང་དུ་རྒྱུ་གསེར་ལས་བྲིས་པའི་རྒྱལ་བའི་བཀའ་འགྱུར། [page 106] བསྟན་འགྱུར། རྙིང་མའི་རྒྱུད་འབུམ། ཨ་རག་གསེར་འབུམ་བཅས་དང་། མཚལ་པར་དང་སྣག་པར་སྐོར་བཀའ་འགྱུར། བསྟན་འགྱུར། འབུམ། བསྐལ་བཟང་། རྡོར་གཅོད། བཀའ་མ་སོགས་དང་། གཏེར་མའི་སྐོར་ལ་བཀའ་དགོངས་ཕུར་གསུམ་གྱི་ཆོས་སྐོར་ཆ་ཚང་། ཉང་རལ། རྒོད་ལྡེམ། གུ་རུ་ཆོས་དབང་། རནྡ་གླིང་པ། མ་ཏི་སྙིང་ཐིག་གི་གཏེར་ཆོས་དང་། ཆོས་འབྱུང་། དཀར་ཆག་བླ་རབས་རིམ་བྱོན་ཀྱི་རྣམ་ཐར་སོགས་པོད་ལྔ་སྟོང་ཙམ་དང་། དུང་འཁོར་དང་འཁོར་ཆུང་གྲངས་མང་བཅས་བཞུགས། ཐུགས་རྟེན་བཀའ་གདམས་མཆོད་རྟེན་གྲངས་མང་དང་། གསེར་དངུལ་མུ་ཏིག་གཟི་བྱི་རུ་སྤོས་ཤེལ་སོགས་ཀྱི་ཕྲ་དང་བཅས་པའི་སྐུ་གདུང་ལྔ། བསམ་ཡས་རྡོ་ར་གང་མང་དང་། མཆོད་ཆས་རིན་ཐང་ཆེ་བ་གསེར་དངུལ་རིན་པོ་ཆེའི་ཕྲ་དང་ལྡན་པ་ཁ་ཚང་ཆ་གསུམ། སྦུབ་ཆལ་འཛམ་གླིང་གཡས་བཞག་གིས་མཚོན་གཏེར་མ་དང་ལི་མ་ཆ་ཉེར་ལྔ། སིལ་སྙན་ཆ་བཞི། འཆམ་གོས། འཆམ་འབག འདམ་འབག འཆམ་དར་བཅས་ཆ་བརྒྱད་ལྷག་ཙམ་བཅས་བཞུགས་ལགས་སོ།

ཚེས་དུས་སྒྲུབ་མཆོད་ནི། བོད་ཟླ་དང་པོ་ཡུལ་དགོན་གཉིས་ཀྱིས་སྨྱུང་གནས་ཉིན་བཅུ་དྲུག་དང་། རྒོད་ལྡེམ་གཏེར་བྱོན་བྱང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ། བོད་ཟླ་བཞི་པའི་ས་ག་ཟླ་བར་རནྟ་གླིང་པའི་ཟབ་གཏེར་གུ་དྲག་མེ་རླུང་འཁྱིལ་བའི་ཚེས་བཅུ། བོད་ཟླ་ལྔ་པའི་ནང་བྱང་པའི་ཟབ་གཏེར་གུ་རུ་ཐུགས་སྒྲུབ་ཚེས་བཅུ་དང་ཉ་སྟོང་ལ་སྙིང་ཐིག་གི་འདས་མཆོད། བོད་ཟླ་དྲུག་པའི་ནང་འཇིགས་གླིང་གི་རིག་འདུས་ཚེས་བཅུ་དང་འཁོར་བ་དོང་སྤྲུག་འཚོགས་དགོས་པ་མ་ཟད་ཟླ་བ་ལྔ་པ་དང་དྲུག་པའི་ནང་བཅོས་དཀར་ཟླ་གཅིག་དང་བཅོས་ནག་ཟླ་གཅིག་དང་དབྱར་གནས་བཅས་འཚོགས་དགོས། བོད་ཟླ་བདུན་པའི་ནང་སྙུང་གནས་ཆ་བཞི། བོད་ཟླ་དགུ་པའི་ནང་གུ་དྲག་དང་མགོན་པོ་གྲི་མདོ་དང་ཡུལ་བའི་གཏོ་རིམ་གྲོ་སོགས་བྱ། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ནས་ཉེར་དགུའི་བར་བཀའ་བརྒྱུད་བདེར་གཤེགས་འདུས་པའི་གཏོར་ཟློག ཚེས་སུམ་ཅུ་ལ་ཚེ་ཆོག བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་ཉེར་དགུའི་བར་མ་ཏིའི་སེང་གདོང་གི་གཏོར་ཟློག ཚེས་སུམ་ཅུའི་ཉིན་ལས་རབ་གླིང་པའི་གཏེར་བྱོན་རྟེན་འབྲེལ་ཉེས་སེལ། ལོ་སར་ཚེས་གཅིག་ཉིན་ཡུལ་དགོན་གཉིས་ཀྱི་ལྷ་བསང་། མི་ཁྲུས་རྟ་ཁྲུས། རི་ཁྲུས་བཅས་འཚོགས་དགོས་པ་ཡིན་ནོ།

ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་ཀྱི་གོ་རིམ་ནི། ཆོས་སྡེ་འདིའི་བཤད་སྒྲུབ་འཛུགས་རྟེན་གཙོ་བོ་ཆོས་རྗེ་དང་བརྩོན་འགྲུས་བུ་དཔལ་སོགས་ཀྱི་སྐབས་འབོར་ཆེན་དུད་གྲངས་ཉིན་བརྒྱ་དང་སྲིབ་བརྒྱ་ཡོད་པ་དང་། ཨ་བརྩེ་ཨ་གུ་རི་བའི་འགོ་དཔོན་གྱིས་ཡོན་བདག་བགྱིས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་མཐུན་རྐྱེན་སྦྱར། དགེ་འདུན་པའི་འཚོ་བ་ནི་རྒྱ་གར་འཕགས་པའི་ཡུལ་དང་མཐུན་པར་འཚོ་བ་བསོད་སྙོམས་འབའ་ཞིག་ལས་ཟས་གོས་སོགས་ཕུགས་ནོར་འཆང་བའི་སྤྲོས་པ་མ་མཛད། དེའི་རྗེས་བླ་རྦས་རིམ་བྱོན་གྱིས་ཀྱང་དེ་བཞིན་འཚོ་བ་བསོད་སྙོམས་ལ་བརྟེན་པའི་སྲོལ་[page 107] ལྟར་ཡིན་ན་ཡང་། འཇང་དམག་སོགས་ཀྱིས་འཇིག་ནས་དུད་གྲངས་ཕལ་ཆེར་སྟོང་། ཞི་དར་དཔོན་རྒན་སྐབས་མཆོད་ཞིང་བསྟན་ཞིང་གི་ཡོན་ཁ་དང་། སྤྱི་བ་གཉིར་བ་སོགས་འགན་སྤྲད་ནས། དངུལ་ཊཾ་སོགས་འགྲོ་སྒོ་གཏོང་བའི་སྲོལ་བཙུགས། མདོ་སྔགས་དང་དགེ་སློང་ལས་འཛིན་སྐབས་དབྱར་གནས་དང་དུས་མཆོད་འཚོགས་རྟེན། འབྱོན་ལྡན་ཡོན་བདག་རྣམས་ཀྱིས་སྦྱར་བ་ཡིན་ནོ།

འགན་བཞེས་ཀྱི་གོ་རིམ་ནི། དེ་ཡང་ཐོག་མར་མཁན་པོ་ནི་གྲྭ་དཀྱིས་མ་ཞིག་བཤད་གྲྭ་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་སོ་སོར་སྦྱངས་བ་མཐར་ཕྱིན་པའི་སྐྱེས་བུ་ཞིག་ལ་སྡེ་སྣོད་གསུམ་མཚོན་པའི་ཞྭ་དཀྲིས་གསུམ་ཅན་གྱི་དབུ་ཞྭ་གནང་སྟེ་མཁན་པོའི་ཁྲི་ལ་མངའ་འོག་གསོལ། བཤད་གྲྭར་ལོ་ལྔ་དང་སྒྲུབ་གྲྭར་ལོ་གསུམ་ལ་ཐོས་བསམ་སྒོམ་སྒྲུབ་སྨིན་གྲོལ་གནད་དུ་སྨིན་པ་ཞིག་ལ་དགོན་གཞུང་གིས་རོལ་བསུ་བྱས་ནས་བླ་ཁྲི་ལ་མངའ་གསོལ་ཏེ་བླ་མའི་མཚན་གསོལ། དེ་ལས་བཤད་སྒྲུབ་གྲྭར་ནང་དུ་ལོ་འགའ་བཞུགས་པ་ཙམ་ལ་བླ་མའི་ཐོབ་ཐང་སོགས་མེད་པ་ནི་དཔལ་རྒྱལ་བ་ཀཿཐོག་པའི་ཕྱག་སྲོལ་ལྟར་རོ། ཆོ་གའི་ཕྱག་ལེན་དང་འདོན་རྟ་དབྱངས། འབུད་དཀྲོལ་བརྡུང་གསུམ་སོགས་ལ་མཁས་པའི་དབུ་མཛད་ལ་བྱང་འདྲེན་ཆེན་མོ་ཞེས་མཚན་གསོལ། དཀྱིལ་འཁོར་གྱི་ཐིག་ཚོན། མཆོད་གཏོར་གྱི་བཟོ་རྩལ་ལ་མཁས་པ་ཞིག་ལ་མཆོད་དཔོན་གྱི་མཚན་གསོལ། རྩ་གར་ཁྲོ་གསུམ་དང་གར་སྟབས་ཕྱག་ཞབས་འགྲོ་སྟངས་སོགས་ལ་མཁས་པ་ཞིག་ལ་འཆམ་དཔོན་གྱི་མཚན་གསོལ། དཔལ་འབྱོར་གྱི་འགན་གཙོ་བོ་ནི་དགོན་གཞུང་གི་ཕྱག་མཛོད་རྒན་གསུམ། གཉེར་བ། གཏོང་སྒོའི་ལས་ཐོག་གི་སྤྱི་པ་སོགས་མི་ལྔས་ཁུར་དགོས་པ་ཡིན་ནོ།

དེ་ལྟར་རྒྱལ་བའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས་ཏེ་རྒྱལ་བསྟན་སྤྱི་དང་། བྱེ་བྲག་གསང་ཆེན་ལྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཤིན་ཏུ་དར་རྒྱས་ཆེ་ན་ཡང་། སྐྱེ་དགུའི་བསོད་ནམས་དམན་པས་བསྟན་པ་ཉི་མ་ནུབ་རིར་ཆས་པས་མི་ལོ་སུམ་ཅུ་ཙམ་གྱི་རིང་བོད་ཁམས་ཀྱི་དགོན་སྡེ་བྱིངས་དང་མཚུངས་པར་ངོ་རྒོལ་བཞི་པ་ཞེས་པའི་སྐབས་བཤད་སྒྲུབ་ཀྱི་རྣམ་པ་ཐམས་ཅད་སྟོང་མིང་གི་ལྷག་མར་གྱུར། དེང་ཆོས་ལྡན་བོད་འབངས་ཀྱི་ཆོས་ལུགས་དད་པའི་རང་དབང་གི་སྤྲིན་གསེབ་ཀྱི་ཉི་མ་ཤར་མ་ཐག སྤྲུལ་སྐུ་བཛྲ་ཨ་ཡུལ། དབོན་པོ་བསོད་ནམས་ཆོས་ལྡན་གཉིས་གསེར་ཁྲི་ལ་མངའ་གསོལ་ནས། བླ་གྲྭ་དྲུག་ཅུ་རེ་ཙམ་དང་ལས་སྣེ་དང་ཡོན་བདག་བཅས་བློ་རྩེ་གཅིག་དྲིལ་སྒོས་སླར་གསོའི་ཀྱི་དབུ་བཙུགས་ཏེ། སྔོན་གྱི་གདན་ས་འབོར་ཆེན་དུ་འདུ་ཁང་དང་གྲྭ་ཁང་སུམ་ཅུ་སོ་གྲངས་གསར་བསྐྲུན་བྱས། འདུ་ཁང་དུ་རྟེན་རྙིང་ཚེ་དཔག་མེད། སྤྱན་རས་གཟིགས། སྒྲོལ་མ། ཇོ་བོ། སྦུབ་ཆལ་ཆ་བཞི། ཨ་རག་གསེར་འབུམ། དུང་དམར་བཅས་དད་ལྡན་འགས་རང་མོས་ཕུལ་བ་ཡིན་ལ། འདུ་ཁང་དུ་ཆོས་ལོངས་སྤྲུལ་གསུམ་རྩེགས་ཚད། སྲུང་མ་ཁང་དུ་མགོན་པོ་ཚོགས་བདག་སོགས་སྲུང་མ་སྐོར་ཡོངས་རྫོགས་སྨན་འདམ་ལས་བསྐྲུན་པ་དང་། སངས་རྒྱས་ཀྱི་སྐྱེས་རབས། ཞི་དྲག་སེང་གསུམ། བདེ་ཆེན་ཞིང་[page 108] བཀོད། སྙིང་ཐིག་བླ་བརྒྱུད། སྤྱན་རས་གཟིགས། སྲུང་མའི་སྐོར་བཅས་རས་ཐང་དང་། རྒྱལ་བའི་བཀའ་བསྟན་འགྱུར་ཆ་ལྔ། རིན་ཆེན་གཏེར་མཛོད། རྙིང་མའི་རྒྱུད་འབུམ། མི་ཕམ་གསུང་འབུམ། ཀློང་ཆེན་དང་འཇིགས་གླིང་གི་ཆོས་སྐོར་ཆ་ཚང་། དུས་མཆོད་ཀྱི་འདོན་ཆོག་ཆ་ཚང་། ཤིང་གི་སྐུ་གདུང་ཆ་བརྒྱད། དུང་འཁོར་བཅས་བཞུགས་སོ། དགོན་འདིའི་མངའ་འོག་གི་དུད་གྲངས་བརྒྱ་དང་སུམ་ཙམ་གྱིས་ཡོན་སྦྱོར་ལ་བརྟེན་ནས། མཚོ་སྤྲུལ་རྡོར་ལོས་ལྗགས་བསྒྲིགས་ཟབ་ཆོས་ཞི་ཁྲོད་དགོངས་པ་རང་གྲོལ་གྱི་མྱོང་གྲོལ་དམ་རྫས་རིལ་སྒྲུབ་དེ་ས་ག་ཟླ་བའི་ནང་ཉིན་བཅུ་འཚོགས་པ་མ་གཏོགས་དེ་མིན་ཚེ་དུས་སྒྲུབ་མཆོད་ཐམས་ཅད་སྔ་མ་ནང་བཞིན་ཡིན་ནོ། ལོ་རྒྱུས་འདི་ནི་གྲྭ་བླ་རྒན་རྣམས་ཀྱི་ངག་སྒྲོས་ལས་ཟུར་བརྒྱད་དབོན་བསོད་ནསམ་ཆོས་འཕེལ་གྱིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས་ཏེ་མུ་པོས་བྲིས་པའོ།།

རི་ནག་ཐུབ་བསྟན་གླིང་གི་ལོ་རྒྱུས།

འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་བོད་རབ་བྱུང་བཞི་པའི་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོར་ཡས་མས་ཤིག་ལ་བཏབ་པར་གྲགས། ཟེར་སྒྲོས་ལ་སྔོན་དགོན་པ་འདི་བྲག་དཀར་ལ་རྒྱབ་ཏུ་ཡོད་པ་ལས་རྐྱེན་འགའ་ཞིག་ཡན་འགའ་གང་དུ་སྤོས་ནས་ཡུན་རིང་མ་སོང་ཨབར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བྱོན་ནས་དེང་དུས་ཀྱི་རི་ནག་དགོན་དེར་བཀའ་བརྒྱུད་པའི་དགོན་པ་ཞིག་ཡོད་པ་དེ་ཞིག་ནས་དེར་སྤོས་པ་ཡིན་ཟེར་སྲོལ་ཡོད་ལ། དེ་ནས་གཞན་ཕན་བསྟན་འཛིན་ཞེས་པའི་སྐྱེས་ཆེན་དམ་པ་ཞིག་བྱོན་ནས་དགོན་འདིའི་བསྟན་འགྲོའི་དོན་རླབས་ཆེན་མཛད་དེ་གཙང་ངོར་བྱོན་ནས་དེར་སྐུ་གཤེགས། དེ་ལས་སྤྱིར་སྐྱེས་ཆེན་དུ་མ་བྱོན་ཡང་དེ་དག་གི་མཛད་རྣམ་སོགས་མེད་པས་རེ་ཞིག་ཡིག་ལམ་དུ་བཀོལ་ཐབས་བྲལ། སྔོན་གཙུག་ལག་ཁང་ཀ་བ་བཅུ་དྲུག་དང་། གྲྭ་ཤག་བཅུ་བཞི། གྲྭ་བ་སོ་དྲུག་ཙམ་ཡོད་[page 85] པ་ཡིན་ལ། གཙུག་ལག་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་གོང་མ་རྣམ་ལྔ་རྩེག་ཚད་དང་། རྒྱུ་ལི་ལས་གྲུབ་པའི་འགྲོ་མགོན་ཆོས་འཕགས་ཀྱི་འདྲ་སྐུ་དང་། སྟོན་པའི་སྐུ་གཉིས། ངོར་ཆེན་རྡོ་རྗེ་འཆང་གི་སྐུ་དང་། མི་འཁྲུགས་པ། རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་ཁྲུ་གསུམ་ཕྱེད་དང་། བཀའ་གདམས་མཆོད་རྟེན་ཁྲུ་གང་ཅ་ལྔ་དང་། ཀྱེེ་རྡོ་རྗེ། ངོར་ཆེན་རྡོ་རྗེ་འཆང་། གཞན་ཕན་བསྟན་འཛིན་གྱི་འདྲ་སྐུ་བཅས་གསེར་ཟངས་ལས་བསྐྲུན་པའི་ཁྲུ་ཕྱེད་གཉིས་དང་། ཇོ་བོའི་སྐུས་མཚོན་གསེར་སྐུ་དང་གསེར་ཐང་དུ་མ་དང་། གསེར་དངུལ་གྱིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་དང་། འབུམ་བཅས་དང་། སྣག་པར་སྐོར་ལ་བསྟན་འགྱུར་དང་། ས་སྐྱའི་བཀའ་འབུམ་ལམ་འབྲས་ཀུན་མཁྱེན་གོ་བོ་རབ་བྱམས་པའི་བཀའ་འབུམ་བཅས་གསུང་རབ་སྐོར་དུ་མ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཕྱག་སྦུབ་གསེར་ཚ་ཅན་དང་། སྦུབ་ཆལ་ནམ་མཁའ་འབྲུག་གྲགས་དང་། དེ་མིན་ཆ་ལང་དཀྱུས་མ་བཅུ་དང་། འགྲོ་མགོན་ཆོས་འཕགས་ཀྱི་ཕྱག་དྲིལ་རྩེ་དགུ་ཅན་དང་། དྲིལ་བུ་དཀྱིས་མ་བཅོ་ལྔ་ཙམ་དང་། རྒྱ་གླིང་དང་རག་དུང་སོགས་མཆོད་ཆས་སྐོར་མང་ཙམ་བཞུགས། ཡོན་གྱི་འབྱུང་ཁུངས་ནི། དགོན་པའི་སྤྱི་པ་གཉིས་ལ་དངུལ་རྡོ་ཚད་བཅོ་ལྔ་སྤྲད་ནས་དེའི་ཚོང་སྐྱེད་དང་། དགོན་པའི་མངའ་འོག་གི་ཁྱིམ་དུད་དྲུག་ཅུའི་དད་རྫས་སོགས་ལ་བརྟེན་ནས། བོད་ཟླ་དང་པོའི་ཚེས་བརྒྱད་ནས་མི་འཁྲུགས་པ་དང་སྨོན་ལམ་ཉིན་དགུ་དང་། བོད་ཟླ་གཉིས་པའི་ཚེས་བཅུ་གསུམ་ནས་ཆོས་སྤྱོད་ཉིན་ལྔ་དང་། བོད་ཟླ་གསུམ་པའི་ཚེས་བཅུ་ནས་ཉིན་དྲུག་ལ་ལྷུང་བཤགས་དང་། བོད་ཟླ་བཞི་པའི་ཚེས་བརྒྱད་ནས་ཀུན་རིག་ཆོས་ཆོག་ཉིན་བཅུ་དང་། བོད་ཟླ་ལྔ་པའི་ཚེས་བཅུ་གསུམ་ནས་བཀའ་འགྱུར་དང་འབུམ་ཉིན་གསུམ་ལ་ཞལ་ཕྱེ་དང་། བོད་ཟླ་དྲུག་པའི་ཚེས་བརྒྱད་ནས་སྨྱུང་གནས་ཆ་བརྒྱད་དང་། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་ཀྱེེ་རྡོར་ཉིན་བཅུ་དང་། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ནས། བསྟན་གསོལ་ཉིན་གཉིས། བོད་ཟླ་བཅུ་པའི་ཚེས་གསུམ་ནས་དགའ་ལྡན་ལྔ་མཆོད་ཉི་ལྔ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ནས་སྤྱི་གཏོར་ཉིན་བཅུ་ལྔའི་བར་འཚོགས་དགོས་པ་ཡིན་ནོ། བཅོས་སྒྱུར་དང་རིག་གསར་སྐབས་དགོན་པ་མིང་གི་ལྷག་མར་བྱས། དེ་ནས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས། དགོན་པ་བསྐྱར་གསོ་ཆོག་པའི་གོ་སྐབས་བཟང་པོ་ཐོབ་ནས། དགོན་པའི་གཙོ་འགན་བླ་མ་བུ་ཕྲུག་སོགས་ཀྱིས་བཞེངས་ཏེ་ཁང་ཚད་སྔོན་མ་ནང་བཞིན་དང་གྲྭ་ཤག་བཅུ་བཞི་ལ་གྲྭ་བ་སོ་ལྔ་ཙམ་ཡོད་ལ། གཙུག་ལག་ཁང་སུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་གོང་མ་རྣམ་ལྔ་རྩེག་ཚད་དང་། ཇོ་བོའི་སྐུ་ཁྲུ་གཅིག་ཕྱེ་དང་། ངོར་ཆེན་རྡོ་རྗེ་འཆང་དང་། བྱམས་པ། མི་འཁྲུགས་པ། རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། བསྟན་འགྱུར་ཆ་གཅིག། རྒྱ་གླིང་ཆ་གཅིག། རག་དུང་ཆེ་ཆུང་གཉིས། དུང་དཀར་ཆ་གཉིས། རྔ་ཆེ་ཆུང་ལྔ། ཚེས་དུས་སྒྲུབ་མཆོད་འཚོགས་དུས་སྔོན་མ་ནང་བཞིན་ཡིན་ན་ཡང་། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་དུས་[page 86] ཡུན་ཇེ་ཐུང་དུ་བཏང་ཡོད་ལ། ཡོན་གྱི་འབྱུང་ཁུངས་ནི། དགོན་པ་ལ་ཟོག་ནག་སུམ་ཅུ་སོ་གྲངས་ཤིག་ཡོད་པ་དེ་ལ་ཟོག་རེ་ལ་ལོ་རེར་མར་རྒྱ་བཅུ་རེ་དགོན་པ་ལ་སྤྲོད་དགོས། སེམས་ཅན་དེ་དག་འཆི་མེད་རྒས་མེད་ཡིན། དགོན་པའི་མངའ་འོག་ཏུ་དུད་ཚང་དྲུག་ཅུ་ཙམ་ཡོད་ལགས་སོ། དགོན་པའི་ལོ་རྒྱུས་འདི་ནི་བླ་མ་བུ་ཕྲུག་གི་ངག་རྒྱུན་ལྟར་མུ་པོས་བྲིས་པའོ།།

རྟ་ནུ་དགོན་གྱི་ལོ་རྒྱུས།

དགོན་འདི་ཐོག་མར་འདེབས་པ་པོ་ནི། མཁས་ཤིང་གྲུབ་པ་བརྙེས་པའི་འཛོམས་སྟོན་པ་ཞེས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་སྟག་ལུང་བཀའ་བརྒྱད་ཀྱི་ཆོས་རྒྱུད་འཛིན་པ་ཞིག་བྱོན་ལ། ཁོང་འཁྲུངས་ཡུལ་འཛོམས་སྟོད་དུ་ཡིན་པ་ཙམ་ལས་རྣམ་ཐར་ལག་སོན་མ་བྱུང་བས་ཇི་བཞིན་འབྲི་རྒྱུ་མ་མཆིས་ཀྱང་། མདོར་ན་ཁོང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ཚུལ་ནི་ངག་རྒྱུན་དུ་མ་ཞིག་ཡོད་དེ། དགོན་པའི་རྒྱབ་རི་དེ་ལ་སྒྲུབ་ཕུག་མང་པོ་ཡོད་པ་ལས་སྒྲུབ་ཕུག་ཆེ་བ་གཅིག་གི་མིང་ལ་འཛོམས་སྟོན་སྒྲུབ་ཕུག་ཟེར་བ་དང་དེའི་འོག་ཏུ་ཞབས་རྗེས་དུ་མ་ཡོད་པ་དེང་སང་ཡང་མིག་ལམ་དུ་བཀྲ་བ་དང་། ཉིན་ཞིག་ཁོང་དགོན་པའི་གཡས་ངོས་ཕར་རྒྱབ་ནགས་ཚལ་སྟུག་པོ་དང་ལྡན་པའི་ལུང་ཆེན་དུ་ཕྱིན་ནས། གྲྭ་པ་ལ་ཁྱོད་སྔོན་ལ་སོང་། བྱ་བ་ཅི་བྱུང་ན་ཕྱིར་མིག་མ་བལྟ་གསུངས་ནས་ཁོང་གིས་ནགས་ཚལ་རྣམས་ཁྲལ་བྱིའུ་འདེད་པ་ལྟར་འུར་སྒྲ་དང་བཅས་དགོན་པའི་རྒྱབ་རི་ནགས་ཚལ་གྱིས་བཀོང་བར་དགོངས་ན་ཡང་། གྲྭ་པས་སྒྲ་ཆེན་མ་བཟོད་པས་ཕྱིར་བལྟས་པས་རྟེན་འབྲེལ་མ་འགྲིག་པས་ནགས་རྣམས་དེར་འགགས་པས། དེང་སང་ཡང་ནགས་འགགས་སུ་གྲགས་པ་དང་། ལུང་པ་དེའི་སྟོད་སྨད་བར་གསུམ་དུ་སྐུ་ལུས་ཡོངས་རྫོགས་ཀྱི་སྐུ་རྗེས་དང་ཨ་རང་བྱོན་སོགས་མཇལ་རྒྱུ་ཡོད་པ་དེ་སོགས་ལ་[page 100] དཔགས་ན་འབྱུང་བཞི་ལ་རང་དབང་ཐོབ་པའི་གྲུབ་ཆེན་བྱོན་པར་མངོན་ནོ།

དེ་ནས་དུས་དབང་གི་བཀའ་བརྒྱུད་པའི་འདོན་རྟ་དབྱངས་ཆོ་ག་ཕྱག་ལེན་རྣམས་ཇི་བཞིན་དུ་མ་གྲུབ་པས་དུས་འདི་ཙམ་ཞེས་གསལ་ཁ་མེད་ཀྱང་། ཕྱིས་སུ་སྔ་འགྱུར་བསྟན་པའི་ཉིན་བྱེད་ཨ་ཤུལ་བླ་མ་བཟོད་པ་ལྷུན་གྲུབ་ཀྱིས་ས་སྐྱའི་གྲུབ་མཐར་བསྒྱུར་བ་ཡིན་ཞེས་ངག་རྒྱུན་འདུག དགོན་འདིའི་གྲྭ་ས་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་ངོར་ཆེན་རྡོ་རྗེ་འཆང་གི་ཕྱག་སྲོལ་མཁྱེན་པ་ཞིག་གིས་བླ་མའི་ཁུར་བཞེས་དགོས་སོ། སྔོན་དུས་སུ་འདུ་ཁང་ཀ་བ་ཉི་ཤུའི་བདག་ཉིད་ཅན་དང་། གྲྭ་ཤག་བདུན་ཙམ་ཡོད་ལ། རྟེན་གྱི་གཙོ་བོ་བཀའ་གདམས་མཆོད་རྟེན་རྒྱུ་ལི་མ་ལས་གྲུབ་པ་མཐོ་ཚད་ཁྲུ་གསུམ་ཡོད་པ་ཞིག་དང་། ས་སྐྱ་པཎྜི་ཏ་ཁྲུ་གང་ཅན་དང་། དགོན་པའི་འདུ་ཁང་གི་ཕུགས་ལ་རྒྱུ་སྨན་འདམ་ལས་གྲུབ་པ་འབུམ་པ་མཆོད་རྟེན་དང་། བྱང་ཆུབ་མཆོད་རྟེན་རྩེག་ཚད་གཉིས་དང་། ཟངས་གསེར་ལས་གྲུབ་པའི་ཐུབ་པའི་སྐུ་ཆེ་ཆུང་བཅུ་ཕྲག་གཉིས་ལྷག་ཙམ་དང་། ཐང་སྐུ་སོགས་མང་དུ་བཞུགས། དེ་ལས་རྒྱལ་བའོ་གསུང་རབ་བཀའ་འགྱུར་གྱི་གཙོས་པོད་བརྒྱ་ཕྲག་ཁ་ཤས་དང་། གཞན་ཡང་འགངས་ཆེ་བའི་སྤུབ་ཆལ་སོགས་མང་ཙམ་བཞུགས་ལགས་སོ། ཚེས་དུས་སྒྲུབ་མཆོད་ནི་ཟླ་བ་རེ་རེ་ལ་ཞག་བདུན་དང་གསུམ་གྱི་བར་དུ་དཔལ་ཀྱེེ་རྡོ་རྗེ་སོགས་རྒྱུད་སྡེ་སོ་སོར་སྒྲུབ་མཆོད་རྒྱུན་དུ་ཡོད་པ་སོགས་ནི་དེའི་ཕྱོགས་ཀྱི་ས་དགོན་སྤྱི་འགྲོས་ལྟར་རོ། ཆོགས་པའི་གཏོང་སྒོ་ཞིང་པ་དུད་གྲངས་གསུམ་དང་། འབྲོག་པ་ཁྱིམ་དུད་གཅིག་དང་། དགོན་པའི་མངའ་འོག་གི་སྦྱིན་བདག་ཁྱིམ་དུད་བཞི་བཅུ་ལྷག་ཙམ་ཡོད་པ་དེ་དག་གི་དད་རྫས་དང་གཤིན་རྫས་ལ་བརྟེན་ནས་དགེ་འདུན་བཅུ་ཕྲག་གསུམ་ལྷག་གི་མཆོད་ཐོག་འཚོགས་དགོས་སོ། བཅོས་སྒྱུར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མི་མངོན་པའི་དབྱིངས་སུ་བསྟིམས་ནས་ལོ་སུམ་ཅུ་ལྷག་ཙམ་སོང་། སླར་ནས་ཏང་གི་སྲིད་ཇུས་ཀྱི་ཆོས་ལུགས་དད་པ་རང་མོས་སྒོ་ནས་ཆོས་སྒོ་ཕྱེ་ན་ཡང་དགོན་པ་འདི་ལ་དེའི་སྐལ་བ་མ་ལྡན་པས། དགོན་བཞི་དགོན་པར་བསྡུས་ཏེ་དགོན་རྙིང་ཞིག་རལ་དུ་ལུས་སོ། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་བསོད་ནམས་ཚེ་བརྟན་སོགས་ཀྱི་ངག་རྒྱུན་ལྟར་མུ་པོས་སྦྱར་བའོ།

རློབས་བདེ་ཆེན་གླིང་གི་ལོ་རྒྱུས།

འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས་ཞེས་པ་མཚན་སྙན་གྱི་བ་དན་སྲིད་པ་གསུམ་ན་མངོན་པར་གཡོ་བ་གང་གིས་བོད་རབ་བྱུང་གཉིས་པའི་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ཡི་ལོ་ཙམ་དུ་བཏབ་པར་མངོན་ཏེ། རྒྱལ་མཆོག་བསོད་ནམས་རྒྱ་མཚོས་ལི་ཐང་བྱམས་ཆེན་གླིང་གི་ཆོས་གྲྭ་འདེབས་སྐབས། རློབས་བདེ་ཆེན་གླིང་འདི་ཉིད་བཏབ་ནས་ལོ་སུམ་བརྒྱ་བདུན་ཅུ་དོན་གཅིག་ཡོད་གསུངས་པ་ལ་བརྟག་ན་ཤེས་སོ།

སྤྱིར་དགོན་པ་འདིའི་བླ་རབས་དང་མཁན་རབས་སོགས་ཞིབ་པར་ཤེས་མཁན་མེད་ན་ཡང་། གང་དྲན་ཙམ་བཀོད་ན་འདི་ལྟ་སྟེ། གཙང་བླ་ཤཱཀྱ་ཡར་འཕེལ། ཤཱཀྱ་བསྟན་འཕེལ། ངོ་མཚར་སྣང་མཛད། བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་བསྟན་པའི་འབྱུང་གནས། མཁན་རྒན་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོ། མུ་ལེ་མཁན་ཆེན་ཚུལ་ཁྲིམས་གྲགས་པ། ད་ལྟའི་མཁན་པོ་ངག་དབང་བསྟན་འཛིན་ཀུན་དགའ་ཕྲིན་ལས་རྒྱ་མཚོ་སོགས་ཐོག་མཐའ་བར་གསུམ་སུ་སྐྱེས་ཆེན་དམ་པ་དུ་མ་བྱོན་ནས་དཔལ་ལྡན་ས་སྐྱ་བའི་བསྟན་པ་བླ་ལྷག་ཏུ་སྤེལ་བར་མཛད་པ་ཡིན་ནོ།།

[page 96] སྐུ་གསུང་ཐུགས་རྟེན་ནི། གཙུག་ལག་ཁང་ཆེ་ཆུང་གཉིས་དང་། བླ་བྲང་གཅིག་བཅས། དེ་དག་གི་ནང་གསེས་བྱམས་ཁང་། མགོན་ཁང་། སྲུང་མ་ཁང་། པར་ཁང་། བཤད་གྲྭ་ཁང་། སྒྲུབ་གྲྭ་ཁང་སོགས་སུ་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ན་ཡང་། སྔོན་བླ་བྲང་མེས་འཇིག་སྐབས་སྐུ་གསུང་ཐུགས་རྟེན་མི་ཉུང་བ་ཞིག་བརླག་ཚར།

འདུ་ཁང་ཆེ་བའི་ནང་དུ་གསེར་གདུང་ཆེ་བ་ཐོག་རྩེག་གཅིག་དང་། ཆུང་བ་མདའ་ཚད་མ་གཅིག་དངུལ་གྱི་མཆོད་རྟེན་མདའ་ཚད་མ་གསུམ། གསེར་སྐུ་ལི་སྐུ་ཆེ་ཆུང་སུམ་ཅུ་སོ་གྲངས། རྒྱུ་སྨན་འདམ་ལས་བསྐྲུན་པའི་བྱམས་པ་རྩེག་ཚད་གཉིས། འཇམ་དབྱངས་ལྷ་ཁང་དུ། ཉེ་བའི་སྲས་བརྒྱད། འཇམ་དབྱངས་སྨྲ་བའི་སེངྒེ། འདུ་ཕུག་ཏུ་གོང་མ་རྣམ་ལྔ། རྒྱན་དྲུག་མཆོག་གཉིས། འབྱུང་འདུས། གུ་རུ་བཅས་ཀྱིས་མཚོན་སྟེང་ཤོད་ཐམས་ཅད་དུ་ལོགས་བྲིས་དུ་མ་དང་། འདུ་ཁང་གཅིག་གི་ནང་དུ། རྒྱུ་གསེར་ཟངས་ལས་བསྐྲུན་པའི་འོད་དཔག་མེད། སྤྱན་རས་གཟིགས། ས་ཆེན་ཀུན་དགའ་སྙིང་པོ། ས་ཀྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འཇམ་སྤལ་ཡེ་ཤེས་སེམས་དཔའ། ཐུབ་པ། བཀྲ་ཤི་ཕུན་ཚོགས་ཀྱི་སྐུ་གདུང་བཅས་རྩེག་ཚད། སྟེང་ཁང་དུ་རྒྱུ་སྨན་འདམས་ལ་བཟོས་པའི་གནས་བརྟན་བཅུ་དྲུག མུ་ལེ་མཁན་ཆེན་ཚུལ་ཁྲིམས་གྲགས་པས་བཞག་པའི་འགངས་ཆེན་བའི་གོས་ཆེན་ཚེམ་དྲུབ་ཀྱི་སྨན་བླ་མཆེན་བརྒྱད་ཀྱི་སྐུ་ཐང་དང་། དེ་མིན་ལམ་འབྲས་ཚོགས་ཞིང་། སྤྱན་རས་གཟུགས། རྣམ་པར་སྣང་མཛད་བཅས་ཀྱི་གསེར་ཐང་རྩེག་ཕྱེད་གཉིས་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་། མཛད་པ་བཅུ་གཉིས། གནས་བརྟན་བཅུ་དྲུག སྨན་བླ་མཆེན་བརྒྱད་བཅས་ཀྱི་གསེར་ཐང་མདའ་ཚད་མ་སོགས་ཀྱིས་མཚོན་ཐང་ག་དུ་མ་བཞུགས་ལགས་སོ།

མཆོད་ཆས་རོལ་མོའི་སྐོར། ཟུར་སྒང་འཁར་རྔ་རྒྱང་གྲགས་སུམ་སྒྲོག་མ། སྐྱབས་བུ་འཁར་རྔ། ཚོགས་བསྡུ་འཁར་རྔ། འཁར་བ་སྐད་གཉིས་མ། འཁར་རྔ་འབྲིང་པོ་གསུམ་བཅས་ཀྱིས་མཚོན་འཁར་རྔ་དུ་མ་དང་། དུང་ཆེན་ནོར་བུ་རིན་ཆེན་གྱིས་མཚོན་འགངས་ཆེ་བའི་དུང་དཀར་ཆ་བཅུ། སྦུབ་ཆལ་ལི་ཧོར་གྲ་ཤང་ཤང་སོགས་ཀྱིས་མཚོན་འགངས་ཆེ་བའི་སྦུབ་ཆལ་ཆིག་བརྒྱ་ཉེར་དྲུག རག་དུང་ཆ་གསུམ་དངུལ་གྱི་རྐང་གླིང་ཆ་གཅིག སྡེ་དགེ་རྐང་གླིང་ཆ་བཞི། དངུལ་གྱི་རྒྱ་གླིང་ཆ་གཅིག་རག་གི་རྒྱ་གླིང་ཆ་གཉིས། དངུལ་གྱི་སྤོས་ཕོར་ཆ་གཅིག རག་གི་སྤོས་ཕོར་ཆ་གཅིག་གཙུག་ལག་ཁང་དང་སྒྲུབ་གྲྭ་བཤད་གྲྭ་སོགས་ཀྱི་ཀ་བ་ཡོད་ཚད་ལ་གོས་ཆེན་ཟ་འོག་གི་ཀ་འཕན་དང་ཀ་ཤུབས་གསེར་གྱི་ཙུ་མགོ་ཁྲུ་ཕྱེད་ཙམ་ཡོད་པ་དུ་མས་ལེགས་པར་བརྒྱན་པ་མ་ཟད། གཙུག་ལག་ཁང་གི་སྟེང་དུ་རི་དྭགས་ཆོས་འཁོར་དང་རྒྱལ་མཚན་ཆེ་བ་ལྔ་དང་ཆུང་བ་གསུམ་གྱིས་ལེགས་པར་བརྒྱན་ྤའོ།།

དགོན་པའི་པར་ཁང་དུ། སྨན་བླ་མདོ་ཆོག ཀུན་རིག ཚེ་ཆོག རྣམ་འཇོམས། བླ་མཆོད། མི་འཁྲུགས་པའི་ཆོ་ག། ཀྱེེ་རྡོར་ཆོ་ག ཀྱེེ་རྡོར་བདག་སྐྱེད། བདེ་མཆོག་ཆོ་ག གསང་འདུས་ཆོ་ག[page 97] མཁའ་སྤྱོད་མའི་བདག་སྐྱེད། གདུགས་དཀར། མཚན་བརྗོད། ཟབ་མདོ། བླ་མའི་རྣལ་འབྱོར། གསེར་འོད། རྡོར་གཅོད། གཏེར་མཆོད་མཛེས་རྒྱན། བསྐང་ནག བསེ་ཁྲབ་བསྐང་གསོལ། གཏོར་མ་བརྒྱ་རྩ། ཀླུ་གཏོར་ཆ་འབེབས། གནས་བརྟན་ཕྱག་མཆོད་སོགས་འདོན་ཆོག་སྐོར་དུ་མ་དང་། དེ་ལས་ཁྱད་པར་དུ་གཞུང་ཆེན་བཅུ་གསུམ་གྱི་རྩ་བ་དང་མཆན་འགྲེལ་བཅས་པར་བསྐྲུན་ལ་རྫོགས་ཆེན་ཀྱི་རྣམ་འབྱོར་པ་ཆེན་པོ་ཚུལ་ཁྲིམས་མཐར་ཕྱིན་གྱིས་འགྲོ་གྲོན་ཡོངས་རྫོགས་བཏང་ནས། དགོན་འདིར་པར་ཤིང་བསྐྲུན་པར་མ་ཟད། སྐལ་ལྡན་གྱི་འཁོར་ཚོགས་རྣམས་ལ་སྔོན་འགྲོའི་ཀུན་བཟང་བླ་མའི་ཞལ་ལུང་གིས་མཚོན་རྫོགས་ཆེན་གྱི་ཆོས་སྐོར་དུ་མ་གསུངས་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་པས་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ནོ།།

ཚེས་དུས་སྒྲུབ་མཆོད། བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན་དུ་ཆོས་སྤྱོད་ཀྱི་རྣམ་གྲངས་དུ་མ་ཉིན་བཅོ་ལྔ་དང་། བོད་ཟླ་བཞི་པའི་ཚེས་གཅིག་ནས་བཅུ་དྲུག་བར་སྐྱ་སེར་ཡོངས་ཀྱིས་སྨྱུང་གནས་ཆ་གཉིས། ཚེས་ཉེར་གཅིག་ལ་ཆར་སློང་། བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ལ་མཆོད་པའི་རྣམ་གྲངས་རྒྱ་ཆེར་བཤམས་ཏེ་དབྱར་གནས་ཟླ་བ་ཕྱེད་གཉིས། བོད་ཟླ་བརྒྱད་པའི་ཚེས་དགུ་ནས་ཀྱེེ་རྡོར། གསང་འདུས། བདེ་མཆོག་སྟེ་རྒྱུད་སྡེ་གསུམ་པོ་ཚེས་བཅུ་བདུན་བར། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ནས་ཁྲོ་བཅུ་གཏོར་ཟློག་ཚོགས་ནས་འབག་འཆམ་དང་དགྲ་བགེགས་སྒྲོལ་བའི་གཏོར་རྒྱག་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཅོ་ལྔའི་བར་ཀུན་རིག་སྒྲུབ་མཆོད། ཚེས་ཉེར་གཅིག་ནས་ཉེར་དགུའི་བར་སྤྱི་གཏོར། ཚེས་ཉེར་དགུ་དང་སུམ་ཅུ་གཉིལ་སྐྱ་འཆམ་དང་འབག་འཆམ། འཆམ་འབག་དེ་དག་གི་ཞྭ་ཐོད་ཉི་ཤུ་ལ་དངུལ་གི་མེ་ཏོག ཕྱག་མཚན་ཡོད་ཚད་དངུལ་ཆས་ཀྱིས་བརྒྱན་པ་ཤ་སྟག་ཡིན་ནོ། གཞན་ཡང་ཆར་དཀོད་པའི་སྐབས་སུ་ཆར་སློང་དུ་སེེངྒེ་སྒྲ། ས་བདག་སྙིང་ཐིག བུམ་སྒྲུབ་སྐབས་རྣསམ་སུ་རྒྱལ་བའི་བཀའ་འགྱུར་དང་འབུམ་བཅས་ཀློག་སྲོལ་ཡོད། ཡོན་གྱི་འབྱུང་ཁུངས་ནི། སྔོན་འཇམ་དབྱངས་བཀྲ་ཤིས་ཕུན་ཚོགས་འཇང་རྒྱལ་བསོད་ནམས་རབ་བརྟན་གྱི་དབུ་བླ་བྱོན་ཏེ། འཇང་གིས་དྲིལ་ཆེན་སོགས་ཕུལ་བ་ཡོན་བདག་འཇང་གིས་བགྱིས་པ་མ་ཟད། སྟོས་རོང་རྫོང་དུ་མཆོད་གཞི་སྡེ་དགུ་ཞེས་གྲགས་པ་ནི། མགོ་ཞུབ། རྨིག་གཞི། འབར་མདའ་མཚོ་སྐམ། སྐོས་དགོན། གླང་རྒན། ཇ་འགད། ཛ་ཡངས་སོགས་ཁྱིམ་དུད་བརྒྱ་ལྷག་དང་། འདབ་རྫོང་དུ་རི་ཤུབས། དགུ་བ། སྐྱིད་པོ་བཅས་སྡེ་གསུམ་སོགས་ཀྱི་དད་གཤིན་རྫས་སོགས་ལ་བརྟེན་ནས་བླ་གྲྭ་སུམ་བརྒྱ་ལྷག་གི་ཚོགས་པའི་གཏོང་སྒོ་མཛད་དགོས་པ་ཡིན་ནོ།

དགོན་པ་གཞན་དང་བྲེལ་བའི་སྐོར་ལ། མ་དགོན་མི་འགྱུར་དགོན་དང་། དགོན་འདིའི་མ་ལག་བརྒྱ་དང་བཅུ་གསུམ་ཟེར་བའི་ངག་རྒྱུན་ཙམ་སྣང་ཡང་། ད་ལྟ་དངོས་ཡོད་ནི་འདབ་རྫོང་བྲག་ནག་དགོན། བསམ་གཏན་དགོན། གླང་དགོན། དཀོས་དགོན། སྟེང་ཡངས་དགོན། ཐར་ལམ་མཛེས་[page 98] པོ་དགོན། དེ་ལ་ད་ལྟ་དགོན་རོ་ཙམ་དུ་གྱུར་ཡོད་པའི་དགོན་པ། རི་བོང་དགོན། གཙང་ཡངས་དགོན། པད་བཞག་དགོན། དམར་སྦྱོང་དགོན། ལྕང་དགོན། ཨ་ཅོ་དགོན། ཞག་དགོན། ཇ་འོག་དགོན་སོགས་དང་། དེ་ལས་དགོན་རོ་ཙམ་ལས་ད་ལྟ་མིང་མི་ཤེས་པའི་དགོན་པ་ཡང་དུ་མ་ཞིག་ཡོད་དོ།

དེ་ལས་དགོན་འདིའི་གཙུག་ལག་ཁང་དང་པར་ཁང་སོགས་ཀྱི་མཐའ་སྐོར་དུ་གྲྭ་ཤག་བརྒྱད་ཅུ་གྱ་གྲངས་ཀྱིས་བསྐོར་ཡོད་པ་མ་ཟད། ཡིག་བརྒྱའི་དུང་འཁོར་རྩེག་གཉིས་དང་། མ་ཎི་དུང་འཁོར་དྲུག ཇ་ཁང་དང་རྡོ་འབུམ་སོགས་དུ་མས་བསྐོར་བའོ། བཅོས་སྒྱུར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་པ་མིང་གི་ལྷག་མར་གྱུར། སླད་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་ཉི་གཞོན་གསར་བ་ཤར་རིའི་རྩེ་ནས་མངོན་པར་བཞད་དེ། གངས་ལྗོངས་ཡུལ་ཀུན་ཏུ་ཆོས་སྒོ་ཕྱེ་ཆོག་པའི་གོ་སྐབས་བཟང་པོ་བྱུང་སྟེ། གཙུག་ལག་ཁང་ཀ་བ་བཞི་བཅུ་ལ་རྩེག་ཚད་གསུམ་གྱི་བདག་ཉིད་ཅན་དེ་གསར་བསྐྲུན་བྱས་ཤིང་། འོག་ཁང་དུ། རྒྱུ་སྨན་འདམ་ལས་བཟོས་པའི་ཇོ་བོའི་སྐུ་དང་། ས་སྐྱ་གོང་མ་རྣམ་ལྔ། སྐུ་གདུང་ཡིད་བཞིན་ནོར་བུ། བཀྲ་ཤིས་ཕུན་ཚོགས་ཀྱི་སྐུ་བརྙན་བཅས་ལུས་ཚད་དང་། ངག་དབང་བསྟན་འཛིན་ཀུན་དགའ་ཕྲིན་ལས་རྒྱ་མཚོས་གནང་བའི། ཐུབ་པའི་ལི་སྐུ་དང་སྒྲོལ་མའི་སྐུ་ཚད་ཙམ་དང་། དེ་ལས་ཅུང་ཆུང་བའི་ཐུབ་སྐུ་གཅིག གསུང་རྦས་སྐོར་ལ་རྒྱལ་བའི་བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཅིག ས་སྐྱ་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཞུ་ཆེན་བཀའ་འབུམ། མཁྱེན་བརྩེ་བཀའ་འབུམ། གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ། ལམ་འབྲས། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས། འབུམ་ཆ་གསུམ། གཟུངས་འདུས། བརྒྱད་སྟོང་བཅས་གསུང་རབ་སྐོར་དང་། བར་ཁང་དུ། ཀུན་རིག་ཆོ་ག སྨན་བླའི་ཆོ་ག བླ་མཆོད། རྣམ་འཇོམས། ཀྱེེ་རྡོ་རྗེ་བདག་སྐྱེད། བྲག་རྫོང་མའི་བདག་སྐྱེད། འབྱུང་འདུལ་གྱི་བདག་སྐྱེད། ལམ་འབྲས་བླ་མའི་རྣམ་ཐར། རྣམ་དག་མ། གང་བློ་མ། ཟབ་མདོ། མཚན་བརྗོད། གཟུངས་གཞུག སྒྲོལ་ཆོག་སོགས་ཤིང་པར་དྲུག་བརྒྱ་དྲུག་ཅུ་རེ་ལྔ་ཙམ་དང་། གནས་བརྟན་བཅུ་དྲུག གུར་ལྷ་བརྒྱད། འཇམ་དབྱངས། གདུགས་དཀར། ལྟུང་བཤགས་སོགས་ཀྱི་ལྷའི་བར་ཤིང་དང་། རྒྱ་མཐོང་ཁར། གསེར་ཐང་སྐོར། ཀུན་རིག་རྩ་ལྷ་སོ་བདུན། ལམ་འབྲས་ཚོགས་ཞིང་སྤྱན་རས་གཟིགས། གནས་བརྟན་བཅུ་དྲུག་གི་ཐང་ཀ་བཅུ་གཅིག་དཔག་བསལ་འཁྲི་ཤིང་གི་ཐང་ཀ་སོ་གཉིས་སྨན་བླའི་ཐང་ཀ་བརྒྱད། གསེར་ཐང་རྙིང་པ་ལ་མཛད་པ་བཅུ་གཉིས་ཀྱི་ཐང་ཀ་ལྔ། དེ་མིན་ཐང་ཀ་དཀྱུས་མ་དྲུག་ཅུ་རེ་གྲངས་དང་། མགོན་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་གུར་མགོན་ལུས་ཚད་དང་། མགོན་པོ། ལྷ་མོ། ཆོས་རྒྱལ། བསེ་ཁྲབ་བཅས་ཀྱི་ཞལ་འབག གསེར་སྐུ་སྐོར་ལ་སྒྲོལ་མ་དང་ཀྱེེ་རྡོར་གཉིས་ཀྱིས་མཚོན་གསེར་སྐུ་ཆེ་ཆུང་ཉེར་གཅིག་དང་། བཀའ་གདམས་མཆོད་རྟེན་ལྔ། རྒྱུ་གསེར་དངུལ་འདྲེས་མའི་གའུའི་ནོར་བུ་ས་ལེ་སྒྲོམ་གཅིག་[page 99] བཅས་བཞུགས་སོ།

མཆོད་ཆས་རོལ་མོའི་སྐོར། སྦུབ་ཆལ་བཅོ་བརྒྱད། དངུལ་གྱི་རྒྱ་གླིང་ཆ་གཅིག་གི་མཚོན་རྒྱ་གླིང་ཆ་བཞི། རག་དུང་ཆ་གསུམ། དུང་ཆེན་ཆ་གཅིག། དུང་དཀར་ཆ་གསུམ། འཁར་རྔ་གསར་བ་གཅིག སྤོས་ཕོར་གཅིག བདུན་ཚར་ཆ་བཞི། རྐང་གླིང་ཆ་གསུམ། ལྕགས་ཀྱི་སྦུབ་ཆལ་ཆ་གཉིས་འཆམ་འབག་སོ་གཉིས། གོས་ཆེན་གྱི་འཆམ་གོས་སོ་གསུམ། ཞྭ་ཐོས་ཉེར་གཅིག་ལ་དངུལ་གྱི་མེ་ཏོག་དང་འདུ་ཁང་སྟེང་དུ་རི་དྭགས་ཆོས་འཁོར་སོགས་ཀྱི་ལེགས་པར་བརྒྱན་པའོ།

འདུ་ཁང་སངྒེེ་རྣམ་རྒྱལ་ཁང་དུ་ཀ་རིང་བརྒྱད་དང་ཀ་ཐང་སོ་གཉིས་ལ་རྩེག་གསུམ་དང་། གྲྭ་ཤག་དོན་དགུ མ་ཎི་དུང་བཅུ་གཅིག་གི་དུང་འཁོར་གཅིག་དང་དུང་བཞི་ཡོད་པའི་དུང་འཁོར་གཅིག བླ་གྲྭ་བརྒྱ་དང་ལྔ་བཅུ་ཙམ་གྱིས་གསང་འདུས། བདེ་མཆོག ཁྲོ་བཅུ། དམར་ཆེན་རྣམས་མ་གཏོགས་སྔོན་མ་ནང་བཞིན་དང་། དགོན་པའི་མངའ་འོག་ཏུ་ཁྱིམ་དུད་ལྔ་བརྒྱ་སོ་གཉིས་ཙམ་ཡོད་པས། དེ་དག་གི་དད་གཤིན་རྫས་ལ་བརྟེན་ནས་དགོན་པའི་ཚོགས་གཏོང་སྒོ་བྱེད་དགོས་པ་ཡིན་ནོ།། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་རྒན་ཡེ་ཤེས་འབྱུང་གནས་ཀྱིས་བྲིས་པའི་ལོ་རྒྱུས་ལ་གཞི་བྱས། ངག་རྒྱུན་ཁུངས་ཐུབ་རྣམས་ཀྱིས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།

ས་སྐྱ་དགོན་པའམ་ཚྭ་རུ་དགོན་གྱི་ལོ་རྒྱུས།

[page 103] དཔལ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བོད་རབ་བྱུང་བརྒྱད་པའི་ཀུན་འཛིན་ཏེ་ས་ཕོ་བྱི་བའི་ལོར་དགུང་ལོ་གྱ་དྲུག་ཐོག མདོ་ཁམས་སྒང་དྲུག ཤོད་དྲུག་རོང་དྲུག གཤོང་དྲུག ཆུ་དྲུག མཐིལ་དྲུག་ལ་སོགས་པ་ཞབས་ཀྱི་བཅགས། རྫ་ཆུ། འབྲི་ཆུ། ཉག་ཆུ་སོགས་ལ་ལྕགས་ཟམ་འཛུགས་པ་དང་། ཟལ་མོ་སྒང་དང་། ལི་ཐང་ལ་སྐུ་གསུངས་ཐུགས་ཀྱི་རྟེན་བཞེངས་བའི་རྟེན་འབྲེལ་སྒྲིགས། ཞེས་རྣམ་ཐར་ལས་གསུངས་བ་ལ་དཔག་ན་བོད་རབ་བྱུང་བརྒྱད་པའི་སྐེད་ཙམ་དུ་དགོན་པ་འདི་བཏབ་པ་འདྲ། དེ་ལས་དགོན་པ་འདེའི་མཁན་བརྒྱུད་བླ་བརྒྱུད་བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་བྱུང་ཚུལ་གྱི་དཀར་ཆག་སོགས་མེད་ཀྱང་གྲྭ་ས་ནི་གཙང་ངོ་རུ་དགོན་དུ་ཕེབས་དགོས་པ་དང་ཕྱག་ལེན་ཐམས་ཅད་ངོར་པ་ལྟར་ཡིན་ནོ། སྔོན་མ་འདུ་ཁང་ཀ་བ་ཉི་ཤུ་ཅན་དང་། གྲྭ་ཤག་བདུན་དང་གྲྭ་བའི་ཞལ་གྲངས་བཞི་བཅུ་ཙམ་བཞུགས། རྟེན་གྱི་གཙོ་བོ་རྒྱུ་ལི་མ་ལས་གྲུབ་པའི་ཐུབ་པའི་སྐུ་དང་། སྒྲོལ་མ། མགོན་པོ་བཅས་ཀྱིས་མཚོན་ལི་སྐུ་བཅུ་ཕྲག་ལྷག་དང་། ཐུགས་རྟེན་བཀའ་གདམས་མཆོད་རྟེན་གསུམ་དང་། གཞན་ཡང་ཐང་སྐུ་དང་སྨན་སྐུ་སོགས་མང་ཙམ་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་སོགས་པོད་བརྒྱ་ཕྲག་དང་། སྦུབ་ཆལ་འཛམ་གླིང་བརྡ་ར་མ་སོགས་ཀྱིས་མཚོན་རོལ་ཆས་མང་ཙམ་བཞུགས།

ཚེས་དུས་སྒྲུབ་མཆོད་ནི། བོད་ཟླ་དང་པོའི་ཚེས་བརྒྱད་ནས་བཅུ་དྲུག་བར་ཉིན་བརྒྱད་དུ་སྨོན་ལམ་དང་། བོད་ཟླ་གཉིས་པའི་ཆེས་བཅོ་ལྔ་ནས་ཉིན་བདུན་དུ་རྣམ་རྒྱལ་སྟོང་མཆོད་དང་། བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་ཉིན་བདུན་ལ་ཚེ་དཔག་མེད་དང་གསྲོལ་དཀར་གྱི་སྒྲུབ་མཆོད། བོད་ཟླ་བཞི་བའི་ཚེས་གཅིག་ནས་ཉིན་བཅོ་ལྔ་ཀུན་རིག་སྒྲུབ་མཆོད། བོད་ཟླ་ལྔ་པའི་ཚེས་དྲུག་ནས་ཉིན་བཅུ་བར་སེར་སྲུང་དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་སུམ་ཅུ་བར་དབྱར་གནས་དང་། བོད་ཟླ་བརྒྱད་པའི་ཚེས་བདུན་ནས་བཅོ་ལྔ་བར་ཉིན་བདུན་ལ་ཀྱེེ་རྡོར་སྒྲུབ་མཆོད། བོད་ཟླ་དགུ་པའི་ཚེས་བརྒྱད་ནས་བཅུ་དྲུག་བར་སེང་གེ་སྒྲ་དང་། བོད་ཟླ་བཅུ་པའི་ཚེས་ཉེར་བདུན་ནས་སུམ་ཅུའི་བར་ཉིན་གསུམ་ལ་དགའ་ལྡན་ལྔ་མཆོད། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ནས་སུམ་ཅུའི་བར་འཆམ་དང་དགུ་གཏོར། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་སུམ་ཅུའི་བར་ཉིན་བར་བརྒྱད་ལ་ལྷ་གསོལ་བཅས་འཚོགས་དགོས། ཚོགས་པའི་གཏོང་སྒོ་ནི་ཞིང་པ་དུད་གྲངས་གཉིས་དང་། འབྲོག་པ་དུད་གྲངས་གཅིག་ཙམ་ཡོད། དགོན་པའི་མངའ་འོག་ཏུ་ཁྱོན་དུད་གྲངས་སོ་ལྔ་ཙམ་ཡོད་པ་དེ་དག་གིས་དད་རྫས་དང་གཤིན་རྫས་སོགས་ལ་བརྟེན་ནས་མཆོད་ཐོག་འཚོགས་པ་ཡིན་ནོ། བཅོས་སྒྱུར་སྐབས་དགོན་པ་རྟེན་[page 104] དང་བརྟེན་པར་བཅས་པ་མི་མངོན་པའི་དབྱིང་སུ་བསྟིམས། ད་ལྟ་དགོན་བཞིར་དགོན་པར་བསྡོམས་པས། དགོན་རྙིང་ཤུལ་དུ་རྩྭ་དང་ཤིང་སྡོང་གིས་གང་ནས་གནས་ཡོད་པ་ལགས་སོ། ལོ་རྒྱུས་འདི་ནི་ཐང་སྟོང་རྒྱལ་པོའི་རྣམ་ཐར་དང་བློ་བཟང་སྤེན་པ། བསོད་ནམས་ཚེ་བརྟན། བསོད་ནམས་ཚེས་བརྟན། བློ་བཟང་ཟླ་བ། བཀྲ་ཤིས་ཕུན་ཚོགས། ཐུབ་བསྟན་སྙིང་པོ་རྣམས་ཀྱིས་གསུངས་པ་ལྟར་མུ་པོས་སྦྱར་བའོ།

ས་སྐྱ་དུང་དགོན་བཀྲ་ཤིས་གླིང་གི་ལོ་རྒྱུས།

མགོ་བླ་ཀུན་དགའ་རྒྱལ་མཚན་ཞེས་མང་དུ་ཐོས་པ་ལུང་དང་རྟོགས་པས་རབ་ཏུ་ཕྱུག་པ་གང་གིས་བོད་རབ་བྱུང་དགུ་པའི་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་གྱི་ལོར་དཔལ་ལྡན་ས་སྐྱ་བའི་ཆོས་རྒྱུན་འཛིན་པའི་དགོན་པ་འདི་ཉིད་བཏབ་སྟེ་དགོན་པ་ཆགས་ཡུལ་དང་མཐུན་པས་དུང་དགོན་བཀྲ་ཤིས་གླིང་ཞེས་མཚན་གསོལ། དེ་ནསལུང་དང་རྟོགས་པའི་མངའ་བདག་ཡེ་ཤེས་འབྱུན་གནས། ངག་དབང་རིན་ཆེན་ཆོས་བཟང་། ནམ་མཁའ་ཆོས་སྐྱོང་། སངས་རྒྱས་རིན་ཆེན། ཟླ་འོད། རྣམ་དགའ། འཇམ་དབྱངས་མཁས་གྲུབ། ཚེ་དབང་སོགས་བྱོན་ནས་དཔལ་ལྡན་ས་སྐྱ་བའི་བསྟན་པ་བླ་ལྷག་ཏུ་སྤེལ་བར་མ་ཟད། ངག་རྒྱུན་དུ་མ་མགོ་བླ་བླ་རབས་བརྒྱ་དང་བརྒྱད་ཙམ་བྱོན་པར་གྲགས་སོ། དགོན་འདིའི་བཤད་སྒྲུབ་ཀྱི་བསྟན་པ་དར་ཚུལ་ནི། སྟོད་ས་སྐྱ་ཆོས་འཁོར་གླིང་ནས་བྱོན་པའི་གོང་མ་རིན་པོ་ཆེ་འཛམ་གླིང་ཆོས་འཁོར་དབང་འདུས་དགོན་འདིར་བྱོན་ནས་ཆོས་འཁོར་ཡུན་རིང་བསྐོར་བ་དང་། ས་སྐྱའི་ངོར་དགོན་ནས་དཔོན་ལྡན་ཆོས་འཛིན་གྱིས་འདུལ་བ་དང་སྔགས་ཕྱོགས་ཀྱི་རིམ་གཉིས་མན་ངག་བཅས་སྣོད་རུང་གི་གདུལ་བྱ་དུ་མ་ལ་སྤེལ་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད། སྒ་སྟོད་ངག་དབང་ལེགས་པ་དང་། སྡེ་གཞུང་མཁན་ཆེན་ཀུན་དགའ་རྣམ་རྒྱལ་སོགས་དགོན་འདིར་ཏེ་ཐུགས་ཁུར་རྒྱ་ཆེར་མཛད་དེ་ཨེ་ཝཾ་བཀའ་འབུམ་གྱི་འཆད་ཉན་དང་རྒྱུད་སྡེ་ཀུན་བཏུས་སྒྲུབ་ཐབས་ཀུན་བཏུས། གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་ཀྱི་དབང་ལུང་ཁྲིད་གསུམ་དུ་མ་བསྩལ་བས་དགོན་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།

[page 89] དགོན་འདིའི་གཙུག་ལག་ཁང་ཀ་བ་བཅུ་གསུམ་དང་། མགོན་ཁང་། ཇ་ཁང་། མཛོད་ཁང་དང་། གྲྭ་ཤག་དྲུག་ཅུ་ཙམ་ཡོད་པ་དེ་ལས་གཙུག་ལག་ཁང་དུ་རྒྱུ་ཟངས་གསེར་ལས་བསྐྲུན་པའི་ཐུབ་སྐུ་གསུང་བྱོན་མ་བསྐུམས་ཁྲུ་བརྒྱད་དང་། རྒྱུ་ལི་ལས་གྲུབ་པའི་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་དང་རྡོར་སེམས་གཉིས་མཐོ་ཕྱེད་གཉིས། རྒྱ་གསེར་དངུལ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་ཙམ་ཡོད་པ་དེའི་ཞལ་ནས་དུས་རྒྱུན་བདུད་རྩི་འབབ་པ་ཞིག་དང་། རྒྱ་མཐོང་ཁར་ཁོ་ར་ཁོར་ཡུག་ཀུན་ཏུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ། གནས་བརྟན་བཅུ་དྲུག ཉེ་བའི་སྲས་བརྒྱད་བཅས་འདྲ་སྐུ་རྣམས་ཀྱི་ཞལ་རས་ལ་གསེར་བྱ་སྒོར་ཙམ་གསོལ་ཡོད་པ་དང་། རྒྱུ་ཙནྡ་དཀར་པོ་ལས་བཞེངས་བའི་ཐུབ་དབང་ཁྲུ་དོ་ཅན་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་བརྒྱད། རྒྱུ་གསེར་དངུལ་གྱི་ཞུན་མས་བྲིས་པའི་འབུམ་ཆ་བཅུ་གཉིས། ཨེ་ཝཾ་བཀའ་འབུམ་ས་སྐྱ་བཀའ་འབུམ། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས་སོགས་གསུང་འབུམ་པོད་ཉིས་བརྒྱ་ལྷག་དང་། ཐུགས་རྟེན་རྒྱུ་གསེར་དངུལ་ཟངས་གསུམ་ལ་རིན་པོ་ཆེ་གཡུ་བྱིར་སྤོས་ཤེས་སོགས་ཀྱི་ཕྲ་དང་ལྡན་པའི་གདུང་རབས་མཆོད་རྟེན་ལྔ་དང་། སྦྱིན་བདག་དད་ལྡན་རྣམས་ཀྱིས་བཞེངས་བའི་མཆོད་རྟེན་གསུམ་དང་། རོལ་ཆས་སྐོར་ལ་སྦུབ་ཆལ་འཛམ་གླིང་གཡས་བཞག་གིས་མཚོན་སྦུབ་ཆལ་ཉེར་གཅིག བྱ་ཤང་ཤང་གཉིས་ཀྱིས་མཐའ་ཡས་རྒྱ་མཚོའི་ཕ་རོལ་ནས་ཁྱེར་ཡོང་བའི་སིལ་སྙན་ཤང་ཤང་མས་མཚོན་སིལ་སྙན་ཆ་ལྔ་དང་། གོས་ཆེན་རྒྱ་སེར་ལས་བཟོས་པའི་འཆམ་གོས་ཆ་བཞི་བཅུ་ཞེ་གསུམ། ཞལ་འབག་སུམ་ཅུ་སོ་གྲངས་བཅས་བཞུགས་སོ།

ཚེས་དུས་སྒྲུབ་མཆོད་ནི། མཆུ་ཟླའི་ཚེས་བདུན་ནས་ཉིན་གསུམ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོག་ཕྲིན་ལས་ཆ་དང་། ཚེས་བཅོ་ལྔ་ལ་དབུ་མཛད་དང་དགེ་སྐོས་ཁྲི་བ་འགན་ཁུར་བརྗེ་ལེན་དང་། དེ་ནས་ཉིན་བརྒྱད་ལ་ཀུན་རིག ནག་ཟླའི་ཚེས་ལྔ་ནས་ཉིན་གསུམ་ལ་ཆར་གཏོར། ཚེས་བརྒྱད་ནས་སྨྱུང་གནས་ཉིན་བརྒྱད། ཚེས་བཅུ་བདུན་ལས་གསུར་ཆུ་གཏོར། ཚེས་ཉེར་གཉིས་ལ་བླ་མཆོད། ཚེས་ཉེར་བདུན་ལ་བསང་དགྲ་བླ། ས་ག་ཟླ་བའི་ཚེས་གཅིག་ལ་ཀུན་རིག་ཚེས་གཉིས་ནས་ཉིན་བདུན་ལ་སྨན་བླའི་ཆོ་ག ཚེས་དགུ་ལ་བསྐང་གསོ་སོ་བརྒྱད་ལ་དབྱངས་མི་དགོས། ཚེས་བཅུ་ནས་ཉིན་བདུན་ལ་སྨྱུང་གནས། སྣོར་ཟླའི་ཚེས་གཅིག་ནས་བཟུང་ཉིན་ཉེར་གཅིག་ལ་ཀུན་རིག ཚེས་ཉེར་གཉིས་ནས་ཉེར་དགུའི་བར་བཀའ་འགྱུར་ཀློག ཆུ་སྟོད་ཟླ་བའི་གཅིག་ལ་དཔལ་ཀྱེེ་རྡོ་རྗེའི་སྒྲུབ་མཆོད་ཀྱི་ལྟ་གོན། ཚེས་གཉིས་ནས་དངོས་གཞི་ཉིན་བདུན་འཚོགས་ནས། ཚེས་དགུའི་ཕྱི་དྲོལ་སྦྱིན་སྲེག་རྡུལ་ཚོན་ཆུར་གཤེགས་ཏེ་མཐར་ཕྱིན། ཚེ་བཅུ་ནས་ཉིན་ལྔའི་བར་མི་འཁྲུགས་པའི་ཆོ་ག ཚེ་བཅུ་དྲུག་ནས་ཉིན་ལྔ་ལ་འཆི་མེད་ཆེ་བའི་ཆོ་ག ཚེས་ཉེར་གཅིག་ནས་ཉིན་བཞི་ལ་སྨོན་ལམ། ཚེས་ཉེར་ལྔ་ནས་ཉེར་དགུའི་བར་རྣམ་རྒྱལ་སྟོང་མཆོད་འཚོགས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས་བདུན་བར་ཆོས་སྤྱོད་[page 90] གནས་བཅུ། ཚེས་བརྒྱད་ནས་བཅུ་བཞི་བར་དུ་བསྙེན་གནས། ཚེས་བཅུ་དྲུག་ནས་ཉིན་གཉིས་ལ་ཀུན་རིག་འཚོགས། དབྱུག་ཟླའི་ཚེས་ཉེར་གཅིག་ནས་ཉེར་གཉིས་ལ་ཀུན་རིག ཚེས་ཉེར་གསུམ་ནས་བཟུང་རྡོ་རྗེ་འཇིགས་བྱེད་གཏོར་མའི་ཕྲིན་ལས་ཚ་ཟེར་མའི་དབྱངས་རོལ་མོའི་འབུད་དཀྲོལ་དང་བཅས་པའི་སྒོ་ནས་བདུན་གཅིག་གི་རྗེས་མའི་ཉིན་ལ་གཏོར་རྒྱག་དང་དྲག་པོའི་སྦྱིན་སྲེག་རྣམས་ཆ་ཚང་། སྨིན་དྲུག་ཟླ་བའི་ཚེས་གཅིག་ལ་བསང་དགྲ་བླ་འཚོགས། མགོ་ཟླ་བའི་ཚེས་བཅུ་དྲུག་ནས་ཉིན་གསུམ་ལ་ཀུན་རིག ཚེས་ཉེར་གསུམ་ནས་བཟུང་རྡོ་རྗེ་འཇིགས་བྱེད་གཏོར་མའི་ཕྲིན་ལས་ཚ་ཟེར་མའི་དབྱངས་རོལ་མོའི་འབུད་དཀྲོལ་དང་བཅས་པའི་སྒོ་ནས་བདུན་གཅིག་གི་རྗེས་མའི་ཉིན་ལ་གཏོར་རྒྱཕ༹་དང་དྲག་པོའི་སྦྱིན་སྲེག་རྣམས་ཆ་ཚང་། སྨིན་དྲུག་ཟླ་བའི་ཚེས་གཅིག་ལ་བསང་དགྲ་བླ་འཚོགས། མགོ་ཟླ་བའི་བཅུ་དྲུག་ནས་ཉིན་གསུམ་ཀུན་རིག་ཚེས་བཅུ་དགུ་ཉི་ཤུ་གཉིས་ལ་འཆམ་སྦྱོང་། ཚེས་ཉེར་གཅིག་ནས་ཉེར་བདུན་བར་བསྐང་གསོ་སོ་བརྒྱད་དབྱངས་རོལ་མོ་འབུད་དཀྲོལ་དང་བཅས། ཚེས་ཉེར་བརྒྱད་ལ་སྐྱ་འཆམ། ཚེས་ཉེར་དགུ་ལ་འབག་འཆམ་ནམ་མ་ལངས་གང་ནས་འཆམ་སྟེ་ཕྱི་དྲོ་གཏོར་རྒྱག རྒྱལ་ཟླའི་ཚེས་གཅིག་ནས་སྨོན་ལམ་ཚེས་བཅུ་གཅིག་བར། དུས་རྟག་དུ་འདུས་ལུགས་ལྟར་ཉ་སྟོང་གཉིས་ལ་གསོ་སྦྱོང་འཚོགས་དགོས་པ་ཡིན་ནོ།

དགོན་འདིའི་བར་ཤིང་ལ་ཐར་མདོ། རྡོར་གཅོད། གདུགས་དཀར། སྒྲོལ་མ། དཔུང་རྒྱན་བཅས་ཀྱིས་མཚོན་བར་ཤིང་རིགས་མང་ཙམ་བཞུགས་སོ།།

ཡོན་གྱི་འབྱུང་ཁུངས་ལ་ལི་ཐང་རྒྱལ་པོ་ཟླ་དགོད་ཅེས་པས་བྲེ་བརྒྱ་འདེབས་པའི་ཞིང་ས་དང་། སྦྱིན་བདག་སི་ལུས་ཤི་གསོན་གཉིས་ཀྱིས་ཆེད་དུ་བྲེ་བརྒྱད་ཅུའི་ས་དང་། སྦྱིན་བདག་སྒོང་རུ་མགོས་བྲེ་སུམ་ཅུའི་ས་དང་། སྦྱིན་བདག་ཟོ་ཁོས་བྲེ་ལྔ་བཅུ་འདེབས་ཆོག་པའི་ས་ཞིང་བཅས་དང་། དགོན་འདིའི་མངའ་འོག་གི་ཁྱིམ་དུད་བདུན་ཅུ་དོན་གྲངས་ཀྱི་དད་གཤིན་རྫས་སོགས་ལ་བརྟེན་ནས་དགེ་འདུན་ཞལ་གྲངས་བདུན་ཅུ་དོན་གྲངས་ཀྱི་ཚོགས་པའི་གཏོང་སྒོ་བྱེད་དགོས་པ་ཡིན་ནོ།

ངོ་རྒོལ་བཞི་དང་རིག་གནས་གསར་བརྗེའི་སྐབས་དགོན་པ་རྟེན་དང་བརྟེན་པ་མང་གི་ལྷག་མར་བྱས་ཏེ། མི་ལོ་སུམ་ཅུ་ལྷག་ཙམ་ལ་སྐུ་གཟུགས་མིག་གིས་མི་མཐོང་བ་དང་། ཆོས་སྐད་རྣ་བའི་མི་ཐོས་པའི་གནས་སུ་གྱུར། སླད་ནས་ཏང་སྲིད་ཇུས་བཟང་ཆོས་སྒོ་འབྱེད་སྐབས། དགོན་འདིའི་གཙུག་ལག་ཁང་སྔོན་མ་ནང་བཞིན་སླར་གསོ་དང་། གྲྭ་ཤག་ཉི་ཤུ་ཙམ་གསར་བསྐྲུན་བྱས་ཏེ་འདུ་ཁང་དུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་གོང་མ་རྣམ་ལྔ། ཇོ་བོ། བྱམས་པ། རྡོར་སེམས་བཅས་ཀྱི་སྐུ་མི་ཚད་ཙམ་དང་། རྒྱལ་བའི་བཀའ་འགྱུར། བསྟན་འགྱུར། གསུང་འབུམ་སྐོར་གང་འཚམ་དང་། གྲྭ་ཨ་ཕྲིན་དང་ཕྲིན་ལས་གཉིས་ཀྱིས་སྔོན་གྱི་རྟེན་རྙིང་ཐུབ་སྐུ་དང་གུར་མགོན། རྡོར་སེམས། སྦུབ་ཆལ་འཛམ་གླིང་གཡས་བཞག འཆམ་གོས་ཉི་ཤུ་དང་དུང་ཆ་གཅིག་བཅས་ཉར་བྱས་ནས་དགོན་འདི་ལ་ཕུལ་བས་བཀའ་དྲིན་ཤིན་དུ་ཆེ་བ་ཡིན་ནོ། དགོན་འདིའི་མངའ་འོག་གི་ཁྱིམ་དུད་ལྔ་བཅུ་ཙམ་གྱིས་འབུལ་བ་སོགས་ལ་བརྟེན་ནས། ཚེས་དུས་སྒྲུབ་མཆོད་སྔོན་མ་རྣམས་རྒྱུན་མ་ཆད་ཙམ་རེ་གྲྭ་བདུན་ཅུ་དོན་གྲངས་ཀྱིས་མཚོགས་བཞིན་ཡོད་པ་མ་ཟད། གྲྭ་ཉི་ཤུ་ཙམ་ལ་འཇམ་དབྱངས་བློ་གཏེར་དབང་པོའི་གསུང་ཆོས་ཐོག་ནས་ཐོས་བསམ་གང་འཚམ་རེ་བྱེད་བཞིན་ལགས་སོ།། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་ཀུན་དགའ་[page 91] ཆོས་འཕེལ་དང་ཚེ་རིང་སྟོབས་རྒྱལ་གཉིས་ཀྱིས་བྲིས་པའི་དགོན་པའི་ལོ་རྒྱུས་ལ་གཞི་བྱས་ཏེ་མཆོག་སྤྲུལ་འཇམ་དབྱངས་མཁས་གྲུབ་ཀྱིས་གསུང་གི་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

ཨོ་རྒྱན་བསམ་འཕེལ་ཆོས་གླིང་གི་ལོ་རྒྱུས།

གདན་ས་འདིར་ཐོག་མར་བཀའ་བརྒྱུད་ཆེ་བཞིའི་ནང་ཚན་ཕག་གྲུ་བཀའ་བརྒྱུད་ཀྱི་སློབ་དཔོན་ཆེན་པོ་ཕག་མོ་གྲུ་པའམ་ཕག་གྲུ་རྡོ་རྗེ་རྒྱལ་པོ་གང་གིས་བོད་རབ་བྱུང་གསུམ་པའི་སྟོད་ཙམ་དུ་ཆོས་སྡེ་འདི་ཉིད་བཏབ་སྟེ་ཕག་གྲུ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་སྤེལ། ཀརྨ་བ་ཞྭ་དམར་ནག་གཉིས་ཀྱང་རིམ་གྱིས་བྱོན་ནས་དར་རྒྱས་མཛད་པ་སོགས་ཀྱིལོ་རྒྱུས་དང་དགོན་ཤུལ་ཞབས་རྗེས་སོགས་དུ་མ་ཡོད་དོ།

ཕྱིས་སུ་དགོན་སྡེ་འདི་ཉིད་ཕྱག་འདེབས་ཚུལ་ནི། པདྨ་རྣམ་གྲོལ་གླིང་པའི་གཏེར་ལུང་ལས། ཤར་རི་ལ་གནས་རྒྱལ་འགོང་གིས། སྐྱེ་འགྲོའི་བླ་ཚེ་སྲོག་དབུགས་སྡུདཿདེས་ཕག་མོའི་སྤྲུལ་པ་ནིཿཨ་ཡིག་མིང་གི་གདུལ་བར་བྱཿཞེས་པའི་ལུང་བསྟན་དུས་ལས་མི་ཡོལ་བར་རྫོགས་ཆེན་ཡིད་བཞིན་ནོར་བུའི་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གི་དངོས་སློབ་རྡོ་རྗེ་བདག་མེད་མ་དང་པཎ་ཆེན་སྨོན་ལམ་གྲུབ་པ་སོགས་དམ་པ་དུ་མ་དང་། རྫོགས་ཆེན་པ་ཀརྨ་བྱང་ཆུབ་རྒྱལ་མཚན་ནམ་བླ་མ་ཨ་ཀར་ཞེས་པའི་གདན་ས་འདི་རུ་དགོན་སྡེ་གསར་དུ་འདེབས་དགོས་པའི་བཀའ་གནང་ནས་ཡོན་རུའི་མི་དབང་ཆོས་རྒྱལ་ཆེན་པོ་བསོད་ནམས་རྒྱ་མཚོས་ཞབས་བཏེགས་ནས་ཡུལ་འདིར་ཕྱག་ཕེབས། དེ་ནས་རིག་འཛིན་འགགས་མེད་རྡོ་རྗེ་བླ་མ་ཐུབ་བསྟན་དགེ་འདུན་མཆོག་གིས་གྲོགས་མཛད་དེ་བོད་རབ་བྱུང་བཅོ་ལྔ་པའི་མིག་དམར་ཏེ་ཤིང་ཕོ་བྱི་བའི་ལོར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། འདུ་ཁང་ཕུག་ཏུ་རྒྱུ་སྨན་འདམ་ལས་བསྐྲུན་པའི་སྟོན་པའི་གཙོ་འཁོར་གསུམ། སློབ་དཔོན། སྤྱན་རས་གཟིགས། རྗེ་གཙོ་འཁོར་གསུམ་བཅས་བརྩེགས་ཚད་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། ཐར་མདོ། བཀའ་ཐང་། སྨོན་ལམ་རྣམ་ལྔ། ལེའུ་བདུན་མ་བཅས་ཀྱི་འཁོར་བར་དང་འདོན་ཆ། གླིང་གེ་སར་རྒྱལ་པོའི་བདའ། གཞུ། མདུང་། གྲི་སོགས་རྟེན་གསུམ་བྱིན་ལྡན་དུ་མ་བཞུགས་སུ་གསོལ་ཞིང་རབ་[page 109] གནས་མཐར་ཕྱིན་མཛད། རྫོགས་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྔ་འགྱུར་ནོར་བུའི་ཆོས་མཛོད་ཨོ་རྒྱན་བསམ་འཕེལ་ཆོས་གླིང་ཞེས་པའི་མཚན་གསོལ། ཀརྨ་པ་རང་བྱུ་རྡོ་རྗེ་དང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་རྣམ་གཉིས་བྱོན་ནས་གྲུབ་ཆེན་བརྒྱད་ཅུ་དང་ཕག་མོ་གྲུ་པའི་ཞལ་གཟིགས། རྟེན་གསུམ་ལ་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་བདུད་རྩིའི་རྒྱུན་སོགས་སྩོལ་བར་མཛད། སྔར་ཕག་གྲུ་བཀའ་བརྒྱད་ཀྱི་ཆོས་རྒྱུན་ཉམས་གསོ་དང་ཁྱད་པར་དུ་གྲྭ་ས་གོང་མ་གདན་ས་ཆེན་པོ་རུ་དམ་རྫོགས་ཆེན་པའི་ཕྱག་བཞེས་ལྟར་ཆོས་འཕྲུལ་ཟླ་བའི་ཡར་ཚེས་ལ་སིདྡྷིའི་བུམ་སྒྲུབ་གཏོར་ལ་བདུད་རྩིའི་རྒྱུན་བབས་པ་སོགས་ཀྱི་ངོ་མཚར་བའི་རྟགས་མཚན་མངོན་དུ་གྲུབ་པ་དང་། གཞན་ཡང་སྔ་འགྱུར་རྙིང་མའི་གཏེར་ཆོས་བྱང་ཕུར་དང་གུ་དྲག་ཡེ་ཤེས་རབ་འབར་སོགས་དབྱར་དགུན་གྱི་དུས་མཆོད་ཡང་དག་པར་གཙུགས། མཁན་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་རྫོགས་ཆེན་ཤྲཱི་སེང་དུ་མཁས་གྲུབ་མའི་མདུན་ནས་མདོ་རྒྱུད་བསྟན་བཅོས་ཐསམ་ཅད་ལ་གསན་མཛད་དེ། ཡུལ་འདིར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་སྤྱོད་འཇུག་དང་སྡོམ་གསུམ་སོགས་ཀྱི་ཁྲིད་རྒྱུན་བཙུགས་ནས་བཀའ་དྲིན་གཞལ་དུ་མ་མཆིས་སོ། དེ་བཞིན་དམ་པ་རྣམས་ཀྱིས་དབུ་མཛད་དེ་ཚུལ་ལྡན་གྱི་དགེ་འདུན་བཅུ་ཕྲག་ལྔ་ལ་ཉེ་བ་ཙམ་གྱིས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་བསྐྱངས། དེ་རྗེས་དུས་འགྱུར་གྱི་དཔང་གིས་བསྟན་པ་ལ་ཉམས་ཉེས་ཆེས་ཆེར་བྱུང་སྟེ་དགོན་འདིའང་མིང་གི་ལྷག་མར་གྱུར། ཕྱིས་སུ་དད་ལྡན་འབངས་སྡེའི་སྟོབས་ལ་བརྟེན་ནས་གཙུག་ལག་ཁང་དང་སྐུ་རྟེན་བཅས་ཡོངས་སུ་གྲུབ་པར་མཛད། སྔོན་གྱི་མགོན་སྐུ་ཡིད་བཞིན་ནོར་བུ་སོགས་རྟེན་རྙིང་པ་འགའ་ཡོད་པ་རྣམས་བཞུགས་སུ་གསོལ། བཀའ་དང་བསྟན་འགྱུར་རྙིང་མའི་རྒྱུད་འབུམ་སོགས་གསུང་རྟེན་དུ་མ་སྤྱན་དྲངས་པ་མ་ཟད། འབྱོར་ལྡན་གྱི་སྦྱིན་བདག་རྣམས་ཀྱིས་བཀའ་འགྱུར་ཆ་ཉི་ཤུ་ལྷག་ཙམ་དྲངས། ཚོགས་ཆེན་བུམ་སྒྲུབ་ཆེན་མོ་སོགས་སྔ་སྲོལ་གྱི་དུས་མཆོད་རྣམས་རྒྱུན་བཙུགས། རུ་དམ་རྫོགས་ཆེན་པའི་ཕྱག་སྲོལ་ལྟར་གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་གསར་དུ་བཙུགས་ནས་ཞལ་འབག་དང་འཆམ་གོས་སོགས་སྤུས་ལེགས་བཞི་བཅུ་ལྷག་ཙམ་གྲུབ་པར་མཛད། སྔ་འགྱུར་བཀའ་མའི་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་དང་བཀའ་བརྒྱད་དང་ཀ་གླིང་ཞི་ཁྲོ་སོགས་སྔོན་མེད་གསར་འཛུགས་དང་། བསྟན་རྩ་འདུལ་བ་ཡིན་པར་དགོངས་ནས་རབ་བྱུང་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་དགེ་འདུན་དྲུག་ཅུ་ལྷག་ཙམ་ལ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་སྡོམ་གསུམ་གྱི་ཁྲིད་རྒྱུན་གནང་། མཆོག་སྤྲུལ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ་དང་བླ་མ་ཐུབ་བསྟན་དགེ་འདུན་གྱི་སྤྲུལ་སྐུ་རིག་འཛིན་རྡོ་རྗེ་དང་མཁན་ཐུབ་བསྟན་པདྨ་བཀྲ་ཤིས་རྣསམ་རིམ་གྱིས་མཁན་ཁྲིར་མངའ་གསོལ། སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ་ཁོང་གཉིས་ཀྱིས་པར་ཁང་ཆོས་མཛོད་ཆེན་མོ་གསར་དུ་བསྐྲུན་ཏེ། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་དཀར་ཆགས་དང་བཅས་པ། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། ཁྲིད་ཡིག་ཡེ་གེ་བླ་མ། སྡོམ་གསུམ་རྣམ་ངེད་ཀྱི་འགྲེལ་བ། བསམ་ལྷུན་སྒྲོལ་མ་[page 110] ལྟུང་བཤགས་དཔུང་རྒྱན་སོགས་ཇོ་དར་གྱི་པར་བཅས་གསར་དུ་བསྐྲུན། སངས་རྒྱས་ཀྱི་རིང་བསྲེལ་དང་གསར་རྙིང་གི་སྐྱེས་ཆེན་དུ་མའི་རིང་བསྲེལ་དང་ན་བཟའ་སོགས་དང་བཀའ་འགྱུར་ཆ་གསུམ་སོགས་བཞུགས་པའི་ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ཆེན་པོ་སོགས་བཞེངས་གེ་མང་དགོན་གྱི་རྟེན་གསུམ་ཞེས་སྙན་པའི་ཕྱོགས་ཀུན་ཁྱབ་པ་ཡིན་ནོ།

དེ་ལྟར་སྒྲུབ་སྡེ་འདིས་གསང་ཆེན་སྔ་འགྱུར་བའི་ཁྱད་ཆོས་རྫོགས་ཆེན་སྙིང་ཐིག་གི་མན་ངག་ཉམས་ལེན་ལ་བརྟེན་ནས་སློབ་ཚོགས་རྣམས་ཞིང་འདི་ནས་གཞན་དུ་ཡོལ་བའི་ཚེ་ས་གཡོ་ཞིང་འཇའ་འོད་འཁྲིགས་པ་དང་གདུང་ལ་རིང་བསྲེལ་དང་ལྷ་སྐུ་ཡིག་འབྲུ་འཁྲུངས་པ་དང་ཐུགས་ལྗགས་སྤྱན་གསུམ་བཞག་པ་སོགས་ཀྱིས་འདས་རྗེས་གྲུབ་པའི་སྐྱེས་ཆེན་དུ་མ་བྱོན་པ་དང་། མ་འོངས་འབྱུང་འགྱུར་ལ་ཡང་། ཀརྨ་ཆགས་མེད་ཀྱིས། ཉན་ཐོས་འགྲོ་དོན་ཐུབ་པ་ཡི། གེ་མང་བླ་མ་ཞེས་བྱ་བ། མཁས་པ་ཆེན་པོ་འབྱུང་བར་འགྱུར། ཞེས་དང་། བདུད་འཇོམས་གཏེར་ལུང་ལས། གེ་མང་སྡེ་ཚན་ནསཿའཇའ་ལུས་ཆེན་པོ་བཞི་ཡང་འབྱུངཿཞེས་སོགས་དམ་པ་རྣམས་ཀྱིས་ཁྱས་འཕགས་ཀྱི་ལུང་བསྟན་དུ་མ་བསྩལ་བའོ། གཞན་ཡང་དགོན་འདིར་སྔོན་དུས་སུ་འདུ་ཁང་གཅིག་དང་གྲྭ་ཤག་ཉི་ཤུ་ཙམ་ཡོད་པ་དང་། དེང་སྐབས་འདུ་ཁང་གཅིག་དང་པར་ཁང་གཅིག་གྲྭ་ཤག་བཞི་བཅུ་ཙམ་ཡོད། ལོ་ལྟར་དུས་མཆོད་འཚོགས་པའི་ཡོན་བདག་སྔོན་དུད་གྲངས་ལྔ་བཅུ་ཙམ་དང་ད་སྐབས་དུད་ཁ་བརྒྱ་དང་སུམ་ཅུས་ཆོས་མཐིན་གྱི་འཚོ་བ་རེས་མོས་མཛད་བཞིན་ལགས་སོ། དགོན་པའི་ལོ་རྒྱུས་འདི་ནི་གྲྭ་ཨ་ཆོས་ཀྱིས་བྲིས་པའི་དགོན་པའི་ལོ་རྒྱུས་ལ་གཞི་བྱས་ངག་རྒྱུན་ཁུངས་ཐུབ་རྣམས་ལས་ཟུར་བརྒྱན་ཏེ་མུ་པོས་བྲིས་པའོ།།

སེར་ཤུལ་རྫོང་།

[page 122]

སེར་ཤུལ་དགོན་གྱི་ལོ་རྒྱུས།

[page 123] དགོན་འདིའི་སྦྱིན་བདག་དང་བསྟན་འཛིན་གྱི་རུས་བརྒྱུད་འབྱུང་ཁུངས་ནི། མན་ཇུའི་གོང་མ་ཁང་ཞི་ཏེ་བོད་སྐད་དུ་བདེ་སྐྱོང་རྒྱལ་པོའི་སྐུ་རིང་ལ་སོག་རྒྱལ་བློན་འཁོར་བཅས་དབུར་གཙང་དུ་ཕེབས་པར་ཟི་ལིང་དུ་སླེབས་པ་ན་སོག་རྒྱལ་པོས་ནང་བློན་པཎ་ཞྭ་སེར་ལྡིང་ལ་ཁྱོད་འདི་ནས་ལྷོ་ཕྱོགས་སུ་སོང་དང་བཀྲ་ཤིས་བདེ་ལེགས་ཀྱི་ས་ཕྱུག་པོ་གུསམ་དནག་བཙན་པོ་གུསམ་གྱི་མིང་དོན་ཆག་སར་སླེབས་གནས་དེར་སྡོད་དང་ཤིན་ཏུ་ལེགས་ཞེས་ལུང་བསྟན། དེ་ནས་དགེ་རྩ་པཎ་ཞུ་སེར་ལྡིང་མཚོ་སྔོན་པོའི་ཕྱོགས་སུ་རེ་ཞིག་སྡོད་སྐབས་མཚོ་ནང་ནས་དགྲ་ལྷ་ཝེར་མ་དང་བཅས་རང་ཆས་སུ་འཁོར་བའི་བེའུ་མཚོ་ཁ་མ་ཞེས་གྲགས་པ་མཚོ་གཏེར་བླངས་ཏེ་རིམ་གྱིས་འོང་བ་ན་ཡུལ་སྐྱོང་རྫ་རྒྱལ་འཕན་ཕྱུག་ཀྱི་ཞོལ་དུ་སླེབས། སྔར་ལུང་བསྟན་པ་བཞིན་ས་དེར་རྫ་རྒྱལ་འཕཧན་ཕྱུག་ངང་མ་ལུག་ཕྱུག ལྕང་མ་རྟ་ཕྱུག གསུམ་གྱི་མིང་ཐོས་པ་མ་ཕྱུག་པོ་གུསམ་གྱི་ས་དེ་བདག་ཏུ་བཟུང་། དེ་ནས་རིམ་གྱིས་འོང་བ་དང་སྒྲོམ་སྟོད་ལྕགས་མཁར་ཐང་སྟེང་དུ་སླེབས། དེའི་གཞུང་ཆེན་ལ་སྒྲོམ་སྡོད་གནས་ལ་ལྕགས་མཁར་ཐང་། བྲག་རི་ལ་ཨ་མྱེ་རྔ་བརྡུང་ཟེར་བ་དེ་བཙན་པོ་གུསམ་གྱི་སར་ཡུལ་སྡེ་ཆགས་པའི་འགོ་ཚུགས་སྐབས། སོག་པོའི་རིགས་རུས་ཡིན་ངེས་ཅན་གྱི་སོག་པོ། སོག་མོ། སོག་རུ། གསུམ་ལ་སོག་དུད་བདུན་དང་། གཞན་དུད་ཁ་ཤས་བཅས་ཡོད་པ་ཀུན་གྱིས་དགེ་བཅུའི་ཆོས་དནག་དུ་བླངས་བསལ་འདི་དང་ཕྱི་མར་ལེགས་པའི་ཡང་བརྩེ་ཐོབ་ཅིང་པཎ་ཞུ་སེར་ལྡིང་གི་གདུང་རྒྱུད་ཡིན་པས་དགེ་རྩེ་སེར་ཤུལ་ཞེས་མིང་ཆགས་སོ།།

བསྟན་དགོན་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་བཀའ་བཅུ་བ་བློ་བཟང་ཆོས་དར་གྱི་རྣམ་ཐར་མདོར་བསྡུས་ནི། དམ་པ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་དཀྱིལ་ཙམ་ནས་སྔར་སྨྲོས་པའི་སོག་མོའི་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་སྐུ་འཁྲུངས། ཆུང་གཞོན་ནུའི་དུས་ངན་བྱིས་པའི་ངན་སྤྱོད་མཐའ་དག་རྒྱང་རིང་དུ་བསྲིངས་ཏེ་གཅིག་ཏུ་དམ་པའི་ངང་ཚུལ་ལ་གནས་ཤིང་ཕ་མ་ལ་གུས་པ་བླ་ལྷག་ཏུ་བྱེད་པ་ཞིག་གོ སྐུ་ན་ཆེར་སོན་པ་ན་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་ཆོས་དར་ཞེས་གསོལ། དེ་ནས་རིམ་གྱིས་དབུས་ཕྱོགས་སུ་ཕེབས་ཏེ་ཇོ་ཤཱཀྱ་རྣམ་གཉིས་སོགས་རྟེན་བྱིན་ཆེན་མཇལ་རེས་ཀྱིས་བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེར་བྱ་བ་རྒྱ་ཆེར་བྱེད་པ་དང་འགྲོ་བ་ཡོངས་ལ་ཕན་པ་རླབས་ཆེན་འགྲུབ་པའི་ཐུགས་སྨོན་ཡང་དག་པར་གནང་སྟེ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་གྲྭ་ཞུགས་ནས་དབུ་ཕར་སོགས་ལ་གསན་སྦྱངས་ཕུལ་ཕྱིན་མཛད་པས་གཞུང་ལུགས་རབ་འབྱམས་ལ་མཁས་པའི་ཕུལ་དུ་བྱུང་བར་གྱུར། སྐྱབས་མགོན་རྒྱལ་བའི་[page 124] དབང་བོ་སྐལ་བཟང་རྒྱ་མཚོ་སོགས་དབུས་གཙང་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་བྱམས་མགོན་མི་མི་ཡི་གར་རོལ་ཕུར་ལྕོག་ངག་དབང་བྱམས་པ་དཔལ་བཟང་བོ་ལས་ཆོས་མང་དུ་གསན་ཅིང་རྗེ་བྱམས་པ་རིན་པོ་ཆེས་མཁན་པོ་མཛད་དེ་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རིན་པོ་ཆེས་ཐུགས་རྒྱུད་ལེགས་པར་ཕྱུག་པར་གྱུར་ཏེ་སོ་ཐར་གྱི་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་མཛད་པ་གཞིར་བྱས་ནས་བཤད་སྒྲུབ་ཀྱི་བྱ་བ་ལ་ཆིག་དྲིལ་དུ་གཞོལ་བར་མཛད་པས་རྗེ་བྱམས་པ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པར་གྱུར་ནས་བསྔགས་བརྗོད་རྒྱ་ཆེན་པོ་དུ་མ་མཛད་དེ་རྗེ་དཀའ་བཅུ་རིན་པོ་ཆེ་འདི་ཉིད་དང་དགེ་བའི་བཤེས་གཉེན་ཆེན་པོ་གྲུབ་དབང་རྒྱལ་མཚན་འོད་ཟེར་གཉིས་ལ་ཁྱེད་གཉིས་རང་རང་གི་ཡུལ་ཕྱོགས་སུ་ཕེབས་ནས་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེན་པོ་གནང་དགོས་ཚུལ་གྱི་བཀའ་སློབ་ཞིབ་རྒྱས་དང་རྗེ་དཀའ་བཅུ་རིན་པོ་ཆེ་ལ་ཆོས་དུང་དཀར་པོ་དྲི་མ་མེད་པ་ཞིག་དང་རྗེ་ཨ་རིག་དགེ་བཤེས་ཆེན་མོ་དབུ་པཎ་གནང་། དོན་དེ་བཞིན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ཀྱང་བཀའ་སློབ་ལུང་བསྟན་ཞིབ་རྒྱས་དང་བསྟོད་སྔགས་ཆེར་མཛད་དེ་དཀའ་བཅུ་ཚང་ལ་ཆོས་རྒྱལ་གྱི་ཐོད་དབྱུག་ཞགས་པ་གནང་ནས་རྗེ་ཕུར་ལྕོག་རིན་པོ་ཆེ་པཎ་ཆེན་རིན་པོ་ཆེ་གཉིས་ཀས་དཀའ་བཅུ་བར་རྣམ་བཞིའི་འཕྲིན་ལས་བསྒྲུབ་པའི་གྲོགས་དམ་ཅན་ཆོས་རྒྱལ་པོ་ལ་གཉེར་དུ་གཏད། ཚུལ་འདི་ནི་ཁྲི་ཆེན་བསོད་ནམས་གྲགས་པའི་ཞལ་སྔ་ནས། ལེགས་བཤད་པདྨ་དཀར་པོའི་ཆུན་པོ་ལས་མཁས་པའི་སྙན་པ་བརྗོད། དེ་ཡིས་ལུས་ཅན་དང་བ་འདྲེན། རི་བོང་སེམས་དཔའ་གྲགས་པ་གང་། རྒྱ་བྱིན་གྱིས་ནི་བརྗོད་ལ་ལྟོས། ཞེས་གུསངས་པ་ལྟར་མཐར་དབུས་ཀྱི་སྐྱེས་འགྲོ་ཡོངས་ཀྱིས་བཀའ་བཅུ་རིན་པོ་ཆེ་བློ་བཟང་ཆོས་དར་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དེ་བྱུང་བ་ཡིན་ལ། དེ་ནས་དམ་པའི་བཀའ་ལུང་བཞིན་རང་ཡུལ་དུ་ཕེབས་པར་ཉེ་བ་ན་བླ་མ་དམ་པ་རྣམས་དང་ཇོ་ཤཱཀྱ་རྣམ་གཉིས་གདན་ས་གསུམ་སོགས་སུ་བྱོན་ནས་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པའི་གདུགས་དཀར་སྲིད་རྩེར་བསྒྲེངས་བ་ལ་འགྲན་ཟླ་བྲལ་བའི་ཆོས་སྡེ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པར་འོང་བའི་ཐུགས་གཏད་སྐྱབས་ཞུས་ཟབ་རྒྱས་གནད་སྨིན་མཛད་ནས་རབ་བྱུང་བཅུ་གསུམ་པའི་ས་ཡོས་ལོ། སྤྱི་ལོ་1759ལོ་དགེ་རྩེ་སེར་ཤུལ་གྱི་སྡེ་གླིང་དུ་ཕྱག་ཕེབས་མཛད་པ་ཡིན་ནོ།

དམ་པ་དེ་ཉིད་ཀྱིས་ཆོས་སྡེ་འདི་ཉིད་ཇི་ལྟར་བཏབ་པའི་ཚུལ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་གི་འགྲང་བྱ་བཅུ་བདུན་ལོ་སྤྱི་ལོ་1760ལོ་རྗེ་དཀའ་བཅུ་རིན་པོ་ཆེ་བློ་བཟང་ཆོས་དར་ཉིད་སྐུ་འཁོར་དང་བཅས་པ་ཉམས་དགའ་བག་ཕེབས་ཀྱི་གནས་འདིར་དགོན་ས་བརྟག་ཕྱིར་ཕེབས་པ་དུས་མཚུངས་སུ་མང་དགེ་བླ་མ་རྗེ་གྲུབ་པའི་དབང་ཕྱུག་དགེ་ལེགས་ཡར་འཕེལ་ཆེས་གཞོན་ནུའི་ངང་ཚུལ་ཅན་ཡང་དེར་ཕེབས་པའི་མིང་བཀྲ་བརྟགས་ཨོ་མཆོག་ཏུ་ལེགས་ཤིང་སྔར་བྱམས་མགོན་བླ་མ་རིན་པོ་ཆེ་གནང་[page 125] བའི་དུང་དཀར་དེ་འབུད་དུ་བཅུག་པས་གདངས་སྙན་དབྱངས་ཀྱི་ང་རོ་ཕྱོགས་ཀུན་འགེངས་པ་ཞིག་བྱུང་བ་བླ་མ་དམ་པ་གཉིས་ཀ་ལ་རྟེན་འབྲེལ་གྱི་སྒོ་དང་པོ་མཆོག་ཏུ་ལེགས་པ་ཞིག་བྱུང་བ་ཡིན་ལ། དེར་མ་ཟད་ཇི་སྐད་དུ་འཇམ་མགོན་དབྱངས་ཅན་གྲུབ་པའི་རྡོ་རྗེའི་འདོད་འཇོ་དཔག་བསམ་སྙེ་མ་ལས། གཞོམ་བྲལ་རྡོ་རྗེའི་ཏིང་འཛིན་ཡུད་ཙམ་གྱིས། ལོག་འདྲེན་སྡེ་བརྒྱད་མ་ལུས་དམ་ལ་བཏགས། ལྐོག་གྱུར་ཆོས་ཀུན་ལག་མཐིལ་རྫས་བཞིན་གཟིགས། བློ་བཟང་རྣམ་རྒྱལ་ཞེས་གསུངས་བ་བཞིན་ཁྱབ་བདག་གྲུབ་པའི་དབང་ཕྱུག་ལྷ་དགོན་བློ་བཟང་རྣམ་རྒྱལ་རིན་པོ་ཆེའང་མ་སྒྲིག་རྟེན་འབྲེལ་རང་གྲུབ་ཀྱི་ཉིན་དེར་གནས་དེར་ཕྱག་ཕེབས་པས་དམ་པ་གསུམ་ལྷན་ཅིག་ཏུ་ཞལ་འཛོམས་པའི་གཟའ་སྐར་དུས་སྦྱོར་ལེགས་པའི་ཉི་མ་དེ་ལ་ས་འདུལ་རྨིལ་འདིང་གི་འགོ་བཙུག་ནས་དམ་པ་གཉིས་ཀས་སའི་ཆོ་ག་སྦྱོར་དངོས་མཇུག་གསུམ་ཡོང་སུ་རྫོགས་པ་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་ལྟར་མཛད་ནས་གནས་གཞི་རིམ་པར་ཆགས་ཏེ་དགེ་འདུན་གྱི་སྡེ་རྣམས་གོང་ནས་གོང་དུ་འཕེལ་བའི་བློ་བཟང་རྒྱལ་བ་གཉིས་པའི་རྣམ་ཐར་བཞིན་དུ་བསྟན་པའི་རྩ་བ་གཞི་གུསམ་གྱི་ཕྱག་བཞེས་གདམས་པའི་མཐིལ་དུ་བཟུང་ནས་མཇམ་མགོན་བླ་མའི་ལམ་རིམ་ཆེ་ཆུང་བློ་སྦྱོང་སོགས་ལ་ཐོས་བསམ་དང་། གསང་འཇིགས་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཀློག་སྤོང་འཁོར་ལོ་གུསམ་གྱི་བྱ་བས་དུས་འདའ་བར་མཛད། དེ་ནས་བཟུང་ལྷ་མགོན་སྐུ་ཕྲེང་རིམ་བྱོན་བར་མ་ཆད་པར་སེར་ཤུལ་སྡེ་དགོན་གཉིས་དང་བླ་སློབ་ཏུ་འབྲེལ་བ་ཤ་སྟག་ཡིན་པར་མ་ཟད་ཆོས་སྲིད་གང་ཐད་ནས་གཞལ་དུ་མེད་པའི་བཀའ་དྲིན་གྱིས་སྐྱོང་བར་མཛད། དེ་སྐབས་འཕགས་པ་ལྷ་སྐུ་ཕྲེང་བདུན་པ་འཇིགས་མེད་ཡེ་ཤེས་བསྟན་པའི་མགོན་པོའི་དུས་སུ་བྱོན་པ་ཆབ་མདོ་ལྕགས་ར་ངག་དབང་འཕྲིན་ལས་དཔལ་བཟང་གིས་ཀྱང་དཀའ་བཅུ་བ་ལ་བསྔགས་པའི་མེ་ཏོག་འཐོར་བཞིན་དགོན་པ་ལའང་ནང་རྟེན་ཐུབ་པ་མེ་ཐུབ་མར་གྲགས་པ་གནང་ནས་དགོན་པ་བདག་གིར་བཞེས་ཏེ་བླང་དོར་གྱི་སློབ་སྟོན་ཆབ་ཤོག་གི་ལམ་ནས་ཡང་ནས་ཡང་དུ་དགྱེས་བསྩལ་མཛད། དེ་ནས་བཟུང་ལྕགས་ར་མཆོག་སྤྲུལ་རིམ་བྱོན་གྱིས་དགོན་འདི་ཐུགས་བརྩིས་བསྐྱངས་ཚུལ་འོག་ཏུ་འཆད་པར་བྱའོ།

དགོན་འདིའི་བདག་པོ་སྐུ་ཞབས་སྨན་ཤུལ་རིན་པོ་ཆེའི་སྐྱེས་རབས་ཀྱི་ཕྲེང་བ་རགས་རིམ་ཞིག་བརྗོད་ན་ལབ་སྐྱེབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་བཀའ་ལུང་གིས་གསལ་བ་བཞིན་མཚན་གྱི་ཐོའུ་འགོད་པ་ནི། ལྷ་མིའི་རྣམ་འདྲེན་ཟས་གཙང་སྲས་པོའི་སྤྱན་སྔར་འཕགས་མཆོག་བློ་གྲོས་རྒྱ་མཚོ། དེ་ནས་དཔལ་ལྡན་ཕྱོས་ཀྱི་གླང་བོ། གྲུབ་པའི་དབང་ཕྱུག་ལྭ་བའི་ན་བཟའ་ཅན། བླ་ཆེན་དགོངས་པ་རབ་གསལ་རྣའ་འབྱོར་བ་བྱང་ཆུབ་རིན་ཆེན། འདུལ་བ་འཛིན་པ་གྲགས་པ་རྒྱ་མཚན། ཨ་རིག་ར་རྒྱ་དགོན་གྱི་ཁྲི་ཐོག་དང་བོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྲི་རྒན་ཡེ་ཤེས་ཀུན་བཟང་། པཎ་ཆེན་བསྟན་པའི་ཉི་མའི་བཀའ་ལུང་གིས་སྨན་ཤུལ་ཨེར་ཏི་ནི་མེར་གེན་ཆེ་བི་ལི་ཐུ་ཞེས་བསྔགས་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན། རྗེ་བཙུན་ངག་དབང་ཆོས་ཀྱི་ཉི་མ་འཇམ་དཔལ་ཡེ་ཤེས་བསྟན་འཛིན། རྗེ་བློ་བཟང་[page 126] འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་འདིའོ།

ཆོས་སྡེ་འདི་ཉིད་ཐོག་མར་ཐུགས་བརྩེས་བདག་གིར་བཞེས་པ་པོ། སྨན་ཤུལ་ཨེར་ཏི་ནི་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོའི་རྣམ་པར་ཐར་བ་བརྗོད་པ་ལ་རྗེ་འདི་ཉིད་གང་དུ་སྐུ་འཁྲུངས་པའི་གནས་ནི། འཇམ་མགོན་རྒྱལ་བ་གཉིས་པ་སོགས་དམ་པ་སུ་མས་བྱིན་གྱིས་བརླབས་ཤིང་ཆོས་འཁོར་རྒྱ་ཆེར་བསྐོར་བའི་གནས་ཁྱད་པར་ཅན་སྐ་ཕུའི་ཆུ་འགོ་སེར་འབའ་ཞེས་ཡབ་སྨན་ཤུལ་བསོད་ནམས་དར་རྒྱས་དང་། ཡུམ་བློ་བཟང་ཆོས་མཚོ་ཞེས་བྱ་བ་ཡབ་ཡུམ་གཉིས་ཀ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ལྔ་བཅུ་ང་དགུ་བར་སོན་པའི་ལོ་སྤྱི་ལོ་1804ཆོས་སྡེ་འདི་ཉིད་ཆགས་ནས་ལོ་46ཏུ་སོན་པ་ཤིང་མོ་གླང་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་དགུའི་ཉི་མ་རྩེ་ཤར་གྱི་དུས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། འཁྲུངས་ཙམ་ཉིད་ནས་སྐུ་སྟོན་ཟླ་ལྟར་དཀར་བ་དང་། སྙན་ཤལ་རིང་དུ་འཕྱང་བ་སོགས་ཀུན་གྱི་ཡིད་དང་བ་འདྲེན་པའི་དམ་པའི་སྐྱེས་བུའི་མཚན་རྟགས་ཁྱད་འཕགས་དུ་མ་རང་ཆས་སུ་མངའ་ཞིང་བག་མེད་བྱིས་པའི་འཆལ་སྤྱོད་མཐའ་དག་ནི་རྒྱང་རིང་དུ་དོར་བ་ཞིག་ཡིན་ལ་དགུང་ལོ་ལྔ་བར་སླེབས་པ་ན་མཚུངས་མེད་ཤིང་གཟའ་རིན་པོ་ཆེ་བློ་བཟང་དར་རྒྱས་པས་ར་རྒྱ་དགོན་བཤད་སྒྲུབ་བྱམས་པ་གླིང་གི་ཁྲི་ཐོག་དང་བོ་དགེ་བཤེས་ཡེ་ཤེས་ཀུན་བཟང་གི་སྐྱེ་སྤྲུལ་འཁྲུལ་མེད་དུ་ཐག་བཅད། དགུང་ལོ་དྲུག་པར་རྗེ་དེ་ཉིད་ཀྱིས་དགེ་ཚུལ་གྱི་སྡོ་པ་བདུད་རྩིའི་ཆུ་རྒྱུན་གྱིས་དམ་པ་འདིའི་ཐུགས་ཀྱིས་བུམ་བཟང་འགེངས་བར་མཛད་དེ། མཚན་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ཅེས་གསོལ། འཇམ་དཔལ་སྨྲ་བའི་སེངྒེ་དང་རྗེ་བཙུན་བྱམས་པ་མགོན་པོ་སོགས་ལྷག་ལྷ་དཔག་ཏུ་མེད་པས་དངོས་དང་མནལ་ལམ་ཅི་རིགས་པར་རྗེས་སུ་བཟུང་ཞིང་དམ་ཅན་རྡོ་རྗེ་ལེགས་པ་སོགས་སྲུང་མ་བྲན་དུ་འཁོར་བའི་རྟགས་མཚན་སུས་ཀྱང་མཐོང་ཐོས་ཀྱིས་གྲུབ་ལ། ཕལ་བ་དང་ཐུན་མོང་དུ་མ་གྱུར་བའི་རྣམ་ཐར་ནི་ཆེས་མང་ཡང་འགོད་པ་སྐབས་སུ་མ་བབས་པས་རེ་ཞིག་བཞག་གོ། དགུང་ལོ་12པའི་དུས་ཆོས་གྲྭ་ཆེན་པོ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་དགེ་འདུན་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་དེ་དགོན་དེ་ཉིད་ཀྱི་ཆོས་གྲྭ་གསར་འཇུག་མཛད་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་། ཕར་ཕྱིན་གྱི་བར་ལ་གསན་སྦྱོང་ཕུལ་དུ་ཕྱིན་པ་གནང་བར་མ་ཟད་དམ་པའི་ཡོནམག་འཛིན་དུ་མ་ལས་མདོ་སྔགས་ཟྦ་རྒྱས་ཀྱི་ཆོས་བཀའ་དཔག་ཏུ་མེད་པ་གསན། ཁྱད་པར་སྒོ་མང་ཤར་རྩེ་རྟ་འོན་པ་ཁྲི་རྒྱལ་མཚན་སེངྒེ་ལས་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་ཟབ་དབང་ཡོངས་སུ་རྫོགས་པ་ཐུགས་རྒྱུད་སྨིན་ངེས་སུ་མནོས། དགུང་ལོ་ཉེར་གཉིས་བཞེས་པ་མེ་ཕོ་ཁྱིའི་ལོར་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པ་ཡོངས་སུ་རྫོགས་པའི་སྡོམ་པ་བཞེས་ནས་བསླབ་ཁྲིམས་ཕྲ་རགས་མ་ལུས་པ་སྤྱན་གྱི་འབྲས་བུ་ལྟར་བསྲུང་བར་མཛད། ལོ་དེ་ལ་དབུས་གཙང་ཆོས་ཀྱི་ཕྱོགས་སུ་ཕྱག་བཏེགས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་[page 127] གླིང་དེར་ཕེབས་འཕྲལ་དབང་ཆེན་རྣམ་སྤྲུལ་བྱེས་མཁན་ཆེན་བསོད་ནམས་གྲགས་པས་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་དུ་བཅུག་སྐབས། གཙོ་བོ་ཉིད་རིགས་ཀྱི་ལྷན་ཐོབ་སྟོན་པ་ལྷ་ལས་བབས་པའི་ཟླ་ཚེས་མཆོག་ཏུ་དགེ་བ་བསྟུན་མཁས་གྲུབ་བྱེ་བའི་འབྱུང་གནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་ཆོས་ཐོག་དེའི་རིང་ལ་བསྡུས་ཆུང་འཛིན་གྲྭར་བཞུགས་དེ་ནས་བསྡུས་གྲྭ་གཞན་ལ་དམ་བཅའ་བཞག་ནས་གཞུང་གསར་འཛིན་གྲྭར་ཕེབས་སྐབས་རྒྱ་བོད་གཞུང་ལུགས་རྒྱ་མཚོར་སྦྱངས་བརྩོན་མཛད། ཉམས་བཞེས་ཀྱི་གཙོ་བོ་དམ་པའི་ཡོངས་འཛིན་གཙུག་རྒྱན་དུ་བསམ་སྦྱོར་དག་པས་བསྟེན་པ་དང་། ཐོས་དོན་སྒྲུབ་ལ་གཞོན་བ་ཁོ་ནས་དུས་མདའ་བ་ཞིག་ཡིན་པར་མ་ཟད་གཞན་དག་ལའང་དགེ་བསྐུལ་དེ་བ་རང་མཛད་དེ་བསླབ་བྱ་གསུང་མགུར་གྱི་རིམ་པ་དུ་མ་དང་། རྗེ་བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་སོགས་ལྕགས་རྩོམ་གནང་ངོ་།།

དེ་ལྟར་གཞུང་ཆེན་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པ་ཐུགས་སུ་ཆུད་པའི་རྗེ་འདི་ཉིད་དགུང་ལོ་ཉེར་བརྒྱད་ལོན་པ་ཆུ་འབྲུག་ལོའི་མཇུག་ཏུ་བྱ་བྲལ་ཁང་ཚན་གྱི་གྲྭ་རྒན་པ་རྣམས་ཀྱི་གྲྭ་ཚང་བྱེས་དང་ཁང་ཚན་རིན་པོ་ཆེའི་དོན་དུ་ཁམས་ཕྱོགས་སུ་འབུལ་སྡུད་ལ་ཕེབས་དགོས་ཞེས་ནན་ཏན་གྱིས་བསྐུལ་བ་ན། རྗེ་འདིས་ཆོས་རྗེ་ཤར་བ་རིན་པོ་ཆེར་རྒྱུ་མཚན་ཞུས་པས་ཤར་བ་རིན་པོ་ཆེས་བསླབ་བྱ་གནང་བའི་ཟོལ་གྱིས་འབྱུང་འགྱུར་ལུང་བསྟན་འདི་ལྟར་མཛད་དེ། ཤིན་ཏུ་ལེགས་འོང་ཁམས་ཕྱོགས་སུ་ཡུན་རིང་བཞུགས་དགོས་ཞུ་མཁན་ཡོད་ན་སླར་འབྱོན་ཆད་བྱེད་དགོས་ནའང་འབྱོན་ཐེངས་འདི་ལ་ལོ་གསུམ་ལས་མ་བཞུགས་པ་ལེགས་གསུངས། དེ་ནས་ཁམས་ཕྱོགས་སུ་བསྟན་འགྲོའི་ཕན་བདེ་རྒྱ་ཆེན་པོ་སྤེལ་ཐུབ་པའི་ཐུགས་སྨོན་ཟབ་རྒྱད་གནང་ནས། ཆུ་སྤྲུལ་ཧོར་ཟླ་གཉིས་པའི་ཚེས་བཅུ་དགུ་ལ་ཁམས་ཕྱོགས་སུ་ཆིབས་བསྒྱུར་མཛད་དེ་རིམ་པར་ཕེབས་ནས་སེར་ཤུལ་གྱི་ས་ཞ་དཀར་ཆེན་ཐང་དུ་ཕྱག་ཕེབས་པ་དང་། དགེ་རྩེ་བླ་མ་ཤེས་རབ་བཟང་པོ་ཟེར་བ་དེར་བྱོན་པ་དུས་འགྲིག དེས་མཚམས་སྦྱར་ཏེ་སྦྱིན་བདག་གི་ཐོག་མ་བསྟན་པ་ཡར་འཕེལ་ཟེར་བ་ཞིག་བྱུང་བ་རྟེན་འབྲེལ་ཤིན་ཏུ་ལེགས་དགོངས་ཏེ་དེ་རིང་ཅིས་ཀྱང་དགོན་ཐོག་ཏུ་འབྱོན་དགོས་སྦྱིན་བདག་གིས་སར་གནང་ཙམ་ཡང་བྱོན་ཆོག་གསུངས་ནས་སྟོན་པ་ཐུབ་པའི་དབང་བོད་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཟླ་ཁྱད་པར་ཅན་ཆུ་སྟོད་ཟླ་བའི་ཆོས་བཅོ་ལྔ་ལ་ཆོས་སྡེ་ཆེན་པོ་ཐེག་ཆེན་དར་རྒྱས་གླིང་དུ་ཕྱག་ཕེབས་པ་དང་དུས་མཚུངས་དགེ་འདུན་རྣམས་དབྱར་གནས་ལ་འདུ་བ་བྱུང་བ་སོགས་ཆེད་དུ་བསྒྲིགས་པ་ལྟ་བུའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་སྒོ་དུ་མ་ནས་འགྲིགས། དགེ་འདུན་བདུན་ཅུ་ལྷག་ཙམ་ལ་ཀུན་འདུས་ནོད་བུའི་ལུགས་ཀྱི་དགའ་ལྡན་ལྷ་བརྒྱ་མའི་ཟབ་ཁྲིད་རྒྱས་པ་ཉིན་གསུམ་གྱི་བར་དུ་བསྩལ་བ་ནས་བཟུང་ཟླ་བ་དྲུག་ལྷག་ཙམ་དུ་སེར་སྐྱ་མཆོག་དམན་སོ་སོའི་འདོ་བློའི་ཡོལ་གོ་སོ་སོའི་འདོད་ཆོས་ཀྱི་བདུད་རྩིས་འགེངས་ངེས་པར་མཛད་ཅིང་། དཀའ་བཅུ་འཕྲིན་ལས་ཆོས་འཕེལ་དང་ས་སྐྱོང་བློ་བཟང་རྣམ་རྒྱལ་སོགས་ཀྱིས་དགོན་འདིར་ཡུན་ཏུ་བཞུགས་དགོས་[page 128] ཀྱི་ཞུ་བ་ཕུལ་བར་ད་ལམ་གྲྭ་ཚང་རིན་པོ་ཆེ་དང་ཁང་ཚན་གྱི་མཐུན་ཆས་ཀྱི་དངོས་པོ་འདི་དག་བརྩིས་འབུལ་མ་འགྱངས་བར་དགོས་པ་དང་ཤེར་རྩེ་རིན་པོ་ཆེས་གུསངས་ཚུལ་བཅས་ཀྱིས་དབུས་ཕྱོགས་སུ་ཡར་འབྱོན་དགོས་ཀྱང་བསྟན་དགོན་གྱི་བདག་པོ་མཛད་པ་དགྱེས་བཞིན་དུ་ཞལ་བཞེས་གནང་སྟེ་ཡི་དམ་ཁང་བ་གསར་འཛུགས་མཛད། དུས་ཚེས་མཆོག་ཏུ་དགེ་བའི་ཉིན་སྔ་དྲོ་མང་ཇ་ཞིག་བཏང་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་བརྩམས་ཏེ་བཀའ་ཆོས་གུསང་བཤད་དང་། དེ་ནས་ཆོས་ཁྲིའི་ཁར་བཞུགས་ནས་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་དབུ་ནས་རྩི་བཞག་གནང་བ་སོགས་ཕྱིའི་འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་བོའི་དབུ་དེ་ཉིན་ནས་འཛུགས་པར་མཛད། ལོ་དེའི་སྟོན་དུས་དབུས་ཕྱོགས་སུ་ཆིབས་བསྐྱོད་ནྫད་དེ་རྒྱལ་ཟླ་བའི་ཚེས་ཉེར་བདུན་ལ་བཤད་སྒྲུབ་མ་ལུས་པའི་འབྱུང་གནས་སེ་རྭ་ཐེག་ཆེན་གླིང་དུ་ཕྱག་ཕེབས་གྲྭ་ཚང་བྱེས་ཁང་ཚན་ཕུར་ལྕོགས་བྱམས་པ་ཁྲི་བྱང་ཆུབ་ཆོས་འཕེལ། ཁྲི་འཇམ་དཔལ་ཚུལ་ཁྲིམས། ཤར་རྩེ་རིན་པོ་ཆེ་སོགས་བླ་ལྷ་དགོན་སྡེ་ཐམས་ཅད་གཅེས་དགུའི་དངོས་པོའི་མཆོད་འབུལ་གྱིས་དགྱེས་པར་མཛད། ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་དང་ཤར་རྩེ་རིན་པོ་ཆེ་གཉིས་ནས་གྲྭ་སའི་མིང་བཏགས་ལེན་པ་ལས་གཙང་ཕྱོགས་སུ་བྱོན་ནས་ས་པཎ་ཆེན་ཐམས་ཅས་མཁྱེན་པའི་ཞབས་ལ་གཏུགས་ན་དགོས་དོན་ཆེ་བར་ལུང་བསྟན་པ་ལྟར་དགུང་ལོ་34བ་ས་ཁྱི་ལོའི་ཟླ་བ་བཅུ་བར་གཙང་ཕྱོགས་སུ་ཕྱག་བཏེགས་ནས་བཀྲ་ཤིས་ལྷུན་པོར་ཕྱག་ཕེབས་པར། པཎ་ཆེན་ཐམས་ཅད་མཁྱེན་པོ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་ལ་རྒྱལ་བའི་སྡེ་དཔལ་བཟང་བོ་དང་ཕྱོགས་དེའི་བླ་ལྷ་དགེ་འདུན་དང་བཅས་པ་རྒྱ་ཆེན་མཆོད་འབུལ་གྱི་བཀོད་པས་དགྱེས་པར་མཛད། ཁྱད་པར་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུའི་མདུན་སར་གནམ་བསྐོས་གོང་མ་རིན་པོ་ཆེའི་བཀའ་ལུང་གིས་གཟེངས་བསྟོད་ཀྱི་བཀའི་གསེར་ཡིག་སླེབ་པའི་བཀའ་འགྲོའི་ཚོགས་གླེང་རྗེ་འདི་བ་དང་མཁན་ཆེན་ཐོགས་མེད་པ་གཉིས་ལ་བཀའ་ཕེབས་པར་ལྟར། སེམས་བསྐྱེད་ཆོས་འཁོར་སྐབས་བརྒྱད་པ་རྣམས་ཀྱི་ཚོགས་གླེང་མཛད་སྐབས། རྩོད་ལན་གཉིས་ཆར་དམ་པ་འདི་ཉིད་ཕུལ་དུ་ཕྱིན་པར་གྱུར་ནས་དགྱེས་པའི་མཆོད་སྤྲིན་དུ་ལེགས་པར་སྨིན་པར་གྱུར་བ་ཞིག་བྱུང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཀྱང་ཐུགས་དགྱེས་པ་ཆེན་པོའི་ཉམས་དང་བཅས་ཏེ་ལེགས་སོའི་བདག་རྐྱེན་གཟེངས་བསྟོད་འགྱུར་མེད་བཀའ་ལུང་བཟང་བོས། ཨེར་ཏི་ནི་མེར་རྒན་མཁན་པོ་མན་ཤུལ་ཞེས་རྒྱལ་བསྟན་འཛིན་སྤེལ་གྱི་བྱེད་པོའི་མཁན་པོར་མངའ་གསོལ་ནས་འཇའ་ས་ཐམ་ཀ་བཅས་བསྩལ་ཏེ་མདོས་མད་སོགས་སུ་བསྟན་འགྲོའི་དོན་དགོས་ཚུལ་གྱི་བཀའ་ཕེབས་གནང་། དེ་ནས་གཙང་ཕྱོགས་ནས་འཇམ་མགོན་བླ་མའི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས་མཛད་ནས་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་པའི་ཞབས་ལ་གཏུགས་ཏེ་ཡབ་སྲས་གཉིས་ཟབ་རྒྱས་ཆོས་ཀྱི་གསུང་གླེང་རྒྱ་ཆེར་མཛད་སྐབས། ཁྲི་རིན་པོ་ཆེ་ནས་ཁྱེད་རང་ཁམས་ཕྱོགས་སུ་བྱོན་ནས་འཇམ་མགོན་བླ་མའི་བསྟན་པ་སྤེལ་བ་ལ་སྙིང་སྟོབས་དང་བརྩོན་པའི་སྤུང་ཤུགས་དྲག་པོ་བསྐྱེད་དང་འདི་ནས་[page 129] དགའ་ལྡན་གསེར་ཁྲིར་འགོད་པ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་འཕྲིན་ལས་ཀྱིས་བསྟན་པ་དང་སེམས་ཅན་བགྲང་ལས་འདས་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ངོ་དོན་འདི་ལ་དགོངས་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུའི་མདུན་ས་ནས་ཀྱང་ཁྱེད་ལ་ལེགས་སོའི་གཟེངས་བསྟོད་ཀྱི་བདག་རྐྱེན་ངང་གིས་བསྩལ་ཏེ་དགའ་ལྡན་རིང་ལུགས་དྲི་མ་མེད་པའི་ཆོས་ཀྱི་རྒྱལ་སྲིད་གཏན་ནས་དེ་འཛིན་པའི་བླ་ཆེན་གྱི་གོ་སར་མངའ་གསོལ་བར་མཛད་པ་ལགས་པས། དེ་དང་མཐུན་པར་མཛོད་གཉེར་གསོལ་དཔོན་གཟིམ་དཔོན་གྱིས་མཚོན་པའི་ལས་ཚན་དྲུང་འཁོར་གྱི་རྣམ་གྲངས་དང་། དབུ་གདུགས་རྟ་དར་གྱིས་མཚོན་པའི་ཆས་ཡོ་བྱད་གང་ཐད་ནས་རྟེན་འབྲེལ་མ་འཕྱུགས་པ་གྱིས་གསུངས་ནས་ཁྲི་རིན་པོ་ཆེ་རང་གི་དབུ་གདུགས། བསྟན་པའི་བདག་པོའི་སྣང་བརྙན་སོགས་དང་དབུགས་དབྱུང་བསྔགས་བརྗོད་རྒྱ་ཆེར་གནང་སྟེ་མདོ་སྨད་སོགས་སུ་བསྟན་འགྲོའི་དོན་དགོས་ཚུལ་གྱི་བཀའ་ལོབ་ཕེབས། དབུས་སུ་ཕེབས་ནས་འདི་བར་ལྷ་དང་བླ་བ་རྟེན་དྲུང་ཆོས་སྡེ་ཆེན་པོ་སོགས་སུ་རྣམ་ལྔའི་མཆོད་པ་འགྲོ་གང་ཆེ་དང་འབྲེལ། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྒྱ་ཆེན་པོ་ཡང་ནས་ཡང་དུ་ལན་མང་དུ་མཛད་པའི་ཐུགས་བསྐྱེད་ཀྱི་མཐུ་ཡོངས་སུ་སྨིན་པ་ལྕགས་བྱི་ལོ་དགུང་ལོ་སོ་དྲུག་ཏུ་སླེབས་པའི་དུས་སུ་མདོ་སྨད་དུ་ཆིབས་ཁ་བསྒྱུར་ཏེ་རིམ་གྱིས་ཆོས་སྡེ་ཆེན་པོ་བཤད་སྒྲུབ་ཐར་བ་གླིང་དུ་ཕྱག་ཕེབས། དགུང་ལོ་སོ་བདུན་པ་ལྕགས་གླང་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་ལ་སླར་ཇི་ལྟར་ཞལ་བཞེས་གནང་བ་བཞིན་ཆོས་སྡེ་འདིའི་མི་འཇིགས་ཆོས་ཀྱི་ཁྲི་ལ་༧ཞབས་སེན་བཀྲ་ཤིས་ཀྱི་རེ་ཁ་བརྟན་པོར་བཀོད་དེ་སྤྱིར་གདན་སའི་སྒྲིག་ལམ་རིམ་བཞིན་འཛུགས་པར་མཛད་ཅིང་། ཁྱད་པར་དུ་༡ཁྲིམས་གཙང་ཕྱོགས་ལ་ཞིབ་འཇུག་ནན་ཆེར་མཛད་པས་བསྟན་པ་ལ་སྐུ་དྲིན་ཤིན་ཏུ་ཆེ། ཐུགས་མཐུན་ཕྱོགས་ལ་གཟིགས་ཞིབ་རྒྱ་ཆེར་གནང་བས་དགེ་འདུན་ཐམས་ཅད་ཆོས་སྲིད་གང་ཐད་ནས་ཕྱར་བ་ཟུར་འདེགས་ཀྱི་དཔེ་བཞིན་དུ་གྱུར།། ཆོས་བཤད་སྒུརབ་ཀྱི་འཆད་ཉན་ཉམས་པ་སལར་གསོ་གནས་པ་ཡར་སྤེལ་སྲོལ་མེད་གསར་འཛུགས་ཀྱིས་གང་ཅིའི་ཕྱོགས་ནས་སེར་ཐེག་ཆེན་གླིང་གི་རྗེས་སུ་འགྲོ་བ་ཞིག་མཛད། དགོན་འདི་ལ་མདོ་སྔགས་ཀྱི་གྲྭ་ཚང་གཉིས་སུ་ཕྱེ་བའི་ཐུགས་དམ་གནས་བསྐུལ་དང་འཕྲིན་བཅོལ་མཛད་པའི་ནུབ་དེར་ཆོས་སྡེ་འདིའི་སྔར་གྱི་རྡོ་ཏིང་དེ་རང་བྱུང་གིས་དུམ་བུར་སོང་བ་རྟེན་འབྲེལ་མཆོག་ཏུ་གཟིགས་ནས་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་དང་། གསང་སྔགས་རྒྱུད་གྲྭ་ཚང་གཉིས་ཕྱེ་ནས་གཏན་འཇགས་མཛད། རྗེ་རང་གིས་རྨད་བྱུང་ཐོས་བསམ་གླིང་མཁན་པོ་དང་། ཚད་མའི་སྐྱེས་ཆེན་ཧོར་བློ་བཟང་བཟོད་པས་རྨད་བྱུང་རྒྱུད་པ་གྲྭ་ཚང་གི་མཁན་པོ་མཛད་ནས་ཐོས་བསམ་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་ལེན་ལྟར་དང་། རྒྱུད་པ་གྲྭ་ཚང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་འཛུགས་པར་མཛད་པ་ཡིན་ནོ།

རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་བཤད་སྒྲུབ་ཆོས་སྤྱོད་ཇི་ལྟར་ཕྱག་བཞེས་གནང་ཚུལ་མདོ་ཙམ་སྨོས་པ་ནི། གྲྭ་ཚང་འདི་ལ་འཛིན་གྲྭ་བཅུ་གཅིག་ཡོད་པ་ལས། དང་པོ་གསར་བུ་བ་རྣམས་ལོ་བཅུ་སྐོར་[page 130] ཡན་མན་ཙམ་གྱི་རིང་བསྡུས་གྲྭ་ཁག་གསུམ་གྱི་འཛིན་གྲྭར་བཞུགས་སྐབས། རིགས་ལམ་སྒོ་བརྒྱ་འབྱེད་པའི་བསྡུས་ཚན་དང་། དབུ་ཕར་གཞུང་བརྒྱའི་རྩ་བ་རྒྱན་འཇུག་དང་བསྟོད་ཚོགས་སྨོན་ལམ་ཆོ་ག་ཆོས་སྤྱོད་བཅས། བྱིས་པའི་རོལ་རྩེད་ངང་ནས་བྱང་ཆུབ་པར་མཛད། དེ་ནས་དམིགས་བསལ་ཁྱེད་པར་ཅན་གྱི་སྐབས་མ་གཏོགས་འཛིན་གྲྭ་རེར་ལོ་ལྔ་རེར་བཞུགས་དགོས་ལ་དེ་ཡང་གཞུང་གསར། གཞུང་རྙིང་། ཟུར་བཀོལ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་པ་གསར་བ་དེ་ལོ་སུམ་བཅུ་སོ་ལྔའི་རིང་ལ་གཞུང་ཆེན་བཀའ་པོད་ལྔ་རང་རང་གི་བཤད་བྱ་རྩ་བའི་མདོ་རྩ་བ་འགྲེལ་བ་འགྲེལ་བཤད་བཅས་འཕགས་ཡུལ་མཁས་པའི་དབང་བོ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་ལེགས་པར་བཀྲལ་བའི་བསྟན་བཅོས་རྣམས་དང་། སྙིགས་དུས་རྒྱལ་པའི་མཚུངས་མེད་ཀུན་མཁྱེན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་ཡབ་སྲས་བརྒྱུད་འཛིན་བཅས་ཀྱིས་རྒྱལ་བསྟན་ཡོངས་སུ་རྫོགས་པ་ལ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་ཆོས་ཕྲ་མོ་ཙམ་ཡང་མི་མང་མངའ་བར་ཚུལ་བཞིན་བཤད་པའི་བསྟན་བཅོས་རྣམས་དང་། ཁྱད་པར་དུ་ཡང་འཇམ་དབྱངས་མིའི་རྣམ་སྤྲུལ་ལུང་རིགས་སྨྲ་བའི་ཁྲུ་མཆོག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། གོ་བ་སྤམ་བཤད་དུ་མ་སོང་། དཔྱད་པ་ཐལ་ཆེ་བ་མ་ཡིན་པར་གོ་རིགས་ཟུང་དུ་འབྲེལ་བའི་སྤྱི་མཐས་མཚོན་པའི་རྒྱ་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ཆེན་པོར་རྣམ་དག་ཐོས་བསམ་སྒོམ་པའི་གྲུ་གཟིངས་བརྟན་པོ། གུས་རྟག་བརྩོན་པ་མཆོག་གི་མཐུན་པའི་རླུང་གིས་བསྐྱོད་པས་མདོ་སྔགས་རིག་གནས་མ་ལུས་པའི་དགོངས་དོན་ནོར་བུའི་བང་མཛོད་ལ་མངའ་བརྙེས་པའི་ཚད་མའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་བགྲང་ལས་འདས་པ་རིམ་པར་བྱོན་པ་རྣམས་ཀྱིས་སྒྲུབ་པའི་རྒྱལ་མཚན་རྣམ་པ་གསུམ་ལེགས་པར་འཛུགས་པར་མཛད་པ་ཡིན་ནོ།། དཔལ་ལྡན་རྒྱུད་པ་གྲྭ་ཚང་གིས་བཤད་སྒྲུབ་ཆོས་སྤྱོད་ཀྱི་རིམ་པ་ཕྱག་བཞེས་ཇི་ལྟར་གནང་བའི་ཚུལ་མདོ་ཙམ་སྨོད་པ་ནི། གྲྭ་ཚང་འདི་ལ་འཛིན་གྲྭ་གསུམ་ཡོད་པ་ལས། དང་བོ་གསར་བུ་བ་རྣམས་བསྐྱེད་རིམ་གྱི་འཛིན་གྲྭར་ལོ་བདུན་བརྒྱད་ཙམ་བཞུགས་སྐབས། དཔལ་ལྡན་གསང་བ་འདུས་པའི་རྩ་བའི་རྒྱུད། འཇིགས་གསང་བདེ་གསུམ་ཆོ་ག་ཡོངས་རྫོགས་དང་། བསྐང་གསོ་བསྟོད་ཚོགས་ཆོས་སྤྱོད་སྨོན་ལམ་བཅསང་། ཞལ་འདོན་མཐའ་དག་ཐུགས་ལ་བྱང་བར་མཛད། ཟབ་རྒྱས་གཞུང་གི་སྒོ་འབྱེད་པའི།། རིགས་ལམ་འཕྲུལ་གྱི་ལྡེ་མིག་དང་།། གར་ཐིག་རྡུལ་ཚོན་དབྱངས་རོལ་དང་།། ཕྱག་རྒྱ་རྩེད་འཇོའི་རྣམ་པ་སྦྱངས།། དེ་ནས་ཊི་ཀ་ཆུང་བའི་འཛིན་གྲྭ་ལོ་བཅུ་ཕྲག་ཙམ་བཞུགས་སྐབས་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་ས་ལམ་གྱི་བགྲོད་ཚུལ་དང་ལམ་ཐུན་མོང་བའི་རྣམ་བཞག་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་བློ་སྦྱོང་བསླབ་བྱའི་རིམ་པ་ལ་གཟིགས་དཔྱོད་རྒྱ་ཆེར་མི་ཆུང་བ་དང་། གསང་བདེ་འཇིགས་གསུམ་སོགས་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་བློས་བསླངས་བཞེངས་ཚུལ་རྡུལ་ཚོན་གྱི་བཀོད་པ་རས་བྲིས་ཀྱི་དཀྱིལ་འཁོར་ཅི་རིགས་པའི་ཐིག་རྩ་ཚོན་ཐོབ། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་སོ་སོའི་ཐབ་ཐིག་ཚོན་འབྱེད་ཀྱི་ཕྱག་ལེན་ཆེ་ཕྲ་མཐའ་དག་སྒྲོ་སྐུར་དང་བྲལ་བ་བྱང་ཆུབ་པར་མཛད། དེ་ནས་ཊི་ཀ་ཆེ་བའི་[page 131] འཛིན་གྲྭར་ཕེབས། རྣམ་མང་ཐོས་པ་རྒྱ་མཚོའི་འཇུག་ཡུལ་གྱི་གཙོ་བོ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་མཐའ་དྲུག་ཚུལ་བཞིའི་ཕྱག་རྒྱས་ལེགས་པར་བཏབ་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་བ་འདུས་པའི་རྩ་བའི་རྒྱུད་འདུ་པ་ཕྱི་མའི་རྒྱུད་དང་བཅས་པ། བཤད་པའི་རྒྱུད་ལྔ། ཟླ་བས་སྒྲོན་གསལ། ཡབ་རྗེ་རྒྱལ་བ་གཉིས་པའི་མཆན་བུ་མཐའ་དཔྱོད་རིན་ཆེན་མྱུ་གུ་བསྡུས་དོན་བཞི་སྦྲགས་པས་འགྲེལ་བ་བཞི་སྦྲགས་ཞེས་གྲགས་པ་དེ་དང་། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་ལམ་གྱི་གནང་རྣམ་པར་ཕྱེ་བ་དང་། རིམ་ལྔ་གསལ་བའི་སྒྲོན་མེ་བཅས་གཙོ་བོར་བཟུང་ནས་གཞུང་དོན་མཐའ་གཅོད་པའི་ཡན་ལག་ཏུ་རྒྱ་བོད་ཀྱི་པཎ་གྲུབ་སོ་སོས་མཛད་པའི་གཞུང་རྣམས་དང་བསྐྱེད་རྫོགས་ཀྱི་ཡིག་ཆ་ལ་ཐོས་པ་དཔྱིས་ཕྱིན་པར་མཛད་པས་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་མ་ལུས་པ་མངོན་དུ་གྱུར། དཔལ་ལྡན་འཁོར་ལོ་སྡོམ་པ་ལ་སྒྲུབ་པ་སྙིང་བོར་མཛད་པས་རྩ་རླུང་ཐིག་ལི་ནུས་པ་ཁྱད་པར་དུ་འཕགས་པས་ཐུན་མོང་མཆོག་གི་དངོས་གྲུབ་ལ་མངའ་བརྙེས། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཟབ་མོས་བར་ཆད་བདུད་སྡེའི་གཡུལ་ངོ་རྨེག་མེད་དུ་བཅོམ་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་རྩེ་མོར་གསེར་མདོག་ཅོ་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པའི་ནོར་བུ་ཡིད་བཞིན་དབང་གི་རྒྱལ་པོ་མི་ནུབ་སྲིད་མཐའི་བར་ཏུ་བསྒྲེངས་བར་མཛད་པ་ཡིན་ནོ།

ཆོས་སྡེ་འདི་ཆབ་མདོ་ལྕགས་ར་ངག་དབང་འཕྲིན་ལས་དཔལ་བཟང་སོགས་སྐུ་ཕྲེནག་རིམ་བྱོན་གྱིས་ཇི་ལྟར་ཐུགས་བརྩེ་བསྐྱངས་ཚུལ་ནི། ལྕགས་ར་བླ་བྲང་གི་ནང་རྟེན་དམ་ཅན་ཆོས་རྒྱལ་ནང་སྒྲུབ་ཀྱི་ཞལ་འབག་བྱིན་རླབས་དང་འཕྲིན་ལས་ཀྱི་རྟགས་མཚན་སྐྱེ་བོ་རང་ག་བ་རྣམས་ལ་ཡང་མངོན་སུམ་དུ་གྱུར་བ་ཞིག་ཡོད་པ་ཆོས་སྡེ་འདིར་དད་རྟེན་དུ་གནང་གྲབ་མཛད་པ་ན་བླ་བྲང་སྐུ་འཁོར་དག་གིས་མི་འོས་བར་ཞུས་ནས་ཞལ་འབག་གསར་བཟོ་སྤུས་ལེགས་པ་ཞིག་བཞེངས་ནས་འདི་གནང་ནས་འཐད་པར་གསོལ་བས། ཨེ་ངེད་ཚོ་བླ་སློབ་དམ་ཚོགས་ཤིན་ཏུ་གཙང་ཞིང་ཁོང་ཚོའི་བསོད་ནམས་ཀྱི་བགོ་སྐལ་ཅི་འདྲ་ཡོད་ཁྱེད་ཚོས་ཤེས་ཨེ་ཡོང་གསུང་། སང་ནང་བར་གནང་རྒྱུ་ཡིན་པའི་ནུབ་མོར་བླ་བྲང་སྐུ་འཁོར་ཚོར་ཤོག་གསུངས་ནས། རྟེན་གང་བྱོན་ཆོས་སྐྱོང་རང་གིས་དགོངས་པ་ལས་འོ་ཅག་གིས་མི་ཤེས་མོད་འོན་ཀྱང་ཁྱེད་རང་ཚོས་ཡིད་ཆེས་སྐྱེད་ཕྱིར་ནནང་རྟེན་ཁང་གི་སྒོའི་ལྡེ་མིག་ཁྱེད་རང་ཚོས་ཉར་ཚགས་ལེགས་པོ་གྱིས་གསུངས་ནས། ལྡེ་མིག་ཁོང་ཚོ་ལ་གཏད་དེ་བླ་མ་རང་གིས་འཕྲིན་བཅས་གང་ཟབ་གནང་། ཕྱི་ནང་བར་སྐུ་འཁོར་ཚོ་འོང་བ་ན་ཞལ་འབག་སྔ་མ་དེ་འོད་ཀྱི་ལེ་དེར་བྱོན་འདུག་པས་སྐུ་འཁོར་དག་གིས་བྱ་ཐབས་གཞན་མ་བྱུང་ངོ་། དེ་ནས་བླ་མ་རིན་པོ་ཆེ་འཁོར་བཅས་གཟའ་སྐར་དུས་སྦྱོར་ལེགས་པ་ཉེ་མ་དེ་ཉིད་ལ་ཆིབས་ཁ་འདི་ཕྱོགས་སུ་བསྒྱུར་སྐབས་སྔར་གྱི་ཞལ་འབག་བྱིན་ལྡན་དེ་དང་། རྗེ་རང་ལ་གོང་ས་ལྷ་མིའི་རྣམ་འདྲེན་ཀུན་གཟིགས་རྒྱལ་བའི་དབང་བོ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོས་ཕྱག་བསྩལ་མཛད་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཚེམས་རིང་བསྲེལ་གྱི་བྱུར་བུར་གཏམས་[page 132] ཤིང་བྱིན་རླབས་ཀྱི་འོད་ཆགས་འབར་བ་སྲིད་ན་རྙེད་པར་དཀའ་བ་དང་། ཕྱག་ཕྲེང་གི་གཙོས་རྟེན་གསུམ་དང་ཆོས་སྐྱོང་གཞན་གྱི་ཞལ་འབག་དང་། གཞན་དངོས་པོ་གྱ་ནོམ་པ་དུ་མ་བསྣམས་ནས་རིམ་བཞིན་འབྱོན་པར་མཛད་པས་སྡེ་འདིར་ཕྱག་ཕེབས། ཆོས་སྡེ་འདིའི་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀྲ་ཤིས་ཀྱི་རཱེ་ཁ་མཛེས་པར་བཀོད་དེ་བརྩེ་ཆེན་ཐུགས་རྗེའི་ཀློང་ནས་ཟབ་རྒྱས་ཆོས་ཀྱི་ཆར་བ་རྒྱ་ཆེར་ཕབས་པས་ཐར་བ་དང་ཐམས་ཅད་མཁྱེན་པའི་སྒོ་ཡངས་བོར་ཕྱེ་ནས་སྨིན་པ་དང་གྲོལ་བའི་སྐྱེ་བོས་ས་འདི་འགེངས་བར་མཛད། ཐུགས་སྨོན་མཚམས་སྦྱོར་གྱི་རིམ་པ་རྒྱ་གང་ཆེ་དང་འབྲེལ་གོང་གསལ་གྱི་ནང་རྟེན་ཁྱད་འཕགས་རྣམས་དང་གྱ་ནོམ་པའི་དངོས་པོ་བཅས་ཐུགས་དགྱེས་པ་ཆེན་པོས་ཉམས་དང་ལྡན་པས་བསྩལ་བའི་བཀའ་དྲིན་གྱི་ལན་ཞིང་ཁམས་རབ་འབྱམས་རྒྱ་མཚོ་རིན་ཆེན་དང་བོད་བྱུར་བུར་བཀང་སྟེ་ཕུལ་ཡང་ཆ་ཤས་ཙམ་གཞལ་བར་ནུས་པ་མ་ཡིན་ནོ། དེ་ནས་སྐུ་རྗེས་མ་ལྕགས་ར་ཆོས་འཁོར་མ་མི་ཚད་ལས་ཆུང་ཙམ་དང་ཟབ་རྒྱས་ཀྱི་ཆོས་བཀའ་མང་དུ་གནང་། བར་ཏུ་ཕེབས་སྐབས་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་དང་། གོས་བཟང་ལས་གྲུབ་པའི་ཕན་རིང་ཆ་བཅས་དང་། ཟབ་རྒྱས་ཀྱི་གདམས་པ་མང་དུ་གནང་། རྗེས་སུ་ཕེབས་སྐབས་ཆོས་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་ཟབ་རྒྱས་ཀྱི་ཆོས་བཀའ་ཅི་རིགས་པ་གསུངས། སྒྲིག་ལམ་ལ་གཟེངས་བསྟོད་དང་ད་ཕན་བཙན་པ་ཡར་ལྡན་དུ་ཡོད་དགོས་ཚུལ་གྱི་བཀའ་སློབ་དང་འབྲེལ་མང་ཇའི་རྟེན་ལ་ཟོག་བརྒྱ་དང་བཅུ་གཅིག སྐྱོགས་སེར་བཞི་བཅུ་གནང་། ཐུབ་པའི་སྐྱེས་རབས་སོ་བཞི་བའི་ཞལ་ཐང་སུམ་ཅུ་སོ་ལྔ་གོང་ཤམ་བཟང་གོས་ཙནྡན་གྱི་དྲིལ་ཤིང་དང་ལྡན་པ་དང་། ཡ་ནེ་ཚོས་གཉིས་མ་འགང་ཆེ་བ་ལ་བྲི་གཞི་བྱས་པའི་ཆོས་བྱང་ཆུསབ་ལམ་གྱི་རིམ་པ་དང་། དམ་ཆོས་འདུལ་བའི་དགོངས་དོན་ལྟར་བླང་དོར་ཁྲིམས་སུ་བཅའ་བའི་བཀའི་ཡི་གེ་ལྕགས་རྩོམ་གནང་། ནག་ཆུ་རྐུ་གསུམ་གྱིས་ཁྲིམས་རལ་བ་དང་། དགེ་འདུན་གྱི་ནང་ཁྲིམས་དང་མི་བསྟུན་པར་སྒོམ་གསུམ་མེད་ཀྱི་བྱ་བར་རང་དགར་སྤྱོད་པ་འགའ་མཆིས་པ་གནས་དབྱུང་མཛད་དེ། སེར་ཤུལ་དགོན་སྡེ་གཉིས་ཀ་ཐུགས་བརྩེས་སྐྱོང་བ་དནག་ཁྱད་པར་དུ་ཡང་བསྟན་པའི་གཞི་རྩ་སོ་ཐར་གྱི་བསླབ་པ། བསྟན་པ་འཛིན་སྤེལ་བཤད་སྒྲུབ་ཀྱི་འཆད་ཉན། བསྟན་པའི་རྒྱུད་འཛིན་དགེ་འདུན་གྱི་སྡེ་རྣམས་འཕེལ་ཞིང་རྒྱས་པའི་ཐབས་འབའ་ཞིག་ཐུགས་ཁུར་ལྷུར་བཞེས་གནང་བས་སྐུ་ཞབས་སྨན་ཤུལ་རིན་པོ་ཆེ་དང་མཛད་འཕྲིན་ངོ་བོ་དབྱེར་མེད་དུ་གྱུར། ཆོས་སྡེ་འདི་རི་བོ་དགའ་ལྡན་པའི་ཕྱག་ལེན་རྣམ་ཐར་གཙང་མ་རྒྱུན་སྐྱོང་མཛད་པ་ཞིག་ཡིན་པ་འདི་དམ་པ་འདིའི་བཀའ་དྲིན་ཡིན་ནོ། དེའི་སྐུ་རྗེས་མ་ལྕགས་རྭ་ངག་དབང་ཆོས་ཀྱི་ཉི་མ་ཡང་ཆོས་སྡེ་འདཻར་ལན་དུ་མར་ཕེབས་ནས་གོང་མའི་རྣམ་ཐར་བཞིན་ཆོས་དང་སྲིད་ཀྱི་བཀའ་དྲིན་གཞལ་དུ་མེད་པས་སྐྱོང་བར་མཛད། དེའི་སྐུ་རྗེས་མ་ངག་དབང་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་ཡང་སྡེ་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་མདོ་དང་སྔགས་ཀྱི་[page 133] ཆོས་ཀྱི་བདུད་རྩིས་སེར་སྐྱ་སོངས་ཀྱི་རེ་བའི་ཡོལ་གོ་འགེངས་བར་མཛད་པ་ཡིན་ནོ། དེའི་སྐུ་རྗེས་མས་ལྕགས་ར་འཇམ་དཔལ་སྐལ་བཟང་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་ཡང་སྡེ་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཆོས་དང་སྲིད་ཀྱི་བཀའ་དྲིན་རྒྱ་ཆེན་པོས་བརྩེ་སྐྱོང་བསམ་གྱིས་མི་ཁྱབ་པ་གནང་བ་ཡིན་ནི། བྱིན་རླབས་ཐུགས་བརྩེའི་ཆུ་འཛིན་གཡོ་བ་ཡི། སྐྱེས་ཆེན་ཀླུ་ཡི་དབང་པོ་གཞན་གྱིས་ཀྱང་། བྱིན་ལྡན་རྟེན་གསུམ་སྤྲིན་གྱི་མེ་ཏོག་འདིར། ཕབས་པས་བཤད་སྒྲུབ་དབྱར་གྱི་མཚོ་ཆེན་བརྡོལ། རྫ་ལྷ་མགོན་བློ་བཟང་རྣམ་རྒྱལ་ནས་བཟུང་། ལྷ་མགོན་མཁྱེན་རབ་འོད་ཟེར་བློ་བཟང་ཐུབ་བསྟན་ཉི་མ། བློ་བཟང་རབ་རྒྱས་བསྟན་པའི་རྒྱལ་མཚན་ནམ་འཇམ་དཔལ་དབྱངས་ཅན་དགྱེས་པའི་རྡོ་རྗེ། བློ་བཟང་ཐུབ་བསྟན་སྐལ་བཟང་ཉི་མ། ཐུབ་བསྟན་མཁས་གྲུབ་སྐལ་བཟང་བསྟན་པའི་སྒྲོན་མེ། བྱམས་པ་མཁས་གྲུབ་བློ་བཟང་རྒྱལ་མཚན་གྱི་བར་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་མདོ་དང་སྔགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཀའ་བཟམ་གྱིས་མི་ཁྱབ་པ་དང་། སྐུ་གསུང་ཐུགས་རྟེན་འགངས་ཆེ་ལ་གྲངས་མང་བ་དང་། བཟང་གོས་སྣ་ཚོགས་ལས་གྲུབ་པའི་མཆོད་རྫས་རྒྱ་ཆེ་བ་དགྱེས་བསྩལ་གནང་བ་སོགས་བསྐལ་བའི་བར་དུ་འཁོར་མཐའ་དང་བྲལ་བའི་བཀའ་དྲིན་རྒྱ་ཆེན་པོས་བསྐྱོངས་བར་མཛད་དོ། ཧོར་ཆོས་རྗེ་བློ་བཟང་བསྟན་འཛིན་མཐུ་སྟོབས་ནས་བཟུང་། ངག་དབང་ཆོས་འཕེལ་བསྟན་པའི་རྒྱལ་མཚན་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས་ཀྱི་བར་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་བརྩེ་བ་ཆེན་པོས་བསྐྱངས་ཤིང་། ཁྱད་པར་དུ་ཉག་རོང་དང་ཨམ་བན་གྱིས་གཏོར་བརླགས་ཐེབས་ནས་ཉམས་དམས་ཐོག བཀའ་དྲིན་བརྗོད་མཐའ་དང་བྲལ་བས་བདག་རྐྱེན་མཛད། ཁྱད་པར་དུ་ཆོས་རྗེ་ངག་དབང་ཆོས་འཕེལ་བས། ཇོ་བོའི་གསེར་སྐུ་མི་ལོ་བརྒྱད་ཙམ་གྱི་བོངས་ཚོད་རྒྱུའི་ཡེ་མེད་ཀྱང་གྲུབ་པའི་སྐྱེས་བུ་འགའ་ཡིས་ཀྱང་ལྷ་སའི་ཇོ་བོ་དང་བྱིན་རླབས་མཉམ་པར་ལུང་བསྟན་པའི་ཇོ་བོའི་གསེར་སྐུ་གནང་། ཆོས་རྗེ་བློ་བཟང་དཔལ་ལྡན་པས་ཉིད་ཀྱི་སྐུ་གོང་མའི་གོང་མ་ལ་རྒྱལ་བདང་ཐམས་ཅས་མཁྱེན་པ་སྐལ་བཟང་རྒྱ་མཚོའི་སྐུའི་མདུན་ས་ནས་ཕྱག་བསྩལ་གནང་བའི་ཇོ་བོའི་གསེར་སྐུ་ལི་མ་འཁྲུལ་མེད་གླང་དར་མས་ཕྱག་རྟགས་བརྒྱབ་པ་བྱིས་པ་ལོ་གཅིག་ཙམ་ལོན་པའི་བོང་ཚད་ཅན་དགྱེས་བསྩལ་དང་། ཟབ་རྒྱས་ཀྱི་ཆོས་བཀའ་དུ་མས་སྐྱོང་བར་མཛད་དོ། དགའ་ལུང་དཔལ་གྱི་ལྷ་སའི་ལབ་ཆོས་སྡེ་དགོན་གྱི་སྤྲུལ་སྐུ་རྣམ་གསུམ་གྱིས་ཀྱང་བཀའ་དྲིན་ཆེན་པོས་ཡང་ནས་ཡང་དུ་བསྐྱངས་ལ། ཁྱད་པར་དུ་བསྟན་པའི་སྒྲོན་མེ་བློ་བཟང་བསྟན་རྒྱས་ཀྱིས་གནས་མཆོག་འཕགས་པའི་ཡུལ་གྱི་དཔལ་ནྭ་ལེཎྜའི་དགོན་པ་ནས་གདན་དྲངས་པའི་གཎྜི་དང་གན་གཡོག་གཉིས་ཀ་རྒྱུ་ཙནྟན་དམར་པོའི་ལྗོན་པ་གཅིག་ལས་གྲུབ་པའི་ཚད་ལྡན་ཤེས་ཕྱིན་ག་ཏེའི་སྒྲ་རང་བྱུང་གིས་སྒྲོགས་པ་དམ་པའི་སྐྱེས་བུའི་ཐོས་པའི་ནང་རྟེན་ངོ་མཚར་ཅན་དགྱེས་བསྩལ་མཛད། བཀའ་དྲིན་མཚུངས་མེད་དྲུག་པ་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་མ་ཐུབ་བསྟན་ངག་དབང་བློ་བཟང་རབ་ཡངས་བས། ཀུན་གཟིགས་ལྔ་བ་ཆེན་པོའི་ཐུགས་དམ་གྱི་རྟེན་དབང་ཆེན་ཡང་གསང་ལྷ་དགུའི་ཞལ་ཐང་ཤིང་སྤང་བྱས་པ་དགྱེས་པའི་[page 134] ངང་ནས་བསྩལ།

ཆོས་སྡེ་འདིར་ཁྲི་ཐོག་རིམ་པར་བྱོན་པའི་མཚན་གྱི་ཐོ་ནི། ཁྲི་ཐོག་དང་པོ། སྨན་ཤུལ་ཨེར་ཏི་ནི་མེར་གེན་ཆེ་བི་ལིག་ཐུ་ཞེས་བསྔགས་པ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ལགས། དེ་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། དགའ་ལྡན་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་གཉིས་ཀྱི་བསྟན་པའི་བདག་པོ་འཇའ་ས་གནང་བ་རང་གི་གདན་ས་འཛིན་པ་དག་ལ་གཏན་འཇགས་སུ་གཏད་དོ། ཁྲི་ཐོག་གཉིས་པ་ཧོར་བློ་བཟང་བཟོད་པ། ཁྲི་ཐོག་གསུམ་པ་ངག་དབང་ཡེ་ཤེས་བསྟན་འཛིན། ཁྲི་ཐོག་བཞི་བ་སོག་པོ་དགེ་བཤེས་བསོད་ནམས་ཡར་འཕེལ། ལྔ་བ་སྡེ་ཁྲི་བློ་བཟང་ཕུན་ཚོགས། དྲུག་པ་ཨ་མྱེ་བསོད་ནམས་ཕུན་ཚོགས། བདུན་པ་ཤིར་རིན་བློ་བཟང་ཐུབ་བསྟན་རྒྱ་མཚོ། བརྒྱད་པ་ཨག་གནམ་བློ་བཟང་དར་རྒྱས། དགུ་པ་དགེ་རྩེའི་ལྷ་རམས་པ་བློ་བཟང་ཐུབ་བསྟན། བཅུ་བ་ཨ་མྱེ་གསེར་ཁྲི་དགེ་ལེགས་རབ་མཆོག བཅུ་གཅིག་པ་ཨག་གནམ་དགེ་བཤེས་ངག་དབང་དོན་ལྡན། བཅུ་གཉིས་པ་ཨ་ལག་ངག་བདང་ལེགས་བཤད། བཅུ་གསུམ་པ་ཨ་སྒྲེས་མཁྱེན་རབ་སངས་རྒྱས། བཅུ་བཞི་པ་ཨག་གནམ་ཡེ་ཤེས་གྲགས་པ། བཅོ་ལྔ་བ་ཨ་སྤེན་དགེ་བཤེས་བློ་བཟང་རྒྱལ་མཚན། བཅུ་དྲུག་པ་ཇོ་བོའི་བློ་བཟང་རྣམ་རྒྱལ། བཅུ་བདུན་པ་དགེ་བཤེས་དགེ་འདུན་དར་རྒྱས། བཅོ་བརྒྱད་པ་དབུ་རྒན་འཇམ་དཔལ་ཡེ་ཤེས་རྒྱ་མཚོ། བཅུ་དགུ་བ་ཇོ་སེ་དགེ་བཤེས་བློ་བཟང་བསྟན་འཛིན། ཉི་ཤུ་པ་ཡག་སྐྱ་བློ་བཟང་བསྟན་དར། ཉེར་གཅིག་པ་འབུམ་གསར་དགེ་བཤེས་བློ་བཟང་བསམ་གཏན། ཉིར་གཉིས་པ་ཁྲི་བརྟན་ཆོས་མཛད་བློ་བཟང་དགེ་ལེགས་རབ་རྒྱས། ཉེར་གསུམ་པ་ཨ་པད་བློ་བཟང་དགེ་ལེགས་བསྟན་འཛིན། ཉེར་བཞི་བ་དཔོན་ཚང་དཀོན་མཆོག་རྒྱལ་མཚན། ཉེར་ལྔ་བ་དགེ་ལེགས་བསྟན་དར། ཉེར་དྲུག་པ་ཨ་ཤུལ་བློ་བཟང་བསྟན་དང་། ཉེར་བདུན་པ་དགེ་རྩེ་དགེ་བཤེས་བློ་བཟང་དོན་གྲུབ། ཉེར་བརྒྱད་པ་ནང་ཆེན་བློ་བཟང་ཆོས་ལྡན། ཉེར་དགུ་པ་གང་བློ་བཟང་ཚུལ་ཁྲིམས་ཏུབ་བསྟན་རབ་རྒྱས། སུམ་བཅུ་པ་དགོན་པ་བློ་བཟང་དགེ་ལེགས་བསྟན་དར། སོ་གཅིག་ལི་ཐང་དགེ་བཤེས་བློ་བཟང་དཔལ་ལྡན། འདི་ཡང་གྱི་དགེ་བཤེས་ནི་གདན་ད་གསུམ་གང་རུང་གི་དགེ་བཤེས་ཡིན། སོ་གཉིས་པ་ཇོ་བོ་འཇམ་དབྱངས་བསྟན་པའི་སྒྲོན་མེ། སོ་གསུམ་པ་རྒྱ་ར་ཐུབ་བསྟན་ཆོས་ཀྱི་ཉི་མ། སོ་བཞི་བ་དཔོན་སྤྲུལ་རིན་པོ་ཆེ་ཐུབ་བསྟན་དགེ་ལེགས་བསྟན་པའི་ཉི་མ། སོ་ལྔ་པ་རང་དགོན་གྱི་བཤེས་འབུམ་རྙིང་བློ་བཟང་འཕྲིན་ལས། སོ་བདུན་པ་དཔོན་སྤྲུལ་ཐུབ་སྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་དང་། སོ་བརྒྱད་པ་ཐུབ་བསྟན་བློ་བཟང་བསྟན་པའི་ཉིན་མའམ་ཁྲི་ལས་འཛིན་པ་ཨ་ཤུལ་བླ་མ་བློ་བཟང་བཀྲ་ཤིས་འདི་རྣམ་པ་གཉིས་ནས་ད་ལྟར་བསྟན་འགྲོའི་དོན་དུ་ཞལ་བཞུགས་སོ།

སྐྱེས་ཆེན་དམ་པ་འདི་དག་གི་ཁྲི་འཛིན་སྐབས་གསུང་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་སོགས་ལམ་རིམ་རྣམས་དང་། ཐུབ་པ་ཆེན་པོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རླབས་ཆེན་རྒྱལ་སྲད་ཀྱི་སྤྱོད་པ་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་ཚུལ་གསལ་བར་སྟོན་པ་སྐྱེས་རབས་སོ་བཞི་པ་དང་། བདེ་བ་ཅན་[page 135] དུ་སྐྱེས་བ་འཛིན་པའི་རྒྱུ་བཞི་གསལ་བར་བྱེད་