Skip to main content Skip to search
བྲག་མདའ་བརྒྱངས།

བྲག་མདའ་བརྒྱངས།

སྙིང་ལྕགས་རྒྱལ་གྱིས་འཚོལ་སྡུད་བྱས།

 

བྲག་མདའ་བརྒྱངས་ཞེས་པ་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་བདུད་ཤུལ་སྡེ་བ་ན་ཡོད་དེ། འཕྲང་དམར་གྲོང་རྡལ་ནས་ཚེ་ཐང་ལུང་བའི་ནང་སྤྱི་ལེ་བཅུ་གཉིས་ཙམ་སོང་ན་ལམ་གྱི་གཡས་ཕྱོགས་སུ་བྲག་རི་མཐོན་པོ་ཞིག་ཡོད་པ་དེ་ཡིན། ས་དེའི་ངག་རྒྱུན་ལ་གནའ་སྔ་མོ་ཞིག་ལ་བྲག་དེར་འདྲེ་མོ་ཞིག་གིས་གནས་བྱས་ཤིང་བྲག་རིའང་ལོ་རེ་བཞིན་ཡར་སྐྱེས་བཞིན་ཡོད་པས་དེས་སྐྱེས་འགྲོ་ཐམས་ཅད་ལ་གནོད་པ་མ་ཟད་སངས་རྒྱས་ཀྱི་བསྟན་པལའང་བར་ཆད་ཡོད་པ་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར།  མི་རྣམས་ཚུལ་དེ་ལ་འཇིགས་དངངས་སྐྱེས་བཞིན་པའི་དུས་ལ་གེ་སར་ནོར་བུ་དགྲ་འདུལ་ཕེབས་ནས་བྲག་ལ་མདའ་བརྒྱབ་སྟེ་འདྲེ་མོ་བཏུལ་པས་དེང་སྐབས་ད་དུང་བྲག་ངོས་བཤིག་ཤུལ་གསལ་བོར་ཡོད།  ད་དུང་བྲག་འདབས་སུ་གེ་སར་ཞབས་རྗེས་བཀོད་པའི་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་ནི་གེ་སར་རྒྱལ་པོས་རྡོག་པ་གཏད་ནས་མདའ་འཕེན་ས་ཡིན་པ་ལ་ད་དུང་ཞབས་རྗེས་མཐོང་རྒྱུ་ཡོད།

Folklore Triga གཏམ་རྒྱུད
བྲག་མདའ་བརྒྱངས།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author སྙིང་ལྕགས་རྒྱལ་གྱིས་འཚོལ་སྡུད་བྱས།
Year published 2021
Language Tibetan
Subjects
Places
Terms
UID mandala-texts-64076
DOI