Skip to main content Skip to search
ན་གཞོན་རི་མོ་བ་འབྲུག་མོ་རྒྱལ་ལགས།

Drukmo Gyel at work in her studio.

ན་གཞོན་རི་མོ་བ་འབྲུག་མོ་རྒྱལ་ལགས་ནི་མདོ་སྨད་ཁྲི་ཀའི་ཡུལ་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་དྲིན་ཆེན་ཕ་མ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་པའི་སྐལ་བ་ཐོབ། 2013ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་གི་ལྷ་རིས་སྒྱུ་རྩལ་འཛིན་གྲྭར་ཞུགས་ཏེ། དགེ་རྒན་ཤ་བོ་ཚེ་རིང་དང་པད་གོ་སོགས་ཀྱི་དྲུང་དུ་བོད་ཀྱི་ཐང་གའི་གཞུང་ལུགས་དང་ལག་ལེན་གྱི་ཐད་དུ་ཐོས་བསམ་ལྷུར་ལེན་བྱས་པ་དང་མཚུངས། ནུབ་ལུགས་དང་ཀྲུང་གོའི་སྲོལ་རྒྱུན་རི་མོའི་ཕྱོགས་ལའང་སྦྱངས་བ་མང་དུ་བྱས་ལ། 2015ལོའི་ཟླ6པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས༼མི་ལོ་ལྔའི་སྒྱུ་རྩལ་གྱི་ལམ་བུ༽ཞེས་པའི་མི་སྒེར་གྱི་རི་མོའི་འགྲེམ་སྟོན་གྱི་མཛད་སྒོ་སྤེལ། ཁོ་མོའི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་གཅིག་དང་ཞིང་ཆེན་རིམ་པའི་བྱ་དགའ་གཉིས། དེ་ལས་གཞན་པའི་བྱ་དགའ་ཡང་མང་དུ་ཐོབ་མྱོང་།  གོང་གི་བརྩམས་ཆོས་དག་ནི་ཁོ་མོའི་ལོ་ངོ་ལྔ་དྲུག་རིང་གི་སྒྱུ་རྩལ་གྱི་ལམ་བུ་ལ་ཕྱི་མིག་ཅིག་གི་ཚུལ་དུ་ཕུལ་བ་ལགས།   རང་ཉིད་ཀྱི་མི་ཚེ་ནི་སྒྱུ་རྩལ་ལ་བསྟུམ་ཞིང་། སྒྱུ་རྩལ་ནི་མི་ཚེ་འདིའི་མཛེས་སྡུག་དང་རིན་ཐང་ཁོ་ནར་རློམ་ཡོད།

 

Yamantaka by Drukmo Gyel

Vajrabhairava by Drukmo Gyel

 

Landscapes in progress in Drukmo Gyel's studio

 

Tandrin by Drukmo Gyel

 

Penden Lhamo by Drukmo Gyel

 

Yangchenma by Drukmo Gyel

Droljang by Drukmo Gyel

Still lifes by Drukmo Gyel

 

Tibetan Contemporary Art Amdo Artist Thangka Painting Triga རི་མོ་མཁན ལྷ་བྲིས་པ
ན་གཞོན་རི་མོ་བ་འབྲུག་མོ་རྒྱལ་ལགས།

 

 

 

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Year published 2019
Original year published 2019
Language Amdo Group
Subjects
Places
Terms
UID mandala-texts-51081
DOI
Rights All images within are copyright of the artist.
Creative Commons Licence